| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བྱ་ཁྱ་ནཾ། བོད་སྐད་དུ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔར་ཉིད་དོན་དམ་ཐུགས་སུ་ཆུད་ཀྱང་འགྲོ་བའི་དོན་དུ་མངལ་གནས་པ་ཡི་དཔལ་ལྡན་དང། །གནས་དང་གནས་པའི་ཚུལ་གྱིས་བཞུགས་ཤིང་འདོད་པའི་དོན་བསྒྲུབ་བརྩོན་པ་མཆོག་།ཕྱོགས་བཅུ་རྣམས་ན་འཚོ་ཞིང ་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཞབས་ལ་དང་བ་ཡིས། །རབ་ཏུ་བཏུད་དེ་ཇི་བཞིན་སྒྲ་སོགས་སྔ་མ་དང་མཚུངས་དེ་ཡི་བཀའ་བཞིན་བྲི་བར་འོས། །དེ་ལ་མཚན་ཡང་དག་པར་བརྗོད་པའི་དོན་མ་ལུས་པར་རྟོགས་པར་བྱ་བའི་ཕྱིར་མིའི་དབང ་པོ་གྲགས་པ་ཞེས་བྱ་བས་དོན་གསལ་བར་བསྟན་པའི་ཕྱིར་གསུངས་པ། །གཞི་དང་དེ་རྐྱེན་ཤེས་བྱ་དང། །དྲུག་གི་རིགས་ལ་གཟིགས་པ་དང། །སྒྱུ་འཕྲུལ་དྲ་བ་མངོན་བྱང་ཆུབ། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་དང། །ཆོས་དབྱིངས་མེ་ལོང་ཡེ་ཤེས་དང། །ཀུན ་རྟོག་མཉམ་ཉིད་བྱ་བ་གྲུབ། །བསྡུས་པ་རིགས་ལྔ་བསྟོད་ཕན་ཡོན། །སྔགས་དང་རྗེས་སུ་ཡི་རང་བ། །ལྔ་བདག་གསུམ་གྱི་བདག་ཉིད་ནི། །གཞུང་དོན་རྟོགས་པར་སླང་བ་དང། །བློ་ཡི་སྤྱོད་ཡུལ་འགྱུར་པའི་ཕྱིར། །བསྡུས་པ་ཡིན་པར་ཤེས་པར ་བྱ། །ཞེས་བྱ་བ་འདི་དག་ལོགས་པ་ཉིད་དུ་གནས་པའི་ཕྱིར་དེའི་དོན་ལ་འཇུག་པར་བྱའོ། །དེ་ལ་རྒྱུད་འདི་ནི་ཀལ་པའི་རྒྱུད་དེ། །སྒྱུ་འཕྲུལ་དྲ་བ་ལས་བཏོན་པའི་ཕྱིར་རོ་ཞེས་ཁ་ཅིག་འདོད་དོ། །དེའི་གཞུང་ཚིག་ལ་ནི་ཕུན་སུམ་ཚོགས་པ་ཡང་འདོད་དེ། །རྣལ་འབྱོར ་ཆེན་པོའི་ཁྲི་དྲུག་སྟོང་བར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའི་ཚིག་གསུངས་པའི་ཕྱིར་རོ། །དེ་བས་ན་འདི་ནི་གཞན་གྱི་མཛའ་དང་ལྡན་པ་སྟེ། །དེ་ནས་ཤེས་གསུངས་པའི་ཕྱིར་རོ། །དེ་ནས་ཀྱི་སྒྲ་ནི་ལྔ་པའི་ཚིག་སྟེ། སྡུད་པ་དང་འགྲེལ་པའི་སྒྲ ་ལས་འདི་ནི་སྡུད་པའི་སྒྲར་ཤེས་པར་བྱའོ། །སྡུད་པ་ཡང་རྣམ་པ་གཉིས་ཏེ། དུས་སྡུད་པ་དང། དངོས་པོ་སྡུད་པའོ། །དེ་ལ་འདིའི་ཆུ་སྡུད་པ་སྟེ། །བར་མ་ཆད་པར་བསྡུ་བའི་ཚིག་གོ་།དེའི་ཕྱིར་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ ་ལ་དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས། །རྡོ་རྗེ་ནི་དེའི་མཚན་ཉིད་དོ། །དེ་བས་ན་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་ཞིང་རྡོ་རྗེའི་མཚན་ཉིད་འཛིན་པས་ན་འཆང་ཞེས་བྱའོ། །དེས་ཅི་བྱེད་སྙམ་པ་ལ། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག་ཅེས་གསུངས་ཏེ། །གདུལ ་བར་དཀའ་བ་འདུལ་བར་བྱེད་ཅེས་སོ། །འདིར་གདུལ་བྱ་ཡང་རྣམ་པ་གཉིས་ཏེ། །ཞི་བས་གདུལ་བར་བྱ་བ་དང། །སྡུག་བསྔལ་མྱོང་བར་བྱས་ཏེ་འདུལ་བའོ། །འདིར་སྡུག་བསྔལ་མྱོང་བར་བྱས་ནས་འདུལ་བར་བྱ་བ་སྟེ། །ཉོན་མོངས་པ་རབ་ཏུ་ཆེ་བ་ཡང། ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱའོ་ཞེས་དགོངས་པའོ། །ཉོན་མོངས་པ་རབ་ཏུ་ཆེ་བ་འདུལ་བ་ལ་ཐབས་རྣམ་པ་དུ་མ་ཞིག་གསུངས་པ་ལས། །འདི་ནི་མཆོག་ཏུ་མི་འགྱུར་བ་སྟེ། །དེའི་ཕྱིར་རྣམས་ཤེས་པ་ནི་དེ་རྣམས་ཀྱི་ནང་ནས་འདི་མཆོག ་ཏུ་གྱུར་པའོ། །དེ་ཡང་སྐུས་འདུལ་བ་ལ་ནི་ཁྲོ་བོའི་རྣམ་པ་དང། གསུང་གིས་འདུལ་བ་ལ་ནི་རྡོ་རྗེ་ཐེག་པ་དང། ཐུགས་ཀྱིས་འདུལ་བ་ལ་ནི་བདེ་བའི་ཡེ་ཤེས་སོ། །དེ་སྐད་དུ་ཡང་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་བདེ་མཆོག་ལས། །ཤིན་ཏུ ་བྲོ་ཞིང་གཏུམ་པ་ལ། །ཞི་བས་ཉེ་བར་མི་སྦྱོར་ཏེ། ཤེས་རབ་ཐབས་ཀྱི་སྦྱོར་བ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་དང། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང། །དེ་ནས་འཇམ་པའི་དབྱངས་ཀྱི་ནི། །ཁྲོ་བོའི ་མིང་ནི་གཤིན་རྗེའི་གཤེད། །མཚོན་ཆ་མེ་ལྕེ་འབར་བས་འཁྲིགས། །དྲག་ལ་མཐུ་རྩལ་དྲག་དང་ལྡན། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱི་ནི་ལག་ཆ་འཆོར། །ཞེས་གསུངས་སོ། །དེ་བས་ན་གདུལ་བྱ་མ་རུངས་པ་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་དེ་ཉིད ་ཀྱི་མཚན་ཕྱི་??་བར་གསུངས་བ། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ཞེས་གསུངས་ཏེ། འདི་ལྟར་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་ནི་འཇིག་རྟེན་གསུམ་མོ། །རྒྱལ་བ་ནི་ཁམས་དེ་དག་ན་མཐུ་དང། སྟོབས་དང ་ལོ་དས་སྤྱོད་དང། རིགས་དང། གནས་ཀྱིས་སེམས་ལེངས་ཤིང་དྲེགས་པར་གྱུར་པ་སྟེ། །དེ་དག་དྲག་ཤུལ་གྱི་སྒོད་པས་བཏུལ་ནས་རང་གི་འཁྲོ་དུ་བྱས་པ་ནི་རྒྱལ་བའོ། །དཔའ་བོ་ཞེས་བྱ་བའི་དོན་ཡང་དེ་ཉིད་དོ། །དེ་དག་གིས་ནི་རྡོ་རྗེ་འཆང་གི་བདག་གི་དོན་ཕུན་སུམ་ཚོགས་པ་དང། །གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བརྗོད་པར་བྱ་བ་དང་བརྗོད་བྱའི་དགོས་པ་བསྟན་པའོ། །ད་ནི་རྡོ་རྗེ་འཆང་དེའི་ཆེ་བ་བསྟན་པའི་ཕྱིར། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ་ཞེས་གསུངས་ཏེ། །རྡོ་རྗེ་ནི་དེ་བཞིན་གཤེགས ་དེ་ཐམས་ཅད་ཀྱི་ཡང་དག་བདི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དབང་ཕྱུག་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་པ་ཉིད་ཀྱི་ཕྱིར་རོ། །ཐུན་མོངས་མ་ཡིན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གསང་བའི་རྒྱལ་པོ་སྟེ། །རྡོ་རྗེ་འཆང་གི་ཡོན་ཏན་དེ་འདྲ་ཞེས་པའི་དོན་ཏོ། །དད ་ནི་སྐུ་ཁྲོ་བོས་འདུལ་བའི་རྒྱན་དང་ཆ་ལུགས་བསྟན་པའི་ཕྱིར། །པདྨ་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀར་ནག་ཕྱེད་པ་ངང་རྒྱས་པ་སྟེ། ཟླུམ་ལ་འཛུམ་པ་དང་བཅས་པ་པདྨའི་འདབ་མ་ལྟ་བུའོ། །ལྷག་མ་གོ་སླའོ། །དེ་ལྟར་འཛིན་པ་ཉིད་ཀྱི ་དོན་བསྟན་ནས་འཁོར་བསྟན་པའི་ཕྱིར། ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཞེས་ཕྱ་བ་ལ་སོགས་པ་གསུངས་ཏེ། ངེ་ལ་རང་རང་གི་རིགས་ཀྱི་མཚན་མ་འཛིན་ཅིང། །ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྲངས་མཛའ་ཡས་པས་ཉེ་བར་བསྐོར་ནས་གཙོ་བོའི་ཕྲིན་ལས་དང་མཐུན་པར ་བྱ་བའི་ཕྱིར་དེ་དག་ཐམས་ཅད་ཀྱང་ཁྲོ་བོའི་གཟུགས་དང་ལྡན་པར་སྟོན་ཏེ། དེ་ཡི་ཕྱིར་ཁྲོ་བོའི་གཟུགས་དེ་ཡང་ཇི་ལྟ་བུ་ཞེ་ན། །འཇིག་སུ་རུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆེ་བ་གཅིགས་པ་དང། ཁྲོ་གཉེར་བསྡུས་པ་དང། ཡན་ལག་རགས་པ་དང། སྤྱན་ཟླུམ ་པ་དང། དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་ལ་སོགས་ཏེ། དེས་རང་གི་སྡེ་བ་ཉན་ཐོས་ལ་སོགས་པ་འཇིགས་ཤིང་སྐྲག་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དཔལ་བྱད་ཅན་ཞེས་བྱ་བ་ནི་གང་འཇིག་རྟེན་ན་དཔལ་པོ་ཞེས་བྱ་བ་ནི་དགྲེའི་དབུང་ཕམ་པར་བྱས་ཏེ་མགོ་བཅད་ནས་འོང ་བ་ལྟར་འདིས་ཀྱང་མ་རུངས་པ་རྣམས་ཀྱི་མགོ་བཅན་ནས་ཕྲེང་བ་བྱས་བ་དང། མགོ་བཅད་ནས་དབྱུག་པ་ལ་བཙུགས་ཏེ་ལག་ཆ་བྱས་མེ་དང། སྟག་གི་པགས་པས་སྨད་དཀྲིས་བྱས་པ་ལ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་མཚན་དང། གྲངས་དང། ཆ་བྱང་བསྟན་ནས། དེ ་དག་གི་ཕྲིན་ལས་བསྟན་པའི་ཕྱིར། །གདུལ་དཀའ་འདུལ་ཞེས་བྱ་བ་གསུངས་ཏེ། གདུལ་བར་དཀའ་བ་ནི་ཚར་གཅད་པའི་ཡུལ་ལོ། །དེ་ཡང་གདུལ་བྱའི་སྣང་བ་ལ་སྐུ་ཁྲོ་བོའི་གཟུགས་སུ་བསྟན་ཏེ། །རང་གི་རིགས་ཀྱི་གཙོ་བོའི་མཚན་མ་ཡེ་ཤེས་ཀྱི་རྡོ་རྗེ་བཟུང་ནས ་གསོར་བར་བྱེད་ཅིང། རྡོ་རྗེའི་རྩེ་མོ་ལས་ཀྱང་བལྟ་བར་མི་བཟོད་པར་འཇིགས་ཤིང་དུས་ཀྱི་མ་ལྟར་འབར་བའོ། །རྡོ་རྗེ་ཕྲ་མོ་དང། འཁོར་ལོ་དང། རལ་གྲི་ལ་སོགས་པ་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་རབ་ཏུ་སྤྲོས་ཏེ། གདུལ་བྱ་རྣམས་སྡུག་བསྔལ་ཉམས་སུ་མྱོང་བས? ་བྱས་ནས་རང་གི་མགོན་སྐྱབས་མེད་པར་ཤེས་ནས་རྡོ་རྗེ་འཆང་ལ་སྐྱབས་སུ་འོང་ཞིང་སེམས་བསྐྱེད་དེ་བསྟན་པ་ལ་འཇུག་མར་བྱེད་པ་ནི་སངས་རྒྱས་ཕྲིན་ལས་བྱེད་པ་ཞེས་བྱ་བ་དང་སྦྱར་རོ། །དེའི་ཚེ་ལ་ལ་དག་འདི་སྙམ་དུ་གང་གི་ཚེ་གདུལ་བྱ་སྡུག་བསྔལ་བར་གྱུར་བ་དེའི་ཚེ ་ཚེ་ལག་ན་རྡོ་རྗེ་སྡིག་པའི་བསམ་པ་དང་ལྡན་ནོ་སྙམ་པ་ལ། །སྙིང་རྗེ་ཆེ་དང་ཤེས་རབ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སྙིང་རྗེ་ནི་གདུལ་བྱ་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བར་བྱ་བའི་བསམ་པ་དང། ་དེས་ཀུན་ནས་བསླང་བའི་ཁྲོ་བོ་ཆེན་པོའི་སྤྱོད་པའོ། །ཆེན་པོ་ནི་སྔར་བསྟན་པའི་མཐུ་དེ་ལྟ་བུ་དག་གིས་རློམ་སེམས་སུ་མི་བྱེད་པ་ཤ་སྟག་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ནི་རྣམ་པར་དཔྱོད་པ་སྟེ། །གདུལ་བྱ་ཇི་ལྟར་འབུལ ་བའི་རྣམ་པ་སྔོན་དུ་སོང་བའི་ཐ་ཚིག་གོ་།དང་ཞེས་བྱ་བ་ནི་མཚུངས་པ་བསྡུ་བ་སྟེ། དོན་བྱེད་པོར་མཚུངས་པའི་ཕྱིར་རོ། །གང་ཞེ་ན། ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག་ཅེས་བྱ་བ་གསུངས་ཏེ། གང་སྙིང་རྗེ་དང། ཤེས་རབ་ཀྱི་ཀུན་ནས་བསླང་བའི་དྲག་པོའི་སྦྱོར་པ ་ནི་??་སུ་རིག་པར་བྱ་སྟེ། འགྲོ་བ་མ་རུངས་པའི་དོན་བྱེད་པའི་ཕྱིར་རོ། །དེ་བས་ན་མཆོག་སྟེ། མ་རུངས་པ་རྗེས་སུ་འཛིན་པ་ལ་ཐོབ་འདི་ལས་ལྷག་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཙོ་བོས་སེམས་ཅན་གྱི་དོན་བྱེད་ཀྱང་འཁོར་གྱིས་སེམས་ཅན་གྱི ་དོན་མི་བྱེད་པའམ། །བྱེད་ཀྱང་གཙོ་བོས་ནན་གྱིས་བྱེད་དུ་བཅུག་པའམ་སྙམ་པ་ལ། དགའ་མགུ་རངས་པའི་བསམ་པ་ཅན་ཞེས་གསུངས་ཏེ། དགའ་བ་ནི་སྙིང་རྗེའི་གསམ་པ་ནན་ནོ། །མགུ་བ་ནི་ཤེས་རབ་དང་ལྡན་པའོ། །ཡང་ན་མགུ་བ་ནི་སེམས་ཅན་གྱི ་དོན་ལ་རང་བའོ། །རངས་པ་ནི་འགྲོ་བའི་དོན་ལ་འཇུག་པ་སྟེ། ཁྲོ་བོའི་སྐུར་བསྟན་པ་ཡང་བསམ་པའི་ཁྱད་པར་འདི་ལྟ་བུ་དང་ལྡན་པའི་ཕྱིར་བསམ་བ་ཅན་ནོ། །དེས་བས་ན། ཁྲོ་བོའི་ལུས་ཀྱི་ངཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། ། ་ཞེས་གསུངས་སོ། །དེའི་ཕྱིར་ལག་ན་རྡོ་རྗེ་དག་ལུས་ཁྲོ་བོའི་གཟུགས་དང་ལྡན་ཡང་བསམ་པ་དགེ་བ་དང་ལྡན་པའི་ཕྱིར་སྡིག་པར་མི་འགྱུར་ཞེས་དགོངས་སོ། །འཁོར་འདུས་པ་དེ་དག་ཀྱང་སྟོན་པ་ལ་ལྟོས་པ་ཆེ་བ་ཉིད་ཀྱི་ཕྱིར། །ལུས་བཏུད་རྣམས་དང་ཞེས ་གསུངས་ཏེ། ཀུན་མཚུངས་པར་གུས་པའི་ཚུལ་གྱིས་ལུས་བཏུད་བའོ། ལྷན་ཅིག་ཏུ་ཞེས་པའི་སྒྲ་ཐབས་ཅིག་པ་སྟེ། འདི་ལྟར་ལག་ན་རྡོ་རྗེ་རང་གི་རིགས་ཀྱི་མཚན་མ་འཛིན་པ་གང་ཡིན་པ་དེས་བདག་དང་གཞང་ཡི་དོན་དུ་གཞུང་གི་དོན་གསོལ་བ་གདབ་ཕྱིར་ལུས ་བཏུད་པ་??་དང། ལག་ན་རྡོ་རྗེ་གཞན་དག་གཞུང་གི་དོན་ཉན་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱིན་དོན་དུ་གཞུང་གི་དོན་བསྟན་པར་བཞེད་པ་གནས་གཅིག་ན་ལྷན་ཅིག་ཏུ་བཞུགས་པ་དེའི་ཚེ་འདི་སྐད་ཅེས་གསོལ་ཏེ་ཞེས ་འབྲེལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གང་སྙམ་པ་ལས། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་དང། དེ་བཞིན་ཉིད་མཁྱེན་པ་དང། ཇི་ལྟ་བ་བཞིན ་མཁྱེན་ཅིང་གསུང་སོ་གཞན་དང་སྦྱ་རོ། །བཅོམ་ལྡན་འདས་ནི་སྤངས་པ་ཕུན་སུམ་ཚོགས་པའི་དོན་ཏེ། ཚིག་གི་དོན་ནི་གཞན་ལས་གསུངས་པའི་ཕྱིར་རོ། །རྫོགས་པ་ཞེས་བྱ་བའི་དོན་ནི་རྒྱུའི་དུས་སུ་ཚོགས་གཉིས་རྫོགས་པ་དང། འབྲས་བུའི་དུས་སུ་བདག་དང ་གཞན་གྱི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །སངས་རྒྱས་ཞེས་པ་བློ་བྱ་ཞིང་རྒྱས་པའི་ཕྱིར་ཏེ། པདྨ་ལེགས་པར་བྱེ་ཞིང་རྒྱས་པ་བཞིན་ནོ། །ཡང་ན་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པའི་ཕྱིར་སངས་རྒྱས་ཏེ། སྐྱེས་བུ་གཉིད་ལེགས་པར་སད་པ་བཞིན་ནོ། །དེ་ལྟ་བུ ་སངས་རྒྱས་བཅོམ་ལྡན་འདས་ལ་ཞེས་བྱ་བའི་དོན་ནི་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ་བྱ་བའི་དོན་ཏོ། ཅི་བྱས་ནས་གསོལ་བ་བཏབ་སྙམ་པ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་ཤུས་པའི་ཚུལ་གྱིས་སྤྱན་སྔར་འདུག་སྟེ་ཞེས་བའོ། །དེ་ལ ་ཕྱག་འཚལ་བ་ནི་ལུས་ངག་ཡིད་ཀྱིས་རབ་ཏུ་བཏུད་པ་སྟེ། གུས་པའི་ཚུལ་གྱིས་ཐལ་མོ་སྦྱར་བ་ནི་བརྡ་ཕྲད་པར་ཟད་དོ། །སྤྱན་སྔར་འདུག་ཅེས་པ་ནི་གཟིགས་པའི་ཡུལ་དུ་འདུག་པ་སྟེ། ལྐོག་ཏུ་གྱུར་བ་ནས་གསོལ་བ་མ་བཏབ་ཅེས་པའི་དོན་ཏོ། །འདི་སྐད་གསོལ་ཅེས་པ་ནི་ཇི ་སྐད་དུ་འོག་ནས་གསུངས་པའི་གཞུང་གི་དོན་དགོས་ཆད་དང། བརྗོད་བྱ་དང། གསུངས་པའི་ཚུལ་བདག་ཉིད་སྣོད་དུ་རུང་བ་དང། མ་འོངས་པའི་དུས་སུ་ཇི་ལྟར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དེ་སྐད་གསོལ་བ་བཏབ་ན་ཞེས་པ་དང་སྦྱར་རོ། །དེ་དག ་གིས་ནི་སྐྲ་ཇི་བཞིན་པར་བཤད་པའི་མན་ངག་གོ་།ད་ནི་བླ་མའི་ཞལ་གྱི་མན་ངག་སྒྲ་ཇི་བཞིན་མ་ཡིན་བ་བྲི་བར་བྱ་སྟེ། དེ་ལ་ཁྱེད་ལྟར་ན་རྒྱུད་འདི་གཞན་གྱི་མཛའ་དང་ཡང་དག་པར་ལྡན་པ་ཡིན་ཏེ། །དེ་བཞིན་གཤེགས་པའི་དགོངས་པ་བསམ་གྱིས་མི་ཁྱབ ་པའི་ཕྱིར་རོ། །དེ་བས་ན་འདི་དེ་ཉིད་དུ་ཕུན་སུམ་ཚོགས་པའི་གླེང་བཞིའི་ཚིག་གོ་བར་བྱའོ། །དེ་ཡང་ཚིག་གི་དོན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང། །གདུལ་བར་དཀའ་བ་འདུལ་བའི་དུས་ན་འཁོར་ལག་ན་རྡོ་རྗེ་ཞེས་བྱ་བའི་དཔའ་བོ་མཛའ་ཡས་པ་དང། ཁྲོ་གཉེར ་ཅན་དང། སྒྲོ་ལམ་ལ་སོགས་པ་ལུས་བཏུད་པ་རྣམས་དང་ལྷན་ཅིག་ཏུ་པདྨ་རྒྱས་པ་གདན་ལ་བཞུག་སོ། །དེ་བས་སྟོན་པ་དང། གནས་དང། དུས་དང། འཁོར་ཕུན་སུམ་ཚོགས་པ་དང་ལྷན་ཅིག་ཏུ་བཞུགས་པ་དེའི་ཚེ་ཆོས་ཕུན་སུམ་ཚོགས་པ་བརྗོད ་བར་བྱ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །གལ་ཏེ་ཚིག་གི་དོན་དེ་ལྟར་སྟོན་དུ་ཟིན་ཀྱང་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་བཞིའི་ཚིག་སྒྲ་ཇི་བཞིན་དུ་སྟོན་པ་མེད་པ་མེད་པའི་ཕྱིར་མི་འཐད་དོ་ཞེ་ན། །དེ་ལྟར་རྟོག་པར་མི་བྱ་སྟེ། སངས་རྒྱས་བཅོཾ ་ལྡན་འདས་ནི་ཚིག་ལ་མི་དགྱེས་ཤིང་དོན་ལ་དགྱེས་པར་མཛད་པས་ན་བཅོམ་ལྡན་འདས་ཉིད་ཀྱིས་སོ་སོར་རྟོན་པ་བཞི་བཀའ་སྩལ་ཏེ། ཚིག་ལ་རྟོན་པར་མི་བྱ་ཞིང་དོན་ལ་རྟོན་པར་བྱ་བ་དང། གང་ཟག་ལ་རྟོན་པར་མི་བྱ་ཞིང་ཆོས་ལ་རྟོན་པར་བྱ་བ་དང། དྲང་བའི ་དོན་ལ་རྟོན་པར་མི་བྱ་ཞིང་དེས་པའི་དོན་ལ་རྟོན་པར་བྱ་བ་དང་རྣམ་པར་ཤེས་པ་ལ་རྟོན་པར་མི་བྱ་ཞིང་ཡེ་ཤེས་ལ་རྟོན་པར་བྱའོ་ཞེས་གསུངས་སོ། །དེ་བས་ན་དོན་གྱི་དབང་འདི་ལ་དགོངས་ནས་གཞན་དག་ནས་ཀྱང་སྒྲ་ཇི་བཞིན་པ་དང་སྦྱར་བ་མ་མཛད་དེ། ་ནམ་མཁའ་ཐམས་བཅས་དང་ག་དང། །གོ་སྐབས་འབྱེད་དང་ཞེས་བྱ་བ་ལ་སོགས་པ་གསང་སོ། །དེ་བཞིན་དུ་གསང་བ་མཆྒོ་གི་དགྱེས་པ་ན་ཞེས་པ་ལ་སོགས་པ་དང། གཞན་ཡང། ཡེ་ཤེས་དབང་ཕྱུག་སྟོང་པ་ཅན། །གནས་གཙང་མ་ན་བཞུགས་ནས་སུ།། ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཀྱང་དོན་གྱི་དབང་འདི་ལ་དགུངས་ནས་གསུངས་པར་རིག་པར་བྱའོ། །ཇི་ལྟར་གཞོན་ནུ་མཚོན་པ་ལ་ཆུང་དུ་དང་ལང་ཚོ་དང་སྒྲ་དང་ནུ་མ་དང་ལྡན་པ་ཞེས་བྱ་བའི་སྒྲས་མཚོན་པའི་ཚིག་གོ། ཡང་འདི ་སྐད་??་མོད་ཀྱི་དེ་ནས་ཞེས་བྱ་བའི་སྒྲས་བར་མཆད་པར་སྡུད་པར་བྱེད་པའི་ཚིག་སྟེ། སྔར་སྒྱུ་འཕྲུལ་དྲ་བར་ཞེས་བྱ་བའི་ཚིག་ལེའུར་བཤད་པ་དེ་མ་ཐག་པའི་དེ་ནས་གཱུ་ལེའུ་འདི་ཞུ་བབ་ཤད་དོ། །ཞེས་མཚོམས་སྦྱར་བའི་ཕྱིར་དང། ཇི་སྐད་དུ་སྨོས་པའི ་ལེའུ་བྱ་དྲུག་སྟོང་པར་འདི་སྐད་བདག་གིས་ཐོས་པ་གླེང་གཞིའི་ཚིག་གསུངས་པས་འདིར་ཡང་སྦྱར་བར་མི་འཐང་དོ་ཞེ་ན། །དེ་ལྟ་མ་ཡིན་ཏེ། དེ་ནས་ཤེས་བྱའི་སྒྲ་ནི་གཅིག་ཏུ་མཚམས་སྦྱོར་བར་མ་ཟད་དེ། །དེ་ཡང། ཡི་གེ་ཨོཾ་རང་དེ་ནས ་སྒྲ། །དེ་དག་གཉིས་ནི་སྔོན་ཚངས་པའི། །ཞུ་བ་ཕུག་ནས་བྱུང་བས་ན། དེ་དག་བཀྲ་ཤིས་སྒྲ་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུད་འབྱུང་བའི་ཐེག་མར་ཤིས་པར་བརྗོད་པ་ཡིན་པས་ན་དེ་ནས་ཤེས་བྱ་བའི་སྒྲར་གསུངས་སོ། །ཡང་ན་དེ་ནས་ཀྱི་སྒྲ་ཨ་ཐ ་སྟེ། ཨ་ནི་ཨ་ནུ་ཏ་པ་ཏ་ཞེས་པ་སྟེ་ཤེས་རབ་བོ། །ཐབས་ནི་པོ་ཐ་ཡོ་ག་སྟེ་ཐབ་སོ། །དེ་ལྟ་བུའི་སྒྲ་ཡི་སྒོ་ནས་ཇི་ལྟ་བུར་ཡང་སྦྱར་དུ་བཏུབ་པ་སོ། །དེ་བས་ན་ཨ་ཐ་ཨེ་བི་སྟེ་ཐབས་ཤེས་རབ་བོ། །དེ་དག་གཉིས་སུ་མེད་པ་ནི་དཔའ་ཨོ། །དེ་སྐད་དུ་ཡང། །ཤྲཱི་ནི ་གཉིས་མེད་ཡེ་ཤེས་ཏེ་ཞེས་གསུངས་པའི་ཕྱིར་རོ། །ཚིག་གི་དོན་དུ་སྦྱར་ན་ཤྲཱི་ལ་ཨའི་ཡོད་པས་ནི་ཐབས་ཉེ་བར་སྦྱར་ནས་ཕྱིས་ཏེ། ཤ་ལ་ར་ཨུ་ཏའི་རྐྱེན་བྱིན་བས་ཤྲུ་ཏའོ། །དེ་ལྟ་ན་ཐོས་པའི་སྒྲ་སྟེ། ཉམས་སུ་མྱོང་ཞེས་བྱ་བའི་ཐ་ཚིག་གོ། །དེའི་བདག་ཉིད་ཅི་འདྲ ་ཞེ་ན། རྡོ་རྗེ་འཆང་ཞེས་གསུངས་ཏེ། བདག་གིས་ནི་དེ་ལྟ་བུའོ། །དམ་ཀཻ་ནི་སཻ་ཀཻ་སྒྲ་སྟེ། གདུལ་བར་དཀའ་བ་འདུལ་བའི་དུས་གཅིག་ན་ཞེས་པའི་དོན་ཏེ་དུས་ཀྱི་ཁྱད་པར་རོ། །བཅོམ་ལྡན་འདས་ནི་དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ ་ཞེས་བྱ་བ་སྟེ། དེ་ཡང་འཇིག་རྟེན་གསུམ་ནི་འདོད་པ་དང། གཟུགས་དང། གཟུགས་མེད་པའོ། །དེ་རྣམས་སུ་བདུད་བཞིའི་དཔུང་ཕམ་བར་བྱས་པའམ། དེ་གང་གིས་བཅོམ་བ་ནི་བཅོམ་ལྡན་འདས་ཏེ། ཟག་པ་མེད་པའི་ཤེས་རབ་བོ། །དེ་སྐད་དུ་ཡང་འདི་ཉིད་ལས། དཔའ་བོ་བདུད ་དགྲ་བདུད་འདུལ་བ་ཞེས་བྱ་བ་དང། ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པའི་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ལ་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་དཔལ་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པ་སྟེ་དབང ་ཕྱུག་ལ་སོགས་བ་དྲུག་གི་ཡོན་རྟན་ཡོད་པའོ། །ཡང་འདི་ཉིད་ལས། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་གསུངས་པ་དང། གཞན་ཡང། མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཚན་ཉིད་དེ་དག་དང་ལྡན་པ་ལ་བཅོམ ་ལྡན་འདས་ཤེས་པའི། དཔའ་བོ་ཞེས་བའཾ། དཔའ་ཞེས་པའཾ། རྒྱལ་བ་ཞེས་པ་ལ་སོགས་པའི་མཚན་གྱི་རྣམ་གྲངས་སུ་ཤེས་པར་བྱའོ། །དེ་གང་ན་བཞུགས་སྙམ་པ་ལ། །རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེའི་རིགས་ནི་རིགས་སོ། །གང་ཞེ་ན། རྡོ་རྗེ་དང། རིན ་པོ་ཆེ་དང། པདྨ་དང། ལས་དང། དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ནི་དེ་བཞིན་ཉིད་དུ་གཤེགས་པའི་ཕྱིར་དང། དེ་ཉིད་ལས་ཕྱེ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་ཀྱིས་དབང་སྒྱུར་བའི་ཕྱིར་དབང་ཕྱུག་ཅེས་བྱའོ། ། ་གསང་བའི་རྒྱལ་ཞེས་བྱ་བ་ནི་?་གསང་བ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་དོན་ཏོ། །རྒྱལ་བ་ནི་གཙོ་བོ་སྟེ་སྙིང་པོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་ཀྱང་འདུལ་བའི་སྣང་བ་ཙམ་ལ་བཙུན་མོ་ཉིད་དུ་བསྟན་པའི་ཕྱིར་རོ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན ་ཞེས་གསུངས་ཏེ། པདམོ་ནི་མོ་རྟགས་ཀྱི་སྒྲ་ཡིན་པའི་ཕྱིར་རོ། །རྒྱས་པ་ནི་ཁ་བྱེ་བ་སྟེ། འདི་ལྟ་བུ་དག་ནི་སྤྱན་ཞེས་བྱ་བ་སངས་རྒྱས་སྤྱན་ལ་སོགས་པའི་བྷ་ག་རྣམས་སོ། །པདྨ་རྒྱས་པ་གདན་ལ་བཞུགས་ཞེས་པ་ནི་པདྨ་ཡང་ཡིན་ལ་གདན་ཡང་ཡིན་པས་པདྨ་རྒྱས་པའི་གདན་ལ་སྟེ། ། ་དེ་ལྟར་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟར་དཀར་བ་དབྱེད་མི་ཕྱེད་པའི་ངོ་བོས་བཞུགས་ཏེ། བཞུགས་པ་ཞེས་པ་ནི་གནས་ཞེས་པའི་དོན་ཏོ། །དེ་ཡང་གདུལ་བྱ་རྣམས་ལ་སྤྱོད་ལམ་རྣམ་པ་བཞིས་བཞུགས་ཏེ། །གཤེགས་དང་བཞུགས་དང་དེ་བཞིན་དུ་ནི ་གཟིམས་པ་དང་ནི་འཆག་པའོ། །ཡང་ནི་སྐུའི་སྤྱོད་ལམ་ནི་མ་རུངས་པ་འདུལ་བའི་ཕྱིར་ཁྲོ་བོའི་ཆ་ལུགས་ཀྱིས་བཞུགས་སོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྡམས་ནི་ཞལ་དང་སྤྱན་གྱི་དབྱིབས་བསྟན་ནས། །པྱེད་ཕྱི་མས་ཕྱག་མཚན་དང་ཕྲིན་ལས་བསྟན་པའི་ཕྱིར། །རང་གི ་ལག་གི་རྡོ་རྗེ་མཆོག་།ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་པ་སྟེ། རང་ནི་བཅོམ་ལྡན་འདས་སོ། །དེའི་ཕྱིར་ཕྱག་གི་རྡོ་རྗེ་ནི་རང་གི་རིགས་མཚོན་པའི་ཕྱག་རྒྱའོ། །མཆོག་ཅེས་བྱ་བ་ནི་ཕྱག་རྒྱ་དེ་ཡི་ཁྱད་པར་རོ། །དེས་ཅི་བྱེད་ཅེ་ན། གསོར་བྱེད་པ་ཞེས་པ་སྟེ། མ་རུངས་པ་ཚང་གཅད ་པའི་ཕྱིར་ནམ་མཁའ་ཨི་ཁམས་སུ་ལན་དུ་མར་འཕེན་ཞིང་ཕྱག་དེ་ཉིད་ཀྱིས་འཛིན་ཞེས་བྱ་བའི་ཐ་ཚིག་གོ་།གསུང་གི་སྤྱོད་ལམ་ནི་འཁོར་རྣམས་ལ་རྡོ་རྗེ་ཐེག་པའི་ཆོས་སྟོན་པའོ། །ཐུགས་ཀྱི་སྤྱོད་ལམ་ནི་གཉིས་སུ་མེད་པའི་ཚུལ་གྱིས་མཉམ་པར་བཞག་པའོ། །དེ་དག་གིས་ནི་ཆོས ་དང། འཁོར་དང། དུས་དང། སྟོན་པ་དང། གནས་ཕུན་སུམ་ཚོགས་པ་བསྟན་པ་སྟེ། ཐོག་མར་དགེ་བ་གླེང་གཞིའི་དོན་བཤད་ཟིན་ཏོ། །ད་ནི་འདུས་པ་ཕལ་པོ་ཆེ་དེ་དག་གི་མིང་དང། གྲངས་དང། མཚན་ཉིད་དང། བྱེད་པ་བསྟན་པའི་ཕྱིར། ཁྲོ་གཉེར་རིམ ་པར་ལྡན་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་མིང་ཉེ་བར་བསྟན་པའི་ཕྱིར། །འདི་ལྟར་ཁྲོ་གཉེར་ཅན་ཞེས་བྱ་བའི་མཁའ་འགྲོ་མ་དང། སྒྲོལ་མའི་མིང་ཅན་ལ་སོགས་པའི་མཁའ་འགྲོ་མ་མཛའ་ཡས་པ་དང། གཞན་ཡང་ལག་ན་རྡོ་རྗེ་ཞེས་བྱ ་བའི་མིང་ཅན་གྱི་དཔའ་བོ་གྲངས་མཛའ་ཡས་པ་ལུས་བཏུད་རྣམས་དང་ལྷན་ཅི་ཏུ་འདི་སྐད་ཅེས་གསོལ་ཅེས་པ་ནི་བསྡུས་པའི་དོན་ཏོ། །དེ་ལ་འཇིག་སུ་རུང་བ་ལ་སོགས་པ་ནི་ཁྲོ་བོའི་མཚན་ཉི་དོ། །སྙིང་རྗེ་ཆེ་ལ་སོགས་པ་ནི་བསམ་པའི་ཁྱད་པར་རོ། ། ་སངས་རྒྱས་ཕྲིན་ལས་བྱེད་པ་ནི་ལས་ཀྱི་ཁྱད་པར་རོ། །ལུས་བཏུང་ཅེས་པ་ནི་ཐལ་མོ་སྦྱར་ནས་ཙོག་བུར་འདུག་པའོ། །རྣམས་ཤེས་པ་ནི་དཔའ་བོ་དང་དཔའ་མོ་གྲངས་མཛའ་ཡས་བ་རྣམས་སོ། །དང་ཞེས་བ་ནི་མཚུངས་པ་བསྡུ་བ་སྟེ། ཀུན་ཀྱང་གནས་དེར་འདུས་བས་ན་ལྷན ་ཅིག་ཏུ་ཞེས་པའོ། །དེ་དག་གིས་ནི་གླང་བཞི་བཤད་ཟིན་ཏོ། །ད་ནི་རྒྱུད་ཀྱི་དོན་རྣམ་པ་གསུམ་དུ་བསྡུས་ནས་གནས་པ་ལས་རྒྱུའི་རྒྱུད་ཀྱི་གླེང་གཞི་བཤད་པར་བྱ་སྟེ། དེ་ཡང་རྒྱུད་རྗེ་སུ་འགྲོ་ཞིང་འབྲས་བུ་བསྐྱེད་པས་ན་རྒྱུད་དེ་ས་བོན་ཞེས་བྱ་བའི་དོན་ཏོ། །ས་བོན ་ནི་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་བའོ། །དེ་ཉམས་སུ་བླང་བར་བྱ་བའི་ཕྱིར་ཐབས་ཐུན་མོང་མ་ཡིན་པ་ནི་ཨ་ཐ་ཞེས་གསུངས་ཏེ། ཨི་ན་སྲུབ་པ་དང་བསྲུབ་པར་བྱ་བ་སྟེ། ཤེས་རབ་བོ། །ཐ་ནི་སྲུབ་པར་བྱེད་པ་སྟེ། དེ་ལྟར་བསྲུབ་པ་དང་སྙབ ་པ་ལས་བྱུང་བ་ནི་དཔལ་ལྡན་ཞེས་གསུངས་ཏེ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང། ཤཱི་ནི་གཉིས་མེད་ཡེ་ཤེས་ཏེ་ཞེས་གསུངས་སོ། །གཉིས་སུ་མེད་བ་དེ་ཉིད་ཇི་ལྟ་བུ་ཞེ་ན། རྡོ་རྗེ་འཆང་ཞེས་གསུངས་ཏེ། གཉིས་སུ་མེད་པའི་མཚན ་འདི་ནི་??རྗི་ལྟར་གང་གིས་ཀྱང་མི་ཕྱེད་པའི་མཚན་ཉིད་དང་ལྡན་པས་ན་དེ་འཆང་བའོ། །དེ་སྐད་དུ་ཡང། རྡོ་རྗེ་མི་ཕྱེད་ཅེས་ཕྱར་བརྗོད་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུང་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་བའི་བྱང་ཆུབ་ཀྱི་སེམས་དེས་ཅི་བྱ་ཞེ་ན། གདུལ་དཀའ་འདུལ ་བརྣམས་ཀྱི་མཆོག་།ཅེས་གསུངས་ཏེ། འདི་ལྟར་འདུལ་བར་དཀའ་བ་ནི་ཐོག་མ་མེད་པའི་དུས་ནས་རྟོག་པའི་གཟུང་བ་དང་འཛིན་པའི་ཚོགས་ཏེ། །དེ་འདུལ་བར་བྱེད་པ་ནི་གདུལ་དཀང་འདུལ་བའོ། །གང་གིས་ཤེ་ན། མོས་པའི་དབང་དུ་མཛད་པའི་ཐེག་པ་གསུམ ་གྱིས་ཀྱང་དེ་འདུའབའ་ཨི་ཐབས་ཡིན་གྱི་དེ་རྣམས་ལས་མཆོག་ཏུ་གྱུར་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཐབས་གང་གིས་སྐྱེད་པར་བྱེད་པ་ནི་མཆོག་གོ་།ད་ཡང་ཐུན་མོང་མ་ཡིན་པའི་ཐབས་ངེས་གདུལ་བར་དཀའ་བརྩོད་པའི་དུས་ཀྱི་སེམས་ཅན་འདོད་ཆགས་ལ ་སོགས་པ་ཉོན་མོངས་པ་ཆེ་བས་ཀྱང་མྱུར་དུ་བྱང་ཆུབ་འཐོབ་བོ་ཞེས་དགོངས་པས་སོ། །གཞན་ཡང་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་དང་ལྡན་སྙམ་པ་ལ། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ཞེས་གསུངས་ཏེ། འཇིག་རྟེན་གསུམ་ནི་ལུས་ངག་ཡིད་དོ། །དེ་རྣམས ་ཀྱིས་ཐ་མལ་པའི་རྣམ་རྟོག་བཅོམ་སྟེ་སྐུ་གསུང་ཐུགས་རྡོ་རྗེ་འཛིན་བའི་ངོ་བོ་ཉིད་དུ་ལྡན་པར་བྱས་པས་ན་རྒྱལ་བའོ། །ཐ་མལ་པའི་རྣམ་པར་རྟོག་པ་འཇོམས་པའི་དུས་ན་རིམ་གྱིས་རྒྱལ་བར་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ། སྐད་ཅིག་ལ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་དཔའ་བོ་ཞེས་བྱའོ། ། ་ལུས་དག་ཡིད་གསུམ་གྱི་རིགས་ཀྱི་དབྱེ་བ་སྤྲོ་བ་དང་བསྡུས་ཏེ་བསྟན་པའི་ཕྱིར། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ་ཞེས་གསུངས་ཏེ། རྡོ་རྗེ་ནི་རིགས་ཀྱི་སྒྲའོ། །དེ་བས་ན་ལུས་ངག་ཡིད་གསུམ་ལས་རྒྱས་པར་སྤྲོ་བ་རིགས་ལྔ་སྟེ་ཕུང་པོ་ལྔའོ། །དེ་དག་ཀྱང་ཉེ་བར་བསྡུན་གཅིག་ཁོ་ན་སྟེ་བྱང་ཆུབ ་ཀྱི་སེམས་སོ། །དེས་དེ་རྣམས་ལ་ཁྱབ་ཅིང་དབང་སྒྱུར་བས་ན་དབང་ཕྱུག་གོ། དེ་ལྟར་ཤིན་ཏུ་སྤྲོ་བ་ནི་རིགས་བརྒྱའི་དབྱེ་བ་ལའང་རབ་འཇུག་གོ། །དེ་ལྟར་རིགས་དབྱེ་བགྲང་དཔག་ཏུ་མེད་པ་དག་ཏུ་རབ་ཏུ་ཕྱེ་བ་ཡང་གསུམ་དུ་བསྡུས་བཏིད་ཀྱི་ཕྱིར་གསང་བའི་རྒྱལ་པོ་སྟེ ་སྐུ་གསུང་ཐུཌ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་ནི་གཙོ་བོ་སྟེ། གཞན་དུ་ན་སྙིང་པོ་ཞེས་བྱ་བའི་ཐ་ཚི་བོ། །སྙིང་པོ་དེ་ཉིད་ཤེས་རབ་ཀྱི་ངོ་བོ་དེ་བཞིན་གཤེགས་པ་རྣམས་སྐྱེད་ཅིང་རྟེན་དུ་བསྟན་པར་བྱ་བའི་ཕྱིར། པདྨ་དཀར་པོ་རྒྱས་འདྲའི་སྤྱན། །ཞེས་གསུངས་ཏེ། པདྨའ་ནི་མོ་རྟགས ་ཀྱིས་བསྟན་པའོ། །སྤྱན་ནི་སངས་རྒྱས་སྤྱན་ལ་སོགས་པ་སྟེ། ས་ལ་སོགས་པ་ནི་ཁམས་བཞིའི་རང་བཞིན་ནོ། །འདྲ་ཞེས་བྱ་བ་ནི་བརྟེན་པ་དང་སྐྱེད་པར་བྱེད་པའི་ཕྱིར་མ་དང་འདྲ་ཞེས་ཉེ་བར་སྦྱར་བའི་དོན་ཏོ། །རྒྱས་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་བཞུཌ ་པའི་གནས་ཏེ། བདེ་བ་རྒྱས་པའི་ཕྱིར་ཁ་བྱེ་བར་གནས་སོ། །དེའི་གསུངས་པ། པདྨ་རྒྱས་པའི་གདན་ལ་བཞུགས་ཞེས་གསུངས་ཏེ། པདྨ་རྒྱས། པ་ཡང་ཡིན་ལ་གང་ན་ཡང་ཡིན་པས། པདྨ་རྒྱས་པའི་གདན་ནོ། །ན་ནའི་དོན་ནི་ཨཱ ་ས་ན་སྟེ་འདིར་བཞུགས་པར་འདོ་དོ། །བཞུགས་ཞེས་པའི་དོན་ནི་ཤུགས་ཀྱིས་སྟོན་པའི་སྒྲ་སྟེ། ཇི་ལྟར་རྒྱལ་པའོ་ཕོ་བྲང་ཞེས་སྨོས་ན་རྒྱལ་པོ་བཞུགས་པར་རིག་པར་བྱ་སྟེ། གཞུང་ལ་ཚིགས་ལས་བི་ཛ་ཧར་ཞེས་ཀྱང་འཆ་དོ་འདིང་གྲབ་མོའི་ཚུལ་ལྟར་ན་ཐབས ་ཀྱིས་བསྐུལ་བའི་ཤེས་རབ་ཀྱི་པདྨ་རབ་ཏུ་རྒྱས་པ་ལ་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟར་དཀར་བརྒྱུའི་རྒྱུད་ཀྱི་ངོ་བོས་བཞུགས་སོ། །དེ་དག་གི་རིགས་བསྟན་པར་བྱ་བའི་ཕྱིར་ན་རང་ནི་རང་གི་ཕའོ། །ལག་གི་ནི་བསྐུལ་བའི་ཕྱིར་ཏེ་མ་ལྟ་བུའོ། །རྡོ་རྗེ་ནི་དེ་དག་ལས། ་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཁམས་གསུམ་པོ་སྐྱད་པར་བྱེད་པའི་ཕྱིར། ཡང་ནས་ཡང་དུ་གསོར་བྱེད་པ་ཞེས་གསུངས་ཏེ། ཡང་ནས་ཡང་དུ་ཞེས་པའི་དོན་ནི་སྲོད་པའི་རྒྱ་མཚོར་ཞེས་པའི་དོན་ཏོ། །གོ་སར་ཞེས་པན་འཔེན་པར་བྱེད་པ་སེ། བྱ་བ་ལ་ལྟོས། ་ནས་བྱེད་པ་ཞེས་གསུངས་སོ། །དེའི་དོན་ནི་རྒྱུད་ཁྱད་པར་ཅན་སྨིན་པར་མ་བྱས་པས་ལས་དང་ཉོན་མོངས་པའི་ས་བོན་དུ་གྱུར་ཏེ། ལས་དང་འབྲས་བུ་ལ་ཉེ་བར་སྦྱོང་བར་བྱེད་ཅེས་དགོངས་སོ། །དེ་སྐད་དུ་ཡང། ཕ་དང་མའི་བདེ་ཤུགས་ལས། །སྐད་ཅིག་དེ་ལས ་ཁམས་གསུམ་སྐྱེས། །ཞེས་གསུངས་སོ། །དེ་དག་གིས་རྒྱུ་ས་ལ་གནས་པའི་འགྲོ་བ་དག་གཉེར་བར་བསྟན་པའི་ཕྱིར། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཞེས་གསུངས་ཏེ། ཉེ་བར་མཚོན་པའི་ཁོང་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་དང ་ཉེད་ལྡན་ཞེས་པའི་དོན་ཏོ། །ལག་ན་རྡོ་རྗེ་མཛའ་ཡས་པ་ཞེས་པ་ནས་གསོར་བྱེད་པ་ཞེས་པའི་བར་གྱི་རྒྱུན་དེ་ལ་གནས་པའི་རིགས་གདུལ་དཀའ་བའི་བྱོལ་སོང་དང་ཡིད་གས་དང་དམྱལ་བ་ལ་སོགས་པ་འགྲོ་བ་དྲུག་སྤྲོ་བར་བྱེད་པའི་དོན་ཏེ་ཚིག་གི་རྡོར ་ནི་?་ཁ་ཟད་?་།དེ་དག་གིས་རྒྱུའི་རྒྱུད་ཀྱི་གླེང་གཞིའི་དོན་མདོར་བསྡུས་ཏེ་བསྟན་པའོ། །ད་ནི་ཐབས་ཀྱི་རྒྱུད་ཀྱི་གླེང་ཞི་བསྟན་པད་བྱ་སྟེ། དེ་ཡང་ཉེ་བང་འགྲོ་བས་ན་ཐབས་ཞེས་བྱ་སྟེ། རྒྱུ་དེ་ཁྱད་པར་ཅན་དུ་འགྲོ་བའི་ཕྱིར་ཏེ། རྒྱུན་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་ཡང་གང ་ཞེ་ན། ??ཞེས་གསུངས་ཏེ། ཨ་ནི་ལྟེ་བར་གནས་པའི་ཨ་སེ་ཤེས་རབ་ཀྱི་ངོ་བོ་ཨེའོ། །ཐ་ནི་སྤྱི་བོ་ན་གནས་པའི་བཾ་ངོ། །ཡ་ཡངས་སུ་འབར་བ་ལས་རྒྱུའི་རྒྱུན་ལ་གནས་པའི་བག་ཆགས་བསྲེགས་ཏེ། ཐབས་ཀྱི་ངོ་བོ་བཾ་ཡོངས་སུ་བཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི ་སླང་གསོལ་མཛད་པ་ནི་དཔལ་ལྡན་ནོ། །ངའི་བདག་ཉིད་དབྱེར་མི་ཕྱེད་པས་རྡོ་རྗེའོ། །གདུལ་བྱ་ཡོང་སུ་གདུལ་བར་བྱ་བའི་ཕྱིར་གསུངས། གདུལ་དགར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཏུ་རྒྱུ་བ་སྤྲེའུ་དང་འདྲ་བ་རྣམ་པར་ཤེས་པའི་ཚོག་སོ། །དེ་འདུལ་བར ་བྱེད་པ་བདེ་བ་ཆེན་པོ་སྟེ་ནང་དུ་དམིགས་པའི་ཡེ་ཤེས་སོ། །དེ་བས་ན་མཆོག་གོ་།སྒོ་གསུམ་གྱི་དྲི་མ་ཡོངས་སུ་དག་པད་བྱ་བའི་ཕྱིར་གསུངས་པ། །དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་འདས་པ་དང་མ་འོངས་པ་དང་ལྟར་གསུམ་པ་ལ ་སྤྱོད་པ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དེ་གསུམ་གྱི་མཚན་ཉིད་དང་གྲལ་བ་སྟེ་རྒྱལ་བའོ། །ལྷན་ཅིག་སྐྱེས་པའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་མི་ཕྱེ་བའོ། །ལུས་དང་ངག་དང་ཡིད་གསུམ་པ ་དབང་སྒྱུར་བས་ན་དབང་ཕྱུག་སྟེ། ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་ཕྱིར་གསང་བའི་རྒྱལ་པོའོ། །ད་ནི་བདག་གི་དོན་གསལ་བར་བྱ་བའི་ཕྱིར། །པདྨ་དཀར་པོ་རྒྱས་འདྲའི་སྤྱན་ཞེས་པ་ལ་སོགས་པ་གསུངས་ཏེ། པདྨ་རྒྱས་འདྲ་ནི་པདྨ་དང་འཇུ??སྟེ། ??? ་པདྨ་རྒྱས་པ་དང་འདྲ་བ་གང་ལ་ཡོང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་བླ་མ་དམ་པོའི་མན་ངག་གིས་རྩའི་དབྱིབས་དང་གྲངས་བརྗོད་པར་བྱ་སྟེ། གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ན་པདྨ་རྒྱས་པ་འདྲ་བའི་འ་མས་སུམ་ཅུ་སོ་གཉི་སོ། །དེ་བཞིན་དུ་ལྟ་པ་བསྲུས ་བའི་འཁོར་ལོ་ན་དྲུག་ཅུ་རྩ་བཞིའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ན་བརྒྱད་དོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་འདབ་མ་བཅུ་དྲུག་གོ་།སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་སུམ་ཅུ་རྩ་གཉིས་སོ། །གཙུག་གི་འཁོར་ལོ་ན་འདབ་མ་བརྒྱད་དོ། །དེ་དག་གི ་རྣམ་པར་བཞག་པས་ཀྱང་ཅི་བྱ་སྣམ་པ་ལ། གདན་ལ་བཞུགས་ཞེས་གསུངས་ཏེ། པདྨ་ནི་མོ་རྟགས་ཏེ་བྷ་གའོ་།དེ་རྣམས་ལ་བཅོམ་ལྡན་འདས་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་སུ་བཞུགས་ཤེས་པའོ། །དེ་ལ་གང་ཟག་ཐམས་ནི་ལྷའི་རྒྱུར་བསྒོམ ་མོ། །འབྲིང་པོས་ནི་ཡི་གེ་བཀོད་པ་སྒོཾ་བའོ་རབ་ཀྱིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་བཀོད་པར་བཞུགས་སོ། །དེ་ནས་ཉམས་སུ་བླང་བའི་རིམ་པ་བསྟན་པར་བྱ་བའི་ཕྱིར། །རང་གི་ལག་གི་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོང་བྱེད་པ། །ཞེས་གསུངས་ཏེ། བྱེད་བ་ནི ་གཡོ་བའམ་རྩོལ་བར་བྱེད་པ་སྟེ། རླུང་གི་དཀྱིལ་འཁོར་རོ། །གསོར་བྱེད་པ་ནི་སྤྲོས་པར་བྱེད་པ་སྟེ་ཙན་ཌ་ལཱིའོ། །ངེས་མེ་པའི་མཆིས་ཀྱི་བར་དུ་སྦར་ཏེ་ལྟེ་བ་སྤྲུལ་བའི་འཁོར་ལོར་བཏོན་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྟོག་པ་རྣམས་བསྲེགས་ཏེ། མགྲིན ་བ་ལོངས་སྤྱོད་ཀྱི་འཁོར་ལོར་ལམ་བྱུང་ནས་མཛོད་སྤུ་ནས་ཕྱོགས་བཅུར་སྤྲོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་སོན་པའི་དམ་ཚིག་གི་འཁོར་ལོར་གྱུར་པ་དཀྲུགས་ནས་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་རྡོ་རྗེ་མཆོག་འགྱུར་པ་རང་གི་ལག ་གི་རྡོ་རྗེ་འོད་ཀྱིས་བླངས་ཏེ། མཛོད་པུར་ཞུགས་ནས་གཙུག་ཏོར་གྱི་འཁོར་ལོར་དམ་ཚིག་བདུད་རྩི་དང་གཉིས་སུ་མེད་པར་གྱུར་ཏེ། འཁོར་ལོ་རྣམས་རིམ་གྱིས་གང་བར་བྱའོ། །དེའི་ཕྱིར་གསུངས་པ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཞེས་གསུངས་ཏེ། ཁྲོ ་གཉེར་རིམ་པར་ནི་རིམ་གྱིས་འགེངས་པའི་དོན་ཏེ། གང་གི་ཚེ་བདེ་བ་ཆེན་པོའི་འཁོར་ལོ་གང་བར་གྱུར་བ་དེའི་ཚེ་རྟགས་ནམ་མཁའ་ལ་ཟླ་བ་ཤར་བ་ལྟ་བུ་དང། དེ་ནས་རིམ་གྱིས་ལོངས་སྤྱོད་ཀྱི་འཁོར་ལོ་ཁེངས་པར་གྱུར་པ་དེའི་ཚེ་རྟགས་ཉི་མ་ཤར ་བ་ལྟ་བུ་དང། དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་ཁེངས་པར་གྱུར་པ་དེའི་ཚེ་སྔར་གྱི་བསྲེགས་པ་རྣམས་གསོས་ཏེ། རྟགས་རྣམས་སྨིག་རྒྱུ་ལྟ་བུ་དང། དེ་དག་རིམ་གྱིས་སྤྲུལ་བའི་འཁོར་ལོར་སོན་པ་དང། དེའི་ཆེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ལུས་ཉིད་དུ་འགྱུར ་?་མུན་པ་མུན་??ལྟ་བུའི་རྟགས་འབྱུང་ངོ། །དེ་ནས་སླང་ཡང་གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ནས་བདེ་བ་བསྐྱོད་དེ། རིམ་གྱིས་སྟེང་གི་སྒོར་བསྐྱོད་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྲན་མ་ཙ་ན་ཀའི་ཚད་ཙམ་དུ་བཞུགས་པ་སྣང་བ་ཐབས་ཀྱི་རང་བཞིན ་གཡོ་ཞིང་ཀྲོས་ཏ་སླར་བསྡུ་བའི་དུས་སུ་ཇི་ལྟར་སྔར་སྨོས་པ་བཞིན་དུ་ཐིག་ལེའི་ངོ་བོར་རྣམ་པར་རྟོག་པ་རིམ་གྱིས་འོག་གི་སྒོར་སྐྱེ་བར་འགྱུར་ཏེ། གང་གི་ཚེ་ལྟེ་བ་སྤྲུལ་བའི་འཁོར་ལོར་སོན་པ་དེའི་ཚེ་དངོས་པོ་དང་མཚན་མ་ལས་འདས་པའི་ཡེ་ཤེས་སྐྱེ་བར ་འགྱུར་རོ། །གང་གི་ཆོ་སྤྲོ་བ་དང་བསྡུ་བ་དེའི་ཚེ་ཡོན་ཏན་འདི་དག་དང་ལྡན་ཏེ། ཕྱི་རོལ་གྱིས་སྡུག་བསྔལ་ཐམས་ཅད་གཅོད་པ་དང། སྡིག་པའི་དངོས་པོ་མ་ལུས་པ་ཐམས་ཅད་སྲེག་པ་དང། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་ལྟ་བུ་འཕྲོ་བ་དང་ཆོས ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གསུང་ལ་དབང་བྱེད་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པ་དང། ཡེ་ཤེས་ཀྱི་སྐུས་འགྲོ་བའི་དོན་མཛད་པ་དང་ལྡན་པའོ། །སོགས་ཞེས་བྱ་བའི་སྒྲས་ནི་ཡེ་ཤེས་??? ་ལྔ་རིམ་བ་ཇི་ལྟ་བ་བཞིན་དུ་སྐྱེ་བའི་དོན་གཟུང་ངོ། །ལག་ན་རྡོ་རྗེའི་དོན་ནི་བཤད་ཟིན་ཏོ། །མཛའ་ཡས་པ་ཞེས་པ་ནི་དགའ་བ་སྟེ། ཇི་ལྟར་འཁོར་ལོ་བཞིར་དགའ་བ་བཞི་སྐྱེ་བའི་རིམ་པའོ། །དེ་དག་གིས་ཅི་བྱེད་སྙམ་པ་ལ། གདུལ་དཀའ་འབུལ་བ་པོ་ཞེས ་གསུངས་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཐ་མལ་བའི་ཤེས་པ་ནི་གདུལ་བར་དཀའ་བའོ། །དེ་ལྷན་ཅིག་སྐྱེས་པའི་ངང་དུ་ནུབ་པ་ནི། གདུལ་བའོ། །ཐབས་ཇི་ལྟ་སྙམ་པ་ལ། འཇིག་སུ་རུང་དང་དཔའ་བྱད་ཅན་ཞེས་གསུངས་ཏེ། ཆགས་བཅས་ཀྱི་ལཾ ་འདི་ལ་གཞན་སྐྲག་པའི་ཕྱིར་འཇིགས་སུ་རུང་བ་དང། ཇི་སྐད་དུ་སྔར་སྨོས་པའི་ཙཎ་ཌ་ལཱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་བསྲེགས་པའི་ཕྱིར་འཇིགས་སུ་རུང་བའོ། །དཔའ་བྱད་ཅན་ནི་མེ་ལྕེའི་བདག་ཉིད་ཅན་ནོ། །དེའི་མཚན ་ཉིད་ཇི་ལྟ་བུ་ཡིན་སྙམ་པ་ལ། རྡོ་རྗེ་ཞེས་གསུངས་ཏེ། གཞན་གྱིས་མ་ཕྱེད་པའི་རྡོ་རྗེའི་རྩེ་མོའོ། །འཕྲོ་བ་ཞེས་པའི་དོན་ནི་བཤད་ཟིན་ཏོ། །སྤྲོ་བ་དང་བསྡུ་བའི་དོན་དག་ཐབས་དང་ཤེས་རབ་ཀྱི་ངོ་བོ་བསྟན་པའི་ཕྱིར། སྙིང་རྗེ་ཆེ་དང་ཤེས་རབ་དང། ཐབས ་ཀྱིས་འགྲོ་ན་བྱེད་པའི་མཆོག་ཅེས་གསུངས་པ་སྟེ། སྙིང་རྗེ་ནི་སྤྲོ་བའི་དུས་སུ་ཐབས་ཀྱི་སྐུ་སྐྱེ་བའོ། །ཤེས་རབ་ནི་བསྡུས་པའི་དུས་སུ་སྟོང་པ་ཉིད་ཀྱི་ངོ་བོ་སྟེ་འཇིག་པའོ། །དེ་ལྟ་བུའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པ་སྟེ། འགྲོ་བ་ཞེས་པ་ནི་ལམ་སོ་སོ ་ནས་འགྲོ་བ་??སྟེ། དབང་པོའི་ལམ་ནས་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ་།དོན་བྱེད་པ་ནི་དམ་པའི་མན་ངག་གིས་ཉེ་བར་བརྒྱན་དབང་པོ་དང་དོན་སྦྱར་ཞིང་གཉིས་སུ་མྱོང་བར་འབྱུང་བའོ། །དེ་བས་ན་དེ་མཆོག་།སྔར་སྨོས་པའི་དགའ་བ་རྣམས ་གསལ་བར་བསྟན་པའི་ཕྱིར། དགའ་མགུ་རངས་པའི་བསམ་པ་ཅན་ཞེས་བྱ་བ་གསུངས་ཏེ། དགའ་བ་ནི་དགའ་བའོ། །མགུ་བ་ནི་མཆོག་ཏུ་དགའ་བའོ། །རང་པ་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །བསམ་པ་ཅན་ནི་དགའ་བྲ་ལོ། །ཉོན་མོངས ་པ་ཇི་ལྟར་འདུལ་བའི་ཐབས་བསྟན་པའི་ཕྱིར། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ཞེས་གསུངས་ཏེ། ཞེ་སྡང་ལ་སོགས་པའི་ཉོན་མོངས་པར་རབ་ཏུ་གྲགས་པ་ཡང་ལྷན་ཅིག་སྐྱེས་པའི་གཟུགས་ཀྱིས་འཇོམས ་པར་བྱེད་ཅེས་པའི་དོན་ཏོ། །སངས་རྒྱས་ཕྲིན་ལས་དེ་ལྟ་བུས་འགྲོ་བ་འདྲེན་པ་ནི་མགོན་ནོ། །ད་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསྟན་པར་བྱ་བའི་ཕྱིར། །ལུས་བཏུང་རྣམས་དང་ལྷན་ཅིག་ཏུ། ཞེས་གསུངས་ཏེ ་གཏུང་ཅེས་པའི་སྒྲས་ནི་གཞོལ་བ་དང། འབབ་པ་དང། བབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གིས་ནི་ཐོག་མར་དགེ་བ་གླེང་གཞིའི་ཚིག་བླ་མའི་མན་ངག་བསྟན་པའོ། །ད་ནི་སྟོན་པ་ལ་གུས་པའི་ཚིག་གིས་གླེང་བསླང་བའི་ཕྱིར། །དེ་བཞིན་གཤེགས་པ་བཅོམ་ལྡན ་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་མཁྱེན་ཅིང་ཁོང་དུ་ཆུད་ནས་ཇི་ལྟ་བ་བཞིན་གསུང་བ་ནི་དེ་བཞིན་གཤེགས་པའོ། །བདུད་བཞི་བཙོ་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་ཏེ། ཚིག་གི་དོན་ནི། དཔལ ་དམ་གྲགས་དང་ལ་སོགས་པ་གཞན་དང་སྦྱོར། །གཞན་ཡང་མཚན་གྱི་ཁྱད་པར་གསུངས་པ། རྫོགས་སངས་རྒྱས་ཞེས་བསྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལ་ཞེས་པ་ནི་བདུན་པའི་དོན་ཏོ། །དེ་ལྟར་སྟོན་པའི་མཚན ་ཉིད་ཁྱད་པར་དང་ལྡན་པ་ལ་ཡང་དང་ཡང་དུ་ཐལ་མོ་སྦྱར་ནས་ཕྱག་འཚལ་བ་ནི་ལུས་དང་དག་ངང་ཡིད་གུས་པའི་ཚུལ་གྱིས་ཡིན་པར་རིག་པར་བྱའོ། །སྤྱན་སྔར་འདུག་སྟེ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟིགས་པའི་ཡུལ་ན་འདུག་པ་སྟེ། ལྐོག་ཏུ ་གྱུར་པ་མ་ཡིན་པར་ཞེས་པའི་ཐ་ཚིག་གོ་།དེ་ལྟར་གུས་པ་དང་སྤྱན་སྔར་འདུག་པ་ཅི་ཕྱིར་ཞེ་ན། འདི་སྐད་དུ་གསོལ་བ་འདེབས་པའི་ཕྱིར། །ཇི་སྐད་དུ་སྙམ་པོ་ལ། ཁྱབ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་གསོལ་བ་བཏབ་པའོ། །དེ་ནས ་གང་གི་ཆེད་དུ་གླེང་བ་བསྟན་པའི་ཕྱིར། བདག་ལ་སྨན་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ནི་རང་ཉིད་དོ། །སྨན་པ་ནི་བདེ་བའི་རྒྱུར་འགྱུར་བའི་ཕྱིར་རོ། །དེ་རང་ཉིད་ཀྱིས་ཐོབ་པ་ནི་བདག་གི་དོན་ནོ། །དེའི་ཕྱིར་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། སྒྱུ་འཕྲུལ ་དྲ་བ་ཞེས་བྱ་བའི་ཐབས་ཀྱི་སྒོ་ནས་ཕན་པའི་དོན་མངོན་པར་རྫོགས་པར་བྱང་ཆུབ་པ་བདག་གིས་ཐོབ་པར་མཛོད་ཅིག་ཅེས་པའོ། །དེ་ལྟར་བདག་གི་དོན་དུ་གསོལ་བ་བཏབ་ནས། །ད་ནི་གཞན་གྱི་དོན་དུ་གསོལ་བ་གདབ་པའི་ཕྱིར། །ཉོན་མོངས་པས་ན་སེམས ་དཀྲུགས་ཤིང། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ནི་འདོད་ཆགས་དང། ཁོང་ཁྲོ་དང། ངག་རྒྱལ་དང། མ་རིག་པ་དང། ལྟ་བ་དང། ཐེ་ཚོམ་ཞེས་བྱ་བ་རྩ་བའི་ཉོན་མོངས་པ་དང། ཁྲོ་བ་དང། ཁོན་དུ་འཛིན ་པ་དང། འཆབ་པ་དང། འཚིག་པ་དང། ཕྲག་དོག་དང། སེར་སྣ་དང། སྒྱུ་དང། གཡོ་དང། རྒྱགས་པ་དང། རྣམ་པར་འཚེ་པ་དང། ངོ་ཚ་མེད་པ་དང། ཁྲེལ་མེད་པ་དང། རྨུགས་པ་དང་རྒོད་པ་དང། མ་དད་པ་དང། ལེ་ལོ་དང། བག་མེད་པ ་དང། བརྗེད་པ་དང། རྣམ་པར་གཡེང་བ་དང། ཤེས་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ཉེ་བའི་ཉོན་མོངས་པ་ཉི་ཤུའོ། །སེམས་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའོ། །དཀྲུགས་པ་ནི་གློ་བུར་གྱི་དྲི་མས ་བསླད་པ་སྟེ། སྔ་མ་ངེས་སོ། །ཇི་ལྟར་རླབས་ཀྱིས་བསྐྱོད་པའི་མཚོ་ལྟ་བུའོ། །དེ་བསལ་བར་བྱེད་པའི་ཐབས་དང་བྲལ་བར་བསྟན་པའི་ཕྱིར། མི་ཤེས་འདམ་དུ་བྱིང་བ་ཞེས་གསུངས་ཏེ། མ་རིག་པས་ཀུན་ནས་སྒྲིབས་པས་གློ་བུར་གྱི་དྲི་མ་བསལ་བའི་ཐབས ་མི་ཤེས་པའོ། །དཔེར་ན་འདམ་གྱི་ཚོགས་ཆེན་པོའི་ནང་དུ་ནུབ་པར་གྱུར་ན་ཐབས་མི་མཁས་པ་རྣམས་ནི་རང་གི་རྩོལ་བ་ཙམ་གྱིས་ཐར་པར་སེམས་པ་སྟེ། དེ་དག་གིས་ནི་དེའི་རྐྱེན་གྱིས་སླར་བྱིང་བར་འགྱུར་རོ། །དེ་གང་ཞེ་ན། སེམས་ཅན་ཞེས་བྱ་བ་ལ་སོཌ ་པ་ལ། སེམས་རྣམ་པར་རྟོག་པའི་ཚོགས་ཀྱིས་ཀུན་ནས་བསླང་བའི་སེམས་དང་གང་ལྡན་པ་དེ་ནི་སེམས་ཅན་ནོ། །ཀུན་ཅེས་པ་ནི་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་མ་ལུས་པའོ། །སྔར་རང་གི་དོན་དུ་སྐབས་སུ་ཞུས་པའི་ཐབས་ནི་སེམས་ཅན་ཀུན ་ལ་ཕན་པའི་ཕྱིར་འདི་ཡང་ཞུས་པར་རིག་པར་བྱའོ། །སྨན་པ་ནི་མི་ཤེས་པ་ཤེས་པར་བྱ་བ་དང། འཁོར་བའི་འདམ་དུ་བྱིང་བ་ལས་གདོན་པར་བྱ་བའོ། །དེ་ཉིད་འབྲས་བུ་ཅན་ལ་དགོད་པར་བྱ་བའི་ཕྱིར། བླ་མེད་འབྲས་བུ་ཞེས་གསུངས་ཏེ། བླ་མེད ་ཅེས་པ་ནི་དེའི་བླའམ་གོང་ན་འབྲས་བུ་མཆྒོ་ཏུ་གྱུར་པ་གཞན་མེད་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ཐོབ་པར་བྱ་བ་ནི་མངོན་དུ་གྱུར་པའོ། །ཕྱིར་ཞེས་པ་ནི་ཆེད་དུ་བྱ་བའི་དོན་ཏེ། །དེ་ཅི་ནས་ཀྱང་ཐོབ་པར་མཛོད་ཅེས་པའི་ཐ་ཚིག་གོ། །སྟོན་པའི་ཁྱད་པར་གང་དང་སྟན་པ ་བསྟན་པའི་ཕྱིར། །རྫོགས་པའི་སངས་རྒྱས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་དོན་ནི་ས་མཐར་ཕྱིན་པའི་དོན་ཏེ། རྡོ་རྗེ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། ཚིག་གི་དོན་ནི་གོ་བླུའོ། །འགྲོ་བའི་བླ་མ་ཞེས་པ་ནི་འགྲོ་བའི་རྣམས་དང་ཆོས་མཐུན་པའི་ཚུལ་ཡིན་ཏེ། ་འདིར་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ལམ་དེ་ཉིད་དུ་འཛུད་པའི་ཕྱིར་སྣང་བ་མཛའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་པས་ན་སྟོན་པ་པོ་རྡོ་རྗེ་འཆང་ཉིད་དོ། །དམ་ཚིག་ཀྱང་ཡིན་ལ་ཆེན་པ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། རིམས་དང་ཉོན་མོངས་པ་ལ་སོགས་པའི་དབྱེ་བ་ཇི་སྙེད་དུ་སྨོས་ཀྱང་རྡོ་རྗེ་འཆང་ཆེན་པོ་ལས་མི་འདའ་བས་ན་དེ་ཁོ་ན་ཉིད་གཅིག་ཏུ་མཁྱེན་པའི་ཕྱིར་ཆེན་པོ་སྟེ། དེ་ཉིད་མཁྱེན་ཅེས་པའི་དོན་ཀྱང་དེའོ། །དེ་ལྟར་དོན་དམ་པར་དེ་ཁོ་ན་ཉིད་ཀྱང་དེའོ། །དེ་ལྟར་དོན་དམ་པར ་དེ་ཁོ་ན་ཉིད་མཁྱེན་ཅིང་ཐུགས་སུ་ཆུད་ཀྱང་ཀུན་རྫོབ་ཀྱི་དབྱེ་བས་ཅི་ཞེ་ན། དབང་པོ་བསམ་པ་མཁྱེན་མཆོག་གིས་ཞེས་བྱ་བ་གསུངས་ཏེ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང། བསམ་པ་རྒྱ་ཆེ་བ་དང། ཆུང་བ་དང། ཚད་མར་གྱུར་པ་མཁྱེན་ཏེ། གདུལ་བྱའི ་སྣོད་ཀྱི་རིམ་པ་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཅིག་ཅར་དུ་མཁྱེན་པ་ཉིད་ཀྱི་ཕྱིར་མཆོག་གོ་།གིས་ཞེས་པ་ནི་གསུམ་པའི་ཚིག་སྟེ། ཟག་དང་བཅས་པ་དང་ཟག་པ་མེད་པར་མཁྱེན་གྱིས་ཞེས་པའོ། །ད་ནི་བརྗོད་པའི་ཁྱད་པར་ཇི་ལྟ་བུ་ཞུ་བའི་ཕྱིར ་གསུངས་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱི་ཞེས་པ་ནི་མང་པོའི་ཚིག་མི་མངོན་པར་བྱས་པ་སྟེ། འདི་ལྟར་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་མཁྱེན་པ་མཆོག ་དང་ལྡན་པ་ཁྱེད་འབའ་ཞིག་གིས་མཁྱེན་གྱི་ཞེས་ཚིག་སྔ་མར་འབྲེལ་ལོ། །དེ་བས་ན་ཡེ་ཤེས་ཀྱི་སྐུ་དེ་ནི་ཐུན་མོང་དུ་ལྟ་བར་མི་མངོན་པའི་ཕྱིར་ཏེ། ཇི་ལྟར་དེ་བཞིན་གཤེཌ་པའི་དབུའི་གཙུག་ཏོར་བཞི་ནོ། །དེའི་ཕྱིར་གསུངས་པ། གཙུག་ཏོར་ཆེན་པོ་ཞེས་པ་སྟེ། གཙུག་ཏོར ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གཙུག་ཏོར་ཆེན་པོ་སྟེ། །དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ལས་ཀྱང་ཤིན་ཏུ་ཆེས་གསང་བ་བརྗོད་པར་བྱ་བ་ཐུན་མོང་མ་ཡིན་པ་བསྟན་ཏོ། །དེ་ནི་རྗོད་པར་བྱེད་པ་གང ་ཡིན་པ་དང། བརྗོད་བྱའི་རྣམ་གྲངས་གང་ཡིན་པ་ཕྱིན་ཅི་མ་ལོག་པར་བསྟོན་པའི་ཕྱིར། ཚིག་གི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་ནི་བརྗོད་པར་བྱེད་པའོ། །དེ་གང་གིས་བརྗོད་པ་ནི་བདག་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །འདིར་ཚིག་རྣམས ་མ་ཐོབ་པས་བརྗོད་བྱ་ཐུན་མོངས་མ་ཡིན་བརྗོད་པར་མི་ནུས་སོ་ཞེས་དགོངས་སོ། །དེ་བས་ན་བརྗོད་བྱ་ཡེ་ཤེས་ཀྱི་སྐུ་སྟེ། །དངོས་སུ་རང་བྱུང་ཞེས་གསུངས་ཏེ། འདིར་རང་བྱུང་ནི་རྒྱུ་དང་རྐྱེན་ལ་མ་ལྟོས་པའི་ངོ་བོ་ཉིད་ཅེས་སློབ་དཔོན་ཁ་ཅིག་འདོད་དོ། །རང་བྱུང་ནི་རང ་ལས་བྱུང་བས་ན་རང་བྱུང་སྟེ། བརྗོད་པར་བྱ་བ་ཐུན་མོང་མ་ཡིན་པ་རང་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་བྱུང་བའོ། །ཞེས་གཞན་དག་ཟེར་རོ། །དེ་ཉིད་ཀྱི་མཚན་ཉིད་ཀྱི་རྣཾ་གྲངས་གཞན་དུ་ན། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་བཏགས་སོ། །དེ་ཡང་སྐྱེ་བ ་དང་འགག་པ་ལ་སོགས་པའི་ཟུག་རྡུ་དང་བྲལ་པ་ཉིད་ཀྱི་ཕྱིར་འཇམ་པ་སྟེ། དོན་དམ་པར་རྟོགས་པར་བྱ་བ་དེ་ཞེས་སོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བས་ན་དཔལ་ཏེ། སྐུ་དང་ཡེ་ཤེས་ཀྱི་སྣང་བར་བྱུང་བས་ན་དེ་ཡང་སྣང་བ་ཐ ་དད་པར་འབྱུང་དུ་ཟིན་ཀྱང། ཡེ་ཤེས་རོ་གཅིག་པ་ཉིད་ཡེ་ཤེས་སེམས་དཔའ་ཨོ། །དེའི་མིང་གི་གྲངས་དུ་མར་བརྗོད་དུ་ཟིན་ཀྱང་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱེད་པ་ནི་ཡང་དག་པར་བརྗོད་པ་སྟེ། དེའི་ཕྱིར་གསུང་བ?? ་ནི་ཡང་དག་བརྗོད་པའི་མཆོག་ཅེས་གསུངས་ཏེ། མི་ཟད་པ་དང་རྣམས་གྲངས་གཞན་ལ་འཇུག་པའི་མིང་ངོ། །ཡང་དག་པར་བརྗོད་པ་ནི་སྐྱོན་མེད་པར་བརྗོད་པ་སྟེ། རྣམ་གྲངས་བྱིན་ཅི་མ་ལོག་པར་སྟོན་ཅེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་མཆོག་ཀྱང་ཡིན་ལ། རྗོད་བྱེད་ཀྱང ་ཡིན་པས་བརྗོད་པའི་མཆོག་གོ་།དེ་དག་གིས་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡང་བསྟན་པ་ཡིན་ཏེ། དེ་དག་གི་འབྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བར་རིག་པར་བྱའོ། །བརྗོད་བྱའི་དགོས་པ་ནི་བདག་དང་གཞན་གྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའོ། །དེ་དག ་གིས་ནི་སྟོན་པ་ལ་ཇི་ལྟར་ཞུས་པ་དང། ཞུས་པའི་དགོས་ཆེད་དང། སྟོན་པའི་ཁྱད་པར་དང། དགོས་འགྲེལ་གྱི་དོན་སྒྲ་ཇི་བཞིན་པ་བཤད་ཟིན་ཏོ། །ད་ནི་དེ་དག་གི་དོན་བླ་མ་དམ་པའི་མན་ངག་དང་ཉེ་བར་སྦྱར་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བཅོམ་ལྡན་འདས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཧཾ་གི་གནས་ནས་གཤེགས་ཤིང་ཨེའི་གནས་སུ་གཉིས་སུ་མེད་པར་གྱུར་པ་སྟེ། སླར་རིམ་གྱིས་རང་གི་གནས་སུ་གཤེགས་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་སྐད་དུ ་ཡང། མགོན་པོ་དེ་བཞིན་ཉིད་གཤེགས་ཤིང། །སླར་ཡང་དེ་བཞིན་གཤེགས་པས་ན། །དེ་བཞིན་གཤེགས་ཤེས་བརྗོད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་གཤེགས་པ་དང་བྱོན་པའི་ཚེ་རིགས་པ་དང་ཕྲ་བའི་རྟོག་པ་བཅོམ་ནས་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན ་པ་ནི་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་དེ་ཧཾ་གི་གནས་དང། ཨེའི་གནས་སུ་བཞུགས་པའི་ཚེ་རྫོགས་པའི་སངས་རྒྱས་ཏེ་མཐར་ཕྱིན་པའི་ཐ་ཚིག་གོ་།ཕྱག་འཚལ་བ་ནི་འདུད་པ་སྟེ། ཡང་དང་ཡང་དུ་གོམས་པར་བྱེད་པའོ། །ཐལ་མོ་སྦྱར་ཞེས་པ་ནི་ཁ་སྦྱར་བ་ཞེས ་པའི་དོན་ཏོ། །ཇི་ལྟར་ལུས་ལ་གནས་པའི་འཁོར་ལོ་བཞི་ཁ་སྦྱར་བར་གྱུར་པའོ། །དེ་ཡང་ཇི་ལྟར་ཞེ་ན། སྤྲུལ་པའི་འཁོར་ལོ་དང། ཆོས་ཀྱི་འཁོར་ལོ་ཐབས་དང་ཤེས་རབ་པོ། །ལོངས་སྤྱོད་ཀྱི་འཁོར་ལོ་དང། བདེ་བ་ཆེན་པོའི་འཁོར་ལོ་ཡང་ཐབས་དང་ཤེས་རབ་ཀྱི ་ཚུལ་དུ་ཁ་སྦྱར་བའོ། །ནས་ནི་ཞེས་པ་ནི་ལྔ་བའི་དོན་ལ་གཉིས་པ་སྦྱར་བའི་ཚིག་སྟེ། དེ་ཁ་སྦྱར་མ་ཐག་ཏུ་གང་ཟག་གིས་ཉམས་སུ་མྱོང་བ་འབྱུང་བའི་དོན་ཏེ། དེ་ཡང་སྤྱན་སྔར་འདུག་སྟེ་ཞེས་པ་ལ། སྤྱན་སྔར་ནི་མངོན་སུམ་དུ་ཉམས་སུ་མྱོང ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་ཐབས་དང་ཤེས་རབ་ཀྱི་རྩ་བ་བསྟན་པའི་ཕྱིར། ཨེ་བཾ་ཨ་ཧ་ཞེས་གསུངས་ཏེ། །ེ་ནི་ཤེས་རབ་བོ། །བཾ་ནི་ཐབས་སོ། །དེ་དག་ཀྱང་གནས་ཀྱིས་ཕྱེ་ན། ཨེ་ན་འོག་སྒོའོ། །བཾ་ནི་སྟེང་སྒོའོ། ། ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སམས ་སོ། །ཧ་ནི་དེ་རྩོལ་བར་བྱེད་པའི་རླུང་ངོ། །དེ་ལྟ་བུའི་དོན་གྱིས་ཐམས་ཅད་དུ་ཁྱབ་པར་བསྟན་པའི་ཕྱིར། ཁྱབ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་བོ་ཉིད་ཀྱིས་ཁྱབ་པའི་ཕྱིར་ཁྱབ་བདག་གོ། །དེ་ཡང་གང་ལ་ཁྱབ་ཅེ་ན། ལུས་དང་དག་དང་ཡིད་ལ ་སོགས་པ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ནི་མ་རིག་པས་ཀུན་ནས་བསྒྲིབས་པས་གཉིས་སུ་ལྟ་ཞིང་བདག་ཏུ་འཛིན་པ་ཡེད་དོ། །དེ་ལྟ་བུ་དག་གིས་བདག་གི་བདག་མེད་པ་རྟོགས་པར་བྱ་བའི་ཕྱིར་ཚུལ་འདི་ལྟར་ཉམས་སུ་ལེན་པ ་ནི་བདག་ལ་སྨན་པའོ། །དེའི་ཕྱིར་གསུངས་པ། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། ཞེས་གསུངས་ཏེ། བདག་གི་དོན་ནི་ཕྱིན་ཅི་ལོག་གིས་བརྟགས་པའི་བདག་དོན་ཐམས་ཅད་རྣམ་པར་ལྟ་བའོ། །དེ་ལ་ཐུགས་བརྩེ་བ་དང་བདག་མེད་པར་རྟོགས་པར ་བྱ་བའི་ཕྱིར་ཐབས་འདི་གསུངས་སོ། །དེ་ལྟར་བདག་མེད་པ་ཁོང་དུ་ཆུད་ནས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅི་འདྲ་བར་རྟོགས་སྙམ་པ་ལ། སྒྱུ་འཕྲུལ་དྲ་བས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་ནང་གི་དངོས་པོ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་དཔེས ་ཉེ་བར་མཚོན་པའི་བདག་མེད་པར་རྙོགས་ཤིང་ཁོང་དུ་ཆུད་པར་བྱའོ། །དེས་ཅིར་འགྱུར་སྙམ་པ་ལ་མངོན་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །གང་གིས་སྙམ་པ་ལ། བདག་གི་བྱང་ཆུབ་ཅེས་པའི་ཐ་ཚིག་གོ། །ཐབས་ཇི་ལྟར་སྙམ་པ་ལ། ཉོན་མོངས ་བསེལ་བའི་ཐབས་ཏེ། དེའི་ཕྱིར། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང། མི་ཤེས་འདམ་དུ་བྱིང་པ་ཡི། །ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ནི་བདག་ཏུ་ལྟ་བ་ལ་བརྟེན་ནས་རྩ་བ་དང་ཉེ་བའི་ཉོན་མོངས་པ་གང་ཡིན་པ་སྟེ། རྣམ་པར་སྨིན་པའི ་འབྲས་བུའོ། །པས་ཞེས་པ་ནི་གསུམ་པའི་ཚིག་སྟེ། དེ་རྣམས་ཀྱིས་རང་གི་ངོ་བོ་བརྙོགས་ཤིང་མི་གསལ་བར་བྱེད་པའོ། །སེམས་ནི་ཆོས་ཉིད་ཀྱི་རྒྱུ་མཐུན་པའོ། །དེ་མི་གསལ་བར་བྱེད་པ་ནི་དཀྲུགས་ཤེས་པའོ། །མི་ཤེས་པ་ནི་ཉོན་མོངས་པས་དཀྲུགས་པ་གསལ ་བར་བྱེད་པའི་ཐབས་མི་ཤེས་པ་སྟེ། ཐབས་ལ་རྨོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་འདམ་དུ་བྱིང་བ་དང་འདྲ་བར་ཡུན་རིང་དུ་འཁོར་བར་གནས་པའི་ཕྱིར་བྱིང་བའོ། །དེ་ཡོངས་སུ་འདོན་པའི་ཕྱིར། །སེམས་ཅན་ཀུན་ལ་སྨན་པ་དང། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས ་གསུངས་ཏེ། སེམས་ནི་ཡུལ་དང་དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པའི་ཚོགས་སོ། །ཀུན་ཅེས་པའི་སྒྲས་ནི་བརྒྱད་པོ་ཉེ་བར་བསྡུ་བའི་ཚིག་གོ། སྨན་པ་ནི་ཡེ་ཤེས་ལ་འཇུག་པའི་ཐབས་ཏེ། བླ་མ་དམ་པའི་གདམས་ངག་གོ། ཐབས་དེས་བླ་ན་མེད་པའི་འབྲས་བུ ་ཐོབ་པར་བྱེད་པ་ནི་ཚེ་འདི་ཉིད་ལའོ། །གང་གི་ཚེ་འབྲས་བུ་ཐོབ་པའི་མཚན་ཉིད་ཅི་ཞེ་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་སངས་རྒྱས་ཀྱི་སྒྲ་ནི་ཕུན་སུམ་ཚོགས་པའི ་དོན་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་སྤངས་པ་ཕུན་སུམ་ཚོགས་པ་བཅོམ་པའི་ཚུལ་གྱིས་སྤངས་པ་དང། །ཐོབ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཚུལ་གྱིས་ཐོབ་པའོ། །དེ་ཡང་གཞན་དོན་ཕུན་སུཾ ་ཚོགས་པ་བསྟན་པའི་ཕྱིར། འགྲོ་བའི་བླ་མ་སྟོན་པ་པོ་ཞེས་གསུངས་ཏེ། འགྲོ་བ་ནི་ལམ་སོ་སོ་ནས་འགྲོ་བ་ཞེས་བྱ་བའི་བོན་ཏོ། །བླ་མ་ནི་དེ་རྣམས་ཀྱི་གོང་མ་སྟེ། །དེའི་གོང་ན་གཞན་མེད་ཅེས་བྱ་བའི་ཐ་ཚིག་གོ། སྟོན་པ་པོ་ཞེས་པ་ནི་གང་དང་གང་གིས་འདུལ་བར ་འགྱུར་བའི་སྐུ་དང་ཐུགས་ཀྱི་སྣང་བ་སྟོན་ཅིང་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པའོ། །དེ་ལྟར་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ནས། རང་དོན་ཕུན་སུམ་ཚོགས་པ་དེ་ཁོ་ན་ཉིད་དུ་མཁྱེན་པ་བསྟན་པའི་ཕྱིར། ་དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། ཞེས་གསུངས་ཏེ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། ཤེས་བྱ་ཐམས་ཅད་དེ་ཁོ་ན་ཉིད་དུ་མཁྱེན་པའི་ཕྱིར་རོ། །དེ་ལྟར་དེ་ཁོ་ན ་བཞིན་དུ་མཁྱེན་ཅིང་ཐུགས་སུ་ཆུད་དེ་ཇི་ལྟ་བ་བཞིན་དུ་གསུང་བ་དང། །གདུལ་བར་བྱ་བའི་གང་ཟག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་དང། བསམ་པ་རྒྱ་ཆེ་བ་དང་ཆུང་བ་མཁྱེན་པ་ནི་མཁྱེན་པའི་མཆོག་སྟེ། ཡེ་ཤེས་ཕུལ་དུ ་ཕྱིན་པ་བརྙེས་པར་ཞེས་བྱ་བའི་ཐ་ཚིག་གོ། ཡང་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་སྔར་བསྟན་པའི་རྣམ་པར་ཤེས་པའི་ཚོགས་ཐ་མལ་པ་འདི་ཉིད་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཚོགས་སྟོན་པར་བྱེད་པས་ན་རྫོགས ་པོའི་སངས་རྒྱས་བཅོམ་ལྡན་འདས་ཏེ། ལམ་སོ་སོ་ནས་འགྲོ་བའི་ཡུལ་དང་དབང་པོ་ལ་བརྟེན་པའི་ཤེས་པ་བླ་མ་དམ་པའི་མན་ངག་གིས་ལྷན་ཅིག་སྐྱེས་པ་བསྟོན་པ་ནི་སྟོན་པའོ། །དེ་ཉིད་ཀྱི་ཕྱིར། དམ་ཚིག་ཆེན་པོ་དེ་ཉིད་མེ་ཁྱེན་ཅེས་བྱ་བ་ལ་སོགས ་པ་གསུངས་ཏེ། དམ་ཚིག་ནི་བརྡར་བྱས་པའོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་ངོ་བོ་ལ་བདེ་བ་མ་སྤངས་ཤིང་དེ་ཁོ་ན་ཉིད་དུ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། དབང་པོ་ནི་མིག་ལ་སོགས་པ་དྲུག་གོ། དེས་ཉེ་བར་མཚོན་པའི་ཡུལ་རྫུག་སྟེ། དེ་གཉིས ་སུ་མེད་པ་ལས་རང་གི་བདེ་བ་སྔར་གྱི་ཡེ་ཤེས་ཁོང་དུ་ཆུད་པ་སྟེ། མཁྱེན་པ་ཞེས་པ་ནི་དེ་ལྟར་རྟོགས་ཤེས་པའི་དོན་ཏོ། །དེ་བས་ན་མཆོག་སྟེ། རབ་ཅེས་པ་དང། གྱ་ནོམ་པ་ཞེས་པ་དང། བླ་ན་མེད་པ་ཞེ་ལྔ་བ་ནི་ཁྱད་པར་གྱི་མིང་གི་རྣམ་གྲང་སོ། ། ་རྟོགས་པའི་དོན་ཁྱད་པར་ཅན་དེ་ཉིད་ལ་མཚན་གྱི་རྣམ་གྲངས་གཞན་གྱིས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ ་རྣམས་སོ། །དེ་རྣཾས་ཀྱི་ཡི་ཀྱི་སྐུ་གང་ཡིན་པ་དེ་ནི་རྟོགས་པའི་དོན་ཏོ། །དེ་ཐུན་མོང་མ་ཡིན་པར་བསྟན་པར་བྱ་བའི་ཕྱིར། གཙུག་ཏོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་བདག་གིས་ཐུན་མོངས་དུ་ལྟར་མི་མངོན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །དེ་གང་གིས་རྟོགས ་པར་ནུས་སྙམ་པ་ལ། ཚིག་གི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་བདག་པོ་བླ་མ་དམ་པའོ། །རྟོགས་པའི་དོན་དེ་ཡང་ཅི་ཞིག་གང་ནས་བྱུང་སྙམ་པ་ལ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་ཡེ་ཤེས ་ཀྱི་སྲུའོ། །དེ་ཡང་རང་ལས་བྱུང་བ་སྟེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟེ། ཡང་དག་པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་རྣམས་རོ་གཅིག་ཏུ་གྱུར་པ་ལ་མཚན་གྱི་སྒྲས་བརྗོད་པར་བྱ་བའི་ཕྱིར། མིང་ནི་ཡང་ཕྱག ་བརྗོད་པའི་མཆོག་།ཅེས་གསུངས་སྟེ། མིང་ཕྱིན་ཅི་མ་ལོག་པར་བརྗོད་ནས། དོན་མཆོག་དང་ཕྲད་པ་ནི་བརྗོད་པའི་མཆོག་སྟེ། དག་གི་སྐྱོན་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་དག་གིས་ནི་སྟོན་པ་ལ་གུས་པ་དང། གང་གི་ཆེད་དུ་བསྒོམ་པ་དང། ཁྱད་པར་གང་དང་ལྡན་པ་བསྒོ ་པ་དང། ཇི་ལྟར་བསྒོམ་པའི་ཚུལ་བླ་མ་དམ་པའི་གདམས་ངག་རྣམས་བཤད་ཟིན་ཏོ། །དེ་དག་གིས་ནི་བརྗོད་བྱའི་ཁྱད་པར་ཇི་ལྟར་ཞུ་བ་གླེངས་བ་བསྟན་ནས། ད་ནི་རྗོད་བྱེད་གང་གི་དོན་དུ་ཞུ་བ་གླེང་བསླང་བ་བསྟན་པའི་ཕྱིར། དོན་ཟབ་དོན་ནི་རྒྱ་ཆེ་ཞིང། །ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དོན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ་རང་བྱུང་ཡིན་ལ། དེ་སྟོན་པར་བྱེད་པ་ནི་ཚིག་ཟབ་པ་སྟེ། ཐེག་པ་ཐུན་མོང་བས་རྟོགས་པར་དཀའ་བའོ། །རྒྱ་ཆེ་བ་ནི་སྟོན་པར་བྱེད་པའི་ཐབས་མེད་པའོ། །ཡང་ན་སེམས་ཅན་གྱི་དོན་བྱེད་པའི་ཐབས་མང་བའོ། །ཆེ་བ་ནི ་བདག་དང་གཞན་གྱི་དོན་གྲུབ་པའོ། །མཚུངས་པ་མེད་པ་ནི་ཐེག་པ་གཞན་དང་འགྲན་དུ་མེད་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རབ་ཏུ་ཞི་བའོ། །དེ་སྟོན་པར་བྱེད་པའི་ཚིག་གང་ཡིན་སྙམ་པ་ལ། ཐོག་མ་ཞེས་པ་ལ་སོགས་པ་གསུངས ་ཏེ། ཐོག་མར་དགེ་བ་ནི་གླེང་གཞིའོ། །བར་དུ་དགེ་བ་ནི་གླེང་བསླང་བའོ། །ཐ་མར་དགེ་བ་ནི་ཡོངས་སུ་ཤེས་པར་བྱ་བའོ། །དེ་ཡང་སྟོན་པ་འདི་ཉིད་ཀྱིས་གསུངས་བར་མ་ཟད་དེ། འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པའོ། །མ་འོངས་བ་ནི་བྱམས་པ་ལ་སོགས་པའོ། ། ་ད་ལྟར་ནི་ཤཱཀྱ་ཐུབ་པའོ། །རྫོགས་པའི་སངས་རྒྱས་ནི་བཤད་ཟིན་ཏོ། །གསུངས་ཤེས་པ་ནི་དེ་དག་གིས་རྣམ་གྲངས་དུ་མར་གསུངས་ཀྱང་དོན་ཡེ་ཤེས་ཀྱི་སྐུ་རང་བྱུང་འབའ་ཞིག་སྟོན་པའོ། །ཡང་དང་ཡང་དུ་ཞེས་པ་ནི་དུས་གསུམ་དུ་གསུང་པའི་ཕྱིར་རོ། །གསུངས་པའི ་ཆོས་གང་སྙམ་པ་ལ། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་དབྱེ་བ་ལ་སོགས་པ་ནི་སྔར་བཤད་དོ། །རྒྱུ་དང་ལམ་དང་འབྲས་བུར་འབྲེལ་བས་ན་དྲ་བའོ། །དེའི་སྟོན་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་འཁོར་རྡོ་རྗེ་འཆང་རྣམས་ལ ་བསྟན་པས་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་འབྲས་བུ་རྡོ་རྗེ་འཆང་འབྱུང་བས་ན་འཆང་བའོ། །སུ་ལ་གསུངས་ན། དཔག་མེད་རྣམས་ལ་སྟེ། འཁོར་དེ་བཞིན་གཤེགས་པ་རྣམས་ལའོ། །དགའ་བཞིན་དུ་ཞེས་པ་ནི་བཅོམ་ལྡན་འདས་དགྱེས་པ་དང ་བཅས་པ་སྟེ་གསུང་འཚལ་ཞེས་པའོ། །ཡང་ན་དཀའ་ཐུབ་དང། དཀའ་སྤྱད་དང། དུས་ཚོད་དང། ཚེས་གྲངས་ལ་མི་ལྟོས་པས་དགའ་བཞིན་དུའོ། །དགྱེས་བ་ཉིད་གང་སྙམ་པ་ལ། གླུར་བླངས་ཞེས་པ་སྟེ། གཞན་གྱི་རྒྱུད་ཚིམ་པར་བྱེད་བས་སོ། །བཤད་དུ ་གསོལ་ཅེས་པ་ནི་བརྔ་ཕྲད་བར་ཟད་དོ། །ད་ནི་གཞུང་གི་དོན་བདག་དང་གཞན་གྱི་དོན་དུ་གཟུང་བར་དམ་བཅའ་བ་བསྟན་པའི་ཕྱིར། མགོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་ཞེས་པ་ནི་བདག་དང་གཞན་གྱི་དོན་དུ་གྱུར་བ་སྟེ་རྡོ་རྗེ་འཆང ་ཆེན་པོའོ། །དེ་ལ་ཀྱེ་མགོན་པོ་ཞེས་པོས་ནས་རྫོགས་སངས་རྒྱས་ནི་བཤད་ཟིན་ཏོ། །ཀུན་ཅེས་པ་ནི་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་རྩ་གཅིག་གོ། །གསང་འཛིན་ཅེས་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་ལག་ན་རྡོ་རྗེའོ། །ཅི་ནས་བདག་འགྱུར་ཕྱིར ་ཞེས་པ་ནི་བསྐལ་པ་བཟང་པོའི་སངས་རྒྱས་དེ་དག་གི་ཐ་ཆུངས་ལག་ན་རྡོ་རྗེ་ཡིན་ལ། དེ་སངས་རྒྱས་དེ་དག་གི་གསུང་ངོ་ཙེ་གི་གསང་བ་འཛིན་པ་སྟེ། སྡུད་པ་པོ་བྱེད་པར་དམ་བཅས་པའོ། །དུས་ནམ་གྱི་བར་དུ་སྙམ་པ་ལ། ངེས་པར་འབྱུང་བ་སྟེ། བདག་དང་གཞན་གྱིས ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་གྱི་བར་དུའོ། ཅིའི་ཆེད་དུ་ན། བདག་དོན་དུའོ། །བསམ་པ་ནི་ཐོས་པ་དང་བསམ་པ་གཉིས་ཀྱིས་སོ། །བརྟན་པོ་ནི་མ་ནོར་པའོ། །འོན་ཏེ་བདག་འབའ་ཞིག་གི་དོན་དུ་འམ་ཞེ་ན། ཉོན་མོངས་མ་ལུས་བསལ་བ་དང། ཞེས་བྱ་བ་ལ་སོཌ ་པ་གསུངས་ཏེ། སེམས་ཅན་ཉོན་མོངས་པ་རྣམས་ཀྱིས་སེམས་དཀྲུགས་པ་བསལ་བ་དང། མི་ཤེས་པ་ནི་ཉོན་མོངས་པ་བསལ་བའི་ཐབས་མི་ཤེས་པ་སྟེ། སྨིན་པར་བྱེད་པ་དང། གྲོལ་བར་བྱེད་པ་མི་ཤེས་པ་སྟེ། དེ་སྦང་བའི་ཕྱིར་གཟུང་བར་བྱའོ། ལམ་གཉིས ་ནི་འོག་ནས་སྟོན་ཏོ། །འོན་ཏེ་ཆོས་ཀྱི་སེར་སྣས་ཆུ་སྲིན་གྲེ་བར་མུ་ཏིག་སོང་བ་བཞིན་དུ་སླར་མི་འབྱུང་དམ་ཞེ་ན། བསམ་པའི་ཁྱད་པར་ཇི་བཞིན་དུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་མཆོག་དང་མཆོག་མ་ཡིན་པའི་རིམ་པས་བསྐྱེད་པ ་དང་རྫོགས་པའི་རིམ་པ་ལ་སྦྱོར་པར་བྱེད་པས་ན། སེམས་ཅན་རྣམས་ལ་བཤད་པར་འཚལ། ཞེས་པོའོ། །དེ་དག་གི་མཇུག་ཉེ་བར་བསྡུ་བར་བྱ་བའི་ཕྱིར། གསང་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་ནི་སྐུ་གསུང་ཐུགས་ཀྱི་གསང་བའོ། ། ་དབང་པོ་ནི་བདག་པོ་སྟེ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ཞེས་བྱ་བའི་སྡུད་པ་པོ་ཡིན་ལ། དེས་དེ་བཞིན་གཤེགས་པ་ནི་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཐུགས་སུ་ཆུད་པ་གསུང་བ་ལ་ཞེས་བྱ་བ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་དུ་ཞེས་པ་ནི་བདག་དང ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་མ་ལུས་པ་དེ་བསལ་བའི་ཐབས་ལམ་རྣམ་པ་གཉིས་སུ་གསུངས་ཞེས་གསོལ་བ་བཏབ་པའོ། །ཐལ་མོ་སྦྱར་ཞེས་པ་ནི་བརྡ་ཕྲང་བར་ཟད་དོ། །ལུས་བཏུང་བ་ནི་གུས་བའི་ཚུལ་གྱིས་ཙོག་བུར ་འདུག་པའོ། །སྦྱན་སྔར་ཞེས་པ་ནི་གཟིགས་པའི་ཡུལ་ཏེ་མདུན་ན་འདུག་པའོ། །དེ་ལྟར་ན་གནས་ཐུན་མོང་མ་ཡིན་པ་དག་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོ་ལ། ལག་ན་རྡོ་རྗེ་དང། ཀུན་ཏུ་བཟང་པོ་དང། ཆོས་ཀྱི་རྡོ་རྗེ་དང། ཟླ་བ་བཟང་པོ་ཞེས་བྱ་བའི་མིང ་ཅན་གྱི་སྡུད་པ་པོ་དང། གཞན་ཡང་ལག་ན་རྡོ་རྗེ་ཞེས་བྱ་བའི་མིང་ཅན་གྱི་དཔའ་བོ་མཛའ་ཡས་པ་དང། ཁྲོ་གཉེར་ཅན་དང། སྒྲོལ་མ་ཞེས་བྱ་བ་ལ་སོགས་པའི་དཔའ་མོ་མཛའ་ཡས་པ་དང་ཐབས་གཅིག་པ་དེའི་ཚེ་ལག་ན་རྡོ་རྗེ་སྟེན་ལས་ལངས་ཏེ་བླ་གོས་ཕྲག ་བ་གཅིག་ལ་གཟར་ཏེ་པུས་མོ་གཡས་བའི་ལྷངས་ལ་གཙུགས་ཏེ། དེ་ནས་བདག་དང་གཞན་གྱི་དོན་དུ་ལམ་སྒྱུ་འཕྲུལ་དྲ་བ་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འདིར་སྔར་སྨོས་པའི་ཚིག་གིས་གསོལ་བ་བཏབ་ནས་སོ། །འདུག་ཅེས་པ ་ནི་སྡུད་པ་པོ་སྔར་གནས་པ་བཞིན་དུ་སྦྱན་སྡར་འདུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གིས་ནི་རྐྱེན་གླེང་བསླང་བ་བཤད་ཟིན་ཏོ། །ད་ནི་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་ཀྱི་དོན་རྟགས་བསྟན་པར་བྱ་སྟེ། དེའི་ཕྱིར། དེ་ནས་བཅོམ་ལྡན་ཤཱཀྱ ་ཟུབ། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བར་གང་གིས་ཀྱང་མ་ཆོང་དེ་གསོལ་བ་བཏབ་པའི་དེ་མ་ཐག་པའོ། །བཅོམ་ལྡན་འདས་ནི་སྤང་བར་བྱ་བ་དང་ཐོབ་བར་བྱ་བའི་ལས་བྱ་བའོ། །ཤཱཀྱ་ཐུབ་པ་ནི་རྡོ་རྗེ་འཆང་གི་མཚན་གྱི ་རྣམ་གྲངས་ཏེ། བསྟན་པ་གཅིག་ལ་སྟོན་པ་གཉིས་ཀྱི་མཚན་གྱིས་འདོགས་པའི་ཕྱིར་རོ། །རྫོགས་པའི་ཞེས་པ་ནི་ས་དང་དབང་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་དོན་ནི་བཤད་ཟིན་ཏོ། །རྐང་པ་ནི་འགྲོ་བའི་དོན་བྱེད་པའི་ཕྱིར་ཏེ་རྐང ་པ་དང་འདྲ་བའོ། །གཉིས་ནི་རིགས་ལྔ་བདེ་བར་གཤེགས་པ་ལོངས་སྤྱོང་རྫོགས་པའི་སྐུའོ། །དེའི་མཆོག་ནི་དྲུག་པ་རྡོ་རྗེ་འཆང་ངོ། །ཉིད་ཀྱི་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཁོ་ནའི་ཞལ་གྱི་དཀྱིལ་འཁོར་ནས་ལྗགས་བཟང་པོ་བཀྲམ་པ་སྟེ་འཛུམ་པ་དང ་སྦྱར་རོ། །ལྗགས་བཟང་བ་ཉིད་གང་ཡིན་སྙམ་བ་ལ། རིང་ཞིང་ཡངས་པ་བརྐྱང་མཛད་དེ་ཞེས་གསུངས་ཏེ། རིང་པ་ནི་ལྗགས་ཀྱིས་ཞལ་གྱི་དཀྱིལ་འཁོར་ཁེབས་པའོ། །ཡངས་པ་ནི་སྲབ་པའོ། །བརྐྱང་ཞེས་པ་ནི་འོད་ཟེར་བཀྱེ་བ་མཛད་པའོ། །དེ་ཅི་བྱེད་སྙམ་པ་ལ། ་འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་ཞེས་གསུངས་ཏེ། འཇིག་རྟེན་གསུམ་ནི་འདོད་པ་དང། གཟུགས་དང། གཟུགས་མེད་པའོ། །སྣང་བྱེད་ཅིང་ཞེས་པ་ནི་སྐུ་གསུངས་ཐུགས་སྣང་བར་བྱེད་བ་སྟེ། དེ་བཞིན་གཤེགས་པ་རྣམས་སོ། །སྣང་བ་ནི་འོད་ཟེར་གྱིས་དེ ་ལྟ་བུར་སྣང་བར་མཛད་པའོ། །སྣང་བར་མཛད་པ་དེས་ཅི་བྱེད་སྙམ་པ་ལ། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་བ་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་མཛད་པ་རྣམས་པ་གསུམ་མཛད་དེ། །ཞིང་ཁམས་སྣང་བར་མཛད་པ་དང། ་བདུད་བཞི་འདུལ་བར་མཛད་པ་དང། ངན་སོང་སྦྱོང་བར་མཛད་པའོ། །དེ་ཉིད་གང་ཞེ་ན། འཇིག་རྟེན་གསུམ་པོ་སྣང་བར་བྱས་ནས་སེམས་ཅན་རྣམས་ཀྱི་ཞེས་པ་རང་གི་དེ་ཉིད་མ་རྟོགས་པར་ཡུན་རིང་དུ་འཁྱམས་པ་ནི་སེམས་ཅན་ནོ། །རྣམས་ཞེས་པ ་ནི་འགྲོ་བ་རིས་དྲུག་གོ། །དེ་དག་གི་རྒྱུའི་རྒྱུན་ལ་ངན་སོང་གསུམ་གྱི་རྒྱུ་གནས་པ་སྦྱངས་པས་ན་བདུད་བཞིའི་དགྲ་འདུལ་པར་བྱེད་པ་སྟེ། བདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུད་བཞིའི་དགྲ་སྟེ། ཕུང་པོའི་འདུད་ལ་སོགས་པའོ། །དགྲ་ཞེས་པ་ནི་ཐང་བའི ་སྲོག་གཅོད་ཅིང་འཕགས་པའི་ནང་བདུན་འཕྲོག་བསོ། །དེ་དག་གི་རྒྱུ་མེད་པས་ནི་དམྱལ་བ་ལ་སོགས་པའི་འབྲས་བུ་མི་འབྱུང་ངོ། །སྦྱོང་བར་བྱེད་པ་ཞེས་པ་ནི་སྦྱང་བར་བྱ་བ་དེ་དག་ཡིན་ལ། བྱེད་པ་ནི་རྡོ་རྗེ་འཆང་དེས་འཁོར་རྣམས་ལ་འོད་ཟེར་བཀྱེ་པ་དང ་གཟིགས་བ་དང། འཛུམ་པ་མཛད་པས་སོ། །དེ་ལྟར་སྣོད་རུང་བར་མཛད་ནས་ཚུལ་གང་གིས་ཆོས་གསུངས་སྙམ་པ་ལ། ཚངས་པའི་གསུང་ནི་སྙན་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ནི་ལྷ་ཚངས་པ་ལ། གསུང་དབྱངས ་ཡན་ལག་དྲུག་ཅུ་དང་ལྡན་པས་ན་དེ་འདྲ་བར་གསུངས་སོ། །ཡང་ན་ཚངས་པ་ནི་བཅོམ་ལྡན་རྡོ་རྗེ་འཆང་དེ་ཉིད་དེ། ཚངས་པ་མྱ་ངན་འདས་སངས་རྒྱས་ཞེས་གསུངས་པ་བཅོམ་ལྡན་འདས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ལས་འདི་སྙན་པས་གཟུང་སྙན་པ ་ཞེས་པ་ནི་ཤིན་ཏུ་སྡུག་བསྔལ་ཅན་གྱི་རྐྱེན་འཕྲོག་བར་བྱེད་བའོ། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས་ཞེས་པ་ནི་དེ་བཞིན་གཤགས་པའི་གསུང་གི་གསང་བ་སྟེ། སྐུ་གསུང་ཟུགས་ཀྱི་སྣང་བའི་དེ་བཞིན་གཤེགས་པ་རྣམས་ལ་ཁྱབ་པར་ཆོས་གསུང་པའི་ཕྱིར་རོ། ། ་ཡང་ན་ཟབ་མོ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་བཤད་ཟིན་ཏོ། །རྫོགས་པའི་སངས་རྒྱས་ཞེས་པ་ནི་རྫོགས་པ་ནི་ཡོངས་སུ་རྫོགས་པའོ། །སངས་རྒྱས་ནི་བཤད་ཟིན་ཏོ། །རྐང་གཉིས ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཡང་ན་སྐུ་གཉིས་སོ། །མཆོག་ནི་རྡོ་རྗེ་འཆང་ཆེན་པོའོ། །ཉིང་ནི་རྡོ་རྗེ་འཆང་ཁོ་ནའོ། །ཞལ་ཞེས་པ་ནི་བརྡ་དོན་རྣམ་པར་བཤད་པ་སྟེ། གསང་བའི་གནས་སོ། །ལྗགས་རྡོ་རྗེའོ། །བཟང་བ་ནི་བཟང་པོ་འབྱུང་བའི་རྟེན ་ཡིན་པ་སྟེ། བྱང་ཆུབ་ཀྱི་སེམས་སོ། །རིང་པ་ནི་རྡོ་རྗེའོ། །ཡངས་པ་ནི་ཤེས་རབ་ཀྱི་བྷ་གའོ། །བརྐྱང་མཛད་ཅེས་པ་ནི་བྷ་གར་ལིང་ག་བརྐྱང་བསྟེ། སྙོམས་པར་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ་།འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་ཞེས་པ་ནི་སྙོམས་པར་བཞུཌ ་པ་ལས་འོད་ཟེར་གྱིས་ཁམས་གསུམ་དུ་གཏོགས་པའི་འགྲོ་བ་རྣམས་དང། དེ་བཞིན་གཤེགས་པ་རྣམས་བཀུག་སྟེ་བདག་གི་ཚངས་པའི་བུ་གནས་ཞུགས་ཏེ། གསང་བའི་གཞལ་ཡས་ཁང་དུ་འཁོར་ལོ་གསུམ་གྱི་ལྷར་གྱུར་བར་བྱ་ཞིང། དེ་དག་ཀྱང་རིམ ་གྱིས་དབང་དང་ལྡན་པར་བྱ་སྟེ། ཕྱིར་སྦྲོས་ནས་འཁོར་ལོ་གསུམ་གྱི་བདག་ཉིད་དུ་གནས་པ་ནི་འཇིག་རྟེན་གསུམ་མོ། །སྣང་ཕར་བྱེད་པ་ནི་ཐབས་ཀྱི་ཁྱད་པར་དེས་སོ། །དེས་ཅི་བྱེད་སྙམ་པ་ལ། བདུད་བཞིའི་དགྲ་རྣམས་འདུལ་བྱེད་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུད་ཀྱང ་ཡིན་ལ་དགྲ་ཡང་ཡིན་པས་བདུད་བཞིའི་དགྲ་སྟེ། ཕུང་པོའི་བདུད་ལ་སོགས་པའོ། །ཡང་ན་སྐྱེ་བ་ལ་སོགས་པའི་ཆུ་བོ་བཞི་ཐབས་དེས་བཏུལ་བའོ། །སེམས་ཅན་ནི་རང་གི་དེ་ཉིད་མ་རྟོགས་པས་འཁོར་པར་ཡུན་རིང་དུ་འཁྱམས་པའོ། །རྣམས་ཤེས་བ་ནི་མང་པོ་སྟེ་བས་གསུམ་པའོ། །ངན ་སོང་གསུམ་ཞེས་པ་ནི་རྒྱུའི་རྒྱན་ལ་གནས་པའི་བག་ཆགས་ཏེ་འདོད་ཆགས་ལ་སོགས་པའོ། །ཡང་དེ་རྣམས་ལས་རྣམ་པར་སྨིན་པ་དམྱལ་བ་ལ་སོགས་པ་སྟེ། རྒྱུ་དང་འབྲས་བུར་བཅས་པ་ཐབས་གོང་མས་སྤྱོད་པར་བྱེད་ཅེས་པའི་ཐ་ཚིག་གོ། །ཐབས་གང་གིས་སྙམ ་བ་ལ། དེ་ཉིད་གསལ་བར་བཤད་པའི་ཕྱིར། འཛུམ་བསྟན་ནས་ཞེས་གསུངས་ཏེ། རང་གི་ཤེས་རབ་ལ་བལྟ་བ་དང། འཛུམ་པ་དང། ཙུམ་བ་ན་དང། ཨང་གི་ག་དང། རྟག་བྲ་ཧར་དང། སྙོམས་པར་འཇུག་པ་ལ་སོགས་པ་སྔར་བསྟན་པའི་དོན་ཏོ། །ཚངས་པའི་གསུངས་ནི་སྔ་མ་བཞིན་ནོ། །འཇིག་རྟེན་གསུམ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །ཀུན་བཀང་ཞེས་པ་ནི་ཀུན་ལ་གསུང་གིས་མ་ཁྱབ་ཅིང་མ་ཐོབ་བ་མེད་པའོ། །གནས་ཞེས་བ་ནི་གསུང་དེས་འོག་ནས་འབྱུང་བའི་རྒྱུད་ཀྱི་དངོས་པོ་རྒྱས་པར་གསུངས་པའོ་ཞེས་བྱ་བའི ་ཐ་ཚིག་གོ། །ད་ནི་བདག་དང་གཞན་གྱི་དོན་ཕྱིན་ཅི་མ་ལོག་པར་ཞུས་པའི་ལེགས་པར་གནང་བར་གནང་བ་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་ན་རྡོ་རྗེ ་ནི་བཤད་ཟིན་ཏོ། །སྟོབས་པོ་ཆེ་ནི་དེའི་མཐུ་སྟོབས་གཞན་གྱིས་ཟིལ་གྱིས་མི་གནོན་པ་སྟེ། ཇི་ལྟར་སྔོན་གྱི་དུས་སུ་འཁོར་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པར་མཛད་པའི་ཕྱིར་ཞབས་ལ་སེང་ལྡེང་གི་ཚལ་པ་ཐུག་པར་མཛད་དོ། །དེ་ནས་འཁོར་རྣམས ་ལ་བཀའ་སྩལ་པ། དའི་སེང་ལྗེང་གི་ཚལ་པ་སུས་འཕྱིན་པར་དུས་ཞེས་བཀའ་སྩལ་པ་དང། རྫུ་འཕྲུལ་ཅན་གྱི་མཆོག་ལ་སོགས་པ་གང་གིས་བྱང་འབྱིན་པར་མ་ནུས་སོ། །དེ་ནས་ལྷའི་གནས་སུ་གཤེགས་ཏེ་སར་གྱི་བཞིན་བཀའ་ ་སྒྲུལ་བ་སུས་ཀྱང་འབྱིན་པར་མ་ནུས་སོ། །གཞན་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། བཀའ་སྩལ་པས་ཀྱང་འབྱིན་པར་མ་ནུས་སོ། །འོན་ཀྱང་དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་འགུལ་ནུས་པ་ཙམ་བྱུང། །དེའི་ཚལ་ལག་རྡོ་རྗེ ་འཁོར?་གྱིས་འོང་ཕྱུང་ཞེ་ཅེས་གསུངས་པ་དང། ལག་ན་རྡོ་རྗེས་རེག་པ་ཙམ་གྱིས་ཐོན་པར་གྱུར་ཏོ། །དེ་ནས་འཁོར་རྣམས་ངོ་མཚོར་དུ་གྱུར་ཏེ་ལག་ན་རྡོ་རྗེ་ལ་འདི་ཙམ་གྱི་སྟོངས་ཨོང་ཅེས་གཅིག་ལ་གཅིག་སྨོས་སོ། །དེའི་ཚོ་བཅོམ་ལྡན་འདས་ཀྱིས ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱི་མཐུ་སྟོབས་འཁོར་འདི་དག་ལ་སྟོན་ཅིག་ཅེས་བསུངས་པ་དང། ལག་ན་རྡོ་རྗེས་རུང་གི་སྲིན་ལག་གི་རྩེ་མོ་ལ་རིགས་ཀྱི་མཚན་མ་ཤིན་ཏུ་ཆུང་བའི་རྡོ་རྗེ་ཡོང་པས་ལ་བཞག་སྟེ། གང་སྟོབས་དང ་ལྡན་པ་གཅིག་གིས་འོད?་ལོང་ཞིག་ཅེས་གསུངས་པ་དང། རྡོ་རྗེ་གང་རྫུ་འཕྲུལ་དང་སྟོབས་ཀྱིས་རློམ་པ་དག་གིས་ནི་བསྒྲུལ་བར་མ་ནུས་སོ། །དེ་ནས་སླར་ཡང་རང་གི་སྲིན་པག་གིས་བླངས་ཏེ་ལན་དུ་མར་ནམ་མཁའ་ལ་གསོར་ཞིང། ཀླབ?་ལ་ལན་གསུམ ་བསྟོར་ནས་ནམ་མཁའ་ལ་མཛའ་ཡོང་མེད་བརྟག་པའི་ཕྱིར་འཕངས་ནས་ད་དུང་མ་ལོག་ཞེས་སྙན་ད་དགས་ལས་གྲགས་སོ། །གསང་དབང་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པའོ། །སླར་གསུངས་པ་ཞེས་པ་དེ་དག་གི་སྲོད་དུ་དུང་དང་བྱས་པ་དེ ་དག་ལའོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས་ཞེས་པ་ནི་སྙིང་རྗེ་ཆེན་པོས་གུན་ནས་བསླང་ནས་རང་དང་གཞན་གྱི་དོན་དུ་ཞུས་པའོ། །འགྲོ་ལ་ཞེས་པ་ནི་ལམ་སོ་ཕོ་ནས་འགྲོ་བ་སྟེ། འགྲོ་བ་རིག་དྲུག། །བན་པའི་དོན་དུ་ཞེས་པ་ན་ཕན་པ་དང་བདེ་བའི ་རྒྱུར་བྱུང་པའོ། །ཁྱོད་ཅེས་པ་ནི་ཁྱོད་ཀྱིས་ཤེས་པའོ། །ཡེ་ཤེས་ལུས་ཅན་ཞེས་པ་ནི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལུས་ཤེས་བ་ནི་འདུས་པའི་ཕྱིར་ཏེ། །མེ་ལོང་ལ་སོགས་པ་བཞི་དེར་འདུས་པས་སོ། །འཇམ་དཔལ་དེས་པ་ནི་ཟུག་རྡུ་དང་བྲལ་བ་གཉིས ་སུ་མེད་ལ་སྟེ། མིང་གི་ཕྱད་པར་འབྱུང་ཞེས་བྱ་བསྔར་བསྟན་པ་དེ་དག་ཚིག་གི་སྒོ་ནས་བསྟན་པ་དེའོ། །མིང་བརྗོད་པ་ཞེས་པ་ནི་མིང་དམ་ཚིག་གི་སྒོ་ནས་བསྟན་པར་བྱ་སྟེ། དོན་ཆེ་བ་ཞེས་པ་སྟེ། མིད་དམ་ཚིག་སྒོ་ནས། ཡེ་ཤེས་ཀྱི་སྐུ་སྟོན་པར་བྱེད་པ་སྟེ། དེ་རྟགས་པར ་བྱའོ་ཞེས་ལར་བའི་ཐ་ཚིག་གོ། །ཚིག་དེས་དོན་དེ་རྟགས་པ་ལ་དགོས་པ་ཅི་ཡོང་སྙམ་པ་ལ། དག་པར་བེད་ཅིང་ཞེས་གསུངས་ཏེ། ཤེས་བྱའི་སྒྲིབ་པ་བསྐྱེད་པའི་རམ་པ་དང། རྫོགས་པའི་རིམ་པའི་ཚུལ་གྱིས་དག་པར་བྱེད་པ་སྟེ། མི་ཤེས་བས་ཤེས་པར་བྱས་བ་ཞེས་པའོ ་དོན་ཏེ། །སྡག་སེལ་པ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་སེལ་བ་སྟེ། སྨིན་པར་བྱེད་པའི་ལམ་གྱིས་ཞེས་པའི་དོན་ཏོ། །དེ་ལྟ་བྱད། ང་ལས་ཏན་པར་བརྩོན་པ་ནི། ཞེས་པ་ལ། ད་ཞེས་པ་ནི་རྡོ་རྗེ་འཆང་ངོ། །ཉན་ཕང་བརྩོན་པ་ཞེས་པ་ནི་གསོལ་བ་བཏབ་ཅས་ལེ ་ལམ་བྱས་པར་དགའ་བ་དང་གུས་པར་བྱས་པ་ཞེས་པའོ། །ལེགས་དཔལ་ལྡན་རྡོ་རྗེ་འཆང། ཞས་པའི་དཔལ་ལྡན་རྡོ་རྗེ་འཆང་ནི་བཤད་ཟིན་ཏོ། །ངེ་ལ་བོས་ནས་རང་གི་དོན་དུ་ལེགས་པར་ཉན་བ་ནི་ལེགས་སོ་ཞེས་པའོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ་ཞེས་ཕན ་གཞན་གྱི་དོན་དུ་ཞུས་ཤིང་ལེགས་པར་ཉམ་ཕ་ནི་ལེགས་སོ་ཞེས་བྱུང་བ་གཉིས་པ་གསུངས་ཏེ། ཞུགས་པའི་དོན་ལེགས་པ་ཉིད་དུ་གནས་པའོ། །ད་ནི་གུས་པ་འང་བཅས་པས་ལེགས་པར་ཉོན་ཅིག་པར་གདམས་པ་བསྟན་པར་བྱ་བའི་ཕྱིར་གསང་བའི་བདག ་པེ་ཞེས་བྱ་བ་ལ་སོགས། པ་གསུངས་ཏེ་གསང་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འཇིན་པ་སྟེ། དེ་འཀྱེ་གསང་བའི་བདག་པོ་ཞེས་བོས་ནས། དེ་ཕྱིར་ཞེས་པ་ནི་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་དེ་བསྟན ་ཅིང་རྟོགས་པ་ལ་དགོས་པ་དེ་ཡོད་པའི་ཕྱིར་ཞེས་བའོ། །ཁྱོད་ཅེས་པ་ནི་སྡུད་པ་པོའོ། །ཤུགས་ཀྱིས་འཁོར་རྣམས་ཀྱང་བསྡུ་བར་བྱའོ། །ལེགས་པར་ཞེས་པ་ནི་མ་ནོར་བའོ། །བསྟན་པར་བྱ་ཞེས་པ་ནི་དོན་དེ་ཚིག་གི་སྒོ་ནས་སོ་ཞེས་པའོ། །ཁྱོད ་ནི་ཞས?་བ་སྡུད་པ་པའོ། །རྩེ་གཅིག་ཡིད་ཀྱིས་ཞེས་བ་ནི་ཐེ་ཚོམ་མེད་པར་ཞེས་པའི་དོན་ཏོ། །ཡང་ན་སྣོད་ཁ་སླུབ་པ་དང། ཞབས་རྡོལ་དང། མི་གཙང་བ་ཞེས་བྱ་བའི་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་ཉོན་ཅིག་པའི་ཐ་ཚིག་གོ། །དེ་ལྟར་སྐྱོན་སྤངས་ཏེ་མཉན་ནས་ཀྱང་ལེགས ་བཉིད་དུ་དྲུང་ཞིག་ཅེས་གནང་བའོ། །བཅོམ་ལྡན་དེ་ནི་ལེགས་ཤེས་གསོལ། ཅེས་པ་ནི་བཅོམ་ལྡན་འདས་ཀྱི་དོན་ནི་བཤད་ཟིན་ཏོ། །དེ་ལྟ་བུ་དེ་ལ་བོས་ནས་བདག་ཅག་གིས་ཁྱོད་ལ་དོན་དང་ཚིག་ཏུ་བཅས་བ་ཞུས་པ་གནང་པས་སྐུ་དྲིན་ཆེའོ་ཞེས་པའི ་ཐ་ཚིག་གོ། །དེ་དག་གིས་ནི་རྒྱུད་ཀྱི་དངོས་པོ་ཤེས་པར་བྱ་བའི་ཕྱིར་ལན་གནང་བ་བཤད་ཟིན་ཏོ། །ད་ནི་རིགས་དྲུག་ལ་གཟིགས་པ་བསྟན་པར་བྱ་བའི་ཕྱིར། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་པ ་ན་བར་གང་གིས་ཀྱང་མཆོད་པའོ། །བཅོམ་ལྡན་འདས་ཞེས་བ་ནི་བཤད་ཟིན་ཏོ། །ཤཱཀྱ་ཐུབ་ཅེས་པ་ནི་བསྟན་པའི་མངའ་བདག་ཡིན་པའི་ཕྱིར་དང། བསྟན་པ་གཅིག་ལ་སྟོན་པ་གཉིས་ཀྱི་མཚན་མི་གདགས་པ་སྟ། །དངོས་སུ་རྡོ་རྗེ་འཆང་ཆེན ་པའོ། །དཤེག་པའི་རིགས་མང་ཞིག་ཏུ་གནས་ན་ཡང་རིགས་གསུམ་དུ་གཟིགས་ནས་གསུངས་ཏེ། དེ་བང་སྙམ་པ་ལ། གསང་སྡགས་རིགས་ཆེན་ཐམས་ཅད་དང། ཞེས་བ་བ་གསུངས་ཏེ། གསང་སྡགས་ཀྱང་ཡིན་ལ་རིགས་ཆེན་པོ་ཡང་ཡིན་པོས ་གསང་སྡགས་རིགས་ཆེན་ཏེ། དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་ལོ། །དེའི་ཕྱིར་ཐེག་བའི་ཡང་རབ་བླ་ན་མེད་པའི་ཐེག་པའོ། །ཐམས་ཅད་དང་ཞེས་པ་ནི་མ་ལུས་པའི་སྒྲ་སྟེ། དེ་གང་སྙམ་པ་ལས་གསང་སྤགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་བང? ་ལས་ཁྱད་པར་ནི་གསུམ་སྟེ། གསང་བ་དང་རིག་པ་དང། གཟུང་སོ། དེ་ལ་གསང་བ་ནི་གནས་བྷ་ག་སྟོན་པ་རྡོ་རྗེ་འཆང། བསྟན་པ་གསང་སྡགས་ཀྱི་ཐིག་པ། དམ་ཚིག་བཟའ་བའི་དམ་ཚིག་དང་ལྡན་པ་ནི་གསང་བའོ། །རིག་པ་ནི་ཉོན་མོངས་པའི་དགྲ་འཇོམས ་པར་བྱེད་ལས་ཧོ། །འཆང་བ་ནི་བྷཱར་སྟེ་བཟུངས་སོ། །དེས་ནི་ལམ་ལོག་པ་ལས་འཛིན་པས་ན་དེ་སྐང་ཅེས་བྱའོ། །སྤྱིའི་མཚན་ཉིད་ནི་གསང་སྡགས་ཞེས་བྱ་བ་སྟེ། ཡིད་སྐྱོབ་པར་བྱེད་པས་སོ། །དེ་ལྟར་ན་ནི། རིགས་གསུམ་ལ་ནི་རྣམ་པར་གཟིགས། ཞེས་གསུངས་ཏེ། ་ཡེག་པའི་པྱེ་དར། དཔག་ཏུ་མེད་པས་གནས་ཀྱང་སྡགས་ཀྱི་ཐེག་པ་འདི་གསུངས་པའོ་ཞེས་པའི་ཐ་ཚིག་གོ། །དེས་ནི་ཐག་པའི་རིགས་འདི་གསུངས་པའོ་ཞེས་པའི་ཐ་ཚིག་གོ་།དེས་ནི་ཐེག་པའི་རིགས་གསུམ་བསྟན་ནས། ད་ནི་གང་ཟག་གི་རིགས་གསུམ ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་འདས་པའི་རིགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པའི་རིགས་ཞེས་པ་ནི་འཇིག་རྟེན་འདི་ཙམ་དོན་དུ་གཉེར་བ་སྟེ། ཇི་སྙེད་དུ་བསྒྲུབས་ཀྱང་འཇིག་རྟེན་ལས་མི་འདའ་བ་སྟེ། ཕྱི་རོལ་པའོ། ། ་འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་དང་རང་རྒྱལ་བ་སྟེ། རང་གི་དོན་གྱི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའོ། །འཇིག་རྟེན་སྣང་བར་བྱེད་པ་ནི་ཐེག་པ་ཆེན་པོ་སྟེ། གཞན་གྱི་དོན་དུ་མྱ་ངན་ལས་འདས་བ་དོན་དུ་གཉེར་བའོ། །རིགས་ཞེས་པ་ནི་རྟགས ་ཏེ། དེ་ཉིད་ལ་རང་གང་མོས་པ་དེ་ནི་རིགས་སོ། །ཡང་ན་འཇིག་རྟེན་པ་ནི་བསྐྱེད་བའི་རིམ་པ་འབར་ཤིག་གི་རིལ་བུ་དང་མིག་སྨན་ལ་སོགས་པ་དོན་དུ་གཉེར་བའོ། །འཇིག་རྟེན་ལས་འདས་པ་ནི་རྫོགས་པའི་རིམ་པ་སོང་བ་འབའ་ཞིག་དོན་དུ་གཉེར་བར་བྱེད ་བའོ། འཇིག་རྟེན་སྣང་བྱེད་ཅེས་ཕ་ནི་དེ་གཉིས་ཟུང་དུ་འཇུག་པས་བདག་དང་གཞན་གྱི་དོན་དུ་གཉེར་བར་བྱེད་པའོ། །རིགས་ནི་རྟགས་དེ་དང་ངེ་ལ་དགའ་བའོ། །རིགས་ཆེན་ཞེས་པ་ནི་རིགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་རིགས་ཆེན་པོ་སྟེ། གཉིས་སུ་མེད་པ ་ལ་ཆེད་དུ་བྱེད་པའོ། །ད་ནི་རིགས་མཆོག་གང་ལ་གཟིགས་པ་བསྟན་པར་བྱ་བའི་ཕྱིར། །ཕྱག་རྒྱ་ཆེན་པོའི་རིགས་མཆོད་དང། ཞེས་པ་ལ་སོགས་པ་གསུང་ཏེ། འདིར་ཕྱུག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་མི་འདའ་བའ་ཨི་ཕྱིར་རོ། ། ་དེ་ཡང་ཇི་ལྟར་རྒྱལ་པོའི་བཀའ་རྟགས་ཀྱིས་བཏབ་པ་བཞི་ནོ། །རིགས་ཀྱི་ཁྱད་པར་གྱི་རྟགས་དང་པ་དང། བརྟུལ་ཞུགས་ཆེ་བ་དང། རྟོག་པ་མེད་པ་དང། དབང་དང་ལྡན་པའོ། །མཆོག་ཅེས་པ་ནི་དེ་རྣམས་ལས་འདི་ལྟ་བུ་མཆོག་གོ། །ཞེས་པའི་ཐ་ཚིག་གོ། ། ་རིགས་ཆེན་ཞེས་པ་ནི་དེ་དག་ལས་མཆོག་ཏུ་གྱུར་པས་ན་རིགས་ཆེན་ཏེ། གཙུག་ཏོར་དང་འདྲ་བའི་ཕྱིར་རོ། །ཡང་ན་གཙུག་ཏོར་ནི་གཉིས་སུ་མེད་པའི་སྐུ་ཡིན་ལ། །རིགས་དེ་ལྟ་བུ་དག་འདིའི་སྣོད་དུ་གྱུར་པས་དེ་ལ་གཟུགས་ཤེས་པའི་དོན་ཏོ། །དེ་ལྟར་རིགས ་དྲུག་ལ་གཟིགས་པ་བསྟན་ནས། ད་ནི་སྒྱུ་འཕྲུལ་དྲ་བ་བསྟན་པར་བྱའི་ཕྱིར། ཚིག་གི་བདག་པོ་ཞེས་བྱ་བས་གསུངས་ཏེ། སྔོན་བྱུང་གི་ཚིག་བདག་བོ་ནི་བཅོམ་ལྡན་འདས་སོ། །ད་ལྟར་ནི་ཨ་སྟེ། ཐམས་ཅད་ཀྱི་སྲོག་ཡིན་པས་སོ། །ད་ལྟར་ན་ཨས་མཆོན ་པའི་དབྱངས་དང་གསལ་བྱེད་ལས་བྱུང་པས་ན་ཚིག་གི་བདག་པའོ། །དེ་ཉིད་ལས་ལྷུག་པའམ་བོའི་སྒོ་ནས་གསུངས་སམ་སྙམ་པ་ལ། ཚིགས་སུ་བཅད་ཅེས་གསུངས་ཏེ། ཚེག་པར་བདུན་པར་ཚིགས་སུ་བཅད་ནས་གསུངས་པའོ། །དེ་ཉིད་གང་སྙམ་པ་ལ ་གསང་སྡུགས་རྒྱལ་པོ་དྲུག་ལྡན་ཞིང། ཞེས་གསུངས་ཏེ། གསང་སྔགས་ནི་འོག་ནས་སྟོན་བའི་དྲུག་བོ་ཉིད་དོ། །རྒྱལ་པོ་ཞེས་བ་ནི་ཇི་ལར་འཁོར་ལོ་སྒྱར་བའི་རྒྱལ་པོ་ནི་དེ་ཐམས་ཅད་ལ་ཁྱབ་པ་དང། ཐམས་ཅད་དེའི་ངོ་བོར་འདུས་བསྟེ། དེ་ལྟར་འདི་ཉིད ་?་སེང་?་བའི་ལྕའི་རྣལ་འབྱོར་དང། རྫོགས་པའི་ཆོས་ཉིད་ཀྱི་རྣལ་འབྱོར་གཉིས་ཀའི་དོན་སྟོན་ཅིང་འདིར་འདུས་པར་རྒྱལ་པོའོ། །དྲུག་ལྡན་ཞིང་ཞེས་པ་ནི་བཛྲ་ཏཱིཀྲུལ་སོགས་པའི་གྲངས་རྣམས་སོ། །དེ་གང་ལས་འབྱུང་སྙམ་པ་ལ། གཉིས་སུ་མེད་པར ་འབྱུང་པ་དང་ཞེས་གསུངས་ཏེ། སྔགས་འདི་དག་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་འབྱུང་པའམ་བཏུ་བར་བྱའོ། །དེའི་དོན་ནི་སའི་ཆ་གྲུ་བཞི་བའི་རྣམ་པ་ལྔ་དང། ཙན་དན་ལ་སོགས་བ་དྲིའི་ཁྱད་པར་ཅན་གྱིས་ཉེ་བར་བྱུགས་ཤིང་འཛིན་དུ་རུང་བར་བྱས ་པ་ལས?་ཤེས་རབ་དང་ལྡན་པས་ཐོད་ལེ་ཀོར་གྱིས་ཤེས་རབ་ཀྱི་རང་བཞིན་ཨེའི་རྣམ་པར་བྲིའོ། །དེར་ཐབས་ཀྱི་རྣམ་པ་བཾ་གྱི་དོ་བོ་ཟླུམ་པོ་རེ་དུ་མིག་དགུ་དང་ལྡན་པ་བྲིས་ཏེ། དབུས་ཀི་རེའུ་མིག་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་རྣམས་ཀྱི་མཆོག ་དྲིལ་བྱའོ?། །ཤར་གྱི་རེའུ་མིག་ལ་པདྨ་འདབ་མ་བརྒྱད་བ་བྲིས་ཏེ། དེའི་འདབ་མ་རེ་རེ་ལ་ཡན་ལག་གཉིས་གཉིས་བསྐོར་བར་བྱ་སྟེ། རིམ་བས་ཨ་ཨཱ་ཨི་ཨའི་ཨུ་ཨའུ་རི་རཱ་ལི་ལཱི་ཨེ་ཨེ་ཨོ་ཨཾ་ཨ(རྒྱུད་འགྲེལ་པདྨ་འདབ་མ་བཞི་བ་ལྟེ་བ་དང་བཅས་པ་ལ་གོ་རིམས་ཀྱིས་ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛཧ་ཉ། ཊ་ཋ་ཌ་ཌཧ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་ཧ་མ། ཡ་ར་ལ་ཝ་ཤ་ས་ཧ་ཞེས་དགོད་པར་བྱའོ། །དེའི་ཕྱིའི་གྲཝ་གསུམ་ལ་སྔགས་བསྡུ་བར་བྱའོ། །དེ་ནི་གཉིས་སུ་མེད་པ ་ལས་སྔགས་དྲུག་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ལུས་དང་སྲོག་དང་ཡན་ལག་གཉི་སསུ་མེད་པ་ལས་འདི་དག་འབྱུང་བའོ། །ད་ནི་ཞུས་པའི་སྐབས་སུ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། ཞེས་གསུངས་པ་དེ་བཞད་པར་བྱ་བའི་བའི་ཕྱིར། མི་སྐྱེ་ཆོས་ཅན་འདི ་གསུངས་བ། ཞེས་བ་སྟེ། ཡེ་ཤེས་ཀྱི་སྐུ་ནི་ཨའོ། །རང་བྱུང་ཞེས་བ་ནི་ཨ་ནུ་ཏཾ་སྟེ་སྐྱེ་བ་མེད་པའོ། །ཡང་ན་ཆོས་ཉིད་སྐྱེ་བ་མེད་པ་ཡིན་ལ་ཆོས་ཅན་ཨའོ། །འདི་ཞེས་པ་འཆད་པ་ལ་རག་ལས་བ་སྟེ། འོག་མ་རྣམས་སོ། །གསུངས་པ་ཞེས་པ་ནི་འོག་མ་རྣམས་ཏེ་གོ་བླའོ། ། ་སྔགས་བཏུ་བའི་ཕྱིར་ལིང་ཚེ་ལ་ཡི་གེ་གསུངས་བ་ནི་ཨ་ཨཱ་ལ་སོགས་པའོ། །འདིར་ཆོད?་ཅན་མགོ་རྨོངས་པར་བྱ་བའི་ཕྱིར་རིི་རཱི་ལི་ལཱི་དང། ལུས་ཀྱི་ཡི་གེ་གོ་རམས་སུ་མ་བཀོད་དེ། ལུས་ནི་འོག་མ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད་ཅེས་གསུངས་པའོ། །སྔར་བཤད ་པའི་ཡེ་ཤེས་ཀྱི་སྐུ་གང་ན་བཞུགས་པ་དང། ཚུལ་ཇི་ལྟར་བཞུགས་པ་བསྟན་པར་བྱ་བའི་ཕྱིར། སྟི་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྠི་ཏོ་ནི་ཡེ་ཤེས་ཀྱི་སྤ?་སྟེ་བཞུགས་ཤེས་པའོ། །གང་ན་བཞུགས་ན་ཧྲི་དི་སྟེ་ཐུགས་ཀ་ནའོ། །ཅིའི ་ཚུལ་དུ་བཞུགས་ན། ཛཧ་ན་ནུ་རྟི་ནི་ཡེ་ཤེས་ཀྱི་ལུས་ཀྱིས་སོ། །དེ་ཡང་མ་རྟོགས་པའི་གནས་སྐབས་ན་ར་ཧ་བུ་དྡྷོ་སྟེ། དའམ་བདག་གི་བློར་གནས་ལ། རྟོགས་པའི་གནས་སྐབས་ན་བུདྡྷ་ནཱ་ཞེས་པ་སྟེ། སངས་རྒྱས་རྣམས་ཀྱིས། །སངས་རྒྱས་གཅིག་གི་འམ་ཞེ་ན། ་?་ཞེས་པ་སྟེ། དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀ་ན་བཞུགས་ཞེས་པའི་དོན་ཏོ། །དེ་ལྟར་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀ་ན་ཡེ་ཤེས་ཀྱི་སྐུ་དེ་བཞུགས་འཏི། རྟོགས་པའི་གནས་སྐབས་སོ། །མ་རྟོགས་ན་ང་བདག་གི་བློང་གནས་པ་སྟེ ་བཅོ?་ནས་ཀྱང་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་འཁོར་ལོས་སྒྱུར་བ་དྲུག་གི་སྔགས་བསྟན་པར་བྱ་བའི་ཕྱིར་དེ་ལྟར་དང་པོར་སྔགས་བསྟན་པའི་རིམ་པས་སྔགས་ཀྱི་ལུས་དང་ཡན་ལག་རྫོགས་པར་བྱ་བའི་ཕྱིར་སྔགས་བཏུ་བར་བྱ་སྟེ། དང་པོར་ཡི་གེའི ་དབང་ཕྱུག་གཞག་།ལྔ་པ་ཡི་ནི་གསུམ་པ་དང། གཉིས་པ་ཡི་ནི་གསུམ་པ་ལ། མེ་ཡི་ས་བོན་སྦྱར་བར་བྱ། །བཞི་པ་ཡི་ནི་དང་པོ་ལ། །ངོར་གསུམ་པ་ལྡན་པར་བྱ། །དང་པོའི་དང་པོའི་ཡི་གེ་ལ། མཐང་གནས་དང་པོ་ལྡན་བྱས་ཏེ། །གསུམ་པའི་མཛའ་ ་དང་ལྡན་པར་བྱ། །དབྱངས་མཛའ་ཉེ་བར་སྦྱང་བར་བྱའོ། །བཞི་པའི་ཡི་ནི་གསུམ་པ་ལ། །དབྱངས་ལྡན་པ་དབྱངས་མཛའ་སྦྱང། རྗེ་སུ་དང་པོའི་གཉིས་པ་སྦྱར། །གཉིས་པའི་དང་པོ་ལ་གཉིས་སྦྱར། །ང་རོ་བཅུ་གཅིག་ལྡན་བྱས་ཏེ། །རྗེ་སུ་པ་ཞི་པའི་གསུམ ་དང་ལྡན་པར་བྱ། །དབྱངས་མཛའ་ཉེ་བར་སྦྱར་བར་བྱའོ། །བཞི་པའི་ནི་གསུམ་པ་ལ། །དབྱངས་ལྡན་པ་དབྱངས་མཛའ་སྦྱང། །རྗེས་དང་པོའི་གཉིས་པ་སྦྱར། །གཉིས་པའི་དང་པོ་ལ་གཉིས་སྦྱར། །ང་རོ་བཅུ་གཅིག་ལྡན་བྱས་ཏེ། རྗེ་སུ་བཞི་པའི་གསུམ ་པོའོ། །ལྔ་པའི་དང་པོ་མེ་དང་ལྡན། །གཉིས་པའི་གསུམ་པ་དེ་མཐར་བཞག། རླུང་དང་སྦྱར་བའི་ཡི་གེ་ལ། །ང་རོ་གཉིས་ལྡན་ཉིས་འགྱུར་བྱ། །བཞི་པའི་མཐར་བཅས་ལྔ་མཛའ་ལ། །ང་རོ་ལྔ་ལྡན་མེ་དང་ལྡན། །རྗེས་སུ་བཞི་པའི་དང་པོ་ལ། །རླུང ་པ?་ནམ་མཁའ་ཐབ་ཏུ་སྦྱར། །གཉིས་པའི་གསུམ་པ་དེ་མཐར་ལྡན། །རླུང་ལ་ང་རོ་གཉིས་ལྡན་བྱ། །དེ་རྗེས་བཞི་པའི་མཛའ་བཅས་པའོ། །དང་པོའི་དང་པོ་གཉིས་པར་བཅས། །དེ་མཐར་རླུང་ནི་བཞག་པར་བྱ། །ལྔ་པ་ཡི་ནི་གསུམ་པ་དག། དབྱངས་ཡིག་གཉིས་པ་སྦྱར ་ནས་ནི། །དང་པོ་རིག་གསུམ་པ་བཞི་བས་བརྒྱན། །མཐར་གནས་ཆུ་དང་བཅས་པ་སྟེ། དེ་མཐར་མེ་དང་ལྡན་པའོ། །མི་འགྱུར་མེ་དང་ལྔ་དང་པོ། །རྗེ་སུ་གཉིས་པའི་དང་པོ་སྟེ། །བཞི་པའི་ལྔ་པ་གཉིས་པར་ལྡན། །ཡང་པ་ཉིད་དང་བཞི་དང་པོ། །དབྱངས་བཅུ་གཅིག ་?། །དེ་རྗེས་བཞི་དང་ལྡ་མཛའ་སྟེ། །འཁོང་ལོངས་སྒྱར་རྒྱལ་གསང་སྔགས་ཆེ། །དངོས་གྲུབ་ཐམས་ཅད་བྱེད་པའོ། །ཞེས་པས་ནི་དེ་དག་བསྡུས་པ་སེ། །ལྟག་པ་ངང་ཆད་པའི་ཉེས་པར་མི་འགྱུར་བའོ། །དེས་ཅི་བྱེད་སྙམ་པ་ལ། བཛྲ་ཏིཀྵྵིན་རྣོན་པོ་སྟེ ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་དུ(རྒྱུད་འགྲེལ་?བའོ། །དེ་ཉིད་སླར་གསུངས་པ། ཛྙཱ་ན་ཀཱ་ཡ་སྟེ། ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་སྟེ་ཐམས་ཅད་ཀྱི་མཆོག་གོ་།དེས་གཞན་གྱི་དོན་མཛད་པ་ནི། བཱ་གཱི་ཤྭ་ར་སྟེ་དོན་ཡེ་ཤེས་ཀྱི་སྐུ་སྟེ། ཆི་གི་སྒོ་ནས་སྟོན་པར་མཛད་པ་སོ། །དེ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་དེས་སྔག་བསྔལ ་ཐམས་ཅད་ཤེས་པ་ཡེ་ཤེས་ཀྱི་སྐུར་གནས་གྱུར་པའི་ཡེ་ཤེས་ཀྱི་སྐུ་དེ་དག་གམ་ཚིག་གི་སྒོ་ནས་བསྟན་ནས་བསྒོམས་པས་ལས་ཅི་བྱེད་སྙམ་པ་ལ་??ཙ་ནཱ་པ་ཏེ་ན་མ(རྒྱུད་འགྲེལ་དྲ་བས་མངོན་པར་བྱང་ཆུབ་བ་གཤད་ཟིན་ཏོ། །ད་ནི་དོན་དམ་པ་བྱང་ཚུལ་གྱི་སེམས་བསྟན་པར་བྱ་བའི་ཕྱིར། འདི་ལྟང་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་པ་ནི་སྔགས་བཅུས་པ་འདི་ལྟར་རོ། །སངས་རྒྱས་བཅོམ་ལྡན ་འདས་ནི་སྔགས་དང་ལྷ་ལ་ཐ་དད་མེད་པས་ན་སྔགས་ཀྱི་རྒྱལ་པོ་དྲུག་ནི་སངས་རྒྱས་བཅོམ་ལྡན་འདས་དྲུག་གོ། རྫོགས་པའི་སངས་རྒྱས་ནི་སྔགས་དེས་བསྐྱེད་པའི་ལྷ་དྲུག་སྟེ། རྡོ་རྗེ་རྣོན་པོ་ལ་སོགས་པའོ། །ཡང་ན་སངས་རྒྱས ་ནི་ཛིན་དམ་པ་བྱང་ཆུབ་ཀྱི་སེམས་ཨའི་ངོ་བོ་ཡིན་ལ། དེ་ལས་འབྱུང་བའོ། །དེས་ན་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཅེས་གསུངས་ཏེ། མི་འགྱུར་ཞིང་མི་བཟད་པས་ན་ཨ་དེ་ཡི་གེའོ། །འབྲུ་ཀུན་ཅེས་པ་ནི་ཡི་གེ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས ་ན་ཡི་གེ་འབྲུ་ཀུན་ཏེ་དབྱངས་དང་གསལ་བྱེད་དོ། །མཆོག་ཅེས་པ་ནི་ཡི་གེ་གང་བརྗོད་ཀྱང་དེ་ཁོ་ན་གཙོ་བོའི། །དོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པ་དོན་ཆེན་ཡི་གེ་དམ་པ་སྟེ་ཞེས་གསུངས་ཏེ། བདག་དང་གཞན་གྱི་དོན་གྲུབ་པར་བྱེད་པས་དོན་ཆེན་ཡི་གེ་དམ་པ་སྟེ་ཞེས ་གསུངས་ཏེ། བདག་དང་གཞན་གྱི་དོན་གྲུབ་པར་བྱེད་པས་ན་དོན་ཆེན་པོའོ། །ཡི་གེ་ཞེས་པ་ནི་མི་འགྱུར་བ་སྟེ། ཡི་གེ་ཨའི་ངོ་བོ་སྟེ། མི་སླུ་བས་ན་དམ་པའོ། །སྲོག་ཆེན་པོ་སྟེ་ཞེས་པ་ནི་ཡི་གེ་གང་བརྗོད་ཀྱང་དེ་ཁོང་ནས་འབྱུང་བས་ན་དེའི་ཕྱིར། སྐྱེ ་བ་མེད་པ་སྟེ། རྒྱུ་དང་རྐྱེན་ལས་མ་ལྟོས་པར་བྱུང་བས་རང་བྱུང་ཞེས་བྱའོ། །དེའི་ཕྱིར། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ཞེས་གསུངས་ཏེ། ཉམ་སུ་མྱོང་བར་བྱའོ་ཞེས་བྱ་བའོ། །ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག ་ཅེས་བྱ་བ་ལོ་སོགས་པ་གསུངས་ཏེ། གང་རྗོད་པར་བྱེད་པ་ཐཾ་ཀྱི་རྒྱུ་ནི་ལུས་ཀྱི་ཡི་གེ་དང་སྲོག་སྟེ། འདིར་གསལ་བྱེད་གཙོར་བཟུང་བས་ན། ཚིག་ཀུན་རབ་ཏུ་གསལ་བར་བྱེད། ཅེས་གསུངས་ཏེ། ཚིག་ཀུན་ཅེས་པ་ནི་གང་བརྗོད་ཀྱང་ཞེས་པའོ། །གསལ་བ་ནི་ཚིག་ཏུ་གྱུར ་པ་སྟེ། ཨ་ལ་སོགས་པ་མ་ཡིན་ཏེ། ན་མོ་ཨ་ཀྵོ་བྷཡ་ཞེས་པ་ལ་སོགས་པ་གསལ་བར་བྱེད་པ་སྟེ་གསལ་བྱེད་རྣམས་སོ། །ཡང་ན། རྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་།ཅེས་པ་ནི་སྔགས་ཀྱི་རྒྱལ་པོ་དྲུག་ལ་ཞི་བླ་སོགས་པའི་མཛའ་དང་ལྡན་པར་བྱ་བའི་དོན་ཏོ། །གཞན་སྔ་མ ་བཞིན་ནོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་དྲི་མ་ཉོན་མོངས་པ་བསལ་བའི་ཐབས་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཆོད་པ་ནི་མཉེས་པར་བྱེད་པ་སྟེ། འདི་ལྟར་ཉོན་མོངས་པ་ཆུང་དུ་ཆེན་པོས་བཅོཾ ་དུས?་གནས་སྒྱུར་པ་དེ་ལྟར་གྱུར་པའི་མཉེས་པ་སྟེ་མཆོད་པའོ་ཞེས་ཀུན་ལ་གསལ་བར་ཤེས་པར་བྱའོ། །འདོད་ཆགས་ཆེ་ཞེས་པ་ནི་གཟུགས་ལ་སོགས་པ་ལ་ཆགས་པ་སྟེ། དེས་འདོད་པར་བྱེད་པའོ། །འདོད་ཆགས་ཉིད་ཀྱིས་འདོད་ཆགས་ཆུང་དུ་དེ་བཏུལ་ཏེ ་འོད་དཔག་ཏུ་?་པའི་སྒྱོ་ནས། །འདི་ནི་ཆགས་བྲལ་ལས་ཁྱད་པར་དུ་བྱས་པའོ། །དེའི་ཕྱིར་ཆགས་པ་ཐམས་ཅད་སེལ་བར་བྱེད་ཅེས་གསུངས་ཏེ། གང་དུ་འདོད་ཆགས་དང་ལྡན་པ་ཡང་དགའ་བར་བྱེད་པ་དང། ཐ་ན་གླུ་གར་ལ་སོགས་པས་ཀྱང་དགའ་བར་བྱེད་པའོ། ། ་ཞེ་སྡང་ཞེས་པ་ནི་ཉོན་མོངས་པས་ཀུན་ནས་བསླང་ནས་ཞེ་སྡང་བའོ། །ཆེ་ཞེས་པ་ནི་ཕྱིའི་མཐུ་དང་སྟོབས་ཀྱི་དྲེགས་པ་ལ་སོགས་པ་ཚར་གཙོད་པ་དང། ནང་དུ་ཞེ་སྡང་ཆུང་དུ་དང། གསང་སྔགས་ལས་གཞན་པའི་སྡུག་བསྔལ་དང་ལྡན་པའི་ལམ་དུ་ཞུགས་པ་དག་བཅོཾ ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་ནག་པོར་གནས་གྱུར་པས་ན། ཉོན་མོངས་ཀུན་གྱི་དགྲ་ཆེ་བ། ཞེས་གསུངས་སོ། །གཏི་མུག་ཅེས་པ་ནི་རྒྱུ་དང་འབྲས་བུ་མི་ཤེས་པ་སྟེ། ཆད་པར་ལྟ་བ་ནི་རྒྱུའི་དུས་སོ། །འབྲས་བུའི་དུས་སུ་ནམ་མཁའ་སྤྲིན་ནི་དེངས་པ་ལྟར་སྐུ་དང་ཡེ་ཤེས་འགོག ་པ་ནི་གཏི་མུག་གི་བློ་སྟེ། །རྣམ་པར་སྣང་མཛད་སྐུ་མདོག་དཀར་པོར་གྱུར་ཏེ། སྐུ་དང་ཡེ་ཤེས་ཀྱི་སྣང་བས་འཇོམས་པས་གཏི་མུག་ཆེན་པོའོ། །ཁྲོ་བ་ཆེ་ཞེས་པ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་སྟེ། ཐེག་པ་གཞན་ལ་ཞུགས་ཤིང་ལམ་གཞན ་ལ་ཞུགས་པ་ལ་ཕྲག་དོག་པ་ནི་ཁྲོ་བ་ཆེན་པོ་སྟེ། ཉེ་ཚེ་བའི་ལམ་ལ་ཞུགས་པའི་དགྲ་ཆེན་པོའོ། །དེ་གནས་གྱུར་པ་དེ་དོན་ཡོད་གྲུབ་པ་འམ་རྟ་མཆོག་ཅེས་པོ་སྐུ་མདོག་ལྗང་གུའོ། །ཆགས་པ་ཆེ་ཞེས་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ལ་ཆོཌ ་??་ནས་གཞན་ལ་སེར་སྣ་བྱེད་པ་ལ་སོགས་པ་འམ། རང་གི་བདེ་བ་ཙམ་ལ་ཆགས་ནས་ང་རྒྱལ་བྱེད་པའོ། །གནས་གྱུར་ནས་རྡོ་རྗེ་ཉི་མ་སྐུ་མདོག་སེར་པོར་གྱུར་པས་འཇོམས་པས་ན་ཆགས་པ་ཐམས་ཅད་སེལ་བར་བྱེད་པའོ། །དེ་ལྟར་གཙོ་བོ ་བསྒྱེད??་པ་བསྟན་ནས་ད་ནི་འཁོར་བསྐྱེད་པ་བསྟན་པར་བྱ་སྟེ། འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་ཆེན་པོ་ཞེས་པ་ནི་འདོད་པར་བྱེད་པ་སྟེ། མིག་ལ་སོགས་པའོ། །གཏི་མུག་རྡོ་རྗེ་དང། །ཞེ་སྡང་རྡོ་རྗེ་དང། སེར་སྣ་རྡོ་རྗེ་དང། ་ཕྲག་དོག་རྡོ་རྗེ་དང། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །ཡང་ན་འདོད་པ་ཞེས་པ་ནི་འདོད་པར་བྱ་བའི་ཡུལ་ཏེ། དེ་དག་ནི་གཟུགས་རྡོ་རྗེ་དང། སྒྲ་རྡོ་རྗེ་དང། དྲི་རྡོ་རྗེ་དང། རོ་རྡོ་རྗེ་དང། རེག་རྡོ་རྗེ་དང། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །ཆེན་པོ ་ཞེས་པ་ནི་འདོད་པར་བྱེད་པ་དང་འདོད་པར་བྱ་བ་དག་ལྷར་བྱས་པ་བདེ་བ་ཆེ་ཞེས་པའི་དོན་ཏོ། །དེས་ཅི་འགྱུར་སྙམ་པ་ལ། དགའ་བ་ཆེན་ཕོ་ནི་རང་གི་དོན་ཏོ། །མགུ་བ་ཆེན་པོ་ནི་གཞན་དོན་འབྱུང་བསོ། །ད་ནི་རྟེན་གཞལ་ཡས་ཁང་བསྒོམ་པ་བསྟན ་ཕར་བྱ་བའི་ཕྱིར། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱང་ཡིན་ལ་ལུས་ཀྱང་ཡིན་པས་གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། བཾ་སེར་པོ་ལས་སྐྱེས་པའི་སའི་དཀྱིལ་འཁོར་མདོག་སེར་པོ་གྲུ་བཞི་པ་ཟུར ་བཞིར་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་ལས་གྲུབ་བ་དེའི་སྟེང་དུ་མཚན་ཉིད་ཐམས་ཅད་དང་ལྡན་པའི་གཞལ་ཡས་ཁང་བྲུཾ་ལས་གྲུབ་པ་བལྟ་བར་བྱའོ། །དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ ་ལ་ཉི་མ་ཟླ་བ་ཁ་སྦྱར་བའི་གདན་དང་ལྡན་པའོ། །དེའི་འོག་ཏུ་ཁ་དོག་ཆེ་ཞིང་ལུས་བོང་ཆེ་ཞེས་པ་ནི་ཁ་དོག་ཆེ་བ་ནི་དཀར་བའོ། །ལུས་བོང་ཆེ་ཞེས་པ་ནི་རྡམས་འཐུག་པའོ། །ཡང་ན་ས་བས་ཆེ་བར་གྱུར་པས། །དེ་ཡང་བ་དཀར་པོ་ལས་བྱུང་བ་ཁ ་དོག་དཀར་པོ་བུམ་པས་མཚན་བ་ཟླུམ་ངོ་ཅན་ནོ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ཞེས་པ་ནི་མིང་ཡང་ཆེ་ཞེས་པ་ནི་མེ་ལ་མིང་གི་རྣམ་གྲངས་མང་བསོ། །རྒྱ་ཆེ་ཞེས་པ་ནི་ཆུ་བས་ཆེ་བའོ། །དེ་ཡང་རཾ་དམར་པོ་ལས་བྱུང་བ་འབར་བ་བདུན་གྱིས་མཚན་བ་བྷ་གའི་དབྱིབས ་ཅན་ནོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། ཞེས་པ་ནི་དཀྱིལ་འཁོར་ཞེས་པ་འདིས་ནི་གོང་མ་ཡང་ཤེས་པར་བྱ་སྟེ། ཁ་དོག་དང་དབྱིབས་དང་མཚན་མ་བསྟན་ཏོ། །ཡངས་པ་ནི་མེའི་དཀྱིལ་འཁོར་བས་རྒྱ་ཆེ་བར་གྱུར་པ་སྟེ། ཡཾ་སྔོན་པོ་ལས་བྱུང་བ་གཞུའི ་དབྱིབས་ཅན་བ་དན་གྱི་མཚན་པ་བསྒོམ་པར་བྱའོ། །ད་ནི་བསྲུང་བའི་བཀའ་ཨི་འཁོར་ལོ་བསྒོམ་པ་བསྟན་པར་བྱ་སྟེ། དེའི་ཕྱིར། ཤེས་རབ་མཆོན་ཆེན་འཆང་བསྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི ་རྗེས་ལ་རི་ལས་བྱུང་བའི་མེའི་དཀྱིལ་འཁོར་གྱི་ཡི་གེ་ལས་མཚོན་པ་སྟེ། རལ་གྲིའི་ཆད་ཟུངས་ལ་ཧཱུཾ་གིས་མཚན་པ་ཅན་ནོ། །དེ་ལས་ཧཱུཾ་མཛད་སྐུ་མདོག་སྔོ་ཞིང་ཞལ་གཅིག་པ་ཕྱག་གཉིས་པ་ལྷའོ། །དེའི་ཕྱག་མཚན་གསུངས་པ། ཤེས་རབ་མཚོན་ཆེན ་འཆང་བསྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་མཚན་ཉིད་ཤེས་རབ་ཡིན་པ་མཚོན་པ་རལ་གྲི་སྟེ། དེའི་ཕྱག་གཡས་པར་སྦྱིན་པར་བྱའོ། །དེའི་ཕྱག་གཡོན་པར། ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་།ཅེས་པས་ལྕགས་ཀྱུ་སྦྱིན་ནོ། །ཉོན་མོངས ་པའི་དབྲེད་བར་བྱེད་པ་སོ། །དེའི་མདུན་དུ་རཾ་ལས་བྱུང་བའི་ཉི་མ་ཧཱུ་ལས་བྱུང་བའི་གནོད་མཛེས་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཅན་བསྐྱེད་ལ། གྲགས་ཆེན་སྟན་གྲགས་ཆེན་པོ་སྟེ་ཞེས་གསུངས་ཏེ། གྲིགས་ཆེན་ནི་ཧཱུཾ་མཛད ་ཀྱིད་གནོད་མཛེས་ལ་བཀའ་བསྒོ་བའོ། །གནོད་མཛེས་ཀྱི་སྔགས་བཞི་པོ་བརྗོད་པས་ཤར་ཕྱོགས་ཀྱི་ཁྲོ་བོ་ལ་སོགས་པ་བཞི་བསྐྱེད་དེ། དེས་མཚམས་བཞིར་ལྷུན་གྱིས་གྲུབ་པར་བྱའོ། །དེ་ཡང། ཁྲོ་བོ་བཞི་དང་ཡང་དག་ལྡན། སྐད་ཅིག་གིས་ནི་སྐུ ་བརྒྱན་འགྱུར་ཞེས་པ་ལྟ་བུའོ། །དེ་ནས་ཁྲོ་བོ་དེ་དག་གིས་ནི་མི་དགེ་བ་བཅུ་ལས་སྐྱེས་པའི་ཕྱོགས་སྐྱོད་བཅུ་བཀུག་སྟེ་ཁྲོ་བོ་བཅུའི་མདུ་དུ་བཞ་གོ། །སྙན་གྲགས་ནི་ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བསྐུལ་ཏེ། ཕྱོགས་སྐྱོང་བཅུ ་ལ་ཕུར་བ་བཏབ་ནས་ཨ་ཀོ་ཊའི་སྔགས་ཀྱིས་སྐུ་གསུང་ཐུགས་ཕུར་བུས་བཏབ་པས་ལུས་ངག་ཡིད་གསུམ་གྱི་རྟོག་པ་དང་དབྲལ་བར་བྱས་ཏེ་བསྟན་པའི་གྲོག་སུ། བྱས་པ་སོ། །ཡང་ན་གྲ་ཏགས་ཆེན་ནི་འོད་ཟེར་ཕྱོགས་བཅུར་སྤྲོས་ནས་ཕྱོགས་སྐྱོང་བཅུ་བཀུག་སྟེ ་བཏུལ་བའོ། །སྙན་གྲགས་ནི་མི་དགེ་བ་བཅུ་སྤངས་ཏེ་དགེ་བཅུ་ལ་བཀོད་པའོ། །སྣང་བ་ཆེན་པོ་ཞེས་པ་ནི་དེ་ནས་གནོད་མཛེས་ཀྱི་མདུན་དུ་མི་ལ་ཡི་གེ་རཾ་བལྟས་ཏེ་ཞབས་ཀྱིས་བརྫིས་པས་རྡོ་རྗེའི་ས་གཞི་དང་ར་བ་དང་གུར་དང་མདའི་དྲ་བ་བས་མོ། །གསལ ་བ་ཆེ་ཞེས་པ་ནི་དེའི་ཕྱི་རོལ་དུ་མེའི་འོ་བས་གསལ་བར་བསྒོ་མོ། །ད་ནི་སྐྱེད་པའི་རིམ་པའི་མཚན་ཉིད་ཇི་ལྟར་བསྒོམ་པ་བསྟན་པའི་ཕྱིར། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོ་འཆང་ཞེས་པ་ནི་སྒྱུ ་མ་གཉི་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་པ་དེ་ལ་འཕྲུལ་བ་ནི་རྟེན་དང་རྟན་པའི་དཀྱིལ་འཁོ་རོ། །ཡང་ན་སྒྱུ་འཕྲུལ་ནི་ཇི་ལྟར་སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་ལ་སོགས་པ་ལ་རྟ་དང་གླང་པོ་དང་ཁང་བཟངས་ལ་སོགས་པ་མི་བདེན་པའི་དངོས་པོ་སྣང ་བ་ལྟར་འདིར་ཡང་ཞེན་པ་མེད་པར་རྟེན་པའི་དཀྱིལ་འཁོར་བསྒོམ་པར་བྱེད་པས་ན་མཁས་པའོ། །དངོས་པོ་ལ་མངོན་པར་ཞེན་པས་བསྒོམ་པ་ནི་མི་མཁས་པའོ་ཞེས་པའི་དོན་ཏོ། །འོ་ན་མི་བདེན་པའི་དངོས་པོ་སྣང་བ་ནི་དོན་དམ་པ་མ་ཡིན་པ་སྣང་བ་སྟེ་དེ་ལྟ་བུ ་བསྒོཾས་པ་གྲུབ་བམ་ཞེ་ན། དེའི་ཕྱིར་སྒྱུ་ཕྲུལ་ཆེན་པོ་དོན་གྲུབ་པ། ཞེས་གསུངས་ཏེ། སྒྱུ་འཕྲུལ་ནི་བཤད་ཟིན་ཏེ། དོན་ནི་གཉིས་ཏེ། བདག་དང་གཞན་གྱི་དོན་ནོ། །ཡང་ན་དངོས་གྲུབ་གཉི་སོ། །གཞན་ཡང་འབྱུང་བ་རིམ་བརྩེགས་ཀྱིས་ཟད་པར་དང་ཟིལ ་གནོན་འབྱུང་བས་དོ་སྐད་ཅེས་བྱའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ་ཞེས་གསུངས་ཏེ། དགའ་བས་ཞེས་པ་ནི་བདག་གི་དོན་ཏོ། །དགའ་ཞེས་པ་ནི་གཞན་གྱི་དོན་འབྱུང་བ་སྟེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བ་ཞེས་བྱ ་བའི་དོན་ཏོ། །དེ་ཉིད་ཀྱི་མིང་གི་རྣམ་གྲངས་བསྟན་པར་བྱ་བའི་ཕྱིར། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ཞེས་གསུངས་ཏེ། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་དང་འདྲ་བར་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟ་མ་ཡིན་ཏེ། དེ་ཉི་དང་བྲལ་བས་བསོད ་ནམས་བྱས་པར་འགྱུ་རོ། །དངོས་པོ་དང་ཞེད་པ་དང་མ་བྲལ་བས་ནི་གནོད་སྦྱིན་བྱས་པར་འགྱུ་རོ། །ད་ནི་མདོ་རྟོགས་ཀྱི་སྡོམས་ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་པར་བྱ་བའི་ཕྱིར། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ཞེས་བྱ ་བ་ནི་གཞན་དག་ལ་མགོ་གཏོང་བ་དང་མི་གཏོང་བ་ལ་སོག་པ་ཡིན་ལ། དེ་ཡངས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འདོད་པ་ལ་མི་ལྟོས་ཏེ། འདིར་གནས་ཁྱད་པར་ཅན་དུ་སྟན་བདེ་བ་ལ་འདུག་སྟེ། ཀུན་རྫོབ་བྱང་ཆུབ་ཀྱིས་སེཾས། སྔོན་དུ་སོང་བས ་སྐད་ཅིག་གིས་ལྷའི་ང་རྒྱལ་ཅན་དུ་བྱས་ཏེ་སྙིང་གར་སྙིང་གར་ཉི་མ་ལ་ཐུགས་ཀྱི་ཡི་གེ་བལྟ་བར་བྱའོ། །དེ་ནས་མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་བླ་མ་དང་སངས་རྒྱས་སྲས་བཅས་པ་དགུག་པ་འམ་དེ་ཉིད་དུ་བལྟ་བར་བྱ་སྟེ། དེ་ལ་དངོས་པོ་ཀུན་གྱིས་ཕྱག་བྱ་བ་དང། ཕྱི་དང ་ནང་ལ་སོགས་པའི་མཆོད་པས་མཉེས་པར་བྱ་བ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེ་སུ་ཡི་རིང་བ་དང། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། མྱ་ངན་ལས་མི་མདའ་བར་གསོལ་བ་གདབ་པ་དང། གསུམ་ལ་སྐྱབ་སུ་འགྲོ་བ་དང། ལོང། ་སྤྱོད་བཏང་བ་དང། རང་གི་ལུས་བཏང་བ་དང། དེ་ལྟར་དགེ་བའི་རྩ་བ་བསྔོ་བ་ནི་དགེ་བའི་རྩ་བ་བཏང་བ་དང། དེའི་རྗེས་ལ་འོག་ནས་སྟོན་པའི་ཚངས་པའི་གནས་བཞི་དྲན་པར་བྱ་སྟེ། སྔགས་སམ། རིམ་པའམ། ཏི་ངེ་འཛིན་གྱིས་སྟོང་པ་ཉིད་དུ་སྒོམ་པར ་བྱེད་པ་ནི་སྦྱིན་པའོ། །བདག་པོ་ནི་རྣལ་འབྱོར་པ་སྟེ། ཐུན་མོང་གི་མཚན་ཉིད་ཕ་རོལ་ཕྱིན་པ་བཅུའི་བཅུའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤངས་པ། ཁྱད་པར་གྱི་མཚན་ཉིད་དབང་དང་དམ་ཚིག་དང་ལྡན་པའོ། །ཆེན་པོ་ཡང ་ཡིན་ལ་གཙོ་བོ་ཡང་ཡིན་པས་ཆེན་པོ་གཙོ་བོ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་གྱུར་པའོ་ཞེསཱི་དོན་ཏུ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་ཅེས་པ་ནི་ཚུལ་ཁྲིམས་ལ་སོགས་པ་འདི་དག་གཞི་གཅིག་ཏུ་བསྡུ་བ་ནི་ཀུན་ལ་ཤེས་པར ་བྱའོ། །ཛུལ་ཁྲིམས་ནི་དེའི་མི་མཐུན་པའི་ཕྱོགས་སློང་བར་བྱེད་པ་སྟེ། འདིར་ཡང་རྣལ་འབྱོར་པའི་མིན་མཐུན་པའི་ཕྱོགས་བར་ཆད་སྤོང་བར་བྱེད་པ་སྟེ། ཇི་ལྟ་བའི་རིམ་པ་ནི་སྔ་མ་བཞིན་ནོ། །འཆང་བའི་མཆོག་ནི་དེ་ལྟར་བསམ་གཏན་དུ་བྱེད་པ་དེའོ། །བཟོད་ཆེན ་ནི་སྡུག་བསྔལ་དང་དུ་ལེན་པ་སྟེ། བསྲུང་བའི་ཁང་བའི་ནབ་དེར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་ཀྱི་འབྱུང་གནས་ཨེ་ལས་བྱུང་བར་བལྟའོ། །དེར་ཡཾ་རཾ་བཾ་ལཾ་མཾ་རྣམས་ལས་འབྱུང་བ་བཞི་རི་རབ་དང་བཅས་པར་ལྟ་ཞིང་དེར་གཞལ་ཡས་ཁང་མཚན་ཉིད ་ཐམས་ཅད་དང་ལྡན་པ་སྣ་ཚོགས་པད་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དང་ལྡན་པའི་གདན་ཅ་ནོ། །བརྟན་པའི་རྟེན་ནོ། །བརྩོན་འབྲུས་ནི་ལེ་ལོ་ལ་མི་གནས་པར་ལྷའི་སྐུ་བལྟ་བ་སྟེ། དེར་དབྱངས་དང་གསལ་བྱེད་ལས་བྱུང་བའི་ཉི་མ་དང་ཟླ་བ་ཀུན་ནས་ཁྱུ་སྦྱར ་བའི་བར་དུ་ཁམས་གསུམ་པའི་ངོ་བོ་ཨོཾ་ཨཱ(རྒྱུད་འགྲེལ་ཞེས་བ་ནི་བཏང་སྙོམས་ལ་མ་ཞུགས་པར་བཞེངས་པའོ། །བསམ་གཏན་ཆེན་པོ་ནི་རྟོག་པ་དང་དཔྱོད་པ་ལས་འདས་ཏེ་དགའ་བ་དང་བདེ་བའི་ངོ་བོར་གནས་པ་སྟེ། དེ་ཡང་ཁམས་གསུམ་མ་ལུས་པ་ཡི་གེ་གསུམ་དུ་བསྡུས་པ་སྟེ། ཧོ་དམར་པོ་གཉིས ་ཀྱི་བར་གནས་པ་ནམ་མཁའ་ལ་བལྟས་ཏེ། སྐར་མངའ་འཕོ་བའི་རིམས་བས་བདག་ལ་ཐིམ་པས་ཡབ་ཡུམ་ཆགས་པའི་མེ་འབར་བས་སྙོམས་པར་ཞུགས་ཏེ་གཉི་སུ་མེད་པའི་བདེ་བ་ཆེན་པོ་ཐིག་ལེའི་ངོ་བོར་ཞུ་བ་ནི་ཏི་ངེ་འཛིན་དུ་གནས་པའོ། །ཤེས་རབ་ཆེན་པོའི ་ལུས་འཆད་པ་ནི་དེ་ལས་ལྷ་མོ་བཞི་ཆད་དེ། སྔོན་གྱི་ཐུགས་དམ་མ་བརྗེ་པར་སྟོང་པ་ལ་མ་བཞུགས་པར་སེམས་ཅན་གྱི་དོན་ལ་བཞེངས་ཞེས་པའི་གླུས་བསྐུལ་བས་བྲུང་དུ་འཇུག་པའི་སྐུར་བཞེངས་པའོ། །སྟོབས་པོ་ཆེ་ཞེས་པ་ནི་སྟོབས་དང་ལྡན་པར་བྱ་སྟེ། ་དེའི་གནས་གསུམ་བྱིན་གྱིས་བརླབ་པ་དང། ཡེ་ཤེས་སེམས་དཔའ་དང་གཉི་སུ་མེད་པར་བྱ་བའོ། །ཐབས་ཆེ་བཞེས་པ་ནི་དབང་དང་ལྡན་པར་བྱ་བ་སྟེ། ཇི་སྐད་གསུངས་པའི་རིམ་པས་དབང་བསྐུར་བ་དང་རིགས་ཀྱི་བདག་པོས་རྒྱས་བཏབ་པའོ། །ངེའི་རྗེ་སུ་མིག ་ལ་སོགས་པའི་མངོན་པར་ཤེས་པ་དང་ལྡན་པར་བྱ་བའི་ཕྱིར་གཏུ་མུག་རྡོ་རྗེ་ལ་སོགས་བ་དངོན་བའོ། །སྨོན་ལ་ཞེས་པ་ནི་སློང་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། སྤྲོ་བ་དང། བསྡུ་བ་དང། མཆོད་པ་དང། བསྟོད་པ་དང། བདུད་རྩི་མྱང་བ་དང། ངག་གི ་བཟླས་པ་བྱ་བ་རྣམ་སོ། །ཡེ་ཤེས་ཞེས་པ་ནི་ཐིག་ལེ་དང་ཕྲ་མོ་བསྒོམ་བསྒོམ་པ་སྟེ། གཞལ་ཡས་ཁང་ལ་རྡོ་རྗེ་བསྲུང་བ་བསྡུས། དེ་འཁོར་གྱི་ལྷ་ལའོ། །དེ་ཡུམ་ལ་བསྡུས་ཏེ་བདག་ཞེས་རབ་དང་བཅས་པས་ཐབ་མོའི་དོན་སྒོམ་པར་བྱེད་པའོ། །གལ་ཏེ་ལྡང་བར ་མདོང་ནི་རྗེ་སྐད་བཤད་པའི་གཏོར་མས་མཉེས་པར་བྱ་སྟེ། ཡི་གེ་བརྒྱ་པས་བཟོད་པར་གསོལ་བར་བྱ་སྟེ། དེ་དག་གསུམ་གྱི་མ་ཐར་གཞག་པས་ཧ་ཤེགས་པར་བྱས་ཏོ་སྤྱོད་ལམ་གང་བདེ་གནས་པར་བྱའོ། །ད་ནི་བསོད་ནམས་ཀྱི་ཚོགས་ཀྱིས་རྒྱས། ་གདབ་བ་དང། ཚད་མེད་བཞི་ཇི་ལྟར་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། བྱམས་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ཡང་ཡིན་པ་ཆེན་པོ་ཡང་ཡིན་པས་བྱམས་པ་ཆེན་པོ་ཞེས་བྱ་བ་ནི་བདེ་བའི་རྒྱུད་སེམས་ཅན་ཐམས་ཅད་དང ་ལྡན་པར?་འདོད་པའོ། །རང་བཞིན་ཞེས་བྱ་བ་ནི་འདི་བཞི་ཆར་གྱི་རང་བཞིན་ཏེ། དམིགས་པ་དང། རྣམ་པའོ། །དཔག་ཏུ་མེད་ཅེས་པ་ནི་ཚད་མེད་པའི་ཚིག་བཟུང་ངོ། །སྙིང་རྗེ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན ་བས་སྙིང་རྗེ་ཆེད?་བོ་སྟེ། དམིགས་པ་དང་རྣམ་པའི་སྒོ་ནས་སྡུག་བསྔལ་དང་དེའི་རྒྱུ་དང་བྲལ་བར་འདོད་པས་སོ། །བློའི་མཆོག་ཅེས་པ་ནི་དེ་ལྟ་བུ་སྒོམ་པ་པོ་དེ་ནི་ཤེས་རབ་ཆེན་པོ་དང་ལྡན་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་དམིགས་པ་དང་རྣམ་བའི་སྒོ་ནས་དགའ་ ་བ་དང་བཏང་སྙོམས་ཀྱང་ཤེས་པར་བྱའོ། །འདིས་ནི་སྒོམ་བཞི་ཤེས་པར་བྱའོ། །ཡང་ན་མཆོག་ཅེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་བྱས་པའོ། །ད་ནི་རྡོ་རྗེ་ཐེག་པའི་ཐབས་ཀྱི་ཆེ་བའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཤེས ་རབ་ཆེན་པོ་བློ་ཡི་མཆོག། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཆེན་པོ་ཞེས་པ་ནི་དེ་ལྟར་སྒོམ་པའི་གང་ཟག་དེའི་ཕྱིར་འདི་དང་ཕ་རོལ་གཉིས་ཀར་སེམས་ཅན་གྱི་དོན་བྱེད་པས་ན་ཤེས་རབ་ཆེན་པོའོ། །སྐུ་གསུམ་ལམ་དུ་བྱེད་པ་ནི ་བློའི་མཆོག་སྟེ་གང་ཟག་གི་ཆེ་བའོ། །མཁས་པ་ཆེན་པོ་ཞེས་པ་ནི་དགེ་བའི་བཤེས་གཉེན་ཏེ། དངོས་གྲུབ་གཉིས་བསྒྲུབ་པའི་ཐབས་ལ་མཁས་པའོ། །ཐབས་ཆེ་བ་ཞེས་པ་ནི་ཐབས་མང་བའམ། ཡང་ན་ཉོན་མོངས་པ་ཉིད་ལམ་དུ་བྱེད་པའི ་ཕྱིར་ཏེ་ཐབས་ཆེ་བའོ། །རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཞེས་པ་ནི་རྫུ་འཕྲུལ་ཡང་ཡིན་པས་རྫུ་འཕྲུལ་ཆེན་པོ་སྟེ། དེ་ལྟར་བླ་མ་དང་སློབ་མའི་ནུས་པས་ཉོན་མོངས་པ་སྐད་ཅིག་ལ་སྤོང་བ་དང་ཡེ་ཤེས་སྐད་ཅིག་ལ་སྐྱེ་བས་ན་རྫུ་འཕྲུལ ་ཆེན་པོའོ། །ཡང་ན་བསྐྱེད་པ་དང་རྫོགས་པ་སེམས་ཀྱི་རྣམ་པར་འཕྲུལ་པ་ལ་སྦྱོད་པ་དང། རྫུ་འཕྲུལ་ཆེན་པོས་སེམས་ཅན་གྱི་དོན་བྱེད་པས་སོ། །སྐད་ཅིག་གིས་བདག་དང་གཞན་འཁོར་བ་ལས་འདོན་པས་སྟོབས་དང་ལྡན་པའོ། །ཤུགས་ཆེན་མགྱོཊ ་པ་ཆེན་པོ་སྟེ། ཞེས་པ་ནི་ཤུགས་ནི་རྩལ་ཏེ་ཉོན་མོངས་གཅོད་པའོ། །མགྱོགས་པ་ནི་ཚེ་གཅིག་གིས་འབྲས་བུ་ཐོབ་པ་སྟེ། ལམ་མྱུར་བའི་ཆེ་བའོ། །འབྲས་བུའི་ཆེ་བ་བསྟན་པའི་ཕྱིར། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། ཞེས་གསུངས་ཏེ། དེ་ལྟ་བུའི་ལམ་ཁྱད་པར ་ཅན་གྱི་འབྲས་བུ་མྱུར་བར་འབྱིན་པས་ན་རྫུ་འཕྲུལ་ཆེན་པོའོ། །གྲགས་པ་ཞེས་པ་ནི་རང་དང་གཞན་གྱི་གྲུབ་མཛའ་ལ་གྲགས་པའོ། །སྟོབས་ཆེ་ཞེས་པ་ནི་འབྲས་བུ་ལྷའི་རྣལ་འབྱོར་གྱིས་སེམས་ཅན་རྗེས་སུ་འཛིན་པའོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཟིལ ་གྱིས་གནོན་པའོ། །ཡེ་ཤེས་སྟོབས་ཆེ་བར་བསྟན་པའི་ཕྱིར། སྲིད་པའི་རི་བོ་ཆེན་པོ་འཇོམས། ཞེས་གསུངས་ཏེ། སྲིད་པ་ནི་སྲིད་པ་གསུམ་སྟེ་རི་བོ་དང་འདྲ་བས་རི་པོའོ། །ཇི་ལྟར་རི་བོ་ཆེན་པོས་ནོན་པ་ནི་ཐར་མེད་པའོ། །ཡང་ན་སྲིད་བ་ནི་ཆུ་བོ་བཞི་སྟེ། ཟབ་པ་དང ་རྒྱ་ཆེ་བ་དང། རྒྱུན་མི་འཆད་བ་དང། རྒལ་བར་དཀའ་བ་ཞེས་བྱ་བའི་དོན་ཏོ། །དེ་འཇོམས་པས་ན་འཇོམས་པའོ། །དཔེ་ཇི་ལྟ་བུ་སྙམས་པ་ལ། མཁྲེགས་ཤིང་ཞེས་པ་ནི་ས་བ་དང། བརྟན་པ་ལ་སོགས་པ་ཆོས་བདུན་དང་ལྡན་པའོ། །དེ་གང་སྙ?་པ་ལ། དོ་ཆེན་པོ་སྟེ། རྡོ་རྗེ ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་ཐེག་པའོ། །དེས་ན་སྲ་ཞིང་མཁྲེགས་པའི་རྡོ་རྗེ་ཐེག་པ་དེས་སྲིད་པའི་རི་བོ་འཇོམས་པའོ། །དྲག་པོ་ཞེས་པ་ནི་རུ་དྲ་ཡིན་ལ། ཆེན་པོ་དྲག་ཤུལ་ཆེ། ཞེས་པ་ནི་ཞལ་བཞི་ཕྱག་བཅུ་གཉིས་པ་ལ ་སོགས་པའི་སྐུའི་ཁྲོ་བོ་ཕྱག་མཚན་དང་བཞུགས་ཚུལ་ཤིན་ཏུ་མི་བཟད་པ་ངེས་འཇོམས་པའོ། །ཇི་ལྟར་མེད་དང་ཤིང་གི་ཕུང་པོ་བཞིན་ནོ། །འཇིགས་ཆེན་ཞེས་པ་ནི་དམྱལ་བ་ལ་སོགས་པ་སྟེ། དེ་དག་གི་ཚེའི་ཚད་དང་ལུས་དང་སྡུག་བསྔལ་དག་ཐོས ་པའམ་བྲིས་པ་དག་མཐོང་ཡང་འཇིགས་པར་འགྱུར་ན། ཉིད་ཐོབ་ན་ཅིའི་ཕྱིར་འཇིགས་པར་མི་འགྱུར་ལ། དེའི་ཕྱིར་དེའི་རྒྱུ་དང་འབྲས་བུར་བཅས་པ་ནི་འཇིགས་པ་སྟེ། དེ་འཇོམས་པར་བྱེད་པའོ། །མགོན ་པོ་ནི་རྡོ་རྗེ་ཐེག་པ་སྟེ། གང་གིས་དེ་རིག་པ་ནི་མཆོག་ཆེན་པོའོ། །ཡང་ན་མགོན་པོ་ནི་འབྲས་བུའོ། །རིག་པ་ནི་རྟེན་གྱི་གང་ཟག་གོ་།མཆོག་ནི་རྡོ་རྗེ་ཐེག་པ་སྟེ་ལམ་མོ། །ཆེན་པོ་ཞེས་པ་ནི་དེའི་མཐུ་སྟེ། དེས་དེ་སྤྱད་པས་དེ་འབྱུང་བ་ཞེས་བྱ ་བའི་དོན་ཏོ། །དེ་གང་སྙམ་པ་ལ། བླ་མ་གསང་སྔགས་ཆེ་བའི་མཆོག་ཅེས་གསུངས་ཏེ། འདིའི་གོང་ན་ལམ་ཁྱད་པར་ཅན་གཞན་མེད་བས་བླ་མའོ། །དེའི་ཕྱིར་གསང་སྔགས་ཆེ་བའི་མཆོག་གོ་།ཡང་ན་བླ་མ་ནི་བླ་མའོ། །དེ་ལ་རག་ལས་པའི་སྒོ་ནས་འབྱུང་བས ་ན་དེ་སྐད་ཅེས་བྱའོ། །དེ་ལྟ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤང་བྱ་ཡིན་ནམ་སྙམ་པ་ལ། ཐེག་པ་ཆེན་པོའི་ཚུལ་ལ་གནས་ཞེས་གསུངས་ཏེ། གོང་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མིང་མི་འགལ་བར་གསུངས་པས་ནའོ། །འོན་ཀྱང་འདི་ནི་བགྲོད་པའི་ཆོས་སོ། །ཐེག ་པ་ཆེན་པོའི་ཆུལ་གྱི་མཆོག། ཅེས་པས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་བཞི་གཅིག་ལ་དུས་གཅིག་ཏུ་སྤྱོད་པས་ན་ལྡན་པའི་ཆོས་ཏེ་མཆོག་ཅེས་བྱའོ། །ཅིག་ཤོས་ལྟར་བསྐལ་བ་གྲངས་མེད་པ་གསུམ་ལ་སོགས་པས་ནི་མ་ཡིན་ནོ། །དེ་དག་གིས་ནི་བྱང་ཆུབ ་སེམས་རྡོ་རྗེ་བཤད་ཟིན་ཏོ།། །།དེ་ན་དེ་ལྟར་ཐབས་ཆེ་བས་འབྲས་བུ་གཟུགས་ཀྱི་སྐུ་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ལ་སོགས་པ་མི་མཐུན ་པ་རྣམས་ནི་སྤངས་པ་དང། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སོགས་པ་ཡེ་ཤེས་རྣམས་རྒྱས་པའི་ཕྱིར་སངས་རྒྱས་སོ། །ཇི་སྐད་བཤད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་མཆན་དང་དཔེ་བྱད་དང་ལྡན་བའི་རྣམ་པར་སྣང་མཛད་གང་ཆེན་མཚོ་ཞེས ་བྱ་བའི་མིང་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཡིན་ལ། ཁོ་བོ་ཅག་ནི་རྣམ་པ་ཞེས་པ་ནི་གསལ་བ་སྟེ། འོད་གསལ་བ་སྟེ། འོད་གསལ་ཆོས་ཀྱི་དབྱིངས་རྣམ་པར་དག་བའི་ཡེ་ཤེས་ཡིན་ལ། སྣང་བྱེད་ཅེས་པ་ནི་དེར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་དུ ་སུ?་བ་ནི་ཆེན་པོ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཁྱད་པར་དུ་གྱུར་པ་དབྱེར་མེད་པའི་སྐུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རྣམ་པར་སྣང་མཛད་པའོ། །སྦྲུལ་བའི་སྐུའི་ཁྱད་པར་ཇི་ལྟ་བུ་སྙམ་བ་ལ། ཐུབ་བ་ཆེན་པོ་ཐུབ་ཆེན་ལྡན་ཞེས ་གསུངས་ཏེ། ཐུབ་པ་ཆེན་པོ་ཞེས་པ་ནི་སྤྲུལ་བའི་སྐུར་གྲགས་པ་ཆགས་བྲལ་གྱི་གཟུགས་འཛིན་པ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཅན་ནོ། །འདིར་ནི་ཐུབ་པ་ཆེན་པོ་སྟེ། སྤྲུལ་སྐུ་ཁྱད་པར་དུ་གྱུར་པ་དྲེགས་པ་ཅན་ཚར ་གཅད་པའི་ཕྱིར་རྣམ་པ་སྐུའི་ཁྲོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ་ལ་སོགས་པ་རང་གི་ཤེས་རབ་དང་གཉིས་སུ་མེད་པ་སྐུ་མདོག་དང་ཕྱག་འཚན་དང་བཞུགས་ཚུལ་ལ་སོགས་པ་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་སྤྲུལ་པ་གང་གཱ་འི་བྱེད་མ་སྙེད་སྤྲུལ་བདག་གོ་།ངོ་བོ ་ནི་ཟུང་དུ་འཇུག་བའི་སྐུའོ། །གལ་ཏེ་དེ་རྡོ་རྗེ་ཐེག་པའི་གཞུང་འདིར་ཐུབ་པ་ཆེན་པོ་ཞེས་གསུངས་སུ་ཟིན་ཀྱང། རང་གི་གཞུང་ལ་དེ་ལྟ་བུ་མ་གྲགས་སོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་དུ་ལས། ཨོ་ཏདྱ་ཐཱ། མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱཧཱ། ཞེས་གསལ་པོ་ཉིད་དུ་གསུངས ་པའི་ཕྱིར་རོ། །ད་ནི་ལམ་གྱི་ཁྱད་པར་བསྟན་པའི་ཕྱིར། གསང་སྔགས་ཚུལ་ཆེན་ལས་བྱུང་བ། ཞེས་པ་ལ་སོགས་པ་གསུངས་ཏེ། གསང་བ་ཞེས་པ་ནི་གསང་སྔགས་སུ་བྱེད་པ་སྟེ། གནས་དང་སྟོན་པ་དང་ཆོས་དང་རྫས་ལ་སོགས་པ་སྐལ་པ་དང་མི་ལྡན་པ་ལ་གསང་བའི ་ཕྱིར་རོ། །སྔགས་ཞེས་པ་ནི་ཡིད་སྐྱོབ་བ་སྟེ། དེ་བས་ན་དེའི་ཚུལ་ལུགས་སམ་ལམ་ལས་དེ་ལྟ་བུ་འབྱུང་བའི་ཕྱིར་ཆེན་པོའོ། །ལས་བྱུང་བ་ཞེས་པ་ནི་གཉིས་སུ་མེད་པ་ལས་འབྲས་བུ་གཉིས་སུ་མེད་པ་འབྱུང་ཞེས་པའི་དོན་ཏོ། །དེའི་ཕྱིར་གསང་སྔགས་ཚུལ་ཆེན ་བདག་ཉིད་ཅན། ཞེས་གསུངས་ཏེ། ལམ་དང་འབྲས་བུ་གཉིས་སུ་མེད་པ་ལས་བྱུང་བས་ན་བདག་ཉིད་ཅན་ཏེ་བདག་ཉིད་གཅིག་པ་ཞེས་བྱ་བའི་ཐ་ཚིག་གོ་། ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྒྲ་དོན་བཤད་པར་བྱ་སྟེ། དེའི་ཕྱིར། ཕ ་རོལ་ཕྱིན་བཅུ་ཐོབ་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕ་རོལ་ཕྱིན་བཅུ་ནི་འདི་ལྟ་སྟེ། སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ཐབས་དང། སྟོབས་དང། སྨོན ་ལམ་དང། ཡེ་ཤེས་སོ། །ཐོབ་པ་ཞེས་པ་ནི་ཐོབ་པ་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ཞེས་བྱ་བ་ལ་སོགས་པ་འོག་ནས་སྟོན་ཏོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས་ཞེས་པ་ནི་བརྗོད་ཟིན་ཏོ། །གནས་ཞེས་པ་ནི་གནས་པ་ལཾ ་སྟེ། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་ཞེས་པ་ལ་སོགས་པ་ལམ་བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ། །སྔར་བཤད་ཟིན་ཏོ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། ཞེས་པ་ནི་དག་པ་རང་བཞིན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དག་པ་དེ་ཇི་ལྟར་སྙམ་པ་ལ། ཇི་སྐད་བཤད ་པའི?་ཕ་རོལ་ཏུ་ཕྱིན་པར་ལམ་ལྔ་དང་ས་བཅུ་བགྲོད་པས་འབྲས་བུ་སྐུ་གསུམ་ཞེས་བཤད་པ་དེ་འདིར་དག་པ་འམ་ལྡན་པ་སྟེ། རིག་པའི་ཕོ་ཉ་མོ་འམ། དབྱངས་ཀྱི་བོ་ཉ་མོ་ལ་བརྟེན་ནས་སྐུ་གསུམ་གྱི་ངོ་བོ་ཉིད་ཀྱིས་རང་བཞིན་གྱི་འཁོར་ལོ་བཞིའམ ་དྲུག་ལུས་ལ་གནས་ཏེ། སྤྱི་བོ་གཙུག་ཏོར་གྱི་འཁོར་ལོར་རྩ་འདབ་མ་བརྒྱད་པའོ། །བདེ་བ་ཆེན་པོའི་འཁོར་ལོར་ཕྱིའི་འདབ་མ་སུམ་ཅུ་རྩ་གཉིས་བ་ནང་འདབ་མ་བརྒྱད་དོ། །ལོངས་སྤྱོད་ཀྱི་འཁོར་ལོར་ཕྱིའི་འདབ་མ་བཅུ་དྲུག་པ་ནང་འདབ་མ་བརྒྱད་པའོ། ། ་ཆོས་ཀྱི་འཁོར་ལོར་ཕྱིའི་འདབ་མ་དང་ནང་གི་འདབ་མ་བརྒྱད་པའོ། །དེ་ལ་བླ་མ་དམ་པའི་ཞལ་གྱི་གདམས་ངག་གིས་རིག་པའི་ཕོ་ཉའི་རིམ་པ་འམ། དབྱིངས་ཀྱི་ཕོ་ཉའི་རིམ་པས་བྱང་ཆུབ་ཀྱི་སེམས་སྤེལ་བ་དང་སྤྲོ་བ་བྱས་ཏེ་སླར་བསྡུས་ཏེ་བདེ་བ་ཆེན་པོ ་བཀད་ནས་སྐུ་གསུམ་གྱི་ངོ་བོ་འཁོར་ལོ་གསུམ་གྱི་ནང་འདབ་མ་ཁེངས་པར་བྱེད་པའི་རིམ་པས་དག་པའི་ལྡན་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ལོངས་སྤྱོད་ཀྱི་འཁོར་ལོའི་ནང་གི་ཤར་དང་བྱང་ཁེངས་པས་ནི་སྦྱིན་པ་ལ་སོགས་པ་དག་པའོ། །ནུབ་དང ་ལྷོ་གང་བས་ནི་ཚུལ་ཁྲིམས་ལ་སོགས་པའོ། །དེ་ནས་ཆོས་ཀྱི་འཁོར་ལོའི་ཤར་དང་བྱང་གང་བས་ནི་བཟོད་པ་ལ་སོགས་པའོ། །ནུབ་དང་ལྷོ་གང་བས་ནི་བརྩོན་འགྲུས་ལ་སོགས་པའོ། །ཤར་དང་ལྷོ་དང་ནུབ་གང་བས་ནི་བསམ་གཏན་ལ་སོགས་པའོ། །ནུབ་དང ་ཤར་དང་བྱང་གིས་ནི་ཤེས་རབ་ལ་སོགས་པའོ། །སྤྲུལ་བའི་འཁོར་ལོའི་ཤར་དང་བྱང་གིས་ནི་སྟོབས་ལ་སོགས་པའོ། །ལྷོ་དང་ནུབ་ནི་ཐབས་ལ་སོགས་པའོ། །ཤར་དང་ལྷོ་དང་ནུབ་ཀྱི་ནི་སྨོན་ལམ་སོགས་པའོ། །ནུབ་དང་ཤར་དང་བྱང་གིས་དང། ་ཤར་གྱིས་ནི་ཡེ་ཤེས་ལ་སོགས་པ་དག་པ་འམ་ལྡན་པའོ། །གཞན་ཡང་དེའི་ནུས་པས་ལུས་རྗེས་སུ་དྲན་པ་དང། ཚོར་བ་རྗེས་སུ་དྲན་པ་དང། ཆོས་དང། སེམས་དང། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང། བརྩོན་འགྲུས་དང། དཔྱོད་པ་དང། སེམས་དང། དགེ ་བའི་ཆོས་མ་སྐྱེས་པ་སྐྱེད་བ་དང། སྐྱེས་པ་འཕེལ་བར་བྱེད་པ་དང། མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང། མ་སྐྱེས་པ་མི་སྐྱེད་པ་རྣཾས་ནི་ཚོགས་ཀྱི་ལམ་མོ། །དད་པའི་དབང་པོ་དང། བརྩོན་འགྲུས་དང། །དྲན་བ་དང། ཏིང་ངེ་འཛིན་དང། །ཤེས་རབ་ཀྱི་དབང་པོ་དང། དད་པའི་སྟོབས་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན ་དག་ཤེས་པར་ཀྱི་སྟོབས་རྣཾས་ནི་སྦྱོར་བཱི་ལམ་མོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཆོས་རྣམ་པར་འབྱེད་པ་དང། དྲན་པ་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཐོང་བའི་ལམ་མོ། །ཡང ་དག་པའི་ལྟ་བ་དང། རྟོག་པ་དང། བརྩོན་འགྲུས་དང། ལས་ཀྱི་མཛའ་། འཚོ་བ་རྩོལ་བ། དྲན་པ། ཡང་དག་པའི་ཏིང་ངེ་འཛིན་རྣམས་ནི་བསྒོམ་པའི་ལམ་དུ་བསྡུའོ། །སྐུ་གསུམ་ནི་མཐར་ཕྱིན་པའི་ལམ་ལ་བསྡུའོ། །དེ་ལྟར་ན་དག་པ་རང་བཞིན་གྱི་ཕ་རོལ ་ཏུ་ཕྱིན་པ་ཉིད་དོ། །ཕ་རོལ་ཕྱིན་པ་བཅུའི་ཚུལ་མན་ངག་གི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །མགོན་པོ་ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་གད་གནས་སྙམ་པ་ལ། །ས་བཅུ་ལ་ནི་གནས་པ་པོ་ཞེས་གསུངས་ཏེ། ས་བཅུ་ནི་རབ་ཏུ་དགའ་བ་དང། ་དྲི་མ་མེད་པ་དང། འོད་བྱེད་པ་དང། འོད་འཕྲོ་བ་དང། སྦྱང་དཀའ་བ་དང། མངོན་དུ་གྱུར་བ་དང། རིང་དུ་སོང་བ་དང། མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྤྲིན་ཞེས་བྱ་བ་རྣམས་སོ། །གནས་པ་པོ་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོའི ་རིམ?་པ་ནི་ས་བཅུ་ཡིན་ལ། བདེ་བ་ཆེན་པོའི་འཁོར་ལོར་ཧཾ་གི་རྣམ་པ་ནི་གནས་སོ། །ཤེས་བཅུ་ཞེས་པ་ན་སྡུག་བསྔལ་ཤེས་པ་དང། ཀུན་འབྱུང་ཤེས་པ་དང། ལམ་དང། འགོག་པ་དང། ཟད་པ་དང། མི་སྐྱེ་བ་དང། ཆོས་དང། རྗེས་སུ་རྟོགས་པ་དང། ཀུན་རྫོབ ་དང་སྒྲ་ཇི་བཞིན་མ་ཡིན་པ་ཤེས་པ་རྣམས་སོ། །རྣམ་དག་ནི་བྱང་ཆུབ་སེམས་འགེངས་པའི་རིམ་པས་སོ། །བདག་ཉིད་ཅན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ན་ཤེས་བཅུ་རྣམ་པར་དག་པ་ནི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་ཤིང་གང་བས་འཆང་བ་འམ ་འཛིན་པའོ། །དེས་ནས་བཅུ་ནི་བཤད་པ་དང། འཆང་པའོ། །དོན་བཅུའི་དོན་ནི་དེ་དག་ཀུན་བྱང་ཆུབ་སེམས་སུ་དག་པས་དོན་ཏོ། །ཐུབ་བའི་དབང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། ལས ་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང། མོས་པ་སྣ་ཚོགས་མཁྱེན་པ་དང། ཁམས་སྣ་ཚོགས་མཁྱེན་པ་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང། བསམ་གཏན་དང་བསམ་གཏན ་མ་ཡིན་པ་མཁྱེན་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང། འཆི་འཕོ་བ་དང། སྐྱེ་བའི་གནས་མཁྱེན་པ་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས། །དེ་དག་མངའ་བ་དེ་དག་ལ་ཡང་བྱང་ཆུབ་ཀྱི་ཁྱབ་པས་ན་བདག་ཉིད་དོ། །དེས་ཅི་བྱེད་སྙམ་པ ་ལ་ཀུན་གྱི་དོན་ནི་མ་ལུས་བྱེད། ཅེས་གསུངས་ཏེ། ཀུན་ཅེས་པ་ནི་རྣམ་པ་དེ་རྣམས་སོ། །དོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །མ་ལུས་ཞེས་པ་ནི་བཤད་པ་དང་འཆད་པའི་རྣམ་པས་སོ། །བྱེད་པ་ནི་གཉིས་སུ་མེད་པར་ཞེས་པའི་དོན་ཏོ། །རྣམ་བཅུ་དབང་ལྡན་ཞེས ་དེ?་ཚིག?་དབང་བ་དང། སེམས་ལ་དབང་བ་དང། ཡོ་བྱད་དང། ལས་དང། སྐྱེ་བ་དང། རྫུ་འཕྲུལ་དང། མོས་པ་དང། སྨོན་ལམ་དང། ཡེ་ཤེས་དང། ཆོས་ལ་དབང་བ་རྣམས་སོ། །ཆེ་བཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བ་བསྟན་པ་རྣམས་སོ། །དེ་ནས་དེ་དག་གི་ངོ་བོ ་བསྟད་པའི་ཕྱིར། ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་ནི་སྔ་མ་སྟེ་རྣམ་པའོ། དེའི་ཐོག་མ་ནི་བྱང་ཆུབ་ཀྱི་སེམས་སོ། དེ་?་མར་གྱུར་པ་མེད་པའི་ཕྱིར་ཐོག་མ་མེད་པའོ། །གལ་ཏེ་ཡོད་ན་སྤྲོས་པར་འགྱུར་པས་དེའི་ཕྱིར་དེ་ལ་སྤྲོས་མེད ་བདག་ཅད་གསུངས་སོ། །དེ་བཞིན་ཉིད་བདག་ཅེས་པ་ནི་སྔ་མ་བཞིན་ཏེ་དག་པའོ། །བདག་ཉིད་ཅེས་པ་རྣམ་པ་དང་མར་མེ་དང་སྣང་བ་ལྟ་བུ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཡང་ན་ཐོག་མཐས?་མེད་པ་ཞེས་པ་ནི་སྐྱེ་བ་འགག་པ་གནས་པ་གསུམ་མེད་པས་ན་དེ་སྐད ་ཅེས་བྱེད?་།ཡང་ན་ཐོག་མར་ནི་རྒྱུ་ཡིན་ལ་དེ་དག་པ་སྣང་བ་ལྷའི་དཀྱིལ་འཁོར་གྱི་བདག་ཉིད་དོ། །ད་ནི་དག་པ་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར། བདེན་པར་སྨྲ་ཞེས་པ་ལ་སོགས་པ་གསུངས་ཏེ། དག་པ་ཁོང་དུ་ཆུད་པ་དེས་ལུས། གཏོང་པ་ན་ཡང ་སྡུག་བསྔལ་མེད་ལ། གཞན་དག་གིས་ཀྱེ་མ་ཁྱོད་ལུས་བཏང་བའི་སྡུག་བསྔལ་འདིས་འགྱོད་པར་མ་གྱུར་ཏམ་ཞེ་ན། མ་གྱུར་ཅེའོ། །འོ་ན་ཁྱོད་ལ་ཚད་མ་ཅི་ཡོད་ཅེ་ན། དེ་ལྟར་ན་སྡུག་བསྔལ་བར་འགྱུར་ལ། གལ་ཏེ་ཆོག་དོན་བདེན་ན་ནི་དེའི་མཐུས་སྔ་མ་ཞེས་པ་ནི་དག་པ་དེ ་རྗོད་མ་ཐག་ཏུ་འགྱུར་བའོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། ཅེས་པ་ནི་ཇི་ལྟར་ཤཱ་ནྟི་ཀུ་རུ་ལ་སོགས་པས་ཞི་བ་ལ་སོགས་པར་འགྱུར་པ་ལྟར་རོ། །གཉིས་ཞས་པ་ནི་དག་པའི་སྒོ་ནས་གདུལ་བྱ་བདུལ་བའོ། །གཉིས་སུ་མེད་པར་སྟོན་ནས་པ་ཨི ་དེ་དག་ཀྱང་དག་པ་ལ་འཛུང་པ་སྟེ། ཇི་ལྟར་བརྔ?་ལ་ཤེད་མ་བྱེ་པ་བྱིས་པ་དག་ལ་བརྩེ་བའི་སེམས་ཀྱིས་ཕ་མས་བུ་རམ་སྦྱིན་པར་འདོད་པས་ཁར་བུ་རམ་བཅུག་ཀྱང་ཟ་བར་མི་བྱེད་ལ། དེའི་རོ་མྱོང་བར་བྱ་བའི་ཕྱིར་དྲག་ཤུལ་གྱིས་འཇུག་པར་བྱེད་དོ། །དེས་དེའི་རོ་མྱོད ་ནས་དེ་ལ་རྩོལ་བ་མ་བྱས་བར་སྤྱོད་པ་བཞིན་ནོ། །ཡང་དག་མཛའ་ལ་རྣམ་པར་གནས་ཞེས་པ་ནི་གནས་ནས་ཕྱིར་དྲོལ་བ་རྣམས་ཚར་གཅོད་པར་བྱེད་ནུས་ཞེས་པའོ། །ཡང་ན་རང་བཞིན་དག་པ་དེ་ཁོང་དུ་ཆུད་ནས་ཡང་དག་པའི་མཛའ་ལ ་གནན་བའོ་ཞེས་བྱ་བའི་དོན་ཏོ། །དེས་ཅི་བྱེད་སྙམ་བའོ། བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཟག་དང་ཆོས་ཀྱི་བདག་མེད་པ་ནི་བདག་མེད་པ་སྟེ་དག་པའོ། །དེའི་སྒྲ་བསྒྲགས་ན་བདག་ཏུ་ལྟ་བ་ཅན་མུ་སྟེགས་ལ་སོགས་པ་ཚར་གཅོད་བར་བྱེད ་ཅིང?་??་སྟོངས་ཀྱིས་རང་གི་བསྟན་པ་ལ་འགོད་བའོ། །དེའི་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱིར། སེང་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་བླའོ། །ཀུན་དུ་འགྲོ་བའི་དོན་ཡོད་སྟོབས། །ཞེས་པ་ནི་ཕྱོགས་ཀུན་དུ་འགྲོ་བ་ཉིད་དོ། །དོན་ཡོད་ཅེས་པ་ནི་འགྲོ་བ ་ཡང་དག་དང་མི་འབྲལ་ཞིང་དེའི་ངོ་བོ་ཉིད་དོ། །ཡང་ན་དག་པ་དང་ལྡན་པ་དེ་ལུས་དང་དག་དང་ཡིད་ཀུན་དུ་འགྲོ་བ་ཡང་འགྲོ་བ་དོན་མེད་པ་མ་ཡིན་ཏེ། དོན་ཡོང་པས་ན་དོན་ཡོད་སྟོབས་སོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། ཞེས་པ་ནི་སྟོབས་ཞེས ་དགོམས་བའི་འགྲོས་ཏེ། དེ་བཞིན་གཤེགས་པའི་མཐུ་ལྟར་མགྱོགས་པའོ། །དེ་བཞིན་གཤེགས་པའི་ཐུགས་ནི་མཁྱེན་བའི་སྐད་ཅིག་ལ་ཨར་འོས་བའི་ཚིག་སྟེ། ཉན་ཐོས་པ་སོགས་པ་ལ་བདེན་པ་བཞི་ལ ་དེས་ཏོན་མོངས་པ་བཅོམ་བས་སོ། །རྣམ་རྒྱལ ་ཞེས་པ་ནི་ཉོན་མོངས་པ་ཉིད་ལམ་དུ་བྱས་པའོ། །དེའི་ཕྱིར་དགྲ་པས་རྒྱལ་ཞེས་བྱའོ། །དེའི་མཐུན་དཔེ་གསུམ་པ། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ་ཞེས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་བོས་གླིང་བཞི་པོ་ཀུན་བཏུལ་ནས་རང་གི་འབངས་སུ་བྱས་བས་ན་སྟོབས ་ཆེ་བའོ། །དཔེའི་རྣམ་གྲངས་གཞན་བསྟན་པ། ཚོགས་ཀྱི་སྤོབ་ན?་སོགས་ཀྱི་མཆོག་ཅེས་གསུངས་ཏེ། ཚོགས་ནི་མིའི་ཚོགས་སོ། །དེའི་སློབ་དཔོན་ཞེས་པ་ཨི་དེ་རྣམས་བཏུལ་ནས་རང་གི་སློབ་མ་??་??་ན་ཚོགས་ཀྱི་མཆོག། །ཡང་ན་ཚོགས་ནི་སྣང་བའོ། ། ་དེའི་སློབ་དཔོན་ནི་དགོངས་ཏེ་འདུག་ཅིང་འཇོམས་པའི་ཕྱིར་རོ། །དེས་ན་ཚོགས་ཀྱི་མཆོག་གོ། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན་ཞེས་བ་ནི་རྗེ་བོ་དང། བདག་པོ་དང། དབང་ཕྱུག་ནི་མིང་གི་རྣམ་གྲངས་སོ། །མཐུ་ཆེན་གཅེས་པ་འཛིན་པ་སྟེ། ཞེས་པ་ནི་ཉོན་མོངས་པ་སྐད་ཅིག ་ལ་འཇོམས་པས་ན་མཐུ་ཆེ་བའོ། །གཅེས་པ་ནི་དག་པ་སྟེ་སྣོད་ཡིན་ཞེས་པའི་དོན་ཏོ། །ཡང་ན་རང་ལ་མི་ཚུགས་ཤིང་གཞན་ཟིལ་གྱིས་གནོན་པས་ན་མཐུ་ཆེན་ཞེས་བྱའོ། །འཛིན་པ་ནི་དག་བ་དང་ལྡན་པའི་རྣལ་འབྱོར་པའོ། །དེའི་ཕྱིར། ཚུལ་ཆེན་གཞན་གྱི་དྲིང ་མི་འཇོག?་??་??་ཏེ་།རྡོ་རྗེ་ཐེག་པའི་ཚུལ་འདིར་དག་པ་དང་ལྡན་པའི་ཐེག་པ་གཞན་ལ་རག་མ་ལུས་པ་སྟེ། ཚུལ་མན་ངག་དང་དབ་པའི་རང་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གནས་པའི་ཕྱིར་བསྐལ་བགྲངས་མེད་པར་ས་དང་ལམ་བགྲོད་མི་དགོས་ཞེས་བྱ ་??་??་ཚིག?་??་ཆིག་བདག་སྨྲ་མཁས་བ། ཞེས་བྱ་བ་ནི་ཚིག་རྣམས་ཀྱི་རྗེ་བོ་དང་བདག་པོ་ནི་དག་པ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །སྨྲ་མཁས་པ་ནི་དག་པ་དེ་སྨྲ་བས་སེམས་ཅན་དབུགས་འབྱིན་པའོ། །ཚིག་ལ་དབང་བ་ནི་གང་སྨྲས་པ་དེ་འགྲོ་བ ་གཞན་ཉན་པའོ། །ཆིག་མཛའ་ཡས་ཞས་པ་ནི་གང་ལ་གང་བསྟན་པར་འོས་བའི་ཚིག་སྟེ། ཉན་ཐོས་པ་སོགས་པ་ལ་བདེན་པ་བཞི་ལ་སོགས་པ་སྟོན་པའོ། །ཚིག་བདེན་བར་སྨྲས་བས་དོན་བདེན་པར་གྱུར་བ་ན་ཚིག་བདེན་པར་སྨྲ་བའོ། །ཚིག་མཛའ་ཨོ་ཡས་ཞེས་པ་དེ་ཉིད་གང་སྙམ་པ་ལ། བདེན་པ་བཞི་ནི་སྟོན་པ་པོ། ཞེས་བྱ་བ་གསུངས་ཏེ། བདེན་བ་བཞིན་ནི་སྡུག་བསྔལ་དང། ཀུན་འབྱུང་དང། འགག་པ་དང། ལམ་མོ། །སྟོན་པོ་ཞེས་པ་ནི་དག་པ་དང་ལྡན་པ་དེས་ཉན་ཐོས་ལ་སོགས་པ་རྣམས་ལའོ ་དེས་ཅིར་འགྱུར་ན། ཕྱིར་མི་ལྡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་གྱི་འབྲས་བུ་ཕྱིར་འོང་བ་དང། ཕྱིར་མི་འོད་བ་དང། དགྲ་བཅོམ་པ་ཞེས་བྱ་བའི་འབྲས་བུ་འབྱིན་བའི་ཕྱིར་རོ། །དེ་འབའ་ཞིག་གམ་སྙམ་པ་ལ། བདྲན་པར་རྒྱལ་ཏེ། འོག་ན? ་སྟོན་པའི་ཡན་ལག་བཅུ་གཉིས་བསྟན་པས་དེའི་འབྲས་བུ་བསེ་རུ་ལྟ་བུ་དང། ཚོགས་ན་སྤྱོད་པ་འབྱུང་བའོ། །དེར་མ་ཟད་དེ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ་ཞེས་གསུངས་ཏེ། མདོར་ན་ཐེག་པ་གསུམ་གྱིས་བསྡུས་པའི་ངེས་འབྱུང ་སྣ?་ཚོགས་སོ། །ལས་བྱུང་བ་ཞེས་པ་ནི་རྣམ་པར་དག་པ་འདི་ལས་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་པ་ལ། འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། ས་དང་ཆུ་དང་མེ་དང་རླུང་ངོ། །རྒྱུ་གཅིག་པོ་ཞེས་པ་ནི་རྣམ ་པ་དག?་བྱང་ཆུབ་ཀྱི་སེམས། །དགེ་སློང་དགྲ་བཅོམ་ཟག་པ་ཟད། ཅེས་བྱ་བ་ལ། དགེ་སློང་ཞེས་པ་ནི་བཏགས་པའི་དགེ་སློང་དང་དམ་བཅས་པའི་དགེ་སློང་དང། སློང་བའི་དགེ་སློང་དང། དོན་དམ་པའི་དགེ་སློང་ལས་འདི་ནི་དོན་དམ་པའི་དགེ་སློང་སྟེ། ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་སྟེ། ངེས་འཕགས་པའི་ནོར་བདུན་འཕྲོག་པའི་ཕྱིར་རོ། །ཟག་པ་ནི་ཡུལ་དང་དབང་པོ་ལ་བརྟེན་པའི་རྟོག་པའོ། །ཟད་པ་ནི་ཡུལ་དང་དབང་པོ་ལྷ་དང་ལྷ་མོ་གཉིས་སུ་མེད་པར་བསྒོམ ་པའོ། །ཡང་ན་འདོད་པའི་ཟག་པ་ནི་ཡུལ་དང་ཡུལ་ཅན་དུ་རྟོག་པ་དང། སྲིད་པའི་ཟག་པ་ནི་སྐྱེ་རྒ་ན་འཆི་དང། མ་རིག་པའི་ཟག་བ་ནི་འཁོར་བར་འཁོར་བར་བྱེད་པའོ། །ལྟ་བའི་ཟག་པ་ནི་བདག་དང་བདག་གིར་འཛིན་པ་སྟེ། དེ་དག་དགེ་སློང་དེས་ཟད ་པར་བྱས་པའོ། །ཟད་པ་དེ་ཉིད་གང་ཞེ་ན། འདོད་ཆགས་བྲལ་བས་དབང་པོ་ཐུལ་ཞེས་གསུངས་ཏེ། འདོད་ཆགས་ནི་ཡུལ་ལ་འདོད་ཅིང་ཆགས་པ་སྟེ། དེ་དང་བུལ་བས་སོ། །དབང་པོ་ཐུལ་ཞེས་པ་ནི་ལུས་ལྷའི་དཀྱིལ་འཁོར་དུ་བསྒོམས་པ་ལ་སེ། །ཡང་ན་དབང ་པོའི་སྤྱོད་ལམ་དུལ་བའོ། །ཐུལ་བཙམ་མི་ཞེ་ན། དེའི་སྟེང་དུ། བདེ་བ་རྙེད་ཅེས་གསུངས་ཏེ། འདོད་བའི་ཡོན་ཏན་ལྔ་ལ་བརྟེན་ནས་རྙེད་པའོ། །འཇིགས་མེད་ཅེས་པ་ནི་ཡུལ་གང་ལ་སྤྱོད་ཀྱང་འཇིགས་པའམ་ཡང་བ་མེད་པའོ། །ཡང་ན་ཡུལ་གང་ལ་སྤྱོད ་ཀྱང་འཁོར་ངའི་འཇིགས་པ་དང་བྲལ་བའོ། །ཐོབ་ཅེས་པ་ནི་དེའི་སྒོ་ནས་དེ་ཁོ་ན་ཉིད་རྙེད་པའོ། །མྱ་ངན་ལས་འདས་ལའང་འདོད་པའི་གདུང་བ་མེད་པས་ན་བསིལ་བར་གྱུར་བའོ། །རྙོག་པ་ནི་རྟོག་པའི་རླབས་མེད་པས་སོ། །དེ་ལྟ་བུ་དེ་གང་གིས་རྙེད་སྙམ་པ་ལ། རིག ་པ་དང་ནི་རྐང་བར་ལྡན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མའི་མན་ངག་ནི་རིག་པ་སྟེ། མིག་དང་འདྲ་བས་རྟོགས་པར་བྱ་ཞིང་ཉམས་སུ་མྱོང་བ་རྐང་པ་དང་འདྲ་བས་བགྲོད་པར་བྱའོ། །ཡང་ན་རིག་པ་ནི་ལྟ་བ་སྟེ་མིག་དང་འདྲ་བའོ། །དེ་བླ་མའི་ཞབས་ལ་གུས་པར ་བྱས་པས་དེ་ཐོབ་པར་བྱ་སྟེ། ཡང་སྤྱོད་པ་ཡང་རྐང་པ་དང་འདྲ་བར་སྤྱད་པར་བྱའོ། །དེ་ལ། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་།ཅེས་བྱ་བ་སྟེ། འཇིག་རྟེན་ན་གནས་ཀྱང་བདེ་བར་གཤེགས་པར་རིག་པར་བྱའོ། །ཡང་ན་འཇིག་རྟེན་ནི་གཟུགས་ལ་སོགས་པ་ཡིན་ལ། ། ་དེ་རྣམ་པར་དག་པ་གཉིས་སུ་མེད་པར་རིག་པ་ནི་བདེ་བར་གཤེགས་པའི་མཆོག་གོ་།རིག་པ་དེ་ཅི་འདྲ་སྙམ་པ་ལ། བདག་གིར་མི་འཛིན་ངར་མི་འཛིན། ཞེས་གསུངས་ཏེ། བདག་དང་བདག་གི་ཞེ་ལམ?་དང་ང་ཡི་ཞེས་པར་མི་འཛིན་པའོ། །འོན་ཀྱང། བདེན་པ ་གཉིས་ཀྱི་ཚུལ་ལ་གནས། ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་གཉིས་ཀྱི་ཚུལ་གྱིས་གནས་ཏེ། མངོན་སུམ་རྟོག་པ་མེད་ཅེས་པའི་དོན་ཏོ། །དེ་ནི། འཁོར་བའི་ཕ་རོལ་མཐར་སོན་པའོ། །བྱ་བ་བྱས་བས་སྐམ་སར་གནས། ཞེས་པ་སྟེ། མི་སློབ་པ་ཞེས་བྱ་བའོ། །འོན ་ཀྱང་ལས་དང་པོ་པ་ལ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གོང་དུ་བསྟན་པ་ལྟར་འཇུག་པའོ། དེའི་ཕྱིར་བྱ་བ་བྱས་པ་བྱེད་པ་བྱས་པ། ཁུར་བོར་བ་ཞེས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་ལྟ་བུ་ནི། ཡེ་ཤེས་འབའ་ཞིག་ངེས་གསལ་བ་སྟེ། དཔེར་ན་རིན་པོ་ཆེའི་གླིང་དུ་ཕྱིན་ནས་དང ་རྡོ་ལ་སོགས་པའི་མིང་ཡང་མི་གྲག་པ་བཞིན་དུ་འདིར་ཡང་གཞན་གྱི་གོ་སྐབས་གང་ཡང་མི་འབྱེད་དོ། །དེས་ནི་ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས། ཤེས་རབ་མཚོན་ཆས་རྣམས་འཇོམས་པ་ཞེས་བྱའོ། །ང་ནི་རྒྱུ་དང་ལམ་དང་འབྲས་བུ་གསུམ་གྱི་ཆོས་བསྟན ་བར་བྱ་བའི་ཕྱིར། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་ལ། ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །ཆོས་ཀྱི་རྒྱལ་པོ་ནི་དེ ་ལས་རྣམ་པར་ཕྱེ་བ་སྟེ། གསང་བ་བླ་ན་མེད་པའོ། །གསལ་བ་ཞེས་པ་ནི་འོད་གསལ་བ་སྟེ། དེ་སྟོན་པས་ན་ལྡན་པའོ། །འཇིག་རྟེན་སྣང་བར་བྱེད་པའི་མཆོག། ཅེས་པ་འཇིག་རྟེན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། དེ་དག་ལ་གནས? ་པ་ནི་མུན་བ་དང་འདྲ་བ་ཞེས་པའི་དོན་ཏོ། །སྣང་བ་ནི་འོད་གསལ་བ་སྟེ། དེ་སྣང་བར་བྱེད་པ་ནི་འོད་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབང་ཕྱུག་ནི་ཆོས་རྣམས་ལ་དབང་སྒྱུར་བའོ། །ཆོས་གྱི་རྒྱལ་བོ་ཞེས་བྱ་བ་ནི ་གསང་སྔགས་སོ། །ཡང་ན་ཆོས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཡིན་ལ། དི་ལས་རྒྱལ་བསན་རྒྱལ་བའོ། །ལམ་གྱི་ཆོས་བསྟན་པར་བྱ་བའི་ཕྱིར། ལེགས་པའི་ལམ་ནི་སྟོན་པ་པོ། ཞེས་གསུངས་ཏེ། ལེགས་པ་ནི་སྐུ་བཞི་ཡིན་ལ། དེ་ཐོང་བར་བྱེད ་པའི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་བཤད་ཟིན་པ་དེ་དག་སྟོན་པས་སྟོན་པའོ། །འབྲས་བུའི་ཆོས་བསྟན་པར་བྱ་བའི་ཕྱིར་དོན་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་ཟུང་དུ་འཇུག་པའི་སྐུའོ། །གྲུབ་པ་ནི་སྔོན་དུ་བྱས་པའོ། །བསམ་པ ་གྲུབ་ཅེས་པ་ནི་བདག་དང་གཞན་གྱི་བསམ་པ་གྲུབ་པར་བྱེད་པའི་ཕྱིར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་སྟོན་པར་བྱེད་པའོ། །དེ་ལྟར་སྟོན་པ་ལ་རློམ་སེམས་ཡོང་བས་སམ་ཞེ་ན། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། ཞེས་གསུངས་ཏེ། ཀུན་ཏུ་རྟོག ་པ་ཞེས་པ་ནི་སྲེ་བར་བྱེད་བའི་ཤེས་པ་སྟེ། སྔ་ཕྱི་སྲེ་བ་ལ་སོགས་བའོ། །ཐམས་ཅད་ཅེས་པ་ནི་མ་ལུས་པའོ། །སྤངས་ཞེས་པ་ནི་བདག་དང་གཞན་གྱི་དོན་སྒྲུབ་ཀྱང་རློམ་སེམས་མེད་ཅེས་པའི་དོན་ཏོ། །ད་ནི་དབྱིངས་བསྟན་པར་བྱ་བའི ་བྱི་མ་རྣམ་པར་མི་རྟོག་དབྱིངས་མི་ཟད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་མི་རྟོག་པ་ནི་རྟོག་པ་ནང་བྲལ་བ་ཙ་མོ། །ཆོས་དབྱིངས་མི་ཟད་ཅེས་པ་ནི་གྲངས་ཅན་ལ་སོགས་པས་དཔག་བང་མི་ནུས་པའོ། །ཡང་ན། རྣམ་པར་མི་རྟོག་དབྱིངས་མི ་ཟད་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ཀྱིས་སངས་རྒྱས་མྱ་ངན་ལས་འདས་པ་དང། བསྟན་པ་ནུབ་པར་འདོད་པ་དེས་བསལ་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་སོ། །སྔགས་ཀྱི་བཞེད་པས་ནི། སངས་རྒྱས་མྱ་ངན་མི་འདའ་ལ། ཆོས་ཀྱང་ནུབ་པར ་མི་འགྱུས་ཅེས?་ཞེས་བའོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། ཆོས་དབྱིངས་དམ་པ་ཟང་མི་ཤེས་ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་ནི་འོད་གསལ་བའོ། །དམ་པ་ཞེས་པ་ནི་ཆོས་དབྱིངས་དེ་ལས་སྐུ་གསུང་ཐུགས་ཀྱི་སྣང་བ་འབྱུང་སྟེ། དེ་ཟད་མི་ཤེས་པའོ། ། ་དེའི་ཕྱིར་ཆུ་ཤིང་གི་འབྲས་བུ་བཞིན་ནོ། །འདིར་ནི་རྒྱ་མཚོ་ཆེན་པོ་ལ་མཆིལ་མ་དོར་བ་བཞིན་ནོ། །ད་ནི་ཡེ་ཤེས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། བསོད་ནམས་ལྡན་པ་བསོད་ནམས་ཚོགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་ལྡན ་བ་ནི་སྔོན་གྱི་བསོང་ནམས་ཡོང་བའོ། །དེ་བསོད་ནམས་ཆོགས་ཞེས་པ་ནི་བསོད་ནམས་ཆུང་དུ་སྟེ། ཐ་ན་བསྐྱེད་པའི་རིམ་པ་གཅིག་ཙམ་བྱས་ཀྱང་ཚོགས་ཤིན་ཏུ་ཆེ་བར་འགྱུར་བའོ། །དེ་ལས་ཅི་འགྱུར་སྙམ་པ་ལ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཁྱད་པར་ཞེས་པ་ནི་མེ་ལོང་ལ་སོགས་པ་བཞི་དེར་འདུས་བའི་ཕྱིར་རོ། ཡེ་ཤེས་ལྡན་པ་ཡོད་མེད་ཤེས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ཡོད་པ་སྟེ་མངོན་སུམ་པ་དང ་མེད་བསྟེ་ལྐོག་ཏུ་གྱུར་པ་མཁྱེན་པའོ། །དེ་ཅི་ལས་བྱུང་ན། ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཞེས་གསུངས་ཏེ། ཚོགས་གཉིས་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནི་དམ་པ་ཞེས་པའི་མིང་ཅན་ཟད་མི་ཤེས་པ་འབྱུང་བར་འགྱུར་བའོ། །དེ་ལྟར་ཆོས་ཀྱི ་དབྱིངས་ཀྱི་སྒྲ་དོན་བསྟན་ནས། རྣམ་པར་སྣང་མཛད་ཀྱི་སྒྲ་དོན་བསྟན་པར་བྱ་བའི་ཕྱིར། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལ་འབྲས་བུའི་དུས་སུ་གཟུགས་སྐུ་ནི་མི་འདོད་དེ། ཆོས་སྐུ ་འབའ་ཡིག?་ཏུ་གནས་སོ་ཞེས་འདོད་ལ། ལམ་གྱི་དུས་སུ་བསོད་ནམས་ཀྱི་ཚོགས་མི་དགོས་སོ་ཞེས་ཆད་བར་ལྟ་བའི་ཕྱོགས་དང་མཐུན་པའི་གཏི་མུག་ཅན་དེ་བསལ་བར་བྱ་བའི་ཕྱིར་རྟག་པ་ཞེས་ཀྱང་བྱའོ། །རྒྱལ་བ་ཀུན་ཅེས་པ་ནི་དུས་གསུམ ་ཀྱི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་སྐུའི་སྣང་བ་ནི་རྣམ་པར་སྣང་མཛད་དོ། །རྣལ་འབྱོར་ཅན་ནི་དེ་ལྟ་བུ་ཉམས་སུ་བླང་བར་བྱ་བའི་དོན་ཏོ། །དེ་ནི་བསམ་གཏན་དུ་བྱེད་པ་པོ་བསྟན་པའི་ཕྱིར། བསམ་གཏན་བསམ་བྱ་བློ་ལྡན་མཆོག། ཅེས ་གསུངས་ཏེ། དེ་ལ་བསྐྱེད་པ་ལྷའི་རྣལ་འབྱོར་དུ་བསམ་གཏན་བྱ་བ་དང། རྫོགས་པ་ཡེ་ཤེས་སུ་བསམ་གཏན་བྱ་བའོ། །བསམ་བྱ་བློ་ལྡན་ཞེས་པ་ནི་དེ་ལྟར་བསམ་བྱར་བྱེད་པའི་གང་ཟག་དེ་ནི་བློ་དང་ལྡན་པས་ན་དེ་ལྟར་བུ་ཉམས་སུ་བླང་བར་བྱ་བའི ་དོན་ཏོ། །ད་ནི་བསམ་གཏན་དུ་བྱ་བ་བསྟན་པའི་ཕྱིར། སོ་སོ་རང་རིག་མི་གཡོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་དེ་གཞན་གྱིས་རིག་པར་བྱ་བ་མ་ཡིན་པས་ན་རང་རིག་གོ་།དེ་ཡང་སེམས་ལས་གཞན་དུ་མ་གྱུར་པས་ན་མི་གཡོ ་བའོ། །དེ་དག་གི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། མཆོག་གི་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ནི་མཆོག་གི་དངོས་གྲུབ་སྟེ་སྐུ་གསུམ་ཡིན་ལ། དེའི་དང་པོ་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་བའི་སྐུ་?? ་བྱ?་བའི་ཕྱིར། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཞེས་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་སངས་རྒྱས་སྐུ་ལྔ་སྟེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་སྐུ་དང། མི་བསྐྱོད་བའི་སྐུ་དང། རིན་ཆེན་འབྱུང་ལྡན་གྱི་སྐུ་དང། འོད་དཔག་མེད ་ཀྱི་སྐུ་དང། དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྐུ་རྣམས་སོ། །བདག་ཉིད་ཅེས་པ་ནི་སངས་རྒྱས་དང་སྐུ་དེ་ཉིད་གཅིག་པའོ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། ཅེས་པ་ནི། ཡེ་ཤེས་ལྔས་བདག་དང་གཞན་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པས་ན་ཁྱབ་བདག་གོ། ཡེ་ཤེས ་ལྔ་ཞེས་བཅི། འདི་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ། །བདག་ཅེས་པ་ནི་བཤད་མ་ཐག་པའི་སྐུ་དང། འདི་ཉིད་དེ་ཉིད་དང ་གཞན་དུ་བརྗོད་དུ་མེད་པས་བདག་ཉིད་དོ། །དེའི་ཕྱིར། སངས་རྒྱས་ལྔ་བདག་ཅོད་པན་ཅན་ཏེ། དེ་བཞིན་གཤེགས་པ་རེ་རེ་ཡང་དེ་བཞིན་གཤེགས་པ་ལྔ་ལྔའི་ཅོད་པན་ཅན། །དེ་དག་ནི་ཡེ་ཤེས་ཡིན་ལ། །དེའི་དབྱིངས་བསྟན་པའི་ཕྱིར། སྤྱན་ལྔ་ཆགས་པ་མེད་པ་འཆང། ། ་ཞེས་གསུངས་ཏེ། སྤྱན་ཞེས་པ་ནི་སངས་རྒྱས་སྤྱན་ནོ། །ལྔ་ཞེས་པ་ནི་མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་དང། ཆོས་ཀྱི་དབྱིངས་ཕྱུག་མ་རྣམས་སོ། །དེས་ཅི་བྱེད་སྙམ་པ་ལ། ཆགས་པ་མེད་པ་འཆད། ཞེས་གསུངས་ཏེ། ཆགས་པ་མེད་པའི་ཚུལ་གྱིས་དེ་དག ་དང་སྙོམས་པར་ཞུགས་པའོ། །དེ་ནི་དབྱིངས་ཡིན་ལ་དེས་དེ་བཞིན་གཤེགས་པ་རྣམས་འཁྲུངས་པར་མཛད་ཅེས་བྱ་བའི་དོན་ཏོ། །དེ་ནས་སྐྱེ་གནས་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། །སངས་རྒྱས་ཐམས་ཅད་ནི་དུས་དང་ཕྱོགས་དང་རིགས་ཀྱིས་བསྡུས་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སོ། །སྐྱེད་པ་པོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྤྱན་ལྔ་ལས་སོ། །བསྐྱེད་པ་ཉིད་གང་ཞེ་ན། སངས་རྒྱས་སྲས་པོ་དམ་པའི་མཆོག་།ཅེས ་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་སྲས་པོ་ཡང་ཡིན་པས་སངས་རྒྱས་སྲས་པོའོ། །འདི་ལྟར་སངས་རྒྱས་སྲས་པོ་སྟེ། ཆོས་ཀྱི་དབྱིངས་ལས་བལྟམས་པའི་ཕྱིར་རོ། །དེའི་ཕྱིར་དམ་པ་དང་མཆོག་གོ། །ཤེས་པ་ཞེས་པ་ནི་ཚོགས་དུད? ་མ་མི་མངོན་པར་བྱས་པ་སྟེ་ཤེས་རབ་བོ། དེ་ལས་སྐྱེས་པ་ནི། སྲིད་འབྱུང་སྐྱེ་གནས་མེད་པ་སྟེ། སྲིད་པའི་འབྱུང་གནས་སམ་སྐྱེ་གནས་བཞི་སྟེ། མངལ་དང་སྒོ་དང། དྲོད་གཤེར་དང། བརྫུས་སུ?་སྐྱེ་བར་བྱེད་པའོ། །མེད་ཅེས་པ་ནི་དེ་དག་ལས་སྐྱེ ་པ་མེད་པའོ། །ཡང་དེ་ཉིད་གསལ་བར་བསྟན་པའི་ཕྱིར་གསུངས་པ། ཆོས་ལས་འབྱུང་བ་སྲིད་པ་སེལ། ཅེས་པ་ནི་ཆོས་ཞེས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ལས་འབྱུང་བ་ནི་སྐྱེས་པ་སྟེ། དེའི་ཕྱིར། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཞེས་པ་ཡང་དེ་ཉིད་ལ་དགོངས་པའོ། །དེས ་སྲིད་པ་སེལ་ཏེ་སྐྱེ་གནས་བཞི་ལས་བྱུང་བ་བས་ལོ། །དེའི་ཕྱིར་དེ་ནི། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག། ཅེས་གསུངས་ཏེ། གཅིག་པུ་ཞེས་པ་ནི་རང་བྱུང་གི་སྐུ་དེའོ། །གཞན་གྱིས་གཞིག་ཅིང་གཞོམ་དུ་མེད་པའི་ཕྱིར་རྡོ་རྗེ་དང་འདྲ་བ་ལ་དེ་སྐད་ཅེས་བྱའོ། །སྐྱེས་མ ་ཐག་ཏུ་འགྲོ་བའི་བདག། ཅེས་པ་ནི་ཆོས་ཀྱི་དབྱིངས་ལས་སྐྱེས་མ་ཐག་ཏུ་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་རྗེས་སུ་འཛིན་ཅིང་དབང་སྒྱུར་བས་ན་འགྲོ་བའི་བདག་པོའོ། །ཡང་ན་ཆགས་བྲལ་གྱི་སྐུ་སྟེ། སྐྱེ་གནས་བཞི་ལ་སྐྱེ་བར་མཛད་པ་དེ་འགྲོ་བ་དང་མཐུན ་པར་མཛད་པས་ན་སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་བྱའོ། །ནམ་མཁའ་ལས་བྱུང་རང་བྱུང་བ་ཞེས་པ་ནི་ནམ་མཁའ་ཞེས་ནམ་མཁའ་དང་ཆོས?་མཐུན་པ་སྟེ་ཆོས་ཀྱི་དབྱིངས་སོ། །དེ་ལས་བྱུང་བ་ནི་རང་བྱུང་བའི་སྐུ་ཞེས་བྱའོ། །དེ་དག་ནི་ཡེ་ཤེས་སྐུ་རང་བྱུང་བ་ཞེས ་པ་དེའི་དབང་དུ་བྱས་པའོ། །སྤྲུལ་པའི་སྐུ་ནི་སྐྱེ་གནས་བཞི་ག་འདུལ་བའི་ཕྱིར་འགྲོ་བ་དང་མཐུན་པར་བྱ་བའི་དོན་དུ་དེ་ཉིད་ཀྱང་སྐྱེ་གནས་བཞི་ག་ལས་སྐྱེ་བར་མཛད་པའོ། །དེ་ནི་སྣང་བའི་ཁྱད་པར་བྱ་བའི་ཕྱིར། ཤེས་རབ་ཡེ་ཤེས་མེ་བོ་ཆེ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཡེ་ཤེས་གཉིས་སུ་མེད་པ་ནི་མེ་དང་འདྲ་བ་སྟེ། གསལ་བ་དང་སྲེག་པར་བྱེད་པ་སྟེ་ཉོན་མོངས་པའི་ཆོགས་སོ། །འོད་གསལ་བ་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་ན་འོད་ཆེན་རྣམ་པར་སྣང་བར་མཛད ་བའོ། །རང་བཞིན་གྱི་སྣང་བ་ཡིན་པས་ན་ཡེ་ཤེས་སྣང་བའོ། །ལམ་མེ་བ་ཞེས་པ་ནི་གསལ་བའོ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པ་ནི་འགྲོ་བ་མུན་པ་དང་འདྲ་བ་འོད་གསལ་བ་མེ་དང་འདྲ་བས་སྣང་བར་མཛད་པ་སྟེ་ཡེ་ཤེས་སྒྲོན་མའོ། །དེ་ཉིད་སླར་བཤད་བ། ་གཟི་བརྗིད་ཆེན་པོ་འོད་གསལ་བ། ཞེས་གསུངས་ཏེ། གཡོགས་པའམ་བར་དུ་ཆོད་པ་ལྟ་བུ་མ་ཡིན་པས་ན་གཟི་བརྗིད་ཆེན་པོའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ལ་ཁྱབ་པས་ན་འོད་གསལ་བའོ། །ད་ནི་མཛད་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ་སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་དེ་ཡང་སྔགས་ཀྱི་ལུགས་ལ་ཡིན་གྱི་གཞན་གྱི་ལུགས་ལ་མ་ཡིན་པས་ན་སྔགས་མཆོག་གོ། མངའ་བདག་རིག་སྔགས་རྒྱལ་ཞེས་པ་ནི་དེ་ལྟ་བུའི་རྡོ་རྗེ་འཆང་ཡིན་པས་སོ། ། ་ཡང་ན་སྔགས་མཆོག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཡིད་སྐྱོབ་པས་སྔགས་སོ། །དེའི་ཕྱིར་མངའ་བདག་རིག་སྔགས་རྒྱལ་པོའོ། །སྐུ་དང་ཡེ་ཤེས་ཀྱི་སྣང་བས་སེམས་ཅན་གྱི་དོན་མཛད་པས་ན་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། ཅེས་བྱ་བའོ། །གཙུག་ཏོར་ཆེན ་པོ་རྨད་བྱུང་བཙུག། ཅེས་བྱ་བ་ལ། གཙུག་ཏོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བཙུག་ཏོར་ཆེན་པོ་སྟེ་ཆོས་ཀྱི་དབྱིངས་སོ། །དེ་ལས་འབྱུང་བར་མཛད་པས་རྨད་དུ་བྱུང་བའི་གཙུག་ཏོར་རོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཨི་བདག་པོ་སྣ་ཚོགས ་སྟོན། ཅེས་གསུངས་ཏེ། ནམ་མཁའ་ཨི་བདག་པོ་ནི་ནམ་མཁའ་དང་ཆོས་མཐུན་པས་བདག་ཉིད་དོ། །སྣ་ཚོགས་སྟོན་ནི་དེ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྐུའི་སྣང་བ་ལས་སྐུ་དང་ཡེ་ཤེས་སྣ་ཚོགས་པ་མི་ཟད་པར་འབྱུང་བར་མཛད་པའོ། །སངས་རྒྱས་ཀུན་ཅེས་པ་ནི་སངས་རྒྱས ་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ་དེ་དུས་ཀྱིས་བསྡུས་པའོ། །སྐུ་ཡི་མཆོག་ཅེས་པ་ནི་དུས་གསུཾ་གྱི་སངས་རྒྱས་ཇི་སྲིད་དུ་འབྱུང་བ་དེ་སྲིད་དུ་སྐུའི་སྣང་བ་མཛད་པའོ། །འགྲོ་ཀུན་ཅེས་པ་ནི་འགྲོ་བ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་འགྲོ་བ་ཀུན་ཏེ་རིགས་དྲུག་གོ། ་དགའ་བའི་མིག་ཅེས་པ་ནི་གང་མོས་པའི་གཟུགས?་འཛིན་པ་སྟེ། འགྲོ་བ་ཀུན་གྱི་མིག་དགའ་བར་བྱེད་ཅེས་བྱ་བའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། སྣ་ཚོགས་གཟུགས་ཅན་སྐྱེད་བ་བོ་ཞེས་གསུངས་ཏེ། འགྲོ་བ་ཀུན་གང་ལ་མོས་པ ་དེའི་གཟུགས་སྣང་བར་མཛད་པ་ན་སྐྱེད་པ་པོ། །ཞེས་གསུངས་ཏེ། འགྲོ་བ་ཀུན་གང་ལ་མོས་པ་དེའི་གཟུགས་སྣང་བར་མཛད་པས་ན་བསྐྱེད་པ་པོའོ། །དེ་ལྟ་བུ་དེ་ལ་དྲང་སྲོང་ཆེ་དགུ་ཞེས་པ་ནི་སེམས་དྲང་ཞིང་དག་གསོང་པོར་སྨྲ་བ་སྟེ་སངས་རྒྱས་བཅོམ ་ལྡན་འདས་རྣམས་སོ། །མཆོད་ཅིང་རྗོད་པ་ཞེས་པ་ནི་གཉིས་སུ་མེད་པའི་འོད་གསལ་བ་རྣམས་པར་སྣང་མཛད་ཅེས་བྱ་བའི་མིང་ཅན་དེ་ལ་བསྔགས་པ་མཛད་པ་འམ་ཆེ་བ་བརྗོད་པའོ། །རིགས་གསུམ་ནི་གསང་སྔགས་དང། རིག་སྔགས་དང། གཟུགས་སྔགས ་??་ཡང་སྐུ་གསུང་ཐུགས་ཀྱི་རིགས་ལས་རིགས་བརྒྱ་ལ་སོགས་པ་འབྱུང་བས་འཆང་བའོ། །གསང་སྔགས་པ་འཆང་བ། འདིའི་ཚུལ་ཡོང་ཀྱི་གཞན་ལ་ནི་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དམ་ཚིག་ཆེན་པོ་གསང་སྔགས་འཛིན་ཅེས་པ་ལ། དམ ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། མི་འདའ་བའ་ཨི་ཕྱིར་རོ། །དེ་ཡང་དང་པོ་འགྲོ་བའི་དོན་བྱེད་པའི་སེམས་བསྐྱེད་བའི་ཕྱིར་དེ་སྐད་ཅེས་བྱའོ། །གསང་སྔགས་ཀྱི་ཚུལ་ལ་ཡོད་པའི་སྐྱོབ་པར་བྱེད་ཅིང་གཉིས་སུ་མེད་པར་ཟུང་འཇུག ་གི་སྐུ་འཛིན་པའོ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ་ཞེས་པ་ལ། གཙོ་བོ་ཞེས་པ་ནི་གཉིས་སུ་མེད་པ་ཡིན་ལ། དེ་བཟུང་བས་ན་དཀོན་མཆོག་གསུམ་འཛིན་པའོ། །དེ་ཡང་སྟོང་པ་ཉིད་སྙིང་རྗེ་དབྱེ་བ་མེད་པ། གང་དུ་ཡིད་ནི་སྒོམ་བྱེད་ན། །དེ་ནི་སངས ་རྒྱས་དང་ནི་ཆོས། །དགེ་འདུན་ཉིད་དུ་དེ་བསྟན་ཏོ། །ཞེས་པ་ལྟ་བུའོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་ནི་ཐེག་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ཐེག་པ་མཆོག་སྟེ་རྡོ་རྗེ་ཐེག་པའོ། །གསུམ་ནི་གསང་སྔགས་དང། རིག་སྔགས་དང། གཟུངས་སྔཊ ་ཏེ། དེ་སྟོན་པ་ནི་ཡེ་ཤེས་ཀྱི་སྐུའོ། །དེའི་མིང་ནི། དོན་ཡོད་ཞགས་པ་རྣམ་པར་རྒྱལ་ཞེས་པ་ལ་སོགས་པ་བསུངས་ཏེ། རླུང་ངམ་རྣམ་མཁའ་ལ་འདེབས་པ་བཞིན་དོན་མེད་པ་མ་ཡིན་ནམ་སྙམ་པ་ལ། དོན་ཡོད་པ་སྟེ། འགྲོ་བ་རྣམས་རྗེས་སུ་འཛིན་པས་ན་ཞགས་པའོ། །གང ་གི་ཞགས་པ་ཡིན་ན་རྡོ་རྗེ་ཐེག་པའི་ཡིན་པས་སོ། །དེས་ཉོན་མོངས་པ་ལས་རྣམ་པར་རྒྱལ་བའོ། །འཛིན་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་རྡོ་རྗེ་ཞགས་པ་ཡང་ཡིན་པས་འཛིན་ཆེན་པོ་རྡོ་རྗེ་ཞགས་པ་སྟེ། ཐེག་པ་གཞན་གྱི་ལམ་དུ་མི་གཏོང་བས་ན་འཛིན ་པ་ཆེན་པོའོ། །རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པས་སེམས་ཅན་རྗེས་སུ་འཛིན་པས་ཞགས་པའོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། ཞེས་པ་ནི་ཞགས་པ་དང་ལྕགས་ཀྱུ་ཡིན་ལ། དེའི་མཚན་ཉིད་རྡོ་རྗེ་ཡིན་པ་ལས་རྡོ་རྗེ་ལྕགས་ཀྱུ་ཞགས་པ་སྟེ་འདྲེན་པའི་རྣམ ་གྲངས་སོ།། །།དེ་དག་གིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བཤད་ཟིན་ཏོ།། །།ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆོས ་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མཉམ་གཞག་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྗེས་ཐོབ་སྟེ། རྗེས་ལ་སྐུ་ཁྲོ་བོའི་རྣམ་པར་བསྟན་པ་ནི་མི་བསྐྱོད་པ་ཞེས་བྱ་བའི་མི་བཅན་ནོ། །འདིར་གདུལ་བྱ་ཞེས་དང?་ཅན་རྣམས་ནི་སྐུ་ཁྲོ་བོ་མ་ཡིན་པས་མི་འདུལ་བས། དེའི་ཉིད ་སྐུ་མདོག་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་ལ་སོགས་པ་རྣམས་པ་དང་མཚན་ཉིད་གཉིས་སུ་རྟོགས་པར་བྱའོ། །མཚན་ཉིད་ནི་རྡོ་རྗེའོ། །ཡང་བཤད་པར་བྱ་བ་ལྔ་ཡིན་ཀྱང་གཅིག་སྟོན?་གྱི་བྱེ་བྲག་ཏུ་རྟོགས་པར་བྱའོ། །དེའི་ཕྱིར་དང་པོ་མཛད་པའོ། །ཕྲིན ་ལས་ཀྱིས་མི་བསྐྱོད་པ་བསྟན་ཏེ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་འཇིགས་བྱེད་ཅེས་པ་ནི་འགྲོ་བ་རྣམས་འཇིགས་པར་བྱེད་པ་བདུད་བཞིའམ་ཉོན་མོངས་པ་རྣམ་པར་འཇོམས་པར་བྱེད་པས་འཇིགས་པར་བྱེད་པའོ། །དེ་གང་གིས་སྙམ་པ ་ལག་ཁྲོ་བོའི་རྒྱལ་བོ་གདོང་དྲུག་འཇིགས། ཞེས་གསུངས་ཏེ། སྐུའི་རྣམ་པ་ཁྲོ་བོ་སྟེ་མཆེ་བ་གཙིགས་ལ་སོགས་པའི་མཚན་ཉིད་ཅན་འཆད་བར་འགྱུར་བའོ། །རྒྱལ་པོ་ནི་འཇིག་རྟེན་ལས་འདས་པ་ཁྱད་པར་དུ་གྱུར་པའོ། །གདོང ་དྲུག་ནི་རྟོགས་པར་བླའོ། །མིག་དྲུག་ནི་མི་མཉམ་པའི་སྤྱན་མངའ་བས་སོ། །ཡང་ན་རིག་པར་བྱེད་པས་ནམ་གི་སྟེ་ཡུམ་གཟུང་ངོ། །ལག་དྲུག་ནི་གཡས་པ་མཚོན་ཆ་སྟེ། གཡོན་པ་ཞར་ལ་འཆང་པའོ། །སྟོབས་དང་ལྡན་ཞེས་པ་ནི་མ་རུངས་པ་འདུལ་པའི་སྟོབས ་ཡོད་པའོ། །གང་རུས་མཆེ་བ་ནི་ཀེང་རུས་ཤིན་ཏུང་བར་པོ་དང་འདྲ་བའི་མཆེ་བ་དཀར་པོ་བཞིའོ། །གཙིགས་པ་ནི་གཞན་དག་གིས་གསལ་བར་མཐོང་བ་སེ། འདིར་ནི་སྨིན་མང་པོ་ཆར་སྤྲིན་ལྟ་བུ་ལས་འོང་གློག་ལྟ་བུ་འཕྲོ་བ་དང། ཤངས་ནས་ཧཱུཾ་ཞེས་བརྗོད་པ ་གཟུག་གི་སྒྲ་ལྟ་བུ་དང། །མཆེ་བ་བཞི་ཙེ་ཕྲེང་བའི་བར་ནས་ལྗགས་འདྲིལ་བ་ལས་རྡོ་རྗེ་ཕྲ་མོ་ཐོག་ངང་སེར་བ་ལྟར་འདྲིལ་བའོ་ཞེས་པའི་ངོན་ཏོ། །ཆ་ལུགས་དེར་མ་ཟང་དེ། ཧ་ལ་ཧ་ལ་གདོང་བརྒྱ་པ། ཞེས་པ་ནི་དུག་ཡིན་ལ། སེམས་ཅན་རྗེས་སུ་གཟུང ་བར་བྱ་བའི་ཕྱིར་ཞལ་བརྒྱ་སྤྲུལ་ནས་དེ་གསོལ་བར་བྱེད་པས་དེ་སྐད་ཅེས་བྱའོ། །དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། གཤིན་རྗེའི་གཤེད་པོ་ཞེས་གསུངས་ཏེ། གཤིན་རྗེ་ནི་ཉོན་མོངས་པ་འབྲས་བུ་དང་བཅས་པ་ཡིན་ལ། གཤེད་ནི་འཇོམས་པར ་བྱེད་པ་སྟེ་དེ་ཉིད་དོ། །བགེགས་ནི་བིན་ཡ་ཀའོ། །ཡང་ན་ལེག་པར་འདྲེན་པས་ན་བགེགས་ཏེ། མི་དགེ་བའི་བཤེས་གཉེན་ལ་སོགས་པའོ། །རྒྱལ་བ་ནི་དེ་ལས་རྒྱལ་བར་བྱེད་པ་སྟེ། གོང་མ་ཉིད་དོ། །དེ་ལྟ་བུའི་སྟོབས་ཅི་སྙམ་པ་ལ། རྡོ་རྗེ་ཤུགས ་ཅན་ནོ། །རྡོ་རྗེ་ལྟ་བུའི་ཤུགས་ཐོག་ལྟ་བུའོ། །དེས་འཇིགས་པར་བྱེད་པས་ན་འཇིགས་བྱེད་དོ། །ད་ནི་རང་བཞིན་ཐུགས་ཀྱི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང། ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་སྲ་བ་བརྟན་པ་ཞེས་བྱའོ ་སོགས་པ་ཆོས་བདུན་དང་ལྡན་པར་རང་དང་གཞན་གྱི་གྲུབ་མཛའ་ལས་གྲགས་པས་ན་དེའི་ཐུགས་རྡོ་རྗེ་ལྟར་གཉིས་སུ་མེད་པ་སྟེ། རྡོ་རྗེ་མི་ཕྱེད་ཅེས་བྱའོ་ཞེས་པ་ལྟ་བུའོ། །སྒྱུ་འཕྲུལ་རྡོ་རྗེ་གསུམ་པོ་ཆེ་ཞེས་པ་ནི་འགྲོ་བ་འདུལ་བའི་དོན་དུ་འདི་ལྟ་བུར་མཛད་པའོ། སྲིད ་པ་གསུམ་ཡང་དེའི་ལྟོ་བ་ན་ཡོད་པས་གསུས་པོ་ཆེའོ། །ད་ནི་ཡོན་ཏན་སྤྲུལ་པའི་མི་བསྐྱོད་པར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལས་སྐྱེས་ཞེས་པ་ནི་རྡོ་རྗེ་ནི་སྟོང་པའོ། །དེ་ལས་སྐྱེས་པའི་ཕྱིར་སྒུ་དེ་ལྟ ་བུད་ཡང་རྡོའི་??་དག་ཉིད་དོ། །རྡོ་སྙིང་པོ་མཁའ་འདྲ་བ་ཞེས་བ་ནི། སྙིང་པོ་ནི་གཉིས་སུ་མེད་བསྟེ་རྡོའི། །མཁ་ཡང་ཞེས་པ་ནི། རྡོ་སྙིང་པོ་ཚེས་ཀྱི་དབྱིངས་གཉིས་སུ་མེད་པ་ནམ་མཁའ་དང་འདྲ་བ་ཀུན་ལ་ཁྱབ་ཅིང་ཀུན་དེའི་ཁོངས་སུ་གཏོགས་པའོ། །མི་གཡོ་རལ་པ་གཅིག་གིས་བསྒྲིངས་ཞེས་པ་ནི་གོང་དུ་བསྟན་པ་དེ་དག ་མི་གཡོ་བ་ནི་མི་བསྐྱོད་པ་སྟེ། དེ་ལས་མ་གཡོས་པར་བསྟན་ཏོ། །རལ་པ་གཅིག་གིས་བསྒྱིངས་ཞས་པ་ནི་ཇི་ལྟར་རལ་པའམ། སྒྲ་མང་པོ་ཡོད་ཀྱང་དར་གཅིག་གིས་གཅིག་ཏུ་བཅིངས་པ་ལྟར་སྣང་བའི་བྱེ་བྲག་མང་པོ་ཡིད་ཀྱང། གཉིས་སུ་མེད་པ་མི་བསྐྱོད་པར ་བསྡོམ་པའོ། །ཡང་རིགས་ཀྱི་དབྱེ་བ་མང་པོར་བྱེ་ཡང་མི་བསྐྱེད་པའམ། །རྡོ་རྗེའི་རིགས་སུ་བསྡུས་པའོ། །གླང་ཆེན་ཀོ་རློམ་གོ་སུ་གྱོན། ཞེས་པ་ནི་ཤིན་ཏུ་གདུལ་པར་དཀའ་བའི་གདུག་པ་ཅན་བཏུལ་ནས་དེའི་ལེགས་པ་གྱོན་པ་ཞེས་པའམ། ཡང་ན་གཏི་མུག་ཅན ་འདུལ་བའི་རྟག་སུ། ན་བཟའ་དེ་མནབས་པའོ། །དེ་ནི་ཉེ་བར་མཆེན་པ་སྟེ། དུར་ཁྲོད་ཀྱི་རྒྱན་གཞན་གྱིས་ཀྱང་བརྒྱན་པའོ། །ང་ནི་གདུལ་བྱ་གསུང་གི་མི་བསྐྱོད་པ་བསྟན་པར་བྱ་བའི་ཕྱིར། དྲག་ཆེན་ཧཱ་ཧཱ་ཞེས་སྒྱོགས་པ། ཞེས་པ་ལ་སོགས་པ་གསུངས་ཏེ། གསུང ་གི་སྒོ་ནས་གདུལ་བྱ་སྐྲག་ཅིང་ཚར་བཅད་པར་བྱ་བའི་ཕྱིར། མ་རངས་པའི་གད་མོ་ཤིན་ཏུ་དྲག་ལ། ཆེ་བར་ཧ་ཧ་ཞེས་དགོང་པའོ། །དེ་ཡང་བཞིན་ན་ཁྲོས་པ་དང་བཅས་པས་བགང་བ་ནི་མ་རང་ངེས་པའི་གད་མོ་སྟེ། ཆེད་ཅད་པར་བྱ་བའི་ཕྱིར་རོ། །བཞིན་མ་དབང་བྱུང་ནས ་དགོད་པ་ནི། རངས་པའི་དགོད་པ་སྟེ། གདུལ་བྱ་རྗེས་སུ་གཟུང་བའོ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། ཅེས་པ་ནི་ཧི་ཧི་ཞེས་སྒྲོགས་པའི་ཚེ་གནས་དང་མཐུ་ལ་སོགས་པ་དྲེགས་པར་བྱེད་པའི་མ་རུངས་པ་རྣམས་འཇིགས་པར ་མཛད་པའོ། །དོན་ཆེན་པོ་དང་ལྡན་པའི་ཕྱིར་གད་མོ་ཆེན་པོའོ། །གད་རྒྱངས་ནི་ལྟེ་བ་ནས་ཡོངས་སུ་བསྐྱོད་པའོ། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། ཞེས་པ་ནི་རྡོ་རྗེ་ལྟར་ཐོགས་པ་མེད་པའི་གསུང་གི་སྒོ་ནས་གདུལ་བྱ་འདུལ་བར་མཛད་པས་ན་དེ་སྐད་ཅེས་བྱའོ། །འོ ་ན་དེ་ལྟར་མི་བསྐྱོད་པ་དེས་གདུལ་བྱ་ཉེ་བར་འདུལ་བ་དེ་རློམ་སེམས་ཀྱིས་མ་ཡིན་ནམ་སྙམ་པ་ལ་དེའི་ཕྱིར། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་མང་དུ་མཛད་ཀྱང་གཉིས་སུ་མེད་པ་གཉུག ་མཆེས་ཀྱི་དབྱིངས་ལས་མ་གཡོས་པའི་ཕྱིར་གང་ལྟར་ནང་གྲང་ཕྱིར་རོལ་ཚ་ཞེས་པ་ལ་སོགས་པའི་དོན་ཏེ། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ་ཞེས་པ་མང་ན་ཡང་གཉིས་སུ་མེད་པའི་རྡོ་རྗེ་འདི་ཐམས་ཅད་ཀྱི་ནང་ན་རྒྱལ་པོ་ཡིན་པས་དེ་སྐད ་ཅེས་བྱའོ། །དེ་ཉིད་བདེ་བ་ཆེན་པོ་སྟེ། དེ་ལྟར་ན་གདུལ་བྱ་རྣམས་བཏུལ་ནས་བདེ་བ་ཆེན་པོ་ལ་འགོད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ་ཞེས་པ་ནི་རྡོ་རྗེ་ནི་གསུང་དེས་གདུལ་བྱ་རྣམས་དགའ་བ་ཆེན་པོ་སྟེ། གཉིས་སུ་མེད་པའི་ལམ་ལ ་འཇོག་པའོ། །རྡོ་རྗེ་ཧཱུཾ་སྤྱེ?་ཧཱུཾ་ཞེས་པ་ནི་རྡོ་རྗེ་ནི་རང་གི་རིགས་ཡིན་ལ། དེ་བསྐྱེད་པར་བྱེད་པ་རིགས་ཀྱི་ས་བོན་ཧཱུཾ་སྟེ་དེ་འདོན་ཅིང་སྒྲོགས་པའོ། །དེའི་ཕྱིར་བསྐྱེད་པའི་རིམ་པ་ཡང་ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པའོ། །ད་ནི་དྲག་པོ་སྐུའི་མི་བསྐྱོད་པ་བསྟན ་བར་བྱ་བའི་ཕྱིར། མཚོན་དུ་རྡོ་རྗེ་མདའ་ཐོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་ཕྱག་དྲུག་སྨོས་པའི་ཕྱག་མཚན་བསྟན་པ་སྟེ། རྡོ་རྗེའི་མདའ་ནི་ཐོགས་པ་མེད་པར་འབིགས་པར་བྱེད་པའི་མདའོ། །འདི་དག་ལ་རྣམ་པ་དང་མཚན་ཉིད ་གཉིས་གཉིས་སུ་ཤེས་པར་བྱའོ། །རྡོ་རྗེའི་རལ་གྲི་ཞེས་པ་ནི་རྡོ་རྗེ་ལྟར་ཐོགས་པ་མེད་པར་གཅོད་པའི་རལ་གྲི་སྟེ་ཤེས་རབ་ཆེན་པོའོ། །གཅོད་པ་ནི་ཉོན་མོངས་པ་མངོན་དུ་རྒྱུ་དང་བག་ལ་ཉལ་བ་མ་ལུས་བ་སེལ་བར་བྱེད་པའོ། །དེས་ནི་འཇམ་པའི་རྡོ་རྗེའི་ཕྱག་གཡས ་གཉིས་??་པ་སྟེ། གཡོན་གཉིས་ཨུ་བྷ་ལ་དང། གཞུ་འཛིན་པའོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན་ཞེས་པ་ནི་སྣ་ཚོགས་རྡོ་རྗེའོ། །འཆང་བ་ནི་འཛིན་པའོ། །རྡོ་རྗེ་གཅིག་པུ་ནི་རྡོ་རྗེ་རྩེ་གཅིག་པ་སྟེ། རྣམ་པ་ཐ་དད་ཀྱང་མཚན་ཉིད་རྡོ་རྗེའི་རིགས་སུ་གཅིག་པས་དེ་སྐད་ཅེས་བྱའོ།། ་??????་གཡུལ་དབྱེད་བའི་ཚེ་དེ་སེལ་བའོ། དེ་དག་གིས་ཕྱག་མཚན་བསྟན་ནས། ད་ནི་སྤྱན་ལ་སོགས་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེའི་ཕྱིར། རྡོ་རྗེ་འབར་བ་མིག་མི་བཟང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབར་བ་ཞེས་པ་ནི་མེ་སྟེ། རེག་བྱ་ཚ་བ་དང་ཁ་དོག ་དམར་བར་མཚན་ཉིད་དང་ལྡན་པས་གདུལ་བྱ་མ་རུངས་པ་རྣམས་གཟིགས་པས། རྡོ་རྗེ་ལྟར་ཐོགས་པ་མེད་པར་བསྲེགས་པའོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། ཞེས་པ་ནི་ཁ་དོག་མེ་འབར་བ་ལྟར་གྱེན་ལ་འགྲེང་བ་དང། མདོག་དམར་སེར་གྱི་མེ་ལྟ་དུ་དེས་ནམ་མཁའ་ ་འམ་སྟེང་གི་ཕྱོགས་ན་གནས་པའི་གདུག་པ་ཅན་རྡོ་རྗེ་ལྟར་ཐོགས་པ་མེད་པར་འདུལ་བར་བྱེད་པའོ། །རྡོ་རྗེ་འབེབས་པ་ཞེས་པ་ནི་སྐུ་དབྱར་གྱི་ཆར་སྦྱིན་ལྟར་སྨིན་མའི་བར་ནས་ཀློག་ལྟ་བུའི་འོད་འགྱུར་བ་དང། མཆེ་བ་གཙིགས་པའི་བར་ནས་ལྗགས་འདྲིལ་བས ་ཞལ་དང་ཚེམས་ཀྱི་བུར་ནས་རྡོ་རྗེའི་ཐོག་འབེབས་པའོ། །འབེབས་པ་ཆེ་ཞེས་པ་དེ་དག་གི་བ་སྤུ་ནས་ཀྱང་རྡོ་རྗེ་ལྟར་ཐོགས་པ་མེད་པར་རྡོ་རྗེ་ཕྲ་མོའི་ཚོགས་འབེབས་པའོ། །མིག་བརྒྱ་པ་ཞེས་པ་ནི་གདོད་པ་བརྒྱ་ལ་མི་མཏམ་པའི་མིག་བརྒྱ་ཡོད་པའོ། །རྡོ་རྗེའི ་མིག་ཅེས་པ་ནི། རེག་བྱ་ཚ་ཞིང་ཁ་དོག་དམར་བའི་མིག་གིས་གདུལ་བྱ་རྣམས་ལ་བལྟས་བས་རྡོ་རྗེ་ལྟར་ཐོགས་པ་མེད་པར་སྲེག་པའོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། ཞེས་པ་ནི་སྤུ་གསུམ་གསུམ་རྩེ་མོ་འདུས་པའི་རྡོ་རྗེའི་རྩེ་མོ་ཅན་ནོ། །རྡོ་རྗེའི་སྤུ་ནི་གཅིག ་ཐུའི་ལུས་ཞེས་པ་སྟེ། ཤིན་ཏུ་རྙི་ཞིང་ཆ་ཕྲ་བའི་ལུས་ཀྱང་རྡོ་རྗེ་ལྟར་ཐོགས་པ་མེད་པར་གདུལ་བར་བྱེད་པས་ལུས་ཁྱབ་པས་ན་ལུས་སོ། །སེན་མོ་སྐྱེས་པ་དོ་རྗེའི་རྩེ། ཞེས་པ་ནི་སེན་མོའི་རྩེ་མོ་རྡོ་རྗེ་ལྟར་རྣོབས་གདུལ་བྱ་རྣམས་ཀྱི ་པགས་པ་ཕུག་ནས་མེར་འབར་བར་བྱེད་པའོ། །རྡོ་རྗེ་སྙིང་པོ་ཞེས་པ་ནི་ཐུགས་རྡོ་རྗེ་སྟེ་ཐོགས་པ་མེད་པའོ། །དེ་ལ་གཡོགས་པའི་པགས་པ་ཡང་རྡོ་རྗེ་ངང་འདྲ་བ་སྟེ། དེའི་ཕྱིར་རྡོ་རྗེའི་??་གོ་བ་ཞེས་བྱའོ། །མཁྲེགས་ཞེས་པ་ནི་མཚན་པ་སྟེ། །རྡོ་རྗེའི་ཆོས་བདུན་དང ་ལྡན་པའོ། །རྡོ་རྗེའི་ཕྲེང་ཐོགས་དཔལ་ལྡན། ཞེས་པ་ནི་རྡོ་རྗེའི་མཚན་ཉིད་དང་ལྡན་པའི་ཐོད་པའི་ཕྲེང་བས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱིན་དོ་ཤལ་ཅན་ནོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། ཞེས་པ་ནི་རུས་པ་ལ་རྡོ་རྗེའི་རྣམ་པ་ལྟར་བྱས་པའམ། དེ་ལྟར་སྲ་བའི་རྒྱན ་ཆ་བདུན་དང་ལྡན་པའོ། །ད་ནི་གསུང་གི་རྣམ་པ་བསྟན་པར་བྱ་བའི་ཕྱིར། གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུམ་པ་མེད་པའི་སེམས་ཀྱིས་ཧཱ་ཧཱ་ཞེས་སྒྲོགས་པས་རང་ལས་གཞན་པ་རྣམས་ཤིན་ཏུ་སྐྲག་པར་མཛད་པའོ། །ཡི ་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་ནི་གཞན་དག་ནི། ཨོཾ་པཱ་གཱི་ཤྭ་རི་?་ཞེས་པ་ལ་བཞེད་དོ། །ལ་ལ་ཡི་གེ་དྲུག་པ་ནི་འཁོར་ལོས་སྒྱུར་བ་དྲུག་གི་སྔགས་སོ་ཞེས་བཞེད་དོ། །འདིར་ཞེལ་དྲུག་དྲིལ་བུའི་སྒྲ་དང་ལྡན་ཞེས་གསུངས་ཏེ། ཞལ་ནས་ཤིན་ཏུ་མྱུར་བར་ཧཱུཾ་དྲུག། ་བརྗོད་པའི་??་བྱ་སྐྲས་པ་བྱ་བའི་ཕྱིར་ཨ་ལ་ལ་ལ་ལ་ཞེས་བརྗོད་པའོ། །ཕྱིར་ཇི་ལྟར་སྒྲོགས་ཀྱང་ནང་དུ་གཉིས་སུ་མེད་པའི་དང་ལས་མ་གཡོས་པས་ན་འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བའོ། །འཇིག་རྟེན་གསུམ་ན་སྒྲ་གཙིག་པ། ཞེས་པ་ནི་འཇིག་རྟེན་གསུམ། ་ནི་འདོད་པ་དང། གཟུགས་དང། གཟུགས་མེད་པའི་ཁམས་སོ། །དེ་ནི་ཟིན་པ་དང་མ་ཟིན་པའི་སྒྲ་ཇི་སྙེད་དུ་གྲགས་ཀྱང་གཉིས་སུ་མེད་པའི་འཇམ་དབྱངས་ཀྱི་སྒྲ་གཅིག་པུ་འདི་མཆོག་གོ། ཡང་ན་ལུས་དག་ཡིད་གསུམ་དབྱེར་མེད་གཅིག་གི་སྒྲ་སྒྲོགས་པའོ། །ཇི་ཙམ ་དུ་ཁྱབ་སྙམ་པ་ལ། ནམ་མཁའ་ཨི་མཐས་ཀླས་སྒྲ་སྒྲོགས་པ། ཞེས་པ་འདིས་ནི་བཟླས་བའི་ཕན་ཡོན་ཀྱང་བཤད་པའོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པ་ནི་སྒྲ་ནི་ཟིན་པ་དང་མ་ཟིན་པའི་སྒྲ་རྣམས་ལས་འདིར་མཆོག་གོ། ཕུལ་ལོ། །གྱ་ནོམ་པའོ་ཞེས་པ་ལ་སོགས ་པའི་དོ་དོ། །དེ་དག་གིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བཤད་ཟིན་ཏོ།། །།ད་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་པ་སྟན་པར་བྱ་སྟེ། ཡང་དག་བདག་མེད་དེ་བཞིན་ཉིད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པ་ནི་མ་ནོར་བའོ། །དེ་ནི་མུ་སླུ ་བའོ། །དེ་ནི་ཡི་དཀྱིས་ཕྲད་པར་འདོད་པའོ། །ཕྲད་བ་ནི་ཡོད་ན་པད་ཅིང་མེད་ན་དེ་ལྟ་མ་ཡིན་པ་སྟེ། གཉི་སུ་མེད་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་ཡིད་ལ་ཕྲད་པར་གྱུར་པ་སྟེ། མེད་ལ་མི་ཕྲད་པ་ནི་རི་བོང་གི་རྭ་ལྟ་བུ་མ་ཡིན་པའོ། །བདག་མེད་པ་ནི ་ཆོས་དང་གང་ཟག་གི་བདག་གིས་དཔེན་པའོ། །དེའི་མཚན་ཉིད་ནི་དེ་བཞིན་ཉིད་དང། ཡང་དག་པའི་མཛའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དང། ཆོས་ཉིད་དང་ཞེས་པ་ལ་སོགས་པ་རྣམ་གྲང་སོ། ཡི་གེ་མེད་ཅེས་པ་ནི་རྟོག་པོ་གོ་བ་རྣམས་ཀྱི་སྤྱིད་ཡུལ་མ་ཡིན་ཏེ། ་བླ་མ་དམ་པའི་ཞབས་ཀྱི་པདྨ་ལ་གུས་པའི་སྤྱིད་ཡུལ་ཞེས་པའི་དོན་ཏོ། །དེས་ནི་ཐུགས་ཀྱི་སྣང་བ་སྒྲོ་འདོགས་དང་བྲལ་བ་བསྟན་པའོ། །ད་ནི་གསུང་གི་སྣང་བ་སོ་སོར་དབྱེ་བ་བསྟན་པར་བྱ་བའི་ཕྱིར། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གང་བ་ལང་རྣམས་ཀྱི་ནང་ན་ཁྱུ་མཆོག་མཆོག་ཏུ་གྱུར་བ་ཡིན་ལ། འདིར་ཡིད་སྟོང་པ་ཉིད་དང། ཡང་དག་པའི་མཛའ་ཞེས་པ་ལ་སོགས་པ་དེ་སྨྲ་བ་མཆྒོ་སྟེ། གཞན་གྱིས་ཟིལ་གྱིས་མ་ནི་པའི་ཕྱིར། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ་ཞེས་པ་ནི ་ཟབ་པ་ནི་བཤད་མ་ཐག་པ་ཡིན་ལ། དེ་སྟོན་པར་བྱེད་པའི་སྒྲ་སྒྲོགས་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །རྒྱ་ཆེ་བ་ནི་ཐབས་མང་བ་དང། ཐབས་ཆེ་བའི་སྒོ་ནས་སོ། །དེ་ནི་བརྗོད་པའི་སྔགས་སོ། ཆོས་ཀྱི་དུང་སྟེ་ཤེས་པ་ལ་སོགས་པ་གསུམ་ནི་སྟོན་པར་བྱེད ་པའི་བརྔ་ཡིན་པས་བརྔའི་སྔགས་སོ། །དངོས་པོ་འདི་གསུམ་གྱི་སྒོ་ནས་ཡང་དག་པའི་མཐད་སྟོན་པར་བྱེད་པའོ། །མི་གནས་མྱ་ངན་འདས་པ་པོ། །མི་གནས་མྱ་ནན་འདས་པ་པོ། །ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་སྟེ། ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་དོན ་?་དེའི་ཕྱིར་འདི་ལྟ་བུའི་ལམ་ལ་སྐུལ་བར་བྱེད་དོ་ཞེས་པའོ། གཟུགས་སུ་སྣང་བ་ཅན་ནོ། །ཡིད་ལས་སྐྱེས་ཤེས་པ་ནི་འགྲོ་བ་མེད་གཟུགས་བཟང་དམ་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་མེད་ཅེས་པ་ནི་ཡུལ་དབྱད་པས་གཟུགས་སུ་ཡོད་པ ་དང། རེག་པས་གཟུགས་སུ་ཡོད་པ་ཞེས་བྱ་བ་ལ་སོགས་པ་མེད་པའོ། གཟུགས་བཟང་ཞེས་པ་ནི་ཆུའི་ནང་དུ་སྐྱེས་པར་གྲིབ་མ་སྣང་བ་ལྟ་བུར་སྣང་དུ་དུང་པའི་ཕྱིར་རོ། དམ་པ་སྟེ་ཤེས་པ་ནི་ཚོགས་གཉིས་ལས་བྱུང་བའི་ཕྱིར། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། ཞེས་པ་ནི་ཕྱོགས་གཅིག་པ་བསལ་བ་ཡིན་ཏེ། ཁ་དོག་སྣ་ཚོགས་དང། གཟུགས་སྣོ་ཚོགས་དང། རེག་པ་སྣ་ཚོགས་པའི་གཟུགས་སུ་སྣང་བ་ཅན་ནོ། །ཡིད་ལས་སྐྱེས་ཤེས་པ་ནི་འགྲོ་བ་རྣམས་ཀྱི་ཡིད་སྦྱང་བར་བྱ་བའི་ཕྱིར། །ཡིད་དགའ་བར་བྱེད ་པ་དང། ཡིད་ཚིམ་པར་བྱེད་པ་དང། ཡིད་བ་ཕྲོག་པར་བྱེད་པས་དེ་སྐད་ཅེས་བྱའོ། །གཟུགས་རྣམས་ཐམས་ཅད་སྣང་བའི་ཞེས་པ་ནི་སྐུའི་མཚན་ཉིད་ཐམས་ཅད་སྣང་བ་སྟེ། གང་ལ་གང་གིས་འདུལ་བའི་སྐུའོ། །དཔའ་ཞེས་པ་ནི་བདག་དང་གཞན་གྱི ་??་འབྱུང་བ་སོ། །གཟུགས་བརྙན་མ་ལུས་འཆང་བ་པོ་ཞེས་པ་ལ། གཟུགས་ཞེས་པ་ནི་སྣང་དུ་རུང་བའོ། །བརྙན་ཞེས་པ་ནི་དངོས་པོ་མ་ཡིན་ཏེ། ཆུའི་གཟུགས་བརྙན་ལྟ་བུའོ། །མ་ལུས་ཞེས་པ་ནི་ཆེ་བ་དང་?་བ་དང་མང་བ་དང་ཉུང་བ་ལ་སོང ་བ་སྟེ། འཆང་བ་ནི་དེ་ལྟ་བུའི་གཟུགས་འཛིན་པའོ། །ཡང་ན་གཟུགས་ནི་གསུམ་སྟེ། འཇའ་ཚོན་ལྟ་བུ་དང། པདྨ་ལྟ་བུ་དང། རྣམ་པར་སྨིན་པ་ལས་བྱུང་བའོ། །ཚུགས་པ་མེད་ཅིང་??་བར་གྲགས་ཤེག་པ་ལ། འཇའ་ཚོན་ལྟ་བུའི་སེམས་དེ་ལ ་འབྱུང་བ་བཞིའི་གནོད་པས་མི་ཚུགས་པས་དེ་སྐད་ཅེས་བྱའོ། །དེ་ལྟ་བུ་ལ་སྐུ་ཆེན་པོ་ཞེས་རང་དང་གཞན་གྱི་གྲུབ་པའི་མཛའ་ལས་གྲགས་སོ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། ཞེས་པ་ནི་འདོད་པ་དང། གཟུགས་དང་གཟུགས་མེད་པ་ནི་ཁམས་གསུམ་མོ། །དེ་ལ་དབང་སྒྱུར་བ ་ནི་དབང་ཕྱུག་སྟེ། ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ཡིན་ལ། དེ་རྣམས་ཀྱི་ཡང་ཆེན་པོ་ནི་གཉིས་སུ་མེད་པའི་སྐུའོ། །འཕགས་ལམ་ཤིན་ཏུ་མཐོ་པ་གནས། ཤེས་པ་ནི་ལམ་རྣམས་པས་ཁྱད་པར་འཕགས་པ་སྟེ་རྡོ་རྗེའི་ཐེག་པའོ། །ལམ་ཤིན་རྩམ་ཐོ་?? ་རྣམ་པ་གཉིས་ཏེ། དེ་ལས་བསྐུན་པའི་ཡེ་ཤེས་ཀྱི་སྐུའོ། །དར་བ་ཆེན་པོ་ཆོས་ཀྱི་རྟོག་།ཅེས་པ་ནི་ངར་ལ་ཁད་པའི་སྔ་ལྟ་སུ་རྟགས་ཏེ། སྐུ་འདི་ལྟ་བུ་འབྱུང་བའོ་ཞེས་གསུངས་སོ། །འཇིག་རྟེན་གསུམ་ན་གནོན་ལུས་གཅིག། ཅེས་པ་ནི་འཇིག་རྟེན་གསུམ་ནི་འདོད་པ་རང ་གཟུགས་དང་གཟུགས་ཅེད་པའོ། །གཞོན་ལུས་གཅིག་ཅེས་པ་ནི་དེར་གནས་པའི་སེམས་ཅན་འགྲོ་བ་རྣམས་ཀྱི་དོན་མཛད་ཀྱང་དེ་དག་གི་ཉེས་པས་མ་གོས་བས་ན་དེ་སྐད་ཅེས་བྱའོ། །ཡང་ན་ཟབ་མོ་ལྟར་ན་འཇིག་རྟེན་གསུམ་ནི་དགའ་བ་དང། མཆོག་ཏུ་དགའ་བ ་དང། དགའ་བྲལ། །གཞོན་ལུས་གཅིག་ནི་ལྷན་ཅིག་སྐྱེས་པ་སྟེ། དེས་དགའ་བ་གསུམ་པ་རྒྱས་འདེ་བས་པ་སྣ་དེ་སྐད་ཅེས་བྱའོ། །གནས་བེ་རྟན་རྒན་པོ་ཞེས་པ་ནི་གདོད་མ་ནས་ལྷུན་གྱིས་གྲུབ་པ་སྣ་རྒན་པོའོ། །སྐྱེ་དགུའི་བདག་ནི་སྐྱེས་སོ་ཅོག་དོན་མཛད་པ་སྟེ། དད ་པ་དང་མ་དག་པ་བསྡུས་པའོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། ཞེས་པ་ནི་མཚན་དང་དཔེ་བྱད་དང་ལྡན་པའོ། །སྡུག་གུ་འཇིག་རྟེན་གསུམ་ན་མཛས་ཞེས་པ་ནི་བལྟ་བས་ཆོག་མི་ཤེས་པའི་སྐུ་ཞེས་བྱའོ། །ཡང་ན་སུམ་ཅུ་རྩ་གཉིས་ནི་རྩའོ། །མཚན་ཞེས་པ ་ནི་བྱང་ཆུབ་ཀྱི་སེམས་དེས་ཁྱབ་པའོ། །འཆང་ཞེས་པ་ནི་བདེ་བ་དང་ལྡན་པའོ། །སྡུ་གུ་ཞེས་པ་ནི་བལྟ་བས་ཆོག་མི་ཤེས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཕོ་ཉའོ། །འཇིག་རྟེན་གསུམ་ནི་དེ་དང་གཉིས་སུ་མེད་པ་ལས་བྱུང་བའི་དགའ་བ་གསུམ་མོ། མཛེས ་ཞེས་པ་ནི་དེ་དག་གི་ནང་ན་ལྷན་ཅིག་སྐྱེས་བ་མཆོག་གོ་ཞེས་པའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ཞེས་པ་ཚུ་རོལ ་མཐོང་བ་རྣམས་ཀྱིས་སྔར་བཤད་པའི་སངས་རྒྱས་སྣང་བ་མཛའ་ཡས་ཞེས་བྱ་བ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་དེ་ལྟ་བུ་མཐོང་བའི་སྐལ་བ་མེད་པ་ལ་རྡོ་རྗེ་འཆང་གཉིས་པ་འཇིག་རྟེན་འདིར་ན་བཞུགས་པ་དེས་ཤེས་པ་སྟེ། ཕྱིན་ཅི་མ་ལོག ་པའི་ལམ་སྟོན་པ་དང། ལེགས་པ་སྟེ། བྱང་ཆུབ་གསུམ་ལ་སྦྱོར་བར་བྱེད་པའི་ལམ་སྟོན་པར་བྱེད་པའི་ཕྱིར་སློབ་དཔོན་ཏེ། དེ་ཁོ་ན་ཉིད་བཅུ་དང། ཚུལ་བདུན་ལ་སོགས་པ་དང་ལྡན་པའོ། །དེ་ལྟ་བུ་དེ་ནི་འཇིག་རྟེན་ན་བཞུགས་ཀྱང་འཇིགས་པ་མེད་དེ། ་ཆུ་བོ་བཞི་དང་ངན་སོང་གསུམ་གྱི་རྒྱུད་དང་འབྲ་བུ་ལས་གྲོལ་བར་མཛད་པའི་ཕྱིར་སློབ་དཔོན་དུ་འོས་བས་ན་འཇིག་རྟེན་སློབ་དཔོན་འཇིགས་པ་མེད། ཅེས་བྱའོ། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ་ཞེས་བྱ་བ་ལ། བླ་མ་དེ་ནི་སློབ་མ་རྣམས ་ཀྱི་མགོན་ཡིན། སྐྱོབ་བ་ཡིན་ཏེ་འཁོར་བ་ལ་སོ། །འཇིག་རྟེན་ནི་འཇིག་རྟེན་པའི་སློབ་མ་རྣམ་སོ། །ཡིད་གཅུགས་པ་ཞེས་པ་ནི་སློབ་མ་རྣམས་ཀྱིས་སེམས་བརྩེ་ཞིར་མཐུན་པར་བྱ་བར་འོས་པའོ། །སྒྱབས་དང་སྐྱོབ་པ་བླ་ན་མེད། ཅེས་པ་ནི་སེམས་ཅན་གྱི་སྐྱབས ་དད་དཔུང་གཉེར་དུ་གྱུར་བ་སྟེ། དཀོན་མཆོག་གསུམ་གྱི་ངོ་བོའོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ལ་བསྙེན་བཀུར་སྔོན་དུ་འགྲོ་བས་གསོལ་བ་གང་བ་བར་བྱའོ། །དེ་ནས་བླ་མས་གནས་དང་ཡོ་བྱད་ཇི་ལྟ་བུ་རྣམས་ཚོགས་ཤིང་འབྱོར་ལམ་ཞེས ་དྲི་བར་བྱའོ། །དེའི་ཚི་ཁས་ལེན་ན་དེ་ནས་བསྙེན་བ་ལ་འཇུག་པར་བྱ་སྟེ། གྲངས་དང། དུས་དང། མཚན་མའོ། །བསྙེན་པའི་ལས་ནི་དང་པོར་བཤད་ཅེས་བྱའོ། །དེ་ནས་དང་པོས་བརྟག་པ་ལ་སོགས་པའི་ཚོག་རྫོགས་པར་བྱའོ། །དེ་ནས་དའི་ལྷ་མོ ་དང། ལྷག་པའི་ལྷ་དང། བུམ་པ་དང། སློབ་མ་རྣམས་སྟ་གོན་དུ་བྱའོ། །དེ་ནས་ཐིག་དང་ཚོན་གྱི་མན་ངག་ཞེས་པར་བྱས་ཏེ། དཀྱིལ་འཁོར་བྲིས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགོད་བ་དང། ཕྱི་ནང་གི་རྒྱན་དང། མཆོད་པ་དགྲམ་པ་དང། དཀྱིལ་འཁོར ་སླད་བཤད་པའི་ཚོགས་དཀྱིལ་འཁོར་བསྐྱེད་པ་དང། མཉེས་པར་བྱ་བའི་ཁྱད་པར་རྣམས་ཀྱིས་དཀྱིལ་འཁོར་མཆོད་པ་བྱས་ཏེ། སློབ་མ་གཞུག་པར་བྱ་བའི་ཕྱིར་ཁྲུས་དང། གདོང་རས་གཅིངས་བ་དང། མེ་ཏོག་གཏང་བ་དང། ནང་དུ་དྲང་བ་དང། ་འདོང་བ་དྲ་བ་དང། བགེགས་བསྐྲད་བ་དང། དམ་ཚིག་བསྒྲག་པ་དང་ཡོལ་བ་བསལ་བ་དང། ཕྱག་བཞི་བྱ་བ་དངས། གྲལ་ལ་དགོང་བ་དང། དམ་ཚིག་བསྒྲག་པ་དང། ཡེ་ཤེས་དབབ་པ་དང། སྣང་བ་བརྟག་པ་དང། མེ་ཏོག་དོར་བ་དང། མེ་ཏོག་མགོ ་ལ་གང་???་དང། གདོང་གཡོགས་བླང་ཞིང་མིག་དབྱེ་བ་དང། ལྷ་དང་དཀྱིལ་འཁོར་བསྟན་པ་རྣམས་ནི་འཇུག་པའི་ཆོ་གའོ་དེའི་ཕྱིར། ནམ་མཀྱའི་མཛའ་ལ་ལོངས་སྤྱོད་པ། ཞེས་པའི་ཚིག་གཉིས་པོ་འདི་བཤད་པ་དང་འཆས་པར་འགྱུར་བ་གཉིས ་ཀའི་དོན་སྟོན་པར་བྱེད་པའོ། །དེ་ལ་བཤད་པའི་དབང་དུ་བྱས་ནས་བླ་མའི་མཁྱེན་པའི་ཡོན་ཏན་དང། སེམས་ཅན་རྗེས་སུ་གཟུང་བའི་ཐབས་ནམ་མཁའ་ཨི་མཛའ་དང་མཉམ་པར་མོ་ཁྱེན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། ཞེས་པ་ནི་ཇི་ལྟར་རྒྱ་མཆོལ ་ནོར་བུ་འབྱུང་བ་ལྟར་ཐམས་ཅད་མཁྱེན་པ་ཡང་བླ་མ་ལས་འབྱུང་བའོ། །འཆད་པ་ལྟར་ན་དབང་ཡོངས་སུ་རྫོགས་པ་ལས་ནམ་མཁའ་ནི་ཆོས་ཀྱི་སྐུའོ། །ལོངས་སྦྱོར་པ་ནི་གཟུགས་སྐུ་གཉིས་ཀྱི་སེམས་ཅན་རྗེས་སུ་འཛིན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས ་ནི་སྐུ་གསུམ་མོ། །མཚོ་ཞེས་པ་ནི་རིན་པོ་ཆེ་འབྱུང་བར་བྱེད་པ་སྟེ། དབང་བསྐུར་བ་ལས་བདག་དང་གཞན་གྱི་དོན་འབྱུང་བའི་ཕྱིར་རོ། །ད་ནི་མ་རིག་པ་རིག་པར་བྱ་བའི་ཕྱིར་རིག་པའི་དབང་བསྐུར་བ་བསྟན་པར་བྱ་བའི་ཕྱིར། མ་རིག་སྒོ་ངའི་སྡུབས་འབྱེད་པ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་ཞེས་པ་ནི་ཁམས་དུ་མ་འདུས་པ་ལ་བདག་ཏུ་འཛིན་པས་ན་མ་རིག་པ་ཡིན་ལ། དེ་ནི་སྦུབས་སམ་ཤུབས་ཞེས་བྱ་སྟེ། སྒོང་དང་འདྲ་བ་རིག་པའི་སྲུབས་མེད་པའོ། །དེ་གང་གིས ་འབྱེད་ན། སྔར་བཤད་པའི་བླ་མས་སོ། །ཐབས་གང་གིས་ན། དབང་གསུམ་པས་སོ། །ཡང་ན་མ་རིག་པ་ནི་རིག་པ་ཡེ་ཤེས་ལ་ཀུན་ནས་སྒྲིབ་པར་བྱེད་པ་སྟེ། དཔེར་ན་སྦུབས་སམ་སྒྲོང་དང་འདྲ་བས་སོ། །དེ་འབྱེད་པས་ན་བླ་མས་སོ། །ཐབས་གང་གིས་ཤེན། ་རིག་པའི་དབང་ལྔ་སྟེ། དེའི་དོན་ནི་རིག་པའི་དབང་ལྔས་གཟུགས་ལ་སོགས་པ་ལྔ་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་དང། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་དུ་བྱ་སྟེ། གཏི་མུག་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་དང། ་གཞན་ཡང་ཁམས་དང་སྐྱེ་མཆེད་རྣམས་ཀྱང་ལྷར་བྱིན་གྱིས་བརླབ་བོ། །དེས་ཅི་བྱེད་སྙམ་པ་ལ། སྲིད་པའི་དྲ་བ་འཇོམས་པ་པོ་ཞེས་གསུངས་ཏེ། སྲིད་པ་ནི་འཁོར་བ་ཉོན་མོངས་པ་དང་བཅས་པའོ། །དེ་དྲ་བ་འམ་རྒྱ་དང་འདྲ་བའོ། །འཇོམས་པ་ནི་དབང་གིས ་ཏེ། ཆུ་དང་ཞེ་སྔད་ནི་མི་བསྐྱོད་པ་ལ་སོགས་པའི་དོན་ཏོ། །ཉོན་མོངས་མ་ལུས་ཞི་བྱེད་པ། ཞེས་པ་ནི་དེ་ཉིད་དོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་ཅེས་པ་ནི་འཁོར་བ་ནི་འཁོར་བར་བྱེད་པ་སྟེ། སྐྱེ་བ་ལ་སོགས་པའོ། །རྒྱ་མཚོ་ནི་མཚོ་དང་འདྲ་བའོ། །ཕ ་རོལ་ཏུ་ཕྱིན་པ་ནི་ཇི་ལྟར་གཟིངས་དང། གཉན་པ་དང། སྐྱེ་བའི་སྒོ་ནས་ཕྱིན་པར་བྱེད་པ་སྟེ། བླ་མ་དང། དབང་གི་མན་ངག་གིས་ཤེས་བར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་འབྲས་བུ་མངོན་དུ་བྱས་པོའོ། །ཡང་ན་ལུང་བསྟན་པ་དང། དབུགས་??་?? ་བསྡུས་པའི། །ཡེ་ཤེས་དབང་བསྐུར་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་རིགས་ལྔའི་རྫས་ཀྱིས་དབང་བསྐུར་བའོ། །ཅོད་པན་ཅན་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རྟོག་པ་བསལ་བར་བྱ་བའི་ཕྱིར་ལྷར་བྱས་ལ། །དེ་ཉིད་ཀྱི་རྟོག་པ་བསལ་བར་བྱ་བའི ་ཕྱིར་ཅོད་ཕན་ལ་རིགས་ལྔས་རྒྱས་གདབ་བོ། །ཡང་ན་ཅོང་པན་ཞེས་པས་ནི་ཅོད་པན་ཉིད་བཟུང་ལ། དེས་ནི་དབང་གི་རྫས་བཞི་པོ་ཡང་གཟུང་ངོ། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་ཞེས་པ་ནི་བཤད་མ་ཐག་པ་དེ་ཉིད་དོ། །ཡང་ན་མེ་ཏོག་གང་ལ་བབས་པ་དེ་ཉིད་དེ་ལ ་སྦྱིན་པར་བྱ་སྟེ། མི་འབྲལ་བར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་རིག་པ་གྲོལ་བར་བྱ་བའི་དབང་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གསུམ་ནི་རིག་པའི་དབང་གི་ལྟར་ན ་འགྱུར་བར?་སོགས་པའི་སྡུག་བསྔལ་གསུམ་མམ། ལུས་ངག་ཡིད་གསུམ་དུ་གཏོགས་པའི་སྡུག་བསྔལ་ཞི་བའམ་བསལ་བའོ། །གསུམ་པ་ལྟར་ན་སྡུག་བསྔལ་ནི་དགའ་བ་དང་པོ་གསུམ་སྟེ། རྟོག་པ་དང་བཅས་པའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་བསལ ་ནས་ཞི་བ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཟུང་ངོ། །དེ་ཉིད་སླར་བཤད་པ། གསུམ་སེལ་ཅེས་པ་སྟེ། རྟོག་པ་དང་བཅས་པའི་དགའ་བ་གསུམ་མི་འཛིན་པས་སོ། །གསུམ་གང་ཞེ་ན། མཛའ་ཡས་ཤེས་པ་སྟེ། མཛའ་ཡས་པ་ནི་ཨཱ་ནནད་ཏེ་དགའ་ ་བའོ། །གྲོལ་བཞི་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པའོ། །གསུམ་ཐོབ་ཅེས་པ་ནི་སྐུ་གསུམ་ཐོབ་བའོ། །སྒྲིབ་པ་ཀུན་ཅེས་པ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་མ་རྟོགས་པ་རྣམས་སོ། །དེས་པ་ནི་གདོན་མི་ཟ་བར་གྲོལ་བའོ། །མཁའ་ལྟར་མཉམ་ཞེས་པ ་ནི་གཉིས་འདས་ནས་ནི་གཉིས་མཉམ་པ་ཞེས་པ་སྟེ། ལྷན་ཅིག་སྐྱེས་པའི་མཚན་ཉིད་དོ། །ཆགས་པ་དང་བཅས་པའི་མཚན་ཉིད་དེས་སླར་ཉོན་མོངས་པར་མི་འགྱུར་རམ་སྙམ་པ་ལ། ཉོན་མོངས་དྲི་མ་ཀུན་ལས་འདས་།ཞེས་པཾ་སྟེ། ཉོན་མོངས་པ་ཡང ་ཡིན་པས་ཉོན་མོངས་དྲི་མ་སྟེ་དགའ་བ་གསུམ་མོ། །འདས་པ་ནི་དེ་ལས་འདས་པ་སྟེ། ལྷན་ཅིག་སྐྱེས་པའོ། །དུས་གསུམ་ནི་སྐད་ཅིག་གསུམ་མོ། །དུས་མེད་ཅེས་པ་ནི་གཉིས་སུ་མེད་པ་སྟེ། མཚན་ཉིད་དང་བྲལ་བའོ། །རྟོགས་པ་ནི་རྟོགས་པར་བྱའོ་ཞེས་པའི་ཡིན་འདྲི་མ་ཡང། ་དོན་ཏོ། །ད་ནི་དེ་དག་གི་ཕན་ཡོན་མདོར་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱི་གཙོ་བོ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀུན་ནི་དེ་ལྟར་དབང་ཐོབ་པ་དེ་དག་གོ། གཙོ་བོ་ནི་སེམས་ཅན་གཞན ་གྱི་གཙོ་བོར་གྱུར་པ་ཞེས་པའི་དོན་ཏོ། །ཡོན་ཏན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་དོ། །དེ་ཉིད་བཀུར་བར་འོས་པས་ཐོད་དོ། །རྣམས་ཀྱི་ཐོད་ཅེས་པ་ནི་དེ་བས་ཀྱང་ཆེས་བླ་མའི་མན་ངག་གུས་པར་གཟུང་བར་བྱའོ། །ལུས་ཀུན་ལས་ནི་རྣཾ ་གྲོལ་བ། ཞེས་པ་ནི་བསྒོམ་པར་བྱ་བསྟོན་པ་སྟེ། རིག་བའི་དབང་དང་ལྡན་ན་ཕུང་པོ་ལྔ་ལ་སོགས་པ་རིགས་ལྔ་ལ་སོགས་པར་བསྒོམ་པའོ། །གཉིས་པས་ནི་སྐུར་འཛིན་པ་ལས་གྲོལ་ཏེ། འཁོར་ལོ་དྲུག་ལ་བཀོད་པའི་ཡིག་འབྲུ་སྒོམ་པའོ། །གསུམ ་པས་ནི་ཡིག་འབྲུ་བསྒོམས་པའི་རྟོག་པ་ལས་གྲོལ་ཏེ། ཐིག་ལེ་བྱང་ཆུབ་སེམས་སུ་བསྒོམ་པའོ། །བཞི་པས་ནི་དེ་དག་ཐམས་ཅད་གཉིས་སུ་མེད་པར་བསྒོམ་པའོ། །ཡང་ན་ལུས་ཀུན་ཅེས་པ་ནི་གསུམ་སྟེ། ལས་ཀྱི་ལུས་དང། རྣམ་པར་སྨིན་པའི་ལུས་དང། ་བག་ཆགས་ཀྱི་ལུས་སོ། །དེ་དབང་གསུམ་གྱིས་སྦྱོང་བར་བྱེད་པ་སྟེ། ཡེ་ཤེས་ཀྱི་ལུས་སུ་གྱུར་པས་ནམ་མཁའ་ཨི་ལམ་ལ་རབ་གནས་པ། ཞེས་གསུངས་ཏེ། ནམ་མཁའ་ནི་འདུས་མ་བྱས་ཏེ། ཆོས་ཀྱི་སླུ་མངོན་དུ་བྱེད་པའོ། །གནས་པ་ནི་ལོངས་སྤྱོད་པ་དང། སྤྲུལ ་བ་སྟེ། དེས་སེམས་ཅན་རྗེས་སུ་འཛིན་པར་མཛད་པས་སོ། །ཡང་ན་ནམ་མཁའ་ནི་གོ་བླའོ། །དེ་ལ་གནས་པ་ནི་མཁའ་འགྲོ་མ་རྣམས་ཏེ། དེ་དག་དང་མི་གཉིས་པར་མཁའ་སྤྱོད་དུ་འགྱུར་བའོ། །ད་ནི་རློམ་སེམས་མེད་པར་དཔེ་གསུམ་གྱི་སྒོ་ནས་སེམས་ཅན་གྱི ་དོན་བྱ་བ་བསྟན་པའི་ཕྱིར། ཡིད་བཞིན་ནོར་བུ་ཆེན་པོ་འཆང། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནམ་མཁའ་ལམ་ལ་གནས་ནས་སེམས་ཅན་རྗེས་སུ་འཛིན་པོ་ནི་ཡིད་བཞིན་ནོར་བུ་ལྟར་རྟོག་པ་མེད་བར་འཇུག་བའོ། །ཁྱབ་བདག་རིན་ཆེན་ཀུན ་ཀྱི་མཆོག་ནི་མཉམ་སྙོམས་སུ་བྱེད་པས་དེ་སྐད་ཅེས་བྱའོ། །མཆོག་ནི་མཆོག་གི་དངོས་གྲུབ་གསོལ་བར་མཛད་པའོ། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། ཞེས་པ་ནི་དཔག་བསམ་གྱི་ཤིང་ལས་དགོས་པ་བྱུང་བ་ནི་ཤིང་གི་ལྕགས་མ་འམ་ཤིང་གས་པ་ལས་མི ་འབྱུང་ལ། རྒྱས་པ་ཁོ་ན་ལས་འབྱུང་གི་མ་རྒྱས་པ་ལས་མ་ཡིན་པ་ལྟར་སྐུ་གསུམ་ཆར་ལས་སེམས་ཅན་གྱི་དོན་འབྱུང་གི་ཆོས་སྐུ་འབའ་ཞིག་ལས་མ་ཡིན་ནོ། །ཡང་ན་དགའ་བ་དང་མཆོག་དགའ་ནི་མྱུ་གུ་སྟེ་དེ་ལས་མ་ཡིན་ལ། དགའ་བྲལ་ནི་སྐམ་པ་ལྟ ་བུ་ཡིན་པས་དེ་ལས་མ་ཡིན་གྱི། ལྷན་ཅིག་སྐྱེས་པ་ནི་རྒྱས་པ་ཡིན་ལ་དེ་ལས་འབྲས་བུ་སྐུ་གསུམ་འབྱུང་བའོ། །བུམ་པ་བཟང་པོ་ཆེ་བའི་མཆོག། ཅེས་པ་ནི་གྲུབ་པའི་བུམ་པ་ལས་དགོས་པ་འབྱུང་བ་ལྟར་འདིར་ཡང་སེམས་ཅན་རྗེས་སུ་བཟུང་བར་ནུས་པའོ། ། ་ཆེ་བའི་མཆོག་ཅེས་པ་ནི་མཆོག་གི་དངོས་གྲུབ་གསོལ་བའོ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་པ་ནི་སྙོམས་པར་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཉིད་གང་ཞེ་ན། ཕན་འདོགས་སེམས་ཅན་གཉིས་གཤིན་པ་ཞེས་གསུངས་ཏེ། དོན་དུ་གཉེར་བར་བྱ ་བས་ན་ཕན་འདོགས་པ་སྟེ། སེམས་ཅན་རྣམས་ནི་གྲུ་ཞིག་པ་འམ་གཡང་ས་ཆེན་པོའི་ཁ་ན་འདུག་པ་འམ། གསལ་ཤིང་ལ་བསྐྱོན་པ་ལྟ་བུ་འམ། ངན་སྡུགས?་ཀྱི་ནང་དུ་གང་བ་དེ་དག་ལ་སྙོམས་པར་བདེ་བའི་རྒྱུ་དང་འབྲས་བུ་ལ་བཀོད་པ་དེ་སྐད་ཅེས ་བྱའོ། །མཉེས་གཤིན་པ་ཞེས་པ་ནི་རྟག་ཏུ་མ་བརྗེད་པར་བྱེད་པའོ། །ད་ནི་ཤེས་རབ་ཁྱད་པར་ཅན་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་བསྟན་པར་བྱ་བའི་ཕྱིར། བཟང་ངན་ཤེས་ཤིང་དུས་ཤེས་ལ་ཞེས་གསུངས་ཏེ། བཟང་པོའི་དུས་ཤེས་པ་དང། ངན་བའི ་དུས་ཤེས་པར་བྱ་བའི་ཕྱིར་ནང་གི་སྒོ་ནས་སེམས་ཅན་རྗེས་སུ་འཛིན་པའོ། །ནང་གི་དབང་དུ་བྱས་ནས་རླུང་གི་རྒྱུ་བ་སོ་སོར་རྟོག་པར་བྱེད་ལ། ཕྱིའི་དབང་དུ་བྱས་ནས་དུས་སྦྱོར་བཅུ་གཉིས་ཀྱིས་སོ་སོར་རྟོག་པར་བྱེད་དེ། དེས་ན་རྣལ་འབྱོར་གྱི་གཙུག་ལག་ལ་མཁས ་བར་བྱའོ། །ཁྱབ་བདག་ཅེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་ཁྱབ་པའོ། །དམ་ཤེས་ཞེས་པ་ནི་མི་སླུ་བ་སྟེ། རྣལ་འབྱོར་གྱི་གཙུག་ལག་གིས་མི་སླུ་བའོ། །དམ་ཚིག་ལྡན་ཞེས་པ་ནི་དམ་ཚིག་དང་ལྡན་པས ་སེམས་ཅན་གྱི་དོན་ལ་འཇུག་པའོ། །དེ་ལྟ་བུའི་རྩིས་ཀྱིས་བཟང་བ་དང་ངན་པ་དང་སྐྱེ་བ་དང་འཆི་བ་ལ་སོགས་པ་ཤེས་པ་ནི་དུས་ཤེས་པའོ། །དབང་པོ་ཤེས་པ་ནི་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། ཞེས་བྱ་བ་ལ། ་རྣམ་གྲོལ་ནི་གྲོལ་བར་བྱེད་པ་སྟེ། ཐེག་པའོ། །གསུམ་ནི་ཉན་ཐོས་དང། རང་རྒྱལ་དང། ཐེག་པ་ཆེན་པོའོ། །མཁས་པ་པོ་ནི་བཤད་མ་ཐག་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ལ་ཅི་རིགས་པར་སྟོན་པ་ལ་དེ་སྐད་ཅེས་བྱའོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། ་ཞེས་བྱ་བ་ལ། དེ་ལྟར་གཙུག་ལག་གི་སྒོ་ནས་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་ཡང་ཤེས་པར་བྱའོ། །ཡང་ན་གཙུག་ལག་ནི་རང་གི་དོན་ཡོན་ཏན་ཤེས་པ་ཡིན་ལ། དེའི་སྒོ་ནས་གཞན་དོན་ཡོན་ཏན་དང་ལྡན་པར་ཤེས་པར་བྱའོ། །ཆོས་ཤེས་བཀྲ ་ཤིས་བཀྲ་ཤིས་འབྱུང་ཞེས་བྱ་བ་ལ། ཆོས་ཤེས་པ་ནི་ཅིས་སོ། །དེས་བཟང་ན་བཀྲ་ཤིས་པ། ངན་ན་ནི་བཀྲ་མི་ཤིས་པ་སྟེ། བཟློག་པར་བྱའོ། །ཡང་ན་རྩིས་དེ་ཤེས་པས་བྱ་བ་ཅི་བྱས་ཀྱང་བཀྲ་ཤིས་པའོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། ཞེས་བྱ་བ་ནི་འཇིག ་རྟེན་ལས་འདས་པའི་བཀྲ་ཤིས་པའོ། །དེ་ཉིད་བཤད་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་།ཞེས་གསུངས་ཏེ། བཀྲ་ཤིས་པ་ཉིད་དུ་སྙན་པར་གྲགས་པའོ། །དབུགས་འབྱིན་ནི་ལྟ་བ་ལོག་པ་མངོན་པར་ཤེས་པ་ཅན་ཡང་རྩིས་འདིའི་སྒོ་ནས ་དབུགས་འབྱིན་པར་བྱེད་པའོ། །ཆེན་པོ་ནི་དེ་ལྟར་དབང་ཐོབ་པས་དབུགས་འབྱིན་ཅིང་ངལ་བསོས་པའོ། །དགའ་བ་དང་བདེ་བ་ཆེན་པོས་ཚིམ་པར་བྱེད་པས་དགའ་སྟོན་ཆེ་ཞེས་བྱའོ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། ཞེས་པ་ནི་ཐམས་ཅད་ཕྱག་རྒྱ ་ཆེན་པོ་ལ་བཀོད་པས་སོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་བྱ་བ་ལ། ལྷ་དང་མིའི་ཕུན་སུམ་ཚོགས་པའི་གཞི་ཡིན་པས་དབང་ལ་འཇུག་བར་བྱའོ་ཞེས་པའི་དོན་ཏོ། །མཆོག་ཏུ་དགའ་བ་གྲགས་བདག་དཔལ་ཞེས་བྱ་བ་ལ། མཆོག་ཏུ་དགའ་བ་ནི ་གཉིས་སུ་མེད་པའོ། །དེ་གང་ལ་ཡོད་པ་ནི་གྲགས་བདག་དཔལ་ཏེ། འཇིག་རྟེན་པའི་དཔལ་བདག་གི་དོན་ནོ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། ཞེས་པ་ནི་རང་མཆོག་དང་ལྡན་པས་གཞན་ལ་མཆོད་སྦྱིན་པར་ནུས་པ་དེ་ནི་གཙོ་བོར་བ་ཕུལ་གྱ་ནོམ་པ་ཞེས་བྱ ་བསྟེ། དེའི་ཕྱིར་སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། ཞེས་པ་སྟེ། འདི་དང་ཕ་རོལ་གྱི་འཇིགས་པ་ཅན་རྣམས་ཀྱི་སྐྱབས་སུ་འགྱུར་པའོ། །ད་ནི་བརྟུལ་ཞུགས་ཀྱི་ཆ་ལུགས་བཟུང་ནས་སེམས་ཅན་གྱི་དོན་བྱེད་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འཇིགས་ཆེན་དག་སྟེ ་རབ་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་ཆེན་ཡང་ཡིན་ལ་དགྲ་ཡང་ཡིན་པས་འཇིགས་ཆེན་དགྲ་སྟེ། ཆུ་བོ་བཞི་དང། བདུད་བཞི་དང། ངན་སོང་གསུམ་དང། གཉིས་སུ་འཛིན་པའི་རྟོག་པ་སྟེ། དེའི་དགྲ་ནི་བརྟུལ་ཞུགས་སོ། དེ་དག་ལས ་གྲོལ་བས་ན་རབ་དང་མཆོག་དང་གཙོ་བོ་ཞེས་བྱའོ། །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པ་ནི་འཇིགས་པ་བརྒྱད་དོ། །མ་ལུས་པ་ནི་འཇིགས་པའི་བྱེ་བྲག་སྟེ། ཅུང་ཟད་ཙམ་ཡང་མ་ལུས་པར་བརྟུལ་ཞུགས་ཀྱིས་སེལ་བའོ། །ད་ནི་བརྟུལ་ཞུགས ་ཀྱི་ཆ་ལུགས་དངོས་བསྟན་པར་བྱ་བའི་ཕྱིར། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཉམ་པར་བཞག་པའི་དུས་སུ་ཧེ་རུ་ཀའི་རྒྱན་དང་ཆ་ལུགས་འདི་འདྲ་བར་བསྒོམས་ལ། རྗེས་ལ་ཐོབ་པའམ་བསྐྱེད་རྫོགས་ལ་ནུས ་པ་ཐོབ་ནས་སྤྱོད་པ་བྱེད་པ་འམ། ཡུལ་ཉི་ཤུ་རྩ་བཞིར་རིགས་ལྡན་ཚལ་བའི་དུས་སུ་འདི་དག་བྱ་བ་སྟེ། རྒྱལ་ཚབ་ཧེ་རུ་ཀའི་སྤྱོད་པ་ཞེས་བྱའོ། །དེའི་ཕྱིར་བཅུག་ཕུད་ནི་ཐོང་བའི་དུམ་བུ་སོར་ལྔ་པའི་ཚད་ལ་འཁོར་ལོའི་གཟུགས་སུ་བྲིས་ཏེ། དེའི་བུག་པ་ནས་སླ ་རྣམས་དྲངས་ཏེ་སྤྱི་ཁབ་བྱ་བའི་གཙུག་ཕུད་དོ། །འཁོར་ལོའི་སྟེང་དུ་དུས་པའི་ཟླ་བ་ཕྱེད་པ་དང། སྣ་ཚོགས་རྡོ་རྗེ་བྱས་པ་ནི་ཕུད་བུའི། །ལྕད་ལོ་ནི་རྐུན་མ་ངམ་དཔའ་བོ་བསད་པའི་སྐྲ་ལས་བྱས་པའི་ལན་བུ་ཕྲ་མོ་གཉིས་ལྡན་པ་གཡས ་གཡོན་དུ་འཕྱད་བའོ། །རལ་པ་མུཉྫ་ཅོད་པན་ཐོགས་ནི་སྐྲ་གྱེན་དུ་བརྗེས་ནས་དང་གྱིས་བཅིངས་ནས་རལ་པའི་ཚོགས་ཐུར་དུ་འཛག་པའོ། །མུཉྫ་ནི་སྐྲ་འམ་རྩལ་ལྷས་མ་ལེགས་པར་བྱས་པའི་མཆོད་ཕྱིར་ཐོགས་འཆད་བའོ། །གདོད་ལྔ་ནི་རུས་པ་འམ་བསོ ་ལས་ཐོད་པ་སྐམ་པོའི་དབྱིབས་བྱས་པ་ལྔ་མགོ་ལ་འཇིག་པའོ། །དེའི་ཁ་ནས་རུས་པ་ལས་བྱས་པའི་མུ་ཏི་ག་ཧ་རའི་གཟུགས་ཆེ་ཆུང་དུ་བྱས་པ་ལས་རིང་ཐུང་བྱས་པའི་རིམ་པ་གསུམ་དང་ལྡན་པས་ཟུར་ཕུད་ལྔ་བ་མེ་ཏོག་ཐོད། ཅེས་བྱ་བའོ། ། ་གཙུག་ཕུད་ལྔ་དང་ལྡན་ཞེས་བྱ་ནི་གདོང་པོ་རེ་རེའི་སྟེང་དུ་དུས་པ་ལས་བྱས་པའི་རྡོ་རྗེ་རེ་རེ་ཕྲེང་བའོ། །མགོ་ཟླུམ་ནི་སྐྲ་བརྗེས་པས་འཛུམ་པར་སྣང་བའོ། །བརྟུལ་ཞུགས་ཆེན་པོ་འཆད། ཞེས་པ་ནི་ལག་པ་ལ་སོགས་ཡང་རུས་པའི་རྒྱན ་གྱིས་རྫོགས་པར་བྱས་ཏེ། གཡོན་པའི་གྲུ་མོས་རྣལ་འབྱོར་གྱི་ལྷུང་བཟེད་བཟུང། ལག་པས་ཁ་ཊཝཱཾ་ག་གཟུང། ལག་པ་གཡས་པ་ཊཱ་མ་རུ་དང་ལྡན་པར་བྱས་པ། །ལྷུང་བཟེད་དང་ཁ་ཊཝཱཾ་ག་དུར་ཁྲོད་ཀྱི་རས་ཀྱིས་གཡོགས་ནས་སྤྱད་པའོ། །ཚངས་པར་སྦྱོར ་པ་ནི་ཕྱི་ནང་གི་བྱང་ཆུབ་ཀྱི་སེམས་ལྷུང་བར་མི་བྱ་བའོ། །དེ་ལྟ་བུའི་བརྟུལ་ཞུགས་ནི། བརྟུལ་ཞུགས་རྣམས་ཀྱི་ནང་ན་མཆེ་གོ། །དེ་ནི་དཀའ་ཐུབ་མཐར་ཕྱིན་པ་སྟེ་མལ་བའི་རྟོགས་བཅོམ་པའོ། །དཀའ་ཐུབ་ཆེ་ཞེས་པ་ནི་དེ་ལྟ་བུའི་དཀའ་ཐུབ་ཀྱིས ་མཆོག་གི་དངོས་གྲུབ་སྒྲུབ་པའོ། །དེ་ལྟ་བུའི་སྤྱོད་པས་ནི་ནང་གི་དྲི་མ་བཀྲུས་པས་ན་གཙང་གནས་ཏེ་གཙང་སྦྲ་ཅན་ནོ། །གཽ་ཏ་མ་ནི་སྐད་སོར་བཞག་སྟེ། དམ་པ་ཞེས་པའམ་མཆོག་ཅེས་པའོ། །གཙང་སྦྲ་དེ་ཡོང་པ་ནི་ནང་གི་བྲལ་ཟེའོ། །ཚངས ་པ་ཆངས་པ་ཤེས་ཤེས་པ་ནི་དྲི་མ་དག་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། མྱ་ངན་འདས་པ་ཞེས་པ་ནི་ཐོབ་པའོ་ཞེས་པའོ། །གྲོལ་བ་ནི་རྟོག་པ་ལས་སོ། །ཐར་པ་ནི་ཅིངས་པ་ལས་སོ། །དེའི་ལུས་གཉིས་པ་ཐམས་ཅད་ལས་རྣཾ་པར་གྲོལ་བའོ། །རྣམ ་གྲོལ་ཞི་བ་ནི་ཉན་ཐོས་ཀྱི་ཆགས་བྲལ་གྱི་ལུས་སོ། །ཞི་བ་ཉིད་ནི་ཆགས་བཅས་ཀྱི་ལུས་ཏེ་རྡོ་རྗེ་འཆང་གི་སྐུའོ། །ཡང་ན་རྣམ་གྲོལ་ཞི་བ་ནི་འཁོར་བ་ལ་མི་གནས་པའོ། །ཞིབ་ཉིད་ནི་མྱ་ངན་ལས་འདས་པ་ལ་མི་གནས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ་བྱ་ངན་འདས་ཞེ་མྱ་ངན་འདས་ཞེས་པའོ། །ལེཊ་པར་མྱ་ངན་འདས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། གཞན་ནི་མ་ལགས་པ་ཡིའོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚན་ཉིད་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། བདེ་སྡུག་སེལ་བ་མཐར་གྱུར་པ། ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་དགའ་བ་དང་མཆོག་དགའ་སྟེ། བདེ་བ་ཉིད་ཀྱི་ཕྱིར་རོ། །སྡུག་བ་ནི་དགའ་བྲལ་ཏེ། འདོད་པཱི་ཕྱིར་རོ། །སེལ་བ་ནི་ལོག་པར་རྟོཊ?་པ་སེལ་བ་སྟེ་གནས་ལ་སོཊ་པའོ། །མཐར་གྱུར་པ་ནི་ལྷན་ཅིག་སྐྱེས་པ་སྟེ། མཆོག་མཛའ་ཞེས་གསུངས་པའི ་ཕྱིར་རོ། །མཐར་གྱུར་པ་ཞེས་པས་དགའ་བྲལ་དུ་ལོག་པར་རྟོགས་པ་བསལ་བའི་ཕྱིར་རོ། །ཆགས་བྲལ་ལུས་ལས་འདས་པ་པོ་།ཞེས་གསུངས་ཏེ། ཆགས་བྲལ་ནི་ཉིན་ཐོས་ཀྱི་མྱ་ངན་ལས་འདས་པ་སྟེ། དེ་དང་མཐུན་པའི་དགའ་བྲལ་ལས་འདས་པ་སྟེ། ཐུབ ་པ་མེད་པ་དཔེ་མེད་བ་ཞེས་པ་ནི་དགའ་བ་གསུམ་གྱི་མི་ཐུབ་པའོ་།དཔེ་མེད་པ་དེ་སྒར་མ་དང་ཟླ་བ་ལྟ་བུའོ། །མི་མངོན་པ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། མི་སྣང་བ་ནི་སྤྱོད་ཡུལ་མ་ཡིན་པའི། །གསལ་བྱེད་མིན་པ་ནི་གསལ་བྱེད་?? ་ལ་མི་ལྟོས་པའོ། །མ་འགྱུར་བ་ནི་རྟག་པའི་ཕྱིར་རོ། །གལ་ཏེ་མི་རྟག་ན་སངས་རྒྱས་ཀྱི་ཡེ་ཤེས་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཀུན་འགྲོ་ཞེས་པ་ནི་ཕྱོགས་ཆ་མེད་པའི་ཕྱིར་རོ། །ཁྱབ་པ་པོ་ཞེས་པ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། ནམ?་མཁའ་?་??་ཞེན་ནོ། ། ་ཁྱབ་དང་རྡོ་རྗེའི་བདག་ཉིད་དང། འགྱུར་མེད་དུས་ནི་ཐམས་ཅད་པའོ་ཞེས་གསུངས་ཏེ། ཤིན་ཏུ་ལེགས་པ་ཉིད་དུ་འགྱུར་རོ། །ཡང་ན་ཆོས་ཀྱི་སྐུ་རོ་གཅིག་ཕྱིར་མི་འགྱུར་པའོ། །དེའི་མིང་ཀུན་འགྲོ་ཞེས་བྱ་བ་སྟེ། ཁྱབ་པའི་ཕྱིར་རོ། །ཁྱབ་པ་ནི་ཁམས ་གསུམ་མམ?་དབང་པོ་དྲུག་པའོ། །ཇི་ལྟར་འབྱུང་བཞི་ལན་མཁའ་ཁྱབ་པ་བཞིན་ནོ། །ཕྲ་བ་ནི་རྟོགས་པར་དཀའ་བའོ། །ཟག་པ་མེད་པ་ནི་ཡུལ་དང་ཡུལ་མ་ཡིན་པས་སྲིད་པར་མི་འཁོར་བའི་ཕྱིར་རོ། །ས་བོན་བྲལ་ཞེས་པ་ནི་རྒྱ་འབྲས་ཐ་མི་དད་པའི ་ཕྱིར་ཟག་བཅས་ཀྱི་ས་བོན་དང་བྲལ་བའོ། །ཡང་ན་ཟག་བཅས་ཀྱི་ས་བོན་དང་བྲལ་བས་ཟག་པ་མེད་པའོ། །རྡུལ་མེད་ཅེས་པ་ནི་རྡུལ་ནི་དྲི་མ་ཡིན་ལ། དེ་ནི་དགའ་བ་གསུམ་གྱི་དྲི་མ་དང་བྲལ་བས་སོ། །དྲི་མ་མེད་པ་ནི་ལྷན་ཅིག་སྐྱེས་པའོ། །ཉེས་པ་སྦངས་པ ་སྨོན?་མེད་པ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་སྐྱོན་དུ་འགྱུར་བ་ཀུན་ཅེས་པའོ། །ཤིན་དུ་སད་པ་སད་པའི་བདག་ཅེས་པ་ནི་ཉམས་སུ་མྱོང་བའི་དུས་སུ་གཉིད་སད་པ་ལྟ་བུ་སྟེ། སངས་ཞེས་པའི་དོན་ཏེ་སངས་རྒྱས་ཞེས་པའོ། །ཀུན་ཅེས་པ་ནི་ཀུན་མཁྱེན་པ ་??། འཁོར་འདས་ཀུན་གཉིས་སུ་མེད་པར་ཤེས་ཤིང་རིག་པ་སྟེ། མི་སླུ་བས་ན་དམ་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས་ཤེས་པ་ནི་ཤེས་པ་དང་ཤེས་བྱ་ལས་འདས་པའོ། །དེའི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། ཡེ་ཤེས་གཉིས་མེད་ཚུལ་འཆང ་པ་ཞེས་གསུངས་ཏེ། ཤེས་པ་དང་ཤེས་བྱ་གཉིས་སུ་མེད་པའི་ཚུལ་འཆང་བའོ། །དེས་སེམས་ཅན་གྱི་དོན་མཛད་པའི་ཚུལ་གསུངས་པ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་ཅེས་པ་སྟེ། སྔོན?་གྱི་སྨོན་ལམ་གྱིས་མཛད་པ་ལྷུན་གྱིས་གྲུབ་པའོ། །དེས་ཅི ་བྱེད་ལྷམ་པ་ལ། དུས་གསུམ་སངས་རྒྱས་ལས་བྱེད་པ་ཞེས་གསུངས་སོ། །དུས་གསུམ་གྱི་སངས་རྒྱས་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཐོག་མ་ཐ་མ་མེད་ཅེས་གསུངས་ཏེ། ཐོག་མ་སྡེས?་པ་ནི་སྔོན་དུ་འགྲོ་བ་སྟེ་རྒྱུའོ། །ཐ་མ་ཞེས་པ་ནི་འགག་པ་སྟེ་རྒྱན་གྱི ་མི?་འཇིགས་པའོ། མེད་ཅེས་པ་ནི་སྦྱེ་བའི་རྒྱུ་དང་འགག་པའི་རྐྱེན་ཏེ། རང་བྱུང་བ་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། དང་པོ་སངས་རྒྱས་རྒྱུ་མེད་པ། ཞེས་གསུངས་ཏེ། ཉན་ཐོས་རྡུལ་ཕྲ་རབ་རྒྱུར་འདོད་པ་དེ་མེད་པའོ། །དེས་ན་རྒྱུ་ནི་སྔོན་དུ་འགྲོ་བ་ཡིན་ལ་དེ ་པ?་བདག་??་བྱ་བ་ལ་སོགས་པའོ། །འབྲ་བུ་སྔོན་དུ་རྒྱུ་བའི་ཆོ་རྒྱུ་དེ་དང་འབྲས་བུ་བདག་ཉིད་གཅིག་ལ་སོགས་པ་ཡོད་དམ། འོན་ཏེ་མེད། ཡོད་དོ་ཞེས་ན་རྒྱུ་འགགས་པ་ལས་འབྲ་བུ་འབྱུང་ངམ། འོན་ཏེས?་འགགས་པ་ལས་འབྱུང། འགགས་པ་ལས ་འབྱུང་ཞན་འགགས་པའི་ཕྱིར་འབྲས་བུ་གང་ལས་འབྱུང། མ་འགགས་ན་རྒྱུ་དང་འབྲས་བུ་དུས་གཅིག་པར་འགྱུར་བས་ན་འདི་ནི་བདག་མེད་པའོ། །དེ་གར་གིས་མཐོང་སྙམ་པ་ལ། ཡེ་ཤེས་མིག་གཅིག་དྲི་མ་མེད་ཅེས་གསུངས་ཏེ། ཡེ་ཤེས་ནི་ཤེས་རབ་ཡེ་ཤེས ་སོ། །མིག་གཅིག་དྲི་མ་མེད་པ་ནི་མིག་དང་འདྲ་བས་སོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ཞེས་པ་ནི་དེ་ལྟ་བུ་གང་གིས་མཐོང་བ་དེ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཞེས་བྱའོ། །ད་ནི་དབང་བཞི་པའི་མཚན་ཉིད་གཏན་ལ་དབབ ་བའི་ཕྱིར། ཚིག་གི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཐོབ་པར་བྱེད་པ་བླ་མ་ལ་ལྟོས་དགོས་པས་དང་པོ་བླ་མ་མཉེས་པར་བྱ་བའི་ཕྱིར་མཎྜལ་དང་ཚོགས་ཀྱི་མཆོད་པ་སྔོན་དུ་འགྲོ་བས་ཚིག་འདིས་བསྟོད་པར་བྱ་སྟེ། གསུམ་བར་ངོས ་བཟུང་བ་དེ་འདིས་ཉམས་སུ་བླང་བར་བྱའོ། །ཆིག་དབང་ཐོབ་པས་ན་ཚིག་གི་དབང་ཕྱུག་སྟེ། སྣང་བ་མཛའ་ཡས་ཞེས་བྱའོ། །སྨྲ་བ་ཆེ་ཞེས་པ་ནི་སྨྲ་བ་རྣམས་ཀྱི་ནང་ན་བཞི་པ་མཆོག་ཡིན་པས་སོ། །སྨྲ་བའི་སྐྱེས་མཆོག་ནི་བཞི་པ་སྨྲ་བས་སོ། །སྨྲ་བའི་རྒྱལ ་པོ་ནི་གཞན་ཀླན་ཀ་ཚོལ་བས་ཟིལ་གྱིས་མི་མནོན་པས་སོ། །སྨྲ་བའི་དམ་པ་ནི་འདིའི་སྒོ་ནས་གཞན་རྟོགས་པའོ། །མཆོག་གི་གནས་ནི་དངོས་གྲུབ་ཀྱི་གནས་སོ། །སྨྲ་བའི་སེངྒེ་ནི་ལྟ་བ་ངན་པར་ཚར་གཅོད་པས་སོ། །མཚུངས་པ་མེད་པ་ནི་གཞན་གྱི་ཀླན་ཀས། །དེ་ལྟར་ན ་ཀྱེ་ཞེས་སྔོན་དུ་སོང་བས་ཕྱག་འཚལ་བསྟོད་ཅེས་བྱའོ། །ད་ནི་བཞི་པའི་མཚན་ཉིད་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། ཀུན་དུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྟེན་དང་བཅས་པ་དང། རྟེན་མེད་པ་གཉིས་ཏེ། ་རྟེན་བཅས་ཀྱི་དབང་དུ་བྱས་ཏེ། ཀུན་ཅེས་པ་ནི་རྒྱལ་རིགས་ལ་སོགས་པའོ། །ལྟ་བ་ནི་ལས་རྒྱལ་ཡེ་ཤེས་ཀྱིས་རྒྱལ་བཏབ་པ་སྟེ་སངས་རྒྱས་སྤྱན་ལ་སོགས་པའི་རང་བཞིན་གནས་ལྔར་ཡི་གེ་དགོད་པའོ། །དེ་ལ་བརྟེན་ནས་མཆོག་ཏུ་དགའ་བ་སྟེ། ་ཕྱག་རྒྱ་ཆེན་པོ་འབྱུང་བས་དེ་སྐད་ཅེས་བྱའོ། །གཟི་བརྗིད་ཕྲེང་བ་ནི་འོད་ཟེར་ཏེ། སྦྱན་ལ་སོགས་པ་བཀུག་ནས་བསྟིམས་ཏེ་དེར་བྱས་པའོ། །བལྟ་ན་སྡུག་ཅེས་པ་ནི་དེ་ལྟར་བལྟ་ན་སྡུག་པར་བྱས་ནས་དེ་སྐད་ཅེས་བྱའོ། །འོད་བཟངས་འབར་བ་དཔལ་གྱི ་པེའུ་ཞེས་པ་ནི་སྙིང་གར་ཉམས་སུ་མྱོང་བའོ། །ལག་ན་འོད་འབར་སྣང་བ་པོ། ཞེས་པ་ནི་ལག་པས་རྫས་ལ་སོགས་པ་ལེན་པ་ལྷར་ཕོ་ཉ་འདིས་ཀྱང་གཉིས་སུ་མེད་པ་ལེན་པར་བྱེད་པའོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། ཞེས་པ་ནི་ཐབས་ཀྱིས་ཟུག་རྡུ་འབྱིན་པའོ། ། ་དེ་ཉིད་བཤད་པ། ཟུག་རྡུ་འབྱིན་པ་བླ་ན་མེད་པ་སྟེ། ཆུང་ཡང་སྡུག་བསྔལ་བསྐྱེད་པར་བྱེད་པས་སོ། །ཡང་ན་ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ནས་ཀུན་ཅེས་པ་ཡུལ་ལྔ་གཟུགས་རྡོ་རྗེ་མ་ལ་སོགས་པར་བལྟའོ། །ཡེ་ཤེས་ལ་ལས་ཀྱི་ཕྱག་རྒྱས་གདབ་པ་སྟེ ་བདེ་བསྐྱེ་བའི་རྟེན་དུ་རུང་བར་བལྟ་སྟེ། ཙུམ་པ་ན་དང། ན་ལིང་ཀ་དང། ན་ག་པྲ་ཧར་ལ་སོགས་པ་བྱའོ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག། ཅེས་པ་ནི་འོད་ཟེར་གྱི་ཕྲེང་བས་རེག་རྡོ་རྗེ་མ་ལ་སོགས་པ་སྤྱན་དྲང་བ་དང་དེར་བྱ་བ་སྟེ། བལྟ་ན་བསྡུག་པ་ནི་ལས ་དང་འདྲ་བར་རོ། །ལྷག་མ་ནི་གོང་མ་བཞིན་ནོ། །སྨན་པ་ནི་ཉོན་མོངས་པའི་ནད་གསོ་བ་སྟེ་ཟུག་རྡུ་ཞེས་བྱའོ། །ཆོས་ཀྱི་ཕྱག་རྒྱ་ལྟར་ན་ཀུན་དུ་ཞེས་པ་ལུས་ཀུན་ཏུ་སྟེ། སྦྱི་བོ་ལ་སོགས་པའོ། །བལྟན་སྡུག་ཅེས་པ་ནི་གནས་དེར་འཁོར་ལོར་བལྟ་བ་སྟེ། བདེ་བ ་ཆེན་པོ་ལ་སོགས་པའོ། །གཟི་བརྗིད་ནི་གཏུམ་མོའོ། །ཕྲེང་བ་ནི་འཁོར་ལོ་བཞི་རིམ་པས་བསྲེག་པ་སྟེ། ལྟེ་བའི་ཨའོ། །དཔལ་བེའུ་ནི་སྙིང་གང་བག་ཆགས་བསྲེག་པའོ། །ལག་ན་འོད་འབར་ནི་དེས་ཡེ་ཤེས་ཀྱི་བདུད་རྩི་བླངས་པའོ། །སྨན་པ་ནི་སྔར་བསྲེཌ ་པ་གསོ་བར་བྱེད་པའོ། །ཟུག་རྡུ་ནི་བདག་ཏུ་ལྟ་བའོ། །དི་ནི་དེ་དག་གི་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱིར། །སྨན་རྣམས་མ་ལུས་ལྗོན་པའི་ཤིང། ཞེས་པ་ལ། སྨན་གྱི་ལྗོན་པའི་ཤིད་ནི་སྡོང་བུ་དང་མེ་ཏོག་དང་ཡལ་ག་དང་ལོ་མ་ལ་སོགས་པ་ཐམས ་ཅད་སྨད་དུ་འགྱུར་བ་ལྟར་ཕོ་ཉ་དེ་དག་ལ་བལྟས་ཕ་དང་རེག་པ་དང་མཐོང་བ་ལ་སོགས་པས་གཉིས་སུ་མེད་པའི་གྲོགས་སུ་འགྱུར་བསོ། །ནད་དོ་ཅོ་གི་དགྲ་ཆེ་བ། ཞེས་པ་ནི་ཉོན་མོངས་པའི་ནང་རྣམས་རྩད་ནས་གཅོད་པས་ན་ནད་ཀྱི་དགྲ་བོ་ཆེན་པོའོ། ། ་སྡུག་གུ་ཞེས་པ་ནི་དེ་ལྟར་བྱིན་གྱིས་བརླབས་པ་དེའོ། །འཇིག་རྟེན་གསུམ་གྱིས་མཆོག་ནི་གཉིས་སུ་མེད་པ་རྟོགས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་གཞན་མེད་པས་དེ་སྐད་ཅེས་བྱའོ། །དཔལ་ལྡན་ཞེས་པ་ནི་བདག་དང་གཞན་གྱི་དོན་འབྱུང་བས་སོ། ། ་རྒྱུ་ལྐད་དཀྱིལ་འཁོར་ཅན་ནི་ཡེ་ཤེས་དེས་ཉོན་མོངས་བ་ཟིལ་གྱིས་གནོན་པ་སྟེ། ཇི་ལྟར་ཟླ་བའི་དཀྱིལ་འཁོར་གྱིས་སྐར་མའི་ཚོགས་ཟིལ་གྱིས་གནོན་པ་བཞིན་ནོ། །དེ་ཇི་ཙམ་དུ་སྙམ་པ་ལ། ཕྱོགས་བཅུ་ནམ་མཁའ་ཨི་མཐར་ཐུག་པར། ཆོས་ཀྱི་རྒྱལ ་མཚན་ལེགས་པར་འཛུགས། ཞེས་གསུངས་ཏེ། ཕྱོགས་བཅུ་ནི་ཡུལ་དང་དབང་པོའོ། །ཆོས་ཀྱི་རྒྱལ་མཚན་ནི་ཡེ་ཤེས་སོ། །འཛུགས་པ་ནི་བརྟན་པ་སྟེ ་གསུམ་པའི་ཡེ་ཤེས་སོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟོ། །ཞེས་པ་ནི་འགྲོ་པ་ནི་དྲུག་གོ། །གདུགས་ནི་གདུགས་དང་འདྲ་བ་སྟེ་ཚ་བའི་གདུང་བ་སེལ་བར་བྱེད་ཅིང་སྐྱོབ་པའི་ཕྱིར་རོ། །ཡངས་པ་ནི་ཁྱབ་པའོ། །གང་གི་གདུགས་ཤེ་ན། བྱམས་དང་སྙིང་རྗེའི ་དཀྱིལ་འཁོར་ཅན། ཞེས་གསུངས་ཏེ། རྐྱུ་བྱམས་པ་དང་སྙིང་རྗེ་ཡིན་ལ། རྣམ་པ་ལྷའི་དཀྱིལ་འཁོར་གྱི་སྣང་བས་སེམས་ཅན་རྗེས་སུ་འཛིན་པར་མཛད་པའི་གདུགས་སོ། །མཚན་ཉིད་གང་ཞེ་ན། དཔལ་ལྡན་པདྨ་གར་གྱི་བདག་།ཅེས ་གསུངས་ཏེ། གར་མཁན་དང་གླུ་མཁན་ལ་སོགས་པ་ཤིན་དུ་དམན་པའི་འགྲོ་བ་ཡང་དག་པར་འཛིན་པས་ན་གར་གྱི་དཔང་ཕྱག་ཞེས་བྱའོ། །དེ་ལྟར་ན་རློམ་སེམས་མངའ་འམ་ཞེ་ན། ཁྱབ་བདག་ཆེན་པོ་ཞེས་གསུངས་ཏེ། བྱམས་པ་དང ་སྙིང་རྗེས་མཆོག་དང་དམན་པའི་དོན་མཛད་པའི་ཕྱིར་རོ། །འདོད་པ་འབྱུང་བའི་ཕྱིར་རམ། ལྷའི་དཀྱིལ་འཁོར་གྱིས་གདུལ་བྱ་རྗེས་སུ་འཛིན་བས་ན་རིན་ཆེན་གདུགས་སོ། །དེ་ལྟར་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ལ་སོགས་པའི ་ཕན་ཡོན་རྒྱས་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་གཟི་བརྗེད་ཆེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདེ་དག་ཐམས་ཅད་སངས་རྒྱས་ཀུན་ཅེས་གཞི་གཅིག་ལ་བསྡུས་བར་ཤེས་པར་བྱའོ། །དེ་ལྟར་དབང་ཐོབ་པའི་གང་ཟག་སྟེ། ་སངས་རྒྱས་ཀུན་ནི་རིགས་ལྔའི་དེ་བཞིན་གཤེགས་པའོ། །དེའི་གཟི་བརྗིད་དམ་པ་མཆོག་ཏུ་གྱུར་པ་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དེ་ལྟར་འགྱུར་བའོ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང ་མི་གཉིས་པར་འགྱུར་པའོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། ཞེས་པ་ནི་སངས་རྒྱུས་ཐམས་ཅད་ཀྱི་སྐུ་དེ་ཉམས་སུ་བཞེས་པ་སྟེ་དེ་དང་ལྡན་པ་དེ་ཡང་དེ་ལྟར་འགྱུར་རོ་ཞེས་བྱའོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ཅེས་པ་ནི་བསྟན ་པའི་ངོ་བོ་ཕྱག་རྒྱ་ཆེན་བོ་སྟེ་དེ་ཉིད་དུ་འགྱུར་བའོ། །དེ་གང་གི་མཐུ་ཡིན་སྙམ་པ་ལ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། ཞེས་གསུངས་ཏེ། རྡོ་རྗེ་ན་བུམ་པ་ལྟར་ན་རྡོ་རྗེ་དངོས། །དེས་མཚོན་པའི་དྲིལ་བུའི་ཡང་ངོ། །རིན་ཆེན་ནི་ཅོད་པན་ནོ། །དེ་བཞིན་དུ ་ཆུ་དང། མིང་ཡང་གཟུང་ངོ། །དབང་བསྐུར་བ་ནི་བཤད་པ་ལྟར་རོ། །དཔལ་ནི་བཤད་པ་རྣམས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྟེ་ཆེ་བའོ། །གསང་བ་ལྟར་ན་རྡོ་རྗེ་ནི་བླ་མའོ། །རིན་ཆེན་ནི་ཕོ་ཉའོ། །དབང་བསྐུར་བ་ནི་དེ་ལས་བྱུང་བའི་བྱང་ཆུབ ་གྱི་སེམས་ཀྱིས་སློབ་མའི་ལྕེ་ལ་འཇོག་པའོ། །དཔལ་ནི་ངེས་དེའི་དག་གི་སྒྲིབ་ཟད་པར་བྱེད་པའོ། །གསུམ་པ་ལྟར་ན་རྡོ་རྗེ་ནི་སློབ་མའོ། །རིན་པོ་ཆེན་དེ་ལ་བྱིན་པའི་ཕྱག་རྒྱའོ། །དབང་བསྐུར་བ་ནི་བླ་མའི་མན་ངག་གིས་ལྷན་ཅིག་སྐྱེས་པ་བསྟན་པའོ། །དཔལ ་ནི་དེའི་ཡིད་ཀྱི་སྒྲིབ་པ་ཟང་བའོ། །བཞི་པ་ལྟར་ན་རྡོ་རྗེ་ནི་སློབ་དཔོན་ནོ། །རིན་པོ་ཆེ་ནི་སློབ་མའོ། །དེ་ལ་དེས་ཚིག་དབང་རིན་པོ་ཆེ་སྦྱིན་པའོ། །དཔལ་ནི་ཡེ་ཤེས་ཀྱི་སྒྲིབ་པ་ཟང་པར་བྱེད་པའོ། །ད་ནི་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་བསྟན་པར་བྱ ་བའི་ཕྱིར། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རིན་ཆེན་ཀུན་ཅེས་པ་ནི་གསེང་ལ་སོགས་པའོ། །དབང་ཕྱུག་ནི་ཡིད་བཞིན་གྱི་ནོར་བུའོ། །དེ་ལྟར་དང་པོ་དང་གཉིས་པ་ནི་རིན་པོ་ཆེའོ། །གསུམ་པ་ནི་རང་བཞིན ་གྱི་ནོར་བུའོ། །འཇིག་རྟེན་དབང་ཕྱུག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི། །བྱེ་བྲག་ནི་ཤར་གྱི་ཡུལ་འཁོར་སྐྱོང་ལ་སོགས་པ་སྟེ། བདག་ཅེས་པ་ནི་དེ་རྣམས་ཀྱི་བདག་པོ་དབང་དང་ལྡན་པར་དེ་འགྱུར་རོ། །ཡང་ན་འཇིག་རྟེན་དབང་ཕྱུག་ལ་སོགས་པ? ་དེ་དག་གིས་བསྲུང་བ་དང་སྡེད་པ་ལ་སོགས་པར་འགྱུར་བ་སྟེ། ཕན་ཡོན་ལས་ཀྱང་གསལ་བར་བསྟན་ཏོ། །རྡོ་རྗེ་འཆང་བཀུན་གྱི་རྗེ། ཞེས་པ་ལ་རྡོ་རྗེ་འཆང་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །ཡང་ན་གནོད་སྦྱིན་ལག་ན་རྡོ་རྗེའོ། །རྗེ?་ཞེས་པ་ནི་དེ་རྣམས ་ལ་དབང་བྱེད་བར་དེ་འགྱུར་བའོ། །ད་ནི་དབང་དང་ལྡན་པ་དེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བར་འགྱུར་བ་བསྟན་པར་བྱ་བའི་ཕྱིར། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་གསུམ་པོ་འདི་གྲངས་ཅན ་ལ་སོགས་པའི་རྟོག་གེ་བ་དང། བྱང་ཆུབ་སེམས་དང་ས་རྣམས་དང། ཆགས་བྲལ་གྱི་དེ་བཞིན་གཤེགས་པས་རྟོགས་པར་དཀའ་བའོ། །དེ་ལྟར་གསང་བ་གསུམ་དང། དབང་དང་ལྡན་པ་དེའི་ལུས་དག་ཡིད་གསུམ་དབྱེར་མེད་པར ་འགྱུར་བའོ། །སངས་རྒྱས་ཀུན་ནི་རིཌ་ལྔའོ་ལོ། ཐུཌ་ནི་ཐུཌ་ཀྱི་གསང་པའོ། །དེའི་ལྷག་མ་ནི་??་བསྐྱེད་པའི་རིམ་བ་མདོར་བསྡུས་ཏེ་འོས་སུ་བླང་བ་བསན་པར་བྱ་བའི་ཕྱིར། །རྡོ་ཉེ་བ་སྣང་བ་ཆེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་སྐད་ཅིག་མས་སྦྱེད་པ་བྱེད་པའོ། །རྡོ་ཉི་མ་ནི་ཆོས་མཐུན་པ་སྟེ། ་ཡོག་དམར་བ་དང། སྡུག་བསྔལ་སྐྱེད་བ་དང། རེག་བྱ་ཚ་བླེ་ཕྱིར་ཁྲ་གོ་རྡོ་རླང་དྲི་མེད་འོད། ཅེས་པ་ནི་ཁ་དོག་དཀར་པ་དང། བདེ་བ་སྐྱེད་པ་དང། བསིལ་བ་སྟེ་བྱང་ཆུབ་ཀྱི་སེམས། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། ཞེས་པ་ནི་གནས་སྐབས་ལྔའི་རང་བཞིན་ཏེ་ཡི་གེ ་དང་ཕྱག་མཚན་ནོ། །ཁ་དོག་སྣ་ཚོགས་འབར་བའི་འོད། ཅེས་བ་ནི་འོད་ཟེར་སྤྲོ་བ་དང་བསྡུ་བའོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། ཞེས་པ་ནི་བུ་སྐྱེས་པ་སྟེ། མངལ་ནས་སྐྱེས་པའི་དོན་ཏོ། །བྱང་ཆུབ་པ་ལྔའི་དབང་དུ་བྱས་པ། རྡོ་རྗེ་ཉི་མ་སྣང་བ་ཆེ ་ཞེས་པ་ནི་ཚོགས་གཉིས་སྔོན་དུ་སོང་བས་བསྲུང་བ་རྡོ་རྗེ་ར་བ་དང། དེར་ཆོས་ཀྱི་འབྱུང་གནས་དང། གཞལ་ཡས་ཁང་གདན་དང་བཅས་པའི་ནང་དུ་ཀཱ་ལི་ཚར་གཉིས་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་ལ་ཡང་ཀཱ་ལིས་བརྒྱན་པ་སྟེ། ཇི ་ལྟང་བྱུ་རུ་ལ་མུ་མེན་གྱི་འཕྲ་བཀོད་པ་ལྟ་བུར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ནི་ཨཱ་ལི་ཟུང་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རྒྱས་བ་ལས་དབྱངས་ཀྱིས་བརྒྱན་པ་ནི་ཇི་ལྟར་དུད་ལ ་མུ་ཏིག་བཀོད་པ་ལྟ་བུ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའོ། །དེར་ཡི་གེ་ཧཱུཾ་ནག་པོ་བསམ་པ་ནི་སོ་སོར་རྟོག་བའི་ཡེ་ཤེས་ཁྱི་ངོ་བོའོ། །དེ་གཉིས་ལས་འོད་ཟེར་ཕར་སྤྲོ་ཞིང་བསྡུས་པ་ལས་རྡོ་རྗེ་ཧཱུཾ་དད་ལྡན་པ་ནི་བྱ་བ་ནན་ཏན་གྱི ་རང་བཞིན་ནོ། །ཆགས་བྲལ་ཞེས་པ་ནི་སྤྲུལ་པའི་སྐུ་སྟེ། ཡུམ་མེད་པའི་ཡབ་བམ། ཡབ་མེད་པའི་ཡུམ་བསྒོམ་པ་སྟེ་ཁྲོ་བོའོ། །ཡང་ན་འཇམ་པའི་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་གཡས་ན་རལ་གྲི་དང། མདའ། གཡོན་ཨུཏཔ་ལ་དང་གཞུ་འཛིན་པའོ། །སོགས ་ཞེས་པ་ནི་འོངས་སྦྱོད་པའི་སྐུ་སྟེ། ཆགས་པ་ཆེ་ཞེས་པ་ནི་ཡབ་ཡུམ་ཁ་སྦྱོར་ཁྲོ་བོའི་རྣམ་པར་བསྒོམ་པའོ། །ཁ་དོག་སྣ་ཚོགས་ཞེས་པ་ནི་དབར་པོ་ལ་སོགས་པ་གང་འདོད་པའོ། །འབར་བའི་འོད་ཅེས་པ་ནི་དཀར་པོ་ཡང་ཤིན་དུ་དཀར་བ་ཞེས་བྱ་བ་ལ ་སོགས་པའོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པ་ནི་བཞུགས་སྟོབས་ཏེ་ཇི་ལྟ་བུའི་ཡང་ཞེས་པའི་དོན་ནོ། །དེ་དག་ནི་བསྡུས་པའི་དབང་དུ་མཛད་ནས་བསྐྱེད་པའི་རིམ་པ་གསུངས་པའོ། །ཡང་ན་ཀློག་པའི་དབང་དུ་བྱས་ནས་ཚོགས་པ་སོགས་པ་སྔོན་དུ་སོང་བས་སེང་གིའི་གདན་གྱི་སྟེང་དུ་ཟླ་བ་ལ་མུ་བལྟ་སྟེ། དེ་ལས་བྱུང་བའི་ཆགས་བྲལ་གྱི་སྐུ་བསམས་ཏེ། སེམས་ཅན་སྣོད་ཀྱི་དབང་གིས་སྣོད་དུ་རུང་བར་བྱས་ལ། དེ་དག་ལ་དཀྱིལ་འཁོར་དྲུག་ལ་བསྟོད་པའི་རིམ་པས་ཀློག་པ་ནི་ཀློག་པའི་མན་དགོ། ་ད་ནི་འགྲོ་བ་དང་མཐུན་པར་སྐྱེས་ཀྱང་འགྲོ་བའི་ཉེས་བའི་སྐྱོན་གྱིས་མ་གོས་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་འགྲོ་བའི་ཆོས་འཇིན་པ་ལ་སོགས་པ་གསུངས་ཏེ། འགྲོ་བའི་ཆོས་ནི་པ་མས་བུ་སྐྱེད་པ་ལྟར་ཁྲག་དང་ཁུ་བ་དང་གནས་སྐུབས་ལྔའི་ཚུགས་གོ། འཛིན་པའི? ་མཐུན་བ་སྟེ། དེ་ལྟེར་ན་ཡང་དེའི་ཉེས་པས་མི་གོས་པར་བསྟན་པར་བྱ་བའི་ཕྱིར། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། ཞེས་གསུངས་ཏེ། བདག་དང་གཞན་གྱི་དོན་འབྱུང་བ་ནི་དཔལ་ལྡན་ནོ། །སངས་རྒྱས་ནི་དེ་ལྟར་བསྐྱེད་པའོ། །པདྨ་ཞེས་པ་ནི་ཇི་ལྟར་པདྨ་དམ་ལ་དྲང་པད ་ཡང་འརམ་གྱིས་མ་གོས་པ་ལྟར། འདིར་ཡང་འགྲོ་བ་དང་ཆོས་མཐུན་ཡང་དེའི་ཉེས་པས་གོས་མ་ནི་མ་ཡིན་ནོ། །ད་ནི་ལམ་གྱི་ཆེ་པ་མདོར་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཅེས་པ་ནི ་ཡོད་པ་དང་མེད་པའི་དངོས་པོ་སྟེ། དེ་མཁྱེན་པ་ནི་ཀུན་མཁྱེན་ནོ། །ཡེ་ཤེས་མཛོད་འཛིན་ཅེས་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བྱ་འཛིན་པའོ། །དེ་གང་གི་མཐུ་ཡིན་ཞེ་ན། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང། ཞེས་པ་སྟེ། རྒྱལ་པོ་ནི་རྡོ་རྗེ ་འཆང་དོ། །སྒྱ་འཕྲུལ་ཞེས་པ་ནི་སྒྱུ་འཕྲུལ་དང་འདྲ་བ་སྟེ། སྐུ་ཆེ་བ་དང་ཆུང་བ་དང། མང་བ་དང་ཉུང་བ་དང། ཆགས་པ་དང་བྲལ་བ་དང་བཅས་པའི་སྐུ་སྣ་ཚགས་པར་སྐྱེང་ཅིང་སྤྲུལ་པའོ། །དེ་ལྟ་ན་ཡང་རློམ་སེམས་ཡོད་དམ་ཞེན། སྦྱ་འཔྲུལ་སྣ་ཚོགས ་འདུད་ཞེས་ཀྱང་གསུངས་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དུ་དེ་བཞིན་གཤེགས་པ་འཁོར་རྣམ་བཞི་དོང་བཅས་པ་སྦྲུལ་ཞིང། དེ་ཡང་དེ་དག་ལ་ཆོས་གསུང་བར་མཛད་པ་སྤྲུལ་པ་ཡང་དེ་དང་དེ་དག་ལ ་ཟློམ་སེམས་སུ་མི་བྱེད་དོ། །དེ་བཞིན་དུ། ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། ཞེས་གསུངས་ཏེ། འབྲས་བུའི་དུས་སུ་སངས་རྒྱས་མི་ཉམས་བར་འགྱུར་བ་ནི་བསྐྱེད་པའི་རིམ་པ་དང། སྡགས་བཟླས་པ་དང། འོད་ཟེར་སྤྲོ་བསྡུ་ལ་སོགས་པའི་མཐུ་སྟེ། རིག ་སྡུགས་རྒྱལ་ཞེས་པ་རྡོ་རྗེ་ཐེག་པའི་ལུགས་ལས་བྱུང་བ་སྟེ་དེའི་ཆེ་བའོ། །ད་ནི་རྫོགས་པའི་རིམ་པ་མདོར་བསྡུས་པ་ལས། ཡི་གེ་རབ་མཆོག་གི་རྣལ་འབྱོར་པ་ལས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་རྣོན་པོ་རལ་གྲི་ཆེ ་ཞེས་པ་ལ་སོགས་པ་གསུངས་ཏེ། རང་འདོད་པའི་ལྷར་བསྐྱེད་པ་སྔོན་དུ་སོང་བའི་ལུས་ལ་འཁོར་ལོ་བལྟས་པའི་སྤྲུལ་པར་རྡོ་རྗེ་དང་ལྡན་པའི་རལ་གྲི་བསམ་པ་སྟེ། རྣམ་པ་ནི་རྡོ་རྗེའོ། །མཚན་ཉིད་ནི་རྣོན་པོའོ། །མཐུན་པའི་དཔེར་ལ་གྲི་ཞེས་བྱ་བ་ནི ་དེའི་?་མོ་ལ་ཡི་གེ་ཨ་བསམ་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཡི་གེ་མཆོག་སྟེ་རྣམ་པད་དག། ཅེས་གསུངས་ཏེ་ཡི་གེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། ཨ་སྟེ་རལ་གྲའི་རྩེ་མོར་བལྟའོ། རྣམ་པར ་དག་ཅེས་པ་ནི་འོག་ནས་རིག་པར་བྱའོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོང། ཅེས་པ་ནི་ཐེག་པ་ཆེན་པོ་ནི་ཐེག་པ་ཆེན་པོ་ནི་རྡོ་རྗེའི་ཐེག་པ་ཆེན་པཱོ། །དེའི་ལུས་དེས་སྡུག་བསྔལ་གཅོད་པ་སྟེ། སྙིང་པ། ཆོས་ཀྱི་འཁོར་ལོ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཕུང་པོ་ལྔ་དང་འབྱུང་པ་ལྔའི ་རང་བཞིན་གྱི་ཡེ་གེ་གནས་པ་དེ་གཅོད་པ་དང་ཆོས་མཐུན་པར་སྲག་པའོ། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། ཞེས་པ་ནི་དེ་ལྟར་ཉོན་མོངས་པ་གཅོད་པས་མཆོན་ཆ་སྟེ་རལ་གྲིའོ། །ཆོས་ཞེས་པ་ནི་ལོངས་སྦྱོད་ཀྱི་འཁོར་ལོ་སྟེ། དེ་ནས་ལམ་བྱུང་ནས་ཧི་གནས་སུ་འགྲོ་པ ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡི་གེ་ཨ་གནས་པ་ནི་རྡོ་རྗེ་ཆོས་སོ། །རྡོ་ཟད?་མོ་ཇིན་ཇིན་ཅེས་བླ་ཟིང་མོ་ནི་བྱང་ཆུབ་ཀྱི་སོཾས?་གཉིས་སུ་མེད་པའོ། །ཛིན་ཛིག་ནི་རྒྱལ་བ་འཛིན་པ་སྟེ། རྒྱལ་བ་ནི་བདེ་བ་ཆེན་པོའོ། །དེ་བཟུང་བ་ནི་ཧཾ་དོ། །དེ་ལྟར་བསྒོམས་པའི་སྒྲུབ་པ་པོ་ནི་རྡོ་རྗེ་བློ་གྲོས་ཅན། དོན ་བཞིན་རིག་ཅེས་པ་ནི་བདེ་བ་ཆེན་པོ་ནས་རྣལ་གཡས་ནས་ཕྱིར་བྱུང་སྨིན་མའི་དབུས་ནས་ཞུགས་ཏེ་ཚངས་པའི་བུ་གནས་སོང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ན་གནས་པའི་དམ་ཚིག་གི་འཁོར་ལོ་དཀྲུགས་ཏེ། དེ་བྱང་ཆུབ་ཀྱི་སེམས་བཀུག་སྟེ་སྤྱི་བོ་ནས ་ཞུགས་ཉེ་སྡང་བསྲེགས་པ་རྣམས་གསོས་ནས་འགེངས་པ་རིམ་གྱིས་འཆད་ལ། རིག་པ་རྣམས་རྣམ་པར་དག་པ་ནི་དོན་བཞིན་རིག་པ་སྟེ་གཅིག་བར་བྱ་བའི་ཕྱིར། སྤྲུ་རྫོགས་པ། །ཞེས་བྱ་བ་ལ་སོགས་ནི་སྔ་བསན་པར་ཟད་དོ། །ས་རྣམས་ཀུན་གྱི་བརྒྱན ་དང་ལྡན། ཞེས་པ་ནི་རང་གི་ལུས་ལ་སོགས་པ་རྣམས་རྒྱན་དང་འདྲ་བར་གནས་པས་དེ་སྐད་ཅེས་བྱའོ། །རྣམ་པར་དག་པ་བདག་མེད་ཆོས། ཞེས་པ་ནི་རྣམ་པར་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དག་པ་ནི་རོ་གཅིག་པ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི ་ལ་སོ་བདག་མེད་ཅེས་པ་ནི་བཤད་མ་ཐག་པ་སྟེ། དེ་ཉམས་སུ་བླང་བར་བྱ་བའི་ཆོས་སོ། །ད་ནི་རྩ་དང་ཐིག་ལེ་སྒྱུ་འཕྲལ་དྲ་བའི་ཚུལ་དུ་བསྒོམས་པ་བསྟན་པར་བྱ་བའི་ཕྱིར། །ཡང་དག་ཡེ་ཤེས་ཟླ་འོད་བཟང། ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡང་དག ་ཅེས་པ་ནི་དེ་ནི་ཕྱིན་ཅི་མ་ལོག་པ་སྟེ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །ཟླ་འོད་བཟང་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་ནེས?་ཟླ་བ་ལྟ་བུལ་བརྟེན་ནས་ཡེས་སྐྱེ་བས་ན་བཟང་པོ་ཞེས་བྱའོ། འདེ་ཉིད་ཐ་བླ་གང་གི་སྙཾ་པ་ལ། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། ཞེས་བྱས་ལ་སོཌ་བ་གསུངས ་ཤེ་བཅོན་ཆེན་ནི་རླུང་ངོ། །སྒྱུ་འཕྲུལ་ཞེས་པ་ནི་སྔར་བསྟན་པའི་བྱང་ཆུབ་ཀྱི་སེམས་དེ་སྲུང་ཅིང་སྲུབ་པའི་སྦྱོར་བས་ཞུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཕྲུལ་བར་བྱེད་པས་དེ་སྐད་ཅེས་བྱའོ། །དྲ་བ་ཞེས་པ་ནི་རྩ་སྟེ། སྤྲུལ་བའི་འཁོར་ལོ་ལ་སོགས་པར་བྱང ་ཆུབ་ཀྱི་སེམས་འཛིན་བའོ། །རྒྱུད་ཅེས་པ་ནི་རྒྱུའི་རྒྱུད་ལ་ཨོན་བྱེད་ནུས་པའི་ཆོཔའོ། །ཀུན་ཅེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མ་ལུས་པའི་ས་བོན། །བདག་པོ་མཆོག་ཅེས་པ་ནི་རྒྱུ་ལས་གཞན་མེད་པའི་ཕྱིར་རོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། ་ཞེས་པ་ནི་དེ་བཞིན་གཤེགས་པ་བཞུགས་པའི་གནས་རྡོ་རྗེའི་གདན་ཡིན་པ་ལྟར་དོན་དམ་པ་དང་ཀུན་རྫོབ་གཉིས་སུ་མེད་པ་ནི་དེ་བཞིན་གཤེགས་པ་འབྱུང་བའི་གནས་སོ། ཡེ་ཤེས་སྐུ་ནི་གཉིས་སུ་མེད་པའོ། །རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས ་པའོ། །མ་ལུས་འཆང་ཞེས་པ་ནི་རྡོ་རྗེའི་གདན་དེ་ལ་བཞུགས་ཞེས་པའི་དོན་ཏོ། །ཀུན་ཏུ་བཟང་བོ་བློ་གྲོས་བཟང། །སའི་སྙིང་པོ་འགྲོ་བ་འཛིན། །ཅེས་གསུངས་ཏེ། ཡེ་ཤེས་ཀྱི་སྐུ་ཅན་གྱི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་མ ་ཟད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཞུགས་ཤེས་བསྟན་པའི་ཕྱིར་རྟོགས་པ་ཕུལ་དུ་ཕྱེན་པས་ན་ཀུན་ཏུ་བཟང་པོའོ། །ས་ཡི་སྙིང་པོ་འགྲོ་བ་འཛིན་ཅེས་པ་ནི་ཡོན་ཏན་ཐམས་ཅད་བསྐྱེད་པོའོ། །སྙིང་པོ་ནི་དེ་རྣམས་ཀྱི་སྙིང་པོ་སྟེ་སྐུ་གསུམ་མོ། །ངེས ་ཅི་བྱེད་སྙམ་པ་ལ། འགྲོ་བ་འཛིན་ཅེས་གསུངས་ཏེ། དག་པ་དང་མ་དག་པའི་འགྲོ་བརྗེས་སུ་འཛིན་པའོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་དེ་ན་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་སྟེ་རྒྱུའོ། །ད་ནི་སྤྲུལ་པའི་ཁོར ་ལོ?་ལ་ཆོས་ཐམས་ཅད་རོ་གཅིག་བར་བྱ་བའི་ཕྱིར། སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲུལ་པའི་འཁོར་ལོ་ལ་ཡི་གེ་སྡེ་ཚན་རེ་རེ་ལ་ཡང་ཁ་དོག་ལྔ་གྱར་བསྒོད་པ་ནི་སྣ་ཚོགས་འཆང་ཞེས་ཟེར་རོ། །ཡང་ན་སྣ་ཚོགས་ནི་ལས་དགེ་བ་དང ་ཡེ་དགེང་ལས་གྲུབ་པའི་འཁོར་བ་སྣ་ཚོགས་སྤྲུལ་པའི་ཨ་ལས་འབྱུང་བའོ་ཞེས་ཟེར་རོ། །འདིར་རང་གི་འོད་དོ་བ་ཉམས་སུ་བླང་བའི་རིམ་པ་སྟ། །སྤྲུལ་བའི་འཁོར་ལོ་ཉིད་སྣ་ཚོགས་ཏེ། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའོ། །དེ་ཉིད་བསྟན་པ། ་དངོས་པོ་ཀུན་?་རང་བཞིན་མཆོག་ཅེས་གསུངས་ཏེ། དངོས་པོ་ཡང་ཡན་ལ་ཀུན་ཀྱང་ཡིན་པས་དངོས་པོ་ཀུན་ཏེ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་འབྱུང་ཞིང་འཇིག་པ་དང་དོན་བྱེད་ནུས་ཆོས་རྣམས་སོ། །རང་བཞིན་མཆོག་ནི་དེ་དག་ཡིན་པོས། ། ་དངོས་མོ་ནི་ས་མ་བཞིན་ནོ། །རང་བཞིན་འཇིན་ཅེས་པ་ནི་སྣང་པ་དང་སྟོང་པ་ཐ་མི་དད་པའི་རང་བཞིན་འཛིན་པའོ། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། ཞེས་པ་ནི་སྣ་ཚོགས་པའི་དོན་སྐྱེ་བ་མེད་པ་ཞེས་བྱའོ། །དེ་བས་ན་ཆོས་ཀུན་ངོ་བོ་ཉིད་འཆང་བ་ཞེས་བྱའོ། །ཞེས ་དབ་ཆེན་པོས་སྐད་ཅིག་ལ། ཆོས་ཀུན་ལོང་དུ་ཆུང་བ་འཆང་ཞེས་པ་ནི་ད་ལྟར་ན་ལམ་དེ་ཁོང་དུ་ཆུད་པས་ནི་ཤེས་རབ་ཆེན་པོ་སྟེ། སྐད་ཅིག་གིས་ཆོས་ཐམས་ཅད་རོ་གཅིག་པར་ཁོང་དུ་ཆུད་པ་སྟེ། ལམ་མྱར་པ་ཞེས་བྱའོ། །དེ་ལྟར་ན་སྐད་ཅིག་གིས་ཆོས་ཐམས་ཅད་དེ་ཁོ་ན་ཉིད ་དུ་རྟོགས་ལ། ཆོ་གཅིག་གིས་རྡོ་རྗེ་འཆང་འཐོང་བ་ནི་གསང་སྔགས་ཀྱི་ལམ་ཆེ་བའི་ཁྱད་པར་རོ། །དེ་ལྟར་ན་ཆེ་གཅིག་གིས་ཆོས་ཀུན་སྐད་ཅིག་ཆོས་ཀུན་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པ་སྟེ། དེས་ན་ཐུབ་པ་བློ་མཆོག་ཡང་དག་མཛའ་། ཉེས་གསུངས་ཏེ། འཁོང་བ་ཟློག ་པ་ཐུབ་པ་སྟེ་རྡོ་རྗེ་འཆང་ཞེས་བྱའོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང། བདེ་བདག་གཤེགས་པ་དང། གྱལ་བཞེས་བྱའོ། །ཡང་ན་དེ་ལྟར་རྟོགས་པ་དེ་ཐུབ་པའི་བློ་དང་མཉམ་པ་སྟེ། ཡང་དག་པའི་མཐར་ཐུག་པ་ཞེས་བྱའོ། །མི་གཡོ་རབ ་ཏུ་དང་བའི་བདག་།ཅེས་བྱ་བ་ལ། མི་གཡོ་བ་ནི་ཐེ་ཚོམ་མི་ཟ་བའོ། །རབ་ཏུ་དང་བ་ནི་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་པར་འགྱུར་བའི་བདག་ཉིད་དོ། །རྫོགས་པའི་སངས་རྒྱས་ནི་དུས་གསུམ་གྱིའོ། །བྱང་ཆུབ་ནི་གཉིས་སུ་མེད་པ་སྟེ་དེ་ཙམ ་གཅིག་ཏུ་བཟད་དོ། །སངས་རྒྱས་ཀུན་ཅེས་པ་ནི་དུས་གསུམ་གྱིའོ། །མངོན་སུམ་པ་ཞེས་པ་ནི་སངས་རྒྱས་ཀུན་གྱིས་མངོན་སུམ་དུ་མཛད་ཅིང་ཕྱག་བྱ་བ་དང་དེ་ལྟར་བདག་གིས་མངོན་སུམ་དུ་བྱས་ཞེས་པའི་དོན་ཏོ། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། ཞེས ་བ་ནི་ཉོན་མོངས་པ་མ་ལུས་པར་བསྲེགས་ནས་འོད་གསལ་བར་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་སོ་སོར་རྟོག་པའི་ཡེ་ཤེས་བཤད་ཟིན་ཏོ།། །།ད་ནི་ཆགས་བཅས་ལམ་གྱི་སྦྱོད་པ་ལ་འཇུག་པའི་ཕན་ཡོན་བསྟན་པར ་བྱ་བའི་ཕྱིར། འདོད་པའི་དོན་གྲུབ་དམ་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་འདོད་པའི་སྒོ་ནས་དོན་གྲུབ་པ་ནི་གཉིས་ཏེ། ངན་སོང་སྦྱོང་བ་དང། གྲོལ་བར་བྱེད་པའོ། །དེ་གང་གིས་འགྲུབ་པར་བྱེད་སྙམ་པ་ལ། འདོད་པ་ཞེས་གསུངས་ཏེ། ་འདོད་པ་ནི་གཟུགས་ལ་སོགས་པ་ལྔའོ། །དེས་གཟུགས་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷའི་བདག་ཉིད་ཀྱིས་དོན་གྲུབ་པ་སྟེ། དེ་གང་ཞེ་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དག་ནི་འདོད་པའི་ཡོན་ཏན ་ཀྱིས་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ། །ཞེས་ཟེར་ཏེ། འདིར་དེ་ཉིད་ཀྱིས་སྦྱོང་བའོ། །མགོན་བོ་ཞེས་པ་ནི་དེ་ཉིད་ལ་བྱའོ། །སེམས་ཅན་ཀུན་གྱི་མཆོག་ཅེས་པ་སྟེ། དེ་ལྟ་བུའི་གང་ཟག་དེ་ལས་དང་པོ་བའི་ས་པ་ཡིན་ན་ཡང་ཐེག་པ་གསུམ་གྱི་གང་ཟག་གི་ནང་ནས ་དེ་མཆོག་གོ། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། ཅེས་པ་ནི་ལམ་འདིའི་སྒོ་ནས་བཅིངས་པ་ལས་མཉམ་སྙོམས་སུ་གྲོལ་བར་བྱེད་ཅེས་པའི་དོན་ཏོ། །ཡང་ན་འདོད་པ་ནི་ཐབས་ཁྱད་པར་ཅན་ཚོགས་ཀྱི་མཆོད་པ་ལ་བརྟེན་ནས་དོན་གཉིས་སུ་མེད ་པ་ཡིན་ལ། དེ་ཉིད་ལ་འོག་ནས་འབྱུང་བའི་ཕོ་ཉ་དང་སྙོམས་པར་འཇུག་པས་ན་དེ་སྐད་ཅེས་བྱའོ། །དེས་ཅིར་འགྱུར་ཞེ་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བ་ཞེས་གསུངས་ཏེ་སྔ་མ་བཞི་ནོ། །ད་ནི་དཔའ་བོ་དང་རྟེན་གྱི་གང་ཟག་གི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་པར་བྱ་བའི ་ཕྱིར། ཉོན་མོངས་གཡུལ་དུ་གཅིག་དཔའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཁྱད་པར་རྣམ་པར་བཞིར་འགྱུར་ཏེ། ཉོན་མོངས་པ་དང་གཡུལ་འགྱེད་པའི་ཚེ་དཔའ་བ་སྟེ། ཉོན་མོངས་པ་རྩད་ནས་གཅོད་པའི་བསམ་པ་གཅིག་པུ་ཡོད་པ་སྟེ་དང་པོའོ། །མི་ཤེས ་པ་ནི་ཉོན་མོངས་པ་བསལ་བའི་ཐབས་མི་ཤེས་པ་ཉིད་དགྲ་ཡིན་པས་དེ་ཤེས་པར་བྱེད་པ་ནི་འཇོམས་པ་སྟེ་གཉིས་པའོ། །བློ་ལྡན་ནི་དཔལ་བའི་བློ་སྟེ་སྔར་གྱི་བློ་དང་ལྡན་པའོ། །སྒེག་འཆང་ཞེས་པ་ནི་ལུས་ཆ་གསུམ་དུ་འཁྱོག་པ་འམ་སྦྱིན་བཏོན་པའོ། །དཔའ་དང་ལྡན ་ཞེས་པ་ནི་བདག་དང་གཞན་དོན་འབྱུང་བར་བྱ་བའི་བསམ་པ་ཅན་ཏེ་གསུམ་པའོ། །བརྟན་པོ་ནི་ཉོན་མོངས་པ་ལས་རྒྱལ་བར་བྱེད་པའི་དུས་སུ་བློ་བརྟན་པ་སྟེ། ཐེག་པ་གཞན་ལ་འདོད་པ་དང་བྲལ་བ་སྟེ་བཞི་པའོ། །ད་ནི་?ཆ་ལུགས་བསྟན་པར་བྱ་བའི་ཕྱིར། མི་སྡུག ་གཟུགས་འཆང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྡུག་པ་ནི་ལུས་དང་རྒྱན་ཏེ། ལུས་ནི་ནམ་མཁའ་ཨི་གོས་གྱོན་པོས། །རྒྱན་མི་སྡུག་པ་ནི་རུས་པའི་རྒྱན་འཆང་བའི་ཕྱིར་རོ། །ལག་པ་བརྒྱ་པོ་ཞེས་པ་ནི་གང་བྱེད་པ་དང་འབྲེལ་ཏེ། གར་གྱི་རིགས་བརྒྱ་བྱེད་པའོ། ། ་ཀུན་བསྐྱོད་ཅིང་ཞེས་པ་ནི་གོམ་པའི་སྟབས་ཞེས་བྱ་བ་དང་འབྲེལ་ཏེ། རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པས་གཡས་དང་གཡོན་དང་དབུས་དག་ཏུ་གར་བྱེད་ཅིང་ལག་པ་གཉིས་དཀུར་གནས་ཏེ། རྐང་པས་ས་ལ་ཆོས་ཀྱི་འབྱུབ་གནས་མཐེ་བོང་གིས་བྲི་བར་བྱའོ། །དེ ་བཞན་དུ་ལག་པས་གར་བྱེད་ཅིང་གསུམ་དུ་བྱས་ཏེ་རྐང་པས་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །དེ་གནས་གཅིག་གཅིག་གི་ནང་དུ་གཅིག་བྱ་སྟེ། དེ་ནས་ཟིལ་གྱིས་གནོན་པ་དང་མཆོད་པ་དང་རིགས་མཚོན་པར་བྱེད་པའི་གང་རྣམས་བྱེད་པ་ནི། དཔལ་ལྡན་ལག་པ་བརྒྱས ་གང་ལ། ནམ་མཁའ་ཁྱབ་པར་གང་བྱེད་པ། ཞེས་པའི་དོན་ཏོ། །ད་ནི་སྦྱོང་ཐབས་བརྡས་བརྟན་པ་བཤད་པར་བྱ་བའི་ཕྱིར། ས་ཡི་དཀྱིལ་འཁོར་གཞིའི་ཁྱོན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཚོགས་ཀྱི་འཁོར་ལོའི། ་གནས་སྐབས་འདིར་གནས་ཁྱད་པར་ཅན་དུ་སྟེང་འོག་བསྐྱང་ནུལ་བྱས་ཏེ་དཀྱིལ་འཁོར་གྱི་ཐིག་བཏབ་ལ། དེར་དཀྱིལ་འཁོར་གཅིག་པའི་དཔའ་བོ་དང། རིགས་ལྡན་དགུ་པ་དག། བརྡ་དྲི་བ་དང། །དབྱེ་བས་ལ་བྱས་ཏེ་དཀྱིལ་འཁོར་གྱི་རིམ་པས་གྲལ ་ལ་བཀོད་དེ། འདོད་པའི་ཡོན་ཏན་ལྔས་ཚུལ་ཇི་ལྟ་བར་མཆོད་དེ། །རེག་རྡོ་རྗེའི་གནས་སྐབས་འདིར་ནི་ཇི་ལྟར་ས་ལས་འཕྲིལ་ཤིང་དང་ལོ་མ་དང་མེ་ཏོག་ལ་སོགས་པ་འབྱུང་བ་ལྟར། འདིས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འབྱུང་བར་བྱེད་བས ་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་ཞེས་པ་ནི་དེའི་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཤིང་དེ་ལས་སྙིང་པོ་ལེན་པ་སོ། །རྐང་པ་ཡ་གཅིག་ཅེས་པ་ནི་དཔང་པོ་ཡིའོ། །མཐིལ་གྱིས་གནོན་ཞེས་པ་ནི་རིམ་གྱིས་དབབ་པའོ། །རྐང་འཐེབ་ཅེས་པའི ་རྐང་པའི་བྱེ་བྲག་སྟེ། ཨེ་ཀ་ཨཾ་གུ་ལི་སྟེ་སོར་མོ་གཅིག་མཚོན་པ་ནོར་བུའོ། །སེན་མོ་ནི་དེ་ལས་བྱུང་བ་སྟེ་བྱང་ཆུབ་ཀྱི་སེམས་སོ། །ཁྱོན་ཅེས་པ་ནི་དེའི་ནུས་པའོ། །ཚངས་པ་ཞེས་པ་ནི་ཧཾ་གི་གནས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་སྤུན་དྲང་ཞིང་གཤེཌ ་སུ་གསོལ་བ་ནི་དུ་མའི་གྲངས་སུ་བྱ་ཞིང་མྱ་ངན་ལས་མི་འདའ་བར་བྱ་བའི་ཕྱིར་རྩེ་ནས་གནོན་ཞེས་གསུངས་ཏེ། ནོར་བུའི་རྩེ་ནས་བཟློག་སྟེ་གཤེགས་པར་བྱའོ། །ད་ནི་གཉིས་སུ་མེད་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། དོན་གཅིག ་གཉིས་མེད་ཅེས་གསུངས་ཏེ། དེས་ཅིར་འགྱུར་སྙམ་པ་ལ། དོན་ཞེས་པ་ནི་གཉིས་སུ་མེད་པ་ཡིན་ལ། དེ་ཡང་ཀུན་རྫོབ་ཀྱི་ཀུན་ད་ལྟ་བུ་དང། ཉི་མ་དང། དེའི་བདེ་བ་ཐ་མི་དད་པར་དཔའ་བོ་དང་ཕོ་ཉས་ཉམ་སུ་མྱོང་བའོ། །ད་ནི་ཆོས་ཀྱི་དོན་གཏན་ལ ་དབབ་པ་བསྟན་པར་བྱ་བའི་ཕྱིར། ཆོས་ཀྱི་དོན་ཞེས་གསུངས་ཏེ། ཆོས་ཀྱི་ཞེས་པ་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དོ། །དེའི་དོན་ནི་གཉིས་སུ་མེད་བ། འདོད་པར་བྱ་བ་མི་སླུ་བ། ཕྲད་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་དམ་པའི་དོན་གཏན་ལ་དབབ་པ་བསྟན ་པར་བྱ་བའི་ཕྱིར། དམ་པའི་དོན་ཏེ་འཇིགས་པ་མེད། ཅེས་གསུངས་ཏེ། དེ་ལ་འདོད་པར་བྱ་བ་ནི་དོན་དམ་པ་སྟེ། མི་སླུ་བའི་ཕྱིར་རོ། །འཇིགས་པ་མེད་ཅེས་པ་ནི་འཇིགས་པ་ཅན་ནི་ཉན་ཐོས་ལ་སོགས་པ་ཡིན་ལ། འདིར་ཐབས་དེ་ལྟ་བུ་ལ་འཇིགས་པར་མི་བྱའོ་ཞེས ་བྱ་???། ད་ནི་རྣམ་པར་རིག་པའི་དོན་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པ་དེ་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་སྣང་བ་སྟེ། དེ་དག་གནས་གྱུར་པ ་ན་ཡེ་ཤེས་ལྔའོ། །དེས་ན་དེ་ལ་རྣམ་རིག་ཅེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །སྣ་ཚོགས་ཞེས་པ་ནི་སྒེ་ལྔའི་རྣམ་པར་ཤེས་པའོ། །གཟུགས་དོན་ཅན་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །སེམས་དང་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་ཤེས་རྒྱུད་དང ་ལྡན་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདིར་བི་ཛྙཱ་ན་ནི་བི་ཛ་སྟེ་ས་བོན་ཞེས་བྱ་སྟེ། དེ་རྒྱས་པ་ནི་རྒྱུན་ཡིན་ཏེ། དེའི་རིགས་འཛིན་པ་སྟེ། ཡེ་ཤེས་སྐུའི་མིང་ཅན་ཡེ་ཤེས་ལྔ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །ད་ནི་དངོས་པོ་མ་ལུས་པའི་དོན་གཏན ་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར། དངོས་དོན་མ་ལུས་རྣམས་ལ་དགའ་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་ཁྱད་པར་ཅན་གྱི་སྒོ་ནས་དངོས་པོ་རྣམས་ལ་དགའ་བ་དང་བདེ་བ་བསྟན་ཏེ་དོན་དམ་པ་དེ་རྟོགས་པའོ། །འདན་དངོས་དོན་མ་ལུས ་རྣམས་ལ་དགའ་བར་བྱའི་སྤང་བར་མི་བྱའོ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཕོ་ཉ་དང་དེ་ཁོ་ན་ལ་དགའ་བ་དང། སེམས་ཅན་གྱི་དོན་ལ་འདོད་ཅིང་ཆགས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྷ་ན་འདོད་ཆགས ་ཀྱིས་ཉེས་པར་མི་འགྱུར་རམ་ཞེ་ན། ངེའི་ཕྱིར། སྲིད་པའི་འདོད་ཆགས་རྣམ་སྤངས་པ། ཞེས་གསུངས་ཏེ། སྲིད་པ་གསུམ་གྱི་ཐ་མལ་བའི་འདོད་ཆགས་ལ་སོགས་པའི་སྐྱོན་སྔར་སྤངས་པའོ། །སྲིད་གསུམ་དགའ་བ་ཆེན་པོ་པ། ཞེས་པ་ནི་གོང་དུ ་???དེ་དག་ལུས་དག་ཡིད་གསུམ་གྱིས་དེ་ཁོ་ན་ཉིད་དུ་བསྒྱུར་བའོ། །ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་གཏན་ལ་དབབ་པ་བསྟན་པར་བྱ་བའི་ཕྱིར་སྤྲིན་དཀར་དག་པ་བཞིན་དུ་དཀར་ཞེས་བྱ་བ་ལ། སྲིད་པའི་སྐྱོན་གྱིས་མ་གོས་པ་དང། དེའི་མདོག་བསྟན་པའོ། །འོད ་???སྟོན་ཀའི་ཟླ་བའི་འོད། ཅེས་པ་ནི་རེག་བྱ་བསིལ་བ་དང། མདོག་དཀར་བ་དང། བད་བ་བསྐྱེད་པར་ཆོས་མཐུན་ཏེ། ཥ་?ཀྱེ་བྱང་ཆུབ་ཀྱིས་སེཾས། ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེཾས་བསྟན་པར་བྱ་བ་ནི། ཉི་མ་མཆར་ཀའི་དཀྱིལ་ལྟར་མཛས། ཞེས་གསུངས་ཏེ། མདོག་དམར་བ་དང། རེག་བྱ ་ཚ་བ་དང། སྡུག་བསྔལ་བསྐྱེད་པར་མཐུན་པའོ། །སེན་མོའི་འོད་ནི་ཤས་ཆེར་དམར། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བར་བྱེད་པའི་གནས་རྩ་གསུམ་འདུས་པ་སྟེ། དེའི་མདོག་ཀྱང་དེ་འདྲའོ། །ད་ནི་དཔའ་མོའི་ལུས་དང་ཡན་ལག་གི་མཚན་ཉིད ་བསྟན་པར་བྱ་སྟེ། ཅོད་པན་བཟང་པོ་མཐོང་ཀའི་རྩེ། ཞེས་པ་ལ་སོགས་པ་གསུངས་ཏེ། འདིང་གཟུགས་དང་ལང་འཚོའི་མཚན་ཉིད་སྟོན་པ་སྟེ། ལོའི་གྲངས་ནི་ཡང་ལག་བཅུ་གཉིས་ཞེས་འོག་ནས་གསལ་ལོ། །ཡང་ན། བདེན་དོན་རྣམ་པ་བཅུ ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག། རྣམ་པ་ཉི་ཤུས་བྱང་ཆུབ་པ། ཞེས་པས་བསྟན་ཏོ། །ཅོད་པན་ནི་སྒྲ་བཅིངས་པའི་དར་དབྱངས་སོ། །མཐོན་ཀ་ནི་ནག་པོའོ། །དེའི་རྩེ་མོ་ནི་ལི་བའོ། །དེའི་སྒྲ་མཆོག་ཏུ་འཐུག་པ་དང། གནག་པ་དང་ལི་པོའོ། ། ་མཐོན་ཀ་ཆེན་པོ་འཆང། ཞེས་པ་ནི་སྐྲའི་ཡོད་དོག་གོ། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བའི་གནས་སོ། །འདོད་ཆགས་དཔལ་ཞེས་པ་ནི་པདྨ་རཱ་གའི་མདོག་ཅན་ནོ། །ད་ནི་དེའི་རྒྱན་དང་ཆ་ལུགས་བསྟན་པར་བྱ་བའི་ཕྱིར། ་སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལ་དབུ་རྒྱན་དང་སྙན་ཆ་ལ་སོགས་པ་མངའ་བ་ལྟར་འདི་ལ་ཡང་དེ་ལྟར་བརྒྱན་པར་བྱའོ། །སྤྲུལ་པ་ཞེས་པ་ནི་ཆགས་བྲལ་ཏེ་དེ་ལ་རང ་བཞིན་གྱི་རྒྱན་ཤམས་དབྱེབས་མཐོ་བ་དང། སྤྱིན་ཡངས་པ་དང། ཚོམས་དཀར་བ་དང། ཚགས་དམ་པ་དང། མགས་པ་དང་ལྡན་པའོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྒྱོད་པ། །ཞེས་པ་ནི་འཇིག་རྟེན་གྱི་ཁམས་ནི་གནས་པའི་དཔའ་བོ་བརྒྱའི་སེམས་དུས ་གཅིག་??་སྟོང་པར་ནས་པ་འམ། ཡང་ན་རྩ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀུན་བསྡུས་པའི་ནུས་པ་དེ་ལ་སྨིན་པའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་གནས་སྐབས་འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདུས་པར་བྱ་སྟེ། དེ་ལ་ཚོགས་ཀྱི ་ལམ་གྱི་ཆོས་བཅུ་གཉིས་བསྟན་པར་བྱ་བའི་ཕྱིར། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགྱོས་པར་བསྐྱོད་པས་ན་རྫུ་འཕྲུལ་གྱི་རྐང་པ་སྟེ། ཆགས་བཅས་ཀྱི་ལམ་མྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཞི་སྟེ། ་སེམས་ཀྱི་སྡུལ་འཕྲུལ་གྱི་རྐང་པ་དང། བརྩོན་འགྲུས་ཀྱི་དང། འདུན་པའི་དང། དཔྱོད་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སེམས་པ་སྟེ། དོགས་པ་མེད་པའི་སེམས་ཀྱིས་སྐད་ཅིག་གིས་རྡོ་རྗེ་འཆང་ཐོབ་པར་འདོད་པའོ ་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ལེ་ལོ་ལ་མི་གནས་པར་བདག་དང་གཞན་གྱིས་སྐད་ཅི་གིས་སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཕོ་ཉའི་ལུས་སྤྱན་མ་ལ་སོགས་པའི་རང་བཞིན་དུ་སྒོམ་པའོ། །འདུན་པའི་རྫུན་འཕྲུལ་གྱི་རྐང་པ་ནི་སྐད་ཅིག་གིས ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འདོད་པའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་བླ་མའི་མན་ངག་ལ་ཐེ་ཚོམ་མི་བྲ་བར་འཇུག་པས་རྟོག་པར་བྱའོ། །སྟོབས་ནི་འགྲོ་བ་སྟེ། གོང་ནས་གོང་དུ་འགྲོ་བས་ན་ཆེན་པོའོ། །དེ་ཉིད་ཅོས་པ་ནི་བཤད་མ་ཐག་པའོ། །དྲན ་པ་ཆེན་པོ་འཆང་ཞེས་པ་ནི་དེ་ལྟ་བུའི་མན་ངག་མི་བརྗེད་པར་བྱ་བའོ་ཡང་ན་དྲན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། དྲན་པ་བཞི་པོ་ཏིང་ནེ་འཛིན་རྒྱལ། ཞེས་པ་ལ། ལུས་དྲན་པ་ཉེ་བར་གཞག་པ་ནི་ལྷར་ལྟ་བ་སྟེ་ཕུང་པོ་ལ་སོགས་པའོ། ། ་ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་དེ་ལ་བརྟེན་ནས་སྐྱེ་བའི་ཕྱིར་བདེ་བ་ཆེན་པོར་བལྟའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་བླ་མའི་མན་ངག་སྟེ། དེས་ཐམས་ཅད་སྐྱེ་བ་མེད་པར་རོ་གཅིག་པར་བལྟའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་སེམས་ཕྱག་རྒྱ་ཆེན་པོའི ་ངོ་བོ་གཅིག་ཏུ་དྲན་པར་བྱའོ། །དེ་དག་བསྒོམ་བྱ་ཡིན་པས་ཏིང་ངེ་འཛིན་ཅེས་བྱའོ། །འདིར་ཡང་དག་པར་སྤོང་བ་བཞི་བལྟ་བར་བྱ་སྟེ། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་ནི་གསུམ་པའོ། །སྐྱེས་པ་འཕེལ་བ་ནི་བཞི་པ་རིན་པོ་ཆེ་ཚིག་དབང་ངོ། །མི་དགེ་བའི ་ཆོས་མ་སྐྱེས་པ་མི་སྐྱེད་པ་ནི་དམ་ཚིག། སྐྱེས་པ་སྤོང་བ་ནི་དེ་སྤོང་བ་སྟེ། དེ་དག་ཀྱང་བསལ་བར་བྱས་སོ། །དེ་དག་ནི་ཚོགས་ཀྱི་ལམ་གྱི་ཆོས་སོ། །ད་ནི་སྦྱོང་བའི་ལམ་བསྟན་པར་བྱ་སྟེ། དང་པའི་དབང་པོ་ནི་རྡོ་རྗེ་ཐེག་པ་ལ་མོས་པའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་བླ་མའི ་མན་ངག་ལེན་པ་ལ་བརྩོན་པའོ། །དྲན་པའི་དབང་པོ་ནི་དེ་ལ་ཤེས་བཞིན་དུ་བྱེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་དེ་གོམས་པར་བྱེད་པ་སྟེ། བསྒོམ་པའོ། །ཤེས་རབ་ཀྱི་དབང་པོ་ན་དེ་དག་གི་གནས་ཡིན་པའི་ཕྱིར་རིགས་ལྡན་བསྟེན་པར་བྱ་བའོ། །དེ་དག་ཁྱད་པར་དུ ་ཕྱ་བའི་སྟོབས་ལྔ་སྟེ། འདི་ལྟར་དད་པའི་སྟོབས་དང། བརྩོན་འགྲུས་ཀྱི་སྟོབས་དང། ཏིང་ངེ་འཛིན་གྱི་སྟོབས་དང། དྲན་པའི་སྟོབས་དང། ཤེས་རབ་ཀྱི་སྟོབས་ཤེས་བྱ་བའོ། །ད་ནི་མཐོང་བའི་ལམ་གྱི་ཆོས་བསྟན་པར་བྱ་སྟེ། བྱང་ཆུབ་ཡན་ལག་མེ་ཏོག་?? ་ཞེས་གསུངས་ཏེ། བྱང་ཆུབ་ཐོབ་པར་བྱང་པ་བི་ཡན་ལག་བདུན་ནོ། །དེ་ཡང་ལོངས་སྤྱོད་དུ་བྱ་བ་དང། རྒྱན་དུ་བྱ་བའོ། །ལོངས་སྤྱོད་དུ་བྱ་བ་ནི། མེ་ཏོག་སྤོས་ཞེས་པ་སྟེ་སྤོས་དངོས་སོ། །ཡོན་ཆབ་དང་མར་མེ་དང། དྲི་དང། ཞལ་བྲས་དང། ???????? ་རྒྱན་དུ་བྱ་བ་ནི་ཏོག་གི་རྒྱན་ནམ་རིན་པོ་ཆེའི་རྒྱན་ཏེ། མགུལ་རྒྱན་དང། རྣ་རྒྱན་དང། དཔུང་རྒྱན་དང། ལག་གདུབ་དང། དོ་ཤལ་དང། སྐ་རགས་དང། རྐང་གདུ་བོ། །སྤོས་ཞེས་པ་ནི་དེའི་ལུས་ལ་ག་པུར་ལ་སོགས་པ་བཅང་བར་བྱ་བའོ། །དེ་བཞིན ་གཤེགས་པའི་ཡོན་ཏན་མཚོ། ཞེས་པ་ནི་མཐར་ཕྱིན་པའི་ལམ་སྟེ། དེ་བཞིན་གཤེགས་པ་ནི་རིགས་ལྔའོ། །ཡོན་ཏན་ནི་སྟོབས་དང། མི་འཇིགས་པ་དང། གཟུངས་དང། ཏིང་ངེ་འཛིན་ལ་སོགས་པའོ། །མཚོ་ཞེས་པ་ནི་ཡོན་ཏན་འབྱུང་བའི་ཕྱིར་རོ། །ཡན་ན་དེ ་བཞིན་གཤེགས་པའི་ཡོན་ཏན་ནི་འདོད་པའི་ཡོན་ཏན་ལྔ་སྟེ་ཡུམ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་།ཅེས་པ་ནི་ལམ་ནི་འཕགས་པའི་འོ། །ཡན་ལག་ན་ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་དོ། །ཚུལ་ཞེས་པ་ནི་ཐེག་པ་ཆེན་པོར་གསུངས་པ་དང། ་མིང་དང་གྲངས་མཐུན་པས་དེ་སྐད་ཅེས་བྱའོ། །རིག་ཅེས་པ་ནི་རྡོ་རྗེའི་ཐེག་པས་དེའི་དོན་སྟོན་པའི་ཕྱིར་ཡང་དག་པའི་ལྟ་བ་ནི་རང་གི་ལྷའི་རྣལ་འབྱོར་རོ། །ཡང་དག་པའོ་རྟོག་པ་ནི་དེ་ཉིད་ལ་ངེས་པར་རྟོག་པའོ། །ཡང་དག་པའི་དག་ནི་རྡོ་རྗེའི་བཟླས་པ་ལ་སོགས ་པའོ། །ཡང་དག་པའི་དྲན་པ་ནི་ལུས་ལྷར་དྲན་པ་དང། ཚོར་བ་བདེ་བར་དྲན་པ་དང། ཆོས་སྐྱོན་མེད་བར་དྲན་པ་དང། སེམས་ཕྱག་རྒྱ་ཆེན་པོར་དྲན་པོའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ལྷན་ཅིག་སྐྱེས་པ་ལ་དམིགས་པའོ། །ཡང་དག་པའི་ལམ་ཀྱི་མཛའ་?? ་སེམས་ཅན་གྱི་དོན་བྱེད་པའོ། །ཡང་དག་པའི་རྩོལ་བ་ནི་རྡོ་རྗེའི་ཐེག་པ་ལ་རྩོལ་བར་བྱེད་པའོ། །ཡང་དག་པའི་འཆོ་བ་ནི་ཤ་ལྔ་བདུང་རྩི་ལྔས་འཚོ་བའོ། །ཡང་དག་སངས་རྒྱས་ལམ་རིག་པ། ཞེས་པ་ལ་ཡང་དག་པ་ནི་མི་སླ་བའོ། གང་གི་ཞེས་???ཏེ། ཡང་དག་??? ་??བྱས་དུས་གསུམ་དུ་བཞུགས་པའོ། །དེ་དག་སྐྱེད་པར་བྱེད་པ་སྟེ་ཕོ་ཉའོ། །ལམ་རིག་པ་ཞེས་པ་ནི་ཕོ་ཉ་ལ་བརྟེན་ནས་དེ་ལྟར་རིག་པ་སྟེ། བསྒོམ་པའི་ལམ་གྱི་ཆོས། །ད་ནི་ཆགས་བཅས་ཀྱི་ལམ་གྱི་ཕན་ཡོན་རྒྱས་པར་བཤད་པར་བྱ་བའི་ཕྱིར། སེ?? ་ཀུན་ལ་ཤས་ཆེར་ཆགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ་འགྲོ་བ་དྲུག་གོ། ཤས་ཆེར་ཆགས་པ་ནི་གཉིས་ཏེ། ཉོན་མོངས་པ་ནི་ལྷག་པར་ཆེ་བ་ལ་ཆགས་པ་དང། ་སྙིང་རྗེའི་སྒོ་ནས་ཆགས་པ་ལས་འདི་ནི་ཉོན་མོངས་པ་ལྷག་པར་ཆེ་བ་ལ་ཆགས་པ་སྐྱེ་འདོད་ཆགས་ཅན་རྗེས་སུ་བཟུང་ནས་སྣང་བ་མཛའ་ཡས་འཛད་པ་ལ་སོགས་པའོ། །སྙིང་རྗེའི་སྒོ་ནས་ཆགས་པ་ནི་ཉན་ཐོས་ཀྱི་རིགས་ཅན་ལ་བདེན་པ་བཞི་སྟོན་པ ་ལ་སོགས་པའོ། །ཡང་ན་རྒྱུའི་གནས་སྐབས་ན་ཕོ་ཉ་ལ་སོགས་པ་ལ་ཆགས་པ་ནི་སེམས་ཅན་ཀུན་ལ་ཤས་ཆེར་ཆགས་པའོ། །འབྲས་བུའི་དུས་ན་སེམས་ཅན་གྱི་དོན་ལ་ཆགས་པས་དེ་སྐྲད་ཅེས་བྱའོ། །དེ་ལྟར་ན་དེ་གཉིས་ཀ་ཉོན་མོངས་པ་ཅན ་དུ་མི་འགྱུར་རམ་སྙམ་པ་ལེ། གསུངས་པ། ནམ་མཁའ་ལྟ་བུར་ཆགས་པ་མེད། ཅེས་གསུངས་ཏེ། དེ་ལྟར་ཆགས་ཀྱང་དེའི་སྐྱོན་གྱིས་མི་གོས་ཏེ། ནམ་མཁའ་དང། བུམ་པ་དང། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་བཞིན་དུའོ། །དེ་ལྟར་ན་སེམས་ཅན ་བྱའོ་ན་ཇི་ལྟ་བུ་སྙམ་པ་ལ། སེམས་ཅན་ཀུན་གྱི་ཡིད་ལ་འཇུག། ཅེས་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ་འགྲོ་བ་དྲུ་གོ། ཡིད་ལ་འཇུག་ཅེས་པ་ནི་ཡིད་དང་ཇི་ལྟར་མཐུན་པའོ། །ཡང་ན་སེམས་ཅན་ཀུན་ནི་སློབ ་མའོ། །ཡིད་ལ་འཇུག་པ་ནི་གཉིས་ཏེ། བླ་མའི་བྱིན་རློབས་དང། སློབ་མའི་རྩལ་བའོ། །དེའི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པ་སྟེ། བླ་མའི་དག་ལས་སོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། ཞས་པ་ནི་རིམ་གྱིས་མ་ཡིན་ཏེ། སྐད་ཅིག ་གིས་མཛད་པས་དེ་སྐད་ཅེས་བྱའོ། །ལུང་ལས་ཀྱང་མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན་ཞེས་པ་ལྟ་བུའོ། །དེ་ལྟ་བུ་དེ་ཡང་རིགས་ལྡན་དེས་སྟེར་བའོ། །དེ་ནི་ཡེ་ཤེས་ཀྱི་ཡན་ཡོན་བསྟན་པར་བྱ་བའི་ཕྱིར། ་སེམས་ཅན་ཀུན་གྱི་དབང་དོན་ཤེས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ཤེས་པ་ནི་མཆོག་དང་མཆོག་མ་ཡིན་པའོ། །དོན་ཤེས་པ་ནི་གཟུགས་མ་ཡིན་པར་ཤེས་པར་འགྱུར་རོ། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ་ཞེས་པ་ནི་སྤྱི་དང་བྱེ་བྲག་ཏུ་འགྲོག ་པའོ། །ཆགས་བཅས་ཀྱི་ལམ་གྱིས་སྤྱིར་རྟོག་པ་དང་བཅས་པ་དང། རྟོག་མེད་དུ་འཕྲོག་པའོ། །བྱེ་བྲག་ཏུ་འཕྲོག་པ་ནི་རྣལ་འབྱོར་པའི་ཡིད་གཉིས་སུ་མེད་པ་སེ་ཨ་པ་དྷཱ་ཏཱིར་འཕྲོག་པའོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས་ཞེས་བྱ་བ་ལ། ཕུང་པོ་ལྔ་ནི་གཐུཌ ་ལ་སོགས་པའོ། །དེའི་དོན་ཤེས་པ་ནི་ཡེ་ཤེས་ལྔ་གཉིས་སུ་མེད་པར་ཤེས་པའོ། །རྣམ་དག་ཕུང་པོ་ལྔ་འཆང་བ་ཞེས་བྱ་བ་ལ། རྣམ་པར་དག་པ་ནི་ཁམས་དང་སྐྱེ་མཆེད་དེ་རྣམས་གཏི་མུག་རྡོ་རྗེ་ལ་སོགས་པ་དང། གཟུགས་རྡོ་རྗེ་མ་ལ་སོགས་པར་རོ། །ཕུང་པོ་ལྔ ་ཡེ་ཤེས་ལྔའི་རང་བཞིན་བདེ་བར་གཤེགས་པ་ལྔའོ། །ངེས་འབྱུང་ཀུན་གྱི་མཛའ་ལ་གནས་ཞེས་བྱ་བ་ལ། ངེས་འབྱུང་ཀྱང་ཡིན་པས་ངེས་འབྱུང་ཀུན་ཏེ། འབྲས་བུ་ངེས་པར་འབྱུང་བའི་ཐབས་ཏེ་ཐེག་པ་གསུམ་མོ། །མཛའ་ཞེས་པ་ནི་དེ་རྣམས་ཀྱི་མཐར ་ཐུག་པ་ཆགས་བཅས་ཀྱིལ་མོ། །ངེས་པར་འབྱུང་བ་ཀུན་ལམ་ཁས་ཞེས་པ་ནི་ཆགས་བཅས་ཀྱི་ལམ་འདིར་རྟོགས་པར་བྱ་བའོ། །གཞན་ཡང་དྲན་པར་བྱ་བའི་ཕྱིར། ངེས་འབྱུང་ཀུན་གྱི་ལམ་ལ་གནས། ངེས་པར་འབྱུང་བ་ཀུན་སྟོན་པ། ཞེས་པ་ནི་ཆགས་བཅས ་ཀྱི་ལམ་འདིར་ལྡན་པར་སྟོན་པའོ། །ད་ནི་རྣམ་པ་ཐམས་ཅད་གྱི་མཆྒོ་དང་ལྡན་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། ཡན་ལག་བཅུ་གཉིས་སྲིད་རྣམ་བརྟོན་ཞེས་བྱ་བས་སོཌ་པ་གསུངས་ཏེ། ཡན་ལག་ཀྱང་ཡིན་ལ་ཅུས་ཀྱང་ཡིན་གཡན་ལག་སུ་གཉིས་ཏེ། འདི་ལྟར་མ་རིག ་པ་དང། འདུ་བྱེད་དང། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲོད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒོ་ཤི་ཞེས་བྱ་བ་རྣམས་སོ། །དེ་རྣམས་ནི་སྲིད་པའི་ཡན་ལག་དང་རྩ་བའོ། །བརྟོན་ཞེས་པ ་ནི་འདི་རྣམས་ཤེས་པས་སྲིད་པའི་རྩ་བའོ་ཞེས་བྱའོ། །དེ་ལ་འདི་རྣམས་ཤེས་པར་བྱེད་པའི་ཚུལ་ཀྱང་གཉིས་ཏེ། རྒྱ་ཆེ་བ་དང། ཟབ་པའི་ལུགས་གཉིས་སོ། །དེ་ལ་རྒྱ་ཆེ་བ་ནི་ལུགས་དང་མཐུན་པ་དང། ལུགས་ལས་བཟློག་པ་སྟེ། ངེ་ཤེས ་བས་སྲིད་པའི་རྩ་བ་བཏོན་པའོ། །ཟབ་པ་ནི་རྡོ་རྗེ་ཐེག་པའི་ཚུལ་ཞེས་བྱའོ། །དེ་ལ་ཡང་གཉིས་ཏེ། །བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པའོ། །དེ་ལ་བསྐྱེད་པའི་རིམ་པས་སྲིད་པའི་རྩ་བ་འཇོམས་པ་ནི་འདི་ལྟ་སྟེ། མ་རིག་པ་ཞེས་པ་ནི་བདག་ཏུ ་འཛིན་པ་ལ་བྱ་སྟེ། འདི་ལྟར་ཁམས་དྲུག་འདུས་པ་ལས་བདག་དང་བདག་གིར་འཛིན་པ་འབྱུང་བའོ། །དེ་ལ་ཁམས་དྲུག་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་སོ། །དེ་རྣམས་འདུས་པ་ནི་ཚོགས་པ་གཅིག་གི་བདག་གཉིད་དོ། ། ་དེ་རྣམས་ཀྱི་ནུས་པའི་རྩལ་གྱིས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་བསྐྱེད་པའོ། །དེ་ནས་གཅིག་ལ་བདག་ཏུ་བཟུང་བས་ལྷག་མ་ལ་བདག་གིར་འཛིན་པའོ། །དེའི་ཕྱིར་མ་རིག་པ་ཞེས་བྱའོ། །དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་སྤྱོད་སྟེ། ་འདི་ལྟར་དམ་པའི་བཀའ་དྲིན་གྱིས་འབྲེལ་པའི་སྐྱེས་བུས་གནས་དབན་པར་མཆོད་པའི་རྟེན་དང་ཡོ་བྱད་སྟ་གོན་བྱ་ཞིང་ལུས་དང་ངག་གི་བྱ་བ་བྱ་ཞིང་ཚོགས་བསགས་ནས་ཕྱི་དང་ནང་གི་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་ཞིང། ་ཨོཾ་སྭཔཏཱི?་ཤུདྡྷོ་ཞེས་བྱ་བས་སྟོང་པ་ཉིད་བསྒོམ་ཞིང། ཨར་རྣཱ་ཙིཏྟ་ནྱ་ནུ་ཏྭ་ཏཱ་སྟེ། ཨ་ཀཱ་རོ་ལ་སོགས་པའི་སྔགས་ཀྱིས་སོ། །དེའི་ཕྱིར་མ་རིག་པ་སྐྱེ་བ་མེད་པར་ཡོངས་སུ་དག་པའོ། །དེ་ལ་སྒྲ་མཐར་བསམ་ཞིང་ཡོངས་སུ་བསྲུང་བ་བྱའོ། །རབ་དང་གུར་གྱི་ནང ་དུ་ནམ་མཁའ་ཨི་ཁམས་རྣམས་པར་དག་པའི་ཆོས་འབྱུང་བ་བསྐྱེད་དེ། དེའི་ནང་དུ་ཡ་ལས་གྱུར་བའི་རླུང་གི་ཁམས་གཞུ་ལྟ་བུའོ། །བཾ་ལས་བྱུང་བའི་ཆུའི་ཁམས་ཟླུམ་པོའོ། །དེར་རཾ་ལས་བྱུང་བའི་མེའི་ཁམས་གྲུ་གསུམ། །དེར་ལཾ་ལས་བྱུང་བའི་སའི་ཁཾས ་རྣམ་པར་དག་པ་གྲུ་བཞི་པའོ། །དེ་རྣམས་ཀྱི་ས་བོན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་ཕྱི་རོལ་དོན་གྱིས་བསྐྱེད་པ་ནི་མ་ཡིན་གྱི། རང་གི་རྣམ་པར་ཤེས་པ་ལས་བྱུང་བ་སྟེ། གཟུང་འཛིན་གྱིས་སྟོང་པའི ་སེམས་ཙམ་དུ་ཤེས་པར་བྱའོ། དེ་ནས་དེ་དག་གི་ཁྱད་པར་འདུས་པ་ལས་ཡི་གེ་ཨོཾ་དུ་བསམ་ཞིང་རྣམ་པར་སྣང་མཛད་ཀྱི་རྣམ་པར་གྱུར་པ་ལས་གཞལ་ཡས་ཁོང། །དེ་ཡང་རང་གི་སེམས་ཀྱི་སྣང་བ་ཙམ་སྟེ། དེ་ལྟ་བས་ན་སེམས་གཟུང་འཛིན་གྱིས་སྟོང་པ་ཉིད ་མ་རིག་པ་རིག་པར་བྱེད་པ་སྟེ། བདག་དང་བདག་གིར་འཛིན་པ་ལས་གྲོལ་པའོ། །འདུ་བྱེད་རྣཾ་པར་དག་པ་ནི་འདི་ལྟ་སྟེ། དེ་ཡང་འདུ་བྱེད་ཀྱི་རྐྱེན་གྱིས་འདུ་བྱེད་འབྱུང་བསྟེ། དེ་ཅིའི་ཕྱིར་ཞེ་ན། ཁམས་དྲུག་པོ་ཉིད་ལས་བདག་ཏུ་བཟུང་ནས་བདག་ནི་སྐྱེས་པའོ། །བདག་ནི་བུད ་མེད?་དོ?་སྙམ་བདག?་དང་གཞན་དུ་རྟོག་པའོ། །དེའི་དབང་གིས་གཅིག་ལ་གཅིག་ལྷག་པར་ཆགས་ཏེ་མངོན་པར་འདུ་བྱེད་པའོ། །འདིར་ཁམས་དྲུག་པོ་ཉིད་སྐྱེས་པ་དང། བུད་མེད་མ་ཡིན་ཏེ། སེམས་ནི་པོ་མོར་མ་གྲུབ་སྟེ་རིག་པ་ཙམ་མོ། །རིག་པ་དེ་ཉིད་ཡི་གེའི་ངོ་བོ ་སྟེ་སུ?་ལི་དང?་ལིའོ། །དེ་ལས་ཟླ་བ་དང་ཉི་མའོ། །དེ་དག་ནི་མངོན་པར་འདུ་བྱ་བ་ཡིན་ཏེ་འདུ་བྱེད་དོ། །འདུ་བྱེད་དེ་ཉིད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སྟེ། རང་གི་ལྷའི་ཕྱག་རྒྱ་དང་ས་བོ་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས ་བྱ་སྟེ་རང་གི་ལྟའི་སྒྱུ་འོད་ཀྱི་གོད་དུའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྟེ། དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི་སྐྱེ་མཆེད་དྲུག་གོ། དེ་ལྟར་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་སྟེ། འདོད་ཆགས་ཆེན་པོས་རྗེས་སུ་ཆགས་ཤིང་ཡབ་ཡུམ་གཉིས ་རིག་པ་ལས་ཞུ་བའི་ངོ་བོ་ཉིད་ལ་གནས་ཏེ། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ནི་བདེ་བ་ཞེས་བྱའོ། །ཚོར་བ་བདེ་བའི་རྐྱེན་གྱིས་སྲེད་པ་ནི་ཡབ་ཡུམ་ཁ་སྦྱོར་དུ་བཞེངས་པའོ། །སྲེད་པའི་རྐྱེན་གྱིས་ལེན་པ་ནི་སྐུ་གསུངས་ཐུགས་བྱིན་གྱིས་བརླབ་པ་དང། ཡེ་ཤེས ་སེམས་དཔའ་བསྟིམ་པ་དང། དབང་བླང་བ་དང། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང། མཆོད་པ་དང། བསྟོད་བ་དང། བདུད་རྩི་མྱང་བ་དང། སྔགས་བཟླས་བ་ནི་གཞན་ལ་རག་ལས་པའི་ཚུལ་གྱིས་ལེན་པའོ། །ལེན་པའི་རྐྱེན་གྱིས་སྲིད་པ ་??་སྤྱོ་བ་དང་བསྡུ་བ་མངོན་དུ་མཛད་པའོ། །སྲིད་པའི་རྐྱེན་གྱིས་ག་ཡིས་བསྡུ་བ་མངོན་དུ་མཛད་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཉིད་ནི་ལྟའི་འཁོར་ལོ་ཐུན་མོང་བ་རྣམས་སོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ནི་དཀྱིལ་འཁོར་བསྡུ་ཞིང་མི་དམིགས་པར་སྤྱན་དྲང་ཞིང ་གཤེགས་སུ་གསོལ་བའོ། །དེ་ནི་བསྐྱེད་པའི་རིམ་པའི་ཚུལ་གྱི་གདམས་དག་གོ?་།རྫོགས་པའི་རིམ་པའི་ཚུལ་ནི་བླ་མ་དམ་པའི་ཞལ་ལ་ལྟོས་པར་བྱའོ། །ཡང་ན་ཡན་ལག་བཅུ་གཉིས་ནི་ཕོ་ཉའི་ལོ་གྲངས་སུ་ཤེས་བར་བྱའོ། །དེ་ལྟར་ན་དག་པ་རྣམ་པ་བཅུ ་གཉིས་འཆང་བའོ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། ཞེས་པ་ནི་ཇི་སྐད་དུ་བཤད་པའི་ཐེག་པ་ཆེན་པོར་བདེན་པ་བཞི་ནི་སྡུག་བསྔལ་ཤེས་པར་བྱ་བ་དང། ཀུན་འབྱུང་སྤང་བར་བྱ་བ་དང། ལམ་རྒྱུད་ལ་བསྟེན་པར་བྱ་བ་དང། འགོག་པ་ནི་འབྲས་བུ ་མངོན་དུ་བྱ་བར་འདོད་པའོ། །འདིར་ནི་རྣམ་པ་དེ་དག་མི་འདོང་དེ། མིང་དང་གྲངས་མཐུན་ལ་དོན་ནི་དགའ་བ་བཞི་རྟོགས་པར་བྱ་བའོ། །ཤེས་པ་བརྒྱད་པོ་ཞེས་པ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། ཀུན་གཞི་རྣམ་པར་ཤེས་པ་དང། ཉོན་མོངས་པ ་ཅན་གྱི་ཡིད་དང། སྒོ་ལྔའི་རྣམ་པར་ཤེས་པ་དང། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་བརྒྱད་དོ། །རྟོགས་པ་འཆང་ཞེས་པ་ནི་ཀུན་གཞི་གནས་གྱུར་པ་སྤྲུལ་པའི་སྐུ། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ཆོས་ཀྱི་སྐུ། སྒོ་ལྔའི་རྣམ་ཤེས་གནས ་འབྱུང་པ་ལོངས་སྤྱོད་རྫོགས་པའི་སྐུ། ཡིད་ཀྱི་རྣམ་པར་ཤེས་བ་གནས་གྱུར་པ་སྐུ་གསུམ་ངོ་བོ་ཉིད་ཀྱི་སྐུ་སྟེ། དེས་ན་དེ་ལ་དེ་སྐད་ཅེས་བྱའོ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་པ་ནི་བདེན་པ་ནི་མི་སླུ་བ་སྟོ་།དོན་རྣམ་པ་བཅུ་གཉིས་ལྡན ་བསྟེ། གང་ཞེ་ན། དང་པོ་དབང་བཞི་ལས་སྐད་ཅིག་མ་བཞི་དང། དེ་ལ་བརྟེན་ནས་དགའ་བ་བཞི་སྐྱེ་བས་དེ་སྐད་ཅེས་བྱའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པ་ནི་རྒྱུ་མཐུན་པ་དང། རྣམ་བར་སྨིན་པ་དང། སྐྱེས་བུ་བྱེད་པ་དང། དྲི་མ་མེད་པ་དང། འབྲས་བུ་བཞི་སྟེ ་བཅུ་དྲུག་གོ་།རྣམ་པ་ཉི་ཤུས་བྱང་ཆུབ་པ། ཞེས་པ་སྟེ། རྣམ་པ་ནི་སྔར་བསྒྲགས་པ་དེ་ཉིད་དང། ཉི་ཤུ་ནི་དེར་ཆོས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་བའི་སྐུ་དང། ངོ་བོ་ཉིད་ཀྱི་སྐུ་སྟེ། བཞི་བསྣན་པས་དེ་སྐད་ཅེས་བྱའོ། །དེ་དག་རིག་པས་རྣམ་པ་སངས ་རྒྱས་ཀུན་རིག་མཆོག་ཅེས་སྦྱར་རོ། །བྱང་ཆུབ་པ་ཞེས་པ་ནི་ཆགས་བཅས་ཀྱི་ལམ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་ཐབ་པའོ་ཞེས་པའི་དོན་ཏོ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག་།ཅེས་བྱ་བ་ལ། རྣམ་པ་ནི་སྔར་བཤད་བ་ཉི་ཤུ་པོ་སྟེ་ལམ་མོ། །སངས་རྒྱས་ནི་འབྲས ་བུའོ། །ཐབས་གང་སྙམ་པ་ལ། ཀུན་རིག་མཆོག་སྟེ་སྔ་མ་དེ་དག་རིག་པ་ནི་ཐབས་ཀྱི་མཆོག་གོ། །དེ་ལྟར་ན་ཇི་སྐད་དུ་བཤད་པའི་ཐེག་པ་ཆེན་པོར་ནི་བགྲོད་པའི་ལམ་དུ་གསུངས་ལ། འདིར་ནི་ལྡན་པའི་ཆོས་སོ་ཞེས་གསུངས་སོ། །ད་ནི་ཐུན་མོང་མ་ཡིན་པའི་འབྲས ་བུ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ། དེ་དག་སྐྱེད་པར་བྱེད་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཕོ་ཉའོ། །དེའི ་ཕྱིར་ཕོ་ཉའི་ཆེ་བ་ཡིན་པར་རིག་པར་བྱའོ། །དེའི་གྲངས་ཇི་ཙམ་སྙམ་པ་ལ། བྱེ་བ་དཔག་མེད་འགྱེད་པ་པོ། ཞེས་གསུངས་ཏེ། ཐེག་པ་ཆེན་པོར་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་ཞིང་གྲངས་བྱེ་བ་བརྒྱད་འགྱེད་པར་འདོད་ལ་འདིར་ནི་གཉིས་སུ་མེད་པའི ་འོད་གསལ་བ་ལས་འབྱུང་ཞིང། སྐུ་ཁྲོ་བོའི་རྣམ་པ་དཔག་ཏུ་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། འདིར་ནི་ཇི་སྐད་དུ་བཤད་པའི་ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། ཞེས་པའི་དོན་གསལ་བར་བསྟན་པའོ། །ད་ནི་ལམ་ཉེ་བར་རྟོགས་པའི་ཕན་ཡོན ་བསྟན་པར་བྱ་བའི་ཕྱིར། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐད་ཅིག་མ་ནི་བཞི་སྟེ། ཆོས་ཐམས་ཅད་མངོན་པར་རྟོགས་པའི་སྐད་ཅིག་མ་དང། སེམས་ཅན་གྱི་དོན་རིག་པའི་སྐད ་ཅིག་མ་དང། བྱེ་བྲག་འབྱེད་པའི་སྐད་ཅིག་མ་དང། མདེན་བར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་མ་དང། གཞན་དུ་ནི་མཚན་ཉིད་དང་བྲལ་བ་དང། རྣམ་པར་སྨིན་པ་དང། རྣམ་པར་སྣ་ཚོགས་པ་དང། རྣམ་པར་ཉེད་པ་ཞེས་བྱ་བའི་མིང་ཅན་ཏེ། ་ཅན?་མྱུར་བ་དང། ཐོབ་བྱ་དགའ་བ་བཞི་ཡུན་ཐུང་བས་སྐད་ཅིག་མ་ཞེས་བྱའོ། །ཐམས་ཅད་ཅེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་སོ། །མངོན་པར་རྟོགས་པ་ཞེས་བྱ་བ་ནི་གཉིས་སུ་མེད་པར་མངོན་སུམ་དུ་རྟོགས་པའོ། །དེས ་ན་རྟོགས་པར་བྱ་བ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དུས་དང་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་རྟོགས་པའོ། །ཡང་ན་དུས་གང་གིས་ན་སྐད་ཅིག་གཅིག་ལ། གང་རྟོགས་ན་ཆོས་ཐམས་ཅད་ཚུལ་ཇི་ལྟར་རྟོགས་ན་མངོན ་སུམ་དུ་ལྷན་ཅིག་སྐྱེས་པའོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག། ཅེས་པ་ནི་སེམས་ཀྱི་ཞེས་པ་ནི་མཆོག་དགའ་སྟེ། གཟུང་བ་དང་འཛིན་པས་སྟོང་པས་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟ་བུར་རིག་པ་སྟེ། སེམས་ཙམ་དུ་རིག་པའོ། །འདིར་བྱང་ཆུབ ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན་ལ། རང་དགར་འཇུག་པ་རྣམས་བློ་བགམ་པར་བྱ་བའི་ཕྱིར་འདི་དང་ཕྱིར་མར་དཀྲུགས་ཏེ་བསྟན་བའོ། །དེའི་ཕྱིར་སྐད་ཅིག་ལ་རྟོགས་ཤིང་ཚེ་གཅིག་གིས་སངས་རྒྱས་པར་བྱེད་པའི་ལམ་ནི་རྡོ་རྗེ་ཐེག ་པའོ། །དེ་ལྟ་ན་སེམས་ཅན་ཐམས་ཅད་ལ་ལམ་འདི་མ་བསྟན་པ་ཅིའི་ཕྱིར་ཞེ་ན། ཐེག་པ་སྣ་ཚོགས་ཐབས་ཀྱི་ཚུལ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ནི་གསུམ་སྟེ་ཉན་ཐོས་ལ་སོགས་པའོ། །སྣ་ཚོགས་ཐབས་ཀྱི་ཚུལ་ཤེས་པ་ནི་ཐབས་སྣ ་ཚོགས་སུ་བསྟན་པ་སྟེ། དེ་ཡང་སྐད་ཅིག་མ་རྟོགས་པར་བྱེད་པའི་ཐབས་སུ་རིག་པར་བྱ་སྟེ། འདིར་ནི་རེ་ཤིག་བསྟི་གནས་ཙམ་དུ་རིག་པར་བྱའོ། །འགྲོ་བའི་དོན་ལ་རྟོགས་པ་པོ། ཞེས་བྱ་བ་ནི་ལས་དང་པོ་པ་ལ་འགྲོ་བ་དྲང་བའི་དོན་ལ་དགོངས་ནས་གསུངས་བསྟེ། ་དེའི་ཕྱིར། ཐེག་པ་གསུམ་གྱིས་དེས་འབྱུང་ལ། ཞེས་བྱ་བ་ནི་ཐེག་པ་གསུམ་ནི་གོ་བླའོ། །དེས་པར་འགྱུར་བ་ནི་འབྲས་བུ་སྟེ་དགྲ་བཅོམ་པ་ལ་སོགས་པ་ཡིན་ལ་དེའི་ལམ་ནི་དེ་དག་གོ། ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་པ་ནི་བཞི་པ་རྡོ་རྗེའི་ཐེག་པའོ། །འབྲས་བུར ་གནས་ཞེས་པ་ནི་འབྲས་བུ་སྐུ་གསུམ་ལམ་དུ་བྱེད་པ་སྟེ། འཁོར་ལོ་གསུམ་དུ་ཉམས་སུ་མྱོང་བའོ། །དེ་ཡང་མགྲིན་པར་ལོངས་སྤྱོད་རྫོགས་པའོ། །སྙིང་གར་ཆོས་ཀྱིའོ། །ལྟེ་བར་སྤྲུལ་པའི་སྐུའོ། །དེ་བཞིན་དུ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང། སོ་སོར་རྟོག་པ་རྣམས་ནི ་ལོངས་སྤྱོད་རྫོགས་པའོ། །བྱ་བ་ནན་ཏན་ནི་སྤྲུལ་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་ཀྱིའོ། །དེ་བཞིན་དུ་ཡང་རྒྱུ་མཐུན་པ་ནི་སྤྲུལ་པའོ། །རྣམ་པར་སྨིན་པ་ནི་ཆོས་སོ། །སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་དོ། །དྲི་མ་མེད་པ་ནི་བདེ་བ་ཆེན་པོའི་ཚུལ་གྱིས་གནས་བས་ན ་དེ་སྐད་ཅེས་བྱའོ། །དེ་ནི་སྤང་བྱ་སྤངས་པའི་ཕན་ཡོན་བསྟན་བར་བྱ་བའི་ཕྱིར། ཉོན་མོངས་ཁམས་རྣམས་དག་པའི་བདག་།ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་ཁམས་ནི་རྩ་བ་དང་ཉེ་བའི་ཉོན་མོངས་པའོ། །རྣམས་ཞེས་པ་ནི་ཁམས་གསུམ་གྱི་ཉོན་མོངས ་པའོ། །དག་པ་ནི་འདིར་སྐད་ཅིག་གིས་སོ། །གཞན་ནི་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པའོ། །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བའི་ལས་ལས་སྐྱེས་པའི་ཁམས་གསུམ་གྱི་བག་ཆགས་རྣམས་སྐད་ཅིག་གིས་ཟད་པར ་བྱེད་བའོ། །ཆུ་བོ་རྒྱ་མཚོ་ཀུན་ལས་རྒལ། ཞེས་པ་ནི་གང་གཱ་དང། སིན་དྷུ་ལ་སོགས་པ་ནི་ཆུ་བོ་ཡིན་ལ། དེ་རྣམས་གཅིག་ཏུ་འདུས་པ་ནི་རྒྱ་མཚོའོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པ་ནི་རྒྱུན་མི་འཆད་པའི་ཕྱིར་ཆུ་བོ་ཡིན་ལ། དེ་རྣམས་གཅིག་ཏུ་འདས་པ་ནི་རྒྱ་མཚོ་སྟེ། ་སྲིད་པའི་རྒྱ་མཚོ་དེ་ལས་ཀྱང་སྐད་ཅིག་གིས་སོ། །དེ་བཞིན་དུ་སྦྱོར་བའི་དགོན་པ་ལས་བྱུང་བ། ཞེས་བྱ་བ་ལ། འདིར་མུ་གེའི་དགོན་པ་དང། གཅན་ཟན་གྱི་དགོན་པ་དང། ལམ་རིང་ཞིང་ཡང་བའི་དགོན་བ་དེ་ན་ཆུ་དུག་ཅན་ལ་སོཊ ་པའི་དགོན་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་དགོན་པ་འདི་ན་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཡང་བ་ལས་འབྱུང་བར་བྱེད་པ་ན་ཆིགས་བཅས་ཀྱི་ལམ་འདིའི་ཕན་ཡོན་ནོ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། ཞེས་བྱ་བ་ལ། འདོད་ཆགས་དང ་ལོང་ཁྲོ་བ་ལ་སོགས་པ་དྲུག་རྩ་བའི་ཉོན་མོངས་པ་དང། ཁྲོ་བ་དང་ཁོན་དུ་འཛིན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དང། ཞེས་སྡང་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང། བག་ཆགས་བཅས་པ་གཏན་སྤངས་པ། ཞེས་བྱ་བ་ལ། བག་ཆགས་ས་བོན ་ཙམ་ཡང་མ་ལུས་པར་སྤངས་ཏེ། གང་གིས་ཤེ་ན། ལམ་གོང་མ་དེས་སོ། །ད་ནི་ཐོབ་བྱ་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་སྙིང་རྗེ་ཆེན་པོ་ནི་རྒྱུའི་གནས་སྐབས་སུ་དམིཊ ་པ་མེད་པའི་སྙིང་རྗེ་དང། ཤེས་རབ་ཅེས་བྱ་བ་གཉིས་སུ་མེད་པ་རྫོགས་པའི་རིམ་པ་དང། ཐབས་ཤེས་བྱ་བ་བསོད་ནམས་ཀྱི་ཚོགས་དང། བསྐྱེད་པའི་རིམ་པ་བསྒོམ་པའོ། །དོན་ཡོད་འགྲོ་བའི་དོན་བྱེད་པ་ཞེས་བྱ་བ་ལ། སྔར་བསོང་ནམས་ཀྱི་ཚོགས་བསགས ་བ་དོན་ཡོད་ཀྱང་ཡོད་ལ་བྱེད་ཀྱང་བྱེད་པ་སྟེ་སྐུ་གཉིས་པོའོ། །གང་གི་དོན་བྱེད་སྙམ་པ་ལ། འགྲོ་བ་སྟེ། དེ་དག་གིས་བསྡུས་པ་རྣཾས་སོ། །འགྲོ་བ་རྣཾས་ཀྱི་དོན་བྱེད་པའི་དུས་ན་རློམ་སེམས་ཡོད་དམ་སྙམ་པ་ལ། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང། ཞེས་བྱ་བ་ལ། འདུ་ཤེས ་ནི་ཡུལ་ལ་མཚན་མང་འཛིན་པ་སྟེ། རྟགས་འདི་དང་ལྡན་པ་ནི་སྐྱེས་པ་ཞེས་པ་ལ་སོགས་པའོ། །དོན་སྤངས་ཞེས་པ་ནི་དེ་ནི་བདག་གིས་ལྷ་ལ་སོགས་པ་ཐབས་འདིའི་སྒོ་ནས་འདི་བྱའོ་སྙམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་ཤེས་དོན་ནི ་འགག་པར་བྱེད་ཅེས་བྱ་བ་ལ། འདིར་ཤེས་པ་དང་ཤེས་བྱ་གཉིས་མེད་ཀྱང་ཞེས་བྱའོ། །དེའི་ཕྱིར། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། ཞེས་གསུངས་ཏེ། སེམས་ཅན་ཡང་ཡིན་ལ་ཡུལ་ཡང་ཡིན་པས་སེམས་ཅན་ཀུན་ཡིད་ཡུལ་ཏེ་དག་པ་དང་མ ་དག་པའོ། །ཡིད་ནི་ཡུལ་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པའི་བྱེ་བྲག་གིས་རྡོ་རྗེ་འཆད་དང། ཆོས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུའི་བྱེ་བྲག་གིས་རྗེས་སུ་འཛིན་ཅིང་སྣང་བའོ། །སེམས་ཅན་ཀུན་གྱི་ཡིད་རིག་པ། ཞེས ་པ་ནི་དེ་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པའོ། །མཁྱེན་པ་དེས་ཅི་མཛད་སྙམ་པ་ལ། སེམས་ཅན་ཀུན་གྱི་ཡིད་ལ་གནས། ཞེས་གསུངས་ཏེ། ཇི་ལྟར་མོས་པ་བཞིན་དོན་སྒྲུབ་བའོ། །དེ་དག་སེམས་དང་མཐུན་པར་འཇུག། ཅེས་བྱ་བ་ལ། སང ་ཅེས་བྱ་བ་ནི་སེམས་ཅན་དེ་དག་གོ། དེ་དག་གི་སེམས་དང་རྗེས་སུ་མཐུན་པར་འཇུག་པ་སྟེ། ཇི་ལྟར་ཆུ་ཡིས་རྗེས་སུ་བཀང་བའི་སྣོད་ཤིན་ཏུ་མང་པོར་ཟླ་བ་ཤར་བ་ནི་ཟླ་བ་མང་བ་མ་ཡིན་པ་ལྟར་འདིར་ཡང་གང་ལ་གང་མོས་པར་འཇུག་པའོ། །ཞུགས་ནས ་ཅི་བྱེད་སྙམ་པ་ལ། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། ཅེས་བྱ་བ་གསུངས་ཏེ། དེ་དག་ནི་རང་རང་གི་དགའ་བ་དང་བདེ་བས་ཚིམ་པར་བྱེད་པའོ། །དེ་ཉིད་གསལ་བར་བས5 ་ན་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་དགའ་བ། ཞེས་གསུངས་ཏེ། དེ་དག་ཆོས་ལ ་ཞུགས་ནས་ཀྱང་སྤྱོད་པར་བྱེད་པའོ་ཞེས་པའི་ཐ་ཚིག་གོ། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། ཅེས་བྱ་བ་ལ། འཁྲུལ་བ་མེད་པ་ནི་རྒྱུ་རྟེན་གྱི་གང་ཟག་དང་ལམ་འཁྲུལ་པ་མེད་པས་སྒྲུབ་པ་མཐར་ཕྱིན་པ་སྟེ། བྱས་པ་དོན་ཡོད་པའོ། །དེ་ཅི་ལས་བྱུང་ཞེ་ན། ནོར ་པ་ཐམས་ཅད་རྣམ་པར་སྤངས། ཞེས་གསུངས་ཏེ། ནོར་པ་ནི་ལྟ་བ་དང་སྤྱོད་པ་ཟུང་དུ་མ་འབྲེལ་པའོ། །ཇི་ལྟར་བསྐྱེད་བཱི་རིམ་??་རྫོཊ་བའི་རིམ་པ། ??་འཇོག་ཏུ་སྒོཾ་པ་ལྟ་བུའོ། །དོན་གསུཾ་ཐེ་ཚོཾ་མེད་པཱི་བློ། །ཞེས་པ་ནི་རྒྱུ་དང་ལཾ་དང་འབྲས་བུ་ལ་ཐེ་ཚོཾ་དང་བྲལ་བའོ། །དེས་ཅིས་འགྱུར་??། །ཀུན་དོན་ཡོན་ཏན་གསུམ་གྱི ་བདག་ཅེས་གསུངས་ཏེ་ཀུན་ཅེས་པ་ནི་འགྲོ་བ་དག་པ་དང་མ་དག་པའོ། །ཡོན་ཏན་གསུམ་ནི་སྐུ་གསུམ་སྟེ། དེའི་བདག་ཉིད་དུ་འགྱུར་རོ་ཞེས་པའོ། །ཕུང་པོ་ལྔ་ཞེས་པ་ནི་དཔའ་བོ་དང་དཔའ་མོའོ། །དེའི་དོན་ནི་ཕུང་བོ་ལྔ་ལ་སོགས་པ་ལྷ་དང་ལྷ་མོར་བསྐྱེད་བའོ། །དུས ་གསུམ་ཞེས་པ་ནི་སྐྱེ་བའི་དུས་དང། གནས་པའི་དུས་དང། འགག་འཔའི་དུས་སོ། །སྐྱེ་བའི་དུས་ནི་བྱང་ཆུབ་པ་ལྔའི་དོན་ཏེ། ཀུན་ད་ལྟ་བུ་དང། རང་བྱུང་སྟེ། ཉི་ཟླ་ཞེས་བྱ་བའི་མིང་ཅན་ལ་སོགས་པས་མང་ལ་ནས་སྐྱེ་པའོ། །གནས་བའི་དུས་ནི་བསྐྱེད་ཟིན་ནས་སེམས ་ཅན་གྱི་དོན་ལ་ཀུན་སྤྲོ་བ་དང་བསྡུ་བ་མངོན་པར་མཛད་པའོ། །འགག་པའི་དུས་ནི་གཙོ་འཁོར་གཉིས་སུ་མེད་པར་བསྡུ་བའོ། །དེ་ནས་འབྲས་བུའི་དུས་སུ་ཡང་སྐུ་དང་ཡེ་ཤེས་ཀྱི་སྣང་བས་སེམས་ཅན་གྱི་དོན་མཛད་པའོ། །སྔར་བསྟན་པའི་སྐད་ཅིག་མ་གཉིས་ཀྱི ་འཕྲིར་གྱུར་བ་བསྟན་པར་བྱ་བའི་ཕྱིར། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། ཅེས་གསུངས་ཏེ། སྐད་ཅིག་ནི་སྔར་བཤད་ཟིན་ཏོ། །ཐམས་ཅད་ཅེས་བྱ་བ་མང་བ་སྟེ། ལྟ་བ་དང། འཛུམ་པ་དང། ཨ་ལིང་ག་དང། ཙུམ་པ་ན་དང་ན་ག་པྲ་ཧ་ར་ལ་སོགས་པའོ། །བྱེ་དྲག ་ཕྱེད་ཅེས་བྱ་བ་ནེ་དགའ་བ་བཞིའི་བྱེ་བྲག་ཤེས་བར་བྱ་བའི་ཐ་ཚིག་གོ། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་བྱ་བ་ནི་རྫོགས་པ་ནི་ཀུན་ཐོབ་པར་རྫོགས་པའོ། །སངས་རྒྱས་ནི་བཞི་པའི་དུས་སུ་འདི་གཟུང་བར་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་འཆད། ་ཞེས་བྱ་བ་ལ། སྔར་གྱི་དེ་ཉིད་གསལ་བར་སྟོན་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སངས་རྒྱས་ཀུན་ཏེ། ཕུང་པོ་ལྔ་བོ་གནས་གྱུར་པའི་དེ་བཞིན་གཤེགས་པ་ལྔའོ། །དེ་ཡང་རྒྱུའི་གནས་སྐབས་སུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་བཞིན ་གཤེགས་པ་སྲས་དང་བཅས་པར་བསྐྱེད་ཅིང་སྤྲ་བ་དང་བསྡུ་བའི་སྐུ་མངོན་དུ་བྱས་པས་འབྲས་བུའི་དུས་སུ་སེམས་ཅན་གྱི་དོན་དུ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མཛད་པ་ལ་དེ་སྐད་ཅེས་བྱའོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག། ཅེས་བྱ་བ་ལ། ཏིང་ངེ ་འཛིན་ལས་བྱུང་བའི་ལུས་ཡེ་ཤེས་ཀྱི་སྐུ་ཡིན་པས་ལུས་མེད་པའོ། །ལུས་ཏེ་ཞེས་པ་ནི་སྔ་མ་བཞིན་ནོ། །ལུས་ཀྱི་མཆོག་ཅེས་པ་ནི་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་རྒྱུད་ལ་སྣང་བས་ལུས་ཀྱི་མཆོག་གོ། ལུས་ཀྱི་མཛའ་ནི་རྟོགས་??་པོ། ཞེས་བྱ་བ་ལ། ལུས་ཅན ་ཐམས་ཅད་ཀྱི་ནང་ན་མཐར་ཐུག་པའི་ལུས་འདི་ཡིན་པས་རྟོགས་པ་འམ་སངས་རྒྱ་པའོ། །འོ་ན་དེ་གཞན་ལ་སྣང་བར་མི་འགྱུར་རམ་ཞེ་ན། གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། ཅེས་གསུངས་ཏེ། ཇི་ལྟར་ནོར་བུ་དག་རས་ཀྱི་འགྱུར་བ་ལྟར་འདིར ་སེམས་ཅན་གྱི་དབང་པོའི་བྱེ་བྲག་གིས་སྐུ་མདོག་སྣ་ཚོགས་པ་དང། ཕྱག་མཚན་དང། བཞུགས་ཚུལ་དང། ཞི་བ་དང། ཁྲོ་བོ་ལ་སོགས་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེའི་ཕྱིར། ནོར་བུ་ཆེན་པོ་ཞེས་པ་ནི་ནོར་བུའི་ཁ་དོག་རས་ཀྱིས་འགྱུར་བ་འམ། དེ ་ལས་འདོད་དགུ་འབྱུང་བར་བྱེད་པས་སོ། །དེའི་མཚན་ཉིད་ཅི་སྙམ་པ་ལ། རིན་ཆེན་རྟོག་ཅེས་བྱ་བ་སྟེ། རིན་ཆེན་འབྱུང་ལྡན་ཞེས་བྱ་བའོ། །དེ་དག་གིས་མཉམ་པ་ཉིད་ཀྱི་ཡེ་ཤེས་བཤད་ཟིན་ཏོ། །།དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་བཤད་ནས། ད་ནི་བྱ ་བ་གྲུབ་པའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། ཞེས་གསུངས་སོ། །སངས་རྒྱས་ཀྱང་ཡིན་ལ་ཀུན་ཨོཀྱང་ཡིན་པས་སངས་རྒྱས་ཀུན་ཏེ་དུས་གསུམ་གྱིའོ། །རྟོགས་བར་བྱ་བ་ནི་རྡོ་རྗེ་འཆད་དོ། ། ་དེ་ནི་བྱ་བ་སྒྲུབ་པའོ། །ད་ནི་གསང་སྔགས་ཀྱི་དོན་ཐམས་ཅད་སྐྱེད་བར་བསྟན་བར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་བླ་ན་མེད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་སོ། །དེའི་བྱང་ཆུབ་ནི་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་འཆང་ཆེན ་པོའོ། དེས་ན་མཆོག་གོ། །གང་གི་གྲུབ་ན། གསང་སྔགས་ལས་བྱུང་ཡི་གེ་མེད་ཅེས་གསུངས་ཏེ། ཡི་གེ་མེད་པ་ནི་འོག་ནས་འཆད་པར་བྱེད་དོ། །གསང་སྔགས་ཆེན་པོ་རིགས་གསུམ་པ་ཞེས་བྱ་བ་ལ་གསང་སྔགས་ཆེན་པོ་ནི་རྡོ་རྗེ་འཆད་དོ། །དེ་ལས་ཕྱེ་བ་ནི་རིགས་གསུམ་སྟེ་སྐུ ་གསུང་ཐུགས་སོ། །ཡང་ན་རིག་སྔགས། གསང་སྔགས་གཟུངས་སྔགས་ལ་དེ་སྐད་ཅེས་བྱའོ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ཞེས་བྱ་བ་ལ། གསང་སྔགས་ཀྱི་དོན་ཀུན་ནི་དངོས་གྲུབ་གཉིས་སོ། །སྐྱེད་པར་བྱེད་པ་ནི་གྲུབ་པར་བྱེད་པ་སྟེ། དེའི་དོན ་གྲུབ་བཞེས་བྱའོ། །ང་ནི་ཐོབ་པར་བྱེད་པའི་ཐབས་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། ཐིག་ལེ་ཆེན་པོ་ཡི་གེ་མེད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་གྱི་ཡི་གེ་མེད་ཅེས་གསུངས་པ་དེ་གསལ་བར་སྟོན་པ་སྟེ། ཐོག་ལེ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལ་གཉིས ་??རྟོག་པ་ཐམས་ཅད་སྤངས་ནས་ཡི་གེ་མེད་པའོ། །དེ་ལ་མིང་ངམ་ཐ་སྙད་འདོགས་ན་སྟོང་པ་ཞེས་བྱ་བ་སྟེ། དེ་ཉིད་སྐུ་གསུམ་ཡེ་ཤེས་ལྔའི་སྣང་བས་སེམས་ཅན་གྱི་དོན་བྱེད་བས་ན་ཆེན་པོ་ཡི་གེ་ལྔ་ཞེས་བྱའོ། །ཡང་ན་རེག་པ་སྲ་བ། བསྐྱོད་པ་རླུང། ཁྲོ ་ད་མེ། བྱང་ཆུབ་ཀྱི་སེམས་ཆུ་སྟེ། འབྱུང་བ་བཞི་ལས་གྲུབ་པའི་ལུས་ཏེ། ཕུང་པོ་དང། ཁམས་དང། སྐྱེ་མཆེད་མ་སོགས་བ་ཆགས་པའོ། །དེ་ལས་རྩ་དང་རླུང་དང། ཐིག་ལེའི་དབྱེ་བས་གནས་པ་ནི་བཤད་པ་དང་འཆད་པའི་དོན་ཏོ། །ཐིག་ལ་སྟོང་པ་ཡི ་གེ་བརྒྱ། ཞེས་བྱ་བ་ལ། ཕུང་པོ་དང། ཁམས་དང། རིགས་དང། ཡེ་ཤེས་ལས་བྱེ་བྲག་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་བས་རིགས་བརྒྱད་འགྱུར་བ་དེ་སྐད་ཅེས་བྱའོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། ཅེས་བྱ་བ་ནི་རིགས་ཀྱི་དབྱེ་བ་དེ་རྣམས་འགྲིབ་པར་བསྡུས་པས་ནི་རྣམ་པ ་མེད་བསྟེ། གཉིས་སུ་མེད་པར་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །ཡང་ན་ཀུན་རྫོབ་བམ་ཐ་སྙད་ཙམ་དུ་རྣམ་པ་དེ་དག་དང་ལྡན་ལ་དོན་དམ་བར་རྣམ་པ་མེད་པ་ཞེས་བྱའོ། །དེ་ཚུལ་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། ཞེས་གསུངས་སོ། །རྡོ་རྗེ་དང་པདྨ ་གཉིས་མཉམ་པ་ལས་གཉིས། ཀུན་རྫོབ་ཀུན་དང། དོན་དམ་པ་བདེ་བ་གཉིས་ཏེ། བཞིར་གནས་བ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་གཉིས་འདས་ནས་གཉིས་མཉམ་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཅི་འདྲ་སྙམ་པ་ལ། ཡིན་ལག་མེད་པའི་རྩིས་ལས་འདས། ཞེས ་གསུངས་ཏེ། འདིར་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་དེ། ཡན་ལག་ཅེས་པ་ནི་སྤྲོས་པ་སྟེ་དེ་མེད་པའོ། །རྩིས་ལས་འདས་ཞེས་པ་ནི་བཅུ་དྲུག་ཕྱེད་བྱེད་ལ་སོགས་པའི་གྲངས་ལས་འདས་པའོ། །བསམ་གཏན་བཞི་ཡི་རྩེ་མོ་ཅན། ཞེས་བྱ་བ་ལ། དགའ་བ་དང། བདེ་བ་དང། ་རྟོག་པ་དང། དཔྱོད་པ་ནི་བསམ་གཏན་བཞི་པའོ། །དེ་དང་གྲངས་མཐུན་པ་ནི་བསམ་གཏན་བཞི་སྟེ་དགའ་བ་བཞིའོ། །རྩེ་མོ་ཞེས་པ་ནི་མཛེས་པའི་སྦྱི་བོ་ཅན་ཞེས་པ་ནི་བདག་མེད་པའི་ཆ་སྟེ། གཉིས་ཀྱི་བར་གྱི་ཆ་ལ་གནས་པ་སྟེ། དཔྱོད་པ་ནི་བསམ་གཏན་བཞི་ལྷན ་ཅིག་སྐྱེས་པའོ། །དེའི་དང་པོ་ནི་དབང་གི་དུས་སོ། །གཉིས་པ་ནི་རྩེ་མོ་གསུམ་གྱི་རྩེ་མོ་ཉིད་ཡིད་ཡིན་པའི་ཕྱིར་རོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང། ཞེས་པ་ནི་ཕྱག་རྒྱ་བཞི་དང། སྐད་ཅིག་མ་བཞི་དང། དགའ་བ་བཞི་ནི་བསམ་གཏན་གྱི་ཡན་ལག་གམ་ཐབས་ཞེས་བྱ་སྟེ། དེ ་ངེས་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཐབས་ཁྱད་པར་ཅན་དེའི་སྒོ་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པ་བསྟན་པར་བྱ་སྟེ། དེའི་ཕྱིར། ཏིང་འཛིན་རིག་དང་རྒུད་རིག་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ཏིང་ངེ་འཛིན་ཡིན་གདེ་ཏིང་རིག ་བྱ་སྟེ། ཏིང་ངེ་འཛིན་ལས་བྱུང་བའི་སྐུ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་བྱ་བ་ནི་རྒྱུན་ཡིན་ལ་དེ་ཉིད་ཀུན་རྫོབ་དང་དེན་དམ་པའི་རང་བཞིན་ཅན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་ཅེས་གསུངས་སོ། །ཏིང་འཛིན ་ལུས་ནི་དེ་ལས་བྱུང་བའོ། །ལུས་ཅན་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་པས་ལུས་ཀྱི་མཆོག་སྟེ། ཆུ་ནང་གི་གཟུགས་ལྟ་བུའོ། །དེ་གང་གི་ལུས་ཡིན་ཞེ་ན། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། ཞེས་གསུངས་ཏེ། སྐུ་དེ་ནི་ཐེག་པ་ཆེན་པོ་པ་ཡང་འདོད་པས། དེའི་ཁྱད ་པར་བསྟན་པ་ནི་ཀུན་གྱི་རྒྱལ་ཞེས་གསུངས་སོ། །དེ་ནི་གཞན་དོན་དུ་སྐུ་དེ་ལྟ་བུའི་རྣམ་པར་སྣང་བའོ། །ཡང་ན་རྡོ་རྗེ་ནོར་བུའི་ཆ་ལ་གནས་པའི་བདེ་བའི་ལོངས་སྤྱོད་པ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱའོ། །ད་ནི་སྤྲུལ་པའི་སྐུའི་བྱེ་བྲག་བསྟན་པར་བྱ ་བའི་ཕྱིར། སྤྲུལ་བའི་སྐུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་གཅིག་ཏུ་མ་ངེས་??་གདུལ་བྱའི་སྣོད་ཀྱི་རིམ་པ་ལ་དེ་དང་དེར་སྟོན་པ་ཞེས་གཞན་དག་འདོད་པ་ལ་དེ་སྐད་ཅེས་བྱའོ། །འདིར་ནི་སྐུའི་མཆོག་སྟེ། ཁྱད་པར་དུ་གྱུར་བས ་ཆགས་བཅས་ཁྲོ་བོའི་སྐུར་སྣང་བར་མཛད་ཅིང་སྐུར་ཡང་སྟོན་པས་དེ་དག་ཅེས་བྱའོ། །སངས་རྒྱས་སྤྲུལ་???་རྒྱུད་འཆང་བ་ཞེས་པ་ལ། རྒྱུད་ནི་རྡོ་རྗེ་འཆང་སྟེ། དེའི་རྒྱུད་ནི་དེ་ལྟར་སྣང་བ་འབྱུང་བའོ། །ཡང་ན་རྒྱུད་ནི་རྒྱུན་ཏེ། རྒྱུན་མི་འཆད་པར་གདུལ་བྱ་རྗེས་སུ ་འཛིན་པར་མཛད་པའོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། ཅེས་བྱ་བ་ལ། ཇི་ལྟར་ནགས་ལ་མེ་མཚེད་ན་ལ་ལར་ནི་བདོ་བའོ། །ལ་ལར་ནི་བདེ་ཡོལ་ལོ། །?་ལར་ནི་མགོ་ཟུག་གོ། ལ་ལར་ནི་དུ་བ་འཐུ་ལོ། །ལ་བར་ནི་ཤི་བཱོ། །དེ་བཞིན་དུ་ཕྱོགས་ལ་ལར་ན ་ཡུམ་གྱི་ལྷུམས་སུ་ཞུགས་པའོ། ལ་ལར་ནི་བལྟམས་སོ། ལ་ལར་ནི་རོལ་རྩེད་མཛད་དོ། །ལ་ལར་ནི་ཁབ་བཞེས་སོ། །ལ་ལར་ནི་རབ་ཏུ་བྱུང་ངོ། །ལ་ལར་ནི་དཀའ་ཐུབ་མཛད་དོ། །ལ་ལར་ནི་བསོད་སྙོཾས་མཛད་དོ། །ལ་ལར་ནི་བདུད་འདུལ་བར་མཛད་དོ། །ལ་ལར་ནི་མངོན་པར་སངས་རྒྱས་སོ། །ལ་ལར་ནི་ཆོས་ཀྱི ་འཁོར་ལོ་སྐོར་རོ། །ལ་ལར་ནི་མྱ་ངན་ལས་འདས་པར་མཛད་དེ། དེས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་བུར་སྤྲུལ་ནས་ཀྱང་ཅི་མཛད་ཅེན། ཇི་བཞིན་འགྲོ་བའི་དོན་མཛད་པ། ཞེས་བྱ་བ་ལ། གང་ལ་གང་གིས་འདུལ་བའི་གཟུགས་དང་ཁ་དོག་དང་སྤྱོད་པ་རྣམས་དང་ཆ་མཐུན་པར་མཛད ་པ་སྟེ། ཇི་ལྟར་སྔོན་གྱི་དུས་ན་ཀུ་ས་ལི་ཞེས་བྱ་བ་ལུས་བོང་ཚོན་གང་བ་ཅིག་ཡོད་པར་གྱུར་བ་ལ། དེ་ལ་ཁང་པ་དབངས་སོང་ལྔ་བའི་ཚད་ཙམ་ཅིག་སྟེ། དེར་བཅོམ་ལྡན་འདས་འཁོར་རྣམ་བཞི་དང་བཅས་པ་གདུགས་ཚོད་ལ་བྱོན་པར་ཞུས་སོ། །དེའི་ཚེ་བཅོམ་ལྡན་འདས ་འཛུམ་པ་མཛད་དོ། །དེའི་ཚེ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་རྒྱུ་དང་རྐྱེན་ཞུས་སོ། །བཅོམ་ལྡན་འདས་ཁྱིམ་བདག་འདི་ལ་ཁང་པ་སོར་ལྔ་བ་ལས་མེད་པ་འདིར་བཅོམ་ལྡན་འདས་འཁོར་རྣམ་བཞི་དང་བཅས་པ་སྤྱན་འདྲེན་པ་ལ་ཅིའི་ཕྱིར་འཛུམ་པ ་མཛད་ཅེས་ན། བཀའ་སྩལ་བ་ཁྱིམ་བདག་འདིའི་ཁང་བར་ནི་ད་ལྟར་སྤྱན་འདྲེན་ཅིང་འགྲོ་བར་མ་ཟད་དེ། འདས་པའི་སངས་རྒྱས་གྲངས་མེད་པ་རྣམས་ཀྱང་སྤྱན་དྲངས་ཤིང་བྱིན་ལ་བསོད་སྙོམས་ཀྱང་གསོལ་བར་མཛད་དོ། །ཕྱིས་ཀྱང་མཛད་པར་འགྱུར་རོ་ཞེས་གསུངས་ཏེ། ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་སྐུ་ཆུང་བར་མཛད་པ་མ་ཡིན་པར་དེར་གཤེགས་ཤིང་བསོད་སྙོམས་ཀྱང་གསོལ་ལོ། །དེ་དག་དེར་བཞུགས་པ་དེའི་ཚེ་ཤིན་ཏུ་ཡངས་པར་མཛད་པས་དེའི་ཚེ་ཀུན་དགའ་བོ་ལ་སོགས་པ་ངོ་མཚར་དུ་གྱུར་པ་ལ་བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། འདི་ལ་ངོ་མཚར་དུ་བྱར་མེད་དེ། །རྡུལ་ཕྲ་མོ་གཅིག་གི་སྟེང་ན་སངས་རྒྱས་བཅོམ་ལྡན་འདས་རྡུལ་སྙེད་ཀྱི་གྲངས་ཀྱིས་ཀྱང་བཞུགས་པར་མཛད་དོ། །ཞེས་བཀའ་སྩལ་པས་ཀུན་དགའ་བོ་ལ་སོགས་པའི་འཁོར་ཐམས་ཅད་ཡི་རངས་པར ་གྱུར་ཏོ། །དེའི་ཕྱིར་གསུངས་པ། ལྷ་དང་ལྷ་དབང་ལྷའི་ལྷ། ཞེས་གསུངས་ཏེ། ལྷ་དང་ཞེས་པ་ནི་འཁོར་ལ། ལྷ་དབང་ཞེས་པ་ནི་གཙོ་བོ་སྟེ་བརྒྱ་བྱིན་ནོ། །དེའི་ཕྱིར་ལྷའི་ལྷ་ནི་བརྒྱ་བྱིན་དེ་ཉིད་དོ། །དེས་ན་ལྷའི་བདག་པོའོ། །ལྷ་མིན་བདག་ཅེས་བ་ནི་ལྷ་མིན་གྱི ་གཙོ་བོའོ། །འཆི་མེད་དབང་པོ་ལྷ་ཡི་བླ། ཞེས་བྱ་བ་ལ། འཆི་མེད་དབང་བོ་ནི་ལྷ་མ་ཡིན་གྱི་རྒྱལ་པོའི་བྱེ་བྲག་གི་མིང། །ལྷའི་བླ་ཞེས་པ་ནི་ལྷ་མ་ཡིན་རྣམས་ཀྱི་བླ་མར་གྱུར་པ་སྟེ། གཙོ་བོ་ཞེས་བྱའོ། །དེ་བཞིན་དུ་མི་ལ་སོགས་པ་ལ་སྦྱར་རོ། །འཇོམས་བྱེད་འཇོམས་བྱེད ་དབང་ཕྱུག་པོ། །ཞེས་བྱ་བ་ལ། འཇིག་རྟེན་པ་རྣམས་ཀྱི་འཇོམས་བྱེད་ནི་བདུད་བཞི་དང། ཆུ་བོ་བཞི་ཡིན་ལ། དེ་འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་ནི་སྐུ་ཁྲོ་བོའི་རྣམས་པར་སྣང་བའོ། །སྲིད་པའི་དགེ་ན་པ་ལས་རྒལ་བ། ཞེས་བྱ་བ་ལ། སྲིད་པ་གསུམ ་ནི་དགོན་པ་སྟེ། ཇི་ལྟར་འབྲོག་དགོན་པར་མུ་གེ་དང། གཅན་གཟན་དང། ལམ་ཉམ་ང་བ་ལ་སོགས་པ་ཡོད་པ་ལྟར། །འདིར་ཡིད་སྐྱེ་བ་ལ་སོགས་པའི་ཆུ་བོ་དང། འདོད་ཆགས་ལ་སོགས་པ་མང་བའི ་ཕྱིར་དེ་སྐད་ཅེས་བྱའོ། །ལས་རྒལ་བ་ཞེས་པ་ནི་དེ་ལས་རྒལ་བར་གྱུར་པས་ན་ཉལ་བ་ཞེས་བྱའོ། །སྟོན་པ་གཅིག་པུ་འགྲོ་བའི་བླ། ཞེས་བྱ་བ་ལ། འགྲོ་བ་ནི་དྲུག་གོ། དེ་རྣམས་ཀྱི་སྟོན་པ་ནི་སྤྲུལ་པའི་སྐུ་སྟེ། བརྒྱ་བྱིན་ལ་སོགས་པའི་རེ་རེ་གཅིག་བུའོ། ། ་དར་ཕྱིར་འགྲོ་བ་རྣམས་ཀྱི་བླ་མའོ། །ད་ནི་ཆེ་བ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཕྱོག་བཅུར་རབ་གྲགས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ནི་གསུམ་སྟེ། དེ་ཕྱོག་བཅུའི་ལྷའི་སྐད་དང་ཀླུ་དང་གནོད་སྦྱིན་གྱི་སྐུད་ལ་སོགས་པར་ཆོས་སྒྲོཌ ་པར་བྱེད་པའམ། ཡང་ན་སྤྲུལ་པའི་སྐུར་གྲགས་པའོ། །ཆོས་ཀྱི་སྦྱིན་བདག་ཆེ་བ་བོ། ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན། ཆོས་ཀྱི་སྦྱིན་བདག་གོ་།ཆོས་ཀྱི་སྦྱིན་པ་ནི་མཆེན་པོ་སྟེ། ་ཟང་ཟིང་ལ་སོགས་པ་ཡང་ངོ། །བྱམས་པའི་གོ་ཆ་ཆས་པ་སྟེ། སྙིང་རྗེ་ཡི་ནི་ཡ་ལད་བགོས། ཞེས་བྱ་བ་ལ། རྒྱུ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་གོ་ཆ་འམ། དེ་ཉིད་གོམས་པ་ནི་གོ་ཆ་དང་འདྲ་བའོ། །ཤེས་རབ་རལ་གྲི་མངའ་གཞུ་ཐོགས། ཞེས ་བྱ་བ་ལ། ཤེས་རབ་གསུམ་ནི་རལ་གྲི་དང་འདྲའོ། །མངའ་ནི་སྙིང་རྗེའོ། །གཞུ་ནི་སྟོང་པ་ཉིད་དོ། །དེ་ལྟར་ན་སེམས་ཅན་གྱི་དོན་གྱི་གནས་སྐྱབས་འདིར་རློམ་སེམས་ཀྱི་དོན་གྱིས་རྣམ་པར་དབེན་པའོ། །ཡང་ན་སྔར་ཆགས་བྲལ་ལ་སོགས་ཆགས་བ་ཆེ། ཞེས ་གསུངས་པའི་ཕྱིར་ཕྱག་མཚན་དུ་རིགས་པར་བྱ་སྟེ། གཡས་རལ་གྲི་དང་མངའ་། གཡོན་ཨུཏཔ་ལ་དང་གཞུ་འཛིན་པའི་འཇམ་པའི་རྡོ་རྗེ་བསྒོམ་པར་བྱའོ། །དེས་ཅི་བྱེད་ཅེ་ན། ཉོན་མོངས་མི་ཤེས་གཡུལ་དོ་སེལ། ཅེས་གསུངས་ཏེ། ཤེས་རབ་ཆེན་པོས་མི་ཤེས ་པའི་གཡུལ་ལས་རྒྱལ་བར་བྱེད་ཅིང་ཉོན་མོངས་བའི་མགོ་ལྷུང་བར་བྱེད་པའོ། །དེའི་ཕྱིར། དཔའ་བོ་བདུང་དགྲ་བདུད་འདུལ་བ། ཞེས་གསུངས་སོ། །འདིར་འགྲོ་བའི་འདུད་ཀྱང་ཡིན་ལ་དགྲ་ཡང་ཡིན་པས་བདུང་དགྲ་སྟེ། ཉོན་མོངས་པ་རྣམས་སོ། །དེ་སེལ ་ཅིང་དེ་ལས་རྒྱལ་བར་བྱེད་པ་ནི་སྤྲུལ་པའི་སྐུ་སྟེ་དཔའ་བོ་ཞེས་བྱའོ། །བདུད་ཉིད་གང་ཞེ་ན། བདུད་བཞིའི་འཇིཌ་པ་ཞེས་གསུངས་ཏེ། ལྷའི་བུ་དང། འཆི་བདག་དང། ཉོན་མོངས་པ་དང། ཕུང་པོའི་བདུད་དོ། །ཡང་ན་བདུད་ནི་རྒུ་བོ་ཆེན་པོ་བཞིའོ། །དེ་སེལ་བར་བྱེད་པ་ནི་ཇི་ལྟར་གྲུ་ཞིག་པ་ལྟ ་བུ་??ཡང་ཁ་ལ་འདུག་པ་ལྟ་བུའི་སེམས་ཅན་སྐྱབས་དང་དཔུང་གཉེན་མེད་པ་དག་འདོན་པར་བྱེད་པའོ། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། ཞེས་བྱ་བ་ལ། དེའི་འཁོར་བཞི་དང། དེའི་དམག་དཔུང་རྣམས་ཕམ་པར་བྱེད་པའོ། །དེ་གང་གིས་ཕམ ་བར་བྱེད་ཅེ་ན། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། ཞེས་གསུངས་སོ། །ཐབས་དང་ཤེས་རབ་བརྫོགས་པ་འམ་གཉིས་སུ་མེད་པ་ལས་བྱུང་བ་ནི་སངས་རྒྱས་ཏེ་སྤྲུལ་བའི་སྐུའོ། །དེས་འཇིག་རྟེན་གྱི་འགྲོ་བ་འདྲེན་པར་མཛད་སྟེ། འཇིག་རྟེན་འདྲེན་པའི ་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དེ་ལ་དྲིན་ལ་ལན་གྱིས་གླན་པར་བྱ་བར་འོས་པ་སྟེ། དེའི་ཕྱིར། མཆོད་འོས། ཞེས་བྱ་བ་ལ་སོགས་པ་གསུང་ཏེ། དྲིན་ཚབས?་ན་མཆོད་པར་རོས་པའོ། །དགའ་བའམ་ཡ་རངས་བས་ན་བསྟོད་པར་འོས་པའོ། གུས་པར ་བྱ་བས་ན་ཕྱག་གི་གནས་སོ། །རྟག་ཏུ་བསྟེན་པར་བྱ་བས་ནི་རེ་མེར་བྱ་བར་འོས་པའོ། །དེ་ཉིད་རྒྱལ་པོ་དང་འདྲབས་ན་བཀུར་བར་འོས་པའོ། །དེའི་གོང་ན་གཞན་མེད་པས་འདི་འབར་ཞིག་བསམས་པས་གཞན་བརྗེད་པས་ན་དེ་སྐད་ཅེས་བྱའོ། །བླ་མ་དང་འདྲ ་བའི་ཕྱིར་ཕྱག་བྱ་བར་འོས་པའོ། །བླ་མ་ཞེས་བྱ་བ་ནི་དེའི་གོད་ན་གཞན་མེད་པའོ། །དབ་ཅེས་པ་ནི་མཚོན་པ་སྟེ། ཕུལ་ལོ། །གྱ་ནོམ་པའོ། །མཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཁྱད་པར་གཞན་སུངས་པ། འཇིག་རྟེན་གསུམ་པོ་གོམ་གཅིག་འགྲོད། ཅེས་བྱ ་པ་ལ། འཇིག་རྟེན་གསུམ་ནི་སྔར་བསྟན་པར་ཟད་དོ། །དེ་ནི་རྒྱ་མཚོ་དང་འདྲ་བ་སྟེ། གོམ་པ་གཅིག་ནི་ཚེ་གཅིག་གིས་བགྲོང་བར་བྱེད་པའོ། །དེའི་ཆེ་བའི་ཁྱད་པར་གཞན་གསུངས་པ། མཁའ་ལྟར་མཛའ་མེད་རམ་པར་གནོན། ཞེས་གསུངས་སོ། །འདིར་གཉིས་མེད ་པའི་ཡེ་ཤེས་ནམ་མཁའ་དང་འདྲ་བར་རྟོག་གེ་བ་དང། གྲངས་ཅན་ལ་སོགས་པ་དང། ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་རྟོགས་པར་མི་ནུས་པ་ཡང་ཚོ་གཅིག་གིས་རྟོགས་པར་བྱེད་པའོ། ། ་ཡང་ན་འཇིག་རྟེན་གྱིས་ཁམས་ཐམས་ཅད་གོམ་པ་གཅིག་གིས་བགྲོད་པར་བྱེད་པའོ། །གསུམ་རིག་གཙང་མ་དག་པ་སྟེ། ཞེས་བྱ་བ་ལ་ཡེ་ཤེས་སྒྲིབ་པ་མི་མངའ་བས་དུས་གསུམ་རིག་པ་སྟེ། གཙང་མ་དག་པ་ཞེས་བྱ་བ་འོད་བསལ་དུ་རིག་པའོ། །ཡང་ན ་སྐད་ཅིག་གཙམ་གྱིས་སྒྲིབ་པ་གཉིས་དག་པར་བྱེད་པའོ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག། ཅེས་བྱ་བ་ལ། རིམ་པ་དང་པོའི་གནས་སྐབས་སུ་སྐྱེ་མཆོད་བྱིན་གྱིས་བརླབས་པས་མངོན་ཤེས་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི ་སྙིང་པོ་འམ། གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་མིང་ཅན་དུ་གྱུར་པའོ། །རྗེས་དྲན་དྲུག་ཅེས་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དག་པའི་རང་བཞིན་སྤྱི་གཙུག་ལ་སོགས་པ་དྲུག་རྣམ་པར་དག་པ་སྟེ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ་ཞེས་པ་ལ་སོགས ་པར་འགྱུར་རོ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། ཞེས་བྱ་བ་ལ། འདིར་རྫུ་འཕྲུལ་ནི་གཉིས་ཏེ། འཇིག་རྟེན་པའི་དང། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་ནི་སྔོན་སེམས་ས་དང་ཆུ་ལ་སོགས་པར་བསྐྱེད་པས་འབྲས་བུའི ་གནས་སྐབས་སུ་ནམ་མཁའ་དང་ཆུ་ལ་ཡང་ས་ལ་བྱ་བ་བཞིན་དུ་འགྱུར་བ་ལ་སོགས་པ་ནི་ཟད་པར་ངང། འདིར་དཀར་པོ་ལ་སོགས་པའི་ཁ་དོག་ལྔ་ཟིལ་གྱིས་གནོན་པར་བྱེད་པའོ། འཇིག་རྟེན་པའི་རྫུ་འཕྲུལ་ཡང་འཇིག་རྟེན་འདིར་སྟོབས་དང་མཐུ་དང་ལྡན ་ཡང་ཟིལ་གྱིས་གནོན་པ་དང། ཉི་ཟླ་ལག་གིས་ལེན་པ་དང། སྟེད་ནས་མེ་འབར་ཞིང་སྨད་ནས་ཆུ་འབབ་པ་ལ་སོགས་པ་འབྱུང་བར་ནུས་པའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཛའ་། ཞེས་བྱ་བ་ལ། ལམ་དང་གཞུང་དང་འབྲས་བུ་གསུམ་དང་ལྡན་པ་ནི་ཤེས ་??་???ཕྱིན་པ་ཡིན་ལ། དེ་མཐར་ཐུག་པ་ནི་མིའི་གཟུགས་ལ་སོགས་པར་གནས་པའི་ཕོ་ཉས་ཤེས་པའོ། །དེས་ཅིར་འགྱུར་ཞེ་ན། ཤེས་རབ་ཀྱིས་ནི་དེ་ཉིད་ཐོག་ཅེས་བྱ་བས་གསུངས་ཏེ། དེ་ལ་ཡང་དེ་ཁོ་ན་ཉིད་ཐོབ་སྟེ། བདེ་བ་ཆེན་པོའི་མཆོག་འདི་ལ། བདག་དང ་གཞན་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལྟ་བུའོ། །བདག་རིག་གཞན་རིག་ཐམས་ཅད་པ། ཞེས་པ་ནི་བདག་རིག་པ་ཞེས་པ་བདག་གི་དོན་རིག་པའོ། །གཞན་རིག་པ་ཞེས་པ་ནི་གཞན་དོན་ལྷུན་གྱིས་གྲུབ་པ་སྟེ། དེའི་ཕྱིར་དོན་ཡོད་གྲུབ་པ་ཞེས་བྱའོ། །བདག་རང ་??གྱི་དོན་གྲུབ་པས་ཅི་བྱ་སྙམ་པ་ལ། ཀུན་ལ་ཕན་པའི་གང་ཟག་མཆོག། ཅེས་བྱ་བ་གསུངས་ཏེ། ཀུན་ཅེས་པ་ནི་ས་མ་པ་ཐ་སྟེ། མཉམ་པར་བྱེད་པ་ཞེས་བྱའོ། །དེ་ལྟ་བུ་དེ་ནི་གང་ཟག་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པའོ། ། ་དཔེར་བྱ་ཀུན་ལས་འདས་པ་སྟེ། ཞེས་བྱ་བ་ལ། ཕོ་ཉ་ལས་ཐོབ་པའི་དེ་ཁོ་ན་ཉིད་དེ་ནི་དཔེར་བྱ་བ་ཐཾས་ཅད་ལས་འདས་པའོ། །ཤེས་དང་ཤེས་བྱའི་བདག་པོ་མཆོག། ཅེས་བྱ་བ་ལ། ཡུལ་དང་ཡུལ་ཅན་དུ་གྱུར་པ་ཐམས་ཅད་དེ་ལས་བྱུང་བའམ། །དེའི་བདག་ཉིད ་ཡིན་པའམ། །བདག་པོའོ། །མཆོག་ཅེས་པ་ནི་གཉིས་སུ་མེད་པ་ཞེས་བྱ་བའི་ཐ་ཆི་གོ། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། ཞེས་པ་ལ། གཙོ་བོ་ཞེས་བྱ་བ་ནི་འབྲས་བུའོ། །ཆོས་ཞེས་པ་ཨི་ལམ་སྟེ། ལམ་དང་འབྲས་བུ་གཉིས་སུ་མེད་པར་སྟོན་པས་ན་ཆོས་ཀྱི་སྦྱིན་བདག་གོ། དེ་ཉིད ་གང་ཞེ་ན་ཕྱག་རྒྱ་བཞིའི་དོན་སྟོན་པ་ཞེས་གསུངས་སོ། །རྡོ་རྗེ་ཐེག་པའི་ལམ་ནི་ཕྱག་རྒྱ་བཞིའི་དོན་དུ་བསྡུས་པའོ། །ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱའོ། །དེའི་དོན་ནི་སྐད་ཅིག་མ་བཞི་སེ། སྔར་བསྟན་པ ་བཞིན་ནོ། དེའི་ཕྱིར་འདི་ལ་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་བྱ་བར་འོས་པ་སྟེ། འཆད་པར་འགྱུར་བའོ། །ད་ནི་དོན་རྣམ་པར་དག་བ་དེས་གཞན་གྱི་དོན་བྱེད་པ་བསྟན་པར་བྱ་བའི་ཕྱིར། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི ་ངོན་སྟོན་པར་བྱེད་པ་དེ་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་བྱའི་གནས་སུ་གྱུར་བས་མཆོག་གོ། དེས་འབྱུང་གསུམ་པོ་བགྲོང་རྣམས་ཀྱི། དོན་གྱི་དམ་པ་ཞེས་བྱ་བ་ལ། ངེས་པར་འབྱུང་བ་ནི་འབྲས་བུ་སྟེ། ཉན་ཐོས་དང། རང་རྒྱལ་བ་དང། བྱང་ཆུབ་སེམས ་དཔའ་ཨོ། །བགྲོད་པར་བྱ་བ་ནི་ལམ་ཡིན་ལ། དེ་དག་རྣམས་ཀྱི་གཙོ་བོར་དོན་གྱི་དམ་པ་འདི་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་དག་དཔལ། ཞེས་གསུངས་ཏེ། རྣམ་པར་དག་པ་ནི་འདི་ལ་དེ་དག་ལྡན་པོ་སེ། ངེའི་ཕྱིར་དཔལ་ཞེས་བྱའོ། །དེ་ལ་ཞེས་པ་ནི་གཉིས་སུ་མེད་པ་བདག་དང་གཞན་གྱི ་དོན་ཐམས་ཅད་འབྱུང་བའོ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། ཞེས་པ་ནི་ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་འདི་ལས་ལྷག་པ་མེད་པས་སྐལ་པ་བཟང་པོའོ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། ཞེས་བྱ་བ་ནི་འདིས་བདག་དང་ལྡན་གཞན་གྱི་དོན་ཐུན ་སུམ་ཚོགས་པ་འགྲུབ་པར་བྱེད་པས་དེ་སྐད་ཅེས་བྱའོ། །དེ་གང་ཞེ་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། ཅེས་བྱ་བ་གསུངས་ཏེ། གཉིས་པ་ཐམས་ཅད་ཀྱི་ཟུག་རྡུ་མེད་པས་འཇམ་པའོ། །བདག་དང་གཞན་གྱི་དོན་ཐམས་ཅད་འབྱུང་བས་དཔལ་དང་ལྡན ་པའི་མཆོག་ཅེས་བྱའོ། བྱ་བ་གྲུབ་པའི་ཡེ་ཤེས་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོང་པ་བསྟན་པར་བྱ་སྟེ། དེའི་ཕྱིར། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ཅེས་བྱ་བ་ལ་སོགས་པ་གསུངས། ་མཆོག་ནི་རྡོ་རྗེའི་མཆེན་གྱིས་ནི་རྣམ་གྲངས་ཡེ་ཤེས་ཀྱི་སྐུ། རང་བྱུང་འཇམ་དཔལ། ཡེ་ཤེས་སེམས་དཔའ་། དཔལ་དང་ལྡན་པའི་མཆོག། ཅེས་བྱ་བའི་མིང་ཅན་ཏེ། རང་ཡང་མཆོག་དང་ལྡན་པ་ལ་གཞན་ལ་ཡང་མཆོག་དང་ལྡན་པ་སྦྱིན་པར་བྱེད་པ་?? ་བརྟན་ལ་སྲ་བ་གཉིས་སུ་མེད་པར་གུས་པས་ཉམ་སུ་བླང་བར་བྱ་བ་ལ་དེ་སྐད་ཅེས་བྱའོ། །ཡང་དག་མཐར་གྱུར་ཅེས་བ་ལ། ཡང་དག་པ་ནི་ཐེག་པ་གསུམ་མོ། མཐར་གྱུར་བ་ནི་རྡོ་རྗེ་ཐེག་པའོ། །ཡང་ན་དེ་དག་གཉིས་སུ་མེད་པའི་དོ་རྗེ་འཆང་བ་ཆེན་པའི། །སྟོང ་ཉིད་ལས་བྱུང་ཞེས་བྱ་བ་ལ། སྟོང་པ་ཉིས་སུ་མེད་པ་སྟེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུའོ། །ཡང་ན་སྟོན་པ་ཉིད་ནི་ཕོ་ཉའོ། །དེ་ལས་བྱུང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སངས་རྒྱས་བྱང་ཆུབ་བཅེས་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་བྱ་བ་ཡིན ་པས་བྱང་ཆུབ་བོ། །ཡང་ན་སངས་རྒྱས་ནི་སྒྲུབ་པ་པོའི་ཕུང་པོ་ལ་སོགས་པའོ། བྱང་ཆུབ་ནི་རྟོགས་པར་བྱ་བ་སྟེ། འདུད་ཅེས་པ་ནི་རྟོགས་ནས་ཉམས་སུ་བླང་བར་བྱ་བའོ། །ད་ནི་རྣམ་པར་སྣང་མཛད་ལ་མེ་ཡོད་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པར་བྱ་སྟེ། དེའི་ཕྱིར། སངས ་རྒྱས་ཆགས་པ་ཁྱོད་ལ་འདུད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་དུས་གསུམ་དང་ཕྱོགས་ཀྱིས་བསྡུས་པའོ། །ཆགས་པ་ནི་སེམས་ཅན་གྱི་དོན་ལ་ཆགས་པའོ། །ཡང་ན་དམན་པའི་འགྲོ་བ་གར་མ། བན་ལྟ་བུ་ཡང་རྗེས་སུ་འཛིན་པའོ། །སངས ་རྒྱས་མ་འདོད་ལ་ཕྱག་འཚལ་འདུད། ཅེས་པ་ནི་སེམས་ཅན་རྣམས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར། སངས་རྒྱས་དགྱེས་པ་ནི་སངས་རྒྱས་པར་འདོད་པའི་རིགས་ཀྱི་བུ་ལ་དགྱེས་པའམ། །ཡང་ན་སེམས་ཅན་གྱི་དོན་ལ་དགྱེས་པར་མཛད་དོ། །སངས་རྒྱས་རོལ ་ལ་ནི་སེམས་ཅན་གྱི་དྲོན་ལ་མཛད་པ་བཅུ་གཉིས་ཀྱིས་རོལ་པ་སྟོན་པའོ། །ཡང་ན་ཕོ་ཉའི་བྷ་གར་ལིང་ག་གཞག་པའོ། །དེ་ལྟ་བུ་ལ་ཕྱག་འཚལ་བ་ནི་གུས་པའི་ཚུལ་གྱིས་སོ། །ད་ནི་སྣང་བ་མཛའ་ཡས་ལ་སོ་སོར་ཀུན་ཏུ་རྟོག་པའི་སྒོ་ནས་བསྟོང་བར་བྱ་བའི་ཕྱིར། ་སངས་རྒྱས་འཛུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་དོན་དུ་ཆོས་གསུངས་པ་ལ་འཛུམ་མདངས་ཕྱུང་ནས་ཚོམས་མཆེ་བ་མངོན་པར་འཛུམ་པ་མཛད་པའོ། །སངས་རྒྱས་བཞད་པ་ཞེས་པ་ནི་འདིའི་གསུང་སྣང་བ་མཛའ་ཡས་ཡིན་ལ། ་སེམས་ཅན་ལ་གསུངས་གིས་ཆོས་བསྟན་པས་རྗེས་སུ་འཛིན་པ་སོ། །སངས་རྒྱས་གསུང་ཉིད་ཅེས་པ་ནི་ཆོས་རྣམ་པ་གསུམ་གྱི་ཆར་འབེབས་པའོ། །སངས་རྒྱས་ཐུགས་ཞེས་པ་ནི་གཉིས་སུ་མེད་པ་ལས་མི་བསྐྱོད་པས་ན་ཐུགས་རྣམ་པར་མི་རྟོག་པ་ལ་མཉམ་པར? ་བཞག་པའོ། །ད་ནི་རིན་ཆེན་འབྱུང་ལྡན་ལ་མཉམ་པ་ཉིད་ཀྱི་སྒོ་ནས་བསྟོད་པར་བསྟན་པར་བྱ་བའི་ཕྱིར། མེད་པ་ལས་བྱུང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་མེད་པ་ལས་ཞིང་སྒྱུ་མའི་དང་བཅུ་གཉིས་དང་འདྲ་བས་སེམས ་ཅན་གྱི་དོན་མཛད་པ་འམ། ཡང་ན་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས་ན་རིན་ཆེན་འབྱུང་ལྡན་ཏེ། ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །སངས་རྒྱས་འབྱུང་བ་ཞེས་པ་ནི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཟད་མི་ཤེས་པ་འབྱུང་བ་སྟེ། སངས་རྒྱས་ཀྱི་ཡོན་ཏན ་ནམ་མཁའ་ལས་བྱུང་ཞེས་པ་ནི་སྐྱེ་གནས་ཀྱི་ཆོས་ཀྱི་སམ་གོས་པའོ། །ཡེ་ཤེས་ལས་བྱུང་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མིང་ཅན་ཡེ་ཤེས་ལྔ་གཅིག་ཏུ་གྱུར་གྱུར་པ་སྟེ། རིན་ཆེན་འབྱུང་ལྡན་ཞེས་བྱའོ། །ད་ནི་དོན་ཡོང་གྲུབ་པ་ལ་བྱང་ན་ཏན་གྱི་ཡེ་ཤེས་ཀྱི་སྔོ ་ནས་བསྟེད་པ་བསྟན་པར་བྱ་བའི་ཕྱིར། སྒྱུ་འཕྲུལ་དྲ་བཞེས་གསུངས་ཏེ། སེམས་ཅན་གྱི་དོན་མཛད་པའི་དུས་སུ་དཀྱིལ་འཁོར་གྱི་འཀོང་ལོ་སྒྱུ་འཕྲུལ་དྲ་བ་མཛད་པ་སྟེ། རློམ་སེམས་མེད་པས་ཞེས་བྱ་བའི་ཐ་ཆིག་གོ། །སྦྲུ་འཕྲུལ་དྲ་བ་དེ་ཉིད་ཇི་ལྟ་བུ་སྙམ་པ ་ལ། སངས་རྒྱས་རོལ་སྟོན་ཏེ། སེམས་ཅན་རྣམས་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སྟོན་པ་མཛད་པའོ། །ཐམས་ཅད་ཐམས་ཅད་ཅེས་པ་ནི་འཁོར་བ་ཐམས་ཅད་སྒྱུ་འཕྲུལ་དྲ་བ་ལྟ་བུར་ཁྱོད་ལས་བྱུང་བཞིང་མ་ཁྱེན་པ་སྟེ། མདོང་ན་རིགས་ལྔར་མ ་ཟད་པར་སྒོ་མ་དང་མཚམས་མ་ཡན་ལ་བསྟོད་པའོ། །ཡེ་ཤེས་སྐུ་ཉིད་ཅེས་པ་ནི་ཞུས་པའི་སྐབས་སུ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཞེས་པའི་ལན་གསུངས་པ་དང། གཟུང་གེ་བརྗོད་བ་ལ་བསྟོད་པའོ། །ཡེ་ཤེས་རྣམ་འཕྲུལ་དུ་འབྱུང་བའི་སྐུ་སྟེ་པར ་བྱུང། དཔལ། །ཡེ་ཤེས་སེམས་དཔའ་། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་མང་ཅན་དེ་ལ་གུས་པའི་ཚུལ་གྱིས་ཕྱག་བྱ་བར་འོས། །བསྟོད་པར་འོས་པས་དེ་སྐད་ཅེས་བྱའོ། །རིགས་ལྔ་ལ་བསྟོད་པ་བཤད་ཆིན་ཏོ། །ད་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་སྔཌ ་བསྟན་པར་བྱ་པའི་ཕྱིར། ཨོཾ་ཞས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ནི་ཤིས་པ་བརྗོད་པའོ། །སརྦ་དྷ་རྨཱ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །དེ་རྣམ་པར་དག་པའི་རང་བཞིན་ཏེ། ཇི་ལྟ་བུ་ཞེ་ན། ཨ་བྷཱ་ཕ་སྟེ་དངོས་པོ་མེད་པ་ཆུའི་ཟླ་བ་ལྟ་བུར ་སྣང་བའོ། །བ་གློ་བུར་དུ་མ་ཡིན་ཏེ། སྭ་བྷཱ་བ་ནཱི་རང་བཞིན་ཀྱིས་དག་པ་སྟེ། པི་ཤུདྡཱ་ཞེས་པ་དང་འབྲེལ་ལོ། །རང་བཞིན་དག་པ་དེ་དག་གང་གིས་མཐོང་ཞིང་རྟོགས་སྙམ་པ་ལ། བཛྲ་ཙཀྵུ་ཞེས་གསུངས་ཏེ། སྣང་བ་དང་སྟོང་བ་དབྱེར་མེད་པའི་རྡོ་རྗེ་དེ་ཇི་སྐད་དུ་བཤད་པའི་སངས ་རྒྱས་སྤྱན་ལ་སོགས་པའི་ཐབས་ཀྱི་བྱད་བར་གྱིས་མཐོང་བ་འམ་རྟོགས་པའོ། །ཚུལ་ཇི་ལྟར་སྙམ་པ་ལ། ཨ་ཞེས་པ་ཐབས་དང། ཨཱ་ཞེས་པ་ཤེས་རབ་གཉིས་ལས་བྱུང་བའི་ཨཾ་སྟེ་ཐིག་ལེ་ཀུན་རྫོབ་ཀྱི་པོ་བོ་དང། ཨ་བཞེས་པ་དོན་དམ་པ་སྐྱེད་མེད་པ་བདེ་བའི་རྣམ་པར ་རྟོགས་པ་སྟེ། མདོར་ན་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དངོས་པོ་མེད་པ་སྟེ། ཐབས་ཀྱེས་ཁྱད་པར་གྱིས་གཉིས་སུ་མེད་པའི་བདེ་བར་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ད་ནི་རང་བཞིན་རྣམ་པར་དག་པའི་སྔགས་བསྟན་པར་བྱ་བའི ་ཕྱིར། བྲ་ཀྲི་ཏི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་རང་བཞིན་ནམ་མ་བཅོས་པའོ། །པ་རི་ཤུདྡྷུ(རྒྱུད་འགྲེལ་འཁོར་བའི་ཆོས་ཐམས་ཅད་དོ། །དེ་ཡང་རེས་འགའ་བ་ཡིན་ནམ་ཞེ་ན། ཡ་དུ་ཏ་སྟེ་ཇི་སྲིད་དུ་དག་པ་དེ་ཡང་གཟུགས་ལ་སོགས་པའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སརྦ་ཏ་ཐཱ་ག་ཏ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཛ་ན་ཀཱ ་ཡ་སྟེ་ཡེ་ཤེས་ཀྱི་སྐུའོ། །མཉྫུ་ཤྲཱི་ནི་འཇམ་དཔལ་ལོ། །པའི་ཤུདྡྷི་ཏཱ་ནི་ཡོངས་སུ་གག་པའོ། །མུ་པཱ་ནི་ལུས་སོ། །དཱ་ཡེ་ཏི་ཞེས་པ་ནི་གོ་འཕོག། ཡན་ཐབས་ལ། ཨཱ(རྒྱུད་འགྲེལ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། ཡོངས་སུ་དག་པ་འཇམ་དཔལ་གྱི་མིང་ཅན་དེའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚོགས་གོ། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྟན་པར་བྱ་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ ་ག་ཏ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྒྱུན་དུ་བགྲང་པར་བྱ་བའི་སྙིང་པོར་ཤེས་པར་བྱའོ། །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །ཧྲི་ད་ཡ་ནི་སྙིང་པོ་སྟེ་ཡེ་ཤེས་ཀྱི་སྐུའོ། །དེས་ན་ཡེ་ཤེས་ཀྱི་ས་དེ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཐུགས་ཀ་ན་གནས་པ་དེ་རྟོགས་པས་ཅི་བྱེད་ཅེ་ན། ཧ་ར་ཧ་ར་སྟེ་ཐ་མལ་པའི་ལུས་དང་ངག་དང་ཡིད་ཀྱི་ཉོན་མོངས་པ་ཐམས་ཅད་འཕྲོག་པར་བྱེད་པའོ། །ཕྲོགས་པས་ཅིར་འགྱུར་ཞེན་དེ་གང་གི་སྙིང་པོ་ནི་སྐུ་གསུང་ཐུཌ་ཀྱི་སྙེང་པའོ། །དེས་ལས་ཅི་བྱེད་ཁམས་བསུཾ་གྱི་རྟོབ ་འཕྲོག་ཅིང་འཇོམས་པར་བྱེད་པའོ། །ོཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་དེ་ཚིག་སྒོ་ནས་སྟོན་པར་བྱད་པས་ན། བཱ་གཱི་ཤྭ་ར་སྟེ། ངག་ལ་དབང་བྱེད་པས་ན་གི་དབང་ཕྱུག་གོ། །ཚིག་གི་སྒོ་ནས་བསྟན་པས་ཅིར་འགྱུར་སྙམ་པ་ལ། མཧཱ་པ་ཙ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་འཆོད་ཅིང་ཁ་དོག ་བསྒྱུར་བར་བྱེད་དོ། །གང་ན། སརྦ་དྷ་རྨ་སྟེ་ཆོས་ཐམས་ཅད་དོ། །ཅི་དང་ཅི་འདྲ་བར་ན། ག་ག་ན་སྟེ་ནམ་མཁའ་དང་འདྲ་བའོ། ། མ་ལ་ནི་དྲི་མ་མེད་པའོ། །དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སུ་པ་རི་ཤུ?་སྟེང་ཤིན་ཏུ་ཡོངས་སུ་དག་པའོ། །དེ་ཐམས་ཅད་གར་བསྡུན། ་དྷ་རྨ་དཏཱ་ཏུ་སྟེ་ཆོས་ཀྱི་དབྱིངས་དང། ཛྙཱ་ན་གྲབྷ་སྟེ་ཡེ་ཤེས་ཀྱི་སྙིང་པོ། །(རྒྱུད་འགྲེལ་གྱི་ལུས་ངག་ཡིད་ཀྱི་ཉོན་མོངས་པ་འཕྲོག་པར་བྱེད་པའོ། །དེའི་མཚན་གྱི་ཁྱད་པར་བསྟན་པ་ནི་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དྲི་མ་མེད་པར་ཆོས་གྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དེས་རྣམ་པར་རྟོག་པ་ཐམས་ཅད་དེ་ཉིད་དུ་སྒྱུར་པར་བྱེད་བ་ཞེས་བྱ ་བའི་ཐ་ཚིག་གོ། །དེ་དག་གིས་རྒྱུན་གྱི་དངོས་པོ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལན་གནང་བ་བཤད་ཟིན་པ་སྟེ་རྗོགས་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་བཅོམ་ལྡན་འདས་ཀྱིས་གསུངས་དོན་ལ་རྗེས་སུ་ཡི་རང་བའི་ཚུལ་གྱིས་གུས་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་དཔལ་ལྡན ་རྡོ་རྗེའི་འཆང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞས་ཕྱག་བ་ནི་བར་གང་གིས་ཀྱང་མཆོད་པ་སྟེ། ཞུག་པའི་ལན་གསུངས་པའི་དེ་མ་ཐག་པའོ། །དཔལ་ལྡན་རྡོ་རྗེ་འཆང་ནི་སྡུད་པ་པོ་སྟེ། ཚིག་གི་དོན་བཤད་ཟིན་ཏོ། །དགའ་ཞིང་མགུ་ནས་ཐལ་མ་སྤར། ་ཞེས་བྱ་བ་ལ་སྡུད་པ་པོ་ཆོས་ཐོས་པས་དགའ་བ་སྟེ་མདངས་ཕྱུང་ཞེས་པའོ། །མགུ་ནི་རྗེས་སུ་ཡི་རང་བའོ། །ཐལ་མོ་སྦྱར་པ་ནི་གུས་པའི་དོན་ཏོ། །ཡང་ན་དགའ་ཞིང་མགུ་བ་ནི་བདེ་བ་རྒྱས་བའོ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། ཞེས་པ་ནི་བདག ་དང་གཞན་གྱི་མགོན་མཛད་པ་ལ་དེ་སྐད་ཅེས་བྱའོ། །དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་སྟོ། །མིང་གཞན་ཤཱཀྱ་ཐུབ་པ་ཞེས་བྱའོ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། ཞེས་པ་ནི་རང་གི་སྟོན་པའི་ཞབས་ལ་སྤོ་པོས་གཏུགས ་པའོ། །དེ་ནི་ཞེས་པ་ནི་རྡོ་རྗེ་འཆང་ངོ། །བདག་དང་གཞན་གྱི་མགོན་དུ་གྱུར་པོས། །གསང་བའི་བདག་པོ་ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ་ཞེས་པ་ལ། སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པ་སྟེ་བཤད་ཟིན་ཏེ། ལག་ན་རྡོ་རྗེ་ཁོ་བའི་རྒྱལ། །ཞེས་པ་ནི་དེའི་མིང་ཅན་གྱི ་འཁོར་རྣམས་སོ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ་ཞེས་བྱ་བ་ལ། སྒྲོལ་མ་དང་ཁྲོ་གཉེར་ཅན་ལ་སོགས་པའི་དཔའ་མོ་རྣམས་ནི་སྣ་ཚོགས་པའོ། །གཞན་པ་ནི་སྡུད་པ་པོ་ལས་གཞན་དུ་གྱུར་པའི་འཕོར་རྣམས་སོ། །ལྷན་ཅིག་ཅེས་པ་ནི་དེ་རྣམས་དང ་མཉམ་བོར་ཞེས་པའི་དོན་ཏོ། །གསང་བསྟོད་ནས་ནི་ཚིག་འདི་གསོལ་ཞེས་བྱ་བ་ལ། སྐད་གསང་ལ་ཆེ་བས་འོག་ནས་འབྱུང་བ་རྣམས་གསོལ་བའོ། །དེ་ནི་དོན་ཆེན་པོ་ཕྱིར་རྗེས་སུ་ཡི་རང་བ་བསན་པར་བྱ་བའི་ཕྱིར། མགོན་པོ་ཞེས ་བྱ་པ་ལ་སོགས་པ་གསུངས་ཏེ། ཀྱེ་མགོན་པོ་ཞེས་བོས་ནས་བདག་ཅག་ཅེས་པ་ནི་འཁོར་རྣམས་སོ། །ཡི་རང་བ་ནི་མགུ་བའོ། །ལེགས་སོ་ཞེས་བྱ་བ་ནི་བདག་གི་དོན་དུ་ཆོས་གནང་བའོ། །ཡང་ལེགས་སོ་ཞེས་བྱ་བ་ནི་གཞན་དོན་དུའོ། །ཡང་ན་ལྷག་མ་མ་ལུས་པའོ། །ལེཌ ་པར་བསུངས་ཞེས་བྱ་བ་ནི་སྒྲ་ལ་སྐྱོན་མེད་དེ། ཐོག་མ་དང་བར་དང་མཐར་དགེ་བར་གསུངས་པའོ། །རྣམ་པར་གྲོལ་བའི་འབྲས་བུ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་དེ་དུའོ། །འགྲོ་བ་མགོན་མེད་རྣམས་དང་ནི་བདག་ཅག་ཅེས་བྱ་བ་ནི་ཇི ་ལྟང་རྒྱ་མཚོར་གྲུབ་ཞིག་པ་ལ་སོགས་པ་ལྟ་བུའོ། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་པ་ནི་ཉན་ཐོས་དང་རང་རྒྱལ་བ་ལ་སོགས་པའི་ལམ་ལམ་བཀོད་པར་བླ་ན་མེད་པ་ཡང་དག་པར་རྗོགས་པའི་བྱང་ཆུབ་ལ་བཀོད་པར་མཛད་པ་བཀའ་དྲིན་ཆེ ་ཞེས་པའི་དོན་ཏེ། ཐབས་གང་གི་སྒོ་ནས་ཤེས་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྔན་པ། ཞེས་གསུངས་ཏེ། སྐྱེད་པ་ལྷའི་རྣལ་འབྱོར་དང། རྫོགས་པ་ཡེ་ཤེས་ཀྱི་རྩལ་འབྱོར་ནི་སྒྱ་འཕྱ་ལ་དྲ་བ་སྟེ། དེའི་ལམ་གྱི་སྒ་ནས་ཤེས་པའོ། །འདི་ནི་རྣམ་དག་ལེགས་པའི་ལམ ་ཞེས་བྱ་བ་ལ། བཤེད་པ་ཐག་པའི་ལམ་འདི་ནི་བ་དི་བས་བདེ་བ་སྒྲུབ་པའི་ཕྱིར་རྣམ་པར་དག་པ་ལེགས་པའི་ལམ་སྟེ། དུས་གསུམ་གྱི་བདེ་བར་གཤེགས་པའི་གཤེགས་ཤུལ་འདི་བཀོད་པ་ལ་རྗེས་སུ་ཡི་རང་ཞེས་བྱ་བའི་ཐ་ཏོག་གོ། ད་ནི་ཟབ་མོ་སངས་རྒྱས ་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་བ་བསྟན་པར་བྱ་བའི་ཕྱིར། ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐེག་པ་ནི་ཟབ་སྟེ། རྟོགས་པར་དཀའ་བའི་ཕྱིར་རོ། །ཡངས་པ་ནི་འདིར་ཀུན་ཤོང་བྲའོ། །རྒྱ་ཆེ་བ་ནི་འདིར་ཀུན་འདུས་ལ་ཐེག ་པ་གཞན་དུ་འདི་མ་འདུས་པའི་ཕྱིར་རོ། །དོན་ཆེ་བ་ནི་བདག་གིའོ། །འགྲོ་བའི་དོན་ནི་གཞན་དོན་ཏེ། དེ་བྱེད་པ་ལ་དེ་བྱེད་པ་ལ་དེ་སྐད་ཅས་བྱ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། ཞེས་བྱ་བ་ལ། འདི་ནི་ཉན་ཐོས་དང། རང་རྒྱལ་བ་དང། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་རྣམས ་ཀྱི་སྤྱོད་ཡུལ་ལམ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་འབའ་ཞིག་གི་ཡུལ་ཡིན་ནོ་ཞེས་པའི་དོན་ཏོ། །དིའི་ཕྱིར་རྗོགས་པའི་སངས་རྒྱས་ཀུན་གྱིས་བཤད། ཅེས་པ་ནི་དེ་དག་གི་ཕྱིར་རྗེས་སུ་ཡི་རང་ངོ་ཞེས་བྱའོ། །དེ་ལྟར་བདག་ཅག་རྣམས་ཀྱང་ཡི་རང་བའོ་ཞེས་བྱ་བའི ་དོད་ཏོ། །བཅོམ་ལྡན་འདས་ཀྱི་བཀའ་ལས་རྗེས་སུ་ཡི་རང་བ་བཤད་ཟིན་ཏོ། །ཐོག་མ་བར་མཛའ་སྒའི་གཙོ་བོ་དང་ལྡན་རྒྱུད་གྱི་རྒྱལ་པོ་འགྲོ་བའི་དོན་མཛད་གསང་བ་ཟབ་མོའི་དོན། ཟབ་ཅིང་རྒྱ་ཆེར་གྱུར་པས་འདི་དེན་ལེགས་པར་ཤེས་པའི་སྐྱེ་བོས་སྦྲང་རྩི་འཐུང ་བ་ཤིན་དུ་དཀོན། །ཡི་གེ་རིག་བྱེད་པ་ཡི་མིད་ཅིང་དེ་ཡིས་ཉ་བར་བཟུང་ཞིང་འཆི་མེད་མང་འཐུངས་སྒྲ་དོན་ཆེན་པོ་དེའི། །གདམས་པ་ལ་བརྟེན་བདག་གིས་ཁེ་དང་གྲགས་པ་ལ་སོགས་དོན་གཉེར་མིན་ཞིང་རང་གི་བློ་གྲོས་རློམ་པས་མིན། །དེ་ཡིས་གསུང་པ་གློ ་རྡོལ་བུམ་པ་ལྟ་བུར་གྱུར་པས་འཇིགས་ཤིང་བདག་གཞན་དོན་གྲུབ་མིན་པས་དེ་བཞིན་དུ། །འདེ་བྲིས་པ་ལས་བསོད་ནམས་ཅི་ཡོད་དེས་ནི་ཉོན་མོངས་མ་ལུས་སྤངས་དང་དེ་ཡི་ཐབས་ལ་མཁས་པར་ཤོག། X་།།འཕགས་བ་འཇམ་དཔལ ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་ཕོ་གྲགས་པས་མཛད་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་བཀའ་བརྒྱུད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་བྷ་ཡ་བཛྲ་དང། །ཡེད་ཀྱི ་ལོ་ཅ་བ་སྤལ་རྡོ་རྗེ་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འབགས་པ་འཇམ་དཔལ་གྱི་མཆན་བརྗོད་ཀྱི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཨཱ་རྱ་མཉྫུ་ཤྲཱི་ནཱ་མ་སྡགའ་ཨི་ཏི། ་