| Wylie | e-texts based on the ACIP/ALL Input |
ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཝ་གཱི་ཤྲ་ར་དང་ཆོས་རབ་ཀྱིས་བསྒྱུར་བའོ།། །།དཔལ་དུས་ཀྱ་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ། ། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀ་ཧོ་མ་པ་པཱ་ཡི་ཀ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི ་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ད་ནི་དབང་དང་རབ་ཏུ་གནས་པ་ལ་སོགས་པ་ཐམས་ཅད་པ་སྦྱིན་སྲེག་སྔོན་དུ་འགྲོ་བར་གསུངས་པས། ཀུན་རྫོབ་ཀྱི་སྦྱིན་སྲེག་འདིར་བརྗོད་པར་བྱའོ། །ཉིན་མོའི་ཐུན་དང་པོ་ལ་སོགས ་པལ་ཞི་བ་ལ་སོགས་པའི་ལས་བྱ་སྟེ། དེ་ལྟར་མཚན་མོ་ལ་ཡང་ངོ།། །།དེ་ལྟར་ཐུན་ཕྱེད་རྣམས་སམ་ཐུན་རྣམས་ལ་སྟེ། ལས་ཐམས་ཅད་པ་དང་ཞི་བ་དང་རྒྱས་པ་དང་བསད་པ་དང་དབྱེ་བ་དང་དབང་དང་དགུག་པ་དང་རྨོངས་པ་དང་རེངས ་པ?་རྣམས་གྲོང་ཁྱེར་གྱི་དབུས་དང། གཤིན་རྗེ་དང། བདེན་བྲལ་དང། ཆུ་བདག་དང། རླུང་དང། གནོད་སྦྱིན་པར། དབང་ལྦན་དང། ཤར་དང། མེ་མཚམས་རྣམས་སུ་ཏེ། དབང་བསྐུར་བའི་དུས་སུ་རྡུལ་ཚོན་མེ་རིའི་ཕྱི་རོལ་ཁྲུ་དོ་སྤང་བའི་གནོད་སྦྱིན་ནམ། དྲག་བོ་རུ། ཟླུམ་པོ་དང་གྲུ་བཞི ་དང། གཞུའི་རྣམ་པ་དང། ཟུར་ལྔ་དང་བདུན་དང་གསུམ་དང་དྲུག་དང་བརྒྱད་རྣམས་དང་ལྡན་པའོ། ཁྲུ་གང་བ་དང། ཁྲུ་ཁྲུང་དོ་བ་དང། ཁྲུ་གང་གི་ཕྱེད་དང། ཟླུམ་པོ་དང་མཚུངས་པ་དང། སོར་བཞི་བཅུ་དང། ཉི་ཤུ་དང། སུམ་ཅུ་དང། དྲུག་ཅུ་རྣམས་སོ། །ཐབ་ཁུང་རྣམས་ཀྱི་རྒྱའི་ཕྱེད་ཏིང་དུའོ། །ཐབ ་ཀྱི་ཁ་ཁྱེར་དུ་ཐད་ཀར་སངས་ཀྱི་དྲུག་ཆའོ། །དེ་དག་གི་ཉིས་འགྱུར་སྟེགས་བུ་ལའོ། །དེའི་ཉིས་འགྱུར་ཁ་ཁྱེར་ཆེན་པོ་ལའོ། །ཡང་ཆུ་དང་མཉམ་པའི་ཕྱི་རུ་ཁ་ཁྱེར་བྱའོ། །སྟེང་དུ་ཉི་མ་དང་ཟླ་བ་དང་མཎྜ་ལ་སྔོན་པོ་དང། དམར་པོ་དད། དུ་བའི་མཎྜལ་དང། མཎྜལ་སེར་པོ་དང་རི་རབ་གཉིས ་རྣམས་ཀྱིས་མཚན་མའི་ཐབ་བྱའོ། །སྟེགས་བུ་ཆ་ལྔ་རུ་བྱས་པའི་ལོག་གཉིས་ཀྱི་ཆ་གཉིས་སྤངས་ཏེ་ཆ་གསུམ་ལ་འོག་ནས་བྱུང་བའི་མཚན་མ་རྣམས་ཀྱིས་རིམ་པ་བཞིན་བསྐོར་རོ། །གལ་ཏེ་ས་ཡིས་བྱེད་ན་ཆུའི་ཕྱེད་ཀྱིས་སོ། །རྡུལ་ཚོན་གྱིས་བྱེད་ན་ངེས་པ་མེད་དོ། །དེའི་ཕྱི་རོལ་དུ་གཉིས ་ལ་པདྨའི་འདག་མ་དང། གཉིས་ལ་སོར་མོ་དང་བཅས་པའི་ལག་མཐིལ་དང། ཁྲའི་མཇུག་སྒྲོ་གཉིས་ལ་ཤིང་ཨརྒའི་འདབ་མ་དམར་བོ་དང། གཉིས་ལ་ཤིང་ཨརྒའི་འདབ་མ་སེར་བོ་རྣམས་ཀྱི་ཕྲེང་བས་བསྐོར་རོ། །དེའི་ཕྱི་རོལ་ཏུ་གཉིས་ལ་ཀུ་ཤ་དང་ཤི་བའི་སྐྲེ་དང། ཡི ་དགས་ཤིང་གི་ལོ་མ་དང། གཉིས་ལ་མེ་ཏོག་དམར་པོ་དང། གཉིས་ལ་མེ་ཏོག་སེར་པོ་རྣམས་ཀྱིས་བསྐོར་རོ། །ཐབ་ཀྱིས་ཚད་ཀྱིས་པདྨའི་འདབ་མའོ། །བཅུ་གཉིས་ཀྱི་ཆ་ཡིས་གཙོ་བོའི་ལྟེ་བ་ལའོ། །དེ་ལ་རྡོ་རྗེ་ནག་པོ་དང་པདྨ་དམར་པོ་དང་འཁོར་ལོ་དཀར་པོ་དང། གྲི? ་གུག་ནག་པོ་དང། རལ་གྲི་ནག་པོ་དང་མདའ་དམར་པོ་དང། རྡོ་རྗེ་ལྕགས་ཀྱུ་དམར་པོ་དང་སྤྲུལ་ཞགས་སེར་པོ་དང། རྡོ་རྗེ་ལྕགས་སྒྲོག་སེར་པོ་རྣམས་དགོད་པར་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ལ་ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་རལ་གྲིངས་རིན་པོ་ཆེ་དང། འཁོར ་ལོ་དང། པདྨ་རྣམས་སོ། །མཚམས་རྣམས་ལ་ནི་གྲི་གུག་ནག་པོ་དང། ལྕགས་ཀྱུ་དམར་པོ་དང། རྡོ་རྗེ་ཞགས་པ་སེར་པོ་དང། རྩེ་གསུམ་དཀར་པོ་རྣམས་སོ། །དེ་ལྟར་ཞི་བ་ལ་ཡང་དོ། །རྒྱས་བ་ལ་ཕྱོགས་རྣམས་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་དང། ་མཚམས་རྣམས་སུ་གྲི་གུག་ནག་པོ་ལ་སོགས་པའོ། །དེ་ལྟར་བསད་པ་ལ་ཤར་དུ་ཕྱོགས་པའི་དཀྱིལ་འཁོར་ཏེ། བསད་པ་དང་དབྱེ་བ་ལ་རལ་གྲི་ལ་སོགས་པས་མཚན་མའོ། །དབང་དང་དགུག་པ་ལ་ལྷོར་ཁ་ཕྱོགས་པས་ཕྱོགས་རྣམས་ལ་རིན་པོ་ཆེ་རྣམས་སོ་མཚམས ་རྣམས་སུ་ལྕགས་ཀྱུ་དམར་པོ་ལ་སོགས་པའོ། །རྨོངས་པ་དང་རེངས་པ་ལ་ནུབ་ཏུ་ཁ་ཕྱོགས་པས་ཕྱོགས་དང་ཕྱོགས་བྲལ་རྣམས་ལ་འཁོར་ལོའོ། །ཞགས་པ་སེར་པོ་ལ་སོགས་པའོ། །ཐབ་ཁུང་ལས་ཁྲུ་དོ་སྤངས་པར་རྡུལ་ཚོན་དཀར་པོ་དང་དམར་པོ་དད་ནག་པོ་རྣམས་ཀྱིར ་པ་གསུམ་པ་བྱས་ཏེ། བྱང་ལ་སོགས་པར་ཁ་ཕྱོགས་པའི་ར་བའི་ནང་གི་རྒྱའི་བརྒྱད་ཆ་སྒོའོ། །དཀྱིལ་འཁོར་གྱི་སྒོ་དང་མཚུངས་པའི་རྟ་བབས་དང་བཅས་པ་ཐབ་ཁུང་ཀུན་ལ་བྱའོ། །ཐབ་ཁུང་གི་མདུན་དུ་ཁྲུ་དོ་སྤངས་པའི་གནས་སུ་ཞི་བ་ལ་སོགས་པའི་དབྱེ་བའི་དབྱིབས ་དང་ལྡན་པ་ལ་སྔ་མ་ལྟར་པདྨ་དང་མཚན་མའི་བྱེ་བྲག་བཀོད་པའི་ཁྲུ་གང་བ་རང་རང་གི་ཕྱོགས་སུ་བཞག་གོ། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་ཆོས་འབྱུང་དུ་ཆུད་པས་མཚན་པའོ། །དེ་ལྟར་སྦྱིན་སྲེག་གི་དགང་གཟར་ལ་སོགས་པའི་གདན་དང། ཡོན་ཆབ ་ཀྱི་གདན་གཡོན་དང་གཡས་སུའོ། །གདན་དེ་རིམ་པ་ཇི་ལྟ་བ་བཞིན་གནས་པར་བྱ་སྟེ། རྐང་པ་གཡས་པ་གཡོན་པའི་པུས་མོའི་འོག་ཏུ་བཞག་པ་པདྨའི་འདུག་སྟངས་སོ། །རྐང་པ་གཡས་པ་གཡོན་པའི་བྲལ་སྟེ་སུར་གཞག་ཅིང་གཡོན་པ་གཡས་པཱི་བརླ་སྟེང་སུ་གཞག་པ་རྡོའི་འདུག་སྟང་སོ། ལྷ་མ ་??་འདྲུག་སྟངས་ནི་ལུས་བསྐུམ་སྟེ་རུས་སྦལ་ལྟར་གནས་པའོ། །རྐང་པའི་ལོད་མོ་གཉིས་གཤིབས་ཏེ་ཙོས་པོ་ཆེ་འཕོངས་དང་སྦྱར་ནས་པུས་མོ་གཉིས་བསླང་བ་ནི་རྩ་ག་བུའི་འདུག་སྟངས་སོ། །རྐང་པ་གཡོན་པའི་སྐྱིལ་ཀྲུང་དུ་གནས་ནས་གཡས་པ་ཙོག་བུ་སྟེ་ཅུང ་ཟད་བརྐྱང་བསྐྱིལ་ཀྲུང་ཕྱེད་པའོ། །དེ་ལས་བཟློག་པ་ནི་བྱེ་བྲག་གཉིས་པའོ། །རྐང་པ་གཡོན་པའི་རྟིང་བ་བཤང་ལམ་དུ་གནས་ཏེ་གཡས་པ་ཙོག་པུར་གནས་པ་རྐང་པ་བཤང་ལམ་ལག་?་པའོ། །དེ་ལས་བཟློག་པ་རྣམས་སོ། །དེ་ནས་རིམ་པ་བཞིན་དུ་ཤེལ་དང། མུ་ཏིག་དག་པའི་སོ་དང ་བོ་དྷི་ཏེ་དང། པདྨའི་ས་བོན་དང། ཙན་དན་དམར་པོ་དང། ལུང་ཏང་དང། རུ་རག་ཤའི་ཕྲེང་བ་རྣམས་སོ། །དེ་ནས་པད་སྣོད་འདབ་མ་དག། ལྟེ་བ་རྣམས་ལ་སོར་བཅུ་གཉིས་པ་ཤེལ་དང་དངུལ་དང་ཐོད་བ་དང། ལྕགས་དང་གསེར་དང་ཟངས་དང་ཤིང་དང་སལ་བྱས་པའི་ལོན་ཆབ་ཀྱི་སྣོད ་རྣམས་སོ། །དེ་ནས་དགང་གཟར་ནི། རྡོ་རྗེས་མཚན་པའི་ཁྲུ་གང་བའི་ཡུ་བ་ལ་སྟེ། ཐལ་མོ་སྦྱར་བའི་རྣམ་པའོ། །དེའི་ནང་དབུས་སུ་གྲུ་བཞི་པ་པདྨས་མཚན་པས་སོ་རང་བཞིན་པ་དང་ལྡན་པའོ། །དེའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པའོ། །རྭ་དབུས་མ་ནས་བཅུང་འགྲོ་བའི་གནས་???་ལྡན ་པའོ། །དེ་ལས་ཅུང་ཟད་ཕྲ་ལ་ཆུང་བ་སྲིད་དུ་མཚུངས་པ་སྟེང་གི་ཆ་པདྨ་དང་མཚུངས་པའི་བླུགས་གཟར་རོ། །དེ་ལྟར་ཞི་བ་ལ་སོགས་པའི་ལས་གཉིས་གཉིས་ཏེ། ཨུ་དུམ་བ་ར་དང། བྱང་ཆུབ་ཤིང་དང། ནྱ་གྲོ་དྷ་དང། བརྐ་ཌི་དང། རྒུན་འབྲུམ་ཤིང་རྣམས་ཀྱི་ཨིམ?་ཤིང་ལྔ ་བརྒྱའོ། །མིའི་རུས་པ་མཐེའུ་ཆུང་གི་རྣམ་པ་ལྔ་བརྒྱ་དང། དེ་ལྟར་ཁྲའི་མཇུག་སྒྲོ་ཡང་ངོ། །དེ་ལྟར་སེང་ལྡེང་དམ་པ་ལ་ཤ་ལས་བྱུང་བ་དང། དེ་ལྟར་བི་ལོ་ལས་བྱུང་བ་ལྔ་བརྒྱ་སོར་བཅུ་གཉིས་པའོ། །དེ་ལྟར་རྫས་རྣམས་ནི་ཞི་བ་ལ་བའི་འོ་མ་དང་དུར་བའོ། །རྒྱས་པ་ལ་མར ་དང་ལྟར?་བའོ། བསད་པ་ལ་ཤ་དང་དུག་གོ། བསྒྲད་པ་དང་དབྱེ་བ་ལ་མིའི་ཞག་དང་བཅས་པའི་རཱ་ཛི་ཀ་དང་ཚའོ། །དབང་ལ་རྡུལ་དང་ཀར་བའི་ར་ལ་སོགས་པའི་མེ་ཏོག་དམར་བོའོ། །དགུག་པ་ལ་དྲི་ཆུ་དང་ཤིང་བེ་ལའི་འདབ་མ་དང་འབྲས་བུའོ། །རེངས་པ་ལ་མཚིལ་མ་དང ་མེ་ཏོག་རྙིང་པའོ། །རྨོངས་པ་ལ་ཚྭ་དང་ཐད་ཕྲོམ་གྱི་འདབ་མའོ། །དེ་ལྟར་གཉིས་གཉིས་ཏེ། མེ་ཏོག་དྲི་ཞིམ་ལ་དཀར་བ་དང། ཚབ་ལ་ཚེར་མ་དག་ལྡན་པའི་ནག་པོ་དང། དམར་པོ་དང། སེར་པོ་རྣམས་སོ། །དེ་ལྟར་བྲང་བའི་བདུག་སྤོས་ནི་ཨ་ཀ་རུ་དང། ས་ཧྭ་དང། གསུང་དང། སྦྲང་རྩེ ་ཀ་ར་རྣམས་གྱིས་སོ། །དེ་ལྟར་ཤིན་ཏུ་བདུག་པའི་སྤོས་ནི་བཤད་བ་དང་ཤ་དང་ཁྲག་རྣམས་ཀྱི་སོ། །དེ་ལྟར་དྲི་ཆེ་བར་གྱུར་པའི་སྤོས་ནི་གུ་གུལ་དང་རྒྱ་སྐྱེགས་དང། སྤོས་དཀར་དང། ཀུན་དུ་རུ་དང། ཤྲི་བར་དང། བུ་རམ་རྣམས་སོ། །དེ་ལྟར་བསྐ་བའི་སྒོས་ཨ ་??་ཕྱེ་མ་དང། བུ་རམ་དག་གིས་སོ། །ཡང་ན་རེམ་པ་ཇི་ལྟར་བ་བཞིན་ནའོ། །འོ་མའི་ཟན་དང་ཞོ་དང་བཅས་པའི་ཟན་དང་གྲོད་པ་དང་མར་དང་བཅས་པའི་ཟན་དང། ཏིལ་དང་བཅས་པའི་ཟན་དང། སྲནམ་ཙ་ན་ཀ་དང་ཤ་དང་བཅས་པའི་ཟན་རྣམས་སོ། །དེ་ལྟར་གཉིས་གཉིས་ལ ་ཚན་དན་དཀར་པོ་དང། ཁྲག་དང་སོལ་བ་དང། གུར་ཀུམ་དང། གི་ཝཾ་ངམ། ཙན་དན་དམར་པོ་དང། ཡུང་བ་དང། བ་བླ་རྣམས་རྣམ་པར་བླུག་གོ། དེ་ལྟར་མར་དང་མིའི་ཞག་དང་ཏིལ་མར་དང། ཛཡཾ་ཏིས་མིའི་མར་དང། བླླ་ཏ་ཀའི་མར་རྣམས་ཀྱི་མར་མེའོ། །དེ་ལྟར་འབྲས་སཱ་ལུ་དང ་འཛི་ཀ་དང། ཡུངས་ཀར་དང། སྲན་ཆུང་རྣམས་ཀྱིས་མ་ཉམས་པའོ། །དེ་ལྟར་ན་ན་བཟའ་དཀར་པོ་ལ་སོགས་པ་བགོ་བར་བྱའོ། །དེ་ནས་སློབ་དཔོན་ཇི་ལྟར་གསུངས་པའི་གདན་ལ་ཇི་ལྟར་གསུངས་པའི་འདུག་སྟངས་ཀྱིས་གནས་ནས། ལས་ཐམས་ཅད་པ་ལ་ལྗང་ཁུའོ། ། ་ཞི་བ་ལ་སོགས་གཉིས་གཉིས་ཏེ། ཞི་ཞིང་དཀར་བ་དང། ཁྲོ་ལ་གནག་པ་དང། ཆགས་པ་དང་བཅས་པའི་དམར་པོ་དང། རེངས་ཤིང་སེར་བ་སྟེ། སྔོན་དུ་གསུངས་པའི་དུས་ཀྱི་འཁོར་ལོའི་ཆ་བྱད་རྣམ་པར་བསྒོམས་ཏེ། བསྲུང་བའི་འཁོར་ལོ་བྱས་ནས་སྔོན་དུ་གསུངས་པ་ནི་ཆོ་གི ་རིམ་པ་བཞིན་དུ་ཨུ་དུམ་པ་རའི་དང་བ་ཊ་དང་མྱ་ངན་མེད་དང་རུས་པ་དང་ལྕགས་དང་སེང་ལྡེང་དང་ས་ཁོ་ཊ་དང། བི་ལོ་རྣམས་ལས་བྱུང་བའི་ཕུང་པས་ཕྱོགས་བཅུ་རུ་བཏབ་ལ། ཨོཾ་ཨཱ(རྒྱུད་འགྲེལ་ལས་ཐམས་ཅད་པ་དང་ཞི་བ་ལ་སོགས་པ་ལ་ཙན་དན་ལ་སོགས་དྲི་ཞིམ་པ་དང། འོ་མ་ཅན་གྱི་ཤིང་དང། ཙན་དན་དམར་པོ་ལ་སོགས་པ་དང། བསྐ་བའི་ཤིང་རྣམས་བརྩིགས་ཏེ། ལྷ་ཁང་དང། བྲམ་ཟེ་དང། དམངས་རིགས་དང། གདོལ་བ་དང། རྒྱལ་རིགས་དང། རྗེ ་རིགས་རྣམས་ཀྱི་ཁྱིམ་ནས་མེ་བླངས་ཏེ་དེར་བཅུག་ལ་རླུང་གཡབ་ཀྱིས་སྦར་བར་བྱའོ། །དེ་ནས་སྔགས་འདིས་མེ་ལྷ་སྤྱན་དྲང་བ་ནི། ཨོཾ་ཨཾ་ཧཡེ་ཧི་མཧཱ་བྷུ་ཏ་དེ་བ་ར་ཥི་དྭི་ཛ་ས་ཏྭ་མ་གྲི་ཧཱི་ཏྭ་ཡུ་དྷཾ་མཧཱ་ར་སྨྱ་སྨིན་སན་ནི་ཧི་ཏོ་བྷ་བ་བཛྲ་དྷ་རཱ་ཛྙ་པ་ཡ་ཏི་སྲཱ་ཧཱ། ཞེས་བརྗོད་དེ། རང་གི་སྙིང་ག་དང ་???་དུ་ལས་ཀྱི་བྱ་བྲེག་གིས་ཟླ་བ་འམ་ཉི་མ་ལ་རཾ་ལས་བྱུང་བའི་མེ་ལྷའི་རྣམ་པ་བསྒོམས་ཏེ། ཛ(རྒྱུད་འགྲེལ་ནག་ཡང་ལས་ཇཾ་པ་བསྐུ་མདོག་ལྗང་ཁུ་གཡས་པའི་ཕྱག་དགིས་རྡོ་རྗེ་དང་ཕྲེང་བའོ། །གཡོན་པའི་ཕྱག་དག་གིས་དྲིལ་བུ་དང་པདྨའོ། །ན་ཟ་དང་སྤྱན་དང་དབུ་སྐྲ་རྣམས་དམར་ལ་སེར་བ་མི་བསྐྱོད་པས་རྒྱས་བཏབ་པའོ། །ཞི་བ་ལ་དཀར་པོ་གཡས་པ་དག་གིས་པདྨ་དང་ཤེལ་གྱི་ཕྲེང་བའོ། །གཡོན་པ་དག་གིས་སྤྱི ་བླུགས་དང་དུང་ངོ། །རྒྱས་པ་ལ་གཡས་པ་དག་གིས་འཁོར་ལོ་དང་མུ་ཏིག་གི་ཕྱེ་མའོ། །གཡོན་པ་དག་གིས་པདྨ་དང་སྤྱི་བླུགས་སོ། །འོད་དཔག་མེད་ཀྱིས་རྒྱས་བཏབ་པའོ། །བསང་བ་ལ་ལག་གཡས་བདག་གིས་གྲི་གུག་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ ་དང་ཁ་ཊཱཾ་གའོ། །དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །བསྐྲད་པ་དང་དབྱེ་བ་ལ་གཡས་པ་དག་གིས་རལ་གྲི་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ་དང་ཁ་ཊཱཾ་གའོ། །དབང་དུ་བྱ་བ་ལ་གུར་གུམ་གྱི་ཁ་དོག་གོ་།གཡས་པ་དག་གིས་མདའ་དང་རིན་པོ་ཆེའོ། ། ་གཡོན་པ་དག་གིས་གཞུ་དང་མེ་ལོང་ངོ། །རིན་ཆེན་འབྱུང་ལྡན་གྱིས་རྒྱས་གཏབ་པའོ། །དགུག་པ་ལ་གཡས་པ་དག་གིས་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེའོ། །གཡོན་པ་དག་གིས་རྡོ་རྗེ་ཞགས་པ་དང་མེ་ལོང་ངོ། །རྨོངས་པ་དག་ལ་གཡས་པ་དག་གིས་སྤྲུལ་དང་དབྱུག ་པ་??་གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ། །རེངས་བ་དང་ཕུར་བུས་གདབ་པ་དག་ལ་སེར་པོ་གཡས་པ་དག་གིས་ལྕགས་སྒྲོག་དང་ཐོ་བའོ། །གཡོན་པ་དག་གིས་འཁོར་ལོ་དང་ཕུར་པ་དག་གི་སོ། །རྣམ་པར་སྣག་མཛད་ཀྱི་རྒྱས་བཏབ་པའོ། །ཞི་བ་ལ ་སོགས་པ་རང་རང་གི་ཁ་དོག་དང་མཚུངས་པའི་ན་བཟའ་ཨོ། །དེ་ནས་ཨོཾ་པྲ་ཝ་ར་སཏཀ་ར་མ་ཧཱ་ར་སྨྲིཾ་པྲ་ཏིའི་ཙྪ་སྭཱ་ཧཱ། ཞེས་པས་ཡོན་ཆབ་སྦྱིན་ནོ། །དེ་ནས་ཨོཾ་བཛྲ་དང་བོར་རོ། །བུ་ཥཔ་ལ་སོགས་བར་དུའོ། །སྭཱ་ཧཱ། ཞེས་པ་མཐར་སྦྱར་བའི་པུཥཔཾ་དང། དྷུ ་བ་དང་གནདྷ་དང། དཱི་པཾ་དང། ཨཀྵ་ཏཾ་དང། ནཻ་བི་དྱཾ་དང། ཧ་སྱཾ་དང། བཱ་དྱཾ་དང། ནརི་ཏྱཾ་དག་གཱི་ཏྱཾ་དང་ཀཱ་མཾ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་མེ་ལྷའི་ཞལ་གདོངས་པར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་གན་བཛྲ་ས་ཏྭ་སྱེ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། ཞེས་པས་ལས་ཐམས་ཅད་པ་ལ ་སོས་སྲེག་བླུགས་ལེན་པར་སྤྱན་དྲང་བའི་གསང་བ་ལ་སོགས་པར་ཨོཾ་བཛྲ་ནི་ལ་སརྦ་བྷུ་ཏན་ཛཝ་ལ་ཡ་སརྦ་ནཾ་བྷ་སྨ་ཀུ་རུ་སརྦ་དུ་ཥྚ་ན་སྭཱ་ཧཱ། ཞེས་པ་སོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་ཞེས་པས་བརྒྱ་རྩ་བརྒྱད་དོ། །དེ་ནས་ཨོཾ་ཨ་ཨཱ་ཨི་ཨའི་རི་རཱི་ཨུ་ཧཱུ་ལི་ལཱི་ཨཾ་ཨཾ(རྒྱུད་འགྲེལ་?་དེ་ལྟར་རོ། །དེ་ལྟར་བཞི་བཅུ་ལྷག་པའི་ལྔ་བརྒྱ་ལ་ལྔ་བརྒྱ་ཞེས་བརྗོད་དོ། །ཞི་བ་ལ་སོགས་པ་ལ་ཆུ་ཤེལ་དང་པུ་ཥུ་རཱ་ག་དང་བནདྷུ་ཀ་དང། གསེར་ཞུན་མའི་ཁ་དོག་རྣམས་སོ། །མ་ལ་ཏི་དང་ག་པུར་དང། ཨ་ཀ་རུ་དང། ཙ་པ་ཀའི་དྲི་རྣམས་སོ། །པི་ཝང་རྒྱུད་མངས་དང། གླིང་བུ་དང ་མྲི་དམག་དང། ཤིན་ཏུ་དྲག་པའི་སྒྲ་རྣམས་སོ། །དཔལ་བེའུ་དང། གདུགས་དང། རལ་གྲི་དང། པདྨ་དང། བུམ་པ་ལ་སོགས་པའི་གཟུགས་རྣམས་སོ། །གཅིག་དང་གཉིས་དང་གསུམ་དང་བཞི་ལ་སོགས་པ་བཟང་ངོ། །ཤིན་ཏུ་གཡོ་བ་དང། ཐིག་ལེ་ནག་པོ་ཅན་དང། མེ་ཏོག ་འཕྲོ་བ་དང། རང་གི་ཕྱོགས་སུ་ཕྱོགས་པ་དང། གཡོ་ཞིང་འབར་བ་དང། ཁ་དོག་སྣ་ཚོགས་པ་དང། ཤིན་ཏུ་གནག་པ་དང། ཚེག་སྒྲ་དང། ཟོག་སྒྲ་རྣམས་ནི་བསད་པ་ལ་བཟང་ངོ། །དེ་ནས་འབྲུ་ལ་སོགས་པ་རྣམས་སྔོན་དུ་སོང་བའི་སྔགས་ཀྱི་ཚོགས་ཏེ། ་དག?་གཟར་ཡང་ངོ། །དེ་ཉིད་མེད་ན་ལག་པ་གཡོན་པ་གན་ཀྱལ་དུ་བྱས་ཏེ། ལག་པ་གཡས་པ་མཆོད་སྤྱིན་བྱས་པའི་མཐེ་བོས་བསྐྱོར་ཞིང་སྔོན་གྱི་རྫས་རྣམས་ལ་བསྣུན་པར་བྱའོ། །ཞི་བ་ལ་ན་མ(རྒྱུད་འགྲེལ་གསད་པ་དང་བསྐྲད་པ་དང་དབྱེ་བ་རྣམས་ལ་ཧཱུཾ་ངོ། །དབང་ལ་ཝ་ཥ་ཌ་ཞེས་པའོ། །ཕུར་བུས་གདབ་པ་དང། རེངས་པ་དང་རྨོངས་པ་རྣམས་ལ་ཕཊ་ཀྱི་མཛའ་རྟན་དང་བཅས་པ་བརྗོད་ཅིང་བསྣུན་པར་བྱའོ། །དེ་ནས་ཧཱུཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་མར་གྱི་དགང་གཟར ་བཀང་ལ་མཉམ་པར་གཞག་པའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེས་མེ་ལྷ་ལ་དགང་བླུགས་དབུལ་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅུར་སྦྱིན་པ་ནི། །ོཾ་བྷཱུ་རྦྷུ་ཝ་སྭཱ་ཧཱ། ན་མོ་དེ་བེ་བྷཡ(རྒྱུད་འགྲེལ་ཨ་ལཾ་བྷུ་ཏེ་བྷཡ་ཝ་ཤ་ཌི་ནྡྲཱ་ཡ་ཞེས་པས་སོ། །དེ་ལྟར་མེ་ཏོག་ལ་སོགས་པ་དབུལ་ལོ། །ོཾ་ཨཱ(རྒྱུད་འགྲེལ་མི་སྭཱ་ཧཱ། ཞེས་པས་སྙིང་གའི་པདྨ་ལ་ཡེ་ཤེས་ཀྱི་མེ་ལྷ་གཤེགས་སུ་གསོལ་ཞིང། ཐབ་ཀྱི་མེ་ལྷ་ཡང་གཤེགས་སུ་གསོལ་ལོ། །འདི་ནི་སྦྱིན་སྲེག་གི་ཆོ་གའི་རིམ་པའོ། །དེ་ནས་སློབ་དཔོན་གྱིས་སྔ་མ་ལྟར་མཆོད་པ་བྱས་ལ། རྡོ་རྗེ་དང་བྲིལ་བུ་གཟུང་སྟེ་རྡོ་རྗེའི་འདུག་སྟངས་ལ ་གདས་ནས། རང་གི་སྙིང་གའི་པདྨ་ལ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི་རིམ་པ་བཞིན་དུ། གཙུག་ཏོར་དང། དཔྲལ་བ་དང། མགྲིན་པ་དང། སྙིང་ག་དང། ལྟེ་བ་དང། གསང་བའི་འཁོར་ལོ་རྣམས་སུ། ། ཨི་རི་ཨུ་ལི་ཧཾ། ཡི་ག་རྣམས་སྟོང་པ་ལ ་སོགས་པའི་ཟད་པར་རྣམས་དང་ཕྱོགས་སྐྱོང་རྣམས་དང། གཟའ་རྣམས་དང། ཀླུ་རྣམས་དང་འབྱུང་པོ་རྣམས་དང། ཁྲོ་བོའི་ཚོགས་རྣམས་གཤེགས་སུ་གསོལ་ལོ། །དེ་ནས་བུམ་པའི་གོས་ཟུང་རྣམས་བུཾ་པ་བསྲུང་བའི་གཞོན་ནུ་མ་རྣམས་ལ་སྦྱིན་དུ་གཞུག་གོ ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་འམ། རང་གི་ལག་པའམ་རྡོ་རྗེས། ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་བར་བཤིག་པར་བྱའོ། །དེ་ནས་རང་གི་སྦྱི་གཙུག་ཏུ་རྡུལ་ཚོན་ཅུང་ཟད་བཞག་སྟེ། པདྨ་ལ ་སོགས་པ་བསྡུ་བར་བྱའོ། །དེ་ནས་རྡུལ་ཚོན་ཕྱགས་ཏེ་བུམ་པར་བླུགས་ནས་ཇི་ལྟར་འཛོཾ་པ་ལྟར་གླང་པོ་ལ་སོགས་པའི་སྟེང་དུ་བཞག་སྟེ། གདུགས་དང་རྒྱལ་མཚན་ལ་སོགས་པ་དང་བཅས་པར་ཁྱེར་ལ། རྒྱ་མཆོ་ལ་འགྲོ་བའི་ཆུ་བོ་འདོར་བར་བྱའོ། །བུམ་པ་དེ་ཉིད་ནས ་བ་གང་ལ། །དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ་གཏོར་ནས་བ་ལང་གི་ལྕི་བ་ལ་སོགས་པས་ཀྱང་བྱུགས་ཏེ། དིར་གནས་ནས་འོ་མ་ལ་སོགས་པའི་དཀར་བ་དང་མ་དང་བ་དང། རས་ཟུང་རྣམས་ཀྱིས་གཟོན་ནུ་མ་རྣམས་མཉེས་པར་བྱས་ནས། གཤེགས་སུ་གསོལ་བ་དང། མཚན ་མོའི་དུས་སུ་སྔོན་གྱི་ཆོ་གས་དཔའ་བོའི་སྟོན་མོ་སྦྱིན་པར་བྱའོ། །འདིར་ནི་གཤེགས་སུ་གསོལ་བའི་ཚེ་གའི་རིམ་པའོ། །སེམས་ཅན་དོན་ཕྱིར་རབ་ཏུ་སྤྲོ་བར་མཛད་པའི་མངའ་བདག་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། དཀྱིལ་འཁོར་ཆོ་གའི། ཡན་ལག་སྦྱིན་སྲེག་བྱས ་བའི་དགེ་བར་གྱུར་པ་དཀར་བའི་འོད་ཟེར་དང་ལྡན་པས། །འགྲོ་ཀུན་མ་རིག་མུན་པའི་སྒྲིབ་བ་ཟད་ནས་བླ་མེད་མཆོག་གི་ལམ་ལ་མྱུར་བར་འགྲོང་བར་ཤོག།། །།དཔལ་དུས་ཀྱི་འཁོར་ལོའི་ལུས་བས་ཀྱི་སྦྱིན་སྲེག་སློབ་དོན་དུས་འཁྲོ་ཞབས་ཀྱིས ་མཛད་པ་རྫོགས་སོ།། །པཎྜི་ཧ་ཝཱ་གཱི་ཤྭ་ར་དང་ཆོས་རབ་ཀྱིས་བསྒྱུར་བའོ། །།མཚན་ཡང་དག་པར་བརྗོད་པ་བདུད་རྩིའི་ཐིགས་པ་བཞུག། ། །རྒྱ་ཀར་སྐད་དུ། ཨ་མྲི་ཏ་ཀ་ནཱི་ཀཱ་ནཱ་མ་རྱ་ནཱ་མ་སམ་གི་ཏི་ཊི་ཕྱ་ཎཱ། བོད་སྐད་དུ། འཕགས་པ་མཚན་ཡང ་