| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ་ཤྲཱི་ཀཱ་ལ་ཙ་ཀྲ་ག་ཎ་ཙཀྲ་པཱ་འི་ཤཱ་བི་དྷི། པོར་སྐད་དུ་དཔལ་དུས་ཀྱི་འཁོར་ལོའི་ཚོགས་འཁྲོ་གྱི་ཆོ་ག་ཞེས་ཕྱ་དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །དེ་ཡང་ཚོགས་ཀྱི་འཁོར་ལོ་ནི། །རིགས་སུམ་ཅུ་སོ་དྲུག་གི་དཔའ་བོ་དང་དཔའ་མོའི་དབང་ཕྱུག ་རྣམས་གྱི་རིགས་ཀྱི་དཀྱིལ་འཁོར་དུ་བྱ་སྟེ། དེ་ཡང་དང་པོར་གདན་བཤམ་པ་ནི། །དབུས་སུ་བ་ལང་དང་ཕག་གི་པགས་པའི་སྟན་ལ། ཤེས་རབ་དང་བཅས་པའི་གཙོ་བོ་སྟེ། སློབ་དཔོན་བསྔད་ཅིང་མིའི་པགས་པའི་སྟེང་དུ་སྣོད་དོ། །དེའི་གཡས་ཕྱོགས་སུ་མིའི་པགས་པའི་སྟེང་དུ་གཡུང ་མོའོ། །ཕྱོགས་རྣམས་ལ་ཁྱི་དང་རྟ་དང་བ་ལང་དང། བླང་པོའི་པགས་པའི་སྟན་རྣམས་ལ་དམངས་རིགས་མ་དང་རྒྱལ་རིགས་མ་དང། བྲམ་ཟེམ་དང། རྗེ་རིགས་མ་རྣམས་དང། མཚམས་རྣམས་ཀྱི་བྱང་ཤར་ནས་དྲི་ཆུ་དབེ་དྲི་ཆེན་དང་ཕྲག་དང་རྐང་རྣམས་ཀྱི་སྣོད་རྣམས་སོ། །དེ ་ནས་ཐུགས་ཀྱི་དཀྱིལ་འཁོར་གྱི་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ། ལུག་དང་ནགས་ཀྱི་ཁྱི་དང་རྔ་མོ་དང་འདམ་སེང་གི་བགས་པ་རྣམས་ལ་ཁང་མགར་མ་དང། ཨུ་པའི་སྟེང་དུ་གར་བྱེད་མ་དད། ནོར་བུ་བྱེད་མང་དང། ཁྲོན་པ་བྱེད་མི་རྣམས་སོ། །མཚམས་རྣམས་ལར་དང་རི ་དགས་དང་བོང་བུ་དང་ཕག་པའི་པགས་པའི་སྟན་རྣམས་ལ་ཐ་ག་མ་དང་ཚང་འཚོང་མ་དང་གསེར་མགར་མ་དང་ཕྲེང་བ་མ་རྣམས་སོ། །དེ་ནས་གསུམ་པ་གསུང་གི་འཁོར་ལོའི་གནས་ལ་ཕྱོགས་དང་ཕྱོགས་མཚམས་ལ་ཆུ་སྲིན་དང་ཀུམ་བཏི་ར་དང། འགྲོན་བུའི་ཕུང་པོ་དང། ཉ་སྐམ་དང། ་ཆུ་སྲིན་དང། སྦལ་པ་དང། རུས་སྦལ་ཁོག་པ་དང། དུང་གི་གདན་རྣམས་ལ། བཤན་པ་མ་དང་བུམ་པ་བྱེད་མ་དང། ཁུར་བུ་བྱེད་མ་དང། སྨད་འཚོང་མ་དང། །ཁྱོགས་མཁན་མ་དང། ཉ་བ་མ་དང། གར་པ་མ་དང། ཁྲུས་མཁན་མ་རྣམས་སོ། །དེ་ནས་བཞི་པའི་ཡོངས་སུ་བསྐོར་བའི་ཕྱོགས ་རྣམས་སུ་བསེ་དང་སྟག་དང་དྲེད་དང་སྲེ་མོ་རྣམས་ཀྱི་པགས་པ་ལ། །ལྕགས་མགར་མ་དང། རྒྱ་སྐྱེགས་མཁན་མ་དང། སིན་བལ་མཁན་མ་དང། མར་ཁུ་མཁན་མ་རྣམས་སོ། །མཚམས་རྣམས་མེའི་མཚམས་ནས་འབྲི་དང་ལྕེ་སྤྱང་དང་སྲམ་དང་བྱི་ལའི་བགས་པ་རྣམས་ལ། སྨ་མཁན ་མ་རང། ཤིང་མཁན་མ་དང། ཀོ་ལྤགས་མཁན་མ་དང། འབྲེག་མཁན་མ་རྣམས་སོ། །ཡོངས་སུ་བསྐོར་བ་ལྔ་པ་ལ། གོ་ཏ་བེ་དང་བྱི་བ་དང་ས་ལི་ཛ་ཏ་ཀ་དང། སྤྲེའུ་རྣམས་ལ། ཀླ་ཀློ་མ་དང་མི་གཙང་ཕྱག་མ་དང་དུར་ཁྲོད་གནས་མ་དང། ཚོན་རྩི་མ་རྣམས་སོ། །མཚམས་ཀྱི་མེ་མཚམས ་ནས་རི་བོང་དང་གཟུགས་མོ་དང། །ི་ཤུ་ཀ་པ་ཤུ་དང། སྤལ་པ་རྣམས་ལ་ཀོ་སྐྱ་མ་དང། མཐུ་མ་དང། མི་རྒོད་མ་དང་རི་ཁྲོད་མ་སོ། །པགས་པ་འདི་རྣམས་མེད་ན། ཤར་དང་མེར་བྱིའི་པགས་པའོ། །ལྟོ་དང་བདེན་བྲལ་དུ་རྟའི་པགས་པའོ། །ཟླུབ་དང་རླུང་དུ ་གླང་པོ་ཆེའི་པགས་པའོ། །བྱང་དང་དབང་ལྡན་དུ་བ་ལང་གི་པགས་པའོ། །དབུས་སུ་མིའི་པགས་པའོ། །རྣལ་འབྱོར་མ་འདི་རྣམས་མ་ལུས་པ་གོས་དང་བྲལ་བ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ལྡན་པ་དེ་རྣམས་ཀྱི་གཡས་རྣམས་སུ་དཔའ་བོ་ཡང་རྣམས་དང་མཉམ་པར་ཕྱག་རྒྱ་དང ་ལྡན་ལས། དེ་རྣམས་ལ་པགས་པའི་གདན་སྦྱིན་པར་བྱའོ། །དེ་ནས་བཏུང་པའི་སྣོད་ནི་ཤར་དང་མེར་ཉ་ཕྱིས་སོ། །ལྷོ་དང་ལྷོ་ནུབ་ཏུ་ན་རི་ཀི་ལའི་སྣོད་ངོ། །ནུབ་དང་རླུང་དུ་ཁམ་ཕོར་རོ། །བྱང་ངད་དབང་ལྡན་དུ་མིའི་ཐོད་པའོ། །དབུས་སུ་ཤིང་གི་ཕོར་པ་རྣམས་སོ། །དེ་ནས་དམ་ཚིག། ་གི་རྫས་རྣམས་ནི། །ལྷ་མོ་རྣམས་ཀྱི་རང་བཞིན་ཏེ། གདན་གྱི་སྲོག་ཆགས་སུམ་ཅུ་སོ་དྲུག་གི་སྟོབས་རྣམས་དང། ཆུ་ལ་སྤྱོད་པའི་དམ་ཚིག་གོ་།ཡ་ཙ་ཏ་ག་དང། ནེ་ཙོ་དང། ཁུ་བྱུག་དང། ས་རི་ཀ་དང། བྱ་ཝང་དང། ཕུག་རོན་དང། སོ་བྱ་དང། མཆིལ་པ་དང ་དུར་པ་དང། དད་པ་དང། ཁུ་བྱུག་དང། མིག་དང། ར་མ་ཛ་ཀ་དང། བ་ག་བི་ཏ་དང། པོ་ཏ་ཀི་དང། སྲོག་པ་དང། གཞད་དང། ཆུ་བྱ་དང་ཆུ་སྐྱར་དང། ཁྭ་དང། བྱ་རྒོད་དང། འུག་པ་དང། ཧོར་པ་དང། རྨ་བྱ་དང། ཁྱིམ་བྱ་དང། ཁྲ་དང། འོལ་པ་དང། བྱན་ལག་དང། ་ཤིང་གི་དགྲ་དང། མིག་སྔོན་དང། ཙ་ཀོ་ར་དང། གོ་བོ་དང། པགས་པའི་བྱ་ཆེན་པོ་དང། དཱ་ཏུ་ཧ་དང། པ་དོར་དང། ས་ཉི་དང། ཁྲུང་ཁྲུང་དང། ཨ་པ་རི་ཀ་རྣམས་ཀྱི་སྟོབས་ཏེ། འདི་རྣམས་ནི་མཁའ་ལ་སྤྱོད་པའི་དམ་ཚིག་གི་རྫ་ས་སུམ་ཅུ་སོ་དྲུག་གོ་།དེ་ནས་ཡང་སོ་དང ་སྒྲ་དང་བགས་པ་དང་ཤ་དང་ཆུ་བ་དང། དུས་པ་དང་གྲོད་པ་དང་བག་དང་ཤིག་དང་བ་སྤུ་དང་སྲིད་བུ་དང་གློ་བ་དང་རྒྱུ་མ་དང་མཚན་མ་དང། བད་ཀན་དང་མཁྲིས་པ་དང། ཆུ་སེར་དེང། ཁྲག་དང། རྡུལ་དང་ཚིལ་བུ་དང། མཆི་མ་དང། མཆིལ་མ་དང། སྤངས་དང་ཁྲི་ཆུ ་དང། ཞག་དང། རྣག་རྣམས་ཏེ། ཁ་དོག་སྣ་ཚོགས་དང་དྲི་སྣ་ཚོགས་དང། ཕྱི་ས་དང། ལྕེ་དང། མིག་དང། རྣ་བ་དང། སྣ་དང། ཁུ་བ་དང། རྡུལ་རྣམས་ཏེ་འདི་རྣམས་ནི་སེམས་ཅན་རྣམས་ཀྱི་ལུས་ཀྱི་དམ་ཚིག་གོ་།ཁུ་བ་དང། དྲི་ཆུ་དང། བཤད་པ་དང། རྐང་མར་དང། ཤ་དང་མཆེ་ར་པ་དང། ་མཁྲིས་པ་དང། ཁྲག་དང་རྒྱུ་མ་དང་བ་གསི་པ་རྣམས་དང། ཆུ་དང་ཡོན་ཆབ་དང་བདུག་སྤོས་དང། མེ་ཏོག་དང་འབྲས་བུ་དང། འབྲུམ་ཉམས་པ་དང་མར་མེ་དང། ལྷ་བཤོས་རྣམས་ནི་སྣོད་དུ་གཞག་སྟེ། ཕྱོགས་མཚམས་བརྒྱད་དུ་བཞག་གོ་།དེ་ནས་སློབ་དཔོན་གྱིས་བསྲུང། ། ་བའི་འཁོར་ལོ་བསྒོམ་པ་སྔོན་དུ་སོང་པས་སྟོང་པ་ཉིད་ཀྱི་རྗེས་སུ་བདག་ཉིད་ཀྱི་ས་བོན་གྱི་འོད་ཟེར་ལས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པ་སྔོན་དུ་སོང་བས། ཐུགས་ལ་སོགས་པའི་དཀྱིལ་འཁོར་ལ་བཞུགས་པར་བྱའོ། །དེ་རྣམས་ཀྱང་ལྟའི་གཟུགས་སུ་བསྒོམས་ལཊ ་དེ་ནས་སློབ་དཔོན་གྱིས་སྔོན་དུ་སོང་བའི་དམ་ཚིག་གི་རྫས་དང། སྟོབས་དང་མྱོས་བྱེད་དང། ཟན་ལ་སོགས་པ་སྔོན་དུ་བཞག་ལ་གཏོར་མ་སྦྱང་བར་བྱའོ། །སྦྱར་ལུགས་ནི། ཨོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱ་ནི་བོ་ཤོ་དྷ་ཡ་ཧཱུཾ་ཕཊ་ཅེས་པས་བདུད་རྩི་ལྔ་མྱོས་བྱེད་ཀྱིས་བཞུ་བར་བྱ་སྟེ་བསད ་གཏོང་བྱའོ། །དེ་ནས་སྤིན་ལག་གིས་བླངས་ནས། གྲུབ་གསུམ་བྱས་པའི་དབུས་སུ་མཎྜལ་ཟླུམ་པོ་བྱས་པ་དང། དེ་ལས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ངོ། །དེ་ནས་སྲིན་ལག་གིས་བླངས་ནས། སྔོན་དུ་སོད་པའི་སྔགས་ཀྱིས་ཡང་དག་པའི་མཉེས་པར་བྱའོ། །ནས་སྡིག་པ་བཤགས ་པ་ལ་སོགས་ཏེ། འདོད་པའི་དོན་ལ་གསོལ་བ་གདབ་པ་བྱས་ནས་གཤེགས་སུ་གསོལ་བར་བྱའི། དེ་ནས་ཞིང་སྐྱོང་རྣམས་ལ་སྔོན་དུ་སོད་པའི་སྔགས་ཀྱིས་གཏོར་མ་སྦྱིན་ལ། དེ་ནས་ཨོཾ་ཧ་རི་ཏི་པིཎྜ་ཀྲཾ་པྲ་ཏཱི་ཙྪ་སྭཱའ། ཨོཾ་དཱུ་ཏི་ཀྱ་གྲཱ་སཾ་བྲ་ཏཱིཙྪ་སྭཱཧཱ། ཞེས་པས་འཕྲོག་མ་དང། ཕོ་ཉ ་དག་ལ་ཆང་ཟན་དང་ཕུད་ཡི་གེ་གསུམ་མངོན་པར་བཟླས་ཏེ། ས་ལ་བཞག་ནས་ཟབ་ཟོས་པ་དང་སྦྱིན་ནོ། །དེ་ནས་ཡོན་བདག་གིས་མཎྜལ་བྱས་ཏེ་ཅི་བདེ་བར་གསོལ་པར་ཞུ་ཞེས་སོ། །དེ་ནས་ལས་གྱི་རྡོ་རྗེ་བླ་མ་ལ་གུས་པས། བྲག་མོད་པ་དང་དམ་ཚིག་གི་རྫས་སྟི་རྣམས་སུས་པ། ་དང་བཅས་པས་དབུལ་བར་བྱའོ། །མྱོས་བྱེད་ཀྱི་སྣོད་པདྨའི་ཕྱག་གིས་དྲང་བར་བྱ་ཞིང། ལེན་པས་ཀྱང་པདྨའི་ལག་བསྐོར་གྱིས་སོ། །སློབ་དཔོན་ལ་ཐམས་ཅད་ཉིས་འགྱུར་དུ་དྲང་བར་བྱའོ། །དེ་རྣཾས་ཀྱི་མྱོས་བྱེད་ཀྱི་ཕུང་དང་པོར་སློབ་དཔོན་ལ་ཕུལ་ཏེ་ཕྱག ་བྱས་ལ་བཏུང་བ་བྱའོ། །གནང་བ་མ་བྱིན་བར་དུ་མྱོས་བྱེད་ས་ལ་མི་བཞག་ཅིང། ས་ལ་བཞག་ན་གཅིག་ལ་གཅིག་པདྨའི་ལག་པས་བླང་བར་བྱའོ། །དེ་ལྟར་སྟོབས་དང་མྱོས་བྱེད་ལ་སོགས་པ་དང་ལྡན་པ་དང། བཏུང་བ་དང་བཟའ་བ་དང་བཅའ་བ་རྣམས་འདྲེན་པའི་དུས་དེ་དག་གི ་བརྗོད་ལ་ཆོས་རྣམས་རང་བཞིན་རྣམ་པར་དག་།དེ་ལ་ཐེ་ཚོམ་མ་བྱེད་པད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་བཟའ་བར་གྱིས། །བདེ་གཤེགས་ཆོས་རྣམས་ཟག་པ་མེད།། །།ནམ་མཁའ་དང་མཚུངས་དྲི་མ་མེད། །གཟུང ་དང་འཛིན་པ་རྣམས་དང་བྲལ། །འདི་ལ་འཁྲུལ་པ་མེད་པར་གྱིས། །ཞེས་སོ། །གཞན་ཡང་འཁོར་ལོའི་གཙོ་བོས་མ་གནང་བར། །ཚོགས་ཀྱི་འཁོར་ལོ་བྱ་བ་མིན། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །བྱ་བ་ཐམས་ཅད་དལ་གྱིས་བྱ། གཞན་དུ་ན་རྣམ་པར་གཡེང་བར་འགྱུར་རོ། ། ་འགྲོ་བར་འདོད་ན་འཁོར་ལོའི་གཙོ་བོ་ལ་སོགས་པ་ལ་ཕྱག་བྱས་ནས་གནང་བ་ཞུ་བའོ། །འཇུག་པའི་དུས་སུ་ཕྱག་བྱས་ལའོ། །དེ་ལྟར་མཉམ་པར་བཞག་པས་ལོངས་སྤྱོད་དོ། །སྟོབས་དང་མྱོས་བྱེད་ལ་སོགས་པས་ཤེས་པ་བཏེག་ན། བླ་མེ་ལས་རྗེས་གནང་ཐོབ་པ ་དང་ཡིད་དུ་འོང་བའི་རྡོ་རྗེའི་གླུ་ཅུང་ཟད་སྨད་ལ་བླང་བ་ནི། །ལྷ་དེ་དང་དེའི་ཕྱག་རྒྱ་དང་གར་དང་བཅས་པས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པས་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་ནས་དང། སོ་སོའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམས་དང། ། ་ཟུར་གྱི་མིག་གིས་སྡུག་པའི་ལྟ་བས་བལྟ་བར་ཞིང། མཐོ་ལ་མཁྲིགས་པའི་ནུ་མ་དང་པདྨ་ལག་པའི་པདྨས་རེ་གཅིང། མཆུ་བཞི་བཅིང་འཁྱུད་པ་ཝ་སོགས་པའི་ཀར་ནའི་བྱེ་བྲག་བྱའོ། །འདིར་རྣལ་འབྱོར་མ་རྣམས་ཀྱིས་ཐ་སྙད་ཀྱི་ངོ་ཚ་དང་རིགས་དང་རིགས། ་ཆིན་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་ཏེ། སོ་སོའི་གནས་ན་གནས་པའི་སྲིང་མོ་ལ་སོགས་པ་སྣ་དང་རྣ་བ་དང། མཆུ་ལ་སོགས་པ་ཆད་པ་དང་གཟུགས་ངན་པ་ལ་སོགས་པ་རྣམས་དེ་རུ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱའོ། །རྣལ་འབྱོར་མ་རྣམས ་གྱིས?་བྱུང་ངོ། །དེ་ཡང་ལང་ཚོ་མ་གང་ཞིག་ཨུཏཔ་ལའི་སྤྱན་དང་ལྡན་པས་སློབ་དཔོན་དང་དཔའ་བོ་རྣམས་དང་བཅས་པའི་རྡོ་རྗེ་ལ་མཆོད་པ་བྱེད་ན། དེའི་བསོད་ནམས་ཀྱི་ས་གཞི་དང་གླང་པོ་ཆེ་དང་རྟ་དང་བུ་མོ་ལ་སོགས་པ་དཔག་ཏུ་མེད་བ་ཕུལ་བས་ཀྱང་མཆོག་ཏུ ་འགྱུར་རོ། །འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱག་དང་མཚན་མ་དང་རིགས་ཀྱི་དབྱེ་བ་ལ་སོགས་པ་གཞུང་ཆེས་གྱི་དོགས་ནས་མ་བྲིས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་ལ་ལོངས་སྤྱད་ལ་འདི་ལྟར་ཐམས་ཅད་བྱ་སྟེ། རྫོགས་པ་དང། །ཟོས་པ་དང་འཐུངས་པའི ་ལྷག?་མ་སློབ་དཔོན་གྱིས་སྡུད་དུ་བཅུག་ལ། མདུན་དུ་བཞག་ལ་སླར་ཡང་མྱོས་བྱེད་ལ་སོགས་པ་བླུགས་ཏེ། སྔགས་གསུམ་གྱིས་མངོན་པར་བྱིན་གྱིས་བརླབས་པའི་ཆང་གིས་ཁ་ཕྲུ་བཏབ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨའུཙྪི་ཥྚ་བྷ་ཀྵ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ལྷག་མའི་གཏོར ་མ་ལ་སྟེ། མར་མེ་དང་བཅས་པས་ཕྱི་རོལ་ཏུ་གཏོང་དུ་གཞུག་གོ། དེ་ནས་གོས་ཟུང་དང་ལག་གདུབ་དང་རྣ་རྒྱན་ལ་སོགས་པ་དང་དྲི་ཞིམ་པོ་དང་བཅས་པའི་སོ་རྩི་ལ་སོགས་པ་གཙོ་བོ་དང་དཔའ་བོ་དང་དཔའ་མོ་རྣལ་ལ་དབུལ་ལོ། །དེ་ནས་མཎྜལ་བྱས་ཏེ་བརྗོད་པ། བསོད་ནམས་འདི ་ཡིས་སེམས་ཅན་གྲངས་མེད་ཁམས་གསུམ་ལ་གནས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤོག་།ཅེས་པས་ཡོན་གྱི་བདག་པོ་ལ་སྨོན་ལམ་གདབ་པར་བྱའོ། །དེ་ནས་ལྷག་མ་ལུས་པ་དོང་དུ་སྤ་བར་བྱའོ། །དེ་ཆོ་གས་ཀྱི་འཁོར་ལོས་བདག་རྒྱལ་པོ་འམ་གཞན ་གྱིས་བྱ་བའོ། །དེ་ལས་གཞན་པ་ནི་ཚོགས་པའི་བྱེ་བྲག་ཇི་ལྟར་རྙེད་པའི་ཐ་མལ་པའི་བུད་མེད་དམ་སྐྱེས་པ་རྣམས་ལས། ལྔ་འམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གམ་རྩ་དགུ་འམ་ཡོངས་སུ་རྫོགས་པ་ལ་སྙན་གསན་ཕབ་སྟེ། ཇི་ལྟར་རྙེད་པའི་གདན་ལ་སོགས་པ་ལ ་དེ་ལྟར་ཐམས་ཅད་བྱའོ། །དེ་ནས་དཔའ་བོའི་སྟོན་མོ་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན། དབུས་སུ་བ་ལང་གི་ལྕིབས་གྲུ་བཞི་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་སོགས་པ་སློབ་དཔོན་གྱི་སྔ་མ་ལྟར་བྱས་ལ། དེ་ཡང་ཚོགས་ཀྱི་ཙོ་བོ ་ཤང་དུ་ཁ་ཕྱོགས་བའོ། །དེའི་གཡོན་དུ་ཕྱག་རྒྱ་གཅིག་ཡོན་བདག་གི་དབུལ་བར་བྱའོ། །གཞན་དུ་ཕྱག་རྒྱ་དང་བྲལ་བའི་བཏུང་བ་བཀག་པའི་ཕྱིར་རོ། །དེའི་གཡས་ཕྱོགས་སུ་སློབ་དཔོན་དགེ་སློང་རྣམས་ཀྱི་གྲལ་ཤར་དུ་ཁ་ཕྱོགས་པས་སོ། །བདེན་བྲལ་དུ་སློབ་དཔོན་དགེ ་ཚུལ་རྣམས་བྱང་དུ་ཁ་ཕྱོགས་པས་སོ། །དབང་ལྡན་ནས་སློབ་དཔོན་ཁྱིམ་པ་རྣམས་ལྷོར་ཁ་ཕྱོགས་པས་སོ། །དེ་ལྟར་དགེ་སློང་མ་དང་དགེ་ཚུལ་མ་དང་དགེ་བསྙེན་མ་རྣམས་ཀྱིའོ། །ཚོགས་ཀྱི་སྒ་མོའི་གཡོན་དུ་དཔའ་བོ་གཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན ་དུ་ཐབས་དང་བྲལ་བའི་སྟོབས་ཀྱི་བཟའ་བ་བཀག་པའི་ཕྱིར་རོ། །ལྷག་མ་སྔ་མ་དང་མཚུངས་སོ། །འདི་ནི་དཔའ་བོའི་སྟོན་?་དང་བཅས་པའི་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པའོ།། །།ཚོགས་ཀྱི་འཁོར་ལོའི་མཆོད་པ། སློབ་དཔོན་དུས་འཁོར ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཝ་གཱི་ཤྲ་ར་དང་ཆོས་རབ་ཀྱིས་བསྒྱུར་བའོ།། །།དཔལ་དུས་ཀྱ་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ། ། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙ་ཀ་ཧོ་མ་པ་པཱ་ཡི་ཀ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི ་