| Wylie | e-texts based on the ACIP/ALL Input |
བྱ་བ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། བཛྲ་བཱ་ད་གརྦྷ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། རྡོ་རྗེའི་ཚིག་གི་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཇི་ལྟ་བུ། །དེ་ལྟར་སློབ་དཔོན་གཟུགས་ཉིད་དེ། །སེམས་ཅན་རྗེས་སུ ་གཟུང་བའི་ཕྱིར། །ཕལ་བའི་གཟུགས་ཀྱིས་གནས་པ་ཡི། །ཡང་དག་ཡེ་ཤེས་སྣང་བ་པོ། །གྲུབ་པས་བླ་མ་མངོན་ཕྱག་འཚལ།། །།ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །རྫོགས་པ་ཡི་ཡང་རིམ་པ་ཉིད། །ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི ་བསྒོམ་པར་བྱ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །དངོས་པོ་མེད་པ་ཡོངས་ཤེས་པས། རྟོག་པ་ཐམས་ཅད་ཡང་དག་སྤངས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ཆོག ་སྤངས་པའོ། །རུ་ནི་ཚོགས་དང་བྲལ་བ་སྟེ། ཀ་ནི་གང་དཱུང་མི་གནས་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། །དྲི་དང་རོ་དང་མྱ་ངན་འདས། ལྷན་ཅིག་སྐྱེ་དགའ་བྱེད་པ་ཅན། ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །དེ ་ཉིད་དཀྱིལ་འཁོར་བདག་པོ་ང། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །བདག་མེད་རྣལ་འབྱོར་ལྡན་པའང། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང། །དངོས་གྲུབ་འདོད་པས་མི་གནས་སོ། །བརྩེ་བས་དངོས ་གྲུབ་དོན་དུ་ཡང། །ཟླ་བ་གཅིག་དུ་ཡོངས་སུ་རྟོགས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉི་མ་གཅིག་ཏུ་མ་ཆད་པར། །བསྒོམས་པས་ཡོངས་སུ་བརྟག་པར་གྱིས། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །རྣལ་འབྱོར་མ ་ནི་རྣམ་པར་བསྒོམ། །རང་བཞིན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །རིག་མ་ལྷན་ཅིག་གོམས་བྱས་པས། །འཕྲལ་དུ་མངོན་དུབ་ཡེད་པ་ཉིད། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་རླབས ་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང། །རྡོ་རྗེ་ནམ་མཁའ་ཨི་དཀྱིལ་ལྟ་བུར། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི ་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་པས། །སྒོམ་པ་ཉིད་ནི་བསྒོམ་པ་མིན། །དེར་ནི་ཐོག་མ་དབུས་མཛའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། ། ་བདག་མེད་གཞན་ཡང་མེད་པ་ཉིད། །འདིས་ནི་མཆོག་ཏུ་བདེ་ཆེན་ཉིད། །དང་བོར་གོམས་པར་བྱེད་དུས་གྱི། །གནས་ནི་བཟང་པོ་ངེས་པ་བརྟག་།རང་གི་ཁྱིམ་མ་མ་མཚན་དུས་སུ། །དབུ་མར་རངས་པའི་ལྷ་ལྟས་ཉིད། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉཾ ་རྡལ་ལ་ཕྲལ་སྟོང་པ་ཉིད། །ཐབས་དང་ཤེས་རབ་ཤིན་དུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །དངོས་དང་དངོས་མེད་བདག་ཉིད་མཆོག་།དེ་ཉིད་ཡི་གེ་དམ་པ་ཡིན། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདི་ལ་ཐབས ་ཤེས་རབ་མེད། །ཡང་དག་དེ་ཉིད་སྣང་བ་པོ། །བསྒོམ་པ་རོ་གཅིག་མཉམ་པ་ཉིད། །དང་པོར་སྤྲིན་དང་འདྲ་བ་ཡིན། །དང་པོ་དུ་བ་ལྟ་བུ་སྟེ། །གཉིས་པ་སྨིག་རྒྱུའི་རྣམ་ཉིད་ཆུ། །གསུམ་པ་མེ་ཁྱེར་རྣམ་པའོ། །བཞི་བ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བསྟེ། ་སྨེད?་ནམ་མཁའ་ལྟ་བུ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་མཚོན་པའོ། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། །ཉལ་དང་ལོག་པའི་ཁྱད་པར་ལས། རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག ་རྒྱུད?་རྣལ་འབྱོར་པ་ཡིས་འགྲུབ། །རློམ་སེམས་མེད་པའི་རང་བཞིན་བདག་།ཤིང་གཅིག་དང་ནི་དུར་ཁྲོད་དང། །ཡང་ན་དབེན་པ་འམ་བས་མཛའ་དུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ནམ་མཁའ་ཨི་ཁམས་ནི་པདྨ་ལ། བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །བསྒོམ་པ་ཞེས་བྱ་སྙོམས ་འཇུག་ཉིད། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །རིག་པ་ཇི་བཞིན་རང་རིག་ཉིད། །ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཇི་ལྟར་འབྱུང་བ་ཁུ་བ་ཡིན། །བདེ་བ་གནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བརྒྱུ་དང་མི་རྒྱུ་ཀུན། །བདེ་བ་དངོས ་དང་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཇི་ལྟར་སྒྱུ་མ་རྨི་ལམ་དང། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ལས། དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །བཙུན་མོ་བྷ་གའི་བདེ་ཅན་དུ། །ཁུ་བཞེས་བྱའི་རྣམ་པར་གནས། །དེ་ཉིད་ཡེ ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས་སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །བཟའ་དང་བཏུང་པ་དང་བླུགས་པ་དང། །ཉལ་དང ་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་མངོན་དུ་འགྲོ་བར་འགྱུར། །བརྟན་དང་གཡོ་བའི་དངོས་པོ་གང། རྩ་ལྕག་འཁྲིལ་ཤིང་ལ་སོགས་བ། །བདག་གི་དངོས་པོའི་རང་བཞིན་ལས་དམ་པའི་དེ་ཉིད་ངེས་བསྒོམ་བྱ། དེ ་རྣམས་དམ་པ་གཅིག་ཡོད་མིན། རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རང་རིག་ཕྱིར་ན་བསྒོམ་པ་ཉིད། །གང་ཕྱིར་འབྱུང་བ་ཚེ་བདེ་བ། །དེ་ཕྱིར་བདེ་པ་དེ་ཉིད་མིན། ལྷན་ཅིག་སྐྱེས་པར་གང་སྐྱེས་པ། །རང་བཞིན་ལྷན་ཅིག་སྐྱེས་ཞེས ་བརྗོད། །ཕྱག་རྒྱའི་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྗོབ་དོན་དམ་ཚུལ་ཅན་ནོ། །ཀུན་རྫོབ་ཀུན་དེ་ལྟ་བུ་ཉིད། །དོན་དམ་བདེ་བའི ་གཟུགས་ཅན་མ། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །གཅིག་དང་དུ་མ་བྲལ་བ་དེ། །སྐད་ཅིག་གཅིག་ལ་མཆོག་དགའ་བ། །རང་གིས་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པའི་ཕྱིར ་ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །རང་བཞིན་གདོད་ནས་མ་སྐྱེས་པའི། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །མཆོག་དགར་སྒོཾ་བ་མེད་ཅིང་སྒོཾ་པ་པོ་འད་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ཅིང་འཛིན ་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤད་བ་དང་གཅི་བའང་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་དང་སྦྱིན་བསྲེག་མེད། །དཀྱིལ་འཁོར ་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག་།དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཉིད། །མདོར་བསྡུས་པས་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཡིད་ནི་བརྟན་ནམ་གཡོ་འམ་ཅི། །རང་གི་སེམས་ལ་སོ་སོར ་??་སྦྲོན?་ཉིད་ནི་སྤྲོས་མེད་བྱེད། །རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །གསུམ་ལ་ལྷན་ཅིག་སྐྱེས་པ་མེད། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །དེས་ན་བཞི་པ་བསྒོམ་པར་བྱ། །ཆོས་འགྱུར་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། ། ་ཐབས?་བཤེས་རང་རང་བཞིན་ལས། །སྒྱུ་མ་གཟུགས་ཀྱིས་ཡང་དག་གནས། །ཡང་ན་དེ་ཉིད་ཐམས་ཅད་བདག། ཡང་ན་ཀུན་གྱིས་རྣམ་པར་སྤངས། །རོ་མཉམ་དེ་ཉིད་བསྒོམ་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །བསྒོམ་པ་རོ་གཅིག་མཉམ ་བ་ཉིད། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་འགྱུར། །འཇིག་རྟེན་ཁམས་ནི་གང་དུ་ཡང། །སངས་རྒྱས ་གཞན་དུ་མི་རྙེད་དེ། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །དངོས་དེ་དངོས་པོ་དེ་མ་ཡིན། །དངོས་པོ ་རྟོགས་ཕྱིར་སངས་རྒྱས་དང། འཇིག་རྟན་འདས་བ་ང། ལྷན་ཅིག་སྐྱེས་དགའ་ཨི་རང་བཞིན་པ། །གང་ཞིག་ལེ་ལོས་བསྣུན་པ་དང། །རྨོབས་པ་གང་གིས་ད་མི་ཤེས། །མུན་པ་ལ་ནི་མར་མེ་ལྟར། །ལྷ་ཡིན་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒཡས་དངོས་པོ་མིན། །དེ ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་གཟུགས་མེད་པ། །ཆགས་དང་འཇིག་པ་དག་གིས་ཀྱང། །ཐབས་དང་ཤེས་རབ་གནོན་མི་འགྱུར། །དེས་ན་རབ་འཇིག་ཡོད་མ་ཡིན། །དེ་ཉིད་ལན་ཆགས་པ་མེད། །ལུས་ཀྱི་དངོས ་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་ཀུན་ཁྱབ་པ་ཉིད། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་ལས། །བདག་གི་བསོད་ནམས་ལས་ཤེས་བྱ། །ཆུ་བོའི་རྒྱུན་ནི་རབ ་འབབ་རང། །མར་མེ་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་བར་བཞག། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང། །སྤྱན་ལ་སོགས་པ་ཡབ་བསྲེགས་པས། །བསྲེཊ ་པས་རི་པོང?་ཅན་ཧཾ་འཛག། ལོངས་སྤྱོད་ཀྱིས་ནི་བླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་བ་ཡིས་བཅིང། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལས་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟ་བའམ། ། ་ལྟ?་བ་པའི་རྨི་ལམ་ཇི་ལྟ་བའོ། །བྷོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེའི་སྐྱེས་ཆེད་ཐམས་ཅད་ཉིད། །འདི་ནི་གསང་བའི་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང། །དེ་ཡི་ཕྱག་རྒྱ་བདེ་བ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། ། ་ཐམས་ཅད་ལུས་ལ་རྣམ་པར་གནས། །མཆོག་གི་མཛའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ། རྡོ་རྗེ་མི་ཕྱེད་ཞེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཇི་ལྟར་བ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟའ་། །བདེ་བ་གང་གིས ་འཆིང་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཡང་དག་གྱུར་བས་སོ་སོར་རྟོག་།དེ་ཉིད་བྱ་བ་ནན་ཏན་ཏེ། ། ་ཆོས་དབྱིངས་ཤིན་དུ་རྣམ་དག་མ། །མཉམ་པར་གཞག་པས་དངོས་གྲུབ་ཐོབ། །ཅེས་པ་རྡོ་རྗེའི་ཚིག་སྔ་མ་དང་ཕྱི་མ་བསྡེ་བ་པ་ནི། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་བཞེད་པའོ། །རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའོ། །རྫོགས་སོ། ། ་