| Wylie | e-texts based on the ACIP/ALL Input |
མཚན་གྱིས་བསྒྱུར་རོ།། (།།དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། ཀཱ་ལ་ཙཀྲཱ་བ་ཏཱ་ར་ནཱ་མ། བོད་སྐད་དུ། དུས་ཀྱི་འཁོར་ལོ་ལ་འཇུག་པ ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་སྙིང་རྗེ་གཉིས་མེད་བདེ་བ་མཛའ་མེད་པ། །སྣ་ཚོགས་རྣམ་པ་འཛིན་ལ་རྟག་པ་མེད་པའི་གཟུགས། །གཟུགས་མེད་གཟུགས་ལ་སོགས ་པའི་རང་བཞིན་ཅན་གྱི་སྐུ། །རྒྱལ་བ་སྐྱེ་བོ་ཀུན་གྱི་གཉུག་མ་ལ་ཕྱག་འཚལ། །གང་ཞིག་ནམ་མཁའ་ཨི་དཔལ་རྣམས་མ་ལུས་སྟེར་བྱེད་ཅིང། །འབྱོར་པ་དང་ནི་རྒུད་པ་ཡང་ནི་སྟོན་མཛད་པ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནང ་ལྟར་གསལ་བྱེད་པའི། །གཟའ་སྐར་དེ་དག་ཐོག་མར་མུན་ལས་རྒྱལ་གྱུར་ཅིག་།འདིར་གང་གི་ཕྱིར་སེར་སྣས་ཉེ་བར་ཉམས་པའི་མུ་སྟེགས་པ་རྣམས་ཀྱི་རྩིས་ཀྱི་གྲུབ་པའི་མཛའ་སྦས་ཏེ་བྱེད་པ་ཉུང་ངུའི་སྤྲོས་པ་མང་པོ་བྱས་ཀྱང ་མི་ཤེས་པའི་ཕྱིར་ད་ནི་བསྟན་པར་བྱ་སྟེ། དང་པོ་གསུམ་དང་དྲུག་ཅུ་ལྷག་པའི་བཞི་བརྒྱ་བྲི་བར་བྱའོ། །དཀར་པོའི་ཚེས་གཅིག་ལ་སོགས་པའི་ནག་པའི་ཟླ་བ་ལ་སོགས་པ་ལོར་གང་གི་ཚེ་གྱུར་པ་དེའི་ཚེ་དེ་རྣམས་དེ་ལ་བསྲེ་བར་བྱའོ། །དེ་ལ ་གཉིས་དང་བརྒྱད་ཅུ་དང་བརྒྱ་ཕྲི་བ་ནི་དག་པའི་ལོའི་བརྟན་པར་འགྱུར་རོ། །དེ་ལ་ཉི་མས་བསྒྱུར་བས་ཟླ་བའི་ཚོགས་སོ། །དཀར་པོའི་ཚེས་གཅིག་ལ་སོགས་པ་ནས་གནམ་སྟོང་གི་མཐར་ཐུག་པ་ནག་པ་ལ་སོགས་པའི་ཟླ་བར་གྱུར་པ་དེ་ལ ་བསྲེས་ཏེ། གནས་གཉིས་སུ་བཞག་ལ་འོག་ན་གནས་པ་བཞིར་བསྒྱུར་ནས་ནམ་མཁའ་མེ་དང་ཟླ་བས་བགོ་ཞིང་བགོས་པའི་ལྷག་མ་ཕྱིའོ། །ཐོབ་པ་རྣམས་སྟེང་དུ་བཅུག་པར་གྱུར་པས་སྟེང་མ་དག་པའི་ཟླ་བའི་ཕུང་པོར་འགྱུར་རོ། །གང་གིས ་དབྱར་ཟླ་འབྲིང་པོ་གཉིས་བྱུང་བ་དེའི་ཚེ་ཟླ་བ་བཅུ་གསུམ་གྱིས་ལོར་བྱའོ། །ཟླ་བ་གཉིས་པོ་གཅིག་ཏུ་བགྲང་ཞིང་ནག་པའི་ཟླ་བར་ཡང་གཞུག་པར་མི་བྱའོ། །དེ་ནས་དག་པའི་ཟླ་བའི་ཕུང་པོ་དེ་གནས་གསུམ་དུ་བྱས་ཏེ། དབུས་མའི ་ཕུང་པོ་ལག་དང་རྩེ་མོ་ཅན་གྱིས་བསྒྱུར་བ་ལ་འོག་ན་གནས་པ་དྲུག་གིས་ཐོབ་པས་སྦྱང་བར་བྱའོ། །གལ་ཏེ་བགོས་པའི་ལྷག་མ་ཡོང་ན་དེའི་ཚེ་ཡང་དྲུག་གིས་ཐོབ་པའི་ཆས་སྦྱང་བར་བྱའོ། །འདིར་འོག་ན་གནས་པ་ལ་སུམ་ཅུས ་བསྲེ་ཞིང་དྲུག་ཅུས་བགོས་པས་ཐོབ་པ་སྟེང་མར་གཉིས་བསྲེས་པར་གཞུག་གོ་།བགོས་པའི་ལྷག་མ་དབྱུ་གུའི་ཕུང་པོར་འགྱུར་རོ། །སྟེང་མར་བདུན་གྱིས་བགོས་པའི་ལྷག་མ་གཟའི་ཕུང་པོར་འགྱུར་རོ། །ཐོབ་པ་ནི་ཅི་ཡང་མ ་ཡིན་ནོ། །སླར་ཡང་ཟླ་བ་དག་པའི་ཕུང་པོར་གཉིས་དང་བཅུ་ལྷག་པའི་བརྒྱ་བསྲེས་ལ་གནས་སུ་བྱས་ཏེ། འོག་ན་གནས་པ་ལ་དུས་དང་ཉི་མས་བགོས་པའི་ལྷག་མ་རིལ་པོའི་ཆ་ཤས་སུ་འགྱུར་རོ། །བགོས་པས་ཐོབ་པ་ལ་ལྔ ་བསྲེས་ལ་སྟེང་མ་གཉིས་ཀྱིས་བསྒྱུར་བར་སྦྱིན་ནོ། །དེ་ནས་སྟེང་མ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་ལ་བགོས་པའི་ལྷག་མ་རྐང་པའི་རིལ་པོར་འགྱུར་རོ། །འདིར་གཟའི་ཕུང་པོ་དང། དབྱུ་གུ་དང། རྐང་པའི ་རིལ་པོ་དང། རིལ་པོའི་ཆ་ཤས་རྣམས་རིམ་པར་འོག་མ་འོག་མར་དབྲི་བར་བྱའོ། །ཡང་དག་པའི་ཟླ་བ་གནས་གསུམ་གྱི་དབུ་མར་གནས་པ་དབང་ཕྱུག་གིས་བསྒྱུར་ཞིང་འོག་མ་ལ་སུམ་ཅུ་རྩ་དགུས་དགོས་པས་ཐོབ་པར ་གཉིས་བསྲེས་པས་ཕྲི་བ་ལ། དབྱུ་གུ་དྲུག་ཅུས་བགོས་པའི་ལྷག་མ་རྒྱུ་སྐར་གྱི་དབྱུ་གུར་ཤེས་པར་བྱའོ། །ཐོབ་པ་ནི་སྟེང་མ་གཉིས་ཀྱིས་བསྒྱུར་བ་ལ་སྦྱིན་པར་བྱའོ། །དེ་ནས་སྟེང་མ་ཉི་ཤུ་རྩ་བདུན་གྱིས་བགོས་པའི་ལྷག་མ་སྐར ་མའི་ཕུང་པོར་ཤེས་པར་བྱའོ། །འདིར་རྒྱུ་སྐར་གྱི་ཕུང་པོའི་འོག་ཏུ་རྒྱུ་སྐར་གྱི་དབྱུ་གུའི་ཕུང་པོ་དབྲི་བར་བྱའོ། །གང་གི་ཚེ་ལོའི་ཕུང་པོར་ལོ་དང། དག་པའི་ཟླ་བའི་ཕུང་པོར་ཡང་ཟླ་བ་མ་བཅུག་ན། དེའི་ཚེ་ཟླ་བ་སོ་སོ་ལ་གཟའ་དང། ་དབྱུ་གུ་དང། རྐང་པའི་རིལ་པོ་དང། རིལ་པོའི་ཆ་ཤས་རྣམས་སུ་གོ་རིམས་བཞིན་དུ་གཅིག་དང་སུམ་ཅུ་རྩ་གཉིས་དང་གཉིས་དང་གཅིག་རྣམས་སྦྱིན་ནོ། །རྒྱུ་སྐར་དང་དེའི་དབྱུ་གུར་གཉིས་དང་དྲག་པོ་དག་སྦྱིན་ནོ། །ལོ་ལ ་སོགས་པ་བཅུག་ན་ནི་གཟའི་ཕུང་པོ་ལ་སོགས་པ་གཞན་ཁོ་ན་བྱའོ། །ཉི་མ་སོ་སོའི་གཟའི་ཕྱིར་དང། ཚེས་ཀྱི་ལོངས་སྤྱོད་ཀྱི་དོན་དུ། ད་ལྟར་པའི་ཟླ་བའི་དཀར་པོའི་ཚེས་གཅིག་ལ་སོགས་པ་འདས་པ་དང། ད་ལྟར་བའི ་ཆོས་རྣམས་གྲངས་ཇི་ལྟ་བར་བསྣན་པ་དང་དབྲི་བ་དང་སླར་ཡང་བསྣན་པ་ནི་གཟའ་དང་དབྱུ་གུ་དང་རྐང་པ་རྣམས་སུའོ། །རིལ་པོ་ལ་བཅུ་བཞིས་བགོས་པས་ཐོབ་པ་གཉིས་སམ་བཞི་འམ་མ་ཐོབ་ཀྱང་མཉམ་པའི་ཕུང་པོར་ཤེས ་པར་བྱའོ། །གཅིག་གམ་གསུམ་ཐོབ་པ་ནི་མི་མཉམ་པའོ། །འདི་ལྷག་པ་མི་ཐོབ་སྟེ། གང་གི་ཚེ་ཉི་ཤུ་རྩ་བདུན་པས་ལྷག་པའི་རིལ་པོ་མི་འགྱུར་ཞིང། དེ་ཡང་ཚེས་སུམ་ཅུ་དང་བཅས་ན་ལྔ་བཅུ་རྩ་བདུན་ལས་ལྷག་པར་མི་འགྱུར་རོ། །མཉམ་ན་ཟླ ་བའི་རྐང་པ་རྣམས་སྦྱིན་པར་བྱ་ཞིང་མི་མཉམ་ན་དབྲི་བར་བྱའོ། །བགོས་པའི་ལྷག་མ་ནི། སྟོང་པར་སྟོང་པ་རྣམ་དག་བཅུ་གསུམ་རི་བོང་ཅན་ལ་རྐང་པ་ལྔ་སྟེ་མིག་དང་ཉི་མར་ཕྱོགས། །བཅུ་གཅིག་མེ་ལ་ཚེས་ཞེས་བྱ་བ་བཅུ་དང་ཆུ་གཏེར ་རྐང་པ་ཉི་ཤུར་གཅིག་གི་མ་ཚང་བ། །ལྔ་དང་བུ་གར་ཉི་ཤུ་གཉིས་ཏེ་དུས་དང་ནོར་དང་རྒྱལ་བ་བདུན་པར་ཉི་ཤུ་རྩ་ལྔའོ། །དེར་ནི་ཉི་མའི་རབ་ཏུ་དབྱེ་བས་ཉིན་བྱེད་བསྣན་དང་དབྲི་བ་བྱས་པས་རབ་ཏུ་གསལ་བར་འགྱུར། །རྣམ་དག་ཅེས ་པ་ནི་ཅུང་ཟད་སྦྱིན་པའམ་དབྲི་བ་མེད་པའོ། །དེར་ནི་ཞེས་པ་དབྱུ་གུའི་ཕུང་པོར་ཉི་མའི་རབ་ཏུ་དབྱེ་བས་ནི་ཉི་མའི་རྐང་པར་གྱུར་པ་རྣམས་ཏེ། ཉི་མའི་བུ་ལོན་ནི་དེའི་ཡང་བུ་ལོན་ནོ། །ཉི་མའི་ནོར་ནི་དེའི་ཡང་ནོར་རོ་ཞེས་བྱ་བ་ནི་ཉི་མའི་རབ་ཏུ་དབྱེ ་བའོ། །འདི་སྐད་གསུངས་པ་ཡིན་ཏེ། འཆད་པར་འགྱུར་བའི་ཚུལ་གྱིས་བྱུང་བ་ལ་སོགས་པས་བགོས་པས་ཐོབ་པ་བསྲེས་པ་འམ། དོར་བའི་ཉི་མ་རྒྱུ་བའི་རྐང་པ་རྣམས་བསྡམས་པ་ཇི་སྙེད་ནི་ཡོད་པར་གྱུར་པ་དེ་སྙེད་ནི་ར་བི་ཀ་ཞེས་བྱའོ། ་གལ་ཏེ་ཉི་མའི་ལོངས་སྤྱོད་དུ་སྣོན་པ་ན་དེའི་ཚེ་གཟའི་ཆུ་ཚོད་ལ་ཡང་བསྣན་ནོ། །ཡང་ན་ཉི་མའི་ལོངས་སྤྱོད་ལ་འབྲིང་ན་འདིར་ཡང་དབྲི་བར་བྱའོ་ཞེས་བྱའོ། །ཟླ་བའི་རྐང་པ་རྣམས་ཀྱང་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང ་ཅན་རྣམས་མདུན་གྱི་ཆ་དང་རྒྱབ་ཏུ་ཡང། །མདུན་གྱི་ཆར་ནི་སྟེང་ནས་གོ་རིམས་ཀྱི་སྟེ། དབུས་སུ་ཐད་ཀར་རེ་ཁཱ་གཞག་པའི་རྒྱབ་ཏུ་འོག་ནས་རི་བོང་ཅན་ལ་སོགས་པ་གོ་རིམས་བཟློག་ནས་བཅུ་བཞི་པོ་རྣམས་བྲི་བར་བྱའོ་ཞེས་པ་སྟེ། ་འདི་ལྟར་གཟའ་ཐམས་ཅད་ཀྱི་རྐང་པ་དགོད་པའོ། །གཟའ་ཐམས་ཅད་ཀྱི་རྐང་པ་ཡང་ནི་དབྱུ་གུའི་བདག་ཉིད་ཁོ་ནའོ། །འདིར་བཅུ་བཞིས་བགོས་པའི་ལྷག་མས་མཚོན་པ་ནི་རྒྱུ་བའི་རྐང་པའོ། །དེའི་སྟེང་མར་རྒྱུ ་ཞིང་ཡོད་པ་སྟེ་དེར་གཟའ་ཞུགས་པའོ། །དེས་རིལ་པོའི་ཆ་ཤས་བསྒྱུར་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་བགོས་པས་ཐོབ་པ་དང། ལྷག་མ་དྲུག་ཅུ་ལ་སོགས་པས་བསྒྱུར་ནས་བགོས་པས་ཐོབ་པའི་ཆུ་སྲང་ལ་སོགས་པ་བདུན་གྱི་ཕྱེད་ལ་ནི ་ལོངས་སྤྱད་པའི་རྐང་པ་དང། རྒྱབ་མའི་ཕྱེད་དུ་དེ་དོར་ནས་ལོངས་སྤྱོད་པའི་རྐང་པ་ཉིད་གཟའ་དབྱུ་གུའི་གནས་སུ་སྦྱིན་པ་འམ་དབྲི་བར་བྱའོ། །དེ་ནས་གཟའི་གནས་སུ་གཅིག་ལ་སོགས་པས་ཉི་མ་ལ་སོགས་པའི་གཟའ་རྟོགས་པར ་བྱེད་དོ། །ཆོས་སུ་ནི་དབྱུ་གུ་ལ་སོགས་པ་རྣམས་ཉི་མ་ཤར་བ་ནས་བརྩམས་ནས་ལོངས་སྤྱད་པར་བྱ་བ་ཡིན་ནོ། །ཉིན་ཞག་སོ་སོ་ལ་ཉི་མས་སྐར་མ་ལ་ལོངས་སྤྱོད་པའི་དོན་དུ་དཀར་པོ་ལ་སོགས་པར་སྨོས་པའི་ཚེས་གནས་གཉིས ་སུ་བྱས་ཏེ། གཅིག་ལ་དབྱུ་གུ་བཞིས་བསྒྱུར་ཅིང། གཞན་ལ་ཡང་བྱེད་པའི་རིམ་པས་ཉི་ཤུ་འམ་ཉི་ཤུ་རྩ་གཉིས་ཀྱི་ཆུ་སྲང་གིས་སམ། གྲུབ་པའི་མཛའ་ཨི་རིམ་པས་ནི་ཆུ་སྲང་ཉི་ཤུ་རྩ་དྲུག་གིས་བསྒྱུར་ལ་དྲུག་ཅུས་བགོས་ཏེ ་ཐབ་པ་ནི་སྟེང་དུ་གཞུག་གོ་།སྟེང་གི་དབྱུ་གུ་ཡང་དྲུག་ཅུས་བགོས་པས་ཐོབ་པ་ནི་རྒྱུ་སྐར་དུ་དང། བགོས་པའི་ལྷག་མ་སྐར་མའི་དབྱུ་གུར་གཞུག་པར་བྱའོ། །ཆུ་སྲང་ཡང་རྒྱུ་སྐར་གྱི་དབྱུ་གུའི་འོག་ཏུ་བྲི་བར་བྱའོ། །རྒྱུ་སྐར་དང་དེའི ་དབྱུ་དགུའི་ཕུང་པོ་དང་ཆུ་སྲང་རྣམས་གནས་གཉིས་སུ་བྱས་ཏེ། གཅིག་ལ་ར་བི་ཀའི་དོན་དུ་རྐང་གསུམ་དང་བཅས་པའི་རྒྱུ་སྐར་དྲུག་སྦྱང་བར་བྱའོ། །ལུག་དང་དབྱུག་པ་ལ་སོགས་པ་སྦྱང་བ་ལས་གཞན་དེ་མ་ཐག་པ་སྐྱེས་པའི ་ཁྱིམ་དུ་འགྱུར་རོ། །ལུག་ཟུང་ཀརྐ་ཊ་ནི་ཟླ་བ་པ་པ་སངས་དང་ཉི་མ་སེང་གེ་བུ་མོ་སྲང་རྣམས་ནི། །མིག་དམར་ཕུར་བུ་སྒྲ་གཅན་སྡིག་པ་གཞུ་ཡི་ཐོག་མ་ཐ་མར་གཟའ་ལྷག་སྤེན་པ་མཇུག་རིངས་རྣམས་ཞེས་ཀྱང་གསུངས་སོ། །ཐོག་མ་ཐ་མར་ཞེས་པ ་ལ་?་ཐོག་མའི་ཆ་ནི་སྤེན་པའི་འོ། །ཐ་མ་ནི་མཇུག་རིངས་ཀྱིའོ་ཞེས་བྱའོ། །འདིར་གལ་ཏེ་བུ་ལོན་གྱི་ཕུང་པོ་ལྷག་ལ། །ལོངས་སྤྱོད་ཀྱི་ཕུང་པོ་ཉུང་བ་ན། །དེ་ལ་རྒྱུ་སྐར་གྱི་འཁོར་ལོ་ཉི་ཤུ་རྩ་བདུན་རྒྱུ་སྐར་གྱི་གནས་སུ་བཅུག་སྟེ་སྦྱང ་བར་བྱའོ། །གལ་ཏེ་སྦྱངས་པའི་ལྷག་མ་འཁོར་ལོ་ཕྱེད་ཕྱུང་ན། དེའི་ཚེ་འཁོར་ལོ་ཕྱེད་པ་དེ་དོར་བར་བྱ་སྟེ་དེ་ཉིད་རིམ་པ་མིན་པར་ཤེས་པར་བྱའོ། །འཁོར་ལོ་ཕྱེད་མ་དོར་ན་ནི་རིམ་པ་ཁོ་ནའོ། །རྒྱུ་སྐར་ལ་དྲུག་ཅུས་བསྒྱུར་ནས། །འོག་གི ་དབྱུ་གུ་དང་ལྡན་པ་ལ་འབྱུང་བ་མེ་དང་ཟླ་བས་བགོས་པས་ཐོབ་པ་ནི་ཁྱིམ་རྒྱུ་བ་ཤེས་པར་བྱེད་པ་པོ་སྟེ། ཁྱིམ་རྒྱུ་བ་ཤེས་ནས་དབྱེ་བར་བྱའོ། །རོ་དང་ཟུང་དང་ཟླ་བ་རྣམས་ངལ་བའི་ལས་ལ་ཁྱིམ་དྲུག་གི་རྐང་པ་སྟེ། ཀརྐ་ཊ་ལ་སོགས་པ་སྐྱེ་བ ་ལ་སོགས་པའི་ཁྱིམ་དྲུག་ཏུ་འགྱུར་རོ། །རྐང་པ་འདི་ལྟ་བུ་ནི་གཟའ་ཐམས་ཅད་ཀྱི་བུལ་བའི་ལས་ལའོ། །འབྱུང་བ་ལ་སོགས་པས་མ་ཐོབ་ན་ཡང་རྒྱུ་བའི་རྐང་པ་དང་པོ་ལ་གཟའ་གནས་སོ་ཞེས་ཀུན་ལ་ཤེས་པར་དེའི་ཚེ་དེའི་བགོས་པའི ་ལྷག་མའི་དབྱུ་གུ་རྣམས་བསྒྱུར་ལ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའོ། །དེ་ལ་གཟའ་ཐམས་ཅད་ཀྱི་བུལ་བའི་ལས་ལ་རིམ་པས་ནི་བུ་ལོན་ལ་རིམ་པ་མིན་པས་ནི་ནོར་དུ་ཤེས་པར་བྱའོ། །དེ་ནས་ལོངས་སྤྱོད་པའི་རྐང་པ ་ལས་གཉིས་པ་ལོངས་སྤྱོད་པར་བྱ་བས་ལོངས་སྤྱོད་དོ། །དེས་བགས་པའི་ལྷག་མའི་དབྱུ་གུ་རྣམས་བསྒྱུར་ལ་འབྱུང་བ་ལ་སོགས་པས་བགོས་པས་ཐོབ་པ་ལོངས་སྤྱོད་ཀྱི་ཆ་དང་ལྷན་ཅིག་ཏུ་སྔོན་མ་ཕྱེད་ལ། ཁྱིམ་གྱི་དབང་ལས ་གཟའི་ལོངས་སྤྱོད་པའི་རྐང་པ་རྣམས་བསྡོམས་པ་དང། ཕྱི་མ་ཕྱེད་ལ་བགོས་པས་ཐོབ་པ་ལོངས་སྤྱོད་ཀྱི་ཆ་དོར་ནས་ལོངས་སྤྱོད་ཀྱི་ཆ་གཞན་དང་ལྷན་ཅིག་ལོངས་མ་སྤྱོད་པའི་རྒྱུ་བའི་རྐང་པ་བསྡོམས་པ ་རྣམས། ནོར་དང་བུ་ལོན་གྱི་དབང་ལས་གཟའི་ལོངས་སྤྱོད་ཀྱི་དབྱུ་གུ་ལ་བསྣན་པ་འམ་དབྲིའོ། །འདི་ཉིད་ནི་ཉི་མའི་དག་པའི་ར་བི་ཀའོ། །ཉི་མའི་སྐར་མའི་གནས་སུ་སྐར་མ་ལ་སོགས་པ་རྣམས་ཀྱི་ལོངས་སྤྱོད་པའོ། །ལྷག ་མ་ནི་ལོངས་སྤྱད་བྱའོ། །འཆད་བར་འགྱུར་བའི་ཟླ་བ་ལ་ཡང་དེ་ལྟར་ལ་སྦྱོར་བ་ཡང་ངོ།། །།ད་ནི་ཉི་མའི་དག་པའི་ར་བི་ཀ་བརྗོད་པར་བྱས་ཏེ། ཉི་མར་དུས་དང་རོ་དང་ཀླུ་དང་བཅུ་དང ་འཕྲོག་བྱེད་འཕྲོག་བྱེད་དྲག་པོ་ཕྱོགས་དང་ཀླུ་དང་དྲུག་།མེ་དང་ནམ་མཁའ་བྱང་དང་ལྷོ་རུ་བགྲོད་པའི་མཐར་གྱུར་པ་ན་ནོར་དང་བུ་ལོན་དག་བྱའོ། །ཟླ་བ་དྲུག་ལ་ཕྱོགས་ཀྱི་དབྱེ་བས་ཉིན་མོར་བྱེད་པ་རྒྱུ་བ་ཟླ་བ་འཕོ་བའི་དབྱེ ་བས་སོ་ཞེས་པས། འདིར་ཀརྐ་ཊ་ལ་སོགས་པ་ནས་དབྲི་སྟེ་ཕྱོགས་དང་པོ་ལ་དུས་སོ། །ཀརྐ་ཊའི་ཕྱོགས་གཉིས་པ་ལ་རོའོ། །དེ་བཞིན་དུ་གཞུ་ལ་མེ་དང་ནམ་མཁའ་བགྲོད་པའི་མཐར་རོ། །དེ་ལྟར་ཆུ་སྲིན་ལ་སོགས་པ ་ལ་སྦྱིན་ནོ་ཞེས་བྱའོ།། །།ཟླ་བས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉི་མའི་ལོངས་སྤྱོད་ཀྱི་རྒྱུ་སྐར་གྱི་གནས་སུ་དཀར་པོ་ལ་སོགས་པར་སྤྲོས་པའི་ཆོས་རྣམས་སྦྱིན་ནོ། །དེའི་རྗེས་ལ ་ཚེས་དེ་དག་གཞན་དུ་རོ་ཡིས་བསྒྱུར་ལ། གཟའི་ལོངས་སྤྱོད་ཀྱི་དབྱུ་གུ་ལ་སོགས་པས་བསྲེས་ཏེ། ཉི་མའི་ལོངས་སྤྱོད་ཀྱི་དབྱུ་གུའི་གནས་སུ་བུ་ལོན་ཞེས་བྱ་སྟེ་ཕྲི་བ་འདི་ལས་ཟླ་བའི་ལོངས་སྤྱོད་དུ་འགྱུར་རོ། །ཉི་མའི ་ལོངས་སྤྱོད་དང་ཟླ་བའི་ལོངས་སྤྱོད་བསྲེས་པས་སྦྱོར་བར་འགྱུར་རོ། །དཀར་པོ་ལ་སོགས་པར་སྨོས་པའི་ཚེས་རྣམས་གཉིས་ཀྱི་བསྒྱུར་ལ་གཅིག་དོར་ཏེ་སྲིང་ན་བདུན་གྱིས་བགོས་པའི་ལྷག་མ་བྱེད་པར་འགྱུར་རོ། །བྱེད་པའི་ལོངས་སྤྱོད་ཆོས ་ཀྱི་ལོངས་སྤྱོད་ཉིད་དོ། །འདིར་ཐུན་མོང་གི་ཚུལ་ནི། དབུགས་ཀྱི་གནས་སུ་དྲུག་ལས་ལྷག་པའི་དབུགས་མི་གནས་སོ། །དུས་ཀྱིས་བགོས་པས་ཐོབ་པ་ནི་ཆུ་སྲང་དུ་གཞུག་གོ་།དེ་ཡང་དྲུག་ཅུ་ལས་ལྷག་པ་མི་གནས་སོ། །དྲུག་ཅུས ་བགོས་པས་ཐོབ་པ་ནི་དབྱུ་གུར་གཞུག་གོ་།དབྱུ་གུ་ཡང་དེ་བཞིན་དུ་གཟའའམ་སྐར་མར་གཞུག་གོ་།གཟའ་ཡང་བདུན་དུ་གྱུར་པ་ན་རྣམ་པར་འཇིག་གོ་།སྐར་མ་ཡང་ཉི་ཤུ་རྩ་བདུན་དུ་གྱུར་པ་ནི་མི་གནས་སོ། །སྦྱོར་བ་ཡང་དེ་བཞིན་ནོ། །དེ ་ལྟར་རྒྱུ་སྐར་དང། གཟའ་དང་སྦྱོར་བ་དང། ཉིན་ཞག་གཅིག་ལ་དབྱུ་གུ་དྲུག་ཅུའོ། །དེ་ལ་གཟའ་ནི་ཉི་མ་ལ་སོགས་པ་བདུན་ནོ། །ཚེས་ནི་གཅིག་ལ་སོགས་པ་བཅོ་ལྔའོ། །སྐར་མ་ནི་ཐ་སྐར་དང། བྲ་ཉེ་དང། སྨིན་དྲུག་དང། སྣར་མ་དང། ་མགོ་དང། ལག་དང། ནབས་སོ་དང། རྒྱལ་དང། སྐག་དང། མཆུ་དང། གྲེ་དང། དབོ་དང། མེ་བཞི་དང། ནག་པ་དང། ས་རི་དང། ས་ག་དང། ལྷ་མཚམས་དང། སྣོན་དང། སྣུབས་དང། ཆུ་སྟོད་དང། ཆུ་སྨད་དང། གྲོ་བཞིན་དང། ་མོན་གྲེ་དང། མོན་གྲུ་དང། ཁྲུམས་སྟོད་དང། ཁྲུམས་སྨད་དང། ནམ་གྲུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ་སྦྱོར་བ་ནི་རྣམ་པར་སེལ་བ་དང། མཛའ་བ་དང། ཚེ་དང་ལྡན་པ་དང། སྐལ་པ་བཟང་པོ་དང། མཛེས་པ་དང། ་ཤིན་ཏུ་སྐྲངས་དང། སྐྲངས་པ་དང། ལས་བཟང་དང། འཛིན་པ་དང། ཟུག་རྔུ་དང། འབྲས་དང། འཕེལ་བ་དང། བརྟེན་པ་དང། རྣམ་པར་འཇོམས་པ་དང། ཡིད་དགའ་བ་དང། རྡོ་རྗེ་དང། དངོས་གྲུབ་དང། རྒུད་པ་དང། ཆུ ་སྦྱིན་དང། ཡོངས་སུ་སྣུན་པ་དང། ཞི་བ་དང། གྲུབ་པ་དང། བསྒྲུབ་བྱ་དང། དགེ་བ་དང། དཀར་པོ་དང། ཚངས་པ་དང། དབང་པོ་དང། རྣམ་པ་འཛིན་པ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་ནོ། །བྱེད་པ་རྣམས ་ནི་བ་བཾ་དང། བཱ་ལ་བཾ་དང། ཀཽ་ལ་བཾ་དང། ཏཻ་ཏི་ལཾ་དང། ག་ར་ཛཾ་དང། བ་ཎི་ཛཾ་དང། བིཥྚི་ཞེས་བྱ་བ་སྟེ་བདུན་ནོ། །དེ་བཞིན་དུ་ཤ་ཀུ་ནི་དང། ཙ་ཏུཥཔ་དོ་དང། ནཱ་ག་དང། ཀིང་སྡུ་གྷ་ཎ་ཞེས་བྱ་བ་དང་བཅུ་གཅིག་གོ་།དེ་ལ་དཀར ་པོའི་ཚེས་གཅིག་གི་ཕྱི་མ་ཕྱེད་ནས་བརྩམས་ནས། རེ་རེ་ཞིང་ཐུན་བཞི་ལ་ལོངས་སྤྱོད་ཅིང་གྲངས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་ཡང་དང་ཡང་དུ་འཁོར་བས་ནག་པའི་བཅུ་བཞིའི་སྔོན་མ་ཕྱེད་ཀྱི་བར་དུ་བདུན་པོ་རྣམས་ལོངས་སྤྱོད ་དོ། དེའི་ཕྱི་མ་ཕྱེད་ནས་བརྩམས་ནས་དཀར་པོའི་ཚེས་གཅིག་གི་སྔོན་མ་ཕྱེད་ཀྱི་བར་ནི་གཞན་བཞི་པོ་རྣམས་ཀྱིའོ། །ཆོས་ཀྱི་ལོངས་སྤྱོད་ལ་མཉམ་པར་ཆ་གཉིས་སུ་བྱས་ཏེ། སྔ་མ་ཕྱེད་དང། ཕྱི་མ་ཕྱེད་དུ་རྣམ་པར་བཞག་པ ་ཤེས་པར་བྱའོ། །གཟའ་དང། ཚེས་དང། སྐར་མ་དང། སྦྱོར་བ་དང། བྱེད་པ་སྟེ་ཡན་ལག་ལྔའི་རིམ་པའོ། །དབྱུ་གུ་དང། བྲ་ཉེ་དང། སྨིན་དྲུག་གི་རྐང་པ་གཅིག་གིས་ལུག་གི་།དེ་བཞིན་དུ་སོ་སོར་རྐང་པ་དགུ་ཡིས་བཅུ ་གཉིས་པོ་རྣམས་ཏེ། ལུག་དང། ཁྱུ་མཆོག་དང། འཁྲིག་པ་དང། ཀར་ཀ་ཊ་དང། སེང་གེ་དང། བུ་མོ་དང། སྲང་དང། སྡིག་པ་དང། གཞུ་དང། ཆུ་སྲིན་དང། བུམ་པ་དང། ཉའི་ཁྱིམ་རྣམས་ས་ག་ལ་སོགས་པར་ཤེས ་པར་བྱའོ། །མིག་དམར་པ་པ་སངས་གཟའ་ལྷག་པ་ཟླ་བ་ཉི་མ་དང། །གཟའ་ལྷག་པ་པ་སངས་དང་མིག་དམར་ཕུར་བུ་དང། སྤེན་པ་ཕུར་བུ་རྣམས་ནི་རིམ་པ་ཡིས། །ཁྱིམ་འདི་རྣམས་སུ་ཞིང་ཅན་ནི་ཡང་དག་འདོད། །ཀླ་ཀློའི ་དབང་པོ་ལོ་དག་པའི་ལོ་ལ་བརྒྱད་བསྲེས་པ་བཞི་བརྒྱས་བསྒྱུར་བ་ལ་སྔར་དག་པའི་ལོ་ལ་བརྒྱད་བསྲེས་པས་ཕྲི་བ་ལ། །བཅུ་བདུན་ལྷག་པའི་སུམ་བརྒྱས་བགོས་ཕས་ཐོབ་པར་གཉིས་བསྲེས་པ་ནི་གཟར་འགྱུར་རོ། །བགོས ་པའི་ལྷག་མ་དྲུག་ཅུས་བསྒྱུར་ཏེ། དབྱུ་གུར་བཅས་པ་བཅུ་བདུན་ལ་སོགས་པས་བགོས་པས་ཐོབ་པ་བཟུང་ལ། བགོས་པས་ཐོབ་པའི་ལྷག་མ་དབྱི་བར་བྱའོ། །ཐོབ་པའི་དབྱུ་གུ་ལ་སུམ་ཅུ་བསྲེས་ལ་དྲུག་ཅུས་བགོས་པས་ཐོབ་པ ་གཉིས་བསྲེས་པའི་གཟར་གཞུག་གོ་།བགོས་པའི་ལྷག་མ་གཟའི་དབྱུ་གུའི་བརྟན་པ་སྟེ་འོག་ཏུའོ། །གཟའ་ལ་ཡང་བདུན་གྱིས་བགོས་པའི་ལྷག་མ་ལོ་འཕོས་ཀྱི་བར་སྟེང་དུ་གཟའི་དྷྲུ་བ་ཀར་འགྱུར་རོ། །འདིར་གང་གི་ཚེ་ཉི་མ་ཉ་སྤངས ་ནས་ལུག་ཏུ་འགྲོ་བ་དེའི་ཚེ་གཞུག་པའི་གཞུག་བྱ་བཅུ་གཉིས་ལུག་ལ་སོགས་པར་རིམ་པ་བཞིན་ཟླ་བ་རི་དང་འབྱུང་བ་རིག་བྱེད་ཡོན་ཏན་མདའ་དང་རི་བོང་ཅན་རི་ཟླ་བ་གསུམ་པ་ལའོ། །རིག་བྱེད་མེ་དང་འབྱུང་བ་ཟླ་བ་མིག་དང་ལག ་པ་ཟུང་དང་རིག་བྱེད་མིག་ནི་དྲུག་པ་ལའོ། །དྲུག་དང་ཟླ་བ་མདའ་དང་ཟླ་བའི་ཟུང་མེ་དྲུག་ཟླ་བ་རིག་བྱེད་རི་དང་འཇིག་རྟེན་ནོ། །དྲུག་དང་རིག་བྱེད་སྟོང་དང་སྟོང་པ་མིག་དང་མདའི་རྐང་པ་རྣམས་ནི་ཉའི་ཁྱིམ་དུ་ཉི་མའོ་ཞེས་པ་འདི་རྣམས་ཀྱི་དགོད་པ་ནི། རེའུ ་མིག་བཅུ་གཉིས་པོ་འདི་རྣམས་ཏེ། སོ་སོར་ཐོག་མ་གཟའི་ངེས་པར་སྦྱིན་ནོ། །གཉིས་པ་ལྔ་བཅུ་རྩ་བདུན་ལ་སོགས་པ་དབྱུ་གུའི་བརྟན་པར་རོ་ཞེས་པ་བྱེད་པའི་འཕོ་བ་སྟེ། གཟའ་དང་དེའི་ལོངས་སྤྱོད་དུ་ཤེས་པར་བྱའོ། །ད་ནི ་མིག་དམར་ལ་སོགས་པ་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་གྲངས་བརྗོད་དོ། །དག་པའི་ཟླ་བ་རྣམས་ཉིན་ཞག་གི་ཕུང་པོའི་དོན་དུ་སུམ་བཅུས་བསྒྱུར་ལ། དཀར་པོ་ལ་སོགས་པར་སྨོས་པའི་ཚེས་དང་བཅས་ལ ་གནས་གསུམ་དུ་བྱས་ལ། འོག་གི་ཕུང་པོ་རི་དང་ནམ་མཁའ་རི་ཡིས་བགོས་པས་ཐོབ་པ་དབུས་མར་སྦྱིན་ནོ། །དེ་ནས་དབུས་མ་དྲུག་ཅུ་རྩ་བཞིས་བགོས་པས་ཐོབ་པས་ཕྲི་བའི་སྟེང་མའི་ཕུང་པོ་མི་གསལ ་བའི་ཉིན་ཞག་གི་ཚོགས་ཡིན་ནོ། །དེ་གནས་གཉིས་བཞག་ལ། གཅིག་ལ་གཟའ་བདུན་གྱིས་བགོས་བས། གལ་ཏེ་དེ་ཉིན་ཞག་གི་གཟར་མ་གྱུར་ན། དེ་ནས་གཅིག་ལ་སོགས་པ་ཇི་ལྟར་གཟར་འགྱུར་བ་ཐོག་མའི་ཕུང་པོར་སྦྱིན་པ ་འམ་དབྲི་བས་དེ་ནས་གསལ་བའི་ཉི་མའི་ཚོགས་སུ་འགྱུར་རོ། །མིག་དམར་དག་པར་བྱ་བའི་དོན་དུ། གསལ་བའི་ཉིན་ཞག་གི་ཚོགས་ལ་བདུན་དང་དྲུག་ཅུ་ལྷག་པའི་བརྒྱ་བསྲེས་ནས། མིག་དམར་གྱི་ཉིན་ཞག་གི་འཁོར་ལོ་རི་དང་ཀླུ་དང་དུས ་ཀྱིས་བགོས་པས་ཐོབ་པ་ནི་ཁྱིམ་བསྐོར་བ་སྟེ་ཕྱི་མར་བྱའོ། །འདི་ལྟར་གཞན་རྣམས་ལ་ཡང་ངོ། །ལྷག་མ་རྒྱུ་སྐར་གྱིས་བརྒྱུར་ལ། རང་གི་ཉིན་ཞག་གིས་འཁོར་ལོས་བགོས་པས་ཐོབ་པ་ནི་སྐར་མར་འགྱུར་ཏེ་སྟེང་དུ་འོ། །དེའི་ལྷག ་མ་དྲུག་ཅུས་བསྒྱུར་ལ་རང་གི་ཉིན་ཞག་གི་འཁོར་ལོས་བགོས་པས་ཐོབ་པ་ནི་དབྱུ་གུ་སྟེ་འོག་ཏུའོ། །སྔར་བཞིན་དུ་ཆུ་སྲང་ལ་སོགས་པའོ། །སྐར་མ་ལ་སོགས་པ་འདི་དག་གནས་གཉིས་སུ་གཞག་ལ། གཅིག་ལ་སྐར་མ་ཕྱེད་དང་བཅས་པས་པའི་དགུ ་སྦྱར་བར་བྱའོ། །དེ་ནས་ཉིན་པས་ལུག་དང་དབྱུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་རྣམས་ཤེས་པར་བྱའོ། །བྱེ་བྲག་ཏུ་འདིར་དེ་ཁོ་ན་ཉིད་དང། བཅོ་བརྒྱད་དང་རི་རྣམས་བུལ་བའི་ལས་ཀྱི་རྐང་པར་ཤེས་པར་བྱའོ། ། སྐར་མ་ལ་སོགས་པ་གཞན་ལ་སྦྱིན་པ་འམ། དབྲི་བའོ། ཞེས་པ། མིག་དམར་གྱིས་བུལ་བའི་ལས་དག་ལའོ། །མྱུར་བའི་ལས་ལ་ཡང་མིག་དམར་དང། ཕུར་བུ་དང། སྤེན་པ་རྣམས་བུལ་བའི ་ལས་ཡོངས་སུ་དག་པའི་ལོངས་སྤྱོད་གནས་གཉིས་སུ་བྱས་ཏེ། གཅིག་གིས་ཉིན་བྱེད་མ་བྱས་པའི་ཉི་མའི་ལོངས་སྤྱོད་ཚེས་བསྲེས་པ་དག་པར་མ་བྱས་པ་རྐང་པ་གསུམ་དང་བཅས་པའི་སྐར་མ་དྲུག་དོར་བ་ལ་སོགས་པའི་ཆོ་ག་མ་བྱས་པ ་ལ་སྦྱར་བར་བྱའོ། །དེ་ནས་ཉེ་བར་བརྗོད་པའི་གལ་ཏེ་བུ་ལོན་ཞེས་པ་ལ་སོགས་པ་ནས་རིམ་པ་ཁོ་ནའོ་ཞེས་པའི་བར་དུ་ཤེས་པར་བྱའོ། །འདིར་མྱུར་བའི་བྱ་བ་ལ་རིམ་པས་ནི་ནོར་ཏེ་བསྣན་ཅིང། རིམ་པ་མིན་པས་ནི་བུ་ལོན་ཏེ་དབྲི་བར ་བྱའོ། །སྦྱངས་ཤིང་ཇི་ཙམ་ཡོད་པ་དོར་བའི་ལྷག་མས་གཟའི་རྐང་པ་རྟོགས་པར་བྱེད་པ་སྟེ་རྐང་པ་རྙེད་པ་ཤེས་ནས་ཕྱི་བར་བྱའོ། །རྐང་པ་དེ་ཉིད་ཀྱིས་དབྱུ་གུ་ལྷག་མ་ལ་བསྒྱུར་ལ། དྲུག་ཅུས་བགོས་པས་ཐོབ་པ་དང། རྐང་པ་དེའི་ཆ་དང་ལྷན ་ཅིག་སྔོན་མ་ཕྱེད་དུ་ཁྱིམ་རྒྱུ་བའི་དབང་གིས། གཟའ་ཡིས་ལོངས་སྤྱད་པའི་དབང་གིས་རྐང་པ་རྣམས་བསྡམས་པ་དང། ཕྱི་མ་ཕྱེད་དུ་ནི་བགོས་པས་ཐོབ་པ་དང། རྐང་པ་དེའི་ཆ་དོར་ཏེ་རྐང་པ་གཞན་མ་དེའི་ཆ་དང་ལྷན་ཅིག་ལོངས་མ་སྤྱད་པ ་རྣམས། གཞན་བུལ་བའི་ལས་ཀྱིས་དག་པའི་གཟའི་ལོངས་སྤྱོད་ལ་བསྣན་པ་འམ་དབྲི་བར་བྱའོ། །འདིར་རྐང་པ་ནི་བཅུ་བཞི་སྟེ། རྒྱལ་བ་མེ་མིག་རྣམ་གསུམ་ཟླ་བ་ལག་པ་གཉིས། །བཅོ་བརྒྱད་ཆོས་དང་དྲག་པོ་མེ་དང་རྩ་བ་ནས ་བཅུ་གཅིག་བརྒྱད་དང་མེའོ་ནམ་མཁའ་ཀླུ་དང་ནི། །དེ་རྗེས་ལྔ་བཅུ་གསུམ་པོ་འདི་རྣམས་མིག་དམར་གྱིའོ། །རྩ་བ་ཞེས་པ་ནི། དབུས་ནས་ཐད་ཀར་རེ་ཀའོ། །ཕྱོགས་ཕྱོགས་བུག་པ་ནོར་དྲུག་དྲུག་།གཉིས་གཅིག་རྩ་བ་ཡོན་ཏན་རོ། ། ་བུག་པ་དྲག་པོ་རྒྱལ་པོ་རི། །ཕུར་བུའི་མྱུར་ལས་རྐང་པ་ཡིན། །དུས་མདའ་མདའ་དང་རིག་བྱེད་རིག་བྱེད་མིག་དང་མིག་དང་ནམ་མཁའ་དང། །རྩ་བ་ནས་གཉིས་ཟུང་མདའ་རོ་བརྒྱད་གསུམ་ནི་སྤེན་པའི་རྐང་པའོ། །ཚིགས་སུ་བཅད་པ་ཕྱེད་ ་པའོ། །དེ་བཞིན་དུ་བུལ་པའི་ཉི་མ་གནས་གཉིས་སུ་བཞག་པ་གཅིག་གི་གཟའ་ལྷག་གི་རྒྱུ་པའམ། པ་བ་སངས་ཀྱི་རྒྱུ་བ་ལ་སྦྱར་བར་བྱའོ། །དེ་ནས་སྦྱངས་ཏེ་ཞེས་པ་ལ་སོགས་པ་ནས། ལོངས་མ་སྤྱད ་པ་རྣམས་ཤེས་པའི་མཐར་ཐུག་པ། དེ་མ་ཐག་ཏུ་མིག་དམར་དུ་གསུངས་པ་རྣམས་བྱས་ལ། གཞན་བུལ་བའི་ཉི་མར་བསྣན་པ་འམ་དབྲི་བར་བྱའོ། །དེ་ལྟར་དེ་ཉིད་གཟའ་ལྷག་གི་ལོངས་སྤྱོད་དང། པ་བ་སངས་ཀྱི་ལོངས་སྤྱོད་དུ ་འགྱུར་རོ། །རྒྱལ་པོ་རྒྱལ་པོ་དེ་ནས་ཚེས། །མི་དང་ཡན་ལག་ཞི་པ་རི། །ལྔ་མཁའ་རྩ་བ་ནས་ནི་མཚོ། །དབང་ཕྱུག་ཉི་ཤུ་ཉི་ཤུ་བརྒྱད། །སུམ་ཅུ་རྩ་བཞི་གཟའ་ལྷག་གི་།གསུམ་དུ་དེ་ཉིད་གཉིས་རྒྱལ་བ། །གཉིས་སུ་གཉིས་མིག ་སྐྱོན?་ཚེས་བརྒྱད། །རྩ་བ་ནས་དྲུག་མཁའ་མེ་དང། །བུག་པ་བུག་པ་ཡོན་ཏན་རི། །པ་བ་སངས་མྱུར་རྒྱུའི་རྐང་པའོ། །ཞེས་པ་ནི་སའི་བུ་ལ་སོགས་པའི་མྱུར་བའི་ལས་དག་པའོ། །བུལ་པའི་ལས་ལ་གཟའ་ལྷག་དག་པའི ་དོན་དུ་གསལ་བའི་ཉི་མའི་ཚོགས་རྣམས་བརྒྱ་ཡིས་བསྒྱུར་ནས། །མེ་དང་ཉི་མ་རི་ཡིས་ཕྲི་བ་ལས་གཟའ་ལྷག་གི་ཉི་མའི་འཁོར་ལོ་རི་དང་བུག་པ་རི་དང་ཀླུ་ཡིས་བགོས་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ནས། །ཆུ་སྲང ་ལ་སོགས་པའོ། །ཞེས་པའི་བར་དུ་མིག་དམར་བཞིན་དུ་བྱའོ། །རྒྱུ་སྐར་ལ་སོགས་པ་འདི་དག་ནི་མྱུར་བའི་ལས་ཀྱི་དོན་དུ་རྒྱུ་བ་ཞེས་བརྗོད་དོ། །དེའི་ཕྱིར་དོན་དུ་གནས་གཞན་དུ་བཞག་གོ་།ཉི་བྱེད་མ་བྱས་པའི་ཉི་མའི་ལོངས་སྤྱོད་གནས་སུ་བྱས་ཏེ་ཉི་མའི་ལོངས ་སྤྱོད་ཅིག་ལ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་དྲུག་སྦྱང་བར་བྱའོ། །དེ་ནས་ཉི་མར་བརྗོད་པའི་ལུག་ཅེས་པ་ལ་སོགས་པ་ནས་ནོར་བུ་དང་བུ་ལོན་གྱི་དབང་ལས་ཤེས་པའི་མཐར་ཐུག་པ་བྱས་ཏེ། ཉི་མའི་ལོངས་སྤྱོད ་གཞན་ལ་བསྣན་པ་འམ་དབྲི་བར་བྱའོ་ཞེས་པ་ནི་གཟའ་ལྷག་གི་བུལ་པའི་ལས་དག་པའོ། །འདི་ནི་གཞན་དུ་ཉི་མའི་ལོངས་སྤྱོད་བུལ་བའི་ལས་དག་པ་གཟའ་ལྷག་གི་བདག་ཉིད་དུ་གྱུར་པ་སྟེ། མྱུར་བའི་ལས་ཀྱི་དོན་དུ་ནི་བུལ་བའི་ཉི་མ ་ཞེས་བརྗོད་དོ། །བཅུ་དང་རི་དང་རྩེ་མོ་ཅན་ནི་བུལ་བའི་ལས་ཀྱི་རྐང་པའོ། །ཕུར་བུ་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་ལ། མཁའ་དང་ནམ་མཁའ་དང་རོ་དང་མིག་གིས་ཕྲི་བ་ལ་ཕུར་བུའི་ཉི་མའི་འཁོར་ལོ་སོ་དང་མེ་དང་རྒྱ་མཚོས ་བགོས་པས་ཐོབ་པ་ཞེས་པ་ལ་སོགས་པ་སའི་བུ་བཞིན་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། རྒྱུ་སྐར་བཅུ་གཉིས་སྦྱང་བ་དང། འཕྲོག་བྱེད་དང། དགུ་དང་རྩེ་མོ་ཅན་ནི་རྐང་པའོ། །པ་བ་སངས་དག་པའི་དོན་དུ་གསལ ་བའི་ཉི་མའི་ཚོགས་ལ་བཅུ་ཡིས་བསྒྱུར་ནས་བརྒྱད་ཅུ་རྩ་བཞིས་ཕྲི་བ་ལ། པ་བ་སངས་ཀྱི་ཉིན་ཞག་གི་འཁོར་ལོ་རི་དང་རྒྱལ་བ་མིག་གིས་བགོས་པས་ཐོབ་པ་ཞེས་པ་ལ་སོགས་པ་ཐམས་ཅད་གཟའ་ལྷག་བཞིན་དུ་བྱའོ། །ཁྱད ་པར་ནི་འདི་ཡིན་ཏེ། རྒྱུ་སྐར་སྦྱང་བ་དང། རྐང་པ་ནི་མདའ་དང། ཟུང་དང་རི་བོང་ཅན་ནོ། །སྤེན་པ་དག་པའི་དོན་དུ་གསལ་བའི་ཉི་མའི་ཚོགས་ལ་མཁའ་དང་མིག་དང་བརྒྱད་དང་རིག་བྱེད་ཀྱི་ཕྲི་བ་ལ། ཉི་མའི་བུའི་ཉི་མའི་འཁོར ་ལོ་དྲུག་དང་རོ་དང་རི་དང་ནམ་མཁའ་དང་གཅིག་གིས་བགོས་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་མིག་དམར་བཞིན་དུ་བྱའོ། །ཁྱད་པར་ནི་རྒྱུ་སྐར་བཅོ་བརྒྱད་སྤྱད་པ་དང། ཉི་ཤུ་རྩ་གཉིས་དང་ཚེས་དང་དུས་ཀྱི་རྐང་པ་རྣམས ་ཞེས་བྱ་བ་ནི་གཟའ་ལྷག་ལ་སོགས་པའི་བུལ་བའི་ལས་ཡོངས་སུ་དག་པའོ། །འོན་ཀྱང་བུལ་བའི་ལས་དག་པའི་གཟའི་ལོངས་སྤྱོད་མྱུར་བའི་ལས་ཀྱིས་ཡོངས་སུ་དག་པས་ན། ལས་གཉིས་ཀྱིས་གཟའ་གཅིག་ཉིད་ཀྱིས་ལོངས ་སྤྱོད་དག་པར་འགྱུར་གྱི། བུམ་པའི་ལས་དག་པ་གཟའི་ལོངས་སྤྱོད་ཐ་དད་པ་དང་མྱུར་བའི་ལས་ཡོངས་སུ་དག་པ་ཐ་དད་པ་ཡང་མ་ཡིན་ནོ། །ཞེས་སྐར་མའི་བསྟན་བཅོས་རིག་པ་རྣམས་ཀྱིའོ། ། ་པས་གཉིས་ཀྱིས་ལོངས་སྤྱོད་ཡོངས་སུ་དག་པ་ནི། མིག་དམར་དང། གཟའ་ལྷག་དང། བླ་མ་དང། པ་བ་སངས་དང། སྤེན་པ་རྣམས་ཁོ་ནའོ། །ཉི་མ་ནི་བུལ་བའི་ལས་ཁོ་ནས་སོ། །ཟླ་བ་ནི་མྱུར་པའི་ལས་ཁོ་ནས་སོ ་ཞེས་སོ། །སྒྲ་གཅན་གྱིས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ། ། ་།དག་པའི་ཟླ་བར་མིག་དང་ཉི་མ་བསྲེས་ལ་ཟླ་བ་ཕྱེད་པའི་ཕུང་པོའི་དོན་དུ་གཉིས་ཀྱིས་བསྒྱུར་བར། ཉ་ལ་ཟླ་བ་འཛིན་པའི་དོན་དུ་ཟླ་བ་ཕྱེད་པ་གཅིག་བསྲེ་ཞིང། །གནམ་སྟོང་ལ་ཉི་མ་འཛིན་པའི་དོན་དུ ་ཟླ་བ་ཕྱེད་པ་གཉིས་བསྲེས་པ་ལ། སྒྲ་གཅན་གྱི་ཟླ་བ་ཕྱེད་པའི་འཁོར་ལོ་ནམ་མཁའ་དུས་དང་རྒྱ་མཚོ་ཡིས་བགོས་པས་ཐོབ་པ་ཕྱི་བར་བྱའོ། །བགོས་པའི་ལྷག་མ་ཟླ་བ་ཕྱེད་པ་རྣམས་རྒྱུ་སྐར་གྱི་དོན་དུ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་ལ ་ནམ་མཁའ་ལ་སོགས་པས་ཐོབ་པ་རྒྱུ་སྐར་དུ་འགྱུར་རོ། །ལྷག་མ་དྲུག་ཅུས་སྒྱུར་བ་ལ་ནམ་མཁའ་ལ་སོགས་པས་བགོས་པས་ཐོབ་པ་ནི་དབྱུ་གུའོ། །དེའི་ལྷག་མ་ལ་ཡང་དེ་བཞིན་དུ་ཆུ་བསྲངས་ངོ། །དེའི་ལྷག་མ་དྲུག་གིས་བསྒྱུར་ཅིང་ནམ་མཁའ་ལ་སོགས་པས་ཐོབ་པ་དབྱུ་གུའོ། །རྒྱུ་སྐར་ལ་སོགས་པ་འདི་རྣམས་ཀྱིས་རྒྱུ་སྐར་ཉི་ཤུ་རྩ་བདུན ་འཁྲི་བ་ནི་སྒྲ་གཅན་གྱི་ཁའི་ལོངས་སྤྱོད་དུ་འགྱུར་རོ། །ཁའི་ལོངས་སྤྱོད་དེ་ཉིད་དུ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་གསུམ་བསྲེས་པ་ནི་མཇུག་མའི་ལོངས་སྤྱོད་དོ། །དེ་ནས་ཟླ་བ་སོ་སོར་ཉི་མའི་ལོངས་སྤྱོད་ལ་རྒྱུ་སྐར་གཉིས་དང། དབྱུ་གུ་བཅུ་གཅིག་སྟེ། ་ཟླ་བ་དྲུག་ལ་རྒྱུ་སྐར་བཅུ་གཉིས་དང། དབྱུ་གུ་དྲུག་ཅུ་རྩ་དྲུག་ཏུ་འགྱུར་ཞིང། དེ་ལས་བཅུ་གསུམ་ཕྲི་བས་ལྔ་བཅུ་རྩ་གསུམ་དུ་འགྱུར་རོ། འདི་ཉི་མའི་ལོངས་སྤྱོད་ལ་ཉི་མ་འཛིན་པ་ན་གནམ་སྟོང་གི་ལོངས་སྤྱོད་ལ་ར་བི་ཀ་བསྣན་པ་འམ ་བྲི་བ་ལའོ། །དེ་ནས་སྒྲ་གཅན་གྱི་ལོངས་སྤྱོད་ལ་དབྱུ་གུ་བཞི་བཅུ་ཞེ་ལྔ་ཕྲི་ལ་ལྷག་མ་སྐར་མའི་ལོངས་སྤྱོད་ཀྱིས་སྤྱད་པར་བྱའོ། །དེ་ལ་གལ་ཏེ་ཁ་འམ་མཇུག་མ་དང་སྐར་མ་མཉམ་པར་གྱུར་ན། དེའི་ཚེ་ཁོ་ན་གཟས་འཛིན་གྱིས་གཞན ་དུ་ནི་མ་ཡིན་ནོ། །ཡང་ན་སྔར་སྨྲས་པའི་ཚུལ་གྱིས་བསྒྲུབ་པའི་གནམ་སྟོང་གི་ཉི་མའི་ལོངས་སྤྱོད་ཀྱིས། སྒྲ་གཅན་གྱི་ཁའི་ལོངས་སྤྱོད་དམ་མཇུག་མའི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །ཟླ་བ་འཛིན་པ་ནི་ཟླ་བ་ཉའི་ལོངས་སྤྱོད་ཀྱིས་སྒྲ ་གཅན་གྱི་ཁའི་ལོངས་སྤྱོད་ལ་སྤྱད་བར་བྱའོ། །ཁ་འམ་མཇུག་མ་དང་ལྷན་ཅིག་རྒྱུ་སྐར་མཉམ་པ་ཉིད་ལ་འཛིན་གྱི་གཞན་དུ་ནི་མ་ཡིན་ནོ། །འདིར་ཡང་གནམ་སྟོང་གི་མཛའ་འམ་ཉའི་མཐར་དུས་ཚིགས་ཀྱི་མཚམས་སུ་སྒྲ་གཅན་གྱི ་དཀྱིལ་འཁོར་ལ་ཉི་ཟླའི་དཀྱིལ་འཁོར་འཇུག་གོ་།དཀྱིལ་འཁོར་གྱི་སྒྲ་ནི་འདིར་དབྱུ་གུ་དྲུག་ཅུ་སྟེ། རྒྱུ་སྐར་གཅིག་གི་ལོངས་སྤྱོད་དོ། །དེ་ཡང་ཁྱིམ་བཅུ་གཉིས་དང་ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །དེ་ལ་གལ་ཏེ ་སྒྲ་གཅན་གྱི་ལོངས་སྤྱོད་ལ་འདི་གཉིས་ཀྱི་ལོངས་སྤྱོད་དག་ན། །དེའི་ཚེ་དབྱུ་གུ་དྲུག་ཅུའི་མཐར་ཐུག་པ་ཐམས་ཅད་འཛིན་ཏོ། །ལོངས་སྤྱོད་ཕྱེད་དག་པར་གྱུར་ན་ཕྱེད་འཛིན་ཏོ། །ཆ་ནི་དབྱུ་གུ་བཞིའི་བདག་ཉིད་དེ་སྒྲ་གཅན་གྱི་ལོངས་སྤྱོད ་ལ་ཞུགས་ན་བཞི་ཆའི་བར་དུ་གཟའ་དང་ལྷན་ཅིག་འགྲོ་བར་ཤེས་པར་བྱའོ། །གང་གི་ཚེ་ཡང་སྒྲ་གཅན་གྱི་ཁའི་ལོངས་སྤྱོད་དུ་འཛིན་པ་དེའི་ཚེ་ཤར་གྱི་ཆ་ནས་སོ། །མཇུག་མའི་ལོངས་སྤྱོད་དུ་ནི་ནུབ་ཀྱི་ཆ་ནས་སོ། །དེ་བཞིན་དུ ་ཕྱོགས་དང་ཕྱོགས་མཚམས་ཀྱི་ཆའི་ཁོར་ཡུག་གཞན་ནི་གཞན་དུ་ཤེས་པར་བྱའོ་ཞེས་ཊཱི་ཀ་ལས་སོ། །འཛིན་པ་འདི་དག་ཀྱང་ཟླ་བ་དྲུག་ཉིད་ན་ཡིན་ནོ། །དོན་དམ་པར་ནི་ཟླ་བ་ཉིད་མུན་པའི་རང་བཞིན་གྱི་སྒྲ་གཅན ་གྱིས་འཛིན་ཏེ། བསིལ་བའི་འོད་ཟེར་གྱི་ཕྱིར་རོ། །ཉི་མ་ནི་མིན་ནོ། །གནམ་སྟོང་གི་མཛའ་ཨི་དུས་སུ་ནི་ཟླ་བ་ཡང་ཉི་མ་ལ་ཞུགས་པའི་ཕྱིར་ན་ཉི་མ་གཟུང་ངོ་ཞེས་བྱ་བ་ནི་ཐ་སྙད་དོ། །ཞེས་པ་སྒྲ་གཅན་དག་པའོ། །མཇུག ་རིངས་ནི་ཉི་མའི་དཀྱིལ་འཁོར་ལ་ཞུགས་ནས་ཉི་མ་སོ་སོ་ལ་དབྱུ་གུ་བཞི་དང། ཆུ་སྲང་ཉི་ཤུ་རྩ་དྲུག་ནི་ཉི་མའི་ལོངས་སྤྱོད་དེ། དེ་ལས་ལྷག་བ་ཆུ་སྲང་ཕྱེད་དང་གསུམ་ནི་མྱུར་བར་རྒྱུ་བ་ན། རིམ་པས་མདུན་ནས་དང། ཡོན་པོར་རྒྱུ་བ་ན་རིམ་པ ་མིན་པས་རྒྱབ་ནས་རྣམ་པར་རྒྱུའོ། །དེ་ལྟར་ལོ་གསུམ་གནས་ནས་ཕྱིར་འཐོན་ནོ། །འཐོན་ནས་ཀྱང་ཉི་མ་སོ་སོ་ལ་དབྱུ་གུ་གཉིས་འཆར་ཏེ། དབྱུ་གུ་ཡང་རྐང་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་གི་བདག་ཉིད་དེ། ཨ་བ་དྷཱུ་ཏཱི་ལས་འཐོན ་པའི་ཕྱིར་མཇུག་རིངས་ཀྱིའོ། །ཟླ་བ་གཅིག་གི་བར་དུ། དུ་བ་མེད་པར་སྐར་མ་བཞིན་དུ་སྣང་ལ། དེ་ནས་ཟླ་བ་ཕྱེད་དུ། དུ་བའི་འཇུག་མ་རིང་པོར་གསལ་ལོ། །དེ་བཞིན་དུ་ཟླ་བ་ཕྱེད་དང་གཉིས་ཀྱི་མཐར་སླར་ཡང་ཉི་མའི་དཀྱིལ་འཁོར་ལ ་དེ་བཞིན་དུ་ལོ་གསུམ་གྱི་བར་དུ་མི་སྣང་བར་འགྱུར་རོ། །འདི་ཐོག་མར་འཆར་བ་ཇི་ལྟར་གྲགས་པ་བརྟགས་པས་ཤེས་པར་བྱའོ། །དེ་ལྟར་འཆར་བ་གཅིག་གི་ཤེས་ན་དུས་དཔག་ཏུ་མེད་པའི་ཤེས་པར་འགྱུར་རོ། །མཇུག་རིངས ་དག་པའོ། །འདིར་ཐུན་མོང་གི་རིམ་པ་འདི་དག་སྟེ། མྱུར་བའི་ལས་ལ་ཉི་མའི་དཀྱིལ་འཁོར་ལས་འཆར་བའི་གཟའ་རིམ་པར་བགྲོད་པ་ན། དབྱུ་གུའི་རྐང་པ་བཅུ་བཞིའི་ཕྱེད་ལས། སྔོན་མ་ཕྱེད་ལ་ལོངས་སྤྱོད་པ་ན་མྱུར་བར་རྒྱུ་བ ་ཞེས་བརྗོད་དོ། །ཕྱི་མ་ཕྱེད་ལ་ལོངས་པ་ན་བུལ་བར་རྒྱུ་བའོ། །དེ་ལས་འཁོར་ལོ་ཕྱེད་དོར་ནས་གཟའི་རིམ་པ་?་སྟེ། སྔོན་མ་ཕྱེད་ལ་ནི་ཡོན་པོར་རྒྱུ་བའོ། །ཕྱི་མ་ཕྱེད་ལ་འཐོན་པོར་རྒྱུ་བར་ཞེས་བརྗོད་དེ། ཁྱིམ་ཀྱི་རྒྱུ་སྐར་གྱི་འཁོར་ལོ་འདོར་བའི ་ཕྱིར་རོ། །འདིར་རིམ་པ་ལ་སྔོན་མ་ཕྱེད་དུ་ནི་ནོར་འཕེལ་ལ། གཟའ་རྣམས་ཀྱང་ཤར་དུ་མངོན་པར་ཕྱོགས་པའོ། །ཕྱི་མ་ཕྱེད་དུ་ནི་ནོར་འཛད་པ་དང་ལྷོར་མངོན་པར་ཕྱོགས་པའོ། །རིམ་པ་མིན་པ་ལ་སྔོན་མ་ཕྱེད་དུ་བུ་ལོན་འཕེལ་ལ་ཁ་ནུབ་ཏུ་མངོན ་པར་ཕྱོགས་པའོ། །ཕྱི་མ་ཕྱེད་དུ་བུ་ལོན་ཉམས་པ་དང་བྱང་དུ་མངོན་པར་ཕྱོགས་པའོ། །འདི་དག་འཆི་ལྟས་ལ་སོགས་པའི་དབང་གིས་ཕྱོགས་གཞན་དུ་ལྟ་བ་ཉིད་དོ། །རང་བཞིན་གྱིས་ནི་སྒྲ་གཅན་ཁ་ནུབ་ཏུ་ཕྱོགས་ནས་རི་རབ་ལ་གཡས་སྐོར་བྱེད་ལ ་གཟའ་གཞན་ནི་ཤར་དུ་ཁ་བལྟའོ། །དེ་ལ་ཉི་མའི་འོད་ཟེར་གྱིས་བསྒྲིངས་པའི་ཕྱིར་ཉི་མ་ལ་ནུབ་པ་སྟེ། གཟའ་ཐམས་ཅད་དུ་མེད་པ་ནི་ཡིན་ནོ། །སླར་ཡང་དེ་བཞིན་ཁོ་ནད་འཆར་རོ་ཞེས་བྱའོ། །འདིར་འཕགས་པའི་ཡུལ་དུ་ཉི་མ་དང་ཟླ་བའི་ལོངས ་སྤྱོད་འཕེལ་འགྲིབ་ཀྱི་དབང་གིས་དབྱུ་གུ་དྲུག་ཅུའི་རང་བཞིན་གྱི་ཉིན་མཚན་ལས། །བཅུ་ཡིས་བགོས་པས་ཐོབ་པའི་དབྱུ་གུ་རྣམས་ཀྱིས་ཉིན་མོ་འཕེལ་བར་འགྱུར་བ་ནི་མཚན་མོ་འགྲིབ་སྟེ། ལྷོ་མེའི་ཁོར་ཡུག་གི་མཚམས་ནས་གངས ་ཅན་ཆེན་པོའི་ཁོར་ཡུག་གི་མཚམས་ཀྱི་བར་དུ་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ་བྱང་དུ་བགྲོད་པ་ལ་ཟླ་བ་དྲུག་གིས་སོ། །དེ་བཞིན་དུ་གངས་ཅན་ཆེན་པོའི་ཁོར་ཡུག་གི་མཚམས་ནས། ལྷོ་མེའི་ཁོར་ཡུག་གི་མཚམས་ཀྱི་བར་དུ ་ལྷོར་བགྲོད་པ་ན་མཚན་མོ་འཕེལ་ཞིང་ཉིན་མོ་འགྲིབ་བའོ། །དེ་ལྟར་གྱུར་པ་ན་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བ་འམ་འགྲིབ་པར་ཤེས་པར་བྱའོ། །དེ་བཞིན་དུ་བོད་ཡུལ་དང། ལི་ཡུལ་དང། རྒྱ་ནག་ལ་སོགས་པ་ཡུལ་རྣམས་དང། ཤམྦྷ ་ལའི་ཡུལ་གྱི་མཛའ་ཨི་བར་དུ་དགུ་དང། བརྒྱད་དང། བདུན་གྱིས་བགོས་པས་ཐོབ་པའི་དབྱུ་གུ་རྣམས་ཀྱིས་དང། ཀེ་ལ་ཤའི་དུམ་བུར་དྲུག་གིས་བསྐལ་པས་ཉིན་མཚན་ལ་ཇི་ལྟར་རིགས་པར་རོ། །ཀེ་ལ་ཤའི་དུམ ་བུ་ལས་བྱང་ཕྱོགས་སུ་གངས་ཅན་གྱི་རིའི་བར་ལ་ཉིན་མཚན་སོ་སོ་ལ་དབུགས་བཞིས་ལྷག་པའི་ཆུ་སྲང་གསུམ་འཕེལ་བའམ་འགྲིབ་པའོ། །གངས་རིའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་ཁོར་ཡུག་གི་རྣམ་པས་རྒྱུ་སྐར་གྱི་ཁྱིམ་ཟླུམ་པོ ་གཅིག་ཏུའོ། །འདིའི་དབུས་ན་མཉམ་པའི་རེ་ཁའོ། །དེ་ཉིད་ཀྱི་ཕྱིར་ལོགས་གཉིས་སུ་གཞུའི་རྣམ་པའོ། །འདིར་ཡང་འབྲུ་བསྙིལ་བའི་དབུས་ཀྱི་ཀ་བ་བཞིན་དང། གླང་བཞིན་འཁོར་ལ། རྒྱུ་སྐར་དབྱུག་པ་ལ་སོགས་པ་ནས་ནག་པའི་ཕྱེད ་གྱི་བར་དུ་བྱང་ཕྱོགས་ཀྱི་རེ་ཁཱ་ལ། ལྷོ་ཕྱོགས་སུ་ཡང་ནག་པའི་ཕྱེད་ལ་སོགས་པ་ནས་ནམ་གྲུའི་མཐར་རོ། །དེ་རྣམས་ཁོ་ན་ལ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ལ་ཁྱིམ་གཅིག་ཉིད་དོ། །དེ་ལྟར་ཁྱིམ་བཅུ་གཉིས་པོ་རྣམ་པར ་བཞག་གོ་།དེ་ལ་བརྟེན་པའི་གཟའ་ནི་ལོངས་སྤྱོད་པ་པོའོ། །བྱང་ཕྱོགས་སུ་བགྲོད་པ་ན་ཟླུམ་པོ་འདིའི་བྱང་གི་མེའི་འཁོར་ཡུག་གི་དང་པོར་འགྲོའོ། །ལྷོ་ཕྱོགས་ཀྱི་མཛའ་ཡང་གངས་ཅན་གྱི་རིའི་ལྷའི་མཐར་རེག་པའོ། །ལྷོར་བགྲོད་པ་ན ་ཡང་ལྷོ་ཕྱོགས་ཀྱི་མཛའ་ནི་ལྷོའི་མེའི་ཁོར་ཡུག་གི་དང་པོར་འགྲོའོ། །བྱང་ཕྱོགས་ཀྱི་མཛའ་ཡང་བསིལ་བའི་རིའི་བྱང་གི་མཐར་རེག་པར་འགྱུར་རོ། །རྒྱུ་སྐར་ལ་སོགས་པ་འདི་དག་ཀྱང་རི་རབ་ལ་སྐོར་བ་བྱེད་པས་འགྲོ་བའི་འཁོར ་བའི་དབང་གིས་ཟླུམ་པོའི་རྣམ་པར་འགྱུར་རོ། །ཟླུམ་པོའི་ཚད་ནི་ལྷོ་མེའི་ཁོར་ཡུག་ནས་གངས་ཅན་ཆེན་པོའི་བར་རོ། །དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔས་སོ། །དེ་དག་ལ་འཁོར་ལོའི་ཉིན་ཞག་བརྒྱ་བརྒྱད་ཅུ་རྩ་ཕྱེད་དང་གསུམ ་གྱིས་བགོས་པས་ཐོབ་པ་ནི་ཕྱོགས་ཀྱི་ཆ་ཉི་མས་འདོར་བའོ། །དེ་ལྟར་དུམ་བུ་བཅུ་གཉིས་སུ་ཉི་མ་ཐད་ཀར་འཕོ་བར་རིག་པར་བྱའོ། །བྱེད་པའི་ལམ་མོ། །འོན་ཀྱང་དེ་ལྟར་བྱེད་པའི་ལམ་གྱིས་ཉི་མ་དུས་རྟག་ཏུ་དག་པ་མ་ཡིན་ལ། ཉི་མའི་ལོངས ་སྤྱོད་ན་དག་འདིས། མིག་དམར་ལ་སོགས་དག་བྱས་པ། །འདིར་ནི་ངེས་པར་དག་མི་འགྱུར། །རྩ་བ་ཉམས་པའི་ལྗོན་ཤིང་བཞིན། །དེ་བས་ན་གྲུབ་པའི་མཛའ་ཨི་ལམ་བརྗོད་པར་བྱ་སྟེ། དེའི་རིམ་པ་འདི་དག་གོ་།ས་གཞི་མཉམ་པོ་ལ་ཁྲུ་གང ་གི་ཚད་ཀྱི་མཎྜལ་གྱི་དབུས་སུ་བཙུགས་པའི་མཐོ་གང་གི་ཚད་ཀྱི་ཤིང་གི་གྲིབ་མ། སྔ་དྲོ་རེ་ཁཱའི་ཕྱི་རོལ་ནས་རིམ་གྱིས་བསྐུམ་པ་ན། གང་གི་ཚེ་མཎྜལ་གྱི་མཛའ་ཨི་རེ་ཁཱའི་དབུས་སུ་ཞུགས་པ་དེའི་ཚེ། གནས་དེར་བྱ་རོག་གི་རྗེས་ཀྱི་མཚན་མ་བྱས་ཏེ། ་དེ་ཉིད་ནུབ་ཀྱི་ཕྱོགས་སོ། །ཕྱི་དྲོ་ནི་མཎྜལ་གྱི་དབུས་ནས་རིམ་གྱིས་བརྐྱང་བ་ན། གང་གི་ཚེ་ཞེས་པ་ལ་སོགས་པ་སྔར་བཞིན་དུ་མཚན་མ་བྱས་ཏེ། དེ་ཉིད་ཤར་གྱི་ཕྱོགས་སོ། །འདིར་མཚན་མ་གཅིག་གི་སྟེང་དུ་སྐུད་པ་བཟུང་སྟེ། མཚན་མ ་གཞན་གྱི་མདུན་དུ་མཎྜལ་ཐོད་ལོ་ཀོར་གྱིས་བྱ་ཞིང། མཚན་མ་གཞན་གྱི་སྟེང་དུ་ཡང། སྐུད་པ་གཟུང་ནས་དེ་བཞིན་དུ་བྱས་པས་ཇི་ལྟར་ཉའི་རྣམ་པར་འགྱུར་རོ། །མཎྜལ་གཉིས་པོ་འདི་དག་གི་དབུས་ཀྱི་ཉའི་རྣམ་པའི་ཁའི་དབུས་ནི ་ལྷོ་ཕྱོགས་སོ། །མཇུག་མའི་དབུས་ནི་བྱང་ཕྱོགས་སོ། །དེ་ལྟར་ཕྱོགས་གཏན་ལ་ཕབ་ནས་མཎྜལ་གཉིས་པོ་དབྱི་བར་བྱའོ། །བྱང་དུ་བགྲོད་པའི་ཉིན་མོ་ལས་གོང་དུ། ཉི་མ་བཅུ་པ་ནས་བརྩམས་ནས། ཉི་མའི་གུང་ལ་བརྟག་པར ་བྱའོ། །དེ་ལ་ཐོག་མ་མཎྜལ་གྱི་བྱང་ཕྱོགས་ཀྱི་མཛའ་ཨི་རེ་ཁཱ་དབུས་ནས་མཎྜལ་གྱི་ནང་དུ་ཉིན་མོ་གང་ལ་གྲིབ་མ་འཇུག་པ་དེ་ཉི་མ་བྱང་དུ་བགྲོད་པའི་འཕོ་བའི་ཉིན་མོའོ། །དེའི་གཟའ་དང། དེའི་ཚེས་དང། དེའི་སྦྱོར་བ་དང། དེའི་བྱེད ་པས་སོ། །དེའི་ཉིན་མོ་ཉི་མའི་ལོངས་སྤྱོད་ལ་ས་ག་ལ་སོགས་པའི་ཟླ་བ་དགུའི་ལུག་ལ་སོགས་པའི་ཁྱིམ་དགུ་ལ་རྒྱུ་སྐར་གྱི་གནས་སུ་ཉི་ཤུ་དང། དབྱུ་དགུའི་གནས་སུ་བཅོ་ལྔའོ་ཞེས་བྱ་བ་ནི་རྩ་བའི ་རྒྱུ་བ་ཀའོ། །དྷྲུ་བ་ཀ་དེ་ལ་ཉིན་རེ་ཞིང་དབྱུ་གུ་བཞི་དང། ཆུ་སྲང་ཉི་ཤུ་རྩ་དྲུག་བཅུག་ལ། ཉི་མའི་རྐང་པ་རྣམས་དག་པར་བྱ་སྟེ། སྔར་བརྗོད་པའི་རྐང་པ་གསུམ་དང་བཅས་པའི་རྒྱུ་སྐར་དྲུག་སྦྱང་བར་བྱའོ། །ཞེས་པ་ལ་སོགས་པའི ་ཆོ་གས་སོ། །དེ་སྐད་དུ་ཡང་རྩ་བའི་རྒྱུད་དུ། བགྲོད་ཐོག་ནས་བརྩམས་ཉིན་རེ་ཞིང། །སླར་ཡང་བགྲོད་འགྱུར་བར་དུ་སྦྱིན། །གསུངས་པའི་ལས་ཀྱི་ཆོ་ག་ཡིས། །ཉི་མའི་རྐང་པ་དག་པར་བྱ་ཞེས་གསུངས། གཟའ་དང། ཚེས་དང། རྒྱུ ་སྐར་དང། སྦྱོར་བ་དང། བྱེད་པ་དང། ཁྱིམ་དང། ཞིང་ཅན་དང། འཕོ་བ་དང། གཟའའདི་རྣམས་ཀྱི་འབྲས་བུ་ནི་གཞན་དུ་གོ་བླ་བས་འདིར་མ་བཀྲོལ་ལོ། །གཟའ་སྐར་རྒྱ་ཆེན་འདི་དག་བཤད་ཅིང། དེ་རྣམས་འབྲས་བུ་ནི། དུས་ཀྱི་འཁོར ་ལོའི་རྒྱུད་ལ་འཇུག་པ་འདིར་མ་བཤད་དེ། ཚིག་གི་འབྲེལ་པ་གེགས་མེད་བློ་བཟང་རྣམས་ཀྱིས་བདེ་བླག་ཏུ། །རྟོགས་ཕྱིར་འདི་ལ་དམ་པ་རྣམས་ཀྱིས་བཟོད་མཛད་རིགས། །འཇིགས་མེད་ཀྱིས་བརྩམས་འདི་ཡིས་སྙིང་གི་ནི། །རབ ་ཏུ་རྣམ་པར་འབྱེད་པའི་གནས་རྒྱས་ཤིང། །ལེགས་བྱས་ཤར་བ་འདི་ལས་འགྲོ་གསུམ་ལ། །རྒྱལ་བའི་ཕུན་སུམ་ཚོགས་པའི་འབྲས་བུར་ཤོག་།དཔལ་དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང། བོད་ཀྱི་ལོ་ཙཱ་བ་ཤྲཱི་དྷརྨམ་ཀཱི་རྟིས་བསྒྱུར་བའོ། །སླད་ཀྱིས་ཡུལ་མ་ག་དྷའི་པཎྜི་ཏ་ཆེན་པོ་མཁས་བཙུན་གྲུབ་པ ་བརྙེས་པ་རཱ་ཧུ་ལ་ཤྲི་བྷ་དྲའི་ཞལ་སྔ་ནས། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་དཔལ་གྱི་མཛའ་ཅན་གྱིས་དག་པར་བཅོས་ཤིང་གཏན་ལ་ཕབ་པའོ།། །།*། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ག་ཎོ་པ་དེ་ཤ་ནཱ་མ། ་