| Wylie | e-texts based on the ACIP/ALL Input |
སངས་རྒྱས་པ་ཡིས་སྤང་བར་བྱ། །རྡོ་རྗེ་ཐེག་པ་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ་ཡན་ལག་དང་བཅས་པ། །བྱང་ཆུབ་སེམས་དཔས་མཛད་པ་རྫོགས་སོ།། །།དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདེན་པ་དབྱེར་མེད་དུས་འཁོར ་ལོ། ཞེས་བྱའི་ཆ་ནས་གཉིས་ཞེས་བྱ། །བརྗོད་བྱ་བདེན་པ་གཉིས་ཡིན་ཏེ། །ཀུན་རྫོབ་ཕྱི་ནང་གཞན་དང་གསུམ། །ཕྱི་ནི་འཆགས་གནས་འཇིག་པ་སྟེ། །ཆགས་པ་རྟེན་དང་བརྟེན་པའོ། རྟེན་ནི་རྒྱུ་དང་གོ་རིམས་དབྱིབས། །རང་བཞིན་ཁ་དོག ་མིང་དང་ནི། །ཡི་གེ་གྲངས་དང་ཚད་དག་གོ་།རྒྱུ་ནི་ལས་ཀྱིས་འདུས་བྱས་ནས། །རྡུལ་ཕྲན་དག་ལས་སྐྱེས་པར་འདོད། །སྟོང་དང་རླུང་སོགས་རིམ་པའོ། །དབྱིབས་ནི་གཞུ་སོགས་རང་བཞིན་ནི། །གཡོ་སོགས་ཁ་དོག་སྔོ་ལ་སོགས། ་མིང་ནི་རླུང་ལ་སོགས་རི་ལ་སོགས། །ཡི་གེ་ཡ་ར་ལ་སོགས་པའོ། །གྲངས་ནི་རླུང་དང་མཚོ་ཡི་བར། །ཚང་ནི་རྒྱ་རྔམས་མཛའ་སྐོར་རོ། །བརྟེན་པ་སེམས་ཅན་ཞེས་བྱ་སྟེ། །རྒྱུ་དང་མིང་གི་རབ་དབྱེ་དང། །སོ་སོའི་གནས་དང་ཚེ ་ཚང་དང། །ས་བོན་ཡི་གེར་རབ་ཤེས་བྱ། །རྒྱུ་ནི་ལས་དང་ཉོན་མོངས་དང། །མིང་ནི་མནར་མེད་ནས་བཟུང་ནས། །སྲིད་པ་སུམ་ཅུ་རྩ་གཅིག་བར། །གནས་ནི་རླུང་དང་སྲིད་རྩིའི་བར། །ཚེ་ཚད་ལོ་དང་བསྐལ་བའི་གྲངས། །ས་བོན ་ཡི་གེ་ཀ་ལ་སོགས། །ཆགས་པ་སྡུད་པར་ཤེས་པར་བྱ། །གནས་པ་རྣམ་པ་གཉིས་ཡིན་ཏེ། །བསྟན་པ་དུས་དང་བྱེད་པ་རྩིས། །དང་པོ་དུས་བཞི་ལ་སོགས་པས། །ས་ཡི་དུམ་བུ་རྣམས་ལ་ནི། །འཁོར་ལོས་སྒྱུ་ལ་རྒྱལ་ལུས་ཀྱིས་སུ།། ་ལོག་འདྲེན་མཐར་བྱེད་ལེགས་རྣམས་འཛིན། །བྱེད་པ་ཡན་ལག་ལྔ་བསྡུས་ཏེ། །གཟའ་ནི་ཆོས་དང་རྒྱུ་སྐར་དང། །ཁྱིམ་ལ་གནས་པ་དག་ཡིན་ནོ། །ཚེས་ནི་དབྱངས་དང་རྟེན་འབྲེལ་དང། །དྲག་མོ་ལ་སོགས ་ཤེས་པར་བྱ། །འཇིག་པ་ས་སོགས་རིམ་ཞུགས་པས། །ཐ་མ་སྟོང་པར་གྱུར་པའོ། །ནད་ནི་སྐྱེ་གནས་འཆི་བ་སྟེ། །སྐྱེ་བ་ནང་དང་ཕྱི་དག་གོ་།ནང་གི་དུས་དང་རྒྱུ་དག་དང། །ངོ་བོ་རྐྱེན་རྣམས་རྫོགས་དུས་སོ། །དུས་ནི་ཡེ་ཤེས་གཡོ ་བ་དང། །རྒྱུ་ནི་ཁུ་སོགས་སྐྱེ་གནས་ཁྲག་།ངོ་བོ་ཕུང་པོ་ཁམས་རང་བཞིན། །རྐྱེན་ནི་མ་ཡིས་རོ་ཟོས་མཐུས། །རྣམ་པ་ཁུ་ཁྲག་རྩ་རླུང་གིས། །གཙོ་བོས་བརྒྱད་ནི་སྐྱེད་པའོ། །རྫོགས་དུས་བཅུ་གཉིས་བཅུ་གསུམ་མོ། །ཕྱི་ནི་དབྱིབས ་དང་ཚད་དག་དང། །རྣམ་གྲངས་དག་ཏུ་བསྟན་པ་ཡིན། །དབྱིབས་ནི་ལུས་དང་ཡན་ལག་སོགས། །ཚད་ནི་སོར་དང་ཁྲུ་ཡི་པར། །དབྱེ་བ་ཕུང་པོ་ཁམས་དག་དང། །དབང་པོ་ལས་ཀྱི་དབང་པོ་དང། །འཁོར་ལོ་བྱ་བའི་འཁོར་ལོ་དང།། ་ལས་ཀྱི་འཁོར་ལོ་དག་ཏུའོ། །དེ་ཡང་རྩ་རླུང་སེམས་དག་གིས། །ལུས་ཀྱི་ངོ་བོ་བསྡུས་པའོ། །གནས་པ་ལས་དང་བསྲུང་བའོ། །ལས་ནི་ཕྱི་ཉིད་ནང་སྦྱར་བས། །དུས་ཀྱི་འཁོར་ལོར་གྱུར་པའོ། །བསྲུང་བ་སེམས་ཀྱི་སྡིག་གཞོམ ་དང། །ནད་ཞི་ལུས་ཀྱི་བཅུད་ལེན་ནོ། །འཆི་བ་དུས་དང་དུས་མིན་པའོ། །གཞན་ནི་སྒྲུབ་པའི་ཐབས་དང་ནི། །འཇིག་རྟེན་དབང་ནི་ངོ་བོ་དང། །ངེས་ཚིག་དབྱེ་བ་ཆོ་གའོ། །ངོ་བོ་གཞན་ལས་ཐོབ་བྱ་སྟེ། །ངེས་ཚིག་དྲི་འཁྲུད ་ངེས་པར་འཇོག་།དབྱེ་བ་ཐུན་མོང་ཁྱད་པར་གྱིས། །བདུན་དང་གསུམ་དུ་ཤེས་པར་བྱའོ། །ཆོ་ག་སྦྱོར་བ་དངོས་གཞིའོ། །སྒྲུབ་པ་ལམ་དང་འབྲས་བུ་སྟེ། །ལམ་ནི་ལས་དང་ཡེ་ཤེས་སོ། །ལས་རྒྱའི་ངོ་བོ་དབྱེ་བ་དང། །ཉམས་སུ ་བྱང་བའི་ཆོ་གའོ། །ངོ་བོ་ནུས་པ་སྐྲ་ལྡན་པ། །དབྱེ་བ་གཞན་གྱི་རིགས་ལ་སོགས། །ཉམས་བླང་བསྙེན་སྒྲུབ་སྒྲུབ་པའོ། །ཡེ་ཤེས་ཕྱག་རྒྱའི་ངོ་བོ་ནི། །རང་གི་སེམས་ཀྱིས་བརྟགས་པ་སྟེ། །དབྱེ་བ་དཀྱིལ་འཁོར་རྣམ་གསུམ་མོ། ་?་སྔོན་འགྲོ་དངོས་དང་འཇུག་།དངོས་ནི་བསྐྱེད་དང་བསྒོམ་པའོ། །བསྒོམ་པ་དངོས་ཞེན་རྣམ་གཉིས་དང། །ཞེན་བྲལ་དག་པ་སྒོམ་པའོ། །རྗེས་ནི་མཉམ་ལངས་ཆོས་ཡིན་ཏེ། །ནང་གི་རྣམ་པ་ཕྱིས་སྦྱར་ནས། །ལུས་ངག་ཡིད ་ཀྱིས་བྱས་པའོ། །འབྲས་བུ་འདོད་དང་གཟུགས་ཁམས་ཀྱི། །མཐར་ཐུག་ཐོབ་པར་འགྱུར་བའོ། །དོན་དམ་བདེན་པ་ལ་བརྟེན་པ། །ལྟ་བ་ལམ་དང་འབྲས་བུའོ། །ཆོས་ཉིད་མི་མཐུན་ཕྱི་ནང་གི་།ལོག་པར་རྟོག་པ་བསྟན་པའོ། །མཐུན ་པ་གཉིས་སུ་མེད་སྒྲུབ་པ། །ངོ་བོ་དབྱེ་བ་མཚོན་བྱེད་དང། །དཔེ་ཡིས་རྣམ་པར་ཤེས་པར་བྱ། །ངོ་བོ་མི་རྟོག་ཡེ་ཤེས་ཏེ། །དེ་ཡང་བེམ་པོ་ལོག་པའོ། །དབྱེ་བ་ཆོས་ཅན་དག་གི་ནི། །སྟོང་པ་ལྔ་དང་ཐིག་ལེ་དྲུག་།སྤང་བྱ་སོགས་པས ་ཤེས་པར་བྱ། །མཚོན་བྱེད་སྒྲ་དང་མཚན་མ་སྟེ། །ེ་པཾ་ཨ་ལ་སོགས་པ་དང། །དེ་རུ་མཚོན་པའི་དབྱིབས་དག་གོ་།དཔེ་ནི་པྲ་ཏི་སེ་ན་སོགས། །འཇིག་རྟེན་དཔེ་ལས་འདས་པའོ། །ཆོས་ཅན་རྩ་རླུང་སེམས་དག་གི་།གནས་ལུགས ་ཤེས་པར་བྱེད་པའོ། །ལམ་ནི་དབང་དང་སྒྲུབ་པའི་ཐབས། །དབང་ནི་འཇིག་རྟེན་ལས་འདས་ཏེ། །ངོ་བོ་རང་གི་བྱང་ཆུབ་སེམས། །བླ་མའི་རྐྱེན་གྱིས་དོ་ཤེས་པ། །ངེས་པའི་ཚིག་ནི་གོང་དང་མཚུངས། །དབྱེ་བ་དངོས་དང་བརྟག་པ་སྟེ།། ་དང་པོ་སངས་རྒྱས་དུས་སུ་སྟེ། །བརྟག་པ་ད་ལྟ་རྒྱུ་དུས་སོ། །ཆོ་ག་བྱེད་དང་བྲལ་ན་ཡང། །རེ་ཤིག་དཔེ་དང་བརྡ་ཚིག་གིས། །ཕྱི་ཡི་རྣམ་པར་རྟོག་པའོ། །སྒྲུབ་པ་ཕྱག་རྒྱ་ཆེན་པོ་སྟེ། །ངོ་བོ་མི་རྟོག་ཡེ་ཤེས་སོ། །དབྱེ་བ་རྣམས ་གསུམ་བདག་ཉིད། །ཉམས་བླང་རྒྱུ་དང་ངོ་བོ་དང། །དབྱེ་བའི་ཚུལ་དུ་བསྟན་པའོ། །རྒྱུ་ནི་རྐྱེན་གསུམ་ངོ་བོ་དང། །མི་རྟོག་པ་ལ་དམིགས་པའོ། །དབྱེ་བ་ཡན་ལག་དྲུག་ཡིན་ཏེ། །སྤང་བྱ་སྤོང་བྱེད་ཐོབ་བྱ ་ཡིས། །ལམ་ནི་ཡན་ལག་དེར་བསྡུས་ན། །གདམས་ངག་མཚན་ཉིད་རྟགས་འབྲས་བུ། །སོ་སོའི་དབྱེ་བ་ལ་སོགས་ཀུན། །སྒྲུབ་བཞིའི་ཚུལ་དུ་སྒོམ་པའོ། །འབྲས་བུ་སྤངས་ཐོབ་ཕུན་ཚོགས་པའོ། །སངས་རྒྱས་སྐུ་བཞི་ལ་སོགས ་པའི། །གདུལ་བྱའི་སྒོ་ནས་དག་བྱ་ཡིས། །རྣམ་ཐར་ལ་སོགས་ལམ་གྱིས་སོ། །དེ་ནི་བརྗོད་བྱ་མདོར་བསྡུས་པའོ། །རྗོད་པར་བྱེད་པའི་ཚིག་དག་ནི། །གཞུང་ཚད་གྲངས་དང་བཤད་ཚུལ་བསྡུ། །གཞུང་ཚད་རྒྱུད་དང་འགྲེལ ་པའོ། །གྲངས་ནི་རྒྱུད་ཀྱི་ལེའུ་གྲངས་ཏེ། །མདོར་བསྡུས་དང་ནི་བསྡུས་དོན་ནོ། །རྒྱས་པར་བཤད་པ་འབྲེལ་པས་སོ། །རྒྱུད་ཀྱི་ལེའུ་རྣམ་ལྔ་ནི། །གྲངས་ངེས་གོ་རིམས་ངེས་པ་ཡང། །རྒྱུད་གསུམ་དག་གི་གྲངས་དག་དང། ། ་གཞན་གཞུག་དངོས་པོའི་རིམ་པ་དང། །རྣལ་འབྱོར་སྙོམས་ཞུགས་རགས་ཕྲ་དང། །དམན་པ་མཆོག་གི་གོ་རིམས་སོ། །འགྲེལ་པ་རྣམ་གསུམ་བཤད་པ་ཡང། །གྲངས་ངེས་ལུས་ལ་རྩ་དག་དང། །དེ་ཡི་ཆས་ཕྱེ་དགུས ་མའི་དབུགས། །མཚན་དང་དཔེ་བྱད་ཏིང་འཛིན་དང། །གོ་རིམས་སོ་སོའི་རྣམ་འགྲེལ་ལོ། །བཤད་ཐབས་མཛའ་དྲུག་མཚན་ཉིད་དེ། །དེ་ཡང་དྲང་དོན་ངེས་དོན་ནོ། །དོན་བསྡུས་རྒྱུད་གསུམ་དག་ཏུ་ནི། །སྤྱི་རུ་བསྡུས་དང་སོ་སོ་དང། ། ་དངོས་དང་ཕལ་པའི་ཚུལ་དུ་སྟེ། །ཡན་ལག་དེ་དང་དེར་ཤེས་བྱ། །དམ་པའི་དྲིན་གྱིས་ངེས་གསལ་བའི། །དམ་པའི་ལམ་འདིས་སེམས་ཅན་ལ། མི་ཡི་སྐྱེ་བ་འདི་ཉིད་ཀྱིས། །བྱང་ཆུབ་མྱུར་ཐོབ་ངེས་པར་ཤོག་།དཔལ་དུས་ཀྱི་འཁོར ་ལོའི་སྡོམ་ཚིག་པཎྜི་ཏ་ཆེན་པོ་ཨ་གྷཡཱ་ཀ་རས་མཛད་པ་རྫོགས་སོ།། །པཎྜི་ཇོ་བོ་རི་བོ་དང། །སྒྲ་སྒྱུར་གྱི་ལོ་ཙཱ་བ་ཁེར་ཁང་འཁོར་ལོ་གྲགས་ཀྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ ་