| Wylie | e-texts based on the ACIP/ALL Input |
གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨནྟ་རྨཉྫ་རི་ནཱམ། བོད་སྐད་དུ། ནང་གི་སྙེ་མ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ནང་མི་ཤེས་པས་འགྲོ་བ་མ་ལུས་འཆིང་དབང་གྱུར།། ་དེའི་ཕྱིར་ཐམས་ཅད་མཁྱེན་པས་ནང་གི་ཐུགས་རྗེས་གསུངས། །དེ་ཡང་རྟོགས་དཀའ་གཞུང་མང་སྐྱེ་བོས་ཤེས་མི་ནུས་།དེ་བས་བཏུས་ཏེ་རྟོགས་བླ་ཅུང་ཟད་བདག་གིས་བྲི། །བརྟན་དང་གཡོ་བའི་འཇིག་རྟེན་ལྟར། །ནང་དང་དཀྱིལ ་འཁོར་དེ་བཞིན་ནོ། །དེ་ཤེས་པས་ནི་ལུས་གནས་དང། །གྲོལ་ཕྱིར་ནང་གི་སྙེ་མའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང ་འཁྲུག་པའི་དབང་དུ་གྱུར་པ། བདག་དང་བྱེད་པ་པོ་མེད་ཀྱང་བདག་དང་བདག་གི་བའི་རྟོག་པའི་མལ་སྟན་ལ་ཉལ་ཞིང་རང་བཞིན་གྱིས་དག་པའི་སངས་རྒྱས་ཀྱི་བདག་ཉིད་རང་ལུས་མ་རྟོགས་པས་དུག ་དང་འདྲ་བའི་སྤྱོད་ཡུལ་གྱི་རོ་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་ལ་སྙིང་རྗེས་གསུངས་པ། འཇིག་རྟེན་ནི་རྣམ་པ་གཉིས་ཏེ་བརྟན་པ་དང་གཡོ་བའོ། །དེ་ལ་བརྟན་པ་ནི་ས་གཞིའི་དབུས་སུ་རི་རབ་སྟེ་དེ་བསྐོར་བའི་གླིང་བདུན ་ནས། མཚོ་བདུན་དང། རི་བདུན་དང། སྟེང་དུ་མཐོ་རིས་དང། འོག་ཏུ་ས་འོག་གོ་།དེ་ལ་རི་རབ་ནི་ལུས་ཀྱི་རྒལ་ཚིགས་ཏེ་རྐེད་པ་ནས་ཚིགས་པ་དང་པོའི་བར། སྤྱི་གཙུག་ནི་ཚངས་པའི་གནས་སོ། །མཐོ་རིས་ནི་འཁུར ་བའི་བར་རོ། །མི་ཡུལ་ནི་ལག་པ་གཉིས་ཀྱི་བར་རོ། །ས་འོག་ནི་རྐང་པ་གཉིས་ཀྱི་བར་རོ། །བ་ཚྭའི་རྒྱ་མཚོ་ནི་དྲི་ཆུའོ། །ཆང་གི་མཚོ་ནི་རྡུལ་ལོ། །ཆུའི་མཚོ་ནི་མཆིལ་མའོ། །འོ་མའི་མཚོ་ནི་བུད་མེད་ཀྱི་ནུ་ཞོ་དང་སྐྱེས་པའི ་སྣབས་སོ། །ཞོའི་མཚོ་ནི་གླང་པའོ། །མར་གྱི་མཚོ་ནི་ཚིལ་ལོ། །སྦྲང་རྩིའི་མཚོ་ནི་ས་བོན་ཏེ་མཚེ་བདུན་ནོ། །མཁྲིག་མ་གཉིས་དང། གྲུ་མོ་གཉིས་དང། དཔུང་མགོ་གཉིས་དང། བརླ་གཉིས་དང། པུས་མོ་གཉིས་དང། ལོང ་བུ་གཉིས་ཏེ་དུམ་བུ་བཅུ་གཉིས་ནི་ཛམྦུའི་གླིང་ཆེན་པོའོ། །དྲག་པོའི་གླིང་ནི་ཤའོ། །ཁྲུང་ཁྲུང་གི་གླིང་ནི་སྐྲན་ནོ། །མི་འམ་ཅིའི་གླིང་ནི་གློ་བའོ། །ཀུ་ཤའི་གླིང་ནི་ལྟོ་བའི་ཚིལ་ལོ། །དཀར་འོད་ཀྱི་གླིང་ནི་རྒྱུ་མའོ། །ཟླ ་བའི་གླིང་ནི་རྩ་རྣམས་ཏེ་གླིང་བདུན་ནོ། །རྡོ་རྗེའི་རི་རྣམས་ནི་རྐང་པ་དང་ལག་པའི་སེན་མོ་རྣམས་སོ། །གང་རི་ནི་ལག་པའི་རུས་པའོ། །དྲི་མེད་ནི་ལག་ངར་རོ། །ནོར་བུའི་འོད་ནི་དཔུང་པའི་རུས་པའོ། །དྲུག་བྲལ་ནི་རྐང་པའི ་རུས་པའོ། །མན་དྷ་ར་བ་ནི་རྗེ་དར་གྱི་རུས་པའོ། །འོད་སྔོ་ནི་བརླའི་རུས་པ་སྟེ། རི་བདུན་ནོ། །ས་དང་ཆུའི་འཁོར་ཡུག་གཉིས་བཤད་ཟིན་ཏོ། །མེའི་འཁོར་ཡུག་ནི་ཁྲག་གོ་།རླུང་གི་ཁོར་ཡུག་ནི་པགས་པ་རྣམས་སོ། །བཅུད་ཀྱི་འཇིག་རྟེན ་ལ་སྐྲ་རྣམས་ནི་གྲུབ་པ་ཐོབ་པ་སྟེ་མཁའ་ལ་སྤྱོད་པ་རྣམས་སོ། །མཆན་ཁུང་གི་སྤུ་ནི་ས་ལ་སྤྱོད་པ་རྣམས་སོ། །བྷ་ག་དང་ལིང་གའི་སྤུ་ནི་ས་འོག་ན་སྤྱོད་པའོ། །ལྷ་དང་འབྱུང་པོ་རྣམས་ནི་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའོ། །གཞུའི་དབྱིབས ་སྙིང་ཁར་གློག་སྟེ་ལྷོའི་མེའོ། །མགུལ་བའི་ཟླུམ་པོ་ལ་ཉི་མའི་མེ་སྟེ། ཁྱིམ་གྱི་བདག་པོའོ། །ལྟེ་བ་གྲུ་བཞི་པ་ཤ་ཟའི་མེ་སྦྱིན་སྲེག་གི་མཆོད་བྱའོ། །དཔྲལ་བར་ཡེ་ཤེས་ཀྱི་མེ་སྟེ། གང་ན་གཟའ་རྣམས་དང་སྐར་མ་རྣམས་གློག་ལ ་སོགས་པ་མེ་འཆར་བའོ། །གཙོ་བའི་ལམ་ནི་ཉི་མའོ། །བཤང་བའི་ལམ་ནི་ཟླ་བའོ། །ས་བོན་གྱི་ལམ་ནི་དུས་ཀྱི་མེའོ། །ཁ་ནི་སྒྲ་གཅན་ནོ། །མིག་གཡས་པ་ནི་མིག་དམར་རོ། །གཡོན་པ་ནི་ལག་པའོ། །སྣ་བུག་གཡས་པ་ནི་ཕུར་བུའོ། ། ་གཡོན་པ་ནི་པ་བསངས་སོ། །རྣ་བ་གཡས་པ་ནི་སྤེན་པའོ། །གཡོན་པ་ནི་མཇུག་རིང་སྟེ་འདིར་གཟའ་བཅུའོ། །སོ་སུམ་ཅུ་སོ་གཉིས་ལས་བཞི་ནི་མཚམས་ཀྱི་སྐར་མའོ། །སྟེང་དུ་བཅུ་བཞི་དང་འོག་ཏུ་བཅུ ་བཞི་ནི། རཱ་ཤི་འཁོར་ལོ་མཐོན་དམན་དུ་འཁོར་བའི་ཕྱིར་རོ། །ནམ་གྲུ་དང་བཅས་པ་ཕྱོགས་ཀུན་ཏུ་བདུན་བདུན་ཡིན་ལ། ཤར་ཕྱོགས་ཀྱི་དཀྱིལ་དུ་ཁྲུམས་སྨད་དེ། དེ་ནས་གཡོན་སྐོར་དུ་དབྱུག་པ་ལ་སོགས་པའོ། །ལོ ་གཅིག་གི་ཉིན་ཞག་ནི་སུམ་བརྒྱ་དྲུག་ཅུའོ། །ནང་དུ་དབུགས་དྲུག་གི་ཆུ་སྲང་གཅིག་།ཆུ་སྲང་དྲུག་ཅུ་དབྱུ་གུ་གཅིག་སྟེ་དབུགས་སུམ་བརྒྱ་དྲུག་བཅུའོ། །དབྱུ་གུ་དྲུག་ཅུས་ཉིན་ཞག་གཅིག་སྟེ་དབུགས་ནི་ཉི་ཁྲི་ཆིག་སྟོང་དྲུག ་བརྒྱའོ། །འཇིག་རྟེན་གྱི་ཁམས་ལ་ཆུ་བོ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་དོ་རྒྱུ་པའོ། །རྒྱུ་མ་ནི་སྤྲིན་ཏེ་རོའི་འཆར་འབབ་པ་སྒྲ་སྒྲོགས་པའི་ཕྱིར་རོ། །ཕྲ་བ་དང ་པགས་པའི་སྤུ་ནི་ཚེས་གཅིག་དང་གཉིས་སོ། །དེ་ལྟར་པགས་པ་ནི་ཚེས་གསུམ་དང་བཞིའོ། ཁྲག་ནི་ཚེས་ལྔ་དང་དྲུག་གོ་།ཤ་ནི་ཚེས་བདུན་དང་བརྒྱད་དོ། །རྩ་ནི་ཚེས་དགུ་དང་བཅུའོ། །རུས་ལ་ནི་ཚེས་བཅུ་གཅིག་དང་བཅུ་གཉིས་སོ། །རྐང ་མར?་ནི་ཚེས་བཅུ་གསུམ་དང་བཅུ་བཞིའོ། །ཆ་བཅུ་དྲུག་པ་ནི་ཉའོ། །ས་ལས་བྱུང་བ་རྣམས་ནི་བརྟན་པ་སྟེ། ནང་དུ་སྤུ་རྣམས་སོ། །རླུང་ལས་བྱུང་བ་ནི་སྒོ་ང་ལས་སྐྱེས་པ་སྟེ་ནང་དུ་ཤིག་རྣམས་སོ། །ཆུ་ལས་བྱུང་བ་ནི་དྲོད་གཤེར་ལས་སྐྱེས ་པ་སྟེ་ནང་དུ་སྲིན་དུ་རྣམས་སོ། །མེ་ལས་བྱུང་བ་ནི་ས་བོན་ལས་སྐྱེས་པ་སྟེ་ནང་དུ་ས་བོན་ཉིད་དོ། །ནམ་མཁའ་ལས་བྱུང་བ་ནི་བརྫུས་ཏེ་སྐྱེས་པ་སྟེ་ནང་དུ་སེམས་ཕྲ་མོའོ། །ཕྱི་རོལ་ཏུ་ཚེས་གཅིག་ལ་སོགས་པ་ལྔ་ལྔ་ནི་དགའ་བ་དང། ་?་པོ་དང། རྒྱལ་བ་དང། སྟོད་པ་དང། གང་བའི་མིང་ཅན་ཏེ་ནང་དུ་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་ཚུལ་དུ་དཔྱིད་ཟླ་འབྲིང་པོ་ལ་སོགས་པ་ལ་ལག་པ་གཡོན་པའི་མཐེ་ཆུང་གི་རྩེ་མོའི་ཚིགས་ལ་སོགས་པ་གསུམ་གསུམ་བཅོ་ལྔ ་ནི་དཀར་པོའི་ཕྱོགས་ཏེ་ནམ་མཁའ་ལ་སོགས་པའི་རིམ་པའོ། །ལག་པ་གཡས་པའི་མཐེ་བོང་གི་རྩ་བའི་ཚིགས་ལ་སོགས་པའི་རིམ་པས་ས་ལ་སོགས་པ་ནི་ནག་པོའི་ཕྱོགས་སོ། །དེ་ལྟར་ཟླ་བ་གཉིས་པའི་ཚེས་རྣམས་ནི་རྐང་པའི ་སོར་མོའི་ཚིགས་རྣམས་སོ། །དེ་བཞིན་དུ་སོགས་ཁ་ལ་སོགས་པར་ཡང་སྟེ་ལོ་གཅིག་ལ་ལན་དྲུག་ཏུ་འཁོར་རོ། །སྙིང་ཁར་ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བའོ། །ལྷོར་མིག་དམར་རོ། །བདེན་བྲལ་དུ་ལག་པའོ།། ་ནུབ་ཏུ་ཕུར་བུའོ། །རླུང་དུ་པ་བསངས་སོ། །བྱང་དུ་སྤེན་པའོ། །དབང་ལྡན་དུ་མཁའ་འགྲོ་མའི་ལོངས་སྤྱོད་ཀྱི་ཕྱེད་ལ་ཡང་སྤེན་པའོ། །ཕྱེད་གཞན་ལ་སྒྲ་གཅན་ནོ། །གཟའ་ནི་བདུན་ལ་བརྒྱད་པ་ནི་མཁའ་འགྲོ་མའི་ལོངས་སྤྱོད་དེ། ་སྤེན་པའི་ཚེས་ལ་ཐུན་དང་པོའི་ཕྱེད་ལ་སོགས་པའོ། །ལྟེ་བའི་གཞི་ནི་སྟོང་པ་སྟེ་དྲུག་ཅུ་ལ་ནི་དཀྱིལ་འཁོར་དྲུག་ཅུ་རྒྱུའོ། །དཔྲལ་བར་ཅུ་དྲུག་ལ། གཉིས་ན་སྟོང་པ་ཡིན་ལ། །བཅུ་བཞི་ནི་ཟླ་བའི་རྐང་པ་སྟེ་འབྱུང་བ་ལ་སོགས་པའི། །ཆུ་སྲང་དྲུག་ཅུ་དབྱུ་གུ ་གཅིག་།དབྱུ་གུ་དྲུག་ཅུ་ཉིན་ཞག་གཅིག་།དྲུག་ཅུ་དྲུག་ཅུས་བསྒྱུར་བའི་ཆུ་སྲང་སྟོང་ཕྲག་སུམ་བརྒྱ་དྲུག་ཅུ་ལུས་ལ་ཡོད་དོ། །ཕྱི་རོལ་དུ་ཉི་མ་ནི་ལོ་གཅིག་གིས་ཁྱིམ་བཅུ་གཉིས་འཁོར་རོ། །ལུས་ལ་ལྟེ་བའི་རྩ་བཅུ་གཉིས་ལ་ཉིན་ཞག་གཅིག ་གིས་སོ། །ཟླ་བ་གཅིག་ལ་དབྱུག་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་འཕོ་བ་གཅིག་གོ་།ལུས་ཀྱི་སྣ་བུག་གཅིག་ལ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་འཕོ་བ་གཅིག་གོ་།ཞག་མང་ཉུང་ལྟར་དབུགས་མང་ཉུང་གིས་སོ། །ཕྱི་རོལ་དུ་ཉི་མས་དཀྱིལ ་འཁོར་གཅིག་ལ་ལོངས་སྤྱོད་པ་ནི་ཞག་དྲུག་གི་དབྱུག་གུ་སུམ་བརྒྱ་དྲུག་ཅུའོ། །སྣ་བུག་ལ་དཀྱིལ་འཁོར་གཅིག་གི་ལོངས་སྤྱོད་ནི་དབུགས་སུམ་བརྒྱ་དྲུག་ཅུའོ། །སྣ་བུག་རེ་རེར་དཀྱིལ་འཁོར་ལྔ་རྒྱུ་སྟེ་དབྱུ་གུ་ལྔས་སོ། །སྣ་བུག་གཉི་གར ་འོག་ཏུ་སའི་དཀྱིལ་འཁོར་དང། གཡོན་དུ་ཆུའི་དང། གཡས་སུ་མེའི་དང། སྟེང་དུ་རླུང་གི་དང། དབུས་སུ་ནམ་མཁའ་ཨི་དཀྱིལ་འཁོར་རོ། །མཉམ་པར་རྒྱུ་བ་ནི་གཉི་ག་ལས་སོ། །དཀྱིལ་འཁོར་རེ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། ་དེ་ལ་ཐ་མར་བཅུ་གཅིག་བཞི་ཆ་དབུ་མར་མཉམ་པར་རྒྱུའོ། །སྣ་བུག་གཡོན་ནས་ནམ་མཁའ་ལ་སོགས་པ་དང། གཡས་ནས་ས་ལ་སོགས་པ་ནི་རིམ་པས་རྒྱུ་བའོ། །གཡོན་ནས་ནམ་མཁའ་ཨི་ལྷ་ནི་སྒྲ་གཅན་ནོ། ། ་གཡས་སུ་དུས་མེའོ། །དེ་བཞིན་དུ་རླུང་ལ་ཟླ་བ་དང་ཉི་མའོ། །མེ་ལ་ལག་པ་དང་མིག་དམར་རོ། །ཆུ་ལ་པ་བསངས་དང་ཕུར་བུའོ། །ས་ལ་མཇུག་རིངས་དང་སྤེན་པའོ། །རྐྱང་མ་ནི་ས་བོན་རྒྱུ་བའོ། །རེ་མ་ནི་ཁྲག་རྒྱུ་བའོ།། ་ལྟེ་བར་དེའི་ཕྱིར་བརྒྱད་དང་དེའི་ཕྱིར་བཅུ་གཉིས་དང་དེའི་ཕྱིར་དྲུག་ཅུ་རྩ་བཞིའོ། ལྟོ་བའི་སྟེང་དུ་སོར་ཕྱེད་དང་བཅུ་གསུམ་ན་སྙིང་ཀར་རྩ་འདབ་བརྒྱད་དང། འདིས་འཕོ་བ་ནི་ཐུན་རེ་རེར་དབྱུ་གུ་ཕྱེད་དང་བརྒྱད་ཀྱིས་དབུགས་བརྒྱ་ཕྲག་ཉེར་བདུན་གྱིས་སོ། །སྲོག་རླུང་ནི་སྣ་བུག ་གཡས་ནས་གྱེན་དུ་རྒྱུའོ། །ཐུར་སེལ་ནི་གཡོན་ནས་འོག་ཏུ་རྒྱུའོ། །ཤར་དུ་སྣར་མའི་རྩ་ལ་མཉམ་གནས་སོ། །མེར་གླང་ཆེན་གྱི་རྩ་ལ་གྱེན་དུ་རྒྱུའོ། །ལྷོར་དམར་སེར་གྱི་རྩ་ལ་ཁྱབ་བྱེད་དོ། །བདེན་བྲལ་དུ་རྒྱལ་གྱི་རྩ་ལ་ཀླུའོ། །ནུབ་ཏུ་རྒྱལ ་བའི་རྩ་ལ་རུ་སྒལ་ལོ། །རླུང་དུ་སྐུའི་རྩ་ལ་རྩངས་པའོ། །བྱང་དུ་ལུག་གི་རྩ་ལ་ལྷ་སྦྱིན་ནོ། །དབང་ལྡན་དུ་ཀུ་ཧའི་རྩ་ལ་ནོར་རྒྱལ་ལོ། །དབུས་མ་ལ་སྲོག་སྟེ་སྐྱེ་བོ་ཀུན་ལ་སྦྱར་རོ། །ཐུར་སེལ་ནི་དུང་ཅན་ལའོ། །གཡས་གཡོན་གྱི་སྲོག་རླུང ་གིས་སྟོབས་སྐྱེད་དོ། །ཐུར་སེལ་ནི་བཟའ་བཏུང་འོག་ཏུ་འཁྱེར་རོ། །མཉམ་གནས་ནི་རོ་མཉམ་པར་བྱེད་དོ། །གྱེན་རྒྱུ་པུས་གཡོ་བར་བྱེད་པ་དང། ཁས་གླུ་དང་ནོད་པ་ལ་སོགས་པ་དང། ལག་པ་དང་རྐང་པས་གར་དང་འགྲོ་བ་ལ་སོགས་པ ་བྱེད་དོ། །ཁྱབ་བྱེད་ནི་ཆུ་ལ་སོགས་པའི་དབང་གིས་ལུས་ལ་ནང་བྱེད་དོ། །ཀླུ་ཡིས་སྒྲེགས་པ་བྱེད་དོ། །རུ་སྦལ་གྱིས་རྐང་ལག་སྐུམ་པར་བྱེད་དོ། །རྩངས་པས་འཁྲུག་པ་དང་ཁྲོ་པར་བྱེད་དོ། །ལྷ་སྦྱིན་གྱིས་གཡལ་བར་བྱེད་དོ། །ནོར་རྒྱལ ་ནི་ཤི་བའི་ལུས་ཀྱང་མི་འདོར་བའོ། །རྩ་བརྒྱད་པོ་འདི་དག་ནི་བརྒྱ་བྱིན་ལ་སོགས་པ་ཕྱོགས་བདག་གི་རང་བཞིན་ཏེ་ཐུན་རྒྱུ་བའོ། །སྙིང་གི་སྟེང་སོར་ཕྱེད་དང་བཅུ་གསུམ་གྱི་མཐར་མགུལ་པ་ལ་འདབ་མ་སུམ་ཅུ་རྩ་གཉིས་ཏེ། བཞི་མི ་རྒྱུ་བའོ། །གཟའ་དང་བཅས་པའི་སྐར་མའི་འཁོར་ལོ་སྟེ། དབྱུ་གུ་དྲུག་ཅུ་ལས་དབྱུག་པ་ལ་སོགས་པ་ཉི་ཤུ་རྩ་བརྒྱད་ཀྱིས་བགོས་པས་ཐོབ་པ་དེ་དབྱུ་གུ་གཉིས་དང་ཆུ་སྲང་བརྒྱད་དེ་འདབ་མ་རེ་རེ་ལའོ། །མགུལ་པ་ནས་སོར་ཕྱེད་དང་བཅུ་གསུམ ་ནས་དཔྲལ་བ་སྟེ། དབུས་སུ་ཨ་དཀར་པོ་ཨ་ལ་སོགས་པ་བཅུ་དྲུག་གིས་བསྐོར་པའོ། །འདབ་མ་བཅུ་དྲུག་ལས། འདབ་མ་གཉིས་དོར་ནས་ཟླ་བའི་རྐང་པ་བཅུ་བཞིས་དབྱུ་གུ་དྲུག་ཅུ་ལ་སོགས ་པས་ཐོབ་པ་དབྱུ་གུ་བཞི་དང་ཆུ་སྲང་བཅུ་བདུན་འདབ་མ་རེ་རེ་ནས་རྒྱུའོ། །དེ་ནི་ཚེས་གཅིག་ལ་སོགས་པའོ། །དེ་ནས་སོར་བཞི་པའི་སྟེང་དུ་སྤྱི་གཙུག་པདྨ་བཞི་ཐུན་མཚམས་བཞི་སྟེ། སྟོང་པ་དང་ཤིན་ཏུ་སྟོང་པ་ལ་སོགས་པའི་རང ་བཞིན་ནོ། །གསང་གནས་སུ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་ཕྱི་རོལ་གྱི་བཅུ་དྲུག་ལ་དབྱངས་ཡིག་གནས་སོ། །དེའི་ནང་བཅུ་ནི་ཕུང་པོ་དང་ཁམས་ཀྱི་རང་བཞིན་ནོ། །དེའི་ནང་དུ་དྲུག་སྟེ་སྟོང་པའོ། །འཁོར་ལོ་དྲུག་གི་བརྒྱ་ལྔ་བཅུ་དྲུག་གོ་། ་འདིར་དབུ་མ་མ་བགྲངས་སོ། །དབུགས་ནི་ལྟེ་བ་དང། སྙིང་ཁ་དང། མགུལ་པ་དང། དཔྲལ་བ་དང། སྤྱི་གཙུག་དང། སྣ་བུག་དང། དབྱུ་གུ་དང། ཁྱིམ་དང། ཐུན་དང། སྐར་མ་དང། ཆོས་དང། ཐུན་མཚམས་དང། དཀྱིལ་འཁོར་ལྔས ་འབིགས་མས་དམིགས་པ་མེད་པ་བཅུ་གཉིས་ཀྱི་མཛའ་དང་བཅུ་དྲུག་གི་མཐར་རྒྱུའོ། །དེ་ནས་ལྡོག་གོ་།གང་གི་ཚེ་ཕྱི་རོལ་དུ་ཐུང་བ་སེར་བཅུ་གཉིས་རྒྱུ་བ་དེའི་ཚེ་ལྟེ་བའི་འོག་ཏུ་སོར་བཞི་རྒྱུའོ། །རྐང་པ་གཡོན་པའི་ཚིགས་གསུམ་འཁོར ་ལོ་གསུམ་སྟེ། ཟླ་བའི་ཚེས་ཀྱི་གྲངས་ཀྱིས་ལྷ་སུམ་ཅུ་སྟེ་སའི་ཁམས་སྙིང་སྟོབས་ལ་སོགས་པའི་དབྱེ་བས་སོ། །རྐང་པ་གཡས་པ་ཆུའི་ཁམས་དང། ལག་པ་གཡོན་པ་མེའི་ཁམས་དང། ལག་པ་གཡས་པ་རླུང་གི་ཁམས་ ་ཏེ་ལོ་གཅིག་ལ་བཅུ་གཉིས་སོ། །གཡོན་དང་གཡས་པའི་ལག་པ་དང་རྐང་པའི་སོར་མོ་རྣམས་ནི་ས་ལ་སོགས་པའོ། །སོར་མོའི་ཚིགས་གསུམ་ནི་སྙིང་སྟོབས་ལ་སོགས་པའོ། །མཐེ་བོང་སའོ། །སྡིགས ་མཛུབ་ཆུའོ། །གུང་མོ་མེའོ། །མིང་མེད་རླུང་ངོ། །མཐེའུ་ཆུང་ནི་ནམ་མཁའ་ཨོ། །སྐྲ་དང་བ་སྤུ་བྱེ་བ་ཕྱེད་དང་བཞི་ནི་ནམ་མཁའ་ཨོ། །མའི་ཁྲག་གིས་གསུམ་སྟེ། པགས་པ་དང། ཤ་དང། ཁྲག་གོ་།སྐུ་ལ་སོགས་པའི་རིགས་ནི་གསུམ ་སྟེ་ལྟེ་བར་འཁོར་ལོའི་རིགས་དང། མགུལ་པར་རིན་ཆེན་དང། གསང་བར་གྲི་གུག་གོ་།ཕའི་ས་བོན་གྱིས་གསུམ་སྟེ་རུས་པ་དང། རྐང་མར་དང། རྒྱུས་པའོ། །རིགས་ཀྱང་གསུམ་སྟེ། དཔྲལ་བར་པདྨ་དང། སྙིང་ཁར་རལ ་གྲི་དང། སྤྱི་གཙུག་ཏུ་རྡོ་རྗེའོ། །མངལ་དུ་ཟླ་བ་གཅིག་གི་བར་དུ་འབྱུང་བ་ལྔར་གྱུར་པའི་ས་བོན་འཕེལ་ལོ། །ཟླ་བ་གཅིག་གི་རྗེས་སུ་དེའི་མྱུ་གུ་སྙིང་ཁར་སྲོག་ལ་སོགས་པའི་གནས་ཕྲ་མོ་བཅུའོ། །ལྟེ་བར་དྲུག་ཅུ་བཞི་དང་དེའི ་ནང་དུ་འཕོ་བའི་རྩ་ནི་བཅུ་གཉིས་སོ། །དྲུག་ཅུ་རྩ་བཞི་འདི་དག་ལག་པ་དང་རྐང་པ་དང་ཁའི་གནས་དང་བྱེད་པའི་སྟེང་དུ་སོང་སྟེ། ཟླ་བ་གཉིས་ཚང་ནས་ལག་པ་ལ་སོགས་པ་ཅུང་ཟད་འབྱུང་ངོ། །རུ་སྦལ་གྱི་གནས་སྐབས་སུ ་འབུར་ལྔ་སྟེ་ལག་པ་གཉིས་དང་རྐང་པ་གཉིས་དང་མགུལ་པར་མགོ་བོ་རྐང་ལག་གི་ཚིགས་དྲུག་ལ་རྩ་ཕྲ་མོ་རྣམས་སོ། །ཟླ་བ་བཞི་ཚང་ནས་མགྲིན་པར་ལོངས་སྤྱོད་ཀྱི་རྩ་རྣམས་སོ། །ཟླ་བ་ལྔ་ལ་ཕག་གི་སྐབས་སུ་ཤ་ལ ་བརྟེན་ནས་རུས་པ་སུམ་བརྒྱ་དྲུག་ཅུ་དང། དེའི་ཚིགས་ཀྱང་སུམ་བརྒྱ་དྲུག་ཅུའོ། །ཁྲག་དང་བདེ་བ་ལ་སོགས་པའི་ཚོར་བ་དང། ཟླ་བ་དྲུག་ལ་མངོན་ཤེས་ཀྱིས་མ་ཆགས་པར་བྱེད། སྲིད་པའི་སྡུག་བསྔལ་ལ་སྨོད། སངས ་རྒྱས་ཀྱི་ལམ་ལ་བསྟོད། ཟླ་བ་བདུན་གྱིས་སྨིན་མ་དང་སྐྲ་དང་བ་སྤུ་དང་མིག་ལ་སོགས་པའི། སྐྱེ་མཆེད་ཚང་བའོ། །མངལ་གྱི་ཟླ་བའི་གཏིང་ལ་ཉིན་རེ་བཞིན་དུ་རྩ་བརྒྱད་ཕྲག་གཉིས་གཉིས་དང། གནང་སུམ་བརྒྱ་དྲུག་ཅུ་དང། ་རྐང་མར་དང་ལྕེ་སྲ་བའོ། །བརྒྱད་པ་ལ་བཤད་པ་དང་གཅི་བའོ། །དགུ་དང་བཅུ་གཉིས་ཀྱི་བར་སྐྱེ་བའི་དུས་སུ་མིའི་སེང་གེ་སྟེ། སྐྱེ་གནས་ཀྱིས་བསྡམས་པས་སྡུག་བསྔལ་མི་ཟད་པར་འགྱུར་རོ། །བཅུ་དྲུག་གི་བར་ཤིང་རྟ་བཅུ་པའི་དུའོ།། ་སྐྲ་དཀར་གྱི་བར་ཁྱབ་འཇུག་གོ་།རྒས་པ་ནི་སངས་རྒྱས་སོ། །འཆི་བའི་ཚེ་ཚངས་པ་ཅན་ཏེ་ཕུང་པོ་དང་ཁམས་ལ་སོགས་པ་སྟོང་པ་ཉིད་དུ་རོ་གཅིག་ཏུ་བྱེད་པའི་ཕྱིར་རོ། །དེ་ནི་ཞར་ལས་བྱུང་བའོ། །ལུས་ལ་ཤེས་རབ་དང་ཐབས་ནི ་རུས་པ་དང་ཤའོ། །ཆུ་དང་ཁྲག་གོ་།མེ་དང་གཅི་བས་སོ། །རླུང་དང་བཤང་བའོ། །ཟླ་མཚན་དང་ས་བོན་ནོ། །སྒྲ་དང་རྣ་བའོ། །དྲི་དང་སྣའོ། །གཟུགས་དང་མིག་གོ་།རོ་དང་ལྕེའོ། །རེག་བྱ་དང་ལུས་སོ། །ཆོས་ཀྱི་ཁམས་དང་ཡིད་དོ། ་བཤང་བ་འབབ་པ་དང་བཤང་ལམ་མོ། །འགྲོ་བ་དང་རྐང་པའོ། །འཛིན་པ་དང་ལག་པའོ། །སྨྲ་བ་དང་ངག་འོ། །བྱང་སེམས་མཉམ་པ་དང་ལྷའི་དབང་པོའོ། །བྷ་ག་དང་ལིང་གའོ། །ས་བོན་མཉམ་པ་དང་དུང་ཅན་མོའོ། །ས་ལ ་སོགས་པ་དང་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །འདིར་རྩའི་གཙོ་བོ་གསུམ་སྟེ་གཡོན་དུ་བརྐྱང་མ་ཟླ་བ་རྒྱུ་བའོ། །གཡས་སུ་རོ་མ་ཉི་མ་རྒྱུ་བའོ། །དབུས་སུ་དབུ་མ་སྒྲ་གཅན་རྒྱུ་བའོ། །སྣ་བུག་གཉིས་ལ་དཀྱིལ་འཁོར་ལྔ ་ལྔ་སྟེ། དེ་ལ་གཡོན་གྱི་དཀྱིལ་འཁོར་དུ་ནམ་མཁའ་ཨི་དཀྱིལ་འཁོར་དང་པོ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་དྲུག་ཕྱི་རོལ་དུ་རྒྱུ་བའོ། །འདི་སྒྲ་གཅན་དང་མི་བསྐྱོད་པའོ། །སྟེང་དུ་རླུང་གི་དཀྱིལ་འཁོར་གཉིས་པ་ལ ་དབུགས་སུམ་བརྒྱ་ཞེ་བརྒྱད་ཞེ་གསུམ་སེར་བཅོ་ལྔ་རྒྱུའོ། །འདི་དོན་ཡོད་གྲུབ་པ་དང་ཟླ་བའོ། །ལྷོར་མེའི་དཀྱིལ་འཁོར་གསུམ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་བཞི་རྒྱུའོ། །འདི ་རིན་འབྱུང་དང་ལག་པའོ། །བྱང་དུ་ཆུའི་དཀྱིལ་འཁོར་བཞི་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གསུམ་རྒྱུའོ། །འདི་འོད་དཔག་མེད་དང་པ་བསངས་སོ། །འོག་ཏུ་སའི་དཀྱིལ་འཁོར་ལྔ་པ་ལ་དབུགས་སུམ་བརྒྱ ་ཞེ་བརྒྱ་དང་ཞེ་གསུམ་སོར་བཅུ་གཉིས་རྒྱུའོ། །འདི་རྣམ་སྣང་དང་མཇུག་རིངས་སོ། །དབུགས་འདི་ནས་འཕོ་ནས་གཡས་པའི་འོག་ཏུ་སའི་དཀྱིལ་འཁོར་དང་པོར་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གཉིས་རྒྱུའོ ་འདི་སྒྱན?་མ་དང་སྤེན་པའོ། །བྱང་དུ་ཆུའི་དཀྱིལ་འཁོར་གཉིས་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་གསུམ་རྒྱུའོ། །མཱ་མ་ཀཱི་དང་ཕུར་བུའོ། །གཡས་སུ་མེའི་དཀྱིལ་འཁོར་གསུམ་པ་ལ་དབུགས ་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅུ་བཞི་རྒྱུའོ། །གོས་དཀར་མོ་དང་མིག་དམར་རོ། །སྟེང་དུ་རླུང་གི་དཀྱིལ་འཁོར་བཞི་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་སོར་བཅོ་ལྔ་རྒྱུའོ། །སྒྲོལ་མ་དང་ཉི་མའོ། །དབུས ་སུ་ནམ་མཁའ་ཨི་དཀྱིལ་འཁོར་ལྔ་པ་ལ་དབུགས་སུམ་བརྒྱ་ཞེ་བརྒྱད་དང་ཞེ་གསུམ་བཅུ་དྲུག་རྒྱུའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་དུས་ཀྱི་མེའོ། །དབུགས་ཀྱི་གྲངས་དང་ཞེ་གསུམ་པོ་ཐམས་ཅད་དང་པོ་ལྟར་རོ། །དཀྱིལ ་འཁོར་རེ་རེའི་འཕོ་བ་ལ་དབུ་མར་མཉམ་པར་རྒྱུ་བའི་དབུགས་བཅུ་གཅིག་དང་བཞི་ཆའོ། །གཡོན་ན་དཀྱིལ་འཁོར་ལྔས་ང་དྲུག་དང་བཞི་ཆ་གཅིག་གོ་།གཡས་པ་ལ་ཡང་ང་དྲུག་དང་བཞི་ཆ་གཅིག་གོ་།འཕོ་བ ་བཅུ་གཉིས་ཀྱི་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔའོ། །ཉིན་ཞག་གཅིག་ལ་དབུ་མར་རྒྱུ་བ་དང་བཅས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བའོ། །དེ་ལྟར་རང་བཞིན་དུ་རྒྱུ་བ་ལ་ཉི་མར་མི་ཤིས་པ་འབྱུང་སྟེ། སྣ་བུག་གཡས་པ་ན་ཉི་མ་ལྔ་པ་ལ་བར ་མེད་པར་རྒྱུ་བ་ན་ཚེ་ལོ་གསུམ་ལྷག་མར་ཡོད་དོ། །ཚེས་བཅོ་ལྔ་ལ་རྒྱུན་དུ་རྒྱུ་ན་ལོ་གཅིག་གོ་།ཚེས་ཉི་ཤུ་ལ་རྒྱུ་ན་ཟླ་བ་དྲུག་གོ་།ཚེས་ཉི་ཤུ་ལྔ་ལ་ཟླ་བ་གསུམ་མོ། །ཚེས་ཉི་ཤུ་དྲུག་ལ་རྒྱུ་ན་ཟླ་བ་གཉིས་སོ། །ཚེས་ཉི་ཤུ་བདུན་པ་ལ་རྒྱུ་ན་ཟླ་བ ་གཅིག་གོ་།ཉེར་བརྒྱད་ལ་རྒྱུ་ན་ཞག་བཅོ་ལྔའོ། །ཉེར་དགུ་ལ་རྒྱུ་ན་ཞག་བཅུ་པའོ། །སུམ་ཅུ་པ་ལ་རྒྱུ་ན་ཞག་ལྔའོ། །སོ་གཅིག་པ་ལ་རྒྱུ་ན་ཞག་གསུམ་མོ། །སོ་གཉིས་པ་ལ་རྒྱུ་ན་ཞག་གཉིས་སོ། །སོ་གསུམ་པ་ལ་རྒྱུ་ན་ཞག་གཅིག་གོ་།ཟླ ་བའི་མི་ཤེས་པ་བརྗོད་དེ་ཚེ་ལོ་གསུམ་ཡོད་པའི་སྣ་བུག་གཡོན་པ་ན་མི་ཤིས་པ་ཞག་གཅིག་དེས་མ་ཚང་བའི་ཟླ་བ་གཉིས་རང་བཞིན་དུ་རྒྱུའོ། །མི་ཤིས་པ་ཞག་གསུམ་དེས་མ་ཚང་བ་རང་བཞིན་ཟླ་བ་གཉིས་ནི་ཁྱིམ་དང་པོར་རོ། །གཉིས ་པ་ལ་ལྷག་མ་ཟླ་བ་སུམ་ཅུ་སྟེ། མི་ཤིས་པ་ཞག་བཞི་དེས་མ་ཚང་བ་ཟླ་བ་གཅིག་མི་ཤིས་པ་ཞག་ལྔ་རང་བཞིན་ཉེར་ལྔའོ། །མི་ཤིས་པ་ཞག་དྲུག་རང་བཞིན་ཉེར་བཞིའོ། །གསུམ་པ་ལ་མི་ཤིས་པ་ཞག་བདུན་རང་བཞིན་ཞག་ཉེར་གསུམ ་མོ། །མི་ཤིས་པ་ཞག་བརྒྱད་རང་བཞིན་ཉེར་གཉིས་སོ། །མི་ཤིས་པ་ཞག་དགུ་རང་བཞིན་ཉེར་གཅིག་གོ་།བཞི་པ་ལ་མི་ཤིས་པ་ཞག་བཅུ། རང་བཞིན་ཉི་ཤུ་པའོ། །མི་ཤིས་པ་བཅུ་གཅིག་རང་བཞིན་བཅུ་དགུའོ། །མི་ཤིས་པ་བཅུ་གཉིས་རང ་བཞིན་བཅོ་བརྒྱད་དོ། །ལྔ་པ་ལ་མི་ཤིས་པ་བཅུ་གསུམ་རང་བཞིན་བཅུ་བདུན་ནོ། །མི་ཤིས་པ་བཅུ་བཞི་པས་རང་བཞིན་བཅུ་དགུའོ། །མི་ཤིས་པ་བཅུ་གཉིས་པས་རང་བཞིན་བཅོ་བརྒྱད་དོ། །ལྔ་པ་ལ་མི་ཤིས་པ་བཅུ་གསུམ་རང་བཞིན ་བཅུ་བདུན་ནོ། །མི་ཤིས་པ་བཅུ་བཞི་རང་བཞིན་བཅུ་དྲུག་གོ་།མི་ཤིས་པ་བཅོ་ལྔ་རང་བཞིན་བཅོ་ལྔའོ། །དྲུག་པ་ལ་མི་ཤིས་པ་བཅུ་དྲུག་རང་བཞིན་བཅུ་བཞིའོ། །མི་ཤིས་པ་བཅུ་དྲུག་རང་བཞིན་བཅུ་བཞིའོ།། ་མི་ཤིས་པ་བཅུ་བདུན་རང་བཞིན་བཅུ་གསུམ་མོ། །མི་ཤིས་པ་བཅོ་བརྒྱད་རང་བཞིན་བཅུ་གཉིས་སོ། །བདུན་པ་ལ་མི་ཤིས་པ་བཅུ་དགུ་རང་བཞིན་བཅུ་གཅིག་གོ་།མི་ཤིས་པ་ཉི་ཤུ་རང་བཞིན་བཅུའོ། ། ་། །མི་འདོད་པ་ཉེར་གཅིག་རང་བཞིན་དགུའོ། །བརྒྱད་པ་ལ་མི་འདོད་པ་ཉེར་བཞི་རང་བཞིན་དྲུག་དང་ཟླ་བ་གཉིས་སོ། །དགུ་པ་ལ་མི་འདོད་པ་ཉེར་བདུན་རང་བཞིན་ཞག་གསུམ་དང་ཟླ་བ་གཉིས་སོ། །བཅུ་པ་ལ་མི ་འདོད་པ་སུམ་ཅུ་རང་བཞིན་ཟླ་བ་གཉིས་སོ། །བཅུ་གཅིག་པ་ལ་མི་འདོད་པ་སོ་གསུམ་རང་བཞིན་ཉེར་བདུན་ཟླ་བ་གཅིག་འདབ་མ་བཅུ་གཉིས་པ་ལ་ཐོག་མའི་ལྷ་ག་མ་ཟླ་བ་གསུམ་གྱི་ཐ་མའི་ཞག་གསུམ་ལས་ཞག་གཉིས་སྣ་བུག ་གཡས་པ་ནས་རྒྱུ་སྟེ་གཅིག་ནི་དབུ་མར་རྒྱུའོ། །འདབ་མ་དང་པོ་ལ་ཟླ་བ་དྲུག་ཟད་དེ་ལྷག་མའི་འདབ་མ་རྣམས་སུ་གསུམ་གསུམ་མོ། །ནད་མེད་པ་རྣམས་ཀྱི་ཁམས་སྙོམས་པ་ཡིན་ལ། མི་སྙོམས་པའི་ཚེ་སྲོག་མི་སྙོམས ་པས་ཉི་མ་དང་ཟླ་བའི་སྐྱོན་གྱིས་དུས་མ་ཡིན་པར་འཆིའོ། །དེ་བས་ས་བོན་དང། ཟླ་མཚན་གྱི་ཆོས་ཅན་ཟླ་བ་དང། ཉི་མས་སྲོག་རྩོལ་གང་བར་བྱས་ལ་འཆི་བ་བསླུ་བར་བྱའོ། །ཉི་མའི་འཆི་ལྟས། །ལ་ཚེས་ལྔ་ལ་སོགས་པ ་བཤད་པས། ད་ནི་འདིར་མ་བཤད་པ་བརྗོད་པར་བྱའོ། །ཉིན་ཕྱེད་དང་ཉིན་གཅིག་དང་ཉིན་ཞག་གཉིས་དང་གསུམ་དང་བཞི་ཐུག་པ་སྣ་བུག་གཡས་པ་ལ་རྒྱུ་ན་དེ་ལ་ཚེ་ལོ་ནི་བཅུ་བཞི་དང་གཉིས་དང་བཅུ་དང་བརྒྱད་དང་དྲུག་དང ་བཞི་ལྷག་མའོ། །ཞག་ལྔ་ནས་ཉེར་ལྔའི་པར་དུ་མ་བཤད་པ་བཅུ་དྲུག་བཤད་དེ། དྲུག་བདུན་བརྒྱད་དགུ་རིམ་པར་རྒྱུན་ཚེ་ལོ་གསུམ་ལས་ཉིན་ཞག་ཉེར་བཞི་དང་ཞེ་བརྒྱད་དང་དོན་གཉིས་དང་གོ་དྲུག་རེ་འབྲིའོ། །ཉིན་ཞག་བཅུ་གཅིག་དང ་བཅུ་གཉིས་དང་བཅུ་གསུམ་དང་རྒྱུ་ན་ཚེ་ལོ་གཉིས་ལས་ཞག་ཉེར་བཞི་དང་ཞེ་བརྒྱད་དང་དོན་གཉིས་དང་གོ་དྲུག་དགུ་བྲིའོ། །ཞག་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་ཅུ་དགུ་རིམ་པར་རྒྱུ་ན་ཚེ་ལོ་གཅིག་ལས་ཞག་བཅུ་གཉིས་དང་ཉེར་བཞི་དང་སོར ་དྲུག་དང་ཞེ་བརྒྱད་དང་གོ་དྲུག་འབྲིའོ། །ཞག་ཉེར་གཅིག་དང་ཉེར་གཉིས་དང་ཉེར་གསུམ་དང་ཉེར་བཞི་རིམ་པས་རྒྱུ་ན་ཚེ་ཟླ་བ་དྲུག་ལས་ཞག་དྲུག་དང་བཅུ་གཉིས་དང་བཅོ་བརྒྱད་དང་ཉེར་བཞི་དང་ཞེ་བརྒྱད་འབྲིའོ། །རྩ་དབུ་མར་ཉིན་ཞག་གཅིག ་སྲོག་གི་རླུང་རྒྱུ་བར་མ་ནུས་ན་གཡོན་པའི་འཆི་ལྟས་ལ་དབུགས་གཡས་སུ་འཕོ་བར་བྱའོ། །ཉི་མའི་འཆི་ལྟས་ལ་གཡོན་དུ་འཕོ་བར་བྱའོ། །ཟླ་བ་ཕྱེད་ཀྱི་བར་དུ་མཚན་ཁུང་དང་ནུ་མ་གཡས་པ་མནན་ན་གཡོན་དུ་རྒྱུའོ། །མཚན་ཁུང་དང་ནུ་མ ་གཡོན་པ་མནན་ན་གཡས་སུ་རྒྱུའོ། །འཁོར་ལོ་དྲུག་ལ་གནས་པའི་རྩ་དྲུག་གོ་།གསང་བའི་འཁོར་ལོ་ལས་གསུམ་གྱེན་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་རྒྱུའོ། །གསུམ་འོག་ཏུ་བཤད་པ་དང་གཅི་བ་དང་ས་བོན་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན ་གྱི་མཇུག་མ་རྒྱུའོ། །སྦྱོར་བ་ཡན་ལག་དྲུག་གིས་འཁོར་ལོ་དྲུག་གི་ལྟེ་བར་གནས་པ་ལ་སྲོག་རླུང་འཇུག་པར་བྱས་ནས་མཛའ་གཅིག་ཏུ་འཆི་བ་བསླུའོ། །དབུ་མ་ལ་སྲོག་རླུང་འཇུག་པར་མ་ནུས་ན་འཆི་བ་བསླུ་བར་མི་ནུས་སོ། །ད་ནི་དུས་སུ ་འཆི་བ་བཤད་དེ་ཚེ་ལོ་བརྒྱའི་ཉིན་ཞག་ནི་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྟེ་འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འཆི་བའི་རླུང་འཇུག་པ་ན་འཁོར་ལོ་ལྔའི་རླུང་དྲུག་ཆ་གཅིག་བཞག་སྟེ་འཕོ་བའོ། །ལོ་བརྒྱའི་དྲུག་ཆ་ནི་བཅུ་དྲུག་དང་ཟླ་བ་བརྒྱད་དོ།། ་འཆི་བའི་རླུང་འཇུག་པའི་རིམ་པ་ནི་འདི་ལྟ་སྟེ། ལུས་ལ་དབུགས་ཀྱི་འཁོར་ལོ་ནི་དབུགས་དྲུག་གོ་།ཆུ་སྲང་གི་འཁོར་ལོ་ནི་ཆུ་སྲང་དྲུག་ཅུའོ། །དབྱུ་གུའི་འཁོར་ལོ་ནི་དབྱུག་གུ་དྲུག་ཅུའོ། །འཆི་ལྟས་ཀྱི་འཁོར་ལོ ་ནི་དུས་ཀྱི་ལོ་གསུམ་གྱི་ཞག་སྟོང་ཕྲག་གཅིག་དང་བརྒྱད་ཅུའོ། །དུས་སུ་འཆི་བའི་འཁོར་ལོ་ནི་ཞག་བརྒྱ་ཕྲག་བཅུ་གཅིག་དང་ལྔ་བཅུ་རྩ་དྲུག་སྟེ་དེ་ཡང་ལོ་གསུམ་ཞག་ནི་སྟོང་ཕྲག་གཅིག་བརྒྱད་ཅུ་དང་ཟླ་བ་ཕྱེད་དང་གཉིས་ཀྱིས་ཞེ ་ལྔ་དང་མངལ་གྱི་ཟླ་བ་གཅིག་གི་སུམ་ཅུ་དང་ལྟེ་བའི་ཞག་གཅིག་སྟེ་དེ་རྣམས་བསྡུས་པའོ། །འཁོར་ལོ་འདི་དག་ལ་འཆི་བའི་དབུགས་ཀྱི་ཚུལ་དང་ཆུ་སྲང་གི་ཚུལ་དང་དབྱུ་གུའི་ཚུལ་དང་ཉིན་ཞག་གི་ཚུལ་གྱིས་རིམ་གྱིས་འཇུག་གོ་།གང་ལ་ལོ ་བརྒྱ་ཐུབ་པ་འཆི་ལྟས་མེད་པ་དེ་ལ་སྐྱེ་ནས་ལོ་ཕྱེད་པ་གཉིས་ཀྱི་སྣ་བུག་གཉི་ཀ་འང་དབུགས་དཀྱིལ་འཁོར་ལྔ་རང་བཞིན་དུ་རྒྱུའོ། །དེ་ནས་ལོ་ཕྱེད་ཀྱི་མཐར་གཡོན་གྱི་ནམ་མཁར་དབུགས་གཅིག་མི་འདོད་པ་རྒྱུའོ། །དེ་ནས་ལོ་ཕྱེད་བཞི་པར ་མི་རྒྱུའོ། །དེ་ནས་ལོ་ཕྱེད་ལྔ་པ་ལ་གཡས་པའི་སའི་དཀྱིལ་འཁོར་ལ་དབུགས་གཉིས་མི་འདོད་པར་རྒྱུའོ། །དྲུག་པ་ལ་མི་རྒྱུའོ། །བདུན་པ་ལ་གཡོན་པའི་ནམ་མཁར་དབུགས་གསུམ་མོ། །བརྒྱད་པ་ལ་མི་རྒྱུའོ། །དེ་ལྟར་དགུ་པ་ལ་གཡས ་པའི་ས་ལ་དབུགས་བཞིའོ། །བཅུ་གཅིག་པ་ལ་མི་རྒྱུའོ། །བཅུ་གཅིག་པ་ལ་གཡོན་གྱི་ནམ་མཁར་དབུགས་ལྔའོ། །བཅུ་གཉིས་པ་ལ་མི་རྒྱུའོ། །བཅུ་གསུམ་པའི་གཡས་པའི་ས་ལ་དབུགས་དྲུག་རྒྱུའོ། །བཅུ་བཞི་པ་ལ་མི་རྒྱུའོ། །དེ་ནས ་དབུགས་ཀྱི་དཀྱིལ་འཁོར་གཅིག་སྟེ། ཆུ་སྲང་གཅིག་གི་ལོངས་མ་སྦྱང་པའི་ཟླ་བ་ཕྱེད་དང་གཉིས་ཀྱི་མ་ཆང་བ་ལོ་བདུན་སོང་ངོ། །དེའི་རྗེས་ལ་ལོ་དྲུག་བཅུའི་བར་ལོ་ཕྱེད་པ་རེ་རེ་བར་དུ་བོར་ཞིང་གཡོན་པའི་ནམ་མཁའ་ལྔ་བཅུ་རྩ ་དགུ་དང་སྣ་བུག་གཡས་པའི་སའི་དཀྱིལ་འཁོར་ལ་ཆུ་སྲང་དྲུག་ཅུ་སྟེ། རཱ་ཤིའི་འདབ་མ་དྲུག་དྲུག་མི་མཉམ་པ་དང་མཉམ་པ་རྣམས་ལའོ། །ཆུ་སྲང་དྲུག་ཅུ་ཉིད་དབྱུ་གུ་ཡིན་ནོ། །ལོ་དྲུག་ཅུ་བདུན་གྱི་རྗེས་ལ་ལོ་སུམ་ཅུ་པའི་བར་དུ་ཟླ་བ་གསུམ་གསུམ ་བར་དུ་འོད་ཞིང་དབྱུ་གུའི་ངོ་བོས་རྩ་ལ་རྒྱུའོ། །ལོ་ཕྱེད་པའི་ཕྱེད་གོང་མ་ལ་གཡོན་པའི་ནམ་མཁའ་ལ་དབྱུ་གུ་གཅིག་རྒྱུའོ། །ཕྱེད་འོག་མ་ལ་མི་རྒྱུའོ། །ལོ་ཕྱེད་པ་གཉིས་པའི་ཕྱེད་གོང་མ་ལ་སྣ་བུག་གཡས་པའི་ས་ལ་དབྱུ་གུ་གཉིས་རྒྱུའོ། །དེ ་ལྟར་ཟླ་བ་གསུམ་གསུམ་ན་གཡོན་པའི་ནམ་མཁའ་དང་གཡས་པའི་ས་ལ་རཱ་ཤི་འདབ་མ་དྲུག་དྲུག་ལི་དབྱུ་གུ་ང་དགུ་དང་དྲུག་ཅུ་འཆི་རྟགས་རྒྱུའོ། །དབྱུ་གུ་དྲུག་ཅུས་ཉིན་ཞག་གཅིག་གོ་།ཟླ་བ་ཕྱེད་དང་གཉིས་ཀྱིས་མ་ཚང་པའི་ལོ་གོ་བདུན་གྱི་རྗེས་སུ ་ཉིན་ཞག་གི་ངོ་བོས་ཉིན་ཞག་འཁོར་ལོ་རེ་རེ་སྔར་བཞིན་རྒྱུའོ། །ཞག་ལྔ་པ་ལ་རྒྱུ་ན་ཉི་མའི་ཚེ་ལ་ལོ་གསུམ་ལྷག་མ་ལུས་སོ། །ཞག་བཅུ་པ་ལ་རྒྱུ་ན་ལོ་གཉིས་སོ། །ཞག་བཅོ་ལྔ་པ་ལ་རྒྱུ་ན་ལོ་གཅིག་གོ་།ཞག་ཉི་ཤུ་པ་ལ་རྒྱུ་ན་ཟླ ་བ་དྲུག་གོ་།ཞག་ཉེར་ལྔ་རྒྱུ་ན་ཟླ་བ་གསུམ་མོ། །ཞག་ཉེར་དྲུག་རྒྱུ་ན་ཟླ་བ་གཉིས་སོ། །ཞག་ཉེར་བདུན་རྒྱུ་ན་ཟླ་བ་གཅིག་གོ་།ཉེར་བརྒྱད་རྒྱུ་ན་ཟླ་བ་ཕྱེད་དོ། །ཉེར་དགུ་རྒྱུ་ན ་ཞག་གཅིག་གོ་།སུམ་ཅུ་རྒྱུ་ན་ཞག་ལྔའོ། །སོ་གཅིག་རྒྱུ་ན་ཞག་གསུམ་མོ། །སོ་གཉིས་རྒྱུ་ན་ཞག་གཉིས་སོ། །སོ་གསུམ་རྒྱུ་ན་ཞག་གཅིག་ལུས་སོ། །སོ་བཞི་རྒྱུ་ན་འཆིའོ། །ཞག་གི་ཚོགས་ནི་བརྒྱ་ཕྲག་བཅུ་གཅིག་དང་ཉེར་ལྔ ་སུམ་ཅུ་སོ་ཕྱེད་དང་གསུམ་གྱིས་བགོས་པས་ཐོབ་པ་ཞག་སུམ་ཅུ་རྩ་ཕྱེད་དང་བཞི་དང། །དབྱུ་གུ་སོ་དྲུག་དང་ཆུ་སྲང་ཉེར་ལྔ་དང་དབུགས་གཉིས་སོ། །ཞག་རེ་རེ་དབྱུ་གུ་རེ་རེ་ལྷག་པ་རུ་རྒྱུའོ། །ཐ་མ་རྩ་གཡས་པ་ལ་རྒྱུ་སྟེ་དུས་སུ ་འཆི་བའི་ངེས་པའོ། །གཡོན་དང་གཡས་སུ་དབུ་མ་ནི། །སྟོབས་དང་རྡུལ་དང་མུན་པ་སྟེ། འཆི་བ་ནི་མུན་པའི་རྒྱུ་བ་གཟུང་སྟེ་གཡོན་དང་གཡས་སུ་རྒྱུའོ། །ང་ནི་དབུ་མའི་འཆི་ལྟས་བརྗོད་དེ་ཚེ ་ལྷག་མ་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་ཡོད་པའི་སྐྱེ་བོའི་སྣ་བུག་གཡོན་པར་འཆི་རྟགས་ཀྱི་ཉིན་ཞག་གཅིག་རྒྱུ་ལ་རང་བཞིན་ཡང་ཞག་གཅིག་རྒྱུའོ། །དེ་ནས་མི་འདོད་པ་ཞག་གསུམ་དང་རང་བཞིན་ཡང་ཞག་གསུམ། ་ཡང་མི་འདོད་པ་ཞག་ལྔ་ན་རང་བཞིན་ཞག་བདུན་ནོ། །མི་འདོད་པ་དགུ་རང་བཞིན་དགུའོ། །ཡང་མི་འདོད་པ་བཅུ་གཅིག་རང་བཞིན་བཅུ་གཅིག་སྟེ་རླུང་གི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་བཅུ་གསུམ་རང་བཞིན ་བཅུ་གསུམ་མོ། །དེ་ནས་མི་འདོད་པ་བཅོ་ལྔ་རང་བཞིན་བཅོ་ལྔའོ། །དེ་ནས་མི་འདོད་པ་བཅུ་བདུན་རང་བཞིན་བཅུ་བདུན་ཏེ་མེའི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་བཅུ་དགུ་རང་བཞིན་བཅུ་དགུའོ། །དེ་ནས་མི་འདོད་པ་ཉེར ་གཅིག་རང་བཞིན་ཉེར་གཅིག་གོ་།དེ་ནས་མི་འདོད་པ་ཉེར་གསུམ་རང་བཞིན་ཉེར་གསུམ་སྟེ་ཆུའི་དཀྱིལ་འཁོར་ཟད་དོ། །དེ་ནས་མི་འདོད་པ་ཉེར་ལྔ་རང་བཞིན་ཉེར་ལྔའོ། །དེ་ནས་མི་འདོད་པ་ཉེར་བདུན་རང་བཞིན་ཉེར་བདུན་ནོ། །དེ ་ནས་མི་འདོད་པ་ཉེར་དགུ་རང་བཞིན་ཉེར་དགུ་སྟེ། སའི་དཀྱིལ་འཁོར་ཟད་དོ། །གསུམ་གསུམ་དེ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སོ། །དེ་ནས་སྣ་བུག་གཡས་པ་ལ་མི་འདོད་པ་གཉིས་དང་རང་བཞིན་ཞག་གཉིས་སོ། ། ་མི་འདོད་པ་ཞག་བཞི་དང་དང་བཞིན་ཞག་བཞིའོ། །མི་འདོད་པ་ཞག་དྲུག་དང་རང་བཞིན་ཞག་དྲུག་སྟེ། སའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཞག་བརྒྱད་དང་རང་བཞིན་ཞག་བརྒྱད། མི་འདོད་པ་ཞག་བཅུ་རང་བཞིན་ཞག་བཅུ། མི་འདོད ་པ་ཞག་བཅུ་གཉིས་རང་བཞིན་ཞག་བཅུ་གཉིས་ཏེ་ཆུའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཞག་བཅུ་བཞི་རང་བཞིན་བཅུ་བཞི། མི་འདོད་པ་བཅུ་དྲུག་རང་བཞིན་བཅུ་དྲུག་།མི་འདོད་པ་བཅོ་བརྒྱད་རང་བཞིན་བཅོ་བརྒྱད་དེ་མེའི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཉི་ཤུ་རང་བཞིན་ཉི་ཤུ། མི ་འདོད་པ་ཉེར་གཉིས་རང་བཞིན་ཉེར་གཉིས་སོ། །མི་འདོད་པ་ཉེར་བཞི་རང་བཞིན་ཉེར་བཞི་སྟེ་རླུང་གི་དཀྱིལ་འཁོར་ཟད་དོ། །མི་འདོད་པ་ཉེར་དྲུག་རང་བཞིན་ཉེར་དྲུག་།མི་འདོད་པ་ཉེར་བརྒྱད་རང་བཞིན་ཉེར་བརྒྱད། མི་འདོད་པ་སུམ་ཅུ་རང་བཞིན་སུམ ་ཅུ་སྟེ་ནམ་མཁའ་ཨི་དཀྱིལ་འཁོར་ཟད་དོ། །དེ་ནས་གཡོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པའི་ཞག་སུམ་ཅུ་རང་བཞིན་སུམ་ཅུ་སྟེ། དེ་ནས་སྙིང་སྟོབས་ཀྱི་ཁམས་ཟད་དོ། །དེ་ནས་གཡས་པའི་རྣམ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པ་སོར ་གཉིས་རང་བཞིན་སོ་གཉིས་ཏེ་རྡུལ་གྱི་ཁམས་ཟད་དོ། །དེ་ནས་གཡོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མི་འདོད་པ་སོ་གསུམ་རང་བཞིན་སོ་གསུམ་སྟེ་མུན་པའི་ཁམས་ཟད་དོ། །བད་ཀན་གྱི་ཁམས་ཟད་པ་ནི་སྙིང་སྟོབས་ཀྱི་ཁམས་སོ། །མཁྲིས ་པའི་རྩ་ཟད་པ་ནི་རྡུལ་གྱི་ཁམས་སོ། །རླུང་གི་རྩ་ཟད་པ་ནི་མུན་པའི་ཁམས་སོ། །དེ་ལྟར་ཞག་བརྒྱ་ཕྲག་བཅུ་གཅིག་དང་ཉེར་གཉིས་སོ། །མངལ་གྱི་ཐ་མའི་ཟླ་བ་གཅིག་ཟད་པར་བྱ་བའི་ཕྱིར་སྣ་བུག་གཡས་པ་ལ་ཞག་གཉིས་རྒྱུའོ། །དབུགས ་ཀྱི་འཁོར་ལོ་ཟད་པར་བྱ་བའི་ཕྱིར་ཞག་གཅིག་དབུ་མ་ནས་རྒྱུའོ། །དེ་དག་ནི་ཞག་བརྒྱ་ཕྲག་བཅུ་གཅིག་དང་ཉེར་ལྔའོ། །རྩ་གཡོན་པ་འམ་གཡས་པ་ཆང་པས་མི་རྒྱུ་ན་ཚེ་ཟླ་བ་དྲུག་སྟེ་གཅི་བ་སྐྱུར་མོར་འགྱུར་རོ། །ཚེ་ཞག་དྲུག་པས་སྒྲ་མི ་ཐོས་སོ། །ཚེ་ཞག་ལྔ་པས་རོ་མི་ཚོར་རོ། །ཚེ་ཞག་བཞི་པས་གཟུགས་མི་མཐོང་ངོ། །ཚེ་ཞག་གསུམ་པས་དྲི་མི་ཚོར་རོ། །ཚེ་ཞག་གཉིས་པས་རེག་བྱ་མི་འཛིན་ནོ། །འཆི་བའི་དུས་སུ་ས་བོན་དང་དབུགས་སྟོངས་སོ། །ཞག་དྲུག་པའི་སྣའི ་རྩ་གླང་པོའི་སྣ་ལྟར་འོག་ཏུ་ཞུམ་མོ། །ལག་པ་མགོར་གཞག་ན་ལག་པ་མི་ཕྲའོ། །ལག་མཐིལ་གྱིས་ཚོས་མཉེས་ཀྱང་དམར་པོར་མི་འགྱུར་རོ། །ཉི་མ་ནག་པོར་མཐོང་ངོ། ཟླ་བ་གང་བ་སེར་པོར་མཐོང་ངོ ་ལྕེའི་འོག་ཏུ་རི་མོ་ནག་པོ་འབྱུང་ངོ། །མིག་ལ་ནག་པོ་དམར་པོའོ། །དཀྱིལ་འཁོར་རི་མོ་ཕྲ་མོ་སུབས་པར་འགྱུར་རོ། །དབུགས་སྣ་བུག་གཉིས་ཀར་རྒྱུའོ། །འགྲམ་པ་གཉིས་འཕྲིག་གོ་།དབུ་མའི་རྩ་གཉིས་མཚན་ཁུང་གི་ནང་འཇུག་གོ་། ་སྔར་མ་རྣམས་མེ་སྟག་འཕྲོ་བར་མཐོང་ངོ། །ལུས་དང་མགུལ་པ་རེངས་པར་འགྱུར་རོ། །ལུས་འཁོར་བ་ཞེས་འཆི་ལྟས་ཤེས་ནས་སྦྱིན་པ་ལ་སོགས་པ་བྱའོ། །འཇིག་རྟེན་དུ་བྱེད་པ་གང་ཡིན་པ་དེ་ཉིད་ཟད་པར་བྱེད་པ་ཡིན་ཏེ ་དེ་ལྟར་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་མངལ་དུ་ཁྲག་དང་ས་བོན་ལ་འཇུག་པ་དང་སྐྱེས་པ་དང་བྱིས་པ་དང་གཞོན་ནུ་ལ་སོགས་པ་སྐྱེ་བར་བྱེད་དོ། །འཆི་བའི་དུས་སུ་དེ་ཉིད་འོད་གསལ་དུ་ཐམས་ཅད་འཇུག་པར་བྱེད་དོ། །གང ་གི་ཕྱིར་ས་བོན་ལ་སོགས་པའི་རྟེན་ལ་གནས་པའི་རྣམ་ཤེས་ཀྱི་ཐམས་ཅད་སྡུད་པར་བྱེད་དོ། །གང་སྡུད་ཅེ་ན། ཟླ་བ་ས་བོན་དབང་ཕྱུག་དང། ཁྲག་ཉི་མ་སྟེ་རྟག་ཏུ་དགེ་བ་དང། རྐང་མར་དྲག་པོ་དང། གཅི་བ་ཁྱབ་འཇུག་དང། ་བཤད་པ་ཚངས་པ་དང་ས་ལ་སོགས་པའི་འབྱུང་བ་རྣམས་ཏེ་མངལ་ན་གནས་པའི་རྣམ་ཤེས་ཀྱིས་འདི་དག་སྡུད་པར་བྱེད་དོ། །ལྟེ་བའི་རྩའི་སྒོ་ནས་ལུས་ངག་ཡིད་སྐྱེས་པའི་ཕྱིར་དེ་དག་ཐམས་ཅད་ལུས་ལ་འདུས་ཏེ་ཡན་ལག ་ཀུན་སྐྱེད་དོ། །དབུགས་ཀྱི་ལྟེ་བ་ནས་འཐོན་པར་བྱེད་དོ། །སླར་ཡང་སྤྱི་གཙུག་ལ་སོགས་དྲུག་ལ་སྡུད་པར་བྱེད་དོ། །རྣལ་འབྱོར་གྱི་སེམས་ནི་བཤད་པ་དང་གཅི་བ་ལ་སོགས་པའི་ཁམས་ལུས་ལ་གནས་ནས་འཛུབ་དང་གསོད ་པ་ལ་སོགས་པ་སྡུད་པར་བྱེད་དོ། །སླར་ཡང་རྒྱུ་ལུགས་སྣ་ཚོགས་ཀྱི་གཟུགས་ཉིད་སྐྱེད་དོ། །ཡང་ན་འཆི་བའི་དུས་སུ་བསྡུས་ནས་ཉོན་མོངས་པ་དང་ལས་རྣམ་པ་སྣ་ཚོགས་པའི་དབང་གིས་སྐྱེ་བ་ཕྱི་མ་སྣ་ཚོགས་སྐྱེད་དོ། །ལུས་རྫོགས ་པ་ན་ཡུལ་དྲུག་ནི་གཟུང་བྱ་དང་དབང་པོ་དྲུག་དང་ལོ་དང་ཟླ་བ་དང་ཕྱོགས་ཉིན་མོ་ལ་སོགས་པའི་བྱེད་པའོ། །འོ་ན་འདི་ནི་ཀུན་རྫོབ་པ་ཡིན་པའི་ཕྱིར་བྱེད་པ་པོ་ལ་སོགས་པ་འདི་དག་གཞན་སྡུད་པ་ཡོད་དེ་དེ་ཡང་ལྷན་ཅིག་སྐྱེས་པའི་སྐུ་དོན ་དམ་པའོ་ཞེས་ནི་གཞན་ཟེར་རོ། །དེ་ནི་མ་ཡིན་ཏེ། གང་གི་ཚེ་སྡུག་བསྔལ་གྱི་ཕུང་པོ་ང་རྒྱལ་ཙམ་བདག་མ་ཡིན་ཏེ། དེས་ནི་མི་རྟག་པ་སྡུག་བསྔལ་བ། སྟོང་པ། བདག་མེད་པའི་ཕུང་པོ་ལ་སོགས་པ་ལ་ཡིད་དུ་འོང་བ་ལ་སོགས་པར་སྒྲོ་བཏགས ་ནས་འདོད་ཆགས་ལ་སོགས་པའི་འཆིང་བས་དར་གྱི་སྲིན་བུ་ལྟར་འཆིང་བར་བྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་ནས་རྟོག་པའི་དྲ་བ་འཛམས་ཏེ་གྲོལ་བར་བྱེད་དོ། །དེ་བས་ནས་བྱེད་པ་པོ་ལ་སོགས་པ་གང་ཡང་མེད་དོ། །འཁོར ་བའི་སེམས་ཀྱི་རང་བཞིན་བརྒྱད་དེ། ས་ལ་སོགས་པ་ལྔ་དང་ཡིད་བློ་དང་ང་རྒྱལ་ལོ། །དེ་ཡང་གསུམ་སྟེ། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་སོ། །དེ་ལ་རགས་པ་དང་ཕྲ་བ་དང་གཞན་དང་བཞི་པ་སྟེ། དེ་ལ་རགས་པ་ནི ་བེམས་པོའི་བག་ཆགས་ཅན་རགས་པར་ཞེན་པ་རྣམས་ལ་ཟད་པའི་དངོས་པོས་གཟུང་བའི་ཕྱིར་གནས་སྐབས་སོ། །ཕྲ་བ་ནི་རྨི་ལམ་གྱི་གནས་སྐབས་ཏེ་ཡིད་ཀྱི་དབང་པོས་སྒྱུ་མའི་དངོས་པོ་གཟུང་བའོ། །གཞན་ནི་ཤིན་ཏུ་གཉིད ་ལོག་པའི་གནས་སྐབས་ཏེ་དབང་པོ་ཐམས་ཅད་འགགས་པའི་ཕྱིར་རོ། །བཞི་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ་སྐྱེ་བ་འགོག་པའི་རྒྱུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། འདིར་ལྟ་བ་ལོག་པ་ནི་འཁོར་བ་དང། རྒྱུ་བདག་ཡིན་པ་དང། རྒྱུ་མི ་མཐུན་པ་དབང་ཕྱུག་གིས་འཁོར་བ་བྱས་ཞེས་པའོ། །ས་བོན་ལས་མྱུ་གུ་ལྟར་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་བ་དང། ཕ་མ་ལ་སོགས་པ་ཕན་འདོགས་པའི་ཞིང་དང། རྫོགས་པའི་སངས་རྒྱས་ལ་སོགས་པ ་ཡོན་ཏན་གྱི་ཞིང་དང། རྒྱུ་འབྲས་མི་སླུ་བ་ལ་ཡིད་ཆེས་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང། གང་ཟག་ཆོས་ཀྱི་བདག་མེད་བྱང་ཆུབ་ཀྱི་རྒྱུར་ཡིད་ཆེས་པ་ནི་འཇིག་རྟེན་ལས་འདས་པའི་ལྟ་བ་བསྐྱེད་པར་བྱའོ། །དྲན་པ་ཉེ་བར ་བཞག་པ་ལས། རང་གི་དགེ་དང་མི་དགེའི་ལས། ལུས་ངག་ཡིད་ཀྱི་བྱེད་པ་གང། །འཇིག་རྟེན་བདེ་འབྲས་ལ་ལོངས་སྤྱོད། །བྱེད་པ་པོ་གཞན་གང་ཡང་མེད། ཅེས་གསུངས་པའི་ཕྱིར་གྲོལ་བ་དང་འཆིང་བ་ཡང་རྟོག་པ་ཙམ་སྟེ། ་དེ་ཡང་རྟོག་མེད་ཀྱི་མཉམ་གཞག་ལ་མི་འབྱུང་ངོ། །ཇི་ལྟར་ཆུ་ལེན་པའི་ཕྱིར་བུམ་པ་ཁྱེར་བ་ནི་ནང་ཡོད་པའི་ནམ་མཁའ་མི་འགྲོ་སྟེ། དེ་ཅི་ཡང་མིན་པའི་ཕྱིར་རོ། །དེ་ལྟར་སེམས་ཀྱི་ཆོས་མི་སྐྱེ་མི་འགག་མི་འགྱུར་མི་རྒས་སོ། ། ་འཆི་བའི་དུས་སུ་སྙིང་སྟོབས་ཞི་བའི་སེམས་ཀྱིས་འཆི་བ་ན་ལྷར་སྐྱེ་བོ། །མུན་པ་འམ་དྲན་པའི་སེམས་ཀྱིས་དམྱལ་བར་སྐྱེའོ། །མི་དགེ་བ་འབྲིང་པོ་རྡུལ་གྱི་སེམས་ཀྱིས་དུད་འགྲོར་སྐྱེའོ། །དགེ་མི་དགེ་འདྲེས་མས་མིར་སྐྱེའོ། ། ་ཡོན་ཏན་གསུམ་འདྲེས་པ་ལས་སྙིང་སྟོབས་ལྷག་ན་ཡི་དགས་བཟང་པོར་སྐྱེ་བོ། །རྡུལ་ལྷག་ན་བར་མའོ། མུན་པ་ལྷག་ན་དམན་པར་རོ། །ལྷ་མ་ཡིན་ནི་ལྟར་འདུས་སོ། །མི་ནི་སྟོབས་ལྷག་ན་བདེ་བ་དང་ལྡན་ནོ། །རྡུལ་ལྷག ་ན་བདེ་སྡུག་ཅན་ནོ། །མུན་པ་ལྷག་ན་རྟག་ཏུ་སྡུག་བསྔལ་ལོ། །དེ་ལྟར་མཐོ་རིས་སུ་སྐྱེ་བ་ནི་རྣམ་པ་བརྒྱད་དེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཉི་ཟླ་དང་སྒྲ་གཅན་གྱི་ཟད་པར་བསྒོམ་པ་དང། སྦྱིན་པ་དང་ཚུལ་ཁྲིམས ་ལ་སོགས་པའི་སྟོབས་ཀྱིས་སོ། །ཕུང་པོ་བདག་ཏུ་བཟུང་བ་ལོངས་སྤྱོད་བདག་ཏུ་བཟུང་བས་རིགས་དྲུག་འཁོར་རོ། །བསླབ་པའི་མདོ་སྡེ་དང། རྟོགས་པའི་ཤེས་བྱ་དང། སྒྲ་བྱཱ་ཀ་ར་ཎ་དང། ཙྪན་ད་དང། ངེས་ཚིག་དང། རྩིས་ཏེ་ཡན་ལག་དྲུག་དང ་ལྡན་པའི་རིག་བྱེད་ནི་མ་རིག་པའོ། །དྲན་པ་རྣམས་ནི་ཤེད་བུ་ལ་སོགས་པའོ། །རྟོག་གེ་ནི་འཇིག་རྟེན་གྱི་རྟོག་པའོ། །དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་བསྒོམ་པ་ནི་རྟོག་བཅས་སོ། །རྒྱས་པའི་སྙན་དངགས་ནི་བྷ་ར་ཐའོ། །སྣ་ཚོགས་ཟོས་པའི ་སྙན་དངགས་ནི་བསྒོམ་པའི་ཆོས་སོ། །གྲོག་མའི་སྙན་དངགས་ནི་རཱ་མ་ནའོ། །བདུད་མདའི་སྙན་དངགས་ནི་ལོ་རྒྱུད་ཀྱི་ཆོས་ཏེ་འདི་དག་རིགས་པ་མ་ཡིན་ནོ། །ནང་གི་རིག་པ་ནི་རྣམ་པ་ཐམས་ཅད་དང་ལྡན་པ་ནི་སྟོང་པ་ཉིད་ཟག་པ་མེད་པའི་བདེ ་བའི་བདག་ཉིད་དམིགས་པ་མེད་པའི་སྙིང་རྗེ་རྒྱུ་དང་འབྲས་བུ་གཅིག་ཏུ་གྱུར་པ་གང་ལས་ཁམས་གསུམ་སྐྱེ་བ་དང་ཐིམ་པའོ། །དེ་ལ་གོམས་པའི་རྣལ་འབྱོར་པ་འབྲས་བུ་མ་ཐོབ་པར་འཆི་ན་བྱང་ཆུབ་སེམས་དཔའ་ཨི་རིགས་སུ་སྐྱེ་ཞིང་དང་པོར ་གོམས་པས་དཀའ་བ་མེད་པར་དེའི་ཡེ་ཤེས་ཐོབ་འོ། །དེ་ནས་མ་ཉམས་པའི་གོ་འཕང་ཐོབ་པོ། །འཆི་བའི་དུས་སུ་ཡང་སྔར་བྱས་པའི་དགེ་བའི་མཐུས་ཞེན་པ་མཛའ་དག་དང་བྲལ་བའི་སེམས ་ཀྱིས་འཆི་ན་ལྷར་སྐྱེའོ། །གང་གི་ཕྱིར་གང་ལ་ཞེན་པ་དེ་ཉིད་དུ་སྐྱེའོ། །ཡེ་ཤེས་སྐྱེ་བ་དང་ལོངས་སྤྱད་པའི་དུས་ནི་ཉི་མ་ཕྱེད་ནས་ནམ་ཕྱེད་ཀྱི་བར་རོ། །གང་གོམས་པས་ཉི་མ་ལྟར་གྱེན་དུ་རྒྱུའོ། །མཐོ་རིས་སུ་འགྲོ་བའི་ལམ་ནི་སྣང་བ་དང ་བཅས་པའོ། །གང་ཞིག་ཆོས་གང་ལ་འཇུག་པའི་བརྟུལ་ཞུགས་དང་སྙུང་གནས་ལ་དགའ་བ་དེའི་ཆོས་ལ་མངོན་པར་ཞན་པ་དེ་ནི་འཆི་བའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་བག་ཆགས་དང་བདེ་བ་ལ་སོགས་པའི་ཚོར ་བ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཀུན་གཞི་རྣམ་ཤེས་ནི་འཁོར་བར་འཁོར་རོ། །ཟླ་བ་ཉི་མའི་འཆི་ལྟས་ཀྱི་རྩ་ཆད་པ་ནི་སྣ་བུག་གཡོན་དང་གཡས་སུ་ཞག་སུམ་ཅུ་ས་གཉིས་ཀྱི་བར་རོ། །དུས་སུ་འཆི་བ་ལ་ཡང་ཞག་སོ ་གསུམ་གྱིས་ལུས་ངག་ཡིད་གསུམ་དང་ཕུང་པོ་ཁམས་དང་དབང་པོ་ལ་སོགས་པ་སྟོང་པར་རོ། །དེ་ནས་བརྐྱང་མ་དང་རོ་མ་སྤངས་ནས་སྲོག་རླུང་ཞག་གཅིག་དབུ་མར་ཞུགས་ཏེ་དབུ་མའི་ནང་དུ་དུས་ཀྱི་རླུང་གིས་མནན་པས་ལྟེ་བར་སྒྲ ་ལ་སོགས་པའི་ཡོན་ཏན་ལྔ་དང་ལྡན་པ་སྟོང་སྟེ་ས་འཆད་པར་འགྱུར་རོ། །སྙིང་ཁར་ཡོན་ཏན་བཞི་དང་ལྡན་པའི་ཆུ་དང་ཡང་ངོ། །དེ་ཆད་པར་བྱས་ནས་མགྲིན་པར་ཡོན་ཏན་གསུམ་དང་ལྡན་པའི་མེ་བཅད་དོ། །དཔྲལ་བར་ཡོན་ཏན ་གཉིས་དང་ལྡན་པའི་རླུང་བཏང་ནས། སྤྱི་གཙུག་ཏུ་ཡོན་ཏན་གཅིག་དང་ལྡན་པའི་ནམ་མཁའ་གཏོང་ངོ། །དེ་ལྟར་སྲོག་རླུང་གིས་གྱེན་དུ་ཁམས་གཏོང་ལུགས་སོ། །ལུས་ཀྱི་ཐིག་ལེ་ཆོས་ཅན་ཐུར་སེལ་འོག་ཏུ་གཏོང་སྟེ། སད་པའི ་གནས་སྐབས་ཟད་དོ། །གསང་གནས་སུ་ངག་གི་ཐིག་ལེའི་ཆོས་ཅན་གཏོང་སྟེ་རྨི་ལམ་གྱི་གནས་སྐབས་ཟད་དོ། །ནོར་བུས་སེམས་ཀྱི་ཐིག་ལེའི་ཆོས་ཅན་གཏོང་སྟེ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཟད་དོ། །དེ་ལྟར ་གྱེན་དུ་ཡང་སྙིང་མགུལ་དཔྲལ་བར་རྡུལ་གྱི་ཐིག་ལེ་རྣམས་སྲོག་གིས་གཏང་སྟེ་ལུས་ལ་སོགས་པ་འཆད་དོ། །ཐ་མར་དྲུག་པའི་ཡེ་ཤེས་ཀྱི་ཁམས་གཏོང་ངོ། །ཡན་ལག་ཀུན་ལས་ས་བོན་འོག་ཏུ་གཏང་བ་དང། རྡུལ་གྱེན་དུ ་སྟེ་བཞི་པའི་གནས་སྐབས་ཟད་དོ། །དེ་ལྟར་མངལ་ལས་སྐྱེས་པ་རྣམས་འཆིའོ། །དེས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་སྲུང་བ་བཤད་དེ། ལྟེ་བ་སྙིང་ཁ་མགུལ་པ་དང། དཔྲལ་བ་སྤྱི་གཙུག་པདྨ ་ལ། །ས་ཆུ་མེ་རླུང་ནམ་མཁའ་རྣམས། །སྡུད་པར་རབ་ཏུ་རྒྱུ་བ་ཡིན། ཕྱི་རུ་འབྱུང་དང་ནང་དུ་བསྡུ། །དེ་ནི་སྐྱེད་པས་ས་ལ་འཇུག་།སྲོག་གི་ནུས་པ་ནི་སྡུད་པས་ཕྱིར་འབྱུང་ལ་སྐྱེད་པས་ནང་དུ་འཇུག་གོ་།ཐུར་སེལ་གྱི་ནུས་པ་ཡང། །ལྟེ་བ་གཡས་ནས ་ནོར་བུའི་དང། །ལུས་ངག་ཡིད་ནི་རིམ་གྱིས་རྒྱུ། ཕྱི་རུ་འབྱུང་དང་ནང་རྒྱུ་ལ། །སྡུད་དང་སྐྱེད་པའི་རང་བཞིན་ནོ། །ཞེས་དབང་མདོར་བསྡུས་ལས་སོ། །དེ་བས་སངས་རྒྱས་ཀྱི་རང་བཞིན་ལུས་བསྲུང་བར་བྱའོ། །ལུས་མེད་ན་སྒྲུབ་པ་ཡང་མེད་ལ་ཟག་པ་མེད ་པའི་བདེ་བ་ཡང་མེད་དེ་བྱང་སེམས་བསྲུང་བའི་ཕྱིར་རྩའི་རྣལ་འབྱོར་ནི་རྐྱང་མ་དང་རོམ་ནས་དབུས་མར་སྲོག་རླུང་བསྒོམ་པ་དང། ཐུར་སེལ་དུད་ཅན་ལ་བསྒོམ་པར་བྱའོ། །འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་སྟོང་པ་ལ་དུ་བ་ལ་སོགས་པའི་ལམ་བླ ་མ་ལ་བསླབས་ཏེ་སྣ་ཚོགས་གཟུགས་བརྙན་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རྩའི་འཁོར་ལོ་རེ་རེར་སྲོག་དང་ཐུར་སེལ་ལ་བརྟན་པར་བྱའོ། །དེ་ནས་སྒྲ་གཅན་ལྟར་བྱང་སེམས་འགག་པར་བྱའོ། །སྲོག་དང་ཐུར་སེལ་སྦྱོར་ནུས་པའི་རྣལ་འབྱོར་གྱི ་ས་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ་པོ་དུས་མ་ཡིན་པའི་འཆི་བའི་མཚན་ཉིད་ཤེས་ནས། སྐྱེད་སྡུད་པ་ལ་གནས་པའི་སྲོག་དང་ཐུར་སེལ་བཀག་ལ་དབུ་དམར་སྒྲ་གཅན་དང་དུས་ཀྱི་མེའི་ནང་དུ་སྲོག་དང ་ཐུར་སེལ་འཇུག་པར་བྱའོ། །ཉིན་ཞག་གཅིག་དབུ་མའི་ནང་དུ་རྒྱུ་བར་ནུས་ན་དུས་མ་ཡིན་པར་འཆི་བ་སླུ་བར་བྱེད་དོ། །དེ་ལྟར་མ་ནུས་ན་བཙན་ཐབས་ཀྱིས་ཀྱང་བྱའོ། །ལྟེ་བར་རེ་བཞི་དང་གནས་གནས་ཀྱི་ཕྱི་རོལ་གྱི་བཅུ་དྲུག་གིས་རླུང ་བསྐྱེད་དེ། འདི་དག་ཁམས་སྙོམས་པར་བྱ་བའི་ཕྱིར་དང་རླུང་དང་གཟེར་ཞི་བར་བྱ་བའི་ཕྱིར་ཐུར་སེལ་བསྡམ་པར་བྱའོ། །དཔྲལ་བར་བཅུ་དྲུག་དང་སྤྱི་གཙུག་ཏུ་བཞི་སྟེ་ཉི་ཤུ་ནི་བད་ཀན་སྐྱེད་དོ། །དེ་དག་ཁམས་སྙོམས་པར་བྱ་བའི་ཕྱིར ་སྲོག་རླུང་གི་རྩོལ་བས་བསྡམ་པར་བྱའོ། །ཐོག་མར་སྲོག་དང་རླུང་དང་ཐུར་སེལ་ལན་གསུམ་བུས་ལ་ལྕེ་ཆུང་ལ་གཞག་སྟེ། ཕྱི་རོལ་གྱི་རླུང་ཡིད་ཀྱིས་དྲངས་ཤིང་བདུད་རྩི་འཐུངས་པས་མཁྲིས་པ་ཞི་པར་བྱེད་དོ། །སྙིང ་ཁར་བརྒྱད་མགུལ་པར་སོ་གཉིས་ནི་མཁྲིས་པ་སྐྱེད་དོ། །གསང་གནས་ཀྱི་བཅུ་ནི་འདུས་པ་སྐྱེད་དོ། །དེ་དག་སྙོམས་པར་བྱ་བའི་ཕྱིར་སྲོག་དང་ཐུར་སེལ་བསྡམ་པར་བྱའོ། །ཚང་པ་ལ་ཡང་ངོ། །སྲོག་གི་ཕྱིར་སྲོག་ནི་ལྟེ་བ་ནས་གྱེན་དུ་རྒྱུ་བ ་དང། ཐུར་སེལ་འོག་ཏུ་རྒྱུ་བ་འགོག་པ་དེས་རླུང་ལ་སོགས་པའི་སྐྱོན་ཐམས་ཅད་སེལ་ལོ། །བཤད་པོ་ང་དྲ་གཅི་བ་ས་བོན་གྱི་ལམ་འོག་ཏུ་ཐུར་སེལ་བསྡམས་ནས་ཟླ་བ་དང་ཉི་མ་དང་མེའི་ཁམས་གྱེན་དུ་སྲོག་བསྡམས་ཏེ། དེ་གཉིས ་ཁ་སྦྱར་བའི་ཕོ་བའི་མེས་ལུས་ཁྱབ་ཅིང་དམུ་ཆུ་དང་མཆིན་ནད་དང་གཞང་འབྲུམ་དང་དབུགས་མི་བདེ་བ་དང་གློ་ནད་བརྟན་པ་དང་གཡོ་བ་དང་བཅོས་མའི་དུག་དང་མིག་ནད་དང་གླད་གཟེར་འཇོམས་པར་བྱེད་དོ། །བརླ་གཡས་པར ་རྐང་པ་གཡོན་པ་དང། བརླ་གཡོན་པར་རྐང་པ་གཡས་པ་སྟེ། རྡོ་རྗེའི་སྐྱིལ་བཀྲུང་བཅས་པ་ལ་ལག་པ་གཡོན་པ་རྒྱབ་ཏུ་སོང་བས་རྐང་པ་གཡོན་པའི་མཐེ་བོང་དང་གཡས་པའི་མཐེ་བོང་གཟུང་བས་དབུགས་གཟུང་བས་རྒྱབ་ཀྱི ་གཟེར་འཇོམས་པར་བྱེད་དོ། །རྐང་པ་གཉིས་གྱེན་དུ་མགོ་འོག་ཏུ་བྱས་ལ་སྲོག་འགོག་པས་བད་ཀན་འཇོམས་སོ། །གཅི་བ་དོར་བ་ན་སྲོག་རླུང་བསྡམས་ཤིང་ཅུང་ཟད་རེ་སྟོང་པ་གོམས་པས་ཆུ་འགག་པ་བཞི་པོ། སྔ་དྲོ་གདོང་མ་བཀྲུས ་པར་མིང་མེད་ཀྱིས་སོ། །ཕྲེང་མཉེས་པས་མིག་གཉིས་ལ་བསྐུས་པ་དང་ཆུ་ལྕགས་བརྒྱབ་པས་མིག་ནད་སེལ་ལོ། །གན་རྒྱལ་དུ་ཉལ་ཏེ་ལག་པ་གཡོན་པས་ལྟེ་བ་མནན་ནས་སྲོག་རླུང་བཟུང་བས་མ་ཞུ་བའི་གཟེར་བ་འཇོམས་སོ། ། ་འབྲས་ལ་སོགས་པ་བྱུང་བའི་དུས་སུ་མར་དང་ཚྭ་རུ་གདུས་པས་བདུགས་ན་འཕེལ་བ་འཇོམས་སོ། །རྒའི་འོ་མ་བྱུགས་པས་ཀྱང་བྱའོ། །ཀཎྜ་ཀ་རའི་མེ་ལ་གཞག་པའི་དུད་པས་གང་བའི་སྦུབས་སོ་ལ་ཡུན་རིང་པོ་བདུགས་པས་སོའི་སྲིན ་བུ་དང་བཅས་པའི་གཟེར་འཇོམས་སོ། །དུ་བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་གྱིས་མ་ཉམས་པའི་བསྒྲུབ་པ་ལ་ཕྱག་རྒྱའི་སྦྱོར་བས་དབབ་པའི་བྱང་སེམས་བདེ་བ་དམ་པ་ཡང་དང་ཡང་དུ་བཀག་སྟེ་ཟླ་བ་དྲུག་གིས་དཀར་མཛེ་འཇོམས ་པར་བྱེད་དོ། །སྟོབས་མེད་ན་ཤ་དང་ཆང་ལོངས་སྤྱོད་ཅིང་ལོ་གཅིག་ཏུ་མ་བསྟེན་པས་རླུང་བུམ་པ་ཅན་གྱིས་ངེས་པར་འཇོམས་སོ། །ལོ་བདུན་བཅུའི་རྒས་པ་གཉེར་མ་དང་སྐྲ་དཀར་པོ་དང་བཅས་པ་ལོ་གཉིས་ཀྱིས་སོ། །དེ་རྗེས་ལོ་གསུམ་དང ་ཟླ་བ་ཕྱེད་དང་གསུམ་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ་པོ། །བུམ་པ་ཅན་ནི་དེ་སྲིད་དུ་བྱེད་དེ་ཇི་སྲིད་དུ་སྙིང་ཚ་བ་དང་མགོ་ན་བ་མི་འབྱུང་ངོ། །དེའི་ཕྱིས་ཀྱང་བྱེད་ན་སྲོག་ནི་རྒྱལ་བ་དང་མ་ནོན་པས་སྤྱི་གཙུག་སྟེ་འགྲོའོ། །ཕྱག་རྒྱ་ཡང་བདེ་བ ་ཆེན་པོ་བསྒོམ་པའི་དོན་དུ་ཡིན་གྱི་འདོད་ཆགས་ཟད་ཕྱིར་མ་ཡིན་ནོ། །མྱོས་བྱེད་ན་རྒྱལ་ཐམས་ཅད་ཀྱི་བདག་ཉིད་ཕུང་པོ་ལ་སོགས་པ་འཆིང་བར་བྱེད་པའི་ཕྱིར་དེ་མོས་པར་བྱེད་པའི་ཕྱིར་མ་ཡིན་ནོ། །ཤ་ལ་སོགས་པའི་བཟའ་ ་བ་ནི་བདེ་བ་འཕེལ་བར་བྱེད་པའི་ཕྱིར་ཏེ་མ་ཞུ་བའི་ཕྱིར་མ་ཡིན་ནོ། །མཚན་མོ་དུར་ཁྲོད་དུ་འཁོར་བ་ནི་སྤྱོད་པ་སྒྲུབ་པའི་ཕྱིར་ཏེ་རྩེད་མོའི་ཕྱིར་མ་ཡིན་ནོ། །མི་བསྐྱོད་པ་ཅུང་ཟད་ཆེན་པོ་པི་པི་ལིང་གི་ཕྱེ་མ་དང་བསྲེས་ཏེ་ཁར་བཅུག ་སྟེ་གཟུང་པ་ན་ཁའི་ནང་དང་སོའི་ནང་ནང་གཟེར་དང་སྲིན་བུ་སེལ་ལོ། །སྔ་དྲོ་མི་བསྐྱོད་པ་ཆེ་བ་གསུམ་དང་བསྲེས་པ་འམ་སྣ་བུག་ཏུ་བླུགས་པས་མ་གོ་ན་བ་སེལ་ལོ། །ལྕི་བ་དྲོན་མོ་སྣ་བུག་ཏུ་བླུགས་ཏེ་གཞག་ན་རྣ་བའི་ནད་སེལ་ལོ། ་དེ་གྲང་མོས་མིག་ནད་སེལ་ལོ། །མི་བསྐྱོད་པ་ཚ་བ་གསུམ་དང་བསྲེས་པ་སྣ་བུག་ཏུ་བླུགས་པས་འབྱུང་པོ་ལ་སོགས་པའི་གནོད་པ་སེལ་ལོ། །དུག་སྦྲུལ་གྱིས་ཟིན་པ་ལ་ཡང་ངོ། །ནང་དུ་བཤད་པ་ནི་ཕྱི་རོལ ་དུ་?་གྲི་སྟེ་དེ་གཉིས་མཉམ་མོ། །ནང་དུ་དྲི་ཆུ་ནི་ཕྱི་རོལ་ཏུ་བྷྲཱིཾ་གི་རཱ་ཛཱའི་ཁུ་བའོ། །ནང་དུ་བུད་མེད་ཀྱི་ཟླ་མཚན་ནི་ཕྱིར་ལྷང་འཚེར་རོ། །ཁུ་བ་ནི་ཕྱིར་དངུལ་ཆུའོ། །ནང་དུ་ཤ་དང་རྐང་མར་ནི་ཕྱི་རོལ་དུ་འབྲས་བུ་གསུམ་མོ། །བཤད་པ་ཆ་གཅིག ་ཤ་ནི་བཞི་ཆ་གཅིག་མེད་པའི་ཆ་གཅིག་།ཁྲག་ནི་ཆ་ཕྱེད་ས་བོན་བཞི་ཆ་གཅིག་སྟེ་ཐམས་ཅད་ཕྱེ་མར་བཏགས་ཏེ་ལྕི་བས་སྦྲུས་ཏེ་ལན་བདུན་དུ་ཉི་མ་ལ་སྐེམ་པར་བྱའོ། །དེ་ནས་ཞག་རེ་རེ་སྲང་ཕྱེད་བྱེད་མར་དང་སྦྲང་རྩི་བསྲེས་ཏེ་ཟླ་བ ་དྲུག་གི་བར་དུ་ཟོས་ན་ཚེ་རིང་བར་འགྱུར་རོ། །ལོ་མ་དང། སྐྱུར་བ་དང། ཚ་བ་དང་མར་ནག་སྤང་བར་བྱ་སྟེ། བདུད་རྩི་ལྔ་བསྟེན་པའི་ཆོ་གའོ། །དབུ་མར་སྲོག་རླུང་བཀུག་ལ་གེ་ས་ར་ཛ་དང་བྷྲཱིཾ་གི་རཱ་ཛཱའི་ཁུ་བ་དང་མཉམ་པོའི་ཟླ་མཚན་སྣ་བུག ་ཟླ་བ་དྲུག་བླུགས་པས་སྐྲ་དཀར་བ་དང་བཅས་པའི་རྒས་པ་འཇོམས་སོ། །བ་ལང། ཁྱི། གླང་པོ་ཆེ། རྟ། མའི་ཤ་རྣམས་སྦྲང་ཆད་དང་སྦྲང་གིས་བསྲེས་ཏེ་ཟླ་བ་དྲུག་ཏུ་ཟོས་ན་ནད་ཐམས་ཅད་སེལ་ལོ། །ཀེ་ཤར་ཛ་དང། བྷྲཱིཾ་གི་རཱ ་ཛཱའི་ཁུ་བ་དང་དངུལ་ཆུ་དང་བྱང་སེམས་དཀར་དམར་གཉིས་དང་ཐམས་ཅད་མཉམ་པར་སྲང་ཕྱེད་ཕྱེད་ལོ་གཅིག་གི་བར་ཟོས་ན་རྒས་པ་འཇོམས་པ་སྟེ་ལོ་མ་དང་སྐྱུར་པོ་ལ་སོགས་པ་སྤངས་ནས་སོ། །ཚྭ་དང་བཅས་པའི་སྐྱུར་པོ ་འཐུངས་པས་ན་རླུང་སེལ་ལོ། །ཀར་ལ་སོགས་པ་མངར་བས་ནི་མཁྲིས་པ་སེལ་ལོ། །བསྐ་བས་ནི་བད་ཀན་སེལ་ལོ། །ཚ་བ་གསུམ་དང་བཅས་པའི་རཱའི་འོ་མ་འཐུངས་པ་དང་སྣ་བུག་ཏུ་བླུགས་པས་བད་ཀན་སེལ་ལོ། །ཀ་ར་དང ་བཅས་པའི་མ་ཧའི་འོ་མས་མཁྲིས་པ་སེལ་ལོ། །རྔ་མོའི་འོ་མ་རྒྱམ་ཚ་དང་བཅས་ན་རླུང་སེལ་ལོ། །བའི་འོ་མ་ཚ་བ་གསུམ་དང་བཅས་ན་བད་ཀན་སེལ་ལོ། །ཀ་ར་དང་བཅས་པས་མཁྲིས་པ་སེལ་ལོ། རྒྱམ་ཚ་དང་བཅས་པས་རླུང་སེལ་ལོ། ་ཚང་པ་མེད་པ་ལ་མར་ཡང་ངོ། །ཛཱ་ཏིའི་ལོ་མ་དེའི་བརྒྱད་འགྱུར་ཆུ་ལ་བཀོལ་ཏེ་བཞི་ཆ་གཅིག་ཅུང་ཟད་དྲོ་བ་ཁར་གཞག་ན་སོའི་ནད་དང་ཁ་ནད་སེལ་ལོ། །ཏིལ་མར་གྱི་ཁུ་བ་དང་རའི་ཆུ་མཉམ་པོར་བཀོལ་ཏེ་ཏིལ་མར་ཙམ་ལྷག་མར་གཞག་སྟེ་ཚ ་དང་ཚ་བ་གསུམ་དེའི་བཞི་ཆ་གཅིག་དེར་བསྲེས་ལ་དྲང་མོ་རྣ་བའི་ནང་དུ་གཞག་པ་ན་རྣ་བའི་ནང་སེལ་ལོ། །བའི་མར་དེ་བརྒྱད་འགྱུར་འོ་མ་དང་བཀོལ་ནས་ན་ག་གེ་སར་དང་གུར་གུམ་གྱི་ཕྱེ་མ་དང་བསྲེས་ལ་སྣ་བུག་ཏུ་བླུགས་པས་སྣའི་ནང་སེལ་ལོ།། ་?ཀརྩ་ཀི་ཀོ་ལི་དང་ཨིཎྜ་བ་རུ་ནི་དང་ཏིག་ཏ་རྣམས་བོང་བུའི་ཆུས་བཏགས་ཏེ་འབྲས་མང་པོ་འཇོམས་སོ། །འབྲུམ་བུའི་ནད་ལ་དང་པོ་ཚད་པ་དང་རྐང་ལག་གི་ཚིགས་དང་མགོ་བོ་ན་བའོ། །དེ་ཤེས་ནས་བུ་ག་མེད་པའི་ཁང་པར་རྐང་པ་གཉིས་མཉམ་པར ་ལངས་ཏེ་ལག་པ་གཉིས་བརླ་ཐུག་པར་ཐུར་དུ་སྐྱངས་ཏེ་མ་འགྱེལ་གྱི་བར་དུ་བུམ་པ་ཅན་བསྒོམས་ཏེ་ཚང་པ་ལས་གྲོལ་བའི་བར་རོ། །སྙིང་ཁའི་ཟླ་བ་ལས་ཕྲེཾ་ཡིག་དཀར་པོ་ལས་བྱུང་བ་སྣ་ཚོགས་ཡུམ་མམ་གཟུགས་ཞལ་གཅིག་ཕྱག ་གཉིས་ལ་རྡོ་རྗེ་དང་པདྨ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུག་སམ། གཡོན་གྱི་ཐུས་ཀར་པདྨ་དཀར་པོའི་ཡུ་བ་བསྣམས་པ། གཡས་པ་མཆོག་སྦྱིན་ཅན་སྲོག་རྩོལ་གྱིས་བསྒོམ་པར་བྱའོ། །སྲན་ཆུང་བཏགས་ཏེ་ཆུ་གྲང་མོ་བསྲེས་ཏེ ་བཏུང་ངོ། ཞག་གསུམ་པ་ལ་སྦྲུམ་མ་སྐྱེ་བ་ན། འབྲུམ་པས་ཤི་བའི་ཐོད་པ་འམ་གཞན་བདར་ལ་མི་བསྐྱོད་པ་བསྲེས་ཏེ་བཏུང་ངོ། །ོཾ་ཕྲེཾ་བི་ཤྭ་མཱ་ཏ་བཛྲ་ཀཎྜ་ཀཾ་ནཱ་ཤ་ཡ་ཆེ་གེ་མོ་ཤཱནྟིད་ཀུ་རུ་སྭཱཧཱ། སྔགས་འདིས་ཡམས་དྲུག་དང་གནོད ་པ་རྣམས་ལ་བདག་དང་གཞན་བསྲུང་བའི་ཕྱིར་བཟླས་པ་བྱའོ། །སྨན་ལ་ཡང་ལན་བདུན་དུ་མངག་པར་བྱའོ། །འདིས་དཔྲལ་བ་སྙིང་ཁ་མགུལ་པ་ལྟེ་བ་གསང་གནས་སྤྱི་གཙུག་ཏུ་ཐུན་གསུམ་བསྲུང་བར ་བྱའོ། །འབྱུང་པོས་གཟུང་བ་ལ་ཚ་བ་གསུམ་དང་བསྲེས་ལ་མི་བསྐྱོད་པ་འཐུང་ན་ཞི་བའོ། །ད་ནི་བཅུད་ལེན་བརྗོད་དེ་གསེར་སྲང་གཉིས་སྦྱངས་པ་དང། ཟངས་མ་ལྕགས་ཀནྟི། ལྷང་འཚེར་ལྕགས་ཏི་ཀཱ་ཏི་དེ་དག་ཆ་མཉམ་པར་སྲང་གཉིས་མུ་ཟི་ཁ ་ན་བཀབ་པ་ལ་སྨན་དེ་དག་གི་བར་བདུན་དུ་སུ་བརྞ་མ་ཀྵི་ཀའི་ཕྱེ་མ་སྲང་གཉིས་བླུགས་ཏེ་མེ་དྲག་པོ་ལ་བསྐོལ་ཏེ་གསེར་གནས་པའི་བར་དུའོ། །དངུལ་ཆུ་སྲང་བཞི་ལ་ཡུང་བ་མ་བཙོས་པ་དང་སོ་ཕག་གི་ཕྱེ་མ་དང། ལྷང་འཚེར་རས ་ལ་ལན་བདུན་བཙགས་ལ་གསེར་དེ་དང་བསྲེས་པའི་བདག་པོ་སྲང་དྲུག་བྱས་ཏེ་བའི་དར་བ་མར་མེད་པའི་མེ་དྲག་པོ་ལ་བཀོལ་ཏེ་བཙགས་ནས་རྩིགས་འདོར་ཏེ་ཆུ་ཁུ་དེ་ཁབ་ལེན་གྱི་སྣོད་ལ་གསེར་གྱི་འདག་པ་དང་བསྐོལ་ཏེ་སྲང ་གསུམ་ལུས་པའི་བར་རོ། །དེ་ནི་ཟླ་བ་དྲུག་གི་ཞག་གྲངས་དང་གཉམ་པར་བསྐོལ་ཏེ། ཀ་ར་ཕྱེ་མ་འདག་པ་སྲང་བརྒྱད་དང། ཕོ་བའི་མེ་དྲོད་དང་ཆ་མཐུན་པར་བདུན་ནམ་དགུ་ལ་སོགས་པ་དང་དེའི་དྲུག་ཅ་ཆ་གཅིག་གིས་འཕོ་བ་རིས་ཀྱི ་ཕྱེ་མ་དང་བསྲེས་ཧེ་བཟའ་བར་བྱའོ། །ཟས་གཞན་སྤང་པར་བྱའོ། །ཟླ་བ་དྲུག་གིས་ལྷའི་ལུས་དང་འདྲ་བའི་རྒས་པ་དང་གཉེར་མ་དང་འཆི་མེད་འགྲུབ་བོ། །སྨན་རྫོགས་པ་དང་ཇི་སྲིད་འཚོའི་བར་དུ་ཀ་ར་ཕྱེ་མ་ཅིག་བསྲེས་པའི་ཆུར་ཁུ་ནི ་བཟའ་བར་བྱའོ། །ད་ནི་གསེར་གྱི་ཕྱེད་བསྒྱུར་བརྗོད་དེ། བཤད་མ་ཐག་པའི་ས་བོན་དངུལ་ཆུ་དེ་དང་མཉམ་པོར་བསྲེས་ཏེ་ཚྭ་དང་སྐྱུར་པོ་དང་ཚྭའི་རིགས་གཞན་ཡང་མནུར་ཇི་སྲིད་འདྲེས་ཀྱི་བར་རོ། །དེ་ནས་མུ་ཟི་དང། ལྷང་འཚེར་དང། ལྡོང ་རོས་དང། བ་བླ་དང། ཞ་ཉེ་དང། ཀ་ཀྵི་དང། ཀ་ཤི་ཤ་དང། དབྱིག་དང། གསེར་གྱི་བཙག་སྟེ་འདི་དག་ཆ་མཉམ་པར་ཆ་གཉིས་གོང་གི་སྨན་ཆ་གཅིག་དང་གསུམ་དངུལ་ཆུ་དང་ཆ་མཉམ་པའི་ཉའི་མཁྲིས་པ་པི་ཛ་པཱུ་ར་ལ་སོགས་པའི་སྐྱུར་པོར ་?བདུད་ལ་ཏེ་ནས་དངུལ་གྱི་ལབ་ལེབ་ལ་བསྐུས་ཏེ་ཞག་གསུམ་གྱི་བར་དུ་ཐབ་ཀྱི་འོག་ཏུ་གཞག་ལ་ཐབ་ཀྱི་མེས་བཙོས་པས་གསེར་དུ་འགྱུར་རོ། །དེའི་ཕྱེད་གསེར་དང་འདྲེས་པས་གསེར་གྱི་ཕྱེད་བསྒྱུར་ཡིན་ནོ། །ད་ནི་འདྲ་མིན་བརྗོད་པར་བྱ་ཏེ ་ཏཱིཀྵ་ན་དང་ལྷར་ཚེར་ནི་ཤིང་བྷ་དྷའི་འོ་མས་སྤངས་པས་ཞུ་བ་དང་བ་བླ་དང་རྒྱ་ཚྭ་དང་ཡ་བཀྵ་ར་དང་སྤོས་དཀར་ཏེ། ཏཱིཀྵ་ན་ལ་སོགས་པ་རིམས་ཀྱིས་གཅིག་གཉིས་གསུམ་བཞི་ལྔ་དྲུག་གི་བར་དུ་ཚ་ཇེ་མ་བྱས་ཏེ་ཐམས་ཅད་བསྲེས་པ ་རེ་ཟངས་ཉིས་འགྱུར་དང་ལུགས་གོང་གི་ནང་དུ་ཁ་བཀབ་ལ་བཀོལ་ནས། ཡང་ཁ་ཕྱེ་ནས་བསྐོལ་ཏེ་ཟངས་ལུས་པའི་བར་རོ། །དེ་ཚ་ལས་དག་པར་བྱས་ཏེ་ཅུང་ཟད་སྙི་བར་འགྱུར་རོ། །རྒའི་རྩ་བ་དང། ད་དུ་ར་སེར་པོའི་རྩ་བ་དང་ཨེ ་ར་ནཱའི་རྩ་བ་དང། ཀྵི་ར་ག་ཙུག་གི་རྩ་བ་སྟེ་ཆ་མཉས་པར་བཏགས་པའི་དར་བ་ལ་ཞག་བདུན་གྱི་བར་དུ་གཞག་གོ་།དེ་ནས་བཅུ་གཉིས་པ་དེ་གོང་མའི་ནང་དུ་བླུགས་ཏེ་ཤིན་ཏུ་སྙི་བར་གྱུར་གྱི་བར་དུ་གཞག་པར་བྱའོ། །དེ་ཆ་གཅིག ་དངུལ་ཆ་གཉིས་དང་བསྲེས་ལ་འདྲ་མིན་བྱས་ཏེ་དག་པར་འགྱུར་རོ། །ཞེས་འདྲ་མིན་གྱི་ངེས་པའོ། །དེ་ནི་ཆོས་པ་རྣམས་ཀྱི་འཚོ་བའི་ཕྱིར་རོ། །ཆོས་པའི་ཀུན་རྫོབ་ནི་སྒྱུ་མ་ལྟ་བུའི་དབུ་མ་ཡིན་ལ། དོན་དམ་པ་ནི་རབ་ཏུ་མི་གནས ་པའོ། །རྡུལ་ཕྲ་རབ་ནི་རིགས་པས་མ་གྲུབ་པས་སེམས་པའི་དངོས་པོར་སྨྲ་བའི་འདོད་པ་མི་འགྲུབ་སྟེ། འདི་ལྟར་བུམ་པ་ལ་སོགས་པའི་དངོས་པོ་གཅིག་ཏུ་མ་གྲུབ་སྟེ་སྟེང་འོག་ཕྱོགས་བཅུའི་དབྱེ་བ་དུ་མར་འགྱུར་བའི ་ཕྱིར་རོ། །ཆ་ཤས་ཡོད་པར་འདོད་ན། །དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཆ་ཤས་མེད་པར་འདོད་ན། དྲུག་པོ་དག་ནི་གོ་ཅིག་ན། གྲོང་བཱུང་ཐུལ་ཕྲན་ཙམ་དུ་འགྱུར། །ཆ་ཤས་མེད་ན ་ཐོགས་པའི་ཕྱིར་ཕན་ཚུན་དུ་ཐིམ་མོ། །ཁམས་གསུམ་རྣམ་ཤེས་ཙམ་སྨྲ་བ་ལ་བརྗོད་དེ་རྣམ་ཤེས་ཙམ་ཡོད་དོ། །དོན་མེད་ན་ཅིར་སྣང་རྣམ་ཤེས་ཙམ་ལས་ཕྱི་རོལ་གྱི་དོན་མེད་ན་ཅི་སྟེ་སྣང་ཞིང་འདུག་།སྨྲས་པ། བག་ཆགས་ཀྱི་དབང་གིས་སོ། །ཇི་ལྟར ་རྨི་ལམ་དུ་མེད་ཀྱང་སྣང་བ་བཞིན་ནོ། །བརྗོད་པ། ཉིན་མོར་མཐོང་བ་རྨི་ལམ་སྣང། །དངོས་པོ་ཡོད་པའི་ཕྱིར་རོ། །གང་ལ་དོན་ནི་གཏན་ནས་མེད་རྣལ་འབྱོར་སྤྱོད་པ་ལའོ། །དེ་ལ་བག་ཆགས་གང་ལ་འབྱུང། །དངོས་པོ་གཏན་མེད་པའི་ཕྱིར། ་དངོས་པོའི་བག་ཆགས་གང་ལས་བྱུང། །སྨྲས་པ་མ་རིག་པ་ལས་སོ། །བརྗོད་པ་འཁོར་བ་མ་ལུས་དེ་ཡིན་ནོ། །དངོས་པོ་བག་ཆགས་འབའ་ཞིག་ཏུ་མ་ཟད་འོན་ཀྱང་གཉིས་ག་འདོད་པའི་འགྲོ་བ་མ་ལུས་པ་མ་རིག་པར་གྲུབ་སྟེ། ཕྱི་རོལ ་ཏིང་དུ་སྣང་བའི་ཕྱིར་རོ། །རྣམ་ཤེས་དེ་ནི་དོན་དམ་འདོད། །མ་རིག་དང་བྲལ་ག་ལ་སྲིད། །འགྲོ་བ་མ་ལུས་རྣམ་ཤེས་ཙམ་དུ་ཁྱོད་འདོད་ལ། །རྣམ་ཤེས་ཏེ་དོན་དམ་མིན་པས་མ་རིག་པ་དང་བྲལ་བའི་དུས་ཁྱེད་ལ་བཏན་མི་སྲིད་དོ། ། ་ང་ནི་རྣམ་ཤེས་ཚེ་རབས་སུ་མི་འདོད་པའི་རྒྱང་པན་པ་སྨྲ་སྟེ། འབྱུང་བ་ལྔ་ནི་ཡོངས་སྨིན་པས། །སྨྱོན་པས་ནུས་བཞིན་སེམས་བྱུང་ངོ། །བྱུང་བ་རྣམས་ཁོ་ན་སེམས་སུ་འགྱུར་ཏེ། ཆང་ལས་སྔར་མེད་ཀྱང་ཡོངས་སུ་སྨིན་པའི་འཚེ ་སྨྱོ་བར་བྱེད་པའི་ནུས་པ་སྐྱེ་བ་བཞིན་ནོ། །དེ་ལྟར་མངལ་བུས་ལ་སོགས་པ་ཡོངས་སུ་སྨིན་པ་ལས་སེམས་བྱུང་སྟེ། སྐྱེ་བ་ཕྱི་མ་དང་ཐར་པ་མེད་དོ། །བརྗོད་པ། ཀྱེ་སྡིག་ཅན་གལ་ཏེ་འབྱུང་བ་རྣམས་ལས་སེམས་འབྱུང་ན་དེའི ་ཚེ་ཤིང་དང་ལྕུག་མ་ལ་སོགས་པ་ཡང་ས་ལ་སོགས་པ་འབྱུང་བ་རྣམས་ཡོངས་སུ་སྨིན་པ་ཡོད་པས། དེ་དང་སྦྱོར་བས་དམ་བཅས་ཡིན། །ཤིང་ལ་སོགས་པར་ཅིས་མི་འབྱུང། སེམས་ཅན་ལ་དབང་པོ་དང་བཅས་པའི་སེམས་པ་དེ་བཞིན་དུ་ཤིང ་ལ་སོགས་པ་ཡང་འབྱུང་བར་འགྱུར་ཏེ། དེ་བས། ལོང་བས་ཉིན་ཟླ་ལ་སོགས་ཀྱི། །གཟི་བརྗིད་ཕུང་པོ་མ་མཐོང་བས། །དེ་མེད་ཅེས་ནི་སྨྲ་ན་ཡང། །དེ་ལ་སུ་ཞིག་ཡིད་ཆེས་འགྱུར། །དེ་བས། སྟོང་པ་ཉིད་ལྟར་ན་ཐམས་ཅད་ལས། །ཕྱིར་འབྱུང ་ལམ་ནི་རྒྱལ་བས་གསུངས། །གང་གི་ལྟ་བ་སྟོང་ཉིད་དེ། །དེ་ནི་གྲོལ་བྱ་མིན་པར་བཤད། །ནང་གི་རྒྱུ་དོན་ཟབ་མོ་ལས། །ནང་གི་སྙེ་མ་ཕྱུང་བྲིས་པས། །བྱུང་བའི་དགེ་བས་འགྲོ་བ་ཀུན། །ནང་ལ་མཁས་ཤིང་རྒྱལ་བར་གྱུར། །ནང་གི་སྙེ་མ་ཞེས་བྱ ་བ་རྒྱ་གར་ཤར་ཕྱོགས་ཀྱི་ཛ་གང་དྷ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་ཕྱོགས་གཅིག་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་ཀྱིས་རང་འགྱུར་དུ་མཛད་པ།། (།།རྡོ་རྗེ་ཐེག་པ་དུས་ཀྱི་འཁོར་ལོའི་རྩ་ལྟུང་བཞུགས།།)་།། ་