| Wylie | e-texts based on the ACIP/ALL Input |
དབང་ཕྱུག་གིས་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནཌ་ལ་གསུངས་པའོ།། །།དེས་སྒྲ་རང་འགྱུར་དུ་བསྒྱུར་ནས་གསུངས་པའོ།། །།*། །རྒྱ་གར་སྐད་དུ། བྷུ་ཊ་མཱ་པ་ལ། བོད་སྐད་དུ། སྦྱོར་བའི་ཕྲེང་བ། དཔལ ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདག་གི་ལྷ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་དྲི་མེད་དེ་དེ་བཞིན། །ཡེ་ཤེས་འཆར་པའི་མན་ངག་ནི། །ཅུང་ཟད་བདག་གིས་བྲི་བར་བྱ། །འགྲོ་བ་ཉོན་མོངས་ཀྱིས་བཅིངས་པ། །ཐར་པ་ཉོན་མོངས ་འཇིག་བྱེད་པའི། །ཡང་དག་ཡེ་ཤེས་སྦྱོར་གོམས་པས། །དེ་ནི་འཇིག་པར་འགྱུར་པ་ཡིན། །འདིར་ནི་རྣལ་འབྱོར་རབ་ཀྱི་ནི། །ཟླ་བ་དྲུག་ཏུ་གོམས་པ་འམ། །ལོ་དང་རྒྱུན་མི་འཆད་པས་ཀྱང། །ཡང་དག་དངོས་གྲུབ་གཅིག་ཏུ་འགྱུར། ། ་སྤྲོས་པ་ཐམས་ཅད་བཏང་ནས་ནི། །རྣལ་འབྱོར་འདོད་ལ་རབ་འབད་པས། །འཆད་པར་འགྱུར་བའི་སྦྱོར་རྣམས་ལས། །གཅིག་ཏུ་གཟུང་སྟེ་རྣམ་བསྒོམ་བྱ། །ཕོ་མོ་མ་ནིང་ཁ་དོག་དང། །འགྲོ་འོད་གནས་པ་རྣམ་བལྟས་ཏེ།། ་དེ་མཐོང་བ་ཡིས་འབྲས་བུ་ནི། །མྱུར་དུ་སྒྲུབ་པ་པོ་ཡིས་ཐོབ། །གཞན་ཡང་ཡོན་ཏན་སྐྱོན་རྣམས་ཀྱི། །རྒྱུ་ནི་སྐྱེས་བ་བུད་མེད་དེ། །དེ་གསང་བ་ཡི་རྣམ་པ་ཡིས། །མ་ནིང་འདིར་ནི་རྒྱས་པར་བྱ། མ་ནིང་རིན་ཆེན ་རྒྱས་གྱུར་ན། །གསེར་གྱི་རི་པོ་རྩེ་ལ་ཁྱེར། །ཡོན་ཏན་ཕུན་ཚོགས་མ་ལུས་པ། །དེ་ལས་འབྱུང་བར་ཐེ་ཚོམ་མེད། །གཞན་ཡང་ཕོ་མོ་མ་ནིང་ནི། །འབད་པ་ཡིས་ནི་གནས་ནས་དབྱུང། །གདོན་ཏེ་དེ་ཡི་གནས་རྣམས་ལས། ། ་ཡོན་ཏན་རིན་ཆེན་ཕུན་ཚོགས་ཐོབ། །ཡང་ན་ཕོ་མོ་མ་ནིང་ནི། །གནས་འདི་ཉིད་དུ་གཞུག་པར་བྱ། །དེ་གཞུག་དེ་ལ་མྱོས་བྱེད་བླུད། །བླུད་ནས་སྐྱེས་པ་བུད་མེད་ནི། །འབད་པས་མ་ནིང་བར་གཞུག་བྱ། །བཅུད་ལ་བརྟན་པའི་ཡུལ ་རྣམས་ལ། །མྱོས་པར་བྱེད་པ་བླུད་པར་བྱ། །བླུད་ནས་རབ་ཏུ་འབད་པ་ཡིས། །མ་ནིང་ཁར་ནི་གཞུག་པར་བྱ། །དེ་བཞིན་བྱས་གྱུར་དཔག་བསམ་ཤིང། །འདྲ་བ་འདི་ལ་ཐེ་ཚོམ་མེད། །དེ་ལྟར་སྦྱོར་བ་འདི་རྣམས་ཀྱིས། །རྟེན་ནི་འདི་རུ ་བཤད་པར་བྱ། །གསུམ་པོ་འདུས་དང་ཕྱེ་བ་ཡིས། །དྲུག་དང་ལྔ་ནི་གོ་རིམ་བཞིན། །སྟེང་འོག་རབ་ཏུ་ཕྱེ་བ་ཡིས། །དེ་ཡི་སོ་སོར་རྣམ་གཉིས་འདོད། །ཤེས་བྱའི་དངོས་པོ་འདི་རྣམས་ནི། །དེ་ཕྱིར་རྣལ་འབྱོར་པས་ཤེས་བྱ། །ཡང་ན ་སྡེ་ཆུང་རྣལ་འབྱོར་པས། །རྡོ་རྗེ་ལྕེ་ནི་བསྐྱོད་པར་བྱ། །དེ་བསྐྱོད་པ་ལས་བདུད་རྩིའི་རྒྱུན། །འབབ་པར་འདི་ལ་ཐེ་ཚོམ་མེད། །གང་ཡང་ས་བོན་ཚོགས་ཀྱིས་སྤྲུལ། །ཡང་ན་གཟུགས་སྐུ་མཛེས་པ་འམ། །ལྷན་ཅིག་སྐྱེས་པ་དྲི་མ ་མེད། །ལྷ་ཡི་གཟུགས་ནི་བསྒོམས་པ་ཡིས། །མངོན་པར་འདོད་པས་བསྒྲུབ་པར་བྱ། །སྦྱོར་བ་རིན་ཆེན་འདི་རྣམས་ལ། །སྦྱིན་དང་ཚུལ་ཁྲིམས་སྙིང་རྗེ་ཆེ། །ཐོག་མར་རབ་ཏུ་འབད་བ་ཡིས། །དེ་ལ་གོམས་པ་ཡང་ཡང་བྱ། །འདི་ནི ་རླུང་རྣམས་ཐམས་ཅད་དང། །མདོ་སྡེ་དག་ནི་ཐམས་ཅད་ལས། །སངས་རྒྱས་རྣམས་ཀྱི་སྙིང་པོར་གསུངས། །དོན་དམ་པའི་སྒྲུབ་ཐབས་སོ། །སྦྱོར་བའི་སྤྲོས་བ་འདི་རྣམས་ནི། །ཡང་དག་པར་ནི་སྦྱར་བར་བྱ། །སློབ་མ་བཟང་པོ་དེ་ལ་ནི། །བླ་མ་རང ་གིས་ཉམས་མྱོང་བསྟན། །སྦྱོར་བའི་ཕྲེང་བ་འདི་རྣམས་ལ། །དེ་ཉིད་རིན་ཆེན་རབ་སྦྱར་བྱ། །དེ་ཉིད་རིན་ཆེན་མ་ཐོབ་ན། །དངོས་གྲུབ་ཉིད་ནི་ཇི་ལྟར་ཐོབ། །དེ་བས་སློབ་མ་བཟང་པོ་ཡིས། །འདོད་པས་བླ་མ་རྟག་ཏུ་མཆོད། །གང་ཕྱིར་བླ་མ ་མཉེས་བ་ཡིས། །དེ་ཉིད་རིན་ཆེན་རབ་ཏུ་བསྟན། །རིན་ཆེན་གང་ཟག་ཤེས་བྱས་ལ། །འབད་པས་དེ་ཉིད་བརྗོད་པར་བྱ། །པདྨ་དཀར་སོགས་སློབ་མ་ལ། །ཚིག་ཙམ་ཡང་ནི་བརྗོད་མི་བྱ། །བརྗོད་ན་རབ་ཏུ་འབད་པ་ཡིས། །མན་ངག་འཁྲུལ ་པར་གྱུར་ཕྱིར་རོ། །བླ་ན་སྣ་ཚོགས་མན་ངག་ནི། །མཁས་པ་སངས་རྒྱས་གྲགས་པས་བསྡེབས། །སྦྱོར་བའི་ཕྲེང་བ་པཎྜི་ཏ་སངས་རྒྱས་གྲགས་པས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་ཚུལ་ཤེས་རབ་དཔལ ་གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨནྟ་རྨཉྫ་རི་ནཱམ། བོད་སྐད་དུ། ནང་གི་སྙེ་མ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ནང་མི་ཤེས་པས་འགྲོ་བ་མ་ལུས་འཆིང་དབང་གྱུར།། ་