| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།པཎྜི་ཏ་སོ་མ་ནཱ་ཐ་དང། ལོ་ཙ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།། (།།དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་དཀའ་འགྲེལ་བཞུགས་སོ།།)་།།*། །རྒྱ་གར ་སྐད་དུ། ཤྲཱི་ཀཱ་ལ་ཙཀྲོ་བ་དེ་ཤ་ཡོ་ག་ཥ་ཌངྒ་ཏནྟྲ་པཉྫི་ཀ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཡོད ་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མེད་པའང་མིན། །མུ་བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དང་པོ་སངས་རྒྱས་རྒྱུ་མེད་ལས། །འཇམ་པའི་རྡོ་རྗེས་ཕྱུང་བ་ཡིས། །སྐུ་རྣམས་བཞི་ཡི་དོན ་བསྡུས་པ། །མཚན་ཉིད་དེ་ནི་དགྲོལ་བར་བྱ། །ཤེས་རབ་ཐབས་མིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། །འདིར་ཤེས་རབ་ཅེས་བྱ་བ་ནི་ཆ་བཅོ་ལྔའི་བདག་ཉིད་དཀར་པོའི་ཕྱོགས་སོ། །ནག་པོའི་ཕྱོགས་ནི་ཟླ་བའི་ཆ་ཟད་པའི་ཕྱིར ་ན་ཐབས་སོ། །དེ་ལྟར་དཀར་པོ་ནི་མཚན་མོ་སྟེ། །ནག་པོ་ནི་ཉིན་མོའོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་སྐུ་ནི་ཤེས་རབ་ལས་ཀྱང་མ་ཡིན་ནོ། །ཐབས་ལས་སྐྱེས་པ་ཡང་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྐུ་འདི་ལྟ་བུ་ཞེས་བྱ ་བ་ནི་སངས་རྒྱས་རྣམས་ཀྱི་ཡུལ་ལོ། །དེ་ལྟར་ཡོད་པ་མིན་ཏེ། དཀར་པོའི་ཕྱོགས་ཀྱི་བདེ་བ་ཟད་པའི་ཕྱིར་རོ། །མེད་པ་ཡང་ནི་མ་ཡིན་ཏེ། །སྐད་ཅིག་མ་དང་པོའི་དགའ་བའི་ཆའི་དངོས་པོ་ནི་ནག་པོའི་ཕྱོགས་མེད་པ་ཡིན་ནོ།། ་ཡོད་མེད་མིན་ཏེ། འདི་དག་གཉིས་ནི་ཕན་ཚུན་འགལ་བའི་ཕྱིར། །གཅིག་ཏུ་འདུས་ཤིན་ལྷན་ཅིག་བྱེད་པ་མེད་དོ། །གཉིས་ཀའི་བདག་ཉིད་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་དཀར་པོའི་ཕྱོགས་མར་ངོ་དང། །ནག་པོའི་ཕྱོགས་མར་ངོ་འདི ་གཉིས་ཀ་ལ་ཡང་ཆ་རྟོགས་པ་ལྷན་ཅིག་སྐྱེས་པའི་བདེ་བ་མེད་དོ། །དེ་ལྟར་མཛའ་བཞི་ཡོངས་སུ་རྫོགས་ཤིང་དག་པའི་ཆ་བཅུ་དྲུག་མ་ནི་སྟོང་པ་ཉིད་རྣམ་པར་མི་རྟོགས་པ་སྤྲོས་པ་དང་བྲལ་བ་གཟུང་འཛིན་མེད་པའི་ཆོས་ཅན་དེ་ནི་མུ་བཞི ་ལས་གྲོལ་བ་སྟེ། །ལྷན་ཅིག་སྐྱེས་པའི་སྐུར་བརྗོད་དོ། །བདེ་ཆེན་སྐུ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་སུ་ལ་ཡོད་པ་དེ་ནི་ཧེ་རུ་ཀ་ཡིན་ཏེ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེ་ལྟ་བུ་སུ་ལ་ཡོད་པ ་དེ་ལ་ནི་ལུས་ཀྱིས་ཕྱག་འཚལ་བ་དང། ངག་དང་ཡིད་ཀྱིས་ཕྱག་འཚལ་བ་ཞེས་བྱ་བའི་དོན་ཏོ། །དེས་ན་ཤེས་རབ་ནི་རྒྱུ་མཐུན་པའི་མཚན་ཉིད་རྣལ་འབྱོར་པ་རྣམས་ལ་བཞི་པ་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་མ་གྲུབ་པའོ། ། ་འདི་ལྟར་ལྷན་ཅིག་སྐྱེས་པའི་སྐུ་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུར་ནི་འགྱུར་པ་སྟེ། །ཤིན་ཏུ་གཉིད་འཐུག་པོ་ལོག་པ་ཟད་པའི་ཕྱིར་རོ། །དེ་ཡང་ཤེས་རབ་དང་ནི་ཐབས་ཀྱི་རང་བཞིན ་ངེས་པར་མུན་པ་དང་བྲལ་ཞིང། །ཡེ་ཤེས་དང་རྣམ་ཤེས་དབྱེ་བ་ཉིད་ཅེས་བྱ་བ་ལ་འདིར་ཡེ་ཤེས་བྱ་བ་ནི་རྣལ་འབྱོར་པའི་འཛིན་པའི་སེམས་སོ། །རྣམ་པར་ཤེས་པ་ནི་གཞན་གྱི་སེམས་གཟུང་བྱ་སྟེ། །དེའི་ཕྱིར་ཤེས་བྱ་བའི་མཚན ་ཉིད་དོ། །དེ་ལྟར་འཛིན་པའི་སེམས་ནི་ཤེས་རབ་མ་སྟེ། རྟོག་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་ཐབས་ཀྱི་སེམས་ནི་ཀུན་ཏུ་རྟགས་པའི་སྙིང་རྗེའི་མཚན་ཅན་ནོ། །དེའི་ཕྱིར་འཛིན་པ་དང་གཟུང་བའི ་དབྱེ་བ་དེ་ཡིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནི་གཞན་གྱི་དོན་མཛད་པའི་ཆོས་ཀྱི་སྐུ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་ལས་བྱུང་བའོ། །དེ་ལྟར་རྒྱུ་མཐུན་པའི་བདེ་བ་ནི་ལྟེ་བར་ལྷན་ཅིག་སྐྱེས་པའོ། །སྙིང་ག་ཆོས་ཀྱི་འཁོར ་ལོ་ནི་རྣམ་པར་སྨིན་པ་ཡིན་ཏེ། དེར་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སྒྲ་བརྙན་དག་ནི་ལྟ་བུར་ནི་སེམས་ཅན་དུ་མའི་དོན་མཛད་པ་ཞེས་བྱ་བ་ནི་འདིར་ལྷའི་མིག་གིས ་གང་དག་འདས་པ་དང། མ་འོངས་པའི་གཟུགས་བརྙན་གྱི་རྣམ་པ་ལྟ་དུ་འམ། ཆུའི་ཟླ་བ་ལྟ་བུ་དང་གསལ་བ་གང་མཐོང་བ་དེ་ལས་སྒྲ་འབྱུང་བའི་སྒྲ་བརྙན་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་ཀྱི་ངོ་བོ་ལྷའི་སྙན་གྱི་རྣམ་པར ་ཤེས་པ་ནི་འཛིན་པ་སྟེ། སྒྲ་བརྙན་ནི་གཟུང་བྱའི་ཕྱིར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་པའི་གྲངས་ཤེས་པ་ནི་ཆེ་གེ་མོའི་རྟོགས་པ་དང། ཆེ་གེའི་མོའི་དུས་དང། ཆེ་གེ་མོའི་ཟླ་བ་དང། ཆེ་གེ་མོའི་ཕྱོགས་དང། ཆེ་གེ་མོའི་ཉི་མ་ལ ་སོགས་པ་ལ་ཆེ་གེ་མོ་འདིར་འགྱུར་ཟེར་བ་ནི། །དེའི་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་གདུལ་བར་བྱ་བ་ཡིན་ཏེ། །དེ་ནི་རྨི་ལམ་གྱི་གནས་སྐབས་ཟད་ཅིང་མེད་པའི་ཕྱིར་རོ། །མགྲིན་པ་ལ་སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ། ་སྟེང་ན་གནས་པའི་ས་བོན་ཅན་རྣམས་ལ་ཡིན་གྱི། ས་བོན་མེད་པ་རྣམས་ལ་ནི་མ་ཡིན་ནོ། །སེམས་ཅན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་སླར་ཡང་འདི་རུ་འགྱུར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། །ལོངས་སྤྱོད ་རྫོགས་པའི་སྐུ་དང། སངས་རྒྱས་སྤྲུལ་པའི་སྐུ་རུ་འགྱུར། ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་དེ། གཅིག་དང་དུ་མ་སེམས་ཅན་རྣམས་ཀྱི་སྤྲུལ་པ་དུ་མ་མཐོང་བའི་ཕྱིར་དུ་མའོ། །དེ་ལྟར་གཅིག་དང་དུ་མའི ་རྣལ་འབྱོར་ནི་དོན་དམ་པར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཀུན་རྫོབ་ཏུ་ནི་གཅིག་དང་དུ་མ་འགལ་བ་ཡིན་ཏེ། དེ་ཡང་སད་པའི་གནས་སྐབས་ཟད་པའི་ཕྱིར་དཔྲལ་བ་དྲི་མ་མེད་པའི་སྤྲུལ་པ་སྟེ། དེ་ཡང་གཟུགས་རྣམས ་ཐམས་ཅད་ལ་སྣ་ཚོགས་ཀུན་ཏུ་བདེ་བ་སྟོན་པའི་ཕྱིར་རོ། །དེ་ནི་ནོར་བུ་རིན་ཆེན་ཏོག་ཅེས་བྱའོ། །དེ་ལྟར་ལྷན་ཅིག་སྐྱེ་པ་གཅིག་པུ་ལ་ངོ་བོ་ཉིད་ཀྱི་སྐུ་དང། ཆོས་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་སྟེ་སྐུ་རེ ་རེ་ལ་ཡང་བཞི་བཞིའི་བདག་ཉིད་ཅན་ནོ། །དེ་ཉིད་ཐམས་ཅད་ཀྱང་སྔོན་དུ་བརྗོད་པ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་འདི་གཅིག་པུ་དུས་མཛའ་ཨི་སྤྲིན་དང་འདྲ་བའི་ཉོན་མོངས་པ་རྣམས་དྲལ་ཞིང་མེད་པར་བྱས་ནས་ཧེ་རུ་ཀ་རུ་གྱུར་པ་སྟེ ་ཞེས་བྱ་བ་ནི་མི་འཕོ་བའི་ཆོས་ཀྱིས་ཉམས་སུ་བླངས་པའི་རྣམ་པར་ཤེས་པ་ལ་དེ་བཞིན་ནོ། །ཧེ་རུ་ཀ་ཞེས་པ་ནི་དྲག་པོ་རྣམས་ནི་སྨིན་པར་མཛད་པའི་དོན་དུ་རྡོ་རྗེ་སེམས་དཔའ་ཕྱིར་སྤྲོ་བའོ། །རྡོ་རྗེ་སེམས་དཔའ་དེ་ཡང་རྨོངས་པ་རྣམས་སྨིན ་པར་བྱ་བ་འམ། དགྲོལ་བར་བྱ་བའི་ཕྱིར་རམ། དེའི་དོན་གོ་བར་བྱ་བའི་ཕྱིར་ནི། དེ་ཡང་དམ་ཚིག་རྒྱལ་པོ་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ནི་གཟུགས་ཀྱི་ཕུང་པོ་གནས་གྱུར་པ་སྟེ་དེ་བཞིན་ནོ། །རིན་ཆེན་འཛིན་པ་དེ་ཉིད་སྡུག ་བསྔལ་བར་གྱུར་པ་རྣམས་ལ་སྦྱིན་པའི་དོན་དུ་རིན་ཆེན་འབྱུང་ལྡན་གནས་གྱུར་པ་སྟེ། མི་འཕོ་བའི་ཆོས་ཀྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ཡིས་སྡུག་བསྔལ་ཐམས་ཅད་རབ་ཏུ་འཕྲོག་པར་བྱེད་པ་ཟད་པར་བྱེད་པའི་ཚོར ་བའི་བདེ་བ་དེ་གཞན་མའོ། །དེ་ཡང་པདྨ་འཛིན་པ་ཆགས་བཅས་རྣམས་ཀྱི་ཆགས་པའི་རྒྱུར་ཞེས་བྱ་བ་ནི་སྣང་བ་མཛའ་ཡས་སུ་འགྱུར་རོ། །དེ་ཡང་སྣང་བ་ནི་སེམས་བདེ་བ་སྣང་བའོ། །མི་འཕོ་བའི་ཆོས་ཀྱིས་གང་འཕོ་བའི་བདེ་བ ་སྟེར་པའི་འདུ་ཤེས་ཏེ་དོན་གཞན་མའོ། །དེ་ཡང་བགེགས་རྣམས་གཞོམ་པའི་དོན་དུ་ནི་ཕྱག་རྒྱ་པདྨ་རལ་གྲི་འཛིན་དོན་ཡོད་གྲུབ་པ་རུ་ནི་འགྱུར་ཞེས་བྱ་བ་ནི་མི་འཕོ་བའི་ཆོས་ཀྱི་འདུ་བྱེད་རྣམས་ཏེ། ་གཞན་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམས་གང་སྒྲིབ་པ་མེད་པ་སེམས་སུ་བྱེད་པའི་ཕྱིར་རོ། །བདུད་ལ་སོགས་པའི་སྒྲིབ་པ་རྣམས་གཞོམ་པར་མཛད་པ་ཞེས་བྱ་བ་ནི་རང་གི་རྣམ་པར་ཤེས་པ་ལ་སོགས་པ་ཕུང ་པོ་ལྔ་དག་པའི་སངས་རྒྱས་ལྔའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་རྣམ་པ་གཉིས་སུ་གསུངས་ཏེ། ་དང་པོ་འཇིག་རྟེན་པའི་རྣལ་འབྱོར་གྱིས་དངོས་གྲུབ་བསྒྲུབ་པ་ནི་འདོད་ཁམས་གྱི་ལྷ་དྲུག་ཏུ་སྐྱེ་བ་དང། རལ་གྲི་དང། མིག་སྨན་དང། རྐང་མགྱོགས་དང། རི་ལུ་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་ན་འགྲུབ་པོ།། ་ཡང་རྣལ་འབྱོར་པ་རྣམས་ཀྱི་རླུང་དང་རྩ་དང་ཐིག་ལེ་དང་ནཱ་ད་ལ་སོགས་པ་རྟོགས་པ་ཅན་གྱི་རྣལ་འབྱོར་བསྒོམ་པ་ཡིས་ནི་གཟུགས་ཀྱི་ལྷ་བཅུ་བདུན་དུ་སྐྱེ་བར་འགྱུར་ཞིང་ལོངས་སྤྱོད་ཁྱད་པར་དུ་འཕགས་པས་ཐོབ་ཅིང་ཐུན་མོང ་གི་དངོས་གྲུབ་བསྒྲུབ་པས་འགྲུབ་པ་དེ་ནི་འཇིག་རྟེན་པའི་ཡིན་གྱི། དེ་རྣམས་ནི་འཇིག་རྟེན་ལས་འདས་པའི་ནི་མ་ཡིན་ནོ། །ཞེས་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་དང། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་བཅོམ ་ལྡན་འདས་ཀྱིས་ངེས་པའི་དོན་དུ་གསུངས་སོ། །དྲང་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཁ་ཅིག་ཏུ་བསྐྱེད་པའི་རིམ་པས་སངས་རྒྱས་པར་འགྱུར་ཞེས་གསུངས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་བྱིས་པ་རྨོངས་པ་མི་ཤེས ་པ་རྣམས་ལ་དྲང་པའི་དོན་ཏུ་གསུངས་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་དབང་རབ་བྱེད་དུ་དབང་བདུན་པོ་འདིས་ས་བདུན་པོ་ཐོབ་ཅེས་གསུངས་པ་ནི་བྱིས་པ་རྣམས་འཇུག་པའི་ཕྱིར་ཡིན་ཏེ། ངེས་པའི་དོན་དུ་བཅོམ་ལྡན་འདས ་ཀྱིས་ནི་མ་གསུངས་ཏེ། དེ་ཡང་དཔལ་མཆོག་དང་པོའི་རྒྱུད་ཀྱི་ཡེ་ཤེས་ཀྱི་ལེའུར་ཟད་པར་ས་ལ་སོགས་པ་བཞི་བསྒོམས་ན་བརྟན་པ་ཐོབ་ན་བསམ་གཏན་བཞི་པའི་ལྷར་སྐྱེ་བར་འགྱུར་ཞེས་གསུངས་སོ། །དེ་རྣམས་ནི་འཇིག་རྟེན་པའི ་དངོས་གྲུབ་སྒྲུབ་པའི་ཐབས་སུ་བསྟན་ཏོ།། །།ད་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་རྒྱུད་མཛའ་དག་ཏུ་ཡང ་གསུངས་ལ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་བསྟོད་འགྲེལ་དུ་ཡང་བཤད་དོ། །བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་འགྲེལ་པ་དྲི་མ་མེད་པར་གྲགས་པར་ཡང་རྒྱས་པར་བཤད་དོ། །སློབ་དཔོན་ཟླ་གྲགས་ཀྱིས་སྒྲོན་མ ་གསལ་བར་ཡང་བཤད་དེ་དོན་གོ་བར་ཡང་མ་གསུངས་སོ། །དེ་ཡང་འགྲེལ་པ་དྲི་མ་མེད་པ་ལ་བརྟེན་ནས་སྦྱོར་བ་ཡན་ལག་དྲུག་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་དང་པོ་སོ་སོར་སྤོང་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས ་པ་ལས་སོ་སོར་སྤོང་བ་ནི་མིག་གི་དབང་པོ་ཡུལ་རྣམས་ལས་ལོག་པའོ། །རྣ་བའི་དབང་པོ་སྒྲ་རྣམས་ལས་ལོག་པའོ། །སྣའི་དབང་པོ་དྲི་རྣམས་ལས་ལོག་པའོ། །ལྕེའི་དབང་པོ་རོ་རྣམས་ལས་ལོག་པའོ། །ལུས་ཀྱི་དབང་པོ་རེག་བྱ་འཇམ ་རྩུབ་རྣམས་ལས་ལོག་པ་ནི་སོ་སོར་སྤོང་བའི་མཚན་ཉིད་དོ། །འདིར་སོ་སོར་སྤོང་བའི་སྒྲ་ནི་དང་པོའི་ལས་ཅན་གྱིས་རྣལ་འབྱོར་པ་འམ། རྣལ་འབྱོར་མ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱལ་བའི་དབང་པོ་ཞེས་བྱ ་བ་ནི་ཤེས་བྱ་ཐམས་ཅད་འཛིན་པར་བྱེད་པ། ཡེ་ཤེས་ཀྱི་ཕུང་པོ་ཡིན་ཞེས་བརྗོད་དོ། །དེ་ཡང་ཡེ་ཤེས་ཀྱི་ཕུང་པོའི་ཡུལ་དུ་གྱུར་པའི་མཚན་མའི་དབྱེ་བ་རྣམ་པ་བཅུ་གཅིག་གཟུང་བར་བྱ་སྟེ། དེ་ཡང་དང་པོར ་སོ་སོར་སྤོང་བའི་དུས་སུ་དུ་བ་ལྟ་བུ་དང། གཉིས་པ་སྨིག་རྒྱུ་ལྟ་བུ་དང། གསུམ་པ་ནམ་མཁའ་གསལ་བ་ལྟ་བུ་དང། བཞི་པ་མར་མེ་ལྟ་བུ་དང། ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྣམས་ནི་གསང་བ་འདུས་པའི་རྒྱུད་ཕྱི་མར་གསུངས ་ཏེ། དེ་ལྔ་ནི་སོ་སོར་སྤོང་བའི་མཚན་མོའི་རྣལ་འབྱོར་གྱི་སྦྱོར་བས་དེ་རྣམས་མཐོང་བར་འགྱུར་རོ། །དེ་ནི་སོ་སོར་སྤོང་བ་དང་པོའི་བཤད་པའོ། །ཡང་སོ་སོར་སྤོང་པ་གཉིས་པ་ནི་ཉིན་མོའི་རྣལ་འབྱོར་གྱི་སྦྱོར་བས་མཚན་མ་རྣམ་པ་དྲུག་འབྱུང་པ ་ཉིད་དེ། །དང་པོ་འབར་བ་ལྟ་བུ་དང། དེ་ནས་ཟླ་བ་ཤར་བ་ལྟ་བུ་དང། དེ་ནས་ཉི་མའི་དཀྱིལ་འཁོར་ཤར་བ་ལྟ་བུ་དང། དེ་ནས་འཇའ་ལྟ་བུ་དང། དེ་ནས་གློག་ལྟ་བུ་སྟེ། དེ་ལ་སྒྲ་གཅན་འཛིན་ལྟ་བུ་དང་ཞེས་བྱ་བ་ནི་ཕྱི་རོལ་སྔོ་བསངས ་ནམ་མཁའ་ཨི་མདོག་དང་འདྲ་བ་ཟླུམ་པའོ། །དེའི་ནང་དུ་དུར་སེར་དུ་གནས་པའི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ་ཆ་ཕྲ་བ། འཆོར་བ། འདར་བ། གཞིག་པར་དཀའ་བའོ། །དེའི་ནང་ན་ཐིག་ལེ་ལྟ་བུ་ཞེས་བྱ་བ་ནི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ་ནི་འོད ་ཟེར་ལྔའི་ཚོགས་གནས་པའི་ཆེ་ཆུང་སྐྲའི་རྩེ་མོའི་ཚད་ཙམ་དུ་རྣལ་འབྱོར་པས་མཐོང་བ་ནི་ཐིག་ལེ་ལྟ་བུ་སྟེ། དེ་ནི་སོ་སོར་སྤོང་བ་གཉིས་པའི་བཤད་པའོ། །ད་ནི་བསམ་གཏན་བཤད་པར་བྱ་སྟེ། དེ་ལ་བསམ་གཏན་ཞེས་བྱ ་བ་ནི་དམིགས་པའི་ཡུལ་དེ་ཉིད་ལ་སེམས་མི་གཡོ་ཞིང་མི་ལྡེག་པར་གནས་པ་ནི་བསམ་གཏན་དང་པོའོ། །ཡང་བསམ་གཏན་གཉིས་པ་ནི་དེ་ལྟར་བསྒོམས་པའི་དབང་གིས་དེ་ལྟར་ཡང་མཐོང་བའི་དབྱེ་བས་བརྟགས་པ་མ་ཡིན་པའི ་མཐོང་བ་ནི་ཡེ་ཤེས་ཀྱི་ཕུང་པོ་ཞེས་པ་ནི་རྣལ་འབྱོར་པའི་ལུས་འདི་ཉིད་ཁོ་ནས་མཐོང་བའོ། །དེ་བཞིན་དུ་བསམ་གཏན་མི་བསྐྱོད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པ་བཅུ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག ་ཅིང་སེམས་ཕྱིར་མི་འཕྲོག་པར་ནང་དུ་དབུས་མར་ཞུགས་པ་ཉིད་དེ། སྣ་ཚོགས་པའི་སྐུ་སྟེ་བསམ་གཏན་གཉིས་པ་ཞེས་བརྗོད་དོ།། །།ད་ནི་སྲོག་རྩོལ་བ་བརྗོད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་དབུགས ་ཕྱིར་འབྱུང་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟད་པར་བྱེད་ཅིང་རྩ་རྣམས་སྟོངས་པར་བྱེད་པའོ། །རྩོལ་བ་ཞེས་བྱ་བ་ནི་ནང་དུ་འབྱུང་བ་སྟེ་མི་ཤོར་བར་བྱེད་པའོ། །ཡང་གི་སྒྲས་ནི་རྣལ་འབྱོར་པ་རྣམས་ཀྱི་སྲོག་དང་རྩོལ་བ་འགོག་ན ་ཚེ་རིང་ཞེས་བྱའོ། །རལ་གྲི་ཅན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། །དེ་ཡང་སྲོག་དང་རྩོལ་བས་སྣ་བུག་གཡོན་པ་དང། སྣ་བུག་གཡས་པ་ནས་རླུང་དཀྱིལ་འཁོར་ལྔ་ལྔ་གཅིག་ཏུ་མཉམ་པར་སོ་སོར་མ་འདྲེས་པར་གྱུར་ཅིང་སྣ ་བུག་གཡོན་པ་ནས་ཨོཾ་དཀར་པོར་གྱུར་ནས་ནང་དུ་འཇུག་ཅིང་ལྟེ་བའི་ཧཱུཾ་ལ་ཐིམ་པ་ནི་རྩོལ་བ་ཞེས་བརྗོད་དོ། །ཧཱུཾ་ལས་ཕྱིར་ཨཱ(རྒྱུད་འགྲེལ་ཡང་སྲོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་འཕོ་བར་གྱུར་པ་ནི་སྲོག་ཅེས་བྱའོ། །རྩོལ་བ་ཞེས་བྱ་བ་ནི་ནང་དུ་འཇུག་པ་ལ་ཡང་རྣམ་པ་བཅུ་ཧཱུཾ་ལ་ཐིམ་པར་གནས་པ་ནི་རྩོལ་བ་ཞེས་བརྗོད་དོ། །དེ་ཡང་སྲོག་རྩོལ་བ་ཡང་རྣམ་པ ་བཅུར་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ནི་སྲོག་དང་རྩོལ་བའི་བཤད་པའོ།། །།ད་ནི་འཛིན་པ་བཤད་པར་བྱ་སྟེ། དེ་ལ་འཛིན་པའི་ངོ་བོ་བརྗོད་པར་བྱ་སྟེ། རིན་པོ་ཆེའི་ཕྱག་རྒྱ་ཞེས་བྱ་བ་ནི ་ཚོར་བའི་ཕུང་པོ་ཉམས་སུ་མྱོང་བའོ། །ཚོར་བ་ནི་བདེ་བ་དེ་འཛིན་པ་འམ། མི་འགྱུར་བ་འམ། བསྟན་པས་ན་འཛིན་པ་སྟེ། སྐུའི་ཐིག་ལེ་འཛིན་པ་དང། གསུང་གི་ཐིག་ལེ་འཛིན་པ་དང། ཐུགས་ཀྱིས་ཐིག ་ལེ་འཛིན་པ་དང། ཡེ་ཤེས་ཀྱི་ཐིག་ལེ་འཛིན་པ་རྣམས་བདེ་བ་ཆེན་པོའི་འཁོར་ལོ་རྣམས་དང། སྤྲུལ་པའི་འཁོར་ལོ་དང། ཆོས་ཀྱི་འཁོར་ལོ་དང། ལོངས་སྤྱོད་ཀྱི་འཁོར་ལོ་དང། དཔྲལ་བར་དབང་བྱེད་ཀྱི་འཁོར་ལོ་དང། གཙུག ་ཏོར་གྱི་འཁོར་ལོ་རྣམས་སུ་ཀུན་རྫོབ་བྱང་སེམས་དབུ་མ་ནས་འགྲོ་བ་དང་འོང་བའི་རང་བཞིན་མི་འཕོ་བར་གནས་པ་ནི་འཛིན་པའི་དབྱེ་བས་རླུང་རྣམ་པ་བཅུ་འགྲོ་བ་དང་འོང་པ་སྟེ། དེ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དོ། །དེས་ནི་འཛིན་པ ་བཤད་པའོ། །ང་ནི་རྗེས་སུ་དྲན་པ་བཤད་པར་བྱ་སྟེ། དེ་ལ་དྲན་པ་ཞེས་བྱ་བ་ནི་ལྟེ་བ་ཆོས་ཀྱི་འབྱུང་གནས་དཀྱིལ་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པ་ཞེས་བྱ་བ་གཏུམ་མོའི་རྣམ་པ་སོར་གཅིག་པ། ཕྲ་བ་ལ་ཁ ་དོག་དམར་པོ་འཆོར་བ་འདོད་ཆགས་ཀྱི་མེས་ཐམས་ཅད་གདུངས་ཤིང་སྲེག་པ། ལུས་ཀུན་ལ་ཁྱབ་པར་བྱེད་པའི་ནུས་པ་ཡོད་པ་དེ་ལ་སེམས་ཀྱིས་རྗེས་སུ་དྲན་པ་ནི་དྲན་པ་ཞེས་བྱའོ། །ཡང་ཤེས་རབ་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་འཛིན ་པའི་དུས་སུ་དམིགས་པའི་ཡུལ་མི་བརྗེད་པས་ན་དྲན་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། རླུང་རྣམ་པ་བཅུ་གསང་བའི་རྡོ་རྗེ་དང་པདྨ་གཉིས་གཉིས་སུ་མེད་ཅིང་གཅིག་པར་གྱུར་པའི་ཤེས་རབ་ཀྱི་ཆགས་པས་བཞུ་བའི་བདེ་བ་དེ་ལ ་ཉོན་མོངས་པར་མི་རྟོག་ཅིང་མི་ཆགས་པ་མི་དྲན་པ་ཡིན་ཏེ། དེ་ཡང་གཡུང་མོ་དྲན་པའོ། །ཡང་དྲན་པ་ཞེས་པ་ནི་རྩ་དབུ་མ་ཨ་བ་དྷཱུ་ཏཱིར་འདོད་པའི་བདེ་བའི་གནས་སྐབས་སུ་རླུང་རྣམ་པ་བཅུའི་དབྱེ་བས་འགོག་ནུས་ཤིང་བདེ ་བ་ལ་མི་ཆགས་ན་ཡང་རྩ་རྗེས་སུ་དྲན་པའི་དྲན་པ་ཞེས་བརྗོད་དོ། །རྗེས་སུ་དྲན་པ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། དེ་ལ་ཏིང་ངེ་འཛིན་ཅེས་བྱ་བ་བརྗོད་པ་ལ། དཔལ་གྱི་ཏིང་ངེ་འཛིན་འཁོར་ལོ་ཅན་ཞེས་བྱ་བ་ནི་བཅོམ་ལྡན ་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ཏེ། རླུང་རྣམ་པ་བཅུ་གཙུག་ཏོར་གྱི་འཁོར་ལོར་འགོག་པས་ན་ཏིང་ངེ་འཛིན་ཅེས་བྱ་བར་བརྗོད་དོ། །དེ་ལྟ་ན་ནི་བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །དེ་ཅིའི ་ཕྱིར་ན་མྱ་ངན་ལས་འདས་པ་ཞེས་བརྗོད་ཅེ་ན། སངས་རྒྱས་རྣམས་ནི་གཙུག་ཏོར་གྱི་འཁོར་ལོ་ནས་གསང་བ་བདེ་བ་ཆེན་པོའི་འཁོར་ལོའི་བར་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་གཉིས་སུ་མེད ་པར་གྱུར་ཅིང། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་ལས་རླུང་རྣམ་པ་བཅུ་རྣམས་རྡོ་རྗེའི་ནོར་བུའི་རྩེ་མོར་འགོག་པ་དང། གཙུག་ཏོར་དུ་རྒྱས་པར་མཛད་པ་ནི་དེ་རྣམས་མི་རུང་བ་དེ་ལ་དགོངས་ནས་མི་གནས་པར་མྱ་ངན་ལས་འདས ་པ་ཞེས་ཀྱང་བརྗོད་དོ། །ཏིང་ངེ་འཛིན་བཤད་ཟིན་ཏོ། །ཡང་སོ་སོར་སྤོང་བའི་ལས་བཤད་པར་བྱ་སྟེ། དེ་ལ་སོ་སོར་སྤོང་བའི་ལས་བརྗོད་པར་བྱ་བ་ནི་སོ་སོར་ཞེས་བྱ་བ་ནི་རྣལ་འབྱོར་པའི་ལུས་ལ་ཕྱིའི་ཡུལ་དང། ནང་གི་ཡུལ་ཡུལ ་ཅན་རྣམ་པ་བཅུ་རྣམས་ཀྱིས་འབྲེལ་པས་རྣམ་པར་ཤེས་པ་ལ་མི་འཇུག་ཅིང་དེ་ཉིད་ལ་བརྟན་པར་གྱུར་པ་ནི་སོ་སོར་སྤོང་བའི་ལས་སོ། །སྤོང་བ་ཞེས་བྱ་བ་ནི་དོན་གོ་བར་མ་གྱུར་པས་ཡུལ་མི་འཇུག་པའོ། །སོ་སོར་སྤོང་བའི་མཚན ་ཉིད་ནི་སྟོང་པ་ཉིད་ཀྱི་སྐུའི་ཡུལ་རྣམས་ལ་མིག་ལྔ་ལ་སོགས་པ་གཞན་མངོན་པར་ཤེས་པ་རྣམ་པ་ལྔ་ལ་འཇུག་པའོ། །དེ་ནི་སོ་སོར་སྤོང་པའི་མཚན་ཉིད་དོ། །ད་ནི་བསམ་གཏན་གྱི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་བཞིན ་དུ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནང་དུ་བདག་ཉིད་ལ་བལྟ་བར་བྱའོ། །ཡང་རྟོག་པ་ཞེས་བྱ་བ་ནི་ཕྱི་དང་ནང་དུ་དངོས་པོ་ཐམས་ཅད་ལ་འཛིན་པར་བྱེད་པའོ། །དེ་ལ་དཔྱོད་པ་ཞེས་བྱ་བ་ནི་དེའི ་དོན་ངེས་པར་བྱས་ཤིང་དེའི་རང་བཞིན་ཁོང་དུ་ཆུད་པར་བྱེད་ཅིང་གོ་བར་གྱུར་པའོ། །དགའ་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་མཐོང་བ་དེ་ཉིད་ལ་ཞེན་པ་དང་བཅས་པས་སེམས་མི་འགྱུར་བར་གནས་པ་ནི་དགའ་བའོ། །དེ་ལ་མི་གཡོ ་བའི་བདེ་བ་ཞེས་བྱ་བ་ནི་སྐུ་དང་ལྷན་ཅིག་ཏུ་སེམས་འདྲེས་པར་གྱུར་ནས། མཉམ་པ་ལ་གསལ་བའི་བདག་ཉིད་ཅན་གྱིས་མི་གཡོ་བར་གྱུར་པའོ། །དེ་ལྟར་ན་གཟུང་བ་དང་འཛིན་པའི་དབྱེ་བས་རླུང་རྣམས་དང་འདྲེས་པའི་བསམ་གཏན ་རྣམ་པ་བཅུ་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་ནི་བསམ་གཏན་གྱི་མཚན་ཉིད་དོ། །དེ་ལྟར་སོ་སོར་སྤོང་བའི་མཚན་ཉིད་དང། བསམ་གཏན་གྱི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་སྲོག་དང་རྩོལ་བའི་ལས་དང ་མཚན་ཉིད་བཤད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་སྣ་བུག་གཡོན་པ་དང་གཡས་པ་གཉིས་ནས་གཅིག་ཆར་དུ་རྒྱུན་མི་འཆད་པར་རྒྱུ་བ་ནི་སྲོག་གི་ལས་སོ། །སྲོག་གི་མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་གྱི་དབུ་མར་དབུགས ་བཅུ་གཅིག་དང་བཞི་ཆ་རྒྱུས་ནས་བདེ་བ་སྐྱེད་པ་ནི་སྲོག་གི་མཚན་ཉིད་དོ། །རྩོལ་བ་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་སྣ་བུག་ནས་ནང་དུ་འཇུག་པའི་གནས་པའི་རྩོལ་བའི་ལས་སོ། །རྩོལ་བའི་མཚན་ཉིད་ནི ་གཡོན་པ་དང་གཡས་པའི་སྣ་བུག་ནས་རྒྱུ་བའི་སྲོག་འགོག་ཅིང་དབུས་མའི་ལམ་དུ་འཇུག་པའི་རྩོལ་བའི་མཚན་ཉིད་དོ། །དེ་ལྟར་རླུང་རྣམ་པ་བཅུ་སྟེ། ནམ་མཁའ་དང་ས་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཅུ་དབུས་མར ་འགོག་པར་བྱེད་དོ། །དེས་ནི་སྲོག་དང་རྩོལ་བའི་ལས་དང་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་ཐིག་ལེའི་མཚན་ཉིད་བརྗོད་པར་བྱ་སྟེ། འདིར་ཐིག་ཅེས་བྱ་བ་ནི་ཤེས་བྱ་བའི་དངོས་པོ་གཏན་ལ་འབེབས་པ་སྟེ། དངོས ་པོ་མི་འགྱུར་བར་བྱེད་པའོ། །ལི་ཞེས་བྱ་བ་ནི་དཔྲལ་བའི་དབུས་སུ་ཕུགས་རྡུགས་ཀྱི་རྩ་སྲོག་གི་རླུང་བཅུག་ཅིང། བླ་མའི་མན་ངག་ལྟར་རྣལ་འབྱོར་པས་བསྒོམས་པས། སྔར་རྩ་མ་ཉམས་པ་རྣམས་རྣལ་འབྱོར་གྱི་སྟོབས་ཀྱིས་རྩ ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིག་ལེ་རྒྱས་ཤིང་ཐམས་ཅད་ཁྱབ་པར་བྱེད་པ་ནི་ཐིག་ལེ་ཞེས་བརྗོད་དོ། །དེས་ནི་ཐིག་ལེའི་མཚན་ཉིད་དུ་བརྗོད་དེ་བཤད་ཟིན་ཏོ། །དེ་ནི་དང་གི་སྒྲས་ཐིག་ལེ་བཤད་དོ།། །།ད་ནི་ཡང ་འཛིན་པར་བཤད་པར་བྱ་སྟེ། གཉིས་ཀའི་འགྲོ་བ་རབ་ཏུ་འཇིགས་ཞེས་བྱ་བ་ནི་སྣ་བུག་གཡོན་པ་དང་གཡས་པའི་རླུང་རྒྱུ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་འཇིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འཕོ་བའི་བདེ་བ་ལ་ཆགས་ཤིང་ཞེན ་པ་དང་བཅས་པ་ནི་འཁོར་བར་ཡང་སྐྱེ་བའི་ལས་རབ་ཏུ་བསགས་ཤིང་དེའི་དབང་གིས་ངན་སོང་གསུམ་དུ་ལྟུང་ཞིང་དམྱལ་བར་སྐྱེ་བ་ནི་འཇིགས་པའོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དཔྲལ་བ་སྲིད་པའི་གནས་སུ་འགྲོ་བ་དང་འོང ་བའི་སྲོག་གི་རླུང་བཀག་པས་ནི་གཙུག་ཏོར་གྱི་འཁོར་ལོ་ན་རྩ་ཆེན་པོ་བཞི་གནས་པ་ནི་འབྱུང་བ་བཞི་ལས་གྲུབ་པ་དྲ་བའི་དཔེ་དང་འདྲ་བར་བྱས་ནས་ལུས་གྲུབ་ཅེས་བྱ་སྟེ། རྩ་ལུས་ཐམས་ཅད་ལ་དྲ་བ་ལྟར་ཁྱབ་ནས་གནས་པའོ།། ་དེ་ཅིའི་ཕྱིར་ཞེ་ན། དྲ་བ་ནས་མར་ཞུགས་ནས་ལུས་ཐམས་ཅད་ལ་བདེ་བས་ཁྱབ་པར་བྱེད་ཅིང་བདེ་བས་མཉམ་པའོ། །ཡང་སྲོག་གི་རླུང་གིས་ཀྱང་ཐམས་ཅད་ལ་ཁྱབ་པར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ཚོར་བ ་མཉམ་དུ་སྐྱེ་ཞིང་རུལ་པ་དང་སྐམས་པ་མེད་པ་ནི་སྲོག་གི་རླུང་ཐམས་ཅད་ལ་ཁྱབ་པར་གནས་སོ། །དེའི་ཕྱིར་རྣལ་འབྱོར་པ་ནི་རྩའི་དྲ་བ་ནས་མར་ཐིག་ལེ་བཞི་ལུས་ཐམས་ཅད་ལ་ཁྱབ་པར་གནས་ཤིང་ལུས་བདེ་བ ་དང་བཅས་ཤིང་གསལ་བ་མི་རྟོག་པ་བསྒོམས་པས་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པར་བྱེད་ཅིང་ཐབས་དང་མན་ངག་ཁྱད་པར་ཅན་རྣམས་འཛིན་ཏོ། །ཡང་འཛིན་པའི་མཚན་ཉིད་ནི་དཔྲལ་བར་སྲོག་འགོག་པ་དང། རྡོ་རྗེ་ནོར་བུ་རྩེ་མོར་སྲོག ་གི་རླུང་འགོག་པ་དང། རྡོ་རྗེའི་རྩ་བར་སེམས་རྩེ་གཅིག་པར་གྱུར་པས་བྱང་ཆུབ་ཀྱི་སེམས་མི་འཕྲོ་བའི་བདེ་བ་འཛིན་པར་བྱེད་པས་ན་འཛིན་པའི་མཚན་ཉིད་ཅེས་བརྗོད་དོ། །དེས་ནི་འཛིན་པའི་ལས་དང་མཚན་ཉིད་བཤད་ཟིན་ཏོ།། །། ་ང་ནི་ཡང་རྗེས་སུ་དྲན་པའི་ལས་དང་མཚན་ཉིད་བརྗོད་པ་སྟེ། དེ་ལ་གཏུམ་མོ་ཞེས་བྱ་བ་ནི་མི་སྲུན་པའོ། །ཡང་ཤིན་ཏུ་ཀུན་ལ་ཁྲོ་བའི་རང་བཞིན་ཅན་ནི་གཏུམ་མོའོ། །དཔེ་དེ་ལྟ་བུའི་རང་བཞིན་ནི་ཤེས་རབ་ཀྱི་བྱ་གདོང་མ་ལ་ཡོན་ཏན ་ཡོད་པས་གཏུམ་མོ་ཞེས་མིང་དུ་བཏགས་སོ། །ཡང་ཉོན་མོངས་པ་རྣམས་མི་སྐྱེ་བའི་ནུས་པ་ཡོད་པས་ན་གཏུམ་མོའོ། །ཡང་ཤིན་ཏུ་མྱུར་པའི་ཡོན་ཏན་ནམ། དྲག་པར་གཅོད་པའི་ཡོན་ཏན་ནམ། ཤངས་པར་བྱེད་པའི་རང་བཞིན་ནམ ་དངོས་པོ་ཐམས་ཅད་བརྗེད་པ་འམ། དམིགས་པ་མེད་པར་བྱེད་པས་ན་གཏུམ་མོ་སྟེ་དྲན་པའི་ལས་སོ། །དྲན་པའི་མཚན་ཉིད་དེ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་སྣང་བར་བྱེད་པའོ། །སྲིད་པ་གསུམ་གྱི་ནམ་མཁའ་ལ་འཕགས་པར ་བྱེད་ཅིང་མི་གཡོ་བར་གྱུར་པས་ན་གཏུམ་མོ་དུག་གསུམ་སྲེག་པར་བྱེད་པའོ། །དེ་རྣམས་དྲན་པས་ན་དྲན་པས་ཤེས་བརྗོད་དོ། །དེས་ནི་རྗེས་སུ་དྲན་པ་བཅུར་བསྟན་པའོ། །ད་ནི་ཏིང་ངེ་འཛིན་གྱི་ལས་དང་མཚན་ཉིད ་བརྗོད་པར་བྱ་སྟེ། དེ་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཞེས་བྱ་བ་ནི་ཤེས་བྱ་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པར་གྱུར་པའི་ཡུལ་ཐམས་ཅད་འགག་པར་འགྱུར་བ། སྤྲོས་པའི་མཛའ་དང་བྲལ་བ་སེམས་མཆོག་ཏུ་མི་འགྱུར་བའི ་དབང་གིས་ཆོས་ཀྱི་སྐུ་ནམ་མཁའ་ལ་སྤྲིན་དེངས་བ་ལྟ་བུའི་སེམས་གསལ་བ་རྟོགས་པར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གྱི་ལས་སོ། །ཏིང་ངེ་འཛིན་གྱི་མཚན་ཉིད་ནི་ཡེ་ཤེས་ཀྱི་སྐུ་དེ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྙེད་པར་འགྱུར་རོ། །དེ་ཡང་སྲོག་གི ་རླུང་རྣམ་པ་བཅུ་ལ་སོགས་པ་རྣལ་འབྱོར་པས་འགགས་པ་འམ། མེད་པར་གྱུར་ཅིང་སེམས་མི་གཡོ་བར་གྱུར་པས་མཐོང་ཞེས་པ་ནི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པས་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་དུ་གསུངས། །དེས་ནི་ཏིང་ངེ་འཛིན ་གྱི་ལས་དང་མཚན་ཉིད་བཤད་ཟིན་ཏོ། །དེ་ཡན་ཆད་སྦྱོར་བ་ཡན་ལག་དྲུག་གི་དབྱེ་བ་དང་མཚན་ཉིད་དང་ལས་རྣམས་བསྟན་ནས། ད་ནི་ཡོན་ཏན་བརྗོད་པར་བྱ་སྟེ། དེ་ལྟར་ཡན་ལག་དྲུག་གསུངས་པའི་སྒྲུབ་ཐབས་ཏེ། འདི་ནི་ཆུང་སོགས་དབྱེ ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའི་སྒྲུབ་ཐབས་ནི། །དུས་ཀྱི་འཁོར་ལོས་དེ་རིག་གོ་།ཕྱག་རྒྱ་གསུམ་དང་ཚད་གསུམ་གྱི། །རྣམ་པ་གསུམ་གྱི་འགྲོ་དབང་གིས། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ། །དེ་ལ་ཆུང་སོགས ་དབྱེ་བ་ཡིས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཆོས་དང་ལྡན་པ་ལོ་བཅུ་གཉིས་མ་འམ། བཅུ་དྲུག་མ་འམ། ཉི་ཤུ་ལོན་པའོ། །ཡེ་ཤེས་ཕྱག་རྒྱ་ལྷ་མོ་འམ། ཀླུ་མོའི་མི་མོ་རང་མོས་པའམ། ཡེ་ཤེས་ཀྱི་ལྷ་མོའམ། ནམ་མཁའ་འགྲོ་མའོ། །ཕྱག་རྒྱ་ཆེན་མོའོ། །གསུམ་དུ ་ཡང་ནི་འགྱུར་བ་ཡིན་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ལོ་བཅུ་གཉིས་མ་ལ་སོགས་པ་ལ་བརྟེན་ནས་བདེ་བ་ལ་སེམས་གཏད་ཅིང་དམིགས་པ་ཡིས་ནི་བྱང་ཆུབ་ཀྱི་སེམས་འཛག་པས་ནི་འགྲོ་བའི་རྣལ་འབྱོར་པའི་བདེ་བ་ཚད་ཆུང་ངུར ་འགྱུར་ཏེ། དེའི་དངོས་གྲུབ་ཀྱི་འབྲས་བུ་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྣལ་འབྱོར་པས་བསྒྲུབས་པས་འཛག་པའི་བདེ་བ་ཆུང་ངུ་མེའི་ཡོན་ཏན་ཞེས་པ་ནི་འཇིག་རྟེན་པ་རྣམས་དང་དགའ་བ་གསུམ་འགྱུར་དུ ་འབྱུང་བ་དེས་ནི་འདོད་ཁམས་ཀྱི་ལྷའི་ལོངས་སྤྱོད་དང་རྒྱན་དང། འཁོར་ཁྱད་པར་ཅན་ཐོབ་པར་གྱུར་པ་ནི་ཕན་ཡོན་དང་པོའོ། །ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ལྷ་མོ་ལ་སོགས་པ་དམིགས་པའི་ཡུལ་དུ་བྱས་ནས་སེམས་བདེ་བ་ལ་གཏད ་ནས་བདེ་བ་སྐྱེད་པ་ནི་ཆུའི་ཡོན་ཏན་ཞེས་པ་ནི་བདེ་བ་འཇིག་རྟེན་པ་དང་བདེ་བ་བཞི་འགྱུར་དུ་འབྱུང་བ་ནི་རྣལ་འབྱོར་པའི་འབབ་པའི་འགྲོ་བ་ནི་བདེ་བའི་ཆེད་འབྲིང་པོར་འགྱུར་ཏེ། དེས་དངོས་གྲུབ་ཀྱི་འབྲས་བུ་ནི་ཡེ་ཤེས་ཀྱི ་ཕྱག་རྒྱ་ལ་བརྟེན་ནས་རྣལ་འབྱོར་པས་བསྒོམས་པས་ནི་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་གྱི་བདེ་བ་འམ། ལོངས་སྤྱོད་དང་རྒྱན་དང་འཁོར་ཁྱད་པར་ཅན་རྣམས་སྐྱེ་བ་གཅིག་གིས་ཐོབ་པར་འགྱུར་ཞེས་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས ་ཀྱི་ལེའུར་གསུངས་ཏེ། དེ་ནི་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་ཡིན་གྱི། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་ནི་མ་ཡིན། ཞེས་དེ་ལས་འབྱུང་ངོ། །འདི་ནི་ཕན་ཡོན་གཉིས་པའོ། །ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར ་མི་ཕྱེད་པའི་ཕྱག་རྒྱ་ཆེན་མོ་ལ་དམིགས་པའི་བདེ་བ་བསྐྱེད་པ་ནི་མི་འབབ་པའི་བདེ་བ་ཆེན་པོ་དེ་ནི་རྣལ་འབྱོར་མཆོག་གི་ཡང་མཆོག་ཅེས་བྱ་སྟེ། རླུང་གི་ཡོན་ཏན་ཞེས་ནི་ལྔ་འགྱུར་དུ་འབྱུང་བའི་བདེ་བ་དེས་ནི་སྐད་ཅིག ་ཙམ་ཡིད་ལ་བྱས་ཀྱང་སྲིད་པ་ལས་གྱེན་དུ་གཤེགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་འང་དཔེར་ན་ནགས་ཆེན་པོ་དཔག་ཏུ་མེད་པ་ཡོད་ཀྱང་རྩུབ་ཤིང་ལས་བྱུང་བའི་མེ་ཤིན་ཏུ་ཆུང་ཡང་ནགས་དེ་རྣམས ་མེ་དེས་ཐམས་ཅད་སྲེག་པ་དང་མཚུངས་ཏེ། ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་སྒྲིབ་པ་འམ། བག་ཆགས་དཔག་ཏུ་མེད་པ་ཡོད་ཀྱང། སྟོང་པ་ཉིད་རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་ལ་རྟོག་པ་ཐམས་ཅད་སྤངས་ནས་ཐུན ་གཅིག་བསྒོམས་ན་དག་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་ཏེ་ངེས་པའི་དོན་ཏོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀའི་འབྲས་བུ་དང་བདེ་བ་བསྐྱེད་པར་འགྱུར་རོ།། ་དེ་ལྟར་གསུམ་ཕྱག་གསུམ་ལ་རྣལ་འབྱོར་པས་བསྒོམས་པས་དངོས་གྲུབ་ཀྱང་གསུམ་དུ་དེ་ལྟར་འབྱུང་བར་འགྱུར་རོ། །སྣ་ཚོགས་བརྟན་པོའི་སྒྲུབ་ཐབས་ནི་དུས་ཀྱི་འཁོར་ལོས་དེ་རིག་གོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སྦྱོར་བ་ཡན ་ལག་དྲུག་བསྒོམ་པར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་པས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་དོན་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཕྱག་རྒྱ་གསུམ་དང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང། ཡེ་ཤེས་ཀྱི་ཕྱག་རྒྱ ་དང། ཕྱག་རྒྱ་ཆེན་པོ་དང་གསུམ་ལ་བརྟེན་ནས་བསྒོམ་པའོ། །ཚད་གསུམ་དང་ཞེས་བྱ་བ་ནི་སྐྱེས་བུ་བློ་དམན་པ་དང། སྐྱེས་བུ་བློ་འབྲིང་དང། སྐྱེས་བུ་བློ་རྩལ་རབ་ཏུ་ཕྱིན་པ་རྣམས་ལ་ཕྱག་རྒྱ་གསུམ་ཅི་རིག་པར་སྦྱིན་པར་བྱའོ། །རང་གི་སྒྲས་ནི་ཕྱག་རྒྱ་གསུམ་ལས ་མི་འཕོ་བར་ཉམས་སུ་ལོང་ཞིག་པར་བསྟན་པའོ། །རྣམ་པ་གསུམ་གྱི་འགྲོ་དབང་གིས་ཞེས་བྱ་བ་ནི་ཕྱག་རྒྱ་གསུམ་གྱི་སྔ་མའི་སངས་རྒྱས་རྣམས་དང། མ་བྱོན་པའི་སངས་རྒྱས་རྣམས་དང། ད་ལྟར་གྱི་ཤཱཀྱ་ཐུབ་པ་ཡང་དེ་ལ་བརྟེན་ནས་སངས་རྒྱས་སོ་ཞེས་བྱ་བའི་དོན ་ཏོ། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ་ཞེས་བྱ་བ་ནི་དེ་ལྟར་ཕྱག་རྒྱ་གསུམ་ལ་བརྟེན་ནས་བསྒྲུབས་ན་ཞི་བ་དང་གྲོལ་བའི་རྒྱུར་འགྱུར་ཞིང་ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །སོ་སོར་སྤོང་བ་ལ་སོགས་པའི་ཕན་ཡོན་བཤད་ཟིན་ཏོ།། །། ་ད་ནི་སོ་སོར་བསྡུས་པའི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ་འདིར་སོ་སོར་བསྡུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པས་མཚན་མོ་བསྒོམས་པའི་དུས་སུ་སོ་སོར་སྡུད་པ་ཡང་དག་པར་འགྱུར་ཏེ། ་སྟོང་པ་ཉིད་ཀྱི་སྐུ་ལ་བརྟན་པར་གྱུར་པ་དེའི་ཚེ་རྣལ་འབྱོར་པ་ལ་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཚིག་གི་མཆོག་སྟེར་བ་ཞེས་བྱ་བ་ནི་དགས་གི་སྨྲ་བ་ཐམས་ཅད་བཙུན་པ་དང། ཅི་སྨྲས་པ་ཀུན་ཡང་སེམས་ཅན་རྣམས་ལ་སྙན ་པར་འགྱུར་རོ། །ལོངས་སྤྱོད་དང་ཡོ་བྱད་ཐམས་ཅད་འཕེལ་བར་འགྱུར་རོ། །དེས་ནི་སོ་སོར་སྡུད་པའི་འབྲས་བུ་བརྗོད་དེ་བཤད་ཟིན་ཏོ། །ད་ནི་བསམ་གཏན་གྱི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ། བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་པར ་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་མི་ཡི་བདག་།ཅེས་བྱ་བ་གསུངས་པ་ལ། དེ་ལ། བསམ་གཏན་སྦྱོར་བ་དག་པ་ཡིས། ཞེས་བྱ་བ་ནི་འདིར་གང་གི་ཚེ་མིག་མི་འཛུམས་པར་བགྲད་པ་དང། ལུས་མི་འགུལ་བར་བསྲང་བས་ཨ་བ ་དྷཱུ་ཏཱིར་ཡིད་བཙུད་དེ། སེམས་མ་གཡེངས་པར་གནས་པ་དེའི་ཚེ་བསམ་གཏན་དག་པའོ། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་དག་པ་ལྷའི་སྤྱན་ལ་སོགས་པ་ལྔ་ཐོབ་པར་འགྱུར་ཏེ། ་ཤའི་སྤྱན་དང། ལྷའི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང། ཆོས་ཀྱི་སྤྱན་དང། ཡེ་ཤེས་ཀྱི་སྤྱན་ལ་སོགས་པ་ཐོབ་པར་འགྱུར་རོ། །མེའི་བདག་ཅེས་པ་ནི་འཕགས་པ་འཇམ་དཔལ་ལ་བོད་པའི་ཚིག་ཡིན་ཏེ། དེའི་སྒྲས་རྣལ ་འབྱོར་པ་རྣམས་ཀྱིས་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སོགས་ཀྱི་སྒྲས་ནི་དེ་བཞིན་དུ་ལྷའི་སྙན་ལ་སོགས་པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་བསམ་གཏན་གྱི་འབྲས་བུ་བཤད་ཟིན་ཏོ།། །། ་ད་ནི་སྲོག་དང་རྩོལ་བའི་འབྲས་བུ་བརྗོད་པར་བྱ་སྟེ། དེ་ལ་སྲོག་དང་རྩོལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པས་གཡོན་ནས་འཇུག་པའི་རླུང་རྒྱུ་བ་ཆད་པ་དང། གཡས་ནས་ཕྱིར་འབྱུང་བའི་རླུང་རྒྱུ་བ་འཆང་པས་ན། ཉི་མ་དང་ཟླ་བའི་ལམ ་དང་བྲལ་བར་གྱུར་པ་དེའི་ཚེ་སྲོག་དག་པས་རྟག་ཏུ་རྩ་དབུ་མ་ནས་རྒྱུ་བ་དེའི་ཚེ། སྲོག་དང་རྩོལ་བ་དག་པ་ལས་བྱང་ཆུབ་སེམས་དཔལ་མཆོད་པ་སྟེ། སྐུའི་དམ་ཚིག་བསྲུངས་བ་དང། །བསུང་གི་དམ་ཚིག་བསྲུངས་པ་དང། ་ཐུགས་ཀྱི་དམ་ཚིག་བསྲུངས་པ་དང། ཡེ་ཤེས་ཀྱི་དམ་ཚིག་བསྲུངས་པ་ཞེས་བྱ་བ་ནི་ལུས་ཀྱི་ཐིག་ལེ་མི་འཕོ་བ་དང། དག་གི་ཐིག་ལེ་མི་འཕོ་བ་དང། སེམས་ཀྱི་ཐིག་ལེ་མི་འཕོ་བ་དང། ཡེ་ཤེས་ཀྱི་ཐིག་ལེ་མི་འཕོ་བ ་སྟེ། རྣལ་འབྱོར་ཆེན་པོའི་རང་བཞིན་སྔགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ནི་སྲོག་དང་རྩོལ་བའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་འཛིན་པའི་འབྲས་བུ་བརྗོད་པ་སྟེ། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང། །སྟོབས ་བཅུ་ལ་ནི་འཇུག་པར་འགྱུར། །དེ་ལ་ཉོན་མོངས་ལ་སོགས་བདུད་འཇོམས་ཤིང། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་གཟུང་བ་ལ་འཛིན་པའི་སེམས་འཇུག་ཅིང་མི་གཡོ་བར་འགྱུར་བ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི ་མུག་དང་ཆ་མཉམ་པ་སྟེ། ལྷའི་བུའི་བདུད་དང། འཆི་བདག་གི་བདུད་དང། ཕུང་པོའི་བདུད་དང། ཉོན་མོངས་པའི་བདུད་ཅེས་པ་ནི་ལུས་ཀྱི་སྒྲིབ་པ་དང། དག་གི་སྒྲིབ་པ་དང། ཡིད་ཀྱི་སྒྲིབ་པས་ཡེ་ཤེས་ཀྱི་སྒྲིབ་པ་རྣམས་མི ་འབྱུང་བར་འགྱུར་རོ། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཞེས་པ་ནི་འཛིན་པའི་སྟོབས་ཀྱིས་སྲོག་གི་རླུང་འགྲོ་བ་དང། འོང་བའི་བྱེ་བྲག་མེད་པར་འགྱུར། །ཟད་པར་འགྱུར། འགགས་པར་གྱུར་པས་ནི་ལྟེ་བའི་གཞོམ ་དུ་མེད་པ་ལ་དབུགས་ཐིམ་པར་གྱུར་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་གཅིག་ཏུ་འདྲེས་པས་དཔྲལ་བར་སྲོག་འགོག་པ་ནི་ས་བཅུ་ཐོབ་པས་སྟོབས་བཅུ་འབྱུང་བ་ནི་འཛིན་པ་ལས་ཐོབ་པར ་འགྱུར་རོ། །འཛིན་པའི་འབྲས་བུ་བཤད་ཟིན་ཏོ།། །།ད་ནི་རྗེས་སུ་དྲན་པའི་འབྲས་བུ་བརྗོད་པར་བྱ་སྟེ། དེ་ལ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འདིར་ཤེས་རབ་སྟོང་པ་ཉིད་ཀྱི་སྐུ་ལ་ཐབས་སྙིང་རྗེའི་བདག་ཉིད་འཁྱུད་པས ་རྗེས་སུ་དྲན་པ་ནི་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་སེམས་བདེ་བ་ལ་གནས་པ་ནི་དྲན་པའོ། །ཡང་ན་དྲན་པས་ངེས་གཟུང་བ་དེའི་ཕྱིར་གང་དག་དེའི་ཚེ་དྲི་མ་མེད་པའི་འོད ་འཕྲོ་བའི་དཀྱིལ་འཁོར་དུ་བསམས་པ་ནི་བདག་གི་བདེ་བ་འདིས་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདི་ལྟ་བུ་དང་ལྡན་པར་གྱུར་ལ། བདག་ཀྱང་དུས་འདི་ནས་བརྩམས་ནས་སྙིང་པོ་བྱང་ཆུབ་ལ་གཏུགས་ཀྱི་བར་དུ། བདེ་བ་འདི་དང ་མི་འབྲལ་བར་གྱུར་ཅིག་པ་ནི་དྲན་པའོ། །ཡང་བདེ་བ་དེ་ཉིད་ཇི་ལྟར་སྟོང་པ་བཞིན་དུ་ཁམས་གསུམ་པོ་འདི་དག་ཐམས་ཅད་ཀྱང་སྐད་ཅིག་མའི་སོ་ལ་མི་གནས་པའོ་ཞེས་བསམ་པ་ཡང་དྲན་པའོ། །ཡང་ཐིག་ལེ་གསུམ་པོ་རྫོགས་པའི ་སྐད་ཅིག་མ་དེ་ཉིད་ནི་ཤེས་རབ་ཡེ་ཤེས་སོ་ཞེས་དྲན་པས་ན་དྲན་པའོ། །ཡང་ཡེ་ཤེས་ཀྱི་ཐིག་ལེ་རྫོགས་པའི་བདེ་བ་དེ་ཉིད་ནི་དཔེའི་བཞི་པ་ཡིན་ཞེས་བྱ་བར་དྲན་པས་ན་དྲན་པའོ། །ཡང་ཐིག་ལེ་བཞི་གསད་བའི་པདྨར་སྤྲོས་པས་ནི་སྐུ ་བཞི་སྤྲུལ་པ་བྱེ་བ་ཕྲག་ཕྱེད་དང་བཞི་བཀྱེ་བས་ཤེས་རབ་ཀྱི་སྐྱེ་གནས་དང། རྩ་དང་སོ་དང་སེན་མོ་ལ་སོགས་པ་ཐམས་ཅད་གདུལ་བྱའི་འགྲོ་བ་རྣམས་འདུལ་བར་བསམས་པ་ནི་དྲན་པའོ། །ཡང་རྣལ་འབྱོར་པ་དང་རྣལ་འབྱོར་མ་གཉིས ་ཀྱི་ལུས་ཀྱི་བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞི་ནས་བདེ་བའི་འོད་ཟེར་སྤྲུལ་པ་དཔག་ཏུ་མེད་པར་སྤྲོས་པས་འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཕོག་པས་དེ་དག་གིས་ཀྱང་ལྷན་ཅིག་སྐྱེས་པའི་བདེ་བ ་རྟོགས་པར་གྱུར་ཏེ། འོད་ཟེར་དང་སྤྲུལ་པ་དེ་དག་སླར་ལོག་ནས་བདག་ཉིད་ཀྱི་སྤྱི་བོ་ནས་ལུས་ཐམས་ཅད་ལ་ཁྱབ་པས་བཞི་པ་སྟོང་གིས་ཆར་ཡང་མི་ཕོད་པའི་བདེ་བ་སྐྱེས་པར་བསམས་པ་ནི་དྲན་པའི་འབྲས་བུའོ། །དེས་ན་དྲན་པའི་འབྲས་ ་བུ་བཤད་ཟིན་ཏོ།། །།ད་ནི་ཏིང་ངེ་འཛིན་གྱི་འབྲས་བུ་བརྗོད་པར་བྱ་སྟེ། ཡེ་ཤེས་སྐུ་ལ་ཐིག་ལེ་བཞི་འབྱུང་བ། །དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལས་སྤྲོས་པའོ། །ཞེས་བྱ་བ་གསུངས་པ་ལ་ཡེ་ཤེས་སྐུ་ལ་ཐིག་ལེ ་བཞི་འབྱུང་བ་ཞེས་བྱ་བ་ནི་ཐབས་ཀྱི་གསང་བའི་རྡོ་རྗེ་ནས་སྐུའི་ཐིག་ལེ་འབྱུང་བ་དང། །གསུང་གི་ཐིག་ལེ་འབྱུང་བ་དང། ཐུགས་ཀྱི་ཐིག་ལེ་འབྱུང་བ་དང། ཡེ་ཤེས་ཀྱི་ཐིག་ལེ་འབྱུང་བའི་དོན་ཏོ། ་དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལ་སྤྲོས་པའོ། །ཞེས་བྱ་བ་ཏེ། ཤེས་རབ་ཀྱི་གསང་བའི་པདྨར་སྐུའི་སྤྲུལ་པ་སྤྲོས་པ་དང། གསུང་གི་སྤྲུལ་པ་སྤྲོས་པ་དང། ཐུགས་ཀྱི་སྤྲུལ་པ་སྤྲོས་པ་དང། ཡེ་ཤེས་ཀྱི་སྤྲུལ་པ་རྣམས་སྤྲོས་པས་འགྲོ ་བའི་དོན་མཛད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དག་པའི་ཏིང་འཛིན་གྱི་ཞེས་བྱ་བ་ནི་འདིར་སྟོང་པ་ཉིད་སྐུ་ལ་གཟུང་པའི་སེམས་སྤངས་པ་དང། འཛིན་པའི་སེམས་སྤངས་པས་དག་ཅིང་རོ་གཅིག་པའི་དེ་བཞིན་ཉིད་ཀྱིས་སེམས་གང ་གི་ཚེ་མི་འགྱུར་བའི་སྐད་ཅིག་མ་སྐྱེས་པའི་དོན་ཏོགས་པ་ནི་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་ཕྱིར་ཏིང་ངེ་འཛིན་དེས་དག་པས་ན། ལུས་དྲི་མ་མེད་པར་བྱས་སོ། །དག་དྲི་མ་མེད་པར་བྱས་སོ། །ཡིད་དྲི་མ་མེད་པར་བྱས་སོ། །ཡེ་ཤེས་དྲི་མ་མེད་པར ་བྱས་པ་ཡིན་ཏེ། རྣལ་འབྱོར་པ་དེས་ཉིན་ཞག་གཅིག་གམ། ཟླ་བ་གཅིག་གམ། ཟླ་བ་གསུམ་མམ། ཟླ་བ་དྲུག་གམ། ལོ་གཅིག་གམ། ཐ་ན་ལོ་གསུམ་དང། ཟླ་བ་ཕྱེད་དང་གཉིས་ཀྱི་ཉིན་མཚན་གྱིས་ཡེ ་ཤེས་ཀྱི་ལུས་གྲུབ་སྟེ། མཆོག་གི་དངོས་གྲུབ་སྟེར་བར་འགྱུར་ཏེ། འབྲས་བུ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་མཚུངས་པར་འགྱུར་ཏེ། ས་བཅུ་ལ་སོགས་པས་བསྒྲུབས་པ་དང། དེ་ནས་རྣལ་འབྱོར་པ ་དེས་བཞི་པའི་དོན་ཁྱད་པར་ཅན་ཉམས་སུ་མྱོང་བས་ས་བཅུ་གཅིག་ཐུན་མོང་གི་ས་ཐོབ་པར་གྱུར་ཅིང་བརྙེས་པས་ཡེ་ཤེས་ཀྱི་སྒྲིབ་པ་སྤངས་པས་ས་བཅུ་གཉིས་པ་བརྙེས་པས་ནི་རྡོ་རྗེ་འཆང་གིས་ཞེས་བྱ་བ་སྟེ། དེས་ན་ཏིང་ངེ་འཛིན ་གྱི་འབྲས་བུ་བཤད་ཟིན་ཏོ། །སོ་སོར་སྡུད་པ་ལ་སོགས་པ་སྦྱོར་བ་ཡན་ལག་དྲུག་གི་ངེས་པ་དང། དབྱེ་བ་དང། རེ་རེའི་ངེས་པའི་དོན་བསྟན་ཅིང་བསྒྲུབ་པའི་ཡན་ལག་བསྟན་ཏོ།། །།ད་ནི་སྦྱོར་བ་ཡན ་ལག་དྲུག་གི་སྒྲུབ་པའི་ཐབས་བསྟན་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་རྣམས་ཀྱིས་བཙན་ཐབས་སྦྱོར་བ་ཤེས་པར་བྱ་སྟེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་སྟོང་པ་ཉིད་ཀྱིས་སྐུ་ལ་སྣ་ཚོགས་ཀྱི་གཟུགས་མཐོང ་བ་ན། སྲོག་ལ་རྣལ་འབྱོར་པས་མ་བསྡམས་པས་མི་འཛག་པའི་བདེ་བའི་སྐད་ཅིག་མ་མི་སྐྱེ་ན། དེའི་ཚེ་རྣལ་འབྱོར་པས་འཆང་པར་འགྱུར་བའི་ནཱ་ད་ལ་བཙན་ཐབས་ཀྱིས་གོམས་པར་བྱས་ལ་ཉམས་སུ་བླང་བར་བྱ་སྟེ། ་དེ་ལ་རྣལ་འབྱོར་པས་ལུས་བསྲང་སྟེ། སྐྱིལ་མོ་ཀྲུང་བཅས་ལ། དབུགས་སོར་བཞག་ཅིང་སེམས་མི་ཡེངས་པར་གནས་ཤིང། ལག་པ་གཡས་པས་རྩེ་ཆུང་ངམ། གཉིད་ལོག་རྩ་བགས་ཀྱིས་མནན་ཅིང་མི་གཡོ ་པར་གནས་པར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་མི་ལྕི་ཙམ་གྲངས་མར་བྱས་ལ་རོ་སྟོད་དང་སྤྱི་བོ་མིན་པ་དེ་ཙམ་དུ་བྱས་ན། རྩ་དབུས་མར་སྲོག་གི་རླུང་རྒྱུ་བ་ཉིད་ཀྱིས་ཤེས་རབ་ཀྱི་པདྨར་གནས་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ ་ཀྱི་སེམས་ཀྱི་ཐིག་ལེ་བཞི་མི་འཕོ་བའི་འགོག་པའི་བདེ་བ་ཡིས་བརྒྱའི་ཆར་ཡང་མི་འཕོད་པའི་རྒྱུ་མཐུན་པའི་མི་འཛག་པའི་སྐད་ཅིག་མའི་བདེ་བ་ལྷན་ཅིག་སྐྱེས་པའི་སྐུའི་དོན་བསྒྲུབས་པས། མཐོང་བར་ཚེ་འདི་ལ་འགྱུར་རོ། །དེ་ནི་བཙན་ཐབས ་ཀྱི་སྦྱོར་བ་དང་པོའོ། །བཙན་ཐབས་ཀྱི་སྦྱོར་བ་གཉིས་པ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་མ་དང་སྙོམས་པར་ཞུགས་ཤིང། མཉམ་པར་འཇོག་པའི་དུས་སུ་སྙིང་རྗེའི་བདག་ཉིད་ཐབས་ཀྱི་གསང་བའི་གནས་ཐུར་སེལ་གྱི ་སྒོ་གཡའ་པ་འམ། ལུས་བོར་བ་ལངས་པའི་དུས་ཉིད་དུ་རྡོ་རྗེ་ནོར་བུའི་རྩ་བར་ལག་པ་གཡས་པས་མནན་ཅིང་ལུས་མི་གཡོ་བར་སེམས་བདེ་བ་ལ་གཏང་ཅིང་ཡང་དྲང་བ་དང། རྒྱུ་ཞབས་ཀྱི་ཤ་ཚིགས་པ་ལ་སྦྱར་བ་དང། མིག་བགྲོད ་པ་དང། རྐང་པའི་འཐེ་བོང་ནང་དུ་བསྐུམ་པ་དང། རྟིང་པ་ཕྱིར་བརྐྱང་པས་ཤེས་རབ་མ་དང་ཐབས་གཉིས་ཆར་ཡང་མི་འགུལ་མི་གཡོ་བར་བདེ་བ་ལ་སེམས་གཏང་ཅིང་གནས་པ་ནི། བཙན་ཐབས་ཀྱི་སྦྱོར་བ་གཉིས་པའོ། །ད་ནི་སྟོང ་པ་ཉིད་ཀྱི་སྐུ་བསྒྲུབ་པའི་ཕྱིར་ལྟ་བ་བརྗོད་པར་བྱ་སྟེ། དེ་ལ་བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྙེན་པ་ཞེས་བྱ་བ་ནི་དང་པོའི་རྟགས་དུ་བ་ཉིན་མཚན་གཅིག་ལ་རྣལ་འབྱོར་པས་བསྒོམས་པས་མཐོང་བར་འགྱུར་རོ།། ་ཕྱི་ནང་གི་སྨིག་རྒྱུ་ལ་སོགས་པ་འབྱུང་བར་འགྱུར་རོ། །བསྙེན་པ་དེའི་དང་པོར་སྦྱོར་བ་ཡན་ལག་དྲུག་བསྒོམས་པས་རྟགས་དུ་བ་ལ་སོགས་པའི་མཚན་མར་འཛིན་པའི་སེམས་སྤངས་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་པའི ་སེམས་ཀྱིས་གསལ་ལ་མི་རྟོག་པ་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །གཟུང་འཛིན་དང་བཅས་པའི་སེམས་ཀྱིས་བསྒོམས་པས་ནི་འབྱུང་བར་འགྱུར་བ་མ་ཡིན་ནོ། །དེ་ཡང་རྟགས་བཅུ་གཅིག ་ཡིན་ཏེ། དུ་བ་ནི་དང་པོ་འདི་རྣམས་ཡིད་ཆེས་པའི་རྒྱུར་བསྟན་པ་ཡིན་ལ། ལྷག་མ་བཅུས་ནི་ཕྱི་ནས་བརྟན་པར་བྱེད་པའི་སྦྱོར་བ་ཡང་དག་པར་བྱེད་པ་ཡིན་ཏེ། དེ་རྣམས་ཀྱང་དངོས་པོར་བཟུང་བ་ལས་བྱུང་བ་ནི་མ་ཡིན་ནོ། །དངོས་པོ་མེད ་ལས་རྟགས་དེ་རྣམས་འབྱུང་བར་འགྱུར་རོ། །དེ་ལ་སོ་སོར་སྡུད་པ་དང་པོའི་ལྟ་བ་བརྗོད་པར་བྱ་སྟེ། དེ་ལ་འཁོར་ལོ་ཅན་ཞེས་བྱ་བ་གསུངས་པ་ལ། འཁོར་ལོ་ཅན་ནི་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་ལ་ལྟ་བའོ། །ཅན་ཞེས་པ ་ནི་ཐིག་ལེ་བཞི་གནས་པས་ན་ཅན་ནོ། །ལྟ་བ་ཞེས་པ་ནི་ཁྲོ་བོ་གཙུག་ཏོར་རྒྱལ་པོའི་ལྟ་བ་ནི་སྟེང་དུ་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་ལ་ཐིག་ལེ་བཞི་འབྱུང་བ་བཞིས་བསྐྱེད་ཅིང་བདེ་བ་དེ་ལ་དུས་ཐམས་ཅད་དུ་ལྟ་བར ་བྱེད་དོ། །སྐད་ཅིག་མ་གཅིག་ཙམ་ཡང་མི་ཡེངས་པར་དེ་ཉིད་ལ་ཡང་དང་ཡང་དུ་ལྟ་བར་བྱེད་དོ། །དེའི་སྤྱོད་ལམ་ནི་མིག་དག་མི་འཛུམས་པ་དང། ཁ་གདངས་ཤིང་དབུགས་སོར་བཞག་པ་དང། དངོས་པོར་མི་འཛིན་པས་གཟུང་བ ་དང་འཛིན་པའི་ཡུལ་དང་བྲལ་བ་དང། དབུགས་སྨིན་མཚམས་སུ་ཕུག་རྡུགས་ཀྱི་རྩ་ལ་རང་བཞིན་དུ་ཞུགས་ཤིང་གནས་པ་ནི་ཁྲོ་བོ་དེའི་སྤྱོད་ལམ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་པ་སྒྲུབ་པ་ཉམས་སུ་ལེན་པ་རྣམས་ཀྱིས ་ཀྱང་དེ་བཞིན་སྤྱོད་ལམ་བྱ་སྟེ། རྣལ་འབྱོར་པས་མཚན་མོའི་སྦྱོར་བ་ལ་རྟགས་ལྔ་འབྱུང་བར་འགྱུར་རོ། །ཉིན་མོའི་སྦྱོར་བ་ལ་རྟགས་རྣམས་པ་དྲུག་འབྱུང་བར་འགྱུར་རོ། །ཉིན་མོའི་སྦྱོར་བ་ཞེས་བྱ་བ་ནི་སྔ་དྲོ་ཉི་མ་ཤར་མ ་ཐག་ནས་སྤྲིན་མེད་པའི་ནམ་མཁའ་དངས་པ་ལ་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་པ་ལ་མུ?་ཏུ་ཁ་བལྟས་ལ་གཟུང་བ་དང་འཛིན་པའི་སེམས་གཉིས་སྤངས་ནས། སྤྲིན་མེད་པའི་ནམ་མཁའ་ཇི་ལྟར་དངས་ཤིང་གསལ་བ་དེ་བཞིན་དུ་དངོས་པོ ་ཐམས་ཅད་ཀྱང་ནམ་མཁའ་བཞིན་དུ་དངས་ཤིང་གསལ་བའི་རང་བཞིན་ནོ་ཞེས་རྣལ་འབྱོར་པའི་བསམ་པའི་ཡུལ་སྔོན་དུ་དེ་ལྟར་ཡིན་ལ། ཕྱི་ནས་བློས་དེ་ལྟར་མི་དཔྱད་པར་སོར་བཞག་པར་བྱའོ། །ཉི་མ་གུང་ལ་བབ་པའི་དུས་སུ་ནི ་ཁམས་བསང་ཞིང་དམིགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ཉི་མས་ཕོག་པས་ནི་མིག་རབ་རིབ་ཅན་དུ་འགྱུར་ཞིང་སྐྱོན་ཅན་དུ་གྱུར་ནས། དམིགས་པ་མི་གསལ་བར་འགྱུར་ཞིང། དགེ་བའི་བར་ཆོད་དུ་འགྱུར་རོ། །ཕྱི་དྲོ་ཉི་མ ་ཡོལ་བར་གྱུར་པ་དང་ཡང་ཉི་མལ་རྒྱབ་ཀྱི་ཕྱོགས་ནས་ཁ་ཤར་ཕྱོགས་སུ་བལྟས་ལ་སྔ་མ་ལྟར་ནམ་མཁའ་དེ་ཉིད་ལ་དམིགས་པར་བྱའོ། །སྲོད་དང་ཐོ་རངས་རྣམས་སུ་ནི་ཅི་བདེ་བར་གནས་ཤིང་ཁ་ཏོན་དང་བཟླས་པ་དང་དམིགས་པ་ལ ་སོགས་པ་བྱ་བ་ཐམས་ཅད་སྤངས་ནས་རྣལ་འབྱོར་ཆེན་པོའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ལྟར་བསྒོམས་ན་དེ་ནས་ཆོས་ཀྱི་སྐུ་སྟོང་པ་ཉིད་རྣམ་པར་མི་རྟོག་པ་རྟོགས་ཤིང་འགྲུབ་པར་འགྱུར་རོ། །སྐུའི་མཐར་ནི་བསྙེན་པའི་ཡན ་ལག་ཏུ་འགྱུར་ཏེ། དེ་ནི་སོ་སོར་སྡུད་པ་བསམ་གཏན་གྱིས་དེ་རྣམས་འགྲུབ་པར་འགྱུར་རོ། །ད་ནི་ཉེ་བར་བསྒྲུབ་པ་བཤད་པར་བྱ་སྟེ། དེ་ལ་བགེགས་མཐར་བྱེད་ཀྱི་ལྟ་བ་ནི་ཞེས་བྱ་བ་ལ། བགེགས་མཐར་བྱེད་ནི་ཁྲོ་བོ་བདུད་རྩི ་འཁྱིལ་པའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོང་བ་སྟེ། བདུད་རྩིའི་གནས་ཞེས་བྱ་བ་ནི་དཔྲལ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གནས་པའོ། །སྲིད་པའི་གནས་ཞེས་བྱ་བ་ནི་དེ་ནས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཀུན་རྫོབ ་བྱང་ཆུབ་ཀྱི་སེམས་འཛག་པའི་གཞི་དེ་ནི་གནས་པའོ། །བགེགས་མཐར་བྱེད་དེའི་ལྟ་བ་ནི་བདུད་རྩིའི་ལམ་ཞེས་བྱ་བ་ནི་ལུ་གུ་རྒྱུད་དུ་བཅིངས་པའི་ལམ་ནི་དབུ་མ་ཨ་བ་དྷུ་ཏཱིར་བྱང་ཆུབ་ཀྱི་སེམས་དང ་ཀུན་གཞི་རྣམ་པར་ཤེས་པ་གཅིག་ཏུ་འདྲེས་ནས་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་གྱུར་པ་ནི་ཡན་ལག་དྲུག་ཉེ་བར་སྒྲུབ་པའོ། །ཉེ་བའི་སྒྲུབ་པ་བཤད་ནས། ཡང་སྲོག་གི་སྒྲས་ནི་སྲོག་དང་རྩོལ་བ་དང། འཛིན་པ་ཞར་ལ་བརྗོད་པར་བྱ་སྟེ། སྟོང་པ ་ཉིད་བསྒོམས་པ་ལས་སྐུ་མཐོང་ནས་རྣལ་འབྱོར་པ་བདག་ཉིད་ཀྱི་ལྟེ་བར་ཧཱུཾ་མཐིང་ནག་སོར་གཅིག་པ་བསམས་ནས་སྣ་བུག་གཡོན་པ་ནས་དང་པོ་སོར་བཅུ་བདུན་ནས་བཟློག་སྟེ། ཨོཾ་དཀར་པོ་གཅིག་དབུགས་དང་འགྲོགས་ནས་ནང་དུ་ཞུགས ་པས་ལྟེ་བའི་ཧཱུཾ་ལ་ཐིམ་པར་བསམས་ནས་ཇི་ཙམ་བདེ་བ་ཙམ་དུ་བཞག་གོ་།དེ་མི་བདེ་བ་འམ། གང་བ་སྙམ་བྱེད་ན། དེ་ནས་ཧཱུཾ་ལས་དབུགས་བྱུང་བ་ཡང་སྣ་བུག་གཡས་པ་ནས་བྱུང་བ་ཨ་དམར་པོ་དང་འགྲོགས་ནས་ཕྱིར་སོར་བཅུ་བདུན ་ཚུན་ཆད་འཕྲོས་པས་ཡང་དང་ཡང་དུ་རྣལ་འབྱོར་པས་བསྒོམ་པ་ནི་སྲོག་དང། རྩོལ་བའི་རྣལ་འབྱོར་རོ། །དེ་ལ་བརྟན་པ་ཐོབ་ན་ནི་བདེ་བ་ཁྱད་པར་ཅན་སྐྱེ་ཞིང་སེམས་ཤིན་ཏུ་ཡང་བརྟན་པར་གྱུར་ནས་དངོས་པོ་ཐམས་ཅད་འགགས་པ་དང། ་དབུགས་ཡང་རིང་བར་འགྱུར་ཏེ། ཧཱུཾ་ལས་དབུགས་ཇེ་རིང་རེ་རིང་དུ་བྱས་ལ། ཨོཾ་ནང་དུ་ཇེ་ཐུང་ཇེ་ཐུང་བྱ་ཞིང། ཨ་ཡང་ཕྱིར་འབྱུང་བ་ཨོཾ་དང་མཉམ་པར་ཇེ་ཐུང་ཇེ་ཐུང་དུ་བསམ་མོ། །ཕྱི་ནས་སྣ་བུག་གཉིས་འདོམ་པའི་མཚམས་སུ་སོར་བཞིའི ་ནང་ནས་ཐིག་ལེ་གསུམ་གནས་པར་བསམས་ལ། དེས་དབུགས་ལ་ཕོག་པས་དབུགས་སླར་ལོག་ནས་ཧཱུཾ་ལ་ཐིམ་པར་གྱུར་པས་བདེ་བ་དང་བཅས་པར་དེ་ཡར་འོད་བ་དང། མར་འགྲོ་བས་སྣ་བུག་གི་སུམ་མདོར་ཐིག་ལེ་གསུམ་ནི ་ཁ་དང་སྣ་བུག་གཉིས་སུ་རེ་རེ་གནས་པས་སྲོག་གི་རླུང་ལ་ཕོག་པས་སྲོག་གི་རླུང་ཕྱིར་ལོག་པས་ཀུན་གཞི་རྣམ་པར་ཤེས་པ་དང་འདྲེས་ནས་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོར་གཅིག་པ་ལ་ཧཱུཾ་དང་དབུགས་སུ་བཅས་པ་ཐིམ་པར་གྱུར་པ་ནི ་སྲོག་ཉེ་བར་སྒྲུབ་པའོ། །ཉེ་བར་སྒྲུབ་པ་བཤད་ཟིན་ཏོ།། །།ད་ནི་སྒྲུབ་པ་བརྗོད་པར་བྱ་སྟེ། ཤེས་རབ་ལས་སྤྲོས་ཟླ་བའི་ཐིག་ལེ་ཞེས་བྱ་བ་ནི་འདིར་ཤེས་རབ་ཀྱི་ཆགས་པས་བཞུ་བའི་རྣལ་འབྱོར་པའི་སྤྲོས་པའི་ཐིག ་ལེ་དེ་ནི་སྤྲོས་པའི་ཟླ་བའི་ཐིག་ལེའི་ཞེས་བྱའོ། །དེ་ཡང་ཤེས་རབ་ལས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཡང་རྣལ་འབྱོར་པའི་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་བདེ་བ་གང་ཡིན་པ་དེ་ནི་ཡི་གེ་བཞིའི་བདག་ཉིད་དེ། གསང་བ་བདེ་བ ་ཆེན་པོའི་འཁོར་ལོར་ཡེ་ཤེས་ཀྱི་རང་བཞིན་གྱི་ཡི་གེ་ཧོ་དམར་པོ་དང་ལྟེ་བ་སྤྲུལ་པའི་འཁོར་ལོར་ཨཱ(རྒྱུད་འགྲེལ་རབ་གཉིས་སུ་མེད་པར་སྒྲུབ་པ་ནི་དེ་སྒྲུབ་པར་འགྱུར་ཏེ། འདི་ནི་སྒྲུབ་པའི་ཡན་ལག་གསུམ་པར་འགྱུར་རོ། །དེས་ནི་སྒྲུབ་པ་བཤད་ཟིན་ཏོ།། །།ད་ནི་སྒྲུབ་པ་ཆེན་པོ་བརྗོད་པར་བྱ་སྟེ། བདེ་བ་མ་ཉམས་གཅིག་ཞི་བ་ཞེས་བྱ ་བ་ནི་ལས་ཀྱི་ཕྱག་རྒྱ་ནུ་མ་དང་སྐྲ་དང་ལྡན་པ་ལོ་བཅུ་གཉིས་མ་ལ་སོགས་པ་ཡང་རུང། །ཡེ་ཤེས་ཀྱི་ཕྱག་རྒྱ་གང་ལ་དམིགས་པ་དེ་བརྟན་པོར་གྱུར་པ་ཡང་རུང། ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་ལ་དམིགས་པ་བརྟན་པོར་གྱུར་ཀྱང་རུང་སྟེ། ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བས་གང་ཞིང་བདེ་པ་མི་ཉམས་པའི་སྐད་ཅིག་མ་གཅིག་གི་མཚན་ཉིད་དེ་ནི་ལུས་ཞི་བ་དང། ངག་ཞི་བ་དང། ཡིད་ཞི་བ་དང། ཡེ་ཤེས་ཞི་བ་ཞེས་བརྗོད་དོ། །དེ་ནི་ལྷན་ཅིག་སྐྱེས་པ་ཡིན་ཞེས་བཅོམ ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དཔལ་མཆོག་གི་དང་པོ་ཞེས་བྱ་བ་སྟོང་ཕྲག་བཅུ་གཉིས་པའི་ཡེ་ཤེས་ཀྱི་ལེའུར་གསུངས་སོ། །སྒྲུབ་ཆེན་ཡེ་ཤེས་སྦྱོར་བའོ། །ཞེས་བྱ་བའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ལ་རྣལ་འབྱོར ་པས་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་འཛག་པའི་རྒྱུན་གནས་ཤིང། རྟོག་པ་ཅན་གྱི་བདེ་བའི་རྒྱུད་མེད་དོ་སྙམ་པའི་ཤེས་པ་དང་ལྷན་ཅིག་ཏུ་རྣལ་འབྱོར་པས་གཅིག་པར་བསྒོམ་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞིའོ།། ་དེ་ལྟར་ཡེ་ཤེས་ཀྱི་ཡན་ལག་བཞི་པ་སྒྲུབ་པ་ཆེན་པོ་བཤད་ཟིན་ཏོ།། །།ང་ནི་རྫོགས་པའི་རང་བཞིན་དབུ་མ་ཆེན་པོ་བརྗོད་པར་བྱ་སྟེ། ལྷ་ལ་སོགས་པ་སྒྲུབ་པ་སྔར་བཤད་པའི་བསྐྱེད་པའི་རིམ་པ་ནི་འཇིག ་རྟེན་པའི་དངོས་གྲུབ་ཐོབ་པའོ། །རྫོགས་པའི་རིམ་པ་དེ་ཁོ་ན་ཉིད་སྒྲུབ་པ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། བདེན ་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང། །དོན་དམ་པ་ཡི་བདེན་པས་འགྲུབ། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་ངེས་པའི་དོན་ཏོ། །ཡང་བཅོམ་ལྡན་འདས་ཀྱི་བཀའ་ལས། རིམ་པ་གཉིས་ལ ་ཡང་དག་བརྟེན། །རྡོ་རྗེ་ཅན་གྱིས་བདག་ལ་བསྟན། །བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་བཀའ་ནས་འབྱུང་ངོ། །དེའི་ཕྱིར་ན་དེ་ལྟར་ལྷ་སྒྲུབ་པ་ལ་ནི་རྣམ་པར་རྟོག་པ་ཅན་གྱི་བསྐྱེད་པའི ་རིམ་པའི་རྣལ་འབྱོར་བསྒོམ་པ་རྣམས་ཀྱིས་ཐམས་ཅད་བསྒྲུབས་པས་འགྲུབ་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་བསྒྲུབ་པ་ལ་ནི་རྣམ་པར་རྟོག་པ་དཀར་པོ་དང། དམར་པོ་དང། སེར་པོ་དང། སྔོན་པོ་དང། ་ནག་པོ་དང། རིང་བ་དང། ཐུང་བ་དང། སྦོམ་པ་དང། ཕྲ་བ་དང། ཆགས་པ་དང། ཟླ་གམ་དང། ཟླུམ་པོ་དང། སོག་ཀ་དང། གྲུ་བཞི་དང། ཡན་ལག་དང། ཉིང་ལག་དང། རི་དང། ནགས་ཚལ་དང། ཁྲི་ཤིང་དང། གེལ་པ་དང ་ཁ་དོག་དང། དབྱིབས་ཀྱི་ཐ་སྙད་ཐམས་ཅད་དང་བྲལ་བའི་ཡན་ལག་བཞི་རྫོགས་པ་རང་གིས་འགྲུབ་པའོ་ཞེས་བྱ་བ་ནི་རང་གིས་རིགས་པས་འགྲུབ་པའོ། །དབུ་མ་ཆེན་པོའི་དོན་བཤད་ཟིན་ཏོ།། །།ད་ནི་སྲོག་དང ་རྩོལ་བའི་ཡོན་ཏན་དང་སྐྱོན་གཉིས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། སྲོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྣལ་འབྱོར་པས་རྣམ་པར་མི་རྟོག་པ་བསྒོམས་པ་ལས་སྐུ་མཐོང་ནས་རྣལ་འབྱོར་པས་རྡོ་རྗེ་དྲིལ་བུའི་རྩེ་མོ ་ནས་བརྩམས་ནས་གཙུག་ཏོར་གྱི་འཁོར་ལོའི་བར་དུ་སེམས་གཏད་ཅིང་དབུགས་སུམ་སྟོང་དྲུག་བརྒྱའི་བར་དུ་འགོག་ཅིང་བདེ་བ་ཉམས་སུ་མྱོང་བར་བྱ་བ་ནི་ཡོན་ཏན་དུ་འགྱུར་རོ། །སྐྱོན་དུ་འགྱུར་བ་ནི་རྣལ་འབྱོར་པས་དབུགས ་ཤིན་ཏུ་གསད་བ་སྣ་རྩེར་རམ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཅིག་ཅར་བསྡམས་ཤིང་མི་རྒྱུ་བར་བྱས་ན་ནི་སྲོག་གི་རླུང་ཡན་མན་དུ་འགྲོ་ས་མེད་དེ་ལྟེ་བར་རྒྱལ་བས་སྲོག་གཞན་དུ་མི་འགྱུར་བར་ཨ་བ་དྷཱུ་ཏིར་ཞུགས་ནས ་ཚངས་བའི་བུ་ག་ནས་བྱུང་ནས། རྣལ་འབྱོར་པའི་ལུས་དོར་ནས་མགོ་བཀས་ཏེ་འཆི་བའི་དུས་བྱེད་བར་འགྱུར་རོ། །དེ་ན་སྐྱོན་བསྟན་པའོ། །རྣལ་འབྱོར་པས་མགོན་པར་མི་བྱེད་པ་དེ་སྲིད་དུ་རྣལ་འབྱོར་དུ་བྱའོ། །དེ་ལྟར ་བྱས་ན་རྣལ་འབྱོར་པ་རྣམས་ལ་མཉམ་པའི་བདེ་བ་ཕུང་པོ་ཉོན་མི་མོངས་པའི་འབྲས་བུ་སྟེར་བར་འགྱུར་རོ། །དེ་ལ་སྟེང་དུ་ཞེས་པ་ནི་མགོ་ན་བ་དེ་སྲིད་ན་མི་འདོད་པ་ཡིན་ཏེ། རྣལ་འབྱོར་པས་དམིགས་པར་མི་བྱའོ། །བྱས་ན ་ནི་འཆི་བའི་འཇིགས་པ་སྟེར་བར་འགྱུར་ཏེ། ཕུང་པོའི་འཇིག་པར་འགྱུར་རོ། །འོན་ཏེ་རྣལ་འབྱོར་གྱི་སྟོབས་ཀྱིས་གཙུག་ཏོར་གྱི་འཁོར་ལོའི་སྒོ་ཕུག་ནས་སྲོག་གི་རླུང་འགྲོ་བའི་རྣལ་འབྱོར་པ་ནི་མཆོག ་ཏུ་མི་འགྱུར་བའི་བདེ་བ་གོ་འཕང་སྟེང་པ་ཉིད་ཀྱི་སྐུ་ལ་གཅིག་ཏུ་སྦྱོར་བའི་ཏིང་འཛིན་དེ་ལ་སེམས་རྩེ་གཅིག་པའི་ཡོན་ཏན་གྱིས་ནི་དེ་ལྟར་རྣལ་འབྱོར་པ་དེའི་ཕུང་པོ་མེད་པར་གྱུར་ཀྱང། མེད་པ་ནི་མ་ཡིན་ཏེ། ཡོད་ཅེས ་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཡོད་ཅེས་ན། རྣལ་འབྱོར་པ་ནི་མཉམ་པའི་བདེ་བ་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་དུ་འགྲོ་བར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་གང་དུ་ཡང་མ་གྲུབ་པའི་ཆོས་ཀྱི་སྐུར་འགྱུར་ཞེས་བྱ ་བའི་དོན་ཏོ། །འོན་ཏེ་རྣལ་འབྱོར་པ་ཆོས་ཀྱི་སྐུར་འགྱུར་རམ། གཞན་ཞིག་ཏུ་འགྱུར་སྙམ་པ་ལ། དེ་ལྟར་མི་འགྱུར་རོ་རྣལ་འབྱོར་པ་ནི་མ་ཡིན་ནོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པའི་སེམས་ཉིད་ཆོས་ཀྱི་སྐུར་འགྱུར་བ ་ལ། རྣལ་འབྱོར་པ་འགྲོ་ཞེས་བརྗོད་པར་ཟད་ཀྱི། རྣལ་འབྱོར་པའི་ལུས་པོ་འགྲོ་བ་ན་མ་ཡིན་ནོ། །འོན་ཀྱང་འཇིག་རྟེན་པ་རྣམས་ལ་གྲགས་པ་མེད་ཅེས་བྱ་བ་ནི་རྣལ་འབྱོར་པ་འདི་ནི་ཤི་བར་གྱུར་ཏོ། །ཞེས་གྲགས་པར་འགྱུར ་ཏེ། ཤི་བ་མ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་མཛའ་འཛིན་པ་རྣམས་ལ་རིགས་པ་གྲུབ་པའོ། །སྲོག་དང་རྩོལ་བའི་སྐྱོན་དང་ཡོན་ཏན་བསྟན་པ་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་ངེས་པའི་དོན་ཏོ། །སྐྱོན་དང ་ཡོན་ཏན་གཉིས་བཤད་ཟིན་ཏོ། །དབུས་སུ་སྲོག་ཅེས་པ་ལ་སོགས་པ་ནི་གོ་བླའོ། །ད་ནི་རྩའི་ཀུན་ཏུ་སྤྱོད་པའི་གནས་ཐབས་བརྗོད་པར་བྱ་སྟེ། ཐིག་ལེ་ཞེས་པ་ནི་དཔྲལ་བར་སྐུའི་ཐིག་ལེ་གཉིད་སད་པའི་གནས་སྐབས་སྐྱེད ་པར་བྱེད་པའོ། །ཆ་ཞེས་པ་ནི་མགྲིན་པར་གསུང་གི་ཐིག་ལེ་རྨི་ལམ་རྨིས་པ་ལྟ་བུའི་གནས་སྐབས་སྐྱེས་པར་བྱེད་པའོ། །སྒྲ་ཞེས་བྱ་བ་ནི་སྙིང་ཁར་སེམས་ཀྱི་ཐིག་ལེ་ཤིན་ཏུ་གཉིད་ལོག་པ་ལྟ་བུ་སྐྱེད་པར་བྱེད་པའོ། །ཡེ་ཤེས ་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །བདུད་རྩིའི་གནས་སུ་སོང་བ་ནི་ལུ་གུ་རྒྱུད་དུ་བཅིངས་པའི་རྩ། དེ་ལ་ཡང་བདུད་རྩིའི་གནས་སུ་ཞེས་བྱ་བ་ནི་དཔྲལ་བའི་དཀྱིལ་འཁོར ་ནི་ཐིག་ལེ་བཞི་འཛག་པའོ། །སོང་བ་ནི་ཞེས་པ་ནི་དེ་རུའོ། །དུས་ཀྱི་མེ་ཞེས་པ་ཡེ་ཤེས་ཀྱི་རྩར་སོང་བ་ནི་བདུད་རྩིའི་གནས་སུ་སོང་བའོ། །ལུ་གུ་རྒྱུད་ཅེས་བྱ་བ་ནི་གཡོན་གྱི་རྩ་ལ་ལ་ནཱ་དང། གཡས་པའི་རྩ་ར་ས་ནཱ་དོ།། ་བཅིངས་པའི་རྩ་ཞེས་བྱ་བ་ནི་དབུས་ཀྱི་རྩ་ཨ་བ་དྷཱུ་ཏི་དང། དེའི་ནང་གི་ཡེ་ཤེས་ཀྱི་རྩར་མེ་ཁ་དོག་དམར་པོར་གནས་པ་ནི་བཅིངས་པའོ། །དེ་ཇི་ལྟར་བཅིངས་ཤེས་ན། དེ་ནི་འདི་ལྟར་བཅིངས་སོ། །ལུས་ཀྱི་སྒྲིབ་པ་དང ་ངག་གི་སྒྲིབ་པ་དང། ཡིད་ཀྱི་སྒྲིབ་པ་དང། ཡེ་ཤེས་ཀྱི་སྒྲིབ་པ་རྣམས་ཀྱིས་ལུས་གསལ་བ་དང། ངག་གསལ་བ་དང། ཡིད་གསལ་བ་དང། ཡེ་ཤེས་གསལ་བར་གྱུར་པ་ཤེལ་སྒོང་ཕྱིས་པ་ལྟར་གསལ་བདག་ཉིད ་དེ། དར་གྱི་སྲིན་བུ་བདག་ཉིད་ཀུན་ནས་དཀྲིས་ཤིང་མི་ཐར་པ་དེ་བཞིན་དུ། འགྲོ་བ་རྣམས་ཀྱང་སྒྲིབ་པ་བཞིས་མི་གསལ་བར་བྱས་སོ། །རྣལ་འབྱོར་པ་རྣམས་ཀྱིས་དེ་རྟོགས་པར་བྱས་ཤིང། ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ནི ་ལུས་དང། ངག་དང། ཡིད་གསུམ་ཡིན་ཏེ། དེ་ཡང་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྣམས་ཡིན་པས། ཡེ་ཤེས་དཀྲིས་ཤིང་མི་གསལ་བར་བྱས་སོ། །དེས་དཀྲིས་པ་ནི་ལྟེ་བ་དང། སྙིང་གའི་བར་དུ་ལན ་གསུམ་དུ་དཀྲིས་སོ། །དེ་ནས་ཡང་ཨ་བ་དྷཱུ་ཏཱི་ནི་སྙིང་གི་ཟེའུ་འབྲུའི་དབུས་ནས་བྱུང་ནས་འགྲོ་ཞིང་སྲོག་གི་རླུང་རྒྱུ་བར་བྱེད་དོ། །ལ་ལ་ནཱ་ནི་གཡོན་ནས་འགྲོའོ། །རས་ནཱ་ནི་གཡས་ནས་སྙིང་གི་པདྨའི་འདབ ་མའི་གཡས་ནས་འགྲོ་བར་འགྱུར་རོ། །དེ་ནས་སྙིང་ག་དང། མགྲིན་པའི་པདྨའི་འདབ་མའི་བར་དུ་ལན་གསུམ་བསྐྱིལ་ནས་ཡང་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཡང་མགྲིན་པ་དང། དཔྲལ་བའི་དབུས་སུ་ལན་གསུམ་དུ་འཁྱིལ་ནས ་གནས་པའོ། །དཔྲལ་བ་ནས་གཙུག་ཏོར་གྱི་འཁོར་ལོའི་དབུས་སུ་ལན་གསུམ་གྱི་བར་དུ་འཁྱིལ་ནས་གནས་ཏེ། ལུས་དང། ངག་དང། ཡིད་གསུམ་དཀྲིས་ཏེ། དེ་ལ་རྡུལ་དང། མུན་པ་དང། སྙིང་སྟོབས་གསུམ་གྱི་རང་བཞིན་གྱིས ་དེ་ལྟར་ལན་གསུམ་པ་བཞིར་བྱས་ནས་ལུས་ཀྱི་རྩའི་ར་ས་ནཱ་གཡས་ཀྱི་རྩ་སྣ་བུག་ནས་ཕྱིར་འབྱུང་བ་ནི་བཅུ་གཉིས་མཛའ་ནས་ཆའི་མཐར་ཞེས་པ་ནི་སའི་ཁམས་ཀྱི་རླུང་སོར་བཅུ་གསུམ་དུ་རྒྱུའོ། །ཆུའི་ཁམས་ཀྱི་རླུང་ས་སོར་བཅུ ་བཞིར་རྒྱུའོ། །མེའི་ཁམས་ཀྱི་རླུང་སོར་བཅོ་ལྔར་རྒྱུའོ། །རླུང་གི་ཁམས་ཀྱི་རླུང་སོར་བཅུ་དྲུག་ཏུ་རྒྱུའོ། །ནམ་མཁའ་ཨི་ཁམས་ཀྱི་རླུང་སོར་བཅུ་བདུན་དུ་རྒྱུའོ་ཞེས་ནི་ནང་གི་ལེའུར་གསུངས་སོ། །སྐུའི་གཡོན་གྱི་རྩ་ལ་ལ་ནཱ་ནི་སོར་བཅུ་བདུན ་ནས་རྒྱུའོ། །ངག་གི་རྩར་ས་ནཱ་ནི་གཡས་སོར་བཅུ་གསུམ་ཚུན་ཆད་དུ་འགྲོའོ། །ཡིད་ཀྱི་རྩ་ཨ་བ་དྷཱུ་ཏཱི་ཅིག་ཅར་དབུས་མ་ནས་སྣ་བུག་གཉིས་འདོམ་པ་ནས། སོར་བཅོ་ལྔ་ཚུན་ཆད་འགྲོའོ། །དེ་བཞིན་དུ་འོག་ཏུ་ལྟེ་བ་དང། གསང་བའི ་གནས་ཀྱི་བར་དུ་ཡང་ལན་གསུམ་དུ་འཁྱིལ་བར་བྱས་ནས། བཤང་བའི་རྩ་ནི་གཡས་ནས་འགྲོའོ། །གཅི་བའི་རྩ་ནི་གཡོན་ནས་འགྲོའོ། །དུང་ཅན་མ་ནི་དབུས་མ་ནས་གསང་བའི་རྡོ་རྗེའི་ནང་ནས་ཤེས་རབ་ཀྱི་པདྨའི་བྱ་གདོང་མར ་འགྲོའོ། །གསང་བའི་པདྨའི་འོག་ཏུ་བཤང་བའི་རྩ་དབུས་སུ་འགྲོའོ། །གསང་བའི་རྡོ་རྗེ་དང་ཤེས་ཀྱི་པདྨའི་གཡོན་ནས་གཅི་བའི་རྩ་འགྲོའོ། །གཡས་ཀྱི་རྩར་ས་ནཱ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་འགྲོའོ། །ཞེས་པ་ནི་རྩའི ་ཀུན་ཏུ་སྤྱོད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཞིབ་མོར་ནི་ནང་གི་ལེའུར་གསུངས་ཏེ་འདིར་མ་བཤད་དོ། །འདི་ནི་དེ་བཞིན་གཤེགས་པའི་བཀའ་ངེས་པའོ། །རྩའི་ཀུན་ཏུ་སྤྱོད་པ་བཤད་ཟིན་ཏོ། །ད་ནི་རླུང་གཉིས་རྒྱུ་བ་བརྗོད་པར་བྱ་སྟེ། ་སྲོག་དང་ཐུར་སེལ་ལམ་གསུམ་རྒྱུ་ཞེས་བྱ་བ་ནི་སྟེང་དུ་ལུས་དང། ངག་དང། ཡིད་གསུམ་གྱི་རང་བཞིན་གཡོན་པ་དང། གཡས་པ་དང། དབུས་མ་ནས་གྱེན་དུ་རྒྱུ་བ་སྲོག་གི་རླུང་ངོ། །འོག་ཏུ་རྒྱུ་བའི་རླུང་ནི་རྡུལ་དང། མུན་པ་དང། ་སྙིང་སྟོབས་ཀྱི་རང་བཞིན། བཤང་བ་དང། གཅི་བ་དང། ཁུ་བའི་རྩའི་ལམ་ནས་རྒྱུ་བར་བྱེད་པའི་རླུང་ནི་ཐུར་དུ་སེལ་བའོ། །རྡོ་རྗེར་བཅས་པའི་པདྨ་ནི་ཤེས་རབ་རྣམས་ཀྱི་སྐྱེ་གནས་ཏེ། འབབ་པའི་བདེ་བ་སྟེར་བའི་ཕྱིར་རོ། །པདྨ ་དང་བཅས་པའི་རྡོ་རྗེ་ནི་འཛིན་པའི་བདེ་བ་སྟེར་བའི་ཕྱིར་རོ། །བུད་མེད་ཀྱི་པདྨ་དང་ལྡན་པ་ཉིད་དེ། པདྨའི་ཟེ་འབྲུ་འབྱེད་པ་ཉིད་ཡིན་ནོ། །དབུས་སུ་རླུང་དང་ཕྲད་པ་ནི་ཞེས་པ་ནི་ལྟེ་བའི་དབུས་སུ་གྱེན་དུ་རྒྱུ་བའི་སྲོག་གི་རླུང་དང། ཐུར་དུ་སེལ ་བའི་རླུང་དག་ཕྲད་པའོ། །བྱ་གདོང་མ་དང་དུང་ཅན་མ་གཉིས་ཕན་ཚུན་དུ་མི་གཡོ་བར་ཕྲད་དེ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་གཉིས་རྡོ་རྗེའི་སྤུ་གུའི་ནང་དུ་པདྨའི་གེ་སར་ཞུགས་པའི་མི་འཕོ་བའོ། །ཡུལ་ཞེས་པ་ནི ་ཤེས་རབ་མའི་པདྨའོ། །ཡུལ་ཅན་ཞེས་པ་ནི་ཐབས་ཀྱི་རྡོ་རྗེའི་ནོར་བུའོ། །རྣམ་པར་དབྱེ་བ་མེད་ཅེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་ཅིང་མི་བྱེད་པའོ། །ཡུལ་རྣམས་ལ་ཡུལ་ཅན་རྣམས་ཏེ་མིག་ལ་སོགས་པའི་དབང་ ་པོའི་སྒོ་མི་འཇུག་པ་སྟེ། དབུ་མར་རླུང་རྒྱུ་བའོ། །འཇུག་པ་ཞེས་པ་ནི་ལྟེ་བའི་པདྨར་སྲེག་གི་རླུང་འཇུག་པའོ། །སེམས་མི་གཡོ་བ་དེ་ནི་སྔར་བཤད་ཟིན་ཏོ། །དུ་བ་ལ་སོགས་པའི་མཚན་མ་རྣམས་ནི་ཨ་བ ་དྷཱུ་ཏཱིར་སྲོག་གི་རླུང་ཆུད་པའི་སྒོ་ནས་འཛིན་པའོ། །ཡང་གི་སྒྲས་ནི་སྲོག་དེ་ཉིད་ལྟ་བར་གཞོམ་དུ་མེད་པ་ལ་ཤེས་པར་གྱུར་པའོ། །འདི་དག་ཐམས་ཅད་བྱིས་པའི་རང་བཞིན་ཅན་རྣལ་འབྱོར་པ་འམ། རྣལ་འབྱོར་མ་རྣམས་ལ་གསང ་ཞེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམ་པར་མི་ཤེས་པ་རྨོངས་པ་རྣམས་དང། དད་པས་ཤས་ཆུང་ཞིང་ཉོན་མོངས་པ་ཤས་ཆེ་བ་རྣམས་ལ་གསང་བ་ཞེས་བྱ་ནི་སྤ་བར་བྱའོ། །དེ་རྣམས་ལ་སྤས་པ་ཡིན་ན་རང་ཡང་དམྱལ་བར་ལྟུང་ལ། གཞན་ཡང ་དེ་ལ་བརྟེན་ནས་དམྱལ་བར་འགྲོ་ཞེས་ནི་བཅོམ་ལྡན་འདས་ཀྱི་བཀའ་ངེས་པའོ། །རླུང་གཉིས་རྒྱུ་བ་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་ལྔའི་ཟད་པ་བརྗོད་པར་བྱ་སྟེ། ས་ཞེས་བྱ་བ་ལ་སོགས་པ་ལ། འདིར་གལ་ཏེ་ཁྲོ་བོའི་ལྟ་བས་སྟོད་པ ་ལ་སེམས་གཞག་པའི་རྣལ་འབྱོར་པ་མིག་མ་བཙུམ་པར་གྱུར་པ་དེ་ལྟ་ན་ནི་གཡོན་པའི་གཡས་པར་ཏེ་ས་ཞེས་པ་ནི་ཉེ་བར་མཚན་པའོ། །གལ་ཏེ་གཡས་པར་སའི་དཀྱིལ་འཁོར་འབབ་པའི་དབུས་སུ་རྣལ་འབྱོར་པ་བསྒོམ་པར་བྱེད་པ་དེ་ལྟ་ན་ནི་ཆོ་ག་འདི་ཡིན་གྱི་གཡོན་གྱི་རྩང་འབབ་པའི་དབུས་སུ་ནི་མ་ཡིན་ཏེ ་ནམ་མཁའ་ཨི་དཀྱིལ་འཁོར་ལ་སོགས་པ་ལ་རྒྱུ་བའི་ཕྱིར་རོ། །དེའི་ཕྱིར་གཡོན་པའི་གཡས་པར་གང་སྲོག་གི་དཀྱིལ་འཁོར་འབབ་པ་དེའི་ཆོས་ཅན་གྱི་ཕྱིར་དེ་ཉིད་དཀྱིལ་འཁོར་དུ་བརྗོད་དོ། །དེའི་ཕྱིར་གཡས་ཀྱི་རྩའི་སའི་དཀྱིལ་འཁོར་ལས་སྲོག་གི ་ཆུའི་དཀྱིལ་འཁོར་དུ་འགྲོ་སྟེ། དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །གཡོན་གྱི་རྩ་ལས་ནི་ནམ་མཁའ་ལ་སོགས་པས་འགྲོ་སྟེ་དེ་ལྟར་སྟོང་པར་འགྲོའོ། །མཚན་མ་རྣམ་པ་བཅུ་རུ་འགྱུར་ཞེས་པ་ནི་ཐུབ་ལ་སོགས ་པའི་མཚན་མ་རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་སུ་འགྱུར་རོ། །གཟུགས་ལས་མི་འགྱུར་བའི་བདེ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དེ་ཉིད་དོ། །ཡེ་ཤེས་ལས་རྫུ་འཕྲུལ་ཞེས་པ་ནི་ནམ་མཁའ་འགྲོ་བ་ལ ་སོགས་པའོ། །དངོས་གྲུབ་ཅེས་པ་ནི་ཁམས་གསུམ་གྱི་དབང་ཕྱུག་དུ་འགྱུར་ཏེ། མི་རྣམས་སྐྱེ་བ་འདི་ཉིད་ལ། །ཐོབ་པར་འགྱུར་རོ་མི་བདག་ཀྱེ། །ཞེས་བྱ་བ་སྟེ་ལམ་དུ་འཇུག་པའི་ངེས་པའོ།། །།ད་ནི་རང་གི ་སེམས་འདི་སྣང་བ་ལ་འཇུག་པ་བརྗོད་པར་བྱ་སྟེ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་བཀའ་གསང་སྔགས་རྡོ་རྗེའི་ཐེག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི ་བཅོམ་ལྡན་འདས་ཀྱིས་ནི་རྣལ་འབྱོར་པ་རྣམ་པ་གཉིས་ལ་གོམས་པར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་པ་འདི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པར་ཡང་བརྒྱ་བྱིན་གྱི་ལེའུར་གསུངས་ཏེ། ལྷའི་དབང་པོ ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས་གང་ལ་རྣལ་འབྱོར་དུ་བྱེད། རྣལ་འབྱོར་བས་རྣལ་འབྱོར ་ཇི་ལྟར་རྙེད་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བརྒྱ་བྱིན་ལ་ཀཽ་ཤི་ཀ་གང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད ་པས། ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ་དེ་ལ་ནམ་མཁའ་བླ་གབ་ཡོད་པ་ལ་རྣལ་འབྱོར་པས་རྣམ་པར་མི་རྟོག་པ་གོམས་པར་བྱ་བ་དང། ཡང་ནམ་མཁའ་བླ་གབ་མེད་པ་ལ་རྣལ་འབྱོར་པས་རྣམ་པར་མི་རྟོག་པ་གོམས་པར་བྱའོ། །དེ་ལ ་གང་ཞིག་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པའི་རྣལ་འབྱོར་པའི་སྤྱོད་ལམ་ནི་སྔར་གོང་དུ་བསྟན་ཟིན་ཏོ། །བླ་གབ་ཡོད་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་དང་པོ་ཁྱིམ་ཆེན་པོ་སྤངས་མཐོ ་བ་ཕྱོགས་ཐམས་ཅད་ཞལ་ཞལ་བྱས་པ། བུ་ག་རྟ་རྔ་ཚད་ཙམ་ཡང་མི་ཤོང་བར་ཚགས་བསྡམས་ལ་ཁྱིམ་ཆེན་པོའི་ནང་དུ་མུན་པའི་ནམ་མཁའ་ལ་དངོས་པོ་ཐམས་ཅད་ལ་ཞེན་པའི་སེམས་ཆ་ཕྲ་མོ་ཡང་མེད་པར ་ཡོངས་སུ་སྤངས་པས། མུན་པ་ལ་ཀུན་ནས་དང་བས་ཡོངས་སུ་བརྟགས་པས་ནི་རྣལ་འབྱོར་པ་དེ་ལ་དང་པོ་དུ་བ་ལ་སོགས་པའི་རྟགས་ལྔ་མཚན་མོའི་སྦྱོར་བས་མཐོང་བར་འགྱུར་རོ། །རྟོག་པ་ཐམས་ཅད་ཡོངས་སྤངས ་ཤིང། ཉིན་ཞག་གཅིག་ལ་རྣམ་པར་བརྟག་།དེ་ལ་རྟགས་ནི་མ་བྱུང་ན། དེ་ཚེ་ང་ཡི་བརྫུན་ཚིག་ཡིན། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་དམ་པའོ། །མིག་དག་མི་འཛུམས་པ་ནི་ཞེས་པ་ནི་མིག་གཙུག་ཏོར་ལ་བརྟགས ་ཏེ། སྨིན་མ་བཏེག་ལ་ཁ་གདང་འམ། ཡང་ན་བཙུམ་ཀྱང་རུང་སྟེ། ལུས་མི་འགུལ། མི་བརྐྱང་བར་བྱས་ལ་རྣལ་འབྱོར་དུ་བྱའོ། །རྡོ་རྗེའི་ལམ་དུ་ཞུགས་པ་ཡིས་ཞེས་པ་ནི་འདིར་སྲོག་གི་རླུང་རྩ་དབུས་མ་ཨ་བ་དྷཱུ་ཏཱིར ་དབང་མེད་དུ་བླ་མའི་མན་ངག་གིས་ཞུགས་པ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་ལས་དབུས་མར་ཞུགས་པའོ། །ནམ་མཁའ་ལ་ཞེན་པའི་སེམས་ཀྱིས་ཞེས་བྱ་བ་ནི་བླ་གབ་ཡོད་པ་ལ་རྣལ་འབྱོར་པ་སྨིག་མི་འཛུམས ་པ་དང། རྡོ་རྗེའི་ལམ་དུ་ཞུགས་པ་ཡིས་སྟོང་པ་ལས་རྟགས་དུ་བ་ལྟ་བུ་དང། སྨིག་རྒྱུ་དང། རབ་གསལ་དང། མར་མེ་དང། དྲི་མ་མེད་པའི་ནམ་མཁར་སྣང་བ་རྣམས་ནི་མཚན་མོའི་སྦྱོར་བས་མཐོང་བར་འགྱུར་རོ། །དེ་ནི་ཁྲོ་བོ་གཙུག ་ཏོར་རྒྱལ་པོའི་ལྟ་བས་བསྒོམ་པར་བྱའོ། །ཉིན་མོའི་རྣལ་འབྱོར་ཞེས་པ་ནི་བླ་གབ་མེད་པའི་ནམ་མཁའ་སྤྲིན་མེད་པའི་དངས་པ་ལ་རྣལ་འབྱོར་བྱེད་པ་ནི་རྒྱལ་པོའི་ལྟ་སྟངས་ཤེས་ནི་དཔེར་ན་རྒྱལ་པོ་འཁོར་མི་རྣམས་ཀྱི་ནང་ན་འདུག ་ཀྱང། འཁོར་མི་རྣམས་ཀྱི་རྒྱལ་པོ་ལ་རྒོལ་བ་ལ་སོགས་པ་མི་ནུས་ཏེ། རྒྱལ་པོ་དེ་ཡང་འཁོར་རྣམས་ལ་འཇིགས་པ་འམ། བག་ཁུམ་པ་འམ། སྤུ་ཟིང་ཞེས་བྱེད་པར་མི་འགྱུར་ཏེ། རྒྱལ་པོ་དེའང་འཁོར་མི་རྣམས་ཀྱི་ཡིད ་དུ་འོང་བ་དང། མཐོང་ན་དགའ་བར་འགྱུར་རོ། །རྒྱལ་པོ་དེས་ཀྱང་འཁོར་མི་ཐམས་ཅད་ཀྱི་རྟེན་དང་སྟེགས་བྱེད་ཅིང། རྒྱལ་པོའི་བྱ་བ་བྱེད་ལ་རྒྱལ་སྲིད་སུས་ཀྱང་མི་འཕྲོག་པ་དེ་བཞིན་དུ་ཉིན་མོའི་རྣལ་འབྱོར་བྱེད་པའི་རྣལ་འབྱོར་པ་ཡང་རྒྱལ་པོ་དང་འདྲ་སྟེ། ཉོན ་མོངས་པ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང། ཕྲག་དོག་དང། སེར་སྣ་དང། གཡོ་སྒྱུ་དང། བདུད་ལ་སོགས་པ་རྣམས་ཀྱིས་གླགས་མི་རྙེད་དེ་གཏན་མི་འབྱུང་ངོ། །དེས་ན་རྒྱལ་པོའི་འདུག་སྟངས་ཞེས་བྱའོ།། ་ཁེངས་པའི་འདུག་སྟངས་ཞེས་བྱའོ། །སངས་རྒྱས་མངའ་བདག་གཟུགས་ཉིད་ནི། སྒྲུབ་པའི་ཆེ་ལ་རྣམ་པར་བརྟག་།ཅེས་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་ལས་འབྱུང་ངོ། །དེས་ནི་ཉིན་མོ་དང་མཚན་མོའི་རྣལ་འབྱོར་བཤད་ཟིན་ཏོ།། །།ད་ནི་བདུད་རྩི་འཁྱིལ ་བའི་ལྟ་སྟངས་བརྗོད་པར་བྱ་སྟེ། །བདུད་རྩི་འཁྱིལ་བའི་ལྟ་སྟངས་ཞེས་པ་ནི་མིག་དྲང་བར་བལྟར་སྟེ་དྲང་པོར་བལྟས་པས་ནི་སྙིང་ག་ན་གཉིད་ལོག་པ་ལྟ་བུའི་བདུད་རྩི་གནས་པའོ། །རྣལ་འབྱོར་པའི་སྦྱོང་ལམ་ནི་མདུན་དྲང་པོར་མིག་མི་འཛུམ་པར་རྣལ་འབྱོར་པ་ཅིར་ཡང ་མི་དམིགས་ཤིང། ཅིར་ཡང་མི་རྟོག་པར་དངོས་པོ་ཐམས་ཅད་སྤངས་ནས་དེ་ཉིད་དང་གཞན་ཉིད་དུ་ཁས་གང་དུ་ཡང་མི་ལེན་པར་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་གནས་པའོ། །དེས་ནི་བདུད་རྩི ་འཁྱིལ་བའི་ལྟ་སྟངས་བཤད་ཟིན་ཏོ།། །།ད་ནི་ཞི་བ་ལྷའི་འདུག་སྟངས་བཤད་པར་བྱ་སྟེ། ལྷའི་གཟུགས་སུ་བསྒོམ་པར་བྱ་ཞེས་པ་ནི་རྣལ་འབྱོར་པ་བདག་ཉིད་ཀྱི་ལྟེ་བར་ཨ་དམར་པོ་གཅིག ་གསལ་བར་བསྒོམས་ཤིན་བསམས་བ་དེ་ལ། གསང་བའི་ཡེ་ཤེས་ཀྱི་མེ་འབར་བར་གྱུར་བས་ལྟེ་བའི་ཨ་ལ་ཕོག་པས་ཨ་དྲོ་བར་གྱུར་པ་དང། དྲོ་བ་ལས་ཀྱང་མེ་འབར་བར་གྱུར་ཏེ། སྟོང་པ་ཉིད་ཀྱི་རྩ་ཨ་བ་དྷཱུ་ཏཱི་ནས་ཡང ་ཞུགས་ནས་རང་གི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། དབང་པོ་ལྔ་རྣམས་བསྲེགས་བས་ཐིག་ལེ་བཞིར་གྱུར་ཏེ། ཐིག་ལེ་བཞི་ནི་གཟུགས་ཞུ་བར་གྱུར་པ་དང། ཁམས་ཞུ་བར་གྱུར་པ་དང། སྐྱེ་མཆེད་ཞུ ་བར་གྱུར་པ་དང། དབང་པོ་ཞུ་བར་གྱུར་པའི་ཐིག་ལེ་རྣམས་སོ། །ལྟེ་བ་ལས་འབར་ཙཎྜ་ཡི། །བདེ་གཤེགས་ལྔ་ནི་བསྲེགས་ནས་སུ། །སྤྱན་མ་ལ་སོགས་ལྔ་བསྲེགས་ཏེ། ཧཾ་བསྲེགས་རི་བོང་ཅན་ལས་ཀྱང། །གཞུ ་ནས་ལྟེ་བར་ཐིམ་པར་འགྱུར། །ལྟེ་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ཏེ་གཞོམ་དུ་མེད་པའོ། །ལས་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྐྱེད་པའོ། །འབར་ཞེས་པ་ནི་འདོད་ཆགས་ཀྱི་མེ། ཤེས་རབ ་ཀྱི་ཆགས་པས་རབ་ཏུ་འབར་བས་དུག་གསུམ་བསྲེག་པའོ། ཙཎྜ་ལི་ཞེས་བྱ་བ་ནི་བདེ་བ་མྱུར་དུ་འགུགས་པར་བྱེད་པས་གཏུམ་མོའོ། །བདེ་གཤེགས་ལྔ་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་དང། ་ཚོར་བའི་ཕུང་པོ་དག་འདུ་ཤེས་ཀྱི་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ་དང། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་ཏེ། བག་ཆགས་ཀྱི་ལུས་ཡིན་པས་ན་བསྲེགས་པ་ཁོ་ནའོ། །སྤྱན་མ་ལ་སོགས་ཞེས་པ་ནི ་སའི་ཁམས་ནི་ཌཱ་ཀི་ནིའོ། །ཆུའི་ཁམས་ནི་ལཱ་མའོ། །མེའི་ཁམས་ནི་ཁཎྜ་རོ་ཧིའོ། །རླུང་གི་ཁམས་ནི་རཱུ་པི་ཎིའོ། །ནམ་མཁའ་ཨི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་རྣམས་ནི་ཁམས་ལྔ་ཡིན་ཏེ། ལུས་སྐྱེས་བས་སོ། ། ་བསྲེགས་པ་ནི་སྤྱན་མ་ལ་སོགས་པ་ལྷ་མོ་རྣམས་སོ། །ལྔ་ཞེས་པ་ནི་སྐྱེ་མཆེད་ལྔ་ཡིན་ཏེ། མིག་གི་སྐྱེ་མཆེད་དང། རྣ་བའི་སྐྱེ་མཆེད་དང། སྣའི་སྐྱེ་མཆེད་དང། ལྕེའི་སྐྱེ་མཆེད་དང། ལུས་ཀྱི་སྐྱེ་མཆེད་དང་ལྔ་བསྲེགས་པའོ། བསྲེགས་པའི་སྒྲས་ནི ་མིག་གི་དབང་པོ་དང། རྣ་བའི་དབང་པོ་དང། སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང། ཡིད་ཀྱི་དབང་པོ་སྟེ། དེ་རྣམས་བསྲེགས་ཤིང་མེད་པར་བྱས་ཏེ། རྣལ་འབྱོར་པའི་ཉོན་མོངས་པ་དང། བག ་ཆགས་ངན་པ་ཞེན་པ་དང་བཅས་པའི་དངོས་པོ་རྣམས་ལ་ཆགས་པར་བྱེད་པ་འདི་བསྲེགས་པ་ཞེས་པ་ནི་རྣལ་འབྱོར་པའི་སེམས་ཀྱི་སྣང་བའོ། །ཡང་དག་པར་ནི་བསྲེགས་པ་དང་མི་སྲེག་པ་གང་ཡང་ཡོད་པ་ནི་མ་ཡིན་ནོ ་ཞེས་བཀའ་ནས་འབྱུང་ངོ། །སྟེ་ཞེས་པ་ནི་བླ་མ་དམ་པའི་གདམས་ངག་གིས་ཟིན་པའི་རྣལ་འབྱོར་པ་རྣམས་ཀྱིས་གྱིས་ཤིག་པའོ། །ཧཾ་ཞེས་པ་ནི་སྤྲུལ་པའི་འཁོར་ལོ་ནས་བརྩམས་ཏེ་གཙུག་ཏོར་གྱི་འཁོར་ལོའི ་བར་དུ་ཐུག་པའི་ཡི་གེ་ཨཱ་ལི་དང་ཀཱ་ལི་རྣམས་བསྲེགས་ཤིང། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང། པདྨའི་འདབ་མ་བརྒྱ་ལྔ་བཅུ་རྩ་དྲུག་པོ་ཐམས་ཅད་བསྲེགས་ཤིང་མེད་པར་བྱས་པའོ། །རི་བོང་ཞེས་པ་ནི་གཙུག་ཏོར ་གྱི་འཁོར་ལོ་ལ་གནས་པའི་ཐིག་ལེ་བཞི་ཧཾ་དང་བཅས་པའི་ཚེས་གཅིག་གི་ཟླ་བ་ལྟ་བུའི་རང་བཞིན་དུ་བཞུ་ནས། ལྟེ་བའི་གཞོམ་དུ་མེད་པར་ཐིམ་པར་གྱུར་ཅིང་འདྲེས་པའི་བདེ་བ་དང་བཅས་པར་གནས་པའོ།། ་ཅན་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་ན་དུས་ཐམས་ཅད་དུ་གནས་ཞེས་པའི་དོན་ཏོ། །ཀྱང་ཞེས་པ་ནི་ཐམས་ཅད་བཞུ་ནས་གཞོམ་དུ་མེད་པ་ལ་ཐིམ་པའོ། །གཞོམ་དུ་མེད་པ་དེ་ཉིད་ཀྱང་ཞུ་བར་གྱུར་པས་ཤིན་ཏུ་ཆ་ཕྲ་བར་གྱུར་ཅིང། ་སྐྲའི་རྩེ་མོ་བརྒྱ་སྟོང་དུ་བཤགས་པའི་ཚང་དུ་དམིགས་ཤིང་མ་ཞེན་པ་ནི་ཞི་བ་ལྷའི་གཟུགས་སུ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་ལྷའི་གཟུགས་ཀྱི་བསྒོམ་པ་བཤད་ཟིན་ཏོ། ཡང་ལྷའི་གཟུགས་ཀྱི་བསྒོམ་པ་བརྗོད ་པར་བྱ་སྟེ། །རྣལ་འབྱོར་པས་ཤེས་རབ་ཀྱི་པདྨའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་བསམས་ནས། །དངོས་པོ་ཐམས་ཅད་རྗེད་པར་བྱེད་པའི་ནུས་པ་འདི་ལ་ཡོད་པས། བདག་གིས་ཀྱང་ནུས་པ་དེ་བཙལ་བར་བྱེད་པའི་དོན ་འདི་ལ་ནུས་ཡོད་དོ་བསམས་ནས། ཆོས་ཀྱི་འབྱུང་གནས་ཀྱི་དབུས་ན་གནས་པའི་གེ་སར་ཡི་གེ་རའི་རྣམ་པ་ལྟ་བུ་འམ། ཡི་གེ་ཨའི་རྣམ་པ་ལྟ་བུ་དེ་ཐབས་ཀྱི་གསང་བའི་རྡོ་རྗེའི་ནང་དུ་བཙུད་པས་ཆོས་ཀྱི་འབྱུང་གནས་ཀྱི་ཨ ་རྡོ་རྗེས་ཕྱེད་མར་བཅད་པས། གཡོན་པ་དམ་དུ་གྱུར་པས་མེའི་རང་བཞིན་དུ་གྱུར་ནས་དྲོད་སྐྱེས་པར་བསམ་མོ། །གཡས་པ་ཡམ་དུ་གྱུར་ནས་རླུང་གི་རང་བཞིན་དུ་གྱུར་ཏེ། ཕན་ཚུན་དུ་འགྲོགས་ནས། རླུང་གིས་རམ་ལ ་ཕོག་པས་དྲོ་བར་གྱུར་ནས་དྲོ་བ་ལས་ཀྱང་མེའི་རང་བཞིན་དྲོ་བར་འགྱུར་ཏེ། ཆོས་ཀྱི་འབྱུང་གནས་ཀྱི་རང་བཞིན་ཨ་དྲོས་ནས་མེ་འབར་བས། གསང་བའི་རྡོ་རྗེ་ནོར་བུའི་སྤུ་གུའི་ནང་ན་ཡར་ཙཎྜ་ལི་ཞུགས་ནས་འཁོར་ལ ་དྲུག་དང་བཅས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། ལས་ཀྱི་དབང་པོ་དང། ལས་ཀྱི་དབང་པོའི་བྱ་བ་ལ་སོགས་པ་ཐམས་ཅད་བསྲེགས་ཤིང། མེད་པར་བྱས་ནས་བདེ་བ་དང་བཅས་པ་རང ་བཞིན་མེད་པར་བསྒོམ་པར་བྱའོ། །ཡང་ཤེས་རབ་མས་བསམ་པ་ནི་ཐབས་ཀྱི་གསང་བའི་རྡོ་རྗེ་དུང་ཅན་མ་ནས་པདྨའི་བྱ་གདོང་མའི་དབུས་སུ་ཞུགས་ནས་ཡར་ཟླ་བའི་རང་བཞིན་བསིལ་བའི་རླུང་ཨ་བ་དྷཱུ་ཏཱི་ནས་འཐོན་ནས་འཁོར་ལོ ་དྲུག་ལ་སོགས་པ་བསྲེགས་ཤིང་མེད་པར་བྱས་པ་ནི་སྔ་མ་དང་མཐུན་ནོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས། །གཉིས་སུ་མེད་པའི་བདེ་བ་དེ་ཉིད་ལ་དམིགས་ཤིང་སེམས་གཟུང་འཛིན་གཉིས་དང་ཕྲལ་ནས། བདེ་བ་དེ་གཉིས་ལ ་བརྟེན་ཅིང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པར་གཉིས་སུ་མེད་པར་རྣལ་འབྱོར་པས་བསྒོམ་པ་ནི་ཆགས་པའི་ལམ་པའི་ཞི་བ། ལྷའི་གཟུགས་སུ་བསྒོམ་པའོ། །ཆགས་པའི་ལམ་པའི་རྣལ་འབྱོར་བཤད་ཟིན་ཏོ། །ད་ནི་རྟགས ་རྣམས་བརྗོད་པར་བྱ་སྟེ། ཉིན་མོའི་རྣལ་འབྱོར་གྱི་རྟགས་རྣམ་པ་དྲུག་གསང་བའི་གསང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བ་འཇམ་དཔལ་གླུའི་ལེའུར་གསུངས་སོ། །དེ་ཡང། ནམ་མཁའ་ལས་བྱུང་རང་བྱུང་བ། ཤེས་རབ ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་མཛད་པ། ཡེ་ཤེས་འོད་ཟེར་ལྷམ་མེ་བ། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་པོ་གསང་སྔགས་མཆོག་།གསང་སྔགས་རྒྱལ ་པོ་དོན་ཆེན་བྱེད་ཅེས་གསུངས་སོ། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་པོ་ཆེ། །ཞེས་པ་ནི་སྤྲིན་མེད་པའི་ནམ་མཁའ་ལ་རྩལ་འབྱོར་པས་བསྒོམས་པས་འབར་བ་ལྟ་བུར་རྣལ་འབྱོར་པས་མཐོང་བའོ། ། ་འོད་ཆེན་རྣམ་པར་སྣང་མཛད་པ། །ཡེ་ཤེས་འོད་ཟེར་ལྷམ་མེ་བ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ཤར་བ་ལྟ་བུར་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བའོ། །འགྲོ་བའི་མར་མེ་ཞེས་པ་ནི་ཉི་མའི་དཀྱིལ་འཁོར་ནི་འགྲོ ་བ་རྣམས་ལ་མར་མེ་དང་འདྲ་བས་འགྲོ་བའི་མར་མེའོ། །ཉི་མའི་དཀྱིལ་འཁོར་ཤར་བ་ལྟ་བུར་རྣལ་འབྱོར་པས་མཐོང་བའོ། །ཡེ་ཤེས་སྒྲོན་ཞེས་པ་ནི་རྡོ་རྗེའི་སྒྲ་གཅན་སེམས་རང་གིས་རྟོགས་པ་ནི་རང་གི་ཡེ་ཤེས་སྣང་བས་ན ་རང་ལ་སྒྲོན་མ་དང་འདྲ་སྟེ་ཡེ་ཤེས་སྒྲོན་མ་དང། རྣལ་འབྱོར་པ་རྣམས་ཀྱིས་འཇའ་ཚོན་ལྟ་བུར་མཐོང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་བྱ་བ་ནི་མཆོག་གི་ཆ་སྟེ་གློག་ལྟ་བུ་ཡིན་ཏེ། ཁ་དོག་དམར་པོ་འཁྱུག་པ་མྱུར ་བར་སྣང་ཞིང་མི་རྟག་པར་མཐོང་བའོ། །རིག་པའི་རྒྱལ་པོ་གསང་སྔགས་མཆོག་།ཅེས་པ་ནི་ཐིག་ལེ་ཁ་དོག་རྣམ་ལྔར་སྣང་ཞིང་ཤིན་ཏུ་ཕྲ་བར་རྣལ་འབྱོར་པས་མཐོང་བའོ། །དེ་ལྟར་རྟགས་དང་མཚན་མ་བཅུ་གཅིག་རྣལ ་འབྱོར་པས་མཐོང་བ་ནི་དབང་བཅུ་གཅིག་སློབ་དཔོན་ལས་ཐོབ་ཅིང། བཞི་པ་རྣལ་འབྱོར་པས་ཉམས་སུ་མྱོང་ཞིང། ཉམས་སུ་བླངས་པས་ཚེ་འདི་ལ་འབྲས་བུ་ས་བཅུ་གཅིག་ཐོབ་པར་འགྱུར་ཞེས་པ་ནི་བཅོམ་ལྡན་འདས ་ཀྱིས་རྒྱུད་ཐམས་ཅད་ལས་ཀྱང་གསུངས་ལ། དཔལ་མཆོག་གི་དང་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་ཏེ། བུམ་པའི་དབང་བསྐུར་ས་བརྒྱད་ཡིན། །གསང་བའི ་དབང་བསྐུར་ས་དགུ་པ། །ཤེས་རབ་ཡེ་ཤེས་བཅུ་ཡིན་ཏེ། །བཞི་པ་བཅུ་གཅིག་ས་པར་བཤད། །ཅེས་འབྱུང་ངོ། །དེ་བཞིན་དུ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མའི་ཡང་ཕྱི་མར་ནི། བཅོམ་ལྡན་འདས་ཀྱིས ་མཚན་མོའི་རྣལ་འབྱོར་གྱི་རྟགས་ལྔ་གསུངས་སོ། །སྒྱུ་འཕྲུལ་དྲ་བའི་འཇམ་དཔལ་རྡོ་རྗེ་གླུའི་ལེའུར་ནི། བཅོམ་ལྡན་འདས་ཀྱིས་ཉིན་མོའི་རྣལ་འབྱོར་རྟགས་རྣམ་པ་དྲུག་གསུངས་སོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ནི་བུམ་པ ་དང། སྣམ་བུ་དང། རེ་ལྡེ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་རྣལ་འབྱོར་པའི་ཡིད་ཀྱི་ཤེས་པ་ལ་མཐོང་བའོ། །དེའི་དབུས་སུ་ཞེས་པ་ནི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་སྐུ་མཚན་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བཟང་པོ་བརྒྱད་ཅུས ་བརྒྱན་པའི་སྐུ་མཐོང་བ་དེ་ནི་རྣལ་འབྱོར་པ་དེས་ཡིད་ཀྱིས་ཡིན་གྱི་མིག་གིས་ནི་མ་ཡིན་ནོ། །ཕྱིན་ནས་མིག་གིས་ཀྱང་མཐོང་ལ། ཡིད་ཀྱིས་ཀྱང་མཐོང་བར་འགྱུར་རོ། །ཡུལ་དང་རྣམ་པར་བྲལ་ཞེས་པ་ནི་རྫས་སུ་མེད་པས་གཟུང་ཞིང་དཔྱད་དུ་མེད་པ། ་བརྟགས་མ་ཡིན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་རྣལ་འབྱོར་པ་བདག་ཉིད་ཀྱིས་ཞལ་མཐོང་བར་འགྱུར་རོ། །དེས་ན་རྣལ་འབྱོར་པ་དེས་སྐུའི་སྦྱོར་བས་མི་ཤིགས་པའི་སྒྲ་དང་ནམ་མཁའ་ལ་བདག་ཉིད་ཀྱི་རྣ་བས་ཆོས་ཀྱི་སྒྲ་ཐོས་པར་འགྱུར་རོ། །ཡང ་ནམ་མཁའ་ཨི་དཀྱིལ་ན་དེ་བཞིན་གཤེགས་པ་རྣམས་ཆོས་འཆད་ཅིང་བཞུགས་པའི་སྒྲ་ཐོས་ཤིང། །མིག་གིས་ཀྱང་མཐོང་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནམ་མཁའ་ཨི་དཀྱིལ་ན་ཉན་ཐོས་ཀྱི་འཁོར་བྱེ་བ་བརྒྱ་སྟོང་དང་ལྷན་ཅིག་ཏུ་འགྲོ ་བའི་དོན་མཛད་པའི་ཡུལ་རྣམས་མཐོང་བར་འགྱུར་རོ། །དེ་ལྟར་རྣལ་འབྱོར་པས་གཟུགས་སུ་སྣང་བ་མཐོང་བ་ནི་རྣལ་འབྱོར་པ་ལ་སྤྲུལ་པའི་སྐུར་སྣང་བའོ། །སྒྲར་རྣལ་འབྱོར་པ་ལ་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཞེས་བྱ ་བའི་དོན་ཏོ། །མིག་གིས་མཐོང་བ་ནི་ཆོས་ཀྱི་སྐུ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ནི་ཕྱིའི་རྟགས་བཤད་པའོ། །ད་ནི་ནང་གི་རྟོགས་བརྗོད་པར་བྱ་སྟེ། འདིར་ཉིན་མོའི་སྦྱོར་བ་ཡིས་ནི། ཆུ་འཛིན་དང་ནི་བྲལ་བ་ཡི། ནམ་མཁར་བརྟན ་པོར་བལྟ་བ་ཡིས། །རྣལ་འབྱོར་པ་ཡིས་འགྲུབ་པར་འགྱུར། །སྔ་དྲོ་དང་ནི་ཕྱི་དྲོ་ཡང། །ཐུན་གཉིས་སུ་ནི་བསྒོམ་པར་བྱ། །སྔ་དྲོ་ཉི་མ་རྒྱབ་ཕྱོགས་ཏེ། ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །དམིགས་པ་བརྟན་པར ་རབ་བྱ་ཞིང། །གཞན་དུ་ན་ནི་ཉི་མ་ཡིས། །རབ་རིབ་ཅན་དུ་འགྱུར་བར་བཤད། །དེ་ཡི་གནོད་པ་བསལ་བྱས་ཏེ་ཉིན་ཞག་སོ་སོར་ལྟ་བའོ། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །རི་མོ་ནག་པོ་སྐྲ་ཡི་ཚང། །དྲི་མ་མེད་པའི་འོད་འཕྲོ་བ། ་བུམ་ནི་རྫས་ནི་མཐོང་བ་ཡིན། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །དེ་ལ་ཚིག་བཅུ་གཉིས་ནི་སྔར་བསྟན་པས་གོ་བླའོ། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །ཞེས་བྱ་བ་ནི་ལྟེ་བར་བཞུ་བའི་ཐིག ་ལེའོ། །རི་མོ་ནག་པོ་ཞེས་པ་ནི་ལྟེ་བའི་འོག་སྤུ་ནག་གུའི་མཚམས་ན། དོན་དམ་པར་བྱང་ཆུབ་ཀྱི་སེམས་ཁ་དོག་གནག་པ་གནས་པ་མཐོང་བའོ། །སྐྲའི་ཚད་ཅེས་པ་ནི་ཤིན་ཏུ་ཕྲ་བ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཡིན ་པས་ཤིན་ཏུ་གནག་པའོ། །སྐྲའི་ཚད་ཙམ་ལ་སོར་གཅིག་པར་གནས་པ་མཐོང་བར་འགྱུར་རོ། །བ་ཐག་བརྐྱང་བ་ལྟ་བུ་འམ། དར་དཀར་གྱི་སྐུད་པ་བརྐྱང་བ་ལྟ་བུ་མཐོང་བའོ། །དྲི་མ་མེད་པ་ཞེས་པ་ནི་ལུས་དྲི་མ་མེད་པ ་དང། ངག་དྲི་མ་མེད་པ་དང། ཡིད་དྲི་མ་མེད་པ་དང། ཡེ་ཤེས་དྲི་མ་མེད་པར་གྱུར་པས་ན་དྲི་མ་མེད་པའོ། །འོད་འཕྲོ་བ་ཞེས་པ་ནི་ཤེས་པ་ཤེལ་སྒོང་ཕྱིས་པ་ལྟ་བུ་སྣང་ཞིང་གསལ་བའི་འོད་འཕྲོ་བའོ། །དུས་ཀྱི་ཞེས ་པ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་ཀུན་གཞི་འགྲོགས་ནས་ཆོས་ཀྱི་སྐུར་གྱུར་པའོ། རྫས་ནི་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དོན་དམ་པ་ལ་ཐིམ་པའོ། །མཐོང་བ་ནི་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས ་འབྱུང་བ་བཞིས་མ་བསྐྱེད་པའི་གཞོམ་དུ་མེད་པ་ལྟེ་བའི་འོག་ཏུ་མཐོང་བའོ། །འོག་ཏུ་མཐོང་བའི་སྒྲས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨིན་མཚམས་སུ་ཁ་དོག་དཀར་པོའི་རྣམ་པར་མཐོང་བའོ། །དེ་མཐོང་བས་འོད་གསལ་གོ་འཕང་ནི ་རྣལ་འབྱོར་པ་ཡིས་མཐོང་གྱུར་པའོ། །ཞེས་བྱ་སྟེ། དེ་ཡང་དབུ་མའི་རྩ་ཨ་བ་དྷཱུ་ཏཱིར་ཡིད་ཆུད་པའི་རྣལ་འབྱོར་པས་མཐོང་བ་ཡིན་ཏེ། ཡིད་མ་ཆུང་པ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་མཐོང་བའི་རྣལ་འབྱོར་པ་དེ་ནི་རྣམ་པ་ཐམས་ཅད ་མཁྱེན་པའི་སྐུ་ངེས་ནི་ཁམས་གསུམ་མ་ལུས་པ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་ཐམས་ཅད་ས་ལེ་མཁྱེན་པའོ། །ཆུ་ནང་ཉི་ལྟར་རབ་སྣང་བ། །དྲི་མ་མེད་པའི་སྣ་ཚོགས་མདོག་།རྣམ་པ་ཀུན་ཏུ་རང་གི་སེམས། །གཞན་གྱི་སེམས ་མིན་རང་གི་སེམས། །རང་གི་སེམས་ཡིན་བདེ་བ་ཉིད། །གཞན་གྱི་སེམས་མིན་བདེ་བ་ཡིན། །ཡུལ་དང་རྣམ་པར་བྲལ་བ་ཡིན། །རང་བདེ་ཡིད་ཀྱི་ཉམས་མྱོང་བ། །གཞན་གྱི་སེམས་བདེ་མེད་པའི་ཕྱིར། །བདེ་བ་བསྟན་དུ་མི་བཏུབ་པོ། །ཞེས ་འབྱུང་ངོ། །འདིར་དང་པེ་རང་གི་སེམས་ཀྱི་སྣང་བའི་དེ་བཞིན་གཤེགས་པའི་ཤའི་མིག་གིས་དཔག་ཚད་སྟོང་མཐོང་བར་འགྱུར་རོ། །ལྷའི་མིག་གིས་དཔག་ཚད་ཉིས་སྟོང་མཐོང་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྤྱན་རྣམ་པར་དག ་པས་དཔག་ཚད་སུམ་སྟོང་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཡང་དག་པར་སྡུད་པར་སྤྱན་ལྔ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་རྣམས་ཀྱང་འདི་ལྟ་སྟེ། རིམ་པ་བཞིན་དུ་ཤའི་སྤྱན་དང། ལྷའི་སྤྱན་དང། སངས་རྒྱས་ཀྱི་སྤྱན་དང། ཤེས ་རབ་ཀྱི་སྤྱན་དང། ཡེ་ཤེས་ཀྱི་སྤྱན་རྣམས་རྣལ་འབྱོར་པས་སེམས་ཨ་བ་དྷཱུ་ཏཱིར་བཙུད་ཅིང་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་ནས་ཐམས་ཅད་མཁྱེན་པ་ཡིས་མ་གཟིགས་པ་དང། མ་མཁྱེན་པ་ཅུང་ཟད་ཀྱང་མེད་དོ། ། ་དེ་ལྟར་རྣལ་འབྱོར་པས་སྲོག་གི་རླུང་ཞེས་པ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་དབུ་མར་ཚུད་ནས། སྣ་བུག་གཡོན་པ་དང་གཡས་པ་ལ་རྣལ་འབྱོར་པ་རྣམས་ལ་མི་རྒྱུ་ན། ཕྱག ་རྒྱ་ཆེན་པོའི་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་དབུགས་བརྒྱད་བརྒྱ་རྣལ་འབྱོར་པས་འགོག་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་པས་འགོག་ན་ནི། ས་དང་པོ་ཐོབ་པར་འགྱུར་རོ། །དེ་ལ་ཡེ་ཤེས་དང་འབྲས་བུ་ནི ་ཤའི་སྤྱན་རྣམ་པར་དག་པ་ཐོབ་སྟེ། མཐོང་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་མཐོང་བར་འགྱུར་རོ། །འཕོ་བ་གཉིས་པ་འགོག་པས་ས་གཉིས་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་གསུམ་པ་འགོག་པས་ས་གསུམ་པ་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསུམ་མཐོང་བར་འགྱུར་རོ། །འཕོ་བ ་བཞི་པ་འགོག་པས་ས་བཞི་པ་ཐོབ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱད་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་ལྔ་པ་འགོག་པས་ས་ལྔ་པ་སངས་རྒྱས་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ཐོབ ་པར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་མཐོང་བར་འགྱུར་རོ། །འཕོ་བ་དྲུག་པའི་སྲོག་གི་རླུང་ཁྲི་བརྒྱད་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགོག་པར་གྱུར་ན་ནི། ས་དྲུག་པ་ཐོབ་པས་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་མཐོང་བར་འགྱུར་རོ། །འཕོ་བ་བདུན་པའི་སྲོག་གི་རླུང་འགོག་པས་ནི་ས་བདུན་པ་ཐོབ་པར་འགྱུར་རོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་རྩ་བཞིའི ་མཛའ་ཚུན་ཆད་མཐོང་བར་འགྱུར་ཏེ། ས་དེ་རྣམས་ཐོབ་ཅེས་པ་ནི་བྱིས་པ་རྣམས་གཞུག་པའི་ཕྱིར་རོ། །དབང་ཐོབ་པ་ཡང་འདྲ་བའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཞུག་པའི་ཕྱིར་ཡིན་ནོ། །ཡང་དག་པའི་དོན་ནི་མ་ཡིན་ནོ། །དེ་ཡང་བཤད་ན ་དུ་དང་ཅོད་པན་གཉིས་ཀྱིས་སྐུའི་ཞལ་ནས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་བར་བྱས་ནས་ས་གཉིས་པར་ལུང་བསྟན་ཏོ། །དར་དཔྱངས་དང་རྡོ་རྗེ་དྲིལ་བུ་གཉིས་ཀྱིས་གསུང་གི་ཞལ་ནས་དབང་བསྐུར་བས་ངག་གི་སྒྲིབ་པ་དག་པར ་བྱས་ནས་ས་བཞི་པ་ཐོབ་པར་འགྱུར་རོ། །བརྟུལ་ཞུགས་དང་མིང་གི་དབང་ཐུགས་ཀྱི་ཞལ་ནས་བསྐུར་བས་ནི་ཡིད་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་དྲུག་པ་ཐོབ་པར་འགྱུར་རོ། །སློབ་དཔོན་དུ་གནང་བ་ནི་ཡེ་ཤེས་ཀྱི་ཞལ་ནས་དབང ་བསྐུར་བས་ནི། ཡེ་ཤེས་ཀྱི་སྒྲིབ་པ་དག་པར་བྱས་ནས་ས་བདུན་པར་ལུང་བསྟན་ཅིང་ཐོབ་པར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཀུན་རྫོབ་ཏུ་བྱིས་པ་རྣམས་གཞུག་པའི་ཕྱིར་ཡིན་ནོ། །འཕོ་བ་བརྒྱད་པའི་སྲོག་གི་རླུང་ཁྲི་བརྒྱད ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགོག་པས་ཀྱང་ས་བརྒྱད་པ་ཐོབ་ལ། བུམ་པའི་དབང་བསྐུར་བ་ཐོབ་པས་ཀྱང་ས་བརྒྱད་པར་ཐོབ་པར་འགྱུར་རོ། །ས་བརྒྱད་པ་ཐོབ་པའི་མངོན་པར་ཤེས་པ་ནི་ཤེས་རབ་ཀྱི་སྤྱན་རྣམ་པར་དག་པ་མིའི ་ལས་འདས་པ་ཕྱིར་མི་ལྡོག་པའི་ས་ཐོབ་པས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་མཛའ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་དགུ་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་ས་དགུ་ཐོབ་ལ། གསང་བའི ་དབང་བསྐུར་བ་ཐོབ་པས་ཀྱང་ས་དགུ་པ་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལས་ནི་ཤེས་རབ་ཀྱི་སྤྱན་རྣམ་པར་དག་པ་ཐོབ་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་མཛའ་ཚུན་ཆད་མཐོང ་པར་འགྱུར་རོ། །འཕོ་བ་བཅུ་པའི་སྲོག་གི་རླུང་རྒྱུ་པ་འགོག་པས་ས་བཅུ་པ་ཐོབ་ཅིང། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་ཀྱང་ས་བཅུ་པ་མི་འཇམ་པའི་རྡོ་རྗེ་དང་མཚུངས་ཏེ། མངོན་པར་ཤེས་པ ་ནི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་མཛའ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་གཅིག་པའི་སྲོག་གི་རླུང་རྒྱུ་བ་འགོག་པས་ས ་བཅུ་གཅིག་པ་ཐོབ་པ་ལ། དབང་བཞི་པ་འཇིག་རྟེན་ལས་འདས་པའི་དབང་ཐོབ་པས་ཀྱང། ས་བཅུ་གཅིག་སངས་རྒྱས་ཀྱིས་སྟེ་སྒྲིབ་པ་གསུམ་སྤངས་པའོ། །མངོན་པར་ཤེས་པ་ལས་ཡེ་ཤེས་ཀྱི་སྤྱན་ལ་སོགས་ཏེ་ལྔ་ཐོབ་ལ། ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཅིག་དང། ཉི་ཤུ་རྩ་བཞིའི་མཛའ་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ་བ་བཅུ་གཉིས་པ་སྲོག་གི་རླུང་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔའི་སྲོག་གི་རླུང་གཙུག་ཏོར་གྱི ་འཁོར་ལོར་འགོག་ན་ནི། ས་བཅུ་གཉིས་པ་ཚེ་འདི་ཉིད་ཁོ་ནར་དངོས་སུ་བརྙེས་ཏེ་རྡོ་རྗེ་འཆང་གིས་ཐོབ་པ་ནི་དེ་བཞིན་དུ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་གཞན་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དཔག་ཏུ་མེད་པ་དང། བརྗོད་ཀྱི་མི་ལང་བ་རྣམས་མཐོང་བ་ནི་ཡེ་ཤེས་ཀྱི་སྤྱན་མངའ་བས་མཐོང་བར ་འགྱུར་རོ། །སྟོང་ཆུང་ངུ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཆེན་པོའི་ཁོང་སུ་ཆུད་པས་ནི། འདིར་བཤད་ཀྱང་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་བས་འདིར་མེ་སྨོས་སོ། །དེས་ནི་ནང་གི་རྟགས་རྣམས་བཤད་ཟིན་ཏོ།། །། ་ད་ནི་སྣ་ཚོགས་གཟུགས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ས་ཞེས་བྱ་བ་ལ་སོགས་པ་ལ་འདིར་སྟོང་པ་ཉིད་ཀྱི་སྣང་བ་ནི་སའི་རྣམ་པར་མཐོང་ཡང་སྲ་བ་ནི་མ་ཡིན་ཏེ། རྗེས་སུ་མེད་པའི་ཕྱིར། ཞུ་བ་ཆུའི་ལུས་སུ་སྣང་བ་ཡིན་ཡང་ཆུ ་མིན་ཏེ། འཇུ་བ་མེད་པའི་ཕྱིར། སྨིག་རྒྱུའི་ཆུ་བཞིན་ནོ། །དེ་ལྟར་མེའི་རྣམ་པར་སྣང་ཡང་མེ་མ་ཡིན་ཏེ། སྲེག་པ་མེད་པའི་ཕྱིར་རོ། །གཡོ་བ་རླུང་གི་ལུས་འདྲ་ཡང་རླུང་ནི་མིན་ནོ། །གང་གཡོ་བའི་རྫས་སུ་མེད་པའི་ཕྱིར་རོ། ། ་རྫས་སུ་མེད་པའི་ཕྱིར་སྟོང་པའི་རྣམ་པ་ཡིན་ཡང་མཐོང་སྟེ་ཞེས་པ་ནི་སྒྱུ་མའི་གྲོང་ཁྱེར་བཞིན་དུའོ། །དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་ཁ་དོག་ཀྱང་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ། །རྣམ་པ་ཀུན་ཏུ་ལྡན་ཡང་ཐམས་ཅད་དུ ་བྱིས་པ་རྣམས་ཀྱིས་མ་མཐོང་ངོ། །དེ་གང་གི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་སྟོབས་ཀྱི་མཐུས་ཞེས་པ་ནི་གཡོན་པ་དང་གཡས་པའི་རྩར་སྲོག་ཀུན་ཏུ་སྤྱོད་པའི་ཕྱིར་ངེས་པའོ། །ད་ནི་མཐར་ཐུག་པའི་དོན་བརྗོད་པར་བྱ་སྟེ། སྐུ་མཐོང་ནས་ནི་ཉིན ་མཚན་རེ། །དུས་སུ་སྲོག་གིས་རླུང་དག་ནི། །རྣལ་འབྱོར་ཐར་པ་འདོད་པ་ཡིས། །འགག་པ་རུ་ནི་རབ་ཏུ་བྱ། །ཞེས་པ་ནི་བུམ་པ་ཅན་ནོ། །སྐུ་མཐོང་ནས་ནི་ཞེས་པ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་དངོས་པོ་ཐམས་ཅད་སྤངས་པ་བསྒོམས ་པ་ཡིས་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་ངོ། །ཉིན་མཚན་རེ་ཞེས་པ་ནི་རྣལ་འབྱོར་པས་བྱ་བ་ཐམས་ཅད་སྤངས་ནས་རྣལ་འབྱོར་བསྒོམ་པའོ། །དུས་སུ་ཞེས་པ་ནི་ཐུར་བརྒྱད་དུ་བྱས་པའི་དུས་མ་ཡོལ་བའོ། །སྲོག་གི་རླུང་ཞེས་བྱ་བ་ནི ་གཡོན་པའི་དང་གཡས་པའི་ལ་མི་རྒྱུ་བར་སྲོག་དབུས་མ་ལ་རྒྱུ་བའོ། །དག་ནི་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ནི་དག་པའི་རང་བཞིན་ཅན་ནོ། །འགག་པ་རུ་ནི་ཞེས་པ་ནི་ལྟེ་བའི་འོག་ཏུ་རྩ་གསུམ་འདོམ་པའི་གནས་གསང་བ་བདེ་བ་སྐྱེད་པའི་ནུས ་པ་ཡོད་པ་ཅན་དུ། ཡི་གེ་ཀྵ་འམ་ཨེ་ཤད་ལྟ་བུས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ཤེས་པ་ཐུར་དུ་འགྲོར་མི་སྟེར་བར་འགག་གོ་།གཙུག་ཏོར་གྱི་འཁོར་ལོའི་དབུས་སུ་ནི་ནམ་མཁའ་ཨི་གདོང་ཅན་མའི་ཁང ་ནི་ཡི་གེ་ཧཾ་མགོ་ཐུར་དུ་བསྟན་པས་འགག་ཅིང་དབུས་མའི་རྩ་ཨ་བ་དྷཱུ་ཏཱི་ནག་པོར་གནས་པའི་ནང་དུ་ཡེ་ཤེས་ཀྱི་དར་དམར་པོའི་རྒྱུན་དང་འདྲ་བའི་བདག་ཉིད་དེ་དང། ཀུན་གཞི་རྣམ་པར་ཤེས་པ་འདྲེས་ནས་ཡར་འགྲོ་བ ་ནི་ཡེ་གེ་ཧཾ་གིས་འགོག་པར་བྱེད་ཅིང་ཕྱིར་མི་འབྱིན་ཏོ། །ཧཾ་ཞུ་བས་འགག་པ་ཡིན་ཏེ་མ་ཞུ་བས་མ་ཡིན་ལ། ཧཾ་བྲི་བ་ཡང་མེད། འཕེལ་བ་ཡང་མེད་དོ། །དེ་བཞིན་དུ་འོག་ཏུ་འགྲོ་བ་ནི་ཡི་གེ་ཀྵས་འགོག་པའི་ཕྱིར་མི ་ཐར་བར་མར་བྲེང་མར་བྲེང་གནས་པ་ནི་ཁམས་བདེ་བའི་རྩ་ལྟ་བུ་འམ། པི་ཝང་གི་རྒྱུད་སྦྲེང་བ་ལྟ་བུར་གནས་པར་བསམ་པ་ནི་དབུ་མར་ཡིད་གཟུང་བའི་བླ་མའི་གདམས་ངག་གོ་།རབ་ཏུ་བྱ་ཞེས་པ་ནི་གསང་བའི་པདྨའི ་སྣ་རྩེ་དང། བྱ་གདོད་དང། ལྟེ་བའི་ཨཱ་དང། སྙིང་གའི་ཧཱུཾ་དང། ལྐོག་མའི་ཨོཾ་དང། དཔྲལ་བའི་ཧོ་དང། གཙུག་ཏོར་གྱི་འཁོར་ལོའི་ཧཾ་རྣམས་ནི་བུམ་པའོ། །ཅན་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རང ་བཞིན་གྱི་དགའ་བ་དང། མཆོག་གི་དགའ་བ་དང། སྣ་ཚོགས་ཀྱི་དགའ་བ་དང། ལྷན་ཅིག་སྐྱེས་པའི་དགའ་བས་འཁོར་ལོ་དྲུག་ཏུ་ཁྱབ་ཅིང་བདེ་བས་ལུས་ཐམས་ཅད་སིམ་པར་བྱེད་པ་ནི་ཅན་ནོ། །ཇི་སྲིད་དུ་ནི་འཁོར་བཞིན་མ། ། ་རང་གི་ལུས་ལ་ཡོངས་བསྐོར་བ། །འོད་ཟེར་འཁོར་ལོས་མཐོང་འགྱུར་བ། །སྔོན་གསུངས་སྐུ་ལ་རང་གི་ཡིན། །དེས་ནི་ཟླ་དྲུག་རེག་སྤངས་བདེ། །ཐབས་དང་ཤེས་རབ་སྙོམས་འཇུག་བྲལ་བའོ་ཞེས་འབྱུང་ངོ། །ཇི་སྲིད་ཅེས་པ་ནི ་སྒོམ་པའི་དུས་སུ་རྣལ་འབྱོར་པ་ལ་འབྱུང་བའོ། །འཁོར་བཞིན་མ་ཞེས་པ་ནི་འཁོར་ལོ་ལྟར་འཁོར་བར་སྣང་བའོ། །རང་གི་ལུས་ལ་ཞེས་པ་ནི་རྣལ་འབྱོར་བ་བདག་ཉིད་མཉམ་པར་བཞག་པའི་དུས་སུ་ཡང་ཁྱད་པར་ཅན་དུ་འབྱུང་བར ་འགྱུར་རོ། །ཡོངས་འཁོར་བའི་ཞེས་པ་ནི་ལུས་ཐམས་ཅད་ལ་གནས་ཕྱོགས་ནས་བསྐོར་བར་མཐོང་བའོ། །འོད་ཟེར་འཁོར་ལོ་མཐོང་འགྱུར་བ་ཞེས་པ་ནི་འོད་དཀར་པོ་སྐྱ་རེངས་ཤར་བ་ལྟ་བུས་བདག་ཉིད་ལ་བསྐོར་བ་མཐོང་བའོ། །སྔོན ་གསུངས་པའི་སྐུ་ལ་ཞེས་པ་ནི་སྣ་ཚོགས་ཀྱིས་དུས་སུ་མཐོང་བའི་སྐུའོ། །དེས་ནི་ཟླ་བ་དྲུག་རེག་ཅེས་པ་ནི་སྲོག་གི་རླུང་ཟླ་བ་དྲུག་གི་བར་དུ་གཉིད་ལོག་རྩ་ལག་པས་མི་དྲག་པ་ཙམ་དུ་མནན་ཅིང་བཀག་ན། མི་འཕོ་བའི་བདེ་བ་དབང་པོ་གཉིས ་ཀྱི་སྤྲོད་པ་ལས་བྱུང་བའི་བདེ་བས་བཅུ་དྲུག་ཆར་ཡང་མི་ཕོད་པའི་བདེ་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྤངས་ཤིང་བདེ་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་དང། ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་བདེ་བ་ཡིན ་ཞེས་པའི་དོན་ཏོ། །སྤངས་ཤེས་པ་ནི་སྡུག་བསྔལ་དང་བཅས་པའི་བསྲུབ་པ་དང། གཡོ་བ་ལ་སོགས་པའི་བདེ་བ་སྤངས་པའོ། །བདེ་བར་འགྱུར་ཞེས་པ་ནི་ཕན་ཚུན་དུ་ཐབས་དང་ཤེས་རབ་གཉིས་མི་འཕོ་བའི་བདེ་བ་ནི་མི་འཛག ་པའི་བདེ་བ་འཁོར་བར་སྐྱེ་བའི་རྒྱུ་མེད་པས་ནི་མི་འཛག་པའི་བདེ་བའོ་ཞེས་པ་ནི་དེ་བཞིན་གཤེགས་པས་གསུངས་སོ། །ད་ནི་རྣལ་འབྱོར་ཉེ་བར་སྡུད་པ་བརྗོད་པར་བྱ་སྟེ། །དབུས་སུ་སྲོག་ཅེས་པ་ལ་སོགས་པ་ལ། །འདིར་དང་པོར ་རྣལ་འབྱོར་པ་ཡིས་དབུས་སུ་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ལ་སྲོག་ནི་བཅུག་པར་བྱས་ན་མཚན་མ་གང་ཞིག་མཐོང་བར་འགྱུར་རོ། །དཔལ་ལྡན་བླ་མ་ཞེས་པ་ནི་སངས་རྒྱས་ཀྱི་རང་གི་སྐུའི་རྡོ་རྗེ་གཅིག་པུར་བརྗོད་དོ། །དེ་ནས་ཉི་མར ་བཅས་སོང་བ་ཞེས་པ་ནི་གཡས་པར་བགྲོད་པ་དང་བཅས་པའོ། །ཟླ་བར་བཅས་སོང་བ་ཞེས་པ་ནི་གཡོན་པའི་རྩར་འགྲོ་བའོ། །གཡས་དང་གཡོན་ནི་བཅིང་བར་བྱ་ཞེས་པ་ནི་གཡས་པ་དང་གཡོན་པར་སྲོག་འགྲོ་བ ་དབུས་མར་བཅིང་བར་བྱ་བའི་ངེས་པ་ཡིན་ཞིང་སྲོག་སྡུད་པ་ན་གཉིས་པ་གསུང་གི་རྡོ་རྗེའོ། །ཕྱག་རྒྱ་ལ་ནི་སྦྱོར་བའི་སེམས་ཞེས་པ་ནི་གཟུགས་ལ་རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ་སྟེ། གསུམ་པ་ཐུགས་ཀྱི་རྡོ་རྗེའོ། ། ་མཆོག་གི་བདེ་བ་གནས་པ་དང། རྡོ་རྗེ་ཀུན་ཏུ་བླང་བའོ་ཞེས་བྱ་བའོ། །དེ་ནས་གཟུགས་ཀྱི་སྒོ་ཡིས་དགའ་བར་མ་གྱུར་པ་དེ་ལྟ་ན་ནི་པདྨར་རྡོ་རྗེའི་སྒྲ་ཡང་བྱ་ཞེས་པ་ནི་སྐད་ཅིག་གིས་བྱའོ། །དེ་ཡང་ཤེས་རབ་མ་མ་རྙེད་པ་དེ་ལྟ ་ན་ནི་རང་གི་ལག་པ་ཆུ་སྐྱེས་ཏེ། བདེ་བའི་རྒྱུ་རུ་གསོར་བྱ་ཞེས་པ་ནི་བདེ་བ་འཕེལ་བའི་དོན་དུ་བྱ་ཡིས་ལྟུང་བའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ས་བོན་མི་གཏོང་བ་བདེ་བ། །འཆི་བ་ཡི་ནི་འཇིགས་འཇོམས་པ། །འདི་ནི་དཔལ་ལྡན་བླ་མའི ་ཞལ། །ཞེས་པ་ནི་བཞི་པ་ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་དོ་ཞེས་བྱ་བ་སྟེ་རྣལ་འབྱོར་གོམས་པའི་ངེས་པའོ། །ད་ནི་སྡོམ་བརྩོམ་འབྲས་བུས་བརྗོད་པར་བྱ་སྟེ། ལམ་གྱི་སེམས་ཤེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལམ ་ནི་སེམས་ཤེས་པའོ། །སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་གཅིག་གིས་གཅིག་ཕན་ཚུན་སྟོང་པ་ཉིད་དུ་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒོམ་པའོ། །སྡོམ་བརྩོན་ཞེས་པ་ལས་དང་པོ་བའི་དགེ ་སློང་རྡོ་རྗེ་འཛིན་པ་དང། དགེ་ཚུལ་རྡོ་རྗེ་འཛིན་པ་དང། དགེ་སློང་མ་རྡོ་རྗེ་འཛིན་པ་དང། དགེ་ཚུལ་མ་རྡོ་རྗེ་འཛིན་པ་རྣམས་ནི་སྡོམ་བརྩོན་ནོ། །དེའི་ཕྱིར་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་བྱ་བ་ཐམས་ཅད་གསང་ནས་བྱ ་ཞེས་བྱ་བའི་དོན་ཏོ། །རྣམས་ཀྱི་ཤེས་པ་ནི་ཚངས་པར་སྤྱོད་པའི་དགེ་བསྙེན་དང། དགེ་བསྙེན་མ་དང། བསྙེན་གནས་ཡན་ལག་བརྒྱད་ལ་གནས་པའི་དགེ་བསྙེན་ཕོ་མོ་རྣམས་ལ་ནི་དམ་ཚིག་འདི་རྣམས་སྦྱིན་པར་བྱའོ། །སོ་སོའི་སྐྱེ་བོ་ཁྱིམ ་པ་རྣམས་ལ་ནི་སྦྱིན་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་པ་རྣམས་ནི་བྱ་བ་མང་བས་སྒྲུབ་པར་བྱེད་པའི་གུས་པ་དང་མི་ལྡན་ཏེ། དེས་ན་དམ་པའི་ཆོས་ལ་མི་གུས་པའི་རྒྱུར་གྱུར་ཞིང་དམ་པའི་ཆོས་སྤོང་བའི་རྒྱུ་བསགས ་པས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བའི་ལས་གསོག་གོ་།དེས་ན་ཁྱིམ་པ་རྣམས་ལ་ནི་མི་བསྟན་ཞེས་འབྱུང་ངོ། །དེ་ལ་དགེ་སློང་ལ་སོགས་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ནི་འཇིག་རྟེན་པའི་བྱ་བ་ཁ་ན་མ་ཐོ་བའི་ལས ་ཀྱི་བྱ་བ་ཞིང་ལས་དང་ཚོང་ལ་སོགས་པ་སྤངས་ཤིང། དམ་ཚིག་ལྷུར་ལེན་པར་བྱེད་པ་དང། དེ་བཞིན་གཤེགས་པའི་དཀའ་ལ་ཡིད་ཆེས་པས་བཀའ་སུན་མི་འབྱིན་པ་དང། དགེ་སློང་ལ་སོགས་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས ་ལ་བསྟན་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། གནས་བརྟན་རྒན་པོ་སྐྱེ་དགུའི་བདག་།སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ ་ན་མཛེས། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཕྱིར་མི་ལྡོག་པ་ཕྱིར་མི་འོང། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད ་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་འབྱུང་ངོ། །མེ་ལོང་ལྟ་བུའི་བསྟོད་པ་ལས། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ ་ཞུགས་མཆོག་།དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པར་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ ་ཞི་བ་ཞི་བ་ཉིད། །ཅེས་བྱ་བ་སྟེ་སློབ་དཔོན་གྱི་དབང་གི་དུས་སུ་བྱའོ། །ཡང་དེ་ཉིད་ལས། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། མི་མངོན་མི་སྣང་གསལ་བྱེད་མིན། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། ་ས་བོན་ཕྲ་ཞིང་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། ཤིན་ཏུ་སད་པས་སད་པའི་བདག། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པ་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད ་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་འབྱུང་ངོ། །དེས་ན་དགེ་སློང་ལ་སོགས་པ་སྡོམ་བརྩོན་རྣམས་ཁོ་ན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ལ། །ཁྱིམ་པ་རྣམས་ལ་ནི་མ་ཡིན་ནོ། །དེ ་འང་བཤད་པར་བྱ་སྟེ། ཡོན་ཏན་ཡར་ལྡན་གྱི་དབང་དུ་བྱས་ནས་ནི་སྡོམ་བརྩོན་ཅེས་པ་ནི་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་ནི་སྡོམ་བརྩོན་ཞེས་བྱའོ། །སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས ་སུ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ནི་གསང་སྔགས་ཀྱི་དམ་ཚིག་ཏུ་འགྱུར་རོ། །གསང་སྔགས་ཀྱི་དམ་ཚིག་ནི་དེ་བཞིན་གཤེགས་པའི་དམ་ཚིག་ཏུ་འགྱུར་རོ། །དེ་བཞིན་གཤེགས ་པའི་དམ་ཚིག་ནི་ཟག་པ་མེད་པ་སྟེ། འཕོ་བ་མེད་པའོ། །དེས་ན་འཕོ་བ་མེད་པའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་དང་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ལ་རེག་པ་མེད་པས་ཉེས་པར་མི་འགྱུར་རོ། །ཅི་ཞིག ་ཅེ་ན། མི་འཕོ་བའི་ཕྱིར་རོ། །དེ་ཡང་སྐད་ཅིག་མ་གཅིག་མངོན་པར་རྫོགས་པར་བྱང་ཆུབ་པའི་རྣལ་འབྱོར་གྱི་མཚན་ཉིད་ཀྱིས་རང་གིས་རྟོགས་པའི་སྐད་ཅིག་མ་ལ། ཆགས་བྲལ་དང་པོ་ཆགས་པ་ཆེ། ཞེས་འབྱུང་སྟེ། ཆགས་དང་ཆགས ་བྲལ་ཐོག་མ་མཛའ་། །ཞེས་འབྱུང་བ་ནི་སྐད་ཅིག་མ་བཅོ་ལྔ་དང། བཅུ་དྲུག་མ་བྱུང་བའི་བར་ནི་སྐད་ཅིག་མའོ། །ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་ཆོས་གཅིག་ནས་བརྩམས་པའི་ཉའོ། །དེར་མཐར་སོང་བ་ནི་བཅུ་དྲུག་པའི་དབང ་པོ་དང་པོ་སྐད་ཅིག་མའི་ཆའི་མཚན་ཉིད་ཞུགས་པའོ། །ཆགས་བྲལ་ཞེས་པ་ནི་ནག་པོའི་ཕྱོགས་ཀྱི་སྐད་ཅིག་མ་གཉིས་པ་ལ་ཞུགས་པའོ། །དེའི་ཆགས་བྲལ་དང་པོར་སོང་བ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་དེ་ནི་མངོན་པར ་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་དེ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བའི་གསལ་པ་རང་ལ་སྐྱེས་པ་ཤེས་པ་མ་བཅོས་པའི་དང་ལ་གནས་པའི་དཔེའི་བཞི་ལས་མཚོན་པའི་དུས་ཀྱི་མཚན་ཉིད་ཀྱི་སྐད་ཅིག་མ་ནི་དེ ་ཉིད་ལས་དབུགས་ཀྱི་གྲངས་འཕེལ་བར་འགྱུར་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔའི་གྲངས་སོ། །དེ་ཡང་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་ནས་གསང་བའི་གནས་སུ་དབུགས་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མའི་བདེ་བ ་ལ་སེམས་བཏད་ཅིང་ཡར་འཐོན་ནས་བདེ་བ་འཕེལ་བར་བྱེད་པ་ནི་དེའི་གྲངས་ཀྱིས་སྲེག་གི་རླུང་བཀག་པས་གསང་བའི་གནས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ནི་ས་དང་པོའོ། །གསང་བའི་པདྨར་ཐིག་ལེ་བཞི་ཕྱིན་ནས་རྣལ་འབྱོར་དེས་ནི་ས ་གཉིས་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཆགས་པས་བཞུ་བའི་བདེ་བ་དེ་ལ་བརྟེན་ནས། ལྟེ་བར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་སེམས་གཏད་ཅིང་ཡར་འཐེན་ནས་བདེ་བ་འཕེལ་བར་བྱེད་པས ་ནི་ས་བཞི་པ་ཐོབ་པར་འགྱུར་རོ། །ཡང་སྙིང་གར་ཤེས་རབ་ཀྱི་ཆགས་པས་གཞུ་བའི་བདེ་བ་དེ་ལ་སེམས་གཏད་ཅིང་བརྟེན་ནས། སྲོག་གི་གྲངས་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་དམིགས་ཤིང་ཡར་འཐེན་ནས ་བདེ་བ་འཕེལ་བར་བྱས་ཏེ། ཤེས་རབ་ཀྱི་པདྨར་འཕྲོ་བས་ནི་ས་དྲུག་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཡང་མགྲིན་པར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མའི་བདེ་བ་འཕེལ་བར་བྱེད་ཅིང། ཡར་འཐེན་ནས་ཤེས་རབ་ཀྱི་པདྨར་འཕྲོ་བར་བྱེད ་པས་ནི་ས་བརྒྱད་པ་ཐོབ་པར་འགྱུར་རོ། །ཡང་དེ་བཞིན་དུ་དཔྲལ་བར་སྲོག་གི་རླུང་སུམ་སྟོང་དྲུག་བརྒྱའི་སྐད་ཅིག་མ་ལ་སེམས་གཏད་ཅིང། བདེ་བ་འཕེལ་བར་བྱེད་པས་ས་བཅུ་པོ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གཙུག་ཏོར་གྱི་འཁོར་ལོའི་འདབ ་མ་བཞིའི་ཐིག་ལེ་རྣམས་ལ་སེམས་གཏད་ཅིང་སྲོག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རྣམས་ཐམས་ཅད་དེར་འགོག་ཅིང་བདེ་བ་ཐམས་ཅད་དེ་རུ་བསྐྱེད་ཅིང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བདེ་བའི་རོས་རྒྱས་ཤིང་བདེ་བ་འཕེལ ་པར་བྱེད་པས་ནི་ས་བཅུ་གཉིས་པ་ཐོབ་པར་འགྱུར་རོ། །དེ་ནི་འདོམས་ཀྱི་སྤ་བ་སྲུབས་སུ་ནུབ་པ་ཞེས་བྱ་བ་ཡིན་ཏེ། གཙུག་ཏོར་བལྟར་མི་སྣང་བ་ཞེས་པ་ནི། བདེ་བ་ཐམས་ཅད་དེར་བསྐྱེད་ཅིང་དེར་རྒྱས་པས་ན་གཙུག་ཏོར་བལྟར་མི་སྣང ་བ་ཞེས་བྱའོ། །སྟེང་ནས་འབར་བའི་བར་དུ་ནི་ཤེས་པ་ལ་དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཌཌཱ་ནས་ནི་འབར་བའི་བར། །ཐིག་ལེ་བཞི་ནི་བཞུ་བ་ཡིས། །གསང་བར་རབ་ཏུ་འོངས་པ་སྟེ། །བཞི་པ་དེ་བཞིན་སྐྱེད་པ ་ཡིན་ཞེས་རྒྱུད་ལས་འབྱུང་ངོ། །ོཌཌཱ་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོའི་འདབ་མ་བཞི་པའོ། །ནས་ནི་ཞེས་པ་ནི་དཔྲལ་བ་ནས་སྙིང་གར་བརྒྱུད་ཅིང་བདེ་བ་བསྐྱེད་པར་བྱེད་པའོ། །འབར་བའི་བར་ཞེས་པ་ནི་ལྟེ་བའི་ཨ་དམར ་པོ་ལ་བདེ་བ་སྐྱེད་པའོ། །ཐིག་ལེ་བཞི་ཞེས་པ་ནི་ལུས་ཀྱི་ཐིག་ལེ་དང་ངག་གི་ཐིག་ལེ་དང། ཡིད་ཀྱི་ཐིག་ལེ་དང། ཡེ་ཤེས་ཀྱི་ཐིག་ལེ་གནས་པའོ། །བཞུ་བ་ཞེས་པ་ནི་ཤེས་རབ་ཀྱི་ཆགས་པས་བཞུ་བ་ཡིས་པདྨ་ནས་འབར་བས་ལུས ་བཞུ་བ་དང། ངག་བཞུ་བ་དང། ཡིད་བཞུ་བ་དང། ཡེ་ཤེས་བཞུ་བའོ། །ཡིས་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སྙོམས་པར་འཇུག་པའི་དུས་སུ་དམིགས་པའི་ཡུལ་ཁྱད་པར་ཅན་གྱི་རྣལ་འབྱོར་པ་དང། རྣལ་འབྱོར་མ་རྣམས་ཀྱིས ་བསྒོམས་པའི་སྟོབས་ཀྱིས་སོ། །གསང་བའི་ཞེས་པ་ནི་རྩ་གསུམ་འདོམ་པའི་སུམ་མདོར་ཨ་བ་དྷཱུ་ཏཱིའི་རྩེ་མོར་རོ། །འོངས་ཤེས་པ་ནི་སྐུའི་ཐིག་ལེ་འོངས་པས་བདེ་བ་སྐྱེད་པ་དང། གསུང་གི་ཐིག་ལེ་འོངས་པས་བདེ་བ་ཁྱད་པར་ཅན་སྐྱེད ་པ་དང། །ཡིད་ཀྱི་ཐིག་ལེ་འོངས་པས་རྩ་ཐམས་ཅད་རྒྱས་ནས་བདེ་བ་སྐྱེད་པ་དང། ཡེ་ཤེས་ཀྱི་ཐིག་ལེ་འོངས་ནས་ལུས་ཐམས་ཅད་བདེ་བར་བྱེད་ཅིང་བ་སྤུའི་གསེབ་ཐམས ་ཅད་སིམ་པར་བྱེད་ཅིང་བདེ་བ་སྐྱེད་པའོ། །བཞི་པ་ཞེས་པ་ནི་སེམས་གང་དུ་ཡང་མི་གཡོ་བའི་ཏིང་ངེ་འཛིན་བྱ་བཙལ་ཐམས་ཅད་དང་བྲལ་བའི་སེམས་གཉུག་མར་གནས་པ་ཤེས་པ་གང་གིས་ཀྱང་མ་བཅོས་པ། རྐྱེན་དང་མ་ཕྲད་པ། ་གསལ་བར་གནས་པ་དེ་ནི་དཔེའི་བཞི་པས་མཚོན་པའི་ཡང་དག་པའི་བཞི་པ་སྟེ། སངས་རྒྱས་ཉག་ཅིག་གི་སྤྱོད་ཡུལ་དུ་གྱུར་པའོ། །རྣལ་འབྱོར་པ་རྣམས་ནི་དཔེས་མཚོན་ནས་བཞི་པ་རྙེད་པའོ། །དེ་བཞིན་ཞེས་པ་ནི་རྣལ་འབྱོར་པ ་བླ་མའི་མན་ངག་རྙེད་པ་རྣམས་ནི་གྲོང་བའི་རྒྱུར་འགྱུར་ཞིང་ཏིང་ངེ་འཛིན་བརྟན་པར་འགྱུར་རོ། །བླ་མའི་མན་ངག་གིས་མ་ཟིན་པ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱུར་མི་འགྱུར་ལ། དུག་གསུམ་སླར་བསྐྱེད་དེ་ངན་སོང་དུ་ལྟུང་ཞིང་འཁོར་བའི་རྒྱུ ་བསགས་ནས་འབྲས་བུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ལ་ལོངས་སྤྱོད་པས་གྲོལ་བའི་རྒྱུར་འགྱུར་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་ན་ནི། དུད་འགྲོའི་རིགས ་ཁྱི་དང། ཕག་དང། བོང་བུ་ལ་སོགས་པ་དང། འཕྱོན་མ་རྣམས་ཀྱིས་ཀྱང་འདོད་ཆགས་ལ་ལོངས་སྤྱོད་པས་གྲོལ་ནས་བྱང་ཆུབ་ཐོབ་ཅིང་སངས་རྒྱས་པར་རིགས་ཏེ། དེ་རྣམས་ཀྱི་ནི་གྲོལ་བའི་རྒྱུར་མི་འགྱུར་ཏེ་འཆིང་བའི་རྒྱུར་འགྱུར ་ཞིང། འབྲས་བུ་སེམས་ཅན་དམྱལ་བར་ལྟུང་ཞིང་སྲེག་པ་དང། འཚེད་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེས་ན་བླ་མའི་གདམ་ངག་གལ་ཤིན་ཏུ་ཡང་ཆེ་སྟེ་བཙལ་བར་བྱའོ། །ཡང་འདི་སྐད་ཅེས་འབྱུང་སྟེ། སློབ་དཔོན་གྱིས ་ནི་སྡུག་བསྔལ་གྱི། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ། །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མར་དབུལ། །དེས་ན་བླ་མ་མཉེས་བྱ་སྟེ། ཞེས་འབྱུང་ངོ། །བསྐྱེད་པ་ཞེས་པ་ནི་བླ་མའི་མན་ངག་ཇི་ལྟ་བ་བཞིན་དུ་གཏུམ་མོའི ་མེའི་རྣམ་པ་གསང་བའི་དཀྱིལ་འཁོར་ནས་བསྐྱེས་ནས་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། དབང་པོ་དང། ལས་ཀྱི་དབང་པོ་དང། ལས་ཀྱི་དབང་པོའི་བྱ་བ་སྟེ། །དྲུག་དྲུག་སུམ་ཅུ་རྩ་དྲུག་ལ་སོགས་པ་ལུས་དང། ངག་དང། ་ཡིད་དང། ཡེ་ཤེས་ཀྱི་རང་བཞིན་དུ་མིང་དུ་བཏགས་པ་ཐམས་ཅད་ཤེས་རབ་ཀྱི་ཆགས་པས་སྤྲོས་པའི་མེས་སྲེགས་པས་ན་བསྐྱེད་པའོ། །ཡིས་ཞེས་པ་ནི་རྣལ་འབྱོར་པ་དང། རྣལ་འབྱོར་མ་རྣམས་ཀྱིས་གྱིས་ཤིག་དང། ་ཏིང་ངེ་འཛིན་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འབྱུང་ཞེས་པ་ནི་དགའ་བའི་དགའ་བ་དང། དགའ་བའི་མཆོག་གི་དགའ་བ་དང། དགའ་བའི་སྣ་ཚོགས་དགའ་བ་དང། དགའ་བའི་ལྷན་ཅིག་སྐྱེས་བའི་དགའ་བ་ནི་ལོངས་སྤྱོད ་ཀྱི་འཁོར་ལོར་ཡོངས་སུ་རྫོགས་པའོ། །དེའི་གཉེན་པོ་འབྱུང་བ་ནི་སྐུའི་སྐུ་དང། སྐུའི་གསུང་དང། སྐུའི་ཐུགས་དང། སྐུའི་ཡེ་ཤེས་རྣམས་སོ། །མཆོག་གི་དགའ་བ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ནས་སྙིང་ག་ཆོས་ཀྱི་འཁོར ་ལོའི་བར་དུ་མཆོག་གི་དགའ་བའི་དགའ་བ་དང། མཆོག་གི་དགའ་བའི་མཆོག་དགའ་དང། མཆོག་གི་སྣ་ཚོགས་དགའ་བ་དང། མཆོག་གི་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ནི་དེར་བདེ་བ་བསྐྱེད་པའོ། །དེའི་གཉེན་པོ་ནི་གསུང་གི་སྐུ ་དང། གསུང་གི་གསུང་དང། གསུང་གི་ཐུགས་དང། གསུང་གི་ཡེ་ཤེས་རྣམས་སོ། །ཆོས་ཀྱི་འཁོར་ལོ་ནས་སྤྲུལ་པའི་འཁོར་ལོའི་ལྟེ་བར་ནི་སྣ་ཚོགས་དགའ་བའི་དགའ་བ་དང། སྣ་ཚོགས་དགའ་བའི་མཆོག་དགའ་དང། སྣ་ཚོགས ་དགའ་བའི་དགའ་བྲལ་དང། སྣ་ཚོགས་དགའ་བའི་ལྷན་ཅིག་སྐྱེས་པའི་དགའ་བས་བདེ་བ་བསྐྱེད་པའོ། །དེའི་གཉེན་པོ་ནི་ཐུགས་ཀྱི་སྐུ་དང། ཐུགས་ཀྱི་གསུང་དང། ཐུགས་ཀྱི་ཐུགས་དང། ཐུགས་ཀྱི་ཡེ་ཤེས་རྣམས་སོ། །ལྟེ་བ་ནས་རྡོ་རྗེ་ནོར་བུའི་རྩེ་མོར་ནི ་ལྷན་ཅིག་སྐྱེས་པའི་དགའ་བའི་དགའ་བ་དང། ལྷན་ཅིག་སྐྱེས་པའི་མཆོག་དགའ་དང། ལྷན་ཅིག་སྐྱེས་པའི་སྣ་ཚོགས་དགའ་བ་དང། ལྷན་ཅིག་སྐྱེས་པའི་དགའ་བས་བདེ་བ་སྐྱེས་པའོ། །དེའི་གཉེན་པོ་ནི་ཡེ་ཤེས་ཀྱི་སྐུ་དང། ཡེ ་ཤེས་ཀྱི་གསུང་དང། ཡེ་ཤེས་ཀྱི་ཐུགས་དང། ཡེ་ཤེས་ཀྱི་ཡེ་ཤེས་རྣམས་སོ། །དང་ནི་ཞེས་པ་ནི་གཙུག་ཏོར་གྱི་འཁོར་ལོ་ནས་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་རང་བཞིན། ས་དང། ཆུ་དང། མེ་དང། རླུང་བཞིས ་བསྐྱེད་པའི་ཐིག་ལེ་བཞི་དྲ་བའི་ནང་ནས་འོག་ཏུ་རྩ་བཞིན་མར་ལ་འབབ་པར་འགྱུར་བའོ། །ཡང་གི་སྒྲས་ནི་དགའ་བ་རེ་རེ་ལ་ཡང། དགའ་བ་བཅུ་དྲུག་བཅུ་དྲུག་འབྱུང་བ་ནི་འཁོར་ལོ་དྲུག་གི་རྩ་རྣམས་གཙོ་བོར་བྱས་ནས་རྩ ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང། བ་སྤུའི་བུ་ག་དང། སོ་དང། སོན་མོ་དང། སྐྲའི་གནས་ཐམས་ཅད་ལ་ཡང་དགའ་བ་རེ་རེ་སྐྱེས་པས་ཀྱང་དེ་དག་ཐམས་ཅད་དུ་ལོངས་སྤྱོད་ཅིང་བདེ་བ་བསྐྱེད་ཅེས་བྱ་བའི་དོན་ཏོ། །མི ་འཕོ་ཞེས་པ་ནི་རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཕྱིར་ལོག་པའི་བདེ་བ་མི་འབབ་པ་ནི་ལྷན་ཅིག་སྐྱེས་པའི་མི་འཕོ་བ་ཞེས་བརྗོད་དོ། །དེ་ལྟར་འཁོར་ལོ་དྲུག་ཏུ་ལོངས་སྤྱོད་ཅིང་བདེ་བ་དེ་ལ་མི་ཆགས་ཤིང་མི་ཞེན་པའི། སྡོམ་བརྩོན་རྣམས་ནི་དགེ་སློང་རྡོ ་རྗེ་འཛིན་པ་ལ་སོགས་པས་བརྟུལ་ཞུགས་འདི་འཛིན་བསྒྲུབ་པར་བྱའོ། །སྡོམ་བརྩོན་བཤད་ཟིན་ཏོ། །ཐབས་དང་ཤེས་རབ་གཉིས་དག་ནི། གཉིས་སུ་མེད་པས་སྙོམས་འཇུག་པས། །བདེ་བ་འཕེལ་བར་ཞེས་པ་ནི་ལུས་ཀྱི་བདེ་བ་དང། ངག་གི་བདེ ་བ་དང། སེམས་ཀྱི་བདེ་བ་དང། ཡེ་ཤེས་ཀྱི་བདེ་བའི་ཐིག་ལེའི་གཟུགས་ཀྱིས་དཔྲལ་བ་ནས་འོངས་པ་བདེ་བ་དེ་ཉམས་སུ་མྱོང་བ་དང། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །རབ་ཏུ་བྱ་ཞེས་པ་ནི་སྟེང་དུ་བཟློག་པས་འགྲོ་བའོ། །བླ་མའི་ངེས ་པའི་གདམས་ངག་གི་དབང་གིས་ཞེས་པ་ནི་སྔར་བརྗོད་པའི་སྲོག་གི་རླུང་བཀག་པ་ལས་མཆོག་ཏུ་དགའ་བ་དང། ལྷན་ཅིག་སྐྱེས་དབུས་ཞེས་པ་ནི་ལུས་ཐམས་ཅད་ལ་བེར་བ་ལངས་པ་འམ། བཤང་བའི་ལམ་གཡའ་བ་འམ། ཤེས ་རབ་ཐམས་ཅད་རྨོངས་པ་འམ། མྱོས་པའི་དུས་དེར་ནི་ལྟེ་བར་བདེ་བ་སྐྱེས་པའོ། །རྨི་ལམ་དང་ནི་བརྒྱལ་བའི་མཚམས་ཤེས་པ་ནི་གཉིད་ལོག་པ་དང། བརྒྱལ་བ་ལྟ་བུའི་བདེ་བ་སྐྱེས་པ་ནི་སྙིང་ཁར་བདེ་བ་བསྐྱེས་པའོ། །ཡེ་ཤེས་དང ་ནི་རྣམ་ཤེས་དབུས་སུ་ཡང་ཞེས་པ་ནི་མགྲིན་པར་བདེ་བ་སྐྱེས་པའོ། །རྣལ་འབྱོར་པ་རྣམས་དཔྲལ་བའི་བར་དུ་བདེ་བ་སྐྱེས་པར་བྱེད་པ་ནི་འདིར་ནི་ངོ་མཚར་གཞན་མེད། །དེ་བཞིན་དུ་ཡང་བརྗོད་པ། ཉོན་མོངས་བདུད་རྣམས་བཅོམ་ནས ་ནི། །རྒྱལ་བའི་བདག་པོ་རྣམས་འཇུག་ནི། གཡོན་དང་གཡས་སུ་སོང་བ་ཡི། །སྲོག་རྣམས་དབང་དུ་བཀག་ནས་ནི། །སྟོང་ཉིད་སྐུ་ལ་ཡེ་ཤེས་རབ་འཇུག་པ། ། བ་དྷཱུ་ཏཱིར་བཙུད་ནས་དེ་བདེ་བ། །རྣལ་འབྱོར་རྣམས་ཀྱི་མཆོག་གི ་འཁོར་ལོའི་སྦྱོར་བས་སོ། །དེ་ནས་རྣལ་འབྱོར་པས་བུམ་པ་ཅན་གྱིས་བདེ་བ་ཆེན་པོའི་སྐད་ཅིག་མའི་བདེ་བ་སྐྱེད་ཅིང་དམིགས་པ་དང། དེ་ནས་བདེ་བ་འཕེལ་བར་ཡང་ནས་ཡང་དུ་རྣལ་འབྱོར་པ་འམ། རྣལ་འབྱོར་མ་རྣམས་ཀྱིས ་བྱ་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་བཀའ་ཨི་དོན་ཡང་དེ་ཡིན་ཨ། དཔལ་མཆོག་གི་དང་པོའི་འགྲེལ་པ་དྲི་མ་མེད་པའི་འོད་དུ་ཡང་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་ཀྱང་དེ་སྐད་བཤད་དོ། །བཅོམ་ལྡན་འདས་ཀྱི་བཀའ་ནི ་ཐོག་མར་ཡང་དགེ་བའོ། །བར་དུ་ཡང་དགེ་བའོ། །ཐ་མར་ཡང་དགེ་བའོ། །ཐོག་མར་ཡང་དགེ་བ་ཞེས་པ་གཞོམ་དུ་མེད་པ་དང། ཀུན་གཞི་རྣམ་པར་ཤེས་པ་གཉིས་ལྷན་ཅིག་ཏུ་མཉམ་དུ་བུད་མེད་རྣམས་ཀྱི་སྐྱེ་གནས་སུ ་ཞུགས་པས་ན་ལྷན་ཅིག་སྐྱེས་པའོ། །དེ་ནི་ཐོག་མར་ཡང་དགེ་བའོ། །བར་དུ་ཡང་དགེ་ཞེས་པ་ནི་ཇི་སྲིད་གནས་པ་དེ་སྲིད་དུ་ཀུན་གཞི་རྣམ་པར་ཤེས་པ་དང། བདེ་བ་གཉིས་མཉམ་དུ་གནས་ཤིང་མི་ཕྱེད་པས་ན་ལྷན་ཅིག ་སྐྱེས་པར་བརྗོད་དེ། དེ་ནི་བར་དུ་ཡང་དགེ་བའོ། །ཐ་མར་ཡང་དགེ་བ་ཞེས་པ་ནི་རྣལ་འབྱོར་པ་རྣམས་འཆི་བའི་དུས་ཀྱི་ཚེ་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་དང། དོན་དམ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པ་གཉིས་ལྷན ་ཅིག་འགྲོགས་ནས་རྩ་དབུས་མ་ནས་ཡར་ཞུགས་ནས་ཚངས་པའི་བུ་ག་ནས་ཕྱིར་རྡོ་རྗེ་སེམས་དཔར་བསམ་ཞིང་དེས་དབང་བསྐུར་ན་ཆོས་ཀྱི་སྐུར་གྱུར་པ་ཡང་ལྷན་ཅིག་སྐྱེས་པའོ། །དེ་ནི་ཐ་མར་ཡང་དགེ་བའོ། །དེས་ན ་བཅོམ་ལྡན་འདས་ཀྱི་བཀའ་ལ་སྤྱད་པར་གྱིས་ཤིག་པའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཨ་བ་བྷཱུ་ཏཱི་བདག་གིས་ནི། །རྒྱལ་འགྲེལ་དྲི་མ་མེད་པ་ལ་བརྟེན་ནས། །སྦས་པའི་མིག་འབྱེད་འགྲེལ་པ་འདི ་བྱས་པས། །འགྲོ་བ་དམུས་ལོང་མིག་དང་ལྡན་པར་ཤོག་།མིག་ལྡན་ས་ཐོབ་བཅུ་དྲུག་བདེ་ལྡན་ཤོག་།ས་ཐོབ་ཆོས་དང་ལོངས་སྤྱོད་སྐུ་ཐོབ་ཤོག་།བསོད་ནམས་དྲི་མེད་བདག་གིས་གང་ཐོབ་དེས། །བདག་ཉིད་མི་འགྱུར་ཏིང་འཛིན་ཐོབ ་པར་ཤོག་།སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ། སྦས་པའི་མིག་འབྱེད་ཅེས་བྱ་བ། སློབ་དཔོན་ཨ་བ་དྷཱུ་ཏཱི་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་ཟླ་བ་གྲགས་པས་བསྐྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པའོ། (།སྦྱོར་བ་ཡན་ལག་དྲུག་གི་མན་ངག་བཞུགས།།)་།།*། །རྒྱ་གར་སྐད་དུ། ཥཊངྒ་ཡོ་གོ་པ་དེ་ཤཱ། བོད་སྐད་དུ། ཡན་ལག་དྲུག་གི་སྦྱོར་བའི་མན་ངག། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། ། ་