CLOSE WINDOW

N872: dus kyi 'khor lo'i man ngag
Wyliee-texts based on the ACIP/ALL Input

ཕབ་པའོ།། །།དུས་ཀྱི་འཁོར་ལོའི་མན་ངག་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཀཱ་ལ་ཙ་ཀྲོ་པ་དེ་ཤ་།བོད་སྐད་དུ། དུས་ཀྱི་འཁོར་ལོའི་མན་ངག་།བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག ་འཚལ་ལོ། །མཁའ་ལ་ཀུན་ཞེན་སེམས་ཀྱི་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་ཞུགས་པས། །སྟོང་ལས་དུ་བ་སྨིག་རྒྱུ་མཁའ་སྣང་དྲི་མེད་གསལ་དང་མར་མེ་དང། །འབར་བ་ཟླ་བ་ཉི་མ་རྡོ་རྗེ་ཆེ་མཆོག་ཐིག་ལེ་མཐོང་བའོ། །དེ་དབུས ་སངས་རྒྱས་སྐུ་ནི་ཡུལ་བྲལ་དུ་མ་ལོངས་སྤྱོད་རྫོགས་སྐུའོ། །ཆུ་འཛིན་དང་བྲལ་མཁའ་ལ་བརྟན་ལྟ་རྣལ་འབྱོར་པས་ནི་སྣང་བར་བྱ། ཇི་སྲིད་དུས་ཀྱི་རྩ་ལ་རི་མོ་ནག་འོད་དྲི་མེད་འཕྲོ་མཐོང་བ། །དེ་ལ་ཀུན་མཁྱེན་སྐུ་ནི་རྙོག་མེད་སྣ་ཚོགས་ཁ ་དོག་ཆུ་ཉི་མཚུངས། །རྣམ་ཀུན་རང་གི་སེམས་དེ་ཡུལ་དང་རྣམ་བྲལ་གཞན་གྱི་སེམས་ཉིད་མིན། །སྐུ་མཐོང་བ་ན་ཉི་མ་རེ་རེ་དུས་སུ་སྲོག་གི་རླུང་འགོག་བྱེད། །ཇི་ལྟར་རང་ལུས་འོད་ཟེར་འཁོར་ལོ་འཁོར་བཞིན་པ་ཡིས ་སྐོར་མཐོང་བས། །སྡོམ་བརྩོན་རྣམས་ཀྱིས་ཟླ་དྲུག་རེག་སྤངས་ལམ་སེམས་ཞི་བའི་བདེ་བར་འགྲོ་།ཆགས་དང་ཆགས་བྲལ་མཛའ་ཐོག་སྐད་ཅིག་ལ་ནི་ཁྱབ་བདག་དབུགས་གྲངས་འཕེལ། །མགོ་དྲ་ནང་གི་དགའ་བྲལ་ལྷན་སྐྱེས་ཡེ ་ཤེས་རྣམ་ཤེས་དག་དབུས་སུ། །གཉིད་ལོག་དུས་སུ་རྡོ་རྗེ་པདྨ་དག་གིས་གཉིས་གཉིས་སྦྱོར་བ་དེ་གང། །དེ་ཡི་འཕེལ་བྱེད་བླ་མའི་བཀའ་ཡི་དབང་གིས་འཕེལ་ལ་འདི་མཚར་མེད། །རྣལ་འབྱོར་པ་བཟང་ལོ་སྦྱོར་རྒྱལ་བདག་ལ་འཇུག ་བདུད་དང་ཉོན་མོངས་འཇོམས། །ད་ནི་སེམས་འོད་བསལ་བ་ལ་འཇུག་པའི་ཕྱིར། །མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་དང། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་རྣལ་འབྱོར་རྣམ་པ་གཉིས་ལ་བསླབ ་པར་བྱ་སྟེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པར་བྱའོ། །གང་ནམ་མཁའ་ཨི་རྣལ་འབྱོར་ལ་སློབ་པ་དེ་མཚན་མོ་མུན་པ་ལ་ནམ་མཁའ་ལ་ཀུན་ཏུ་ཞེན་པའི་སེམས་ཀྱི་དུ་བ་སོགས་པའི་མཚན་མ་མཐོང་ངོ། །མིག་མི་འཛུམས ་ཤིང་རྡོ་རྗེ་ལམ་ཞུགས་པས་ཞེས་བྱ་བ་ནི་དབུ་མར་སྲོག་གི་རླུང་ཞུགས་པའོ། །སྟོང་ལས་ཞེས་བྱ་བ་ནི་ནམ་མཁའ་ལ་ཀུན་ཏུ་ཞེན་པའི་སེམས་དང་མིག་མི་འཛུམས་པ་དང་རྡོ་རྗེའི་ལམ་དུ་ཞུགས་པས་སྟོང་པ་ལས་དུ་བ་དང་སྨིག་རྒྱུ ་དང་མཁའ་སྣང་དྲི་མ་མེད་པ་གསལ་བ་དང་དེ་བཞིན་དུ་མར་མེ་ནི་མཚན་མོའི་སྦྱོར་བས་མཐོང་ངོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་མཐོང་ངོ། །དེ་ནས་ཡང་ནམ་མཁའ་ལ་ཉིན་མོའི་སྦྱོར་བ་ནི། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས ་གསུངས་ཏེ། སྤྲིན་མེད་པའི་ནམ་མཁའ་ལ་འབར་བ་མཐོང་བའོ། །རྣམ་པར་སྣང་མཛད་འོད་ཆེན་པོ། །ཡེ་ཤེས་འོད་ཟེར་ལྷང་དེ་བ། ཞེས་པ་ནི་ཟླ་བར་སྣང་བའོ། །འགྲོ་པའི་མར་མེ་ཞེས་པ་ནི་ཉི་མར་སྣང་བའོ། །ཡེ་ཤེས་སྒྲོན་མ་ཞེས་བྱ་བ་ནི་སྒྲ་གཅན་དུ ་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་བྱ་བ་ནི་གློག་སྟེ་ཆ་དམ་པའོ། །རིག་པའི་རྒྱལ་པོ་སྔགས་མཆོག་མཚོ་ཞེས་བྱ་བ་ནི་ཐིག་ལེར་མཐོང་བའོ། །དེ་ལྟར་མཚན་མ་བཅུ་འདུས་པ་ལ་སོགས་པར་མཚན་མོའི་སྦྱོར་བ་གསུངས་ཤིང། ་མཚན་ཡང་དག་པར་བརྗོད་པར་ཉིན་མོའི་སྦྱོར་བ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་པ་ནི་བུམ་པ་དང་རས་ལ་སོགས་པ་རྣམ་པ་ཐམས་ཅད་སྐུར་མཐོང་བའོ། །དེ་དབུས་ཞེས་བྱ་བ་ནི་ཐིག་ལེའི་དབུས་སུ ་སངས་རྒྱས་ཀྱི་སྐུ་ཡུལ་དང་བྲལ་བ་རྫས་མེད་ཅིང་རྟོགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་མཐོང་བའོ། །དེ་ནས་སྐུའི་སྦྱོར་བས་མི་ཤིགས་པའི་སྒྲ་ཉིད་ཐོས་སོ། །དེ་ལྟར་སྤྲུལ་པའི་སྐུ་ནི་གཟུགས་སུ་སྣང་བའོ། །ལོངས་སྤྱོད་རྫོགས་སྐུ་ནི་སྒྲར་སྣང ་བའི་དོན་ཏོ། །འདིར་ཉི་མའི་སྦྱོར་བ་ནི་ཆུ་འཛིན་དང་བྲལ་བའི་ནམ་མཁའ་བརྟན་པར་ལྟ་བའི་རྣལ་འབྱོར་པས་སྣང་བར་བྱ་སྟེ། སྔ་དྲོ་དང་ཕྱི་དྲོའི་ཉི་མ་ལ་རྒྱབ་བསྟན་པར་བྱའོ། །གཞན་དུ་ནི་ཉི་མའི་འོད་ཟེར་རྣམས་ཀྱིས་རབ་རིབ་ཏུ་འགྱུར ་ཏེ། དེས་གནོད་པའི་ཕྱིར་རོ། །དེ་ལྟར་ཉི་མ་རེ་རེ་ལ་བསླབ་པར་བྱ་ཞིང་སྣང་བར་བྱའོ། །ཇི་སྲིད་དུས་ཀྱི་རྩ་ཨ་པ་དྷཱུ་ཏིའི་ནང་དུ་ཆུད་པའི་ཐིག་ལེའི་དབུས་སུ་རི་མོ་ནག་པོ་སྒྲའི་ཚད་ཙམ་གྱི་འོད་ཟེར་དྲི་མ་མེད་པ་འཕྲོ་བ་མཐོང་བའི་བར ་དུའོ། །དེ་ལ་ཀུན་མཁྱེན་སྐུ་ཞེས་པ་ནི་ཁམས་གསུམ་མ་ལུས་པ་རྙོག་པ་མེད་པའི་ཆུའི་ནང་གི་ཉི་མ་ལྟ་བུ་མདོག་སྣ་ཚོགས་པ་ཀུན་རང་གི་སེམས་ཡུལ་དང་རྣམ་པར་བྲལ་བ་དེ་ཉིད་གཞན་གྱི་སེམས་མི་ཤེས་པའི་ཕྱིར་གཞན་གྱི་སེམས ་མ་ཡིན་པའོ། །འདིར་དང་པོ་རང་གི་སེམས་སྣང་བ་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་ཡང་དག་པར་མཐོང་བའོ། །ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་མཐོང་བའོ། །བཅོམ་ལྡན་འདས ་ཀྱིས་སྤྱན་ལྔ་པོ་དེ་དག་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་སོ། །དེ་ལྟར་རིམ་པ་བཞིན་ཤའི་སྤྱན་དང། ལྷའི་སྤྱན་དང། སངས་རྒྱས་ཀྱི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་རྣམས་བསྒོམས་པའི་སྟོབས་ཀྱིས་འབྱུང་བར ་འགྱུར་རོ། །དེ་ནས་མ་གཟིགས་པས་ཅི་ཡང་མི་མངའ་བའི་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའི་ཕྱིར་སྐུ་མཐོང་བས་ཉི་མ་རེ་རེའི་དུས་སུ་སྲོག་གི་རླུང་འགག་པ་བུམ་པ་ཅན་གྱི་སྦྱོར་བ་བྱའོ། །ཇི་སྲིད་རང་ལུས་འོད་ཟེར་འཁོར་ལོ་འཁོར་བཞིན ་པ་ཡིས་སྐོར་བ་མཐོང་བ་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་སྐུའི་ནང་དུ་མཐོང་བའོ། །སྡོམ་བརྩོན་རྣམས་ཞེས་བྱ་བ་ནི་ལས་དང་པོ་པ་ཚངས་པར་སྤྱོད་པ་རྣམས་སོ། །ཟླ་བ་དྲུག་ཏུ་རེག་སྤངས་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བ་སྤངས་པའོ།། ་ལས་ཀྱི་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུའི་སེམས་སོ། །ཞི་བའི་བདེ་བར་འགྲོ་ཞེས་བྱ་བ་ནི་མི་ཟད་པའི་བདེ་བ་ཐོབ་པའོ། །ཆགས་དང་ཞེས་བྱ་བ་ནི་དཀར་པོའི་ཕྱོགས། །དེའི་མཐར་སོང་བ་ཞེས་བྱ་བ་ནི་བཅུ་དྲུག་པའི་ཆའི་མཚན་ཉིད་དོ།། ་དེ་ནས་ཆགས་བྲལ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་སོ། །དེའི་ཐོག་མ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པའོ། །སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེའི་སྐད་ཅིག་གོ་།དབུགས་གྲངས་འཕེལ ་ཞེས་བྱ་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་ནས་འཕེལ་ལོ། །བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གི་སྲོག་གི་དབུགས་དགུ་བརྒྱ་དགུ་བརྒྱའི་གྲངས་བཀག་ཅིང་སྤངས་པ་དེས་ནི་ས་གཉིས་གཉིས ་ཐོབ་པར་འགྱུར་རོ། །དེ་ལྟར་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་བཞི་དང་དྲུག་དང་བརྒྱད་དང་བཅུས་ས་རྣམས་ཐོབ་པར་འགྱུར་རོ། །གཙུག་ཏོར་དུ་སྲོག་ཐམས་ཅད་ཟད་པས་ས་བཅུ་གཉིས་འཐོབ་པར་འགྱུར་རོ། །དེ་ནས་མགོ་ལ་དྲ་བའི ་ནང་ནས་གསང་བར་འོངས་པ་ནི་དགའ་བ་དང་ལྷན་ཅིག་སྐྱེས་པ་དག་གི་དབུ་མའི། །དེ་ལྟར་ནི་གཉིད་ལོག་པའི་དུས་སུའོ། །སྙིང་གར་ནི་ཡེ་ཤེས་དབུ་མའོ། །མགྲིན་པར་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་རང་བཞིན་གྱིས་སོ། ། ་གང་དཔྲལ་བ་ནས་འོངས་པ་ནི་གཉིས་ཀྱི་སྦྱོར་བའི་བདེ་བའོ། །དེའི་བདེ་བ་ནི་བླ་མའི་བཀའ་ཨི་དབང་གིས་ཁུ་པའི་བདེ་བ་གྱེན་དུ་འགྲོ་བར་བྱེད་དོ། །སྔོན་དུ་གསུངས་པའི་སྲོག་འགོག་པ་དཔྲལ་བའི་བར་དུ་འཕེལ་བའི་བར་དུ་འཕེལ་བ་ལ་ངོ་མཚར ་མེད་དོ། །དེ་ལྟར་ཉོན་མོངས་པ་དང། བདུད་བཅོམ་ནས་རྒྱལ་བའི་བདག་པོ་ལ་སྟེ་རྣལ་འབྱོར་བཟང་པོ་ཨ་བ་དྷཱུ་ཏཱི་གནས་པས་ལོ་གཅིག་གི་སྦྱོར་བས་གཡོན་དང་གཡས་སུ་ཆུད་པའི་སྲོག་རྣམས་བསད་ནས་རྒྱལ་བའི་བདག་པོ་སྟོང་པ་ཉིད ་ཀྱི་སྐུ་ལ་འཇུག་གོ་།དེའི་ཕྱིར་བུམ་པ་ཅན་གྱི་སྦྱོར་བས་བདེ་བ་ཆེན་པོའི་སྐད་ཅིག་བསྐྱེད་བདེ་བ་འཕེལ་བར་ངེས་པའོ། །དུས་ཀྱི་འཁོར་ལོའི་མན་ངག་སློབ་དཔོན་དུས་འཁོར་ཞབས་ཆེན་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི ་མཁན་པོ་བུདྡྷ་ཀ་ར་བྷ་དྲ་དང། ལོ་ཙཱ་བ་གྱི་ཅོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། །།སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཥ་ཌངྒ་ཡོ་ག་ནཱ་མ། བོད་སྐད་དུ། སྦྱོར་བ ་