| Wylie | e-texts based on the ACIP/ALL Input |
པཎྜི་ཏ་ཆེན་པོ་བུདྡྷཱ་ཤྲཱི་ཛྙཱ་ན་དང། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །*། །རྒྱ་གར་སྐད་དུ། ཤྲཱི་ཀ་ལ་ཙཀྲ་རི་ཊི་ཏི་ས་ཧ་ཛ་སཱ་དྷ་ནཾ་ནཱ་མ་ནི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས ་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཞེས་བྱ་བ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། །རྣམ་པ་དང་བཅས་རྣམ་པ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་ངེས་རབ་ཏུ་འཁྱུད། སྐྱེ་འཇིག་རྣམ་པར་སྤངས་པའི་མི་འགྱུར ་བདེ་ལ་བགོད་པ་ལ་སོགས་རྣམས་དང་བྲལ་བ་ཡི། །སངས་རྒྱས་རྣམས་ནི་སྐྱེད་པར་མཛད་པའི་སྐུ་གསུམ་དང་བཅས་དུས་གསུམ་ཡང་དག་མཁྱེན་པ་པོ། །ཐམས་ཅད་མཁྱེན་པ་དང་པོ་མཆོག་གི་སངས་རྒྱས་གཉིས་མེད་དེ་ལ ་ཕྱག་འཚལ་ལོ། །དང་པོ་སྐད་ཅིག་གཅིག་གིས་སྟོང་པ་ལ་གནས་ཕྱི་ནས་དེ་བཞིན་སྐད་ཅིག་གིས་སྐྱེད་པ། །སྣ་ཚོགས་ཆུ་སྐྱེས་ཟླ་བ་ཉི་མ་སྒྲ་གཅན་རྣམས་ཀྱི་དཀྱིལ་འཁོར་ལ་གནས་དབང་ཕྱུག་དང། །འདོད་ལྷ་ངག་གི ་སྙིང་གར་གཡས་བརྒྱང་ཤིན་ཏུ་སྔོ་བ་རྡོ་རྗེ་དྲིལ་བུ་དང་ལྡན་ཕྱག་གཉིས་ཀྱི། །སྣ་ཚོགས་ཡུམ་གྱི་སྐུ་ལ་ཡང་དག་འཁྱུད་པའི་དཔལ་ལྡན་མངའ་བདག་དུས་འཁོར་ལོ། །སྤྲིན་ནག་ལྟ་བུའི་རལ་པའི་ཚོགས་ལ་ཧ་མ་ལ་མཚུངས ་མི་སྐྱོད་པ་ལ་སོགས་པས་སྤྲས། །ཕྱག་རྒྱ་དྲུག་གིས་ཀྱང་ནི་རབ་སྤྲས་ཐོད་བ་དཀར་བའི་ཕྲེང་བས་བཅིངས་པ་གང། །མི་མགོའི་དོ་ཤལ་སྤྱན་གསུམ་གསེར་མཚུངས་སྐུ་མངའ་གྲི་གུག་པར་སྣོད་དང་ལྡན་ཕྱག ་གཉིས་མ། །དཔལ་ལྡན་སྣ་ཚོགས་ཡུམ་དང་གཉིས་མེད་བདེ་བ་ཆེན་པོའི་རང་བཞིན་ལ་སོགས་བསྒོམ་པར་བྱ། །དེ་ནས་ཁམས་གསུམ་རང་དང་མཚུངས་པར་ལྡན་པ་དེ་རྣམས་མ་ལུས་ལྷ་མོའི་སྐུ་ལ་གཞུག་།དེ་ཡང་རང་ལ་རང་ལུས ་གདན་དང་བཅས་པ་ཉི་མ་ལ་སྟེ་ཉི་མ་ཧཱུཾ་ལའོ། །ུ་ནི་ཧཾ་ལ་དེ་ཡང་མགོ་བོ་ལ་སྟེ་དེ་ཉིད་ཟླ་བ་ཕྱེད་པ་ཉིད་ལའོ། །ཟླ་ཕྱེད་ཐིག་ལེ་དེ་ཉིད་ནཱ་ད་དེ་བཞིན་ནམ་མཁའ་ཁ་རླངས་མེ་ལོང་ལ་ཕོག་མཚུངས། །དེ་ལྟར་འོད་གསལ་ཞུགས་ནས་སླར ་ཡང་སྔ་མ་དང་མཚུངས་གཟུགས་སུ་དྲན་པར་བྱས་པ་དང། །སྤྲུལ་པ་སྣ་ཚོགས་ཁམས་གསུམ་རྣམས་སུ་ནམ་མཁའ་ཁྱབ་པར་སྐད་ཅིག་གིས་ནི་སྤྲོ་བར་བྱ། །དེ་ལྟར་ཡང་ནི་དེ་བཞིན་བསྡུ་ཞིང་ཡང་ནི་དེ་ལྟར་བསྐྱེད་ཅིང་སྤྲོ་བ་དེ་བཞིན་དུ།། ་མཉམ་པར་བཞག་པའི་ཟུང་འཇུག་ལམ་འདི་ཡིས་ནི་སངས་རྒྱས་ཞབས་ལ་ཡང་དག་འགྲོ་བར་འགྱུར། །དཔལ་ལྡན་དུས་འཁོར་སྒྲུབ་པའི་ཐབས། །གང་བྱས་པ་ཡིས་བསོད་ནམས་འདིས། །འཇིག་རྟེན་པ་རྣམས་ལྷན་སྐྱེས ་ཀྱི། །གཉིས་མེད་རང་བཞིན་ཞབས་ཐོབ་ཤོག། །།དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པ་ཞེས་བྱ་བ། །སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ། རྫོགས་སོ།། །།པཎྚི་ཏ་བཱ་གཱི་ཤྭ་ར ་དང། ལོ་ཙཱ་བ་ཆོས་རབ་ཀྱིས་བསྒྱུར་བའོ།། (།།སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེས་མཛད་པ་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། ཥ་ཌཱཾ་གཡོ་ག་ནཱ་མ། བོད་སྐད་དུ། ་