| Wylie | e-texts based on the ACIP/ALL Input |
ལོའི་དཀྱིལ་འཁོར་ཆོ་ག་བཞུགས་སོ།།)་།།*།། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་མཎྜལ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆོ་ག་།དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་གི ་གསུང་གི་འོད་ཟེར་གྱིས། །སྙིང་གའི་པདྨ་ཁ་འབྱེད་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །དཀྱིལ་འཁོར་ཆོ་ག་དབྱེ་བར་བྱ།། །།ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱིས། །སྔོན་དུ་བསྙེན་པ ་བྱས་ནས་སུ། །སྡོམ་ནི། དཀྱིལ་འཁོར་ཡང་ནི་རྣམ་པ་གཉིས། །ལྷག་གནས་དང་ནི་མཆོད་པའོ། །ལྷག་གནས་པ་ཡང་རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་ནོ། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་སྒྲུབ་དང་ནི་གཞན་སྒྲུབ་པོ། ་སྔོན་འགྲོ་དངོས་དང་རྗེས་དང་ནི། །ཡན་ལག་ལ་སོགས་ཐུན་མོང་ངོ། །དང་པོར་སློབ་དཔོན་བརྟག་པ་ནི། །སློབ་དཔོན་ཡང་ནི་དམ་ཚིག་ཅན། །རྡོ་རྗེའི་ཐེག་པ་དང་པོར་ཞོན། །དེ་ཉིད་ཁྱབ་ཅན་ཆགས་པ་མེད། །དྲི་མ་དང་ནི་རྣམ་པར་བྲལ།། ་བཟོད་དང་ཚུལ་ཁྲིམས་དོན་འཇུག་པ། །སློབ་མ་རྣམས་ལ་བདེ་སྟེར་ཞིང། །དམྱལ་བ་ཡི་ནི་འཇིགས་སེལ་བ། །དེ་ཁོ་ན་ཡི་ཚངས་སྤྱོད་ཅན། །བདུད་རྣམས་ཀྱི་ནི་རྡོ་རྗེ་དབྱུག་།དེ་ཡང་སའི་སྟེང་དུ་ནི། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས།། ་ཁྲོ་དང་ང་རྒྱལ་དང་ལྡན་ཞིང། །དམ་ཚིག་དང་ནི་རྣམ་བྲལ་བ། །རྫས་ལ་བརྐམ་ཞིང་མ་ཐོས་པ། །སློབ་མ་རྣམས་ནི་བསླུ་དོན་དུ། །མཆོག་ཏུ་བདེ་བའི་གོ་འཕང་དུ། །སེམས་ནི་ཉམས་དང་དབང་མ་བསྐུར། །ལོངས་སྤྱོད་ཆགས་ཤིང ་མྱོས་པ་དང། །ཞེར་འདེབས་པ་ཡི་ཚིག་སྨྲ་ཞིང། །རང་དབང་དོན་དུ་འདོད་སྤྱོད་པ། །སློབ་མ་རྫོགས་བྱང་ཆུབ་དོན་དུ། །དམྱལ་བ་ལྟ་བུར་རྟོགས་པ་ཡིས། །དེ་ནི་སྤང་བར་བྱ་བ་ཡིན། །ཟབ་ཅིང་རྒྱ་ཆེ་བ་ཡི་སེམས། །བླ་མ ་མཉེས་པ་ལ་དགའ་ཞིང། །གཏོང་བའི་སེམས་དང་ཡོན་ཏན་ཆེ། །ཐར་པ་འདོད་ཅིང་རྒྱུད་ལ་དད། །སེམས་ནི་གཡོ་བ་མེད་པ་དང། །དེ་ཉིད་རྙེད་པ་དང་གསང་ཞིང། །གདུག་པ་རྣམས་ཀྱི་ཚོགས་བྲལ་བ། །ཤིན་ཏུ་མཁས ་པའི་བླ་མ་ཡིས། །སློབ་མ་དེ་ནི་གཟུང་བར་བྱ། །དེ་ནས་གསོལ་བ་གདབ་པ་ནི། །སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །སྡོམ་པ་སོ་སོར་གཟུང་བར་བགྱི། །དཔའ་བོ་དུས་ཀྱི་འཁོར་ལོ་མཛོད། །དེ་ནས་ས་བསླང ་བརྟག་པ་དང། སྤྱང་དང་གཟུང་དང་སྤེལ་བ་དང། །དཔྱིད་འབྲིང་དཀར་ཚེས་ཉ་མཐར་ཐུག་།གཞན་ལ་ཕན་པའི་བླ་མ་ཡིས། །ས་བརྟག་ལ་སོགས་རིམ་པར་བྱ། །ནགས་སམ་གྲོང་བརྡལ་ཁང་སྟོང་སོགས། །བྱང་དང་དབང་ལྡན་ཕྱོགས་སུ་ནི།། ་དཀར་པོ་ཞི་བ་རྒྱས་པ་དང། །ས་ལ་དྲི་ཞིམ་དང་ལྡན་པ། །ས་དང་ཆུས་ནི་བརྟགས་ནས་ནི། །བསླང་བ་སྣང་དང་མི་སྣང་དང། །སྦྱང་བ་པུས་མོ་ལྟེ་བ་དང། །རྐེད་པ་འཕང་དུ་བརྐོ་བར་བྱ། །ཡང་ན་རྡོ་འམ་ཆུར་ཐུག་པར། །ཟུག་རྔུ་སོལ་བ་བཅས ་པར་རོ། །ས་ཡི་ཁེང་ན་ཡོད་པ་ནི། །གཅི་བ་ཡི་ནི་འཇིགས་པ་མེད། །གནས་དེ་རུ་ནི་སྦྱང་བ་ནི། །ཡོན་ཏན་གྱི་ནི་དབང་གིས་འགྱུར། །དེ་ཡི་ཕྱིར་ན་སྤྱང་བར་བྱ། །ནོར་བུ་ཆིང་བུ་དུང་ཡོད་ནི། །རྣམ་པར་རྒྱལ་ཞིང་བདེ་བ་བྱེད། །དཀྱིལ་འཁོར ་ས་གཞིའི་དོན་དང་ནི། །ཁང་བཟང་དོན་དང་ཁྱིམ་དོན་དུ། །ངེས་པ་ཁོ་ནར་གསལ་བ་རུ། །མཆོད་སྦྱིན་ལ་སོགས་རྒྱུར་སྤྱང་བྱ། །རྫོགས་པ་ལ་ནི་སྤྱད་བྱ་ཞིང། །དེ་བཞིན་ཡང་ནི་གཟུང་བར་བྱ། །བུ་རྣམས་གཟུང་བ་ལ་ཡང་ངོ། །དེ་ཡང ་ཤར་དང་བྱང་དུ་གཞོལ། །དབུས་ནི་མེ་ལོང་བཞིན་དུ་མཐོ། །བརྡུང་ཞིང་ལེགས་པར་བརྡུངས་ནས་སུ། །མཉམ་ཞིང་ཟུང་ངུ་མེད་པར་བྱ། །དེར་ནི་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ཡང་ནི་ལེགས་པར་བྱུག་།དེ་ནས་ཕྱོགས ་བཅུའི་སངས་རྒྱས་ཀྱིས། །གཟུང་ཞིང་བླ་རེ་ལ་སོགས་བྲི། །སྤོས་ཆུས་བརླན་པའི་ལག་པ་ཡིས། །ཉེ་སྙིང་བཟླས་པས་ས་ལ་རེག་།རྡོ་རྗེ་ཡི་ནི་རང་བཞིན་བསམ། །ལྷག་གནས་ཡན་ལག་ཆོ་གའོ།། །།དེ་ནས་དགོངས ་བའི་དུས་སུ་ནི། །ཆུ་དང་མཆོད་ཡོན་དྲི་ཆབ་སྤོས། །མེ་ཏོག་དང་ནི་འབྲས་བུ་དང། །བསང་གཏོར་དང་ནི་མར་མེ་དང། །ལྷ་བཤོས་གོས་དང་བཅུར་འགྱུར་ཏེ། །དུར་ཁྲོད་བརྒྱད་དང་བཅས་པ་ཡི། །འཇིག་རྟེན་པ་ལ་གཏོར ་མ་དང། །ས་ཡི་ལྷ་མོའི་མཆོད་གཏོར་དང། །ཚོགས་འཁོར་ཇི་ལྟར་འབྱོར་པ་དང། །ན་བཟའ་ཉི་ཤུ་རྩ་ལྔ་དང། །བླ་རེ་བ་ད་ན་མཎྜལ་དང། །སློབ་དཔོན་རྫས་བརྒྱད་ལྡན་པ་ཡིས། །ཡན་ལག་བཞི་པའི་སྒྲུབ་ཐབས་བཞིན། །རིམ་པ ་བཞིན་དུ་བསྒོམས་ནས་ནི། །མཎྜལ་སྟེང་གི་དྲི་ཐིག་ལེ། །མེ་ཏོག་བཀྲམ་ལ་ཁྲོ་བོ་ནི། །འདོད་པའི་རྒྱལ་མོ་ས་ལྷ་མོ། །སེར་མོ་ཕྱག་གཉིས་བུམ་པ་ཐོགས། །རོ་སྟོང་ས་ནས་འཐོན་ནས་ནི། །ཀུན་ནས་མཆོད་ཡོན་ཞབས་བསིལ་དབུལ། །དམ་ཚིག ་ཕྱག་རྒྱ་བསྟན་ནས་སུ། །བསྟོད་དང་གསོལ་བ་གདབ་པར་བྱ། །ལྷ་ཡི་དབང་པོ་ལྷན་ཅིག་པའི། །བདུད་སྡེ་རྒྱལ་བས་བཅོམ་པ་ཡི། །དཔང་པོར་ལྷ་མོ་ཁྱོད་ནི་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ། །ལྷ་ཡི་མཆོག་གིས་ཕྱག་བྱས་པ། ། ་བདག་གི་མཆོད་པ་འདི་བཞེས་ཤིག་།ཇི་ལྟར་རྒྱལ་བས་བྱང་ཆུབ་ཕྱིར། །བདུད་ཀྱི་སྡེ་ནི་མི་བཟད་པ། །སྟོབས་དང་ལྡན་པས་བཅོམ་པ་ལྟར། །སློབ་མ་རྣམས་ནི་དབང་བསྐུར་ཕྱིར། །དེ་བཞིན་དུ་ནི་བདག་གིས་ཀྱང། །བདུད་ཀྱི་སྡེ་ནི་གཞོམ ་པར་བགྱི། །ཡང་དག་ཕྱོགས་བཅུའི་སངས་རྒྱས་དང། །དྲི་མ་དག་དང་བྲལ་བ་ཡི། །བྱང་ཆུབ་སེམས་དཔའ་མ་ལུས་པ། །དེ་རྣམས་ཉིད་ཀྱིས་བསྐྱང་བར་མཛོད། །དཀྱིལ་འཁོར་དབང་བསྐུར་བ་ཡི་ཕྱིར། །མཆོག་གི་སྙིང་རྗེས་བསྐྱང ་བར་མཛོད། །དེ་རྣམས་ཀུན་ལ་གསོལ་བཏབ་ནས། །དེ་ནས་རྣམ་བཅུའི་མཆོད་པ་དང། །གཏོར་མ་ཕུལ་ལ་གཤེགས་སུ་གསོལ། །དེ་ནས་སྒྲུབ་པའི་གྲོགས་ཀྱིས་སུ། །རིགས་དྲུག་གི་ནི་བསྟོད་པས་བསྟོད། །སེང་ལྡེང་འཁྲད་བའི་རང ་བཞིན་གྱིས། །ཕུར་བུ་བདུད་རྩི་འཁྱིལ་བར་བསྐྱེད། །སྐད་གདུངས་ཕུར་པའི་གསང་སྔགས་བཟླས། །དེ་ནས་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་སྙིང་གར་བསྡུ་བར་བྱ། །རྐང་གཉིས་ཧཱུཾ་ལས་རྡོ་རྗེ་དང། །མིག་ཏུ་ཉི་མ་ཟླ་བ ་བསམ། །ལངས་ནས་དཀྱིལ་འཁོར་དབུས་འདུག་སྟེ། །ཁྲོ་བོའི་དབྱངས་ཀྱིས་བསྟོད་པ་བྱ། །དེ་ནས་བགེགས་བཀའ་བསྒོ་བྱ། །གསང་བའི་རྒྱུད་ལས་འབྱུང་བ་ཡི། །སྟང་སྟབས་ཇི་ཙམ་ནུས་པ་བྱ། །དེ་ནས་བསྲུང་བའི་འཁོར་ལོ ་བྱ། །དཔལ་གྱི་རྡོ་རྗེ་ཕྱོགས་ཀུན་ན། །གནས་པ་ཡི་ནི་བདུད་ཀྱི་ཚོགས། །མ་ལུས་པ་ནི་ངེས་པར་སྲེག་།རྡོ་རྗེ་གསུམ་གྱིས་ར་བ་གསུམ། །ས་ཡིས་འཁོར་བར་སོང་པ་ཡི། །ས་འོག་གནས་དང་ནམ་མཁར་རོ། །རྡོ་རྗེ་ཁང་པ་རྩེགས་མ ་ཡི། །དབུས་སུ་འདབ་མ་ཉི་མའི་ཁྲུ། །ལྟེ་བ་དང་ལྡན་གདན་ལ་ནི། །དུས་དང་ཆགས་པའི་ཁྲུ་རུ་འགྱུར། །དེའི་སྟེང་དུ་བདག་ཉིད་ནི། །དྲི་མ་དང་ནི་བྲལ་བ་ཉིད། །འཁོར་ལོའི་དུས་སུ་ཁྲོ་དབང་པོ། །ཕྱག་ནི་རྒྱལ་དབང་གཉིས ་ལྡན་པ། །དུས་ཀྱི་ཞལ་ཏེ་རྡོ་རྗེའི་ཤུགས། རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱི་ནས་འཁོར་ལོ་རྩིབས་བཅུ་པ། །ཕྱོགས་དང་མཚམས་སུ་སོང་བ་ཡི། །ཁྲོ་མོའི་ཚོགས་ནི་བསྒོམ་པར་བྱ། །དེ་ནས་ཀཱི་ལའི་ཕུར་བུ་ཡིས། །སྔགས ་ཀྱིས་ཕྱོགས་མཚམས་སྟེང་འོག་གདབ། དེ་ལ་དྲི་དང་བདུག་པ་བྱ། །ལྷག་གནས་སྔོན་དུ་འགྲོ་བའོ། །།དེ་ནས་དྲི་ཡི་ཆུ་དང་ནི། །བ་ཡི་རྣམ་ལྔའི་སྐྱང་ནུལ་བྱ། །ཐིག་ལེ་ཉི་ཤུ་རྩ་ལྔ་དང། །མེ་ཏོག་ཚོམ་ཡང་དེ་མཉམ ་བྱ། །དེ་ནས་རང་གནས་ལྷ་གནས་པའི། །རྣལ་འབྱོར་པས་ནི་སྙིང་ཁ་ནས། །དཀྱིལ་འཁོར་ལ་ནི་སྤྲུལ་པར་བྱ། །དེ་ནས་དེ་ལ་གོ་ཆ་དང། །ཡེ་ཤེས་སྤྱན་དྲང་མཆོད་བསྟོད་བྱ། །དབང་བསྐུར་ནས་ནི་དགུག་གཞུག་བྱ། །དེ་ནས་ཆང་དང ་བདུད་རྩི་དང། །མཆོད་པ་རྣམ་པ་བཅུ་པོ་དང། །བསྟོད་པ་རྣམ་པ་དུ་མ་དང། །ན་བཟའ་ཅི་འབྱོར་དབུལ་བར་བྱ། །གོ་ཆའི་སྔགས་ཀྱིས་བསྲུངས་ནས་ནི། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་བརྟན ་གཡོའི་བདག་པོ་ནི། །སྣ་ཚོགས་ཡུམ་གྱིས་མགུལ་ནས་འཁྱུད། །ཉི་ཤུ་རྩ་ལྔ་པ་ཡི་འཁོར། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པའི། ། ་ནང་པར་དཀྱིལ་འཁོར་བྲི་བར་བགྱི། །རྗེས་སུ་རྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ལྷ་ནི་ལྷག་བྱས་ནས། །བུམ་པ་ལྷག་པར་གནས་པར་བྱ། །དེ་ཡང་རྣམ་རྒྱལ་བུམ་པ་ནི། །རྒྱ་རུ་བརྒྱད་གཉིས་སོར ་གསུམ་པ། །དཔངས་སུ་སོར་ཚད་བཅུ་ཕྲག་གཉིས། །མཆུ་ནི་སོར་གཉིས་སྐེ་མོར་དྲུག་།ཤེལ་ལམ་དངུལ་གྱི་བུམ་པ་ནི། །རི་བོང་འཛིན་པ་ལྟར་དཀར་བ། །ཡང་ན་ཐ་མལ་བུམ་པ་ནི། །འབྲས་ལ་སོགས་པས་ཁ་དོག་བསྒྱུར། །བུམ་པ་རྣམ ་པ་བཅུ་ལ་ནི། །རིགས་ཀྱི་མཚན་མ་རྣམས་བཀོད་ལ། །སྨན་དང་འབྲུ་རྣམས་གཞུག་པ་ནི། །དྲི་ཡི་སྨན་གྱི་རེ་མིག་ཏུ། །རིམ་པ་བཞིན་དུ་སྨན་གྱི་གྲངས། །མིག་དང་ཟླ་བ་ལ་སོགས་པ། །ཚངས་མ་ལ་སོགས་ལྔ་ལྔ་པ། །ཚངས་པ་ཁྱབ ་འཇུག་མ་དྲག་མོ། །དབང་ཕྱུག་མ་དང་དབང་ཆེན་མོ། །དབང་མོ་དཔལ་མོ་ཕག་མོ་དང། །གཞོན་ནུ་མ་དང་རྒན་བྱེད་མ། །ས་མོ་ཆུ་མོ་མེ་མོ་དང། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་བཞིན། །ཚ་མོ་རང་རྨོས་མ་དེ ་བཞིན། །བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེ་རིགས་མོ་དང་དམང་རིགས་མོ། །གཡུང་མོ་དེ་བཞིན་ཤེས་པར་བྱ། །སྨད་འདི་ཡིས་ནི་དངོས་གྲུབ་ཆེ། །སྤྱོད་དང་གྲོལ་བ་རབ་ཏུ་སྟེར། །འབྲས་དང་མོན་སྲན་གྲེའུ་དང། །མོན་སྲན་དཀར་དང ་ཙ་ན་དཀར། །ཏིལ་ནག་ལྔ་པ་དང་པོ་ཡིན། །ཀོ་ཏྲ་འབྲས་སྔོན་སྲན་མ་དང། །ཏིལ་དཀར་གྲོ་ནི་གཉིས་པ་ཡིན། །མུ་ཏྲ་ཡུ་ཏྲི་པུ་ཡུངས་སྨུག་།ནས་སྲན་མ་ཤ་གསུམ་པ་ཡིན། །སྲན་ཆུང་ཡུངས་ཀར་དཀར་པོ་དང། །ཀ་ཀུན་ཏྲི་བི་ཀ་ར་དང། །བ་ར་ཙི ་?་བཞི་པ་ཡིན། ། དང་ཤི་ཏང་བ་ར་ཏི། །བ་ལ་རྒྱ་སྲན་ཙ་ན་གནག་།དེ་ནི་ལྔ་པར་བཀོད་པ་ཡིན། །དེ་ནས་རིན་པོ་ཆེ་ཡི་རིགས། །བྲམ་ཟེ་རྒྱལ་དང་རྗེ་དམངས་དང། །མཐར་སྐྱེས་རིགས་ཀྱི་རྡོ་རྗེའོ། །དེ་ནས་ཨིན་ཏྲཾ་ཕ་ར་ཀ་།ཆུ་ཤེལ་ཀེ་ཀེ་རུ ་མརྒད། །དང་པོའི་ལྔ་ཚན་བསྟན་པ་ཡིན། །ལྕགས་དང་གསེར་དངུལ་ཟངས་ཁྲོ་ཆུ། །ཁབ་ལེན་ལྔ་མཚན་གཉིས་པ་ཡིན། །མུ་ཏིག་བྱུ་རུ་ཐིང་ཤིང་དང། །ཤུ་ཀ་མ་ནི་ཤད་ཨ་རུ། །ལྔ་ཚན་གསུམ་པར་བཀོད་པ་ཡིན། །ཡུ་ཛ་ར་ཛི་པ་ཛ་ཏི། ། ་ངོ་བ་རིག་འབའ་ཧ་རི་ཏ། །ལྔ་ཚན་བཞི་པར་བཀོད་པ་ཡིན། །ལྔ་ལ་འཁོར་ལོས་སྒྱུར་བ་ཡིན། །ཀླ་ཀློའི་ནོར་བུ་ཁ་དོག་ལྔའོ། །འབྱོར་པ་མེད་ན་ཁ་དོག་ལྔ། །མེ་ཏོག་ལྔ་ནི་གཞུག་པར་བྱ། །ལྗང་གུ་རྣམ་རྒྱལ་བུམ་པར་བཞག་།སྔོན་པོ ་རྒྱལ་དང་རྣམ་རྒྱལ་ལ། །ནག་པོ་ཤར་མེའི་བུམ་པར་རོ། །དམར་པོ་ལྷོ་དང་བདེན་བྲལ་ལོ། །དཀར་པོ་བྱང་དང་དབང་ལྡན་དུའོ། །སེར་པོ་ནུབ་དང་རླུང་དུའོ། །ཐམས་ཅད་ཆ་དབྱེས་བཅུག་ནས་ནི། །རིགས་མཐུན་གོས་ཀྱིས་མགྲིན་པ་བཅིང། །གཡས་སུ་པདྨའི ་སྟེང་བཞག་ནས། །ཤཱུ་ནྱ་ཏཱ་ཡིས་སྟོང་པར་བསམ། །དེ་ནས་ཧཾ་ལས་གཞལ་ཡས་ཁང་པ་བསམ། །བཾ་ལས་འོ་མའི་རྒྱ་མཚོ་བསྐྱེད། །ཧྲི་ལས་པདྨ་འདབ་བརྒྱད་ལ། །ཧཱུཾ་ལས་ལྷ་རྣམས་བསྐྱེད་པར་བྱ། །ཆོ་ག་གོང་མ་འདྲ་བ་ལས། །ནག་པོར ་ཤར་གྱི་ལྷ་ཚོགས་བསྐྱེད། །གཞན་ཡང་དེ་བཞིན་ཤེས་པར་བྱ། །དེ་ནས་བགེགས་བསྐྲད་ཡེ་ཤེས་དགུག་།དབང་བསྐུར་ཡིག་གསུམ་བྱིན་བརླབས་ལ། །མཆོད་བསྟོད་གོང་མ་བཞིན་དུ་བྱ། །ཚོན་སྐུད་བུམ་པའི་སྟོང་བཞག་ནས།། ་ཐུན་གཅིག་པར་དུ་བཟླས་པར་བྱ། །དེ་ནས་བུམ་པ་བསྡུས་ནས་སུ། །གོས་ཀྱིས་བཀབ་ནས་ཞལ་བཞིས་བསྲུང། །དེ་ལྟར་བུམ་པ་ལྷག་གནས་ནས། །སྦྱིན་སྲེག་ལྷག་པར་གནས་པར་བྱ། །གྲོང་ཁྱེར་གྱི་ནི་དབུས་ཉིད་དམ། ། ་བྱང་དང་དབང་ལྡན་མཚམས་སུའོ། །ཐབ་ཁུང་ཁྲུ་གང་ཟླུམ་པོ་ལ། །ཟབས་སུ་ཁྲུ་ཕྱེད་བརྐོ་བར་བྱ། །མཆུ་ནི་ཐབ་ཁུང་བཅུ་གཉིས་ཆ། །དེ་ཡི་ཉིས་འགྱུར་ཁ་ཁྱེར་རོ། །ཁ་ཁྱེར་སྤངས་ལ་མཆུ་ཡི་ཕྱེད། །ནང་དུ་པདྨ་འདབ་མ་བརྒྱད། །ཚོན་རྩི་དཀར་པོས ་བྲི་བར་བྱ། །ཕྱི་རོལ་པདྨའི་འདབ་མ་ལ། །ཀུ་ཤ་ཡིས་ནི་དགྲམ་པར་བྱ། །དེ་ཡི་མཛའ་ཡི་ནུབ་ཏུ་ནི། །ངེས་པ་ཁོ་ནར་བྱ་བ་ནི། །ར་བ་གསུམ་ལ་སྒོ་གཅིག་པ། །སློབ་དཔོན་གྱི་ནི་བདག་ཉིད་ནི། །མཉམ་པ་ཁོ་ནར་བྱས་པ་ཡིན། །སྔར་གསུངས ་མཆོད་པ་བཅུ་པ་ནི། །རིམ་པ་བཞིན་དུ་བཤམ་པར་བྱ། །ནྱ་གྲོ་དྷ་དང་འོ་མ་དང། །བསྲེག་པའི་ཤིང་ནི་མདའ་ཡི་བརྒྱ། །ཏིལ་དང་ཡུངས་ཀར་ལ་སོགས་དང། །དུར་བ་འོ་མ་ལ་སོགས་དང། །ནས་གྲོ་མ་ཤ་ཞི་བའི་རྫས། །བིལ་བ་སྟར་ཀ་ཛཱ ་ཏི་དང། །འབྲས་བུ་ཨུ་དུམ་བ་རའི་ཤིང། །ནགས་ཀྱི་ལྕུག་མ་ལ་སོགས་དང། །ཤེལ་ཕྲེང་གསེར་དང་གོས་དང་ནི། །ཤ་ལྔ་བདུད་རྩི་ལྔ་དང་ཆང། །ཚོགས་ཀྱི་འཁོར་ལོའི་རྫས་རྣམས་བསགས། །དེ་ནས་དེ་རྗེས་ཉིད་ལ་ནི། །དག་པ་རྣམ་གསུམ ་བྱ་བ་ཡིན། །ཡན་ལག་བཞི་པ་གཞུང་བཞིན་བསྒོམ། །སྙིང་གར་སྔགས་རྣམས་ཀུན་བཀོད་ནས། །བཟླས་བརྗོད་མེས་ནི་སྡིག་པ་སྦྱང། །རང་ཉིད་དཀྱིལ་འཁོར་བར་སྣང་དུ། །གཞག་ནས་ཁམས་གསུམ་སྟོང་པར་བསམ། །བྷེ་རམ་ལ ་སོགས་རི་རབ་ལ། །ཐུག་རི་ཆར་པ་བཞིན་དུ་བསྐྱེད། །དེ་དབུས་བྲུཾ་ལས་མེ་ཐབ་ཀྱི། །འཁོར་ལོ་རིམ་པ་བཞིན་བསམས་ནས། །དེ་དབུས་རཾ་ལས་མེ་དཀྱིལ་འཁོར། །གྲུ་གསུམ་པ་ནི་བསམ་པར་བྱ། །དེ་དབུས་པཾ་ལས་ཆུ་དཀྱིལ་འཁོར ་ཟླུམ་པོ་དབུས་སུ་མེ་དཀྱིལ་འཁོར། །དབུས་སུ་རང་གི་མཚན་མ་བསམ། །ཟུར་གསུམ་ལ་ནི་ཡིག་གསུམ་བསམ། །ཕོགས་སུ་ཧྲི་ཡི་ཡི་གེ་བསམ། །དེ་རྣམས་གྱུར་ལས་མེ་ལྷ་ནི། །ཞལ་གཅིག་ཕྱག་གཉིས་མདོག་དཀར་བ། །གཡོན ་པ་ཐབ་ཁུང་པདྨའོ། །གཡས་ན་བགྲང་ཕྲེང་དབྱུག་པའོ། །བཟང་པོ་སེར་སྐྱ་རལ་པ་ཅན། །སྤྱན་ནི་སེར་སྐྱ་ན་བཟར་བཅས། །ཟླ་བའི་སྟེང་དུ་བསྒོམ་པར་བྱ། །དེ་ལྟར་དམ་ཚིག་བསྐྱེད་ནས་ནི། །ཁྲོ་བོ་ལྷ་མོས་བསྲུངས་ནས་ནི། །དྲི ་ཡིས་ཆུས་ཀྱང་བསམ་པར་བྱ། །དེ་རྗེས་མེ་ལྷ་སྤྱན་དྲངས་ཏེ། །མེ་ཡི་སྤྱན་དང་ཕྱག་རྒྱ་དང། །ོཾ་ཨེ་ཧཡེ་ཧི་མ་ཧཱ་བྷཱུ་ཏཾ་དེ་བ་རི་ཥི་ཛ་མ་ནུ་རི་ཥི་ཧི་ཏྭོཏྟ་མཧཱ་ར་སྨི་ཧི་ཏོ་བྷ་བེ་བཛྲ་དྷཱ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། །ཆུ་དང་བཅས་པའི་མེ་ཏོག་གི་།མཆོད་ཡོན ་ཉིད་ནི་མེ་ལྷ་ལ། །དེ་ཡི་སྦྱོར་དང་ལྡན་པས་སྦྱིན། །བསྟོད་པ་ཡང་ནི་བྱས་ནས་སུ། །ཛ(རྒྱུད་འགྲེལ་བུམ་པ་དབང་བསྐུར་ལ། །སྣང་བ་མཛའ་ཡས་དབུས་ལ་བསམ། །དེ་ནས་མཆོད་ཡོན་དབུལ་བ་ནི། །ོཾ་པྲ་བ་ར་སཏཀཱ་རཾ་མཧཱ་རསྨི་པྲ་ཏཱིཙྪ་སྭཱཧཱ། ཨ་ཙ་མ་ན་པྲ་ཏཱིཙྪ་སྭཱཧཱ། བཛྲ་དྷཱུ་པ་པྲ་ཏཱིཙྪ་སྭཱཧཱ། བཛྲ་པུཥཔ་པྲ་ཏཱིཙྪ་སྭཱཧཱ། བཛྲ་དཱི་པ་པྲ ་ཏཱིཙྪ་སྭཱཧཱ། བཛྲ་ནཻ་བེ་ཏྱེ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ལཱ་སྱེ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ཧཱ་སྱེ་པྲ་ཏཱིཙྪ་སྭཱཧཱ། བཛྲ་བཱ་དེ་པྲ་ཏཱིཙྪ་སྭཱཧཱ། བཛྲ་གཱི་ཏ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ཀཱ་མེ་པྲ་ཏཱིཙྪ་སྭཱཧཱ། །དེ་ཡང་གསུངས་པ། །མེ་ནི་རྣམ་པ་གསུམ་ཡིན་ཏེ། །ཀུན་སྲེག་ཁྱིམ ་བདག་ཡོན་གྱི་མེ། །ཁྱིམ་བདག་ཟླ་བའི་ལྕེ་ལ་ནི། །ོཾ་ཨ་ན་ལ་སརྦ་བྷཱུ་ཏ་ཛཱ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་ཛ་ན་དུཥྚན་ཧཱུཾ་ཕཊ། མེ་ནི་གསོ་ཕྱིར་དགང་ལུགས་བཞིན། །དེ་ནས་བགེགས་ནི་བརྟག་པར་བྱ། །ཙེག་ཙེག་སྒྲ་དང་རོ་ཡི་དྲི། །བ ་ལང་མགོ་སོགས་མི་དགེ་བའི། །མཚན་མ་ཡིན་པར་ཤེས་པར་བྱ། །གདུགས་དང་དཔལ་བེའུ་ཆུ་གཤེར་དང། །རིམ་བཞིན་མཚན་མ་སོགས་ཤིས་བྱ། །མི་ཤེས་པ་ན་ཕྱིར་བཟློག་བྱ། །མཆོད་སྦྱིན་གྱི་ནི་ལག་པ་ཡིས། །མཐེ་བོང ་གིས་ནི་མེ་ཡི་ཁར། །རྡོ་རྗེ་ཡན་ལག་ཕུང་སོགས་ཀྱང། །བསྲེག་པ་ཡི་ནི་རབ་ཏུ་བྱ། །ོཾ་ཨཱ:ཧུཾ་ཧོ་ཧཾ་ཀྵ་སྭཱཧཱ། ཧུཾ་ཧཱཾ་ཧྲི་ཧྲི་ཧྲཱི་སྭཱཧཱ། ཨ་ཨཱ་ཨི་ཨའི་རི་རཱི་ཨུ་ཨའུ་ལི་ལཱི་ཨཾ་ཨ(རྒྱུད་འགྲེལ་ཝཱ་ལ་ལཱུ་ཧཾ་ཧ(རྒྱུད་འགྲེལ་ཏུའོ། །ོཾ་མཧཱ་བེ་གེ་སྭཱཧཱ། ཨོཾ་བཛྲ་གྷུསྨ་རེ་སྭཱཧཱ། ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། ཨོཾ་མཧཱ་བེ་ག་ཡེ་སྭཱཧཱ། ཨོཾ་བཛྲ་མུ་ཏེ་ཡེ་སྭཱཧཱ། ནས་དང་གྲོ་དང་སོ་བ་དང། །མ་ཤ་འབྲས་ནི་ཞལ་དུའོ། །ོཾ་མཧཱ་ཤེ་པ་ཡེ་སྭཱཧཱ། བིལ་པ་དང་ནི་སྟར་ཀའོ། །དྲི་ནི་ཐུགས ་ཀ་མེ་ཏོག་དབུ། །སྤོས་ནི་འོད་ལ་མར་མེ་མདུན། །མཆོད་ཡོན་འཐོར་འཐུང་ཕྱག་ཏུའོ། །བདུད་རྩི་ཞལ་དང་རིན་ཆེན་དབུ། །ཕྲེང་བ་ཕྱག་དང་སྐུ་ལ་གོས། །དེ་ལྟར་མེ་ལྷ་མཆོད་ནས་ནི། །མེ་ནི་བསངས་ལ་འོད་དུ་ཞུ། །དེ་ཡི་དབུས་སུ་ཡེ་ཤེས་ཀྱི།། ་འཁོར་ལོ་ཆོ་ག་བཞིན་དུ་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་བསྟོད་དགུག་གཞུག་གོ་བསྐོན་ནས། །དབང་བསྐུར་ནས་ནི་སྔོན་བཞིན་དུ། སྦྱིན་སྲེག་བརྒྱས་པར་དབུལ་བར་བྱ། །ཚོགས་ཀྱི་འཁོར་ལོ་རྒྱས་པ་ཡང། །ཡེ ་ཤེས་མེ་ལ་དབུལ་བར་བྱ། །དེ་ནས་ཁྱད་པར་སྦྱིན་སྲེག་ནི། །ོཾ་བྷུར་བྷུ་བ་སྭཱཧཱ། ན་མོ་དེ་བི་བྷཡ(རྒྱུད་འགྲེལ་སྲེག་བྱ། །སླར་ལ་འབྲས་བསྲེག་ཕྱིར་དོར་ལ། །མེ་ལྷའི་སྙིང་གར་ཡེ་ཤེས་མེ། །གཉི་ག་གསལ་བར་དམིགས་ནས་ནི། །གོང་བཞིན་སྦྱིན་སྲེག་རྒྱས་པར་བྱ། །དྲི་དང་གོས་ཀྱང་གོང་བཞིན་སྦྱིན། །དེ་ནས་རང་གི་སྙིང་ག་རུ། །དཀྱིལ་འཁོར་བ ་ནི་གཤེགས་སུ་གསོལ། །རྫས་ཀྱི་ལྷག་མ་བསྡུས་ནས་ནི། །མེ་ལྷ་ལ་ནི་སྦྱིན་སྲེག་བྱ། །དེ་ནས་ཡོན་བདག་གཡོན་དུ་བཞག་།མེ་ལྷའི་ཞབས་དྲུང་ཐལ་བ་ཡིས། །དབྲལ་བར་ཐིག་ལེ་བྱས་ནས་བསྟོད། །འཇིག་རྟེན་དབང་ཕྱུག་ཚངས་པ ་མཆོག་གི་སྲས། །མེ་ལྷའི་རྒྱལ་པོར་ཡོངས་སུ་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག་།འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །རང་གི་པདྨའི་སྙིང་ག་རུ། །ཡེ་ཤེས་མེ་ནི་གཤེགས་སུ་གསོལ། །ོཾ་ཛ: ་གཙྪ་གཙཤི?་སྭཱཧཱ། །རསྨི་སརྦ་ས་མ་ཧྲི་བ་ཧོ་ཧོ་བུ་ན་ར་ག་མི་ཤ་སི་དི་པ་སྱ་ཡ་དྷ་ཏྲཱ་ན་ཡ་མི་སྭཱཧཱ། དམ་ཚིག་གདན་རྣམས་རིམ་བཞིན་ཐིམ། །དེ་ལྟར་ལྷག་གནས་བྱས་ནས་ནི། །ཚོགས་གཏོར་མ་ལྷག་གནས་བྱ། །དེ་ལྟར་གཏོར་མ་ལྷག་བྱས་ནས། ། ་གཞན་དོན་སློབ་མ་ལྷག་གནས་བྱ། །སྣོད་ལྡན་སློབ་མ་ཁྲུས་བྱས་ཏེ། །གཙང་མའི་གོས་བགོ་མཎྜལ་བྱ། །མེ་ཏོག་ཐོགས་ལ་གསོལ་བ་གདབ། །ཕྱག་འཚལ་ལ་སོགས་བདུན་པོ་དང། །སྡོམ་པ་གསང་བ་བླ་མེད་སྦྱིན། །དེ་ནས་སྨོན ་ལམ་བདག་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང། །བླ་མ་ཡང་ནི་སྤྱི་བོ་རུ། །གཟུང་བར་བགྱིའོ་རྡོ་རྗེ་ཡི། །རིན་ཆེན་གྱིས་ནི་སྦྱིན་པ་སྦྱིན། །རྒྱལ་བ་མཆོག་གི་དམ་ཚིག་ནི། །བསྐྱེད་པར་བགྱིའོ་འཁོར་ལོ་ཡི། །རལ་གྲི་ཡིས་ནི་མཆོད་པ་བྱ། ། ་ཚུ་ལས་སྐྱེས་པའི་རིགས་ཀྱིས་ནི། །སྡོམ་པ་ཡང་ནི་བསྐྱང་བར་བྱ། །སེམས་ཅན་རྣམས་ནི་གྲོལ་བའི་རྒྱུར། །རྒྱལ་བ་བསྐྱེད་པའི་རིགས་ཀྱིས་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཀུན་རྫོབ་དོན་དུ་བརྟགས་ཤུགས་རྣམས། །རབ ་མཆོག་གི་ནི་ལམ་སོང་པ། །དེ་བཞིན་དེ་རྣམས་བསྐྱེད་པར་བྱ། །འཚེ་དང་རྫུན་སྨྲ་གཞན་བུད་མེད། །གཞན་ནོར་དེ་བཞིན་ཆང་འཐུང་ཡང། །སྡིག་པ་ལྔ་པོ་འདི་དག་ནི། །འཁོར་བར་རྡོ་རྗེ་ཞགས་པ་སྟེ། །རང་གི་རིགས ་ནི་འཇོམས་པར་བྱེད། །གང་ཞིག་གང་གིས་དུས་སུ་ནི། །སུམ་ཅུ་པ་དང་མི་བླ་མ། །དེ་ཡི་མིང་གིས་སྦྱིན་པར་བྱ། །སྣ་ཚོགས་བདག་པོའི་བཀའ་འདི་ནི། །སྲིད་པ་ཡི་ནི་འཇིགས་འཇོམས་པ། །ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། ། ་ཙི་ལི་གསད་ཟས་ཁ་ན་མ་ཐོར་བཅས། །ཚིག་ནི་ངན་པར་སྨྲ་བ་དང། །འབྱུང་པོ་ལྷ་དང་ལྷ་མིན་ཆོས། །བ་ལང་བུད་མེད་སྐྱེས་པ་རྣམས། །བུམ་པ་དང་ནི་མི་བླ་མ། །ལྔ་ནི་བསོད་ནམས་མི་བྱའོ། །སུམ་ཅུ་པ་དང་མི་བླ་མ། །དགེ་འདུན་དང་ནི་སངས ་རྒྱས་དང། །ཡིད་ཆེས་པ་དང་བྱང་ཆུབ་དང། །གྲོགས་དང་དཔོན་ལ་འཁུ་མི་བྱ། །དབང་པོ་རྣམས་ནི་ཆགས་མེད་བྱ། །འདི་ནི་སྲིད་པའི་བདག་པོ་ཡི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔའོ། །བརྒྱ་ལ་གཡོ་སྒྱུའི་དབང་གིས་ནི། །རྩ་བའི་ལྟུང་བ ་བྱུང་གྱུར་ན། །དམྱལ་བ་ཡི་ནི་སྡུག་བསྔལ་མྱོང། །བུ་ཡི་རྩ་བའི་ལྟུང་བ་ནི། །དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང། །རི་བོང་འཛིན་པ་ཉིད་དུ་འགྱུར། །དེ་ཡི་བཀའ་ལས་འདས་པ་གཞན། །གཉིས་པ་ཉིད་ནི་དེ་བཞིན་དུ། །སྤུན་ལ་ཁྲོ་བ་གསུམ ་པའོ། །བྱམས་པ་དོར་བ་ལྔ་རུ་འགྱུར། །གྲུབ་པའི་མཛའ་སྨོད་དྲུག་པའོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྟོན་པ་གཞན་པས་རེ། །ཕུང་པོ་ཉོན་མོངས་བརྒྱད་པར་འགྱུར། །དམ་པའི་ཆོས་ལ་མི་དང་པ། །སླར་ལ་ཡང་ནི་དགུ ་པའོ། །རྒྱུ་ཡི་བྱམས་པ་ཕྱོགས་པར་འགྱུར། །མིང་སོགས་བྲལ་བ་བདེ་སྟེར་བ། །རྟོག་པ་དྲག་པོ་རུ་མི་འགྱུར། །དག་པའི་སེམས་ཅན་ལ་སྐྱོན་བརྗོད། །ཉི་མ་རུ་ནི་འགྱུར་བ་ཡིན། །དམ་ཚིག་རྙེད་འདོར་འདོད་པའོ། །བུད་མེད་ཀུན་ལ་སྨོད ་པ་ནི། །ཡིད་ཉིད་ཀྱི་ནི་དགྲ་རུ་འགྱུར། །རྡོ་རྗེའི་ཐེག་ལ་གནས་ཀྱིའོ། །སློབ་མ་སྐད་ཅིག་ལྷར་བསྐྱེད་ནས། །སློབ་མ་ལ་ནི་བསྲུང་བྱ་སྟེ། །སྤྱི་བོ་སྙིང་ག་དེ་བཞིན་དུ། །སྤྱི་གཙུག་ལྟེ་བ་མགྲིན་པ་དང། །དཔྲལ་བ་གསང་བར་རྒྱལ་ལ་སོགས། །གཉི་གའི ་རིགས་སུ་སོང་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ། །ངེས་པར་བྱིན་གྱིས་བརླབ་པར་བྱ། །དེ་ལ་རྣམ་བཅུའི་མཆོད་པ་བཞིན། །སོ་ཤིང་དོར་དང་བསྲུང་སྐུད་བཅིང། །བྱམས་པའི་གོ་བསྐོན་གཙུག་ཏོར་བསྐྱེད། །རྨི་ལམ་བརྟག་པའི་ཀུ་ཤ་སྦྱིན། །དེ་ནས ་སློབ་མ་གཤེགས་སུ་གསོལ། །ཐིག་སྐུད་རྡོ་རྗེ་རྡུལ་ཚོན་ཉིད། །ཤར་དང་གཤིན་རྗེ་ཆུ་ལྷ་རུ། །བྱང་དུ་རྡོ་རྗེ་དྲིལ་བུའོ། །དེ་ནས་དཀྱིལ་འཁོར་སྙིང་གར་བསྡུ། །བདག་ཉིད་མལ་སར་རྨི་ལམ་བརྟག་།ངན་པ་ཕྱིར་བཟློག་ཆོ་ག་བྱ། །བཅུ་གཉིས་པ་ལ་ཐིག ་གདབ་ཅིང། །འདོད་པ་ཡིད་ཀྱི་ཉི་མ་ལ། །དཔལ་གྱི་རྡུལ་ཚོན་ཉིད་ནི་བྲི། །ཉ་ལ་དབང་རྣམས་རྫོགས་པར་ནི། །མཆོག་གི་བླ་མས་སྦྱིན་པར་བྱ། །བདུད་བཅོམ་པ་ཡི་ཉི་མ་ལ། །དེ་ཡི་མཚན་མོ་རྒྱལ་བའོ། །རིགས་ནི་རབ་ཏུ་གནས་པར་བྱ། །མཚན་མོ ་གཞན་ལ་རབ་གནས་མིན། །སྲད་བུ་ཁྲུ་ནི་བརྒྱད་འགྱུར་ལ། །ལག་པའི་ནང་གནས་ཚད་ཙམ་དུ། །གཅིག་ཏུ་བསྒྲིལ་བའི་སུམ་སྒྲིལ་ལ། །སློབ་དཔོན་མཐེ་བོང་ནས་ཀྱི་ཚང། །ལམ་ནི་རྣམ་པ་གསུམ་སོང་བ། །སང་བུ་གཅིག་གོ་གཞན་ནི་མེད། ། ་སོགས་ཀ་སོགས་གཅིག་པ་ཉིད། །གང་གི་སྙིང་གའི་པདྨ་ལ། །ཟླ་བ་ཉི་མ་མེ་སྟེངས་སུ། །རི་མོ་ཅན་དང་དྲེག་པ་ནི། །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། །ཤེས་རབ་རྗེ་བཙུན་སྙིང་པདྨར། །ཉི་མ་ཟླ་བ་བརྩེགས་པ་ཡི། །རང་རང་རྡོ་རྗེ ་ལྕགས་ཀྱུ་ཡིས། །སངས་རྒྱས་ལྷ་མོ་རྣམས་བཀུག་སྟེ། །ཐིག་སྐུད་ཆད་པས་སློབ་དཔོན་འཆི། །ཕྱོགས་འཁྲུལ་སློབ་མ་རྣམས་ནི་འཆི། །མཐུན་དང་མི་མཐུན་རྐང་པ་ཡིས། །ཐིག་གདབ་པར་ནི་བྱ་བ་ཡིན། །ཤེས་རབ་ཐབས་ཀྱི་ཡན་ལག ་དབུས། །མེ་དང་རླུང་དུ་སོང་བ་ཡིན། །དཔུང་གི་དབང་ཕྱུག་སྦྲུལ་འདྲ་བའི། །དཀྱིལ་འཁོར་མཚམས་རྒལ་དེ་སྤང་བྱ། །ཚངས་པའི་ཐིག་ནས་ཐིག་གདབ་ཉིད། །ནོར་དང་དུས་ཀྱི་ཚད་ཀྱིས་ནི། །ཕྱོགས་ཀྱི་ཆ་ལ་རབ་ཏུ་སྦྱིན། །ཐུགས ་ཀྱི་དཀྱིལ་འཁོར་བདག་ཉིད་ནི། །སོར་མོ་ཕྱེད་ཀྱི་ཆ་རུ་གསུངས། །འཁོར་ལོ་པདྨའི་བདག་པོ་སྟེ། །ལྷ་མོ་ལ་སོགས་གདན་རྣམས་ཀྱི། །སུམ་འགྱུར་དུ་ཡང་གསུངས་པ་ཡིན། །ཚངས་པའི་གནས་སུ་རེའུ་མིག་།སླར་ལ་ཡང་ནི་རྡོ་རྗེ་ཡིས། །ཀ་བ ་རྡོ་རྗེ་ར་བར་གསུངས། །སངས་རྒྱས་ལ་སོགས་ཆུ་སྐྱེས་བཞིས། །ཕྱི་རུ་རི་བོང་ཅན་གྱིས་ནི། །རྡོ་རྗེའི་ཕྲེང་བར་རབ་ཏུ་འགྱུར། །སངས་རྒྱས་ལྷ་མོའི་བར་བར་དུ། །སོར་ཕྱེད་གསུམ་གྱི་རེ་མིག་ལ། །བུམ་པའི་ཐོད་པའི་གདན་དུ་འགྱུར། །དེ་ཡི ་གནས་སུ་རྡུལ་ཚོན་ལས། །ཉིན་མོ་ཕྱེད་པ་ལ་འགྱུར་ཏེ། །རེ་ཁཱ་གསུམ་གྱི་མཐར་ཐུག་པ། །ཕྱོགས་དང་མཚམས་ཀྱི་རེ་མིག་བཞི། །པདྨ་རྣམས་ལ་ཟླ་བ་ཉི་མ། །དེ་བཞིན་དྲ་བ་སོགས་རྣམས་ཀྱི། །སོར་ཕྱེད་བཞི་ཆས་རེ་ཁཱ་གསུམ། །དུས་དང་དེ ་བཞིན་རོ་ཡིས་ནི། །སྒོ་དང་སྒོ་ཁྱུད་དེ་བཞིན་དུ། །སོར་ཕྱེད་དྲུག་ལས་འགྲམ་དང་ལོགས། །ཁ་ཁྱེར་ཆེན་པོ་ཀ་བའི་ཕྱིར། །དེ་ཡི་ཕྱེད་ཀྱིས་ནོར་བུ་ཡི། །རང་བཞིན་ཕ་ཁུ་འབའ་ཞིག་འགྱུར། །ཉིས་འགྱུར་དྲ་བ་དྲ་ཕྱེད་པ། །སྒོ་ཡི་རྩ་བའི་ཕྱི་རོལ ་དུ། །སོར་ཕྱེད་དྲུག་གི་སུམ་འགྱུར་གྱིས། །ཀ་བར་བཅས་པའི་རྟ་བབས་འགྱུར། །ཐིག་ལེས་མཛའ་རུ་སྤང་བར་བྱ། །དེ་ཡི་ཕྱི་རོལ་འབྱུང་བ་བཞི། །ཡང་ནི་སྤྲོས་དོན་མ་ཡིན་པ། །གཅིག་བཞི་གཉིས་བཞི་གཅིག་ཉི་མ། །དུས་དང་རོ་དང་རི་བོང ་ཅན། །མེ་དང་དུས་དང་དུས་ཀྱི་ཕྱེད། །དུས་དྲུག་དང་ནི་རི་རྣམས་ཀྱི། །ངེས་པར་ཆ་ཡི་རིམ་པ་ཡིས། །ལྟེ་བ་འམ་ནི་སྙིང་པོ་ནས། །ཆུ་སྐྱེས་པདྨ་ཡ་དེ་ནི། །ཀ་བ་རྡོ་རྗེ་ཕྲེང་བ་དང། །པདྨ་རྡོ་རྗེ་ཕྲེང་བར་འགྱུར། །སྒོ་དང་སྒོ་ཁྱུད་ལ་སོགས་པའི། །ཆ ་རུ་དེ་འོག་འགྱུར་བ་དང། །རྟ་བབས་ཀྱི་ནི་ཆ་རབ་གསུངས། །དེ་ལྟར་ཐིག་གི་ལས་ཟིན་ནས།། །།ཚོན་གྱི་ལས་ནི་རབ་ཏུ་བྱ། །རྡོ་རྗེ་ལ་སོགས་རྡུལ་ཚོན་ལྔ། །གསེར་དང་མ་ར་ག་ཏ་དང། །བྱུ་རུ་མུ་ཏིག་ལ་སོགས་པ། །འབྲུ་ཡི་ཁྱད་པར ་དག་དང་ནི། །ནོར་བུའི་ཁྱད་པར་མང་པོ་ཡི། །ཕྱེ་མ་རྡུལ་ཚོན་དེ་བཞིན་དུ། །ཐིག་བཞིན་བྱིན་བརླབས་ཆོ་ག་བྱ། །ཕྱོགས་ཀྱི་ཆ་ཡི་ཚོན་གྱི་སར། །མི་ཡི་བདག་པོ་རྡུལ་མཚོན་གྱི། །སངས་རྒྱས་དབྱེ་བས་བྲི་བར་བྱ། །སེར་པོ་དཀར་པོ་དམར་སོགས ་ཀྱིས། །ས་དང་ཆུ་དང་མེ་རླུང་ནི། །རིམ་པ་བཞིན་དུ་བྲི་བར་བྱ། །ཤར་གྱི་སར་ནི་དཔལ་ནག་པོ། །ཉི་མ་ལྟ་བུ་ལྷོར་རུའོ། །ནུབ་ཏུ་གསེར་དུ་སྣང་བ་སྟེ། །བྱང་དུ་རི་བོང་འཛིན་དཀར་པོ། །རྡོ་རྗེ་འཛིན་ཞལ་དབྱེ་བས་སོ། །དཀར་པོ་དམར་པོ་ནག་པོའོ། ། ་རིམ་པས་ཡོངས་སུ་བྲིས་ནས་སོ། །ཁ་ཁྱེར་ཕ་གུ་དྲ་བའི་ས། །པདྨ་ཟླ་བ་ཉི་མའི་མདོག་།དྲི་མེད་རི་བོང་ཅན་འདྲ་དང། །དམར་པོ་ནག་པོ་རེ་ཁཱ་གསུམ། །དབུས་སུ་པདྨ་འདབ་མ་བརྒྱད། །ལྗང་ཁུ་ཨ་ལི་ལྟ་བུའོ། །ཀ་བ་རྡོ་རྗེ་ཕྲེང་བར་འགྱུར།། ་དབང་ལྡན་བདེན་བྲལ་མེ་རླུང་དུ། །ཟླ་བ་ཉི་མ་དག་གི་མདོག་།ནག་པོ་སེར་པོ་དམར་པོ་ཡིས། །དུང་དང་གཎྜཱི་ནོར་བུ་དང། །ལྗོན་ཤིང་དང་ནི་དེ་བཞིན་དུ། །བུམ་པ་དཀར་པོ་པདྨ་ཡི། །སྟེང་དུ་ཟླ་བ་དམར་པོ་ནི། །འགྱུར་རོ་ཉིན་མོར་བྱེད་པ་ནི། །པདྨ ་དཀར་པོའི་སྟེང་དུའོ། །པདྨ་དཀར་པོའི་ལྟེ་བ་ལ། །ལྷ་མོ་རྣམས་ནི་གནས་པར་འགྱུར། །པདྨ་དཀར་པོའི་ལྟེ་བ་ལ། །ཉིན་མོ་བྱེད་པ་བཀོད་པ་ཡི། །ལྷ་རྣམས་ཕྱོགས་སུ་གནས་པ་ན། །ཕྱི་རུ་རྡོ་རྗེ་ཕྲེང་བར་འགྱུར། །གཙོ་བོའི་པདྨའི་དབང་གིས ་ནི། །ཁ་ཁྱེར་དག་ནི་མདོག་དཀར་པོ། །བ་ཀུ་ལི་དང་ཀ་བ་ནི། །གསེར་དང་འདྲ་བ་སེར་པོར་འགྱུར། །རྟ་བབས་ཁ་དོག་སྣ་ཚོགས་སོ། །སྦོམ་པོས་ནད་ནི་སྐྱེད་པར་བྱེད། །ཕྲ་མོས་ཉེས་པ་ཁོ་ནར་ནི། །ནོར་རྣམས་མཚན་མ་རི་མོ་སྤང། །ཆད་པས ་འཆི་ཞིང་ཡོན་པོ་ཡིས། །མི་རྣམས་སྐྱེ་བོའི་བདག་པོས་སྐྲོད། །དེ་བཞིན་མཚན་མ་ཉི་མའི་བདག་།སྲིད་པ་ཡི་ནི་འཇིགས་འཇོམས་ལ། །སྔགས་པ་རྣམས་ནི་དངོས་གྲུབ་མེད། །རྡུལ་ཚོན་འདྲེས་ན་རིགས་ནི་འཆད། །རྒྱལ་རིགས ་དཀྱིལ་འཁོར་ལ་རིག་བྱ། །རྒྱལ་བ་ངེས་པ་ཁོ་ནར་སྟེར། །རྒྱུད་ཀྱི་ནང་དུ་གང་མ་གསུངས། །མཚན་མ་མཛེས་པའི་ཆེད་དུ་ནི། །དཀྱིལ་འཁོར་དུ་ནི་དེ་མི་དགོད། །རྒྱལ་བས་རིགས་ནི་ཤེས་མེད་པས། །དེ་ཉིད་བདུད་ཀྱི་མཚན་མའོ། །དེ་ཕྱིར་རྒྱུད་གསུངས ་མཚན་མ་ནི། །རིགས་ཀྱི་དབང་གིས་བྱ་བར་འགྱུར། །དཀྱིལ་འཁོར་སྒོ་ཡི་བར་དུ་ནི། །དྲ་བ་དྲ་ཕྱེད་བར་དུ་བྱ། །ས་དང་རླུང་གི་དཀྱིལ་འཁོར་ལ། །པདྨ་བུམ་པ་སོགས་ཀྱིས་བརྒྱན། །ནག་པོ་ལ་སོགས་རྡུལ་ཚོན་རྣམས། །བཞི་ཆ་འཕེལ་བར་འགྱུར ་བ་སྟེ། །ནས་གཅིག་བར་དུ་མཐོ་བའོ། །ར་བ་རྣམས་ནི་མཐོ་འགྱུར་ཏེ། །ཉིན་མོ་བྱེད་དང་རི་བོང་ཅན། །རེ་ཁཱ་གཞན་ནི་ཉིས་འགྱུར་ཏེ། །དཀྱིལ་འཁོར་འདི་ནི་མཐོ་བ་རུ། །མི་ཡི་བདག་པོ་འགྱུར་བ་ཡིན། །དྲ་བ་དྲ་ཕྱེད་མཐར་ཐུག་དང། །ས་དང་ཆུ ་དང་བྱིན་ཟ་དང། །ཕྱི་རོལ་རྡོ་རྗེ་ཕྲེང་གནས་གཅིག་།ོཾ་གྱི་ཡེ་ཤེས་ལས་སྐྱེས་པར། །རྒྱལ་བ་དམ་པའི་པདྨ་ཡི། །ཉི་མ་ཟླ་བའི་གདན་སྟེངས་སུ། ། སོགས་ཀ་སོགས་སྟོང་པར་བཅས། །སྲིད་པ་གསུམ་ནི་སྐྱེད་པ་ཡི། །ཡུམ་ནི་གཞག་པར་བྱ ་བ་ཡིན། །སྟོང་པ་ཨ་དང་ཆོག་དྲག་དང། །གཞན་ནི་དབྱངས་དང་བྲལ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཡང་དག་འབྱུང་ཕྱིར་སྔགས་སྐྱེ་གནས། །མཆོག་ཏུ་བདེ་བ་བྱེད་པ་ཡི། །ཡེ་ཤེས་རྡོ་རྗེ་བཞི་པའོ། །ཧཱུཾ་ནི་ཁ་དོག་སྣ་ཚོགས་པ། །རྒྱལ ་བའི་བདག་པོའི་པདྨ་ཡི། །ཟླ་བ་ཉི་མ་མེ་སྟེང་དུ། །དབང་ལྡན་བདེན་བྲལ་གྱི་ནི་མཚམས། །རྩེ་མོ་ཅན་དང་རླུང་དུ་ནི། །སྐུ་དང་གསུང་དང་ཐུགས་ཆགས་པ། །ཧཾ་སོགས་བུམ་པ་བརྒྱད་ཀྱིའོ། །ཤར་གྱི་པདྨར་ཨ་ཡི་གེ་།མེ་ཡི་པདྨ་རུ་སོང་བ།། ་ཡི་གེ་ཨི་ནི་རིང་པོ་ཉིད། །གཤིན་རྗེ་བདེན་བྲལ་རི་ཡིག་གཉིས། །ཤར་དང་ནོར་སྦྱིན་ཕྱོགས་སུ་སོང། །ཐུང་དང་རིང་པའི་ཨུ་ཡིག་གོ་།ཆུ་དང་རླུང་གི་མཚམས་སུ་ནི། །གཞན་ཡང་པདྨ་རུ་སོང་བ། །ཐུང་དང་རིང་བའི་ལི་ཡིག་གོ་། །ནག་པོ་དམར་པོ་དཀར ་པོ་དང། །གསེར་ནི་བཅོ་མ་ལྟ་བུ་ནི། །ཞལ་གྱི་དབྱེ་བ་ཡོད་པ་ཡིས། །ཤར་གྱི་སྒོ་ཡི་གཡས་དང་ནི། །རྩེ་མོ་ཅན་ནི་པད་སོང་བ། །རིང་དང་ཐུང་བ་དེ་བཞིན་ཉིད། །གཤིན་རྗེ་དང་ནི་བདེན་བྲལ་དུ། །དེ་བཞིན་དུ་ནི་ཨར་ནི་ཟུང། །ནུབ་དང་རླུང་དུ་ཨལ ་ནི་ཆུང། །གནོད་སྦྱིན་འཕྲོག་མར་ཨོ་ཨཽའོ། །ལྷ་དང་ཆུ་ལྷ་གཤིན་རྗེ་ཡི། །སྒོ་ཡི་གཡོན་དང་གནོད་སྦྱིན་བཅས། །ཾ་དང་ཨ་ཡི་རིམ་པ་ཡིས། །གཞན་ཡང་ཡ་ར་ཝ་ལ་དང། །སྒོ་ཡི་པདྨར་རླུང་ལ་སོགས། །ཤར་གྱི་སྒོ་དང་གཡས་མིན་པར།། ་ཁྲོ་བོ་དག་གི་གདན་དུ་ནི། །རི་བོང་འཛིན་པར་འགྱུར་བ་སྟེ། །གཡས་དང་ནུབ་ཏུ་ཉི་མ་ཡང། །པདྨ་དག་གི་སྟེང་དུ་ནི། །གདན་གཉིས་གང་དུ་རབ་ཏུ་འགྱུར། །ཤེས་རབ་ཐབས་ཀྱི་རབ་དབྱེ་བས། །པདྨའི་སྟེང་དུ་ཟླ་བ་དང། །ཉི་མ་ཡང་ནི་གདན་དུ ་འགྱུར། །གཡས་དང་རྒྱབ་ཏུ་ཉི་མར་འགྱུར། །ལྷ་ཡི་བདག་པོར་གནོད་སྦྱིན་དུ། །ཟླ་བ་ཡི་ནི་གདན་དུ་འགྱུར། །ཐུང་དང་རིང་པོའི་སྡེ་ཚན་དྲུག་།རང་བཞིན་ཡོན་ཏན་དབང་གིས་ན། །ཁ་ཁྱེར་ཀ་བའི་ལོགས་སུའོ། །དྲི་སོགས་རྣམས་ནི་རིམ་པ་བཞིན། ། ་རང་གི་རིགས་ཀྱི་སར་སོང་བ། །ཤར་གྱི་ཆ་ནས་རང་ཕྱོགས་སུའོ། །དེ་ལྟར་བྲིས་པ་ཟིན་པ་དང། །དེ་ནས་རྫས་རྣམས་བསག་པར་བྱ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །སློབ་དཔོན་གྱི་ནི་རྫས་རྣམས་དང། །གདུགས་དང་རྒྱལ་མཚན་ལ ་སོགས་པ། །དཀྱིལ་འཁོར་གྱི་ནི་རྫས་རྣམས་དང། །དེ་རྗེས་མཆོད་པའི་ཡན་ལག་རྫས། །རེ་རེ་ཉི་ཤུ་རྩ་ལྔ་དང། །ཁྱད་པར་ཚོགས་ཀྱི་མཆོད་པའི་རྫས། །ཆང་དང་བདུད་རྩི་ལ་སོགས་པ། །ཅི་འབྱོར་པ་ནི་བསག་པར་བྱ། །བསྲུང་བ ་མདའ་དང་ཕུར་བུ་དང། །ཡུངས་ཀར་ཕུར་བུ་ཚོན་སྐུད་དོ། །སྒྲུབ་པ་བུམ་པ་རྣམས་དང་ཡང། །སྦྱིན་སྲེག་རྫས་དང་གཏོར་མའོ། །བསོད་ནམས་སོགས་པའི་རྫས་དག་ནི། །རིན་ཆེན་བདུན་དང་རྫས་བརྒྱད་དང། །བུམ་པ ་འདོད་འཇོ་ནོར་བུ་དང། །འདོད་པའི་ཡོན་ཏན་རྣམ་པ་ལྔའོ། །རྫས་ནི་ཇི་ཙམ་འབྱོར་པའོ། །དེ་ནས་རྒོངས་ཀྱི་དུས་སུ་ནི། །དཀྱིལ་འཁོར་སྔགས་ཀྱིས་བསླང་བྱས་ལ། །རང་གི་འཁོར་ལ་སྦྲུལ་དང་བསྲེ། །ལྷ་རྣམས་མ་ལུས་ཚང་པར་བསྒོམ། ། ་དེ་ནས་ཤར་དུ་ལས་ཀྱི་ནི། །ཧེ་རུ་ཀ་ཡི་གཟུགས་ཀྱི་དབྱེ། །ཆམ་དམ་སྔགས་ཀྱིས་བསྟོད་པ་དང། །ས་མན་ཏ་ཞེས་སྔགས་ཀྱིས་ནི། །བགེགས་བསྐྲད་ལཱུ་དང་མ་ཚང་བསྐང། །ལྷ་ལ་མེ་ཏོག་ཕྲེང་བ་དོར། །སྔགས་ཀྱི་མཚན་མ་ཁང་པའི ་ནང། །ཤེལ་གྱི་བུམ་པ་དཀར་པོ་ལ། །སྐུད་པ་སྣ་ལྔས་དཀྲིས་པ་ནི། །ཟུར་དུ་ཡང་དག་གཞག་པར་བྱ། །སློབ་དཔོན་འཁོར་ལོའི་ཤར་དུ་ནི། །གནས་ནས་སྡིག་པ་བཤགས་སོགས་དང། །དཀྱིལ་འཁོར་རྒྱལ་པོ་མཆོག་དང་ནི། །ལས་ཀྱི ་རྒྱལ་པོའི་ཆོ་ག་ལ། །རིགས་བཙོ་པདྨ་ལས་སྐྱེས་པའི། །འབྱུང་བ་ཁྲོ་བའི་རྒྱལ་པོ་ཡིས། །ཡེ་ཤེས་འཁོར་ལོ་བཀླུག་ནས་ནི། །མཆོད་ཡོན་དང་ནི་མཆོད་པ་བཅུ། །ལྷ་རྣམས་ཀུན་ལ་རྒྱས་བྱས་ལ། །ཛ:ཧཱུཾ་བཾ་ཧོ:ལྕགས་ཀྱུ་སོགས། །རིམ ་བཞིན་ཡོངས་སུ་བསྐྱེད་པ་ཡི། །དགུག་གཞུག་བཅིང་དང་དགྱེས་བྱས་ནས། །རྡུལ་ཚོན་དང་ནི་རོ་མཉམ་པ། །དབང་གི་ཆེད་དུ་བྱ་བ་ཡིན། །དེ་ནས་བུམ་པ་ཐམས་ཅད་ལ། །བཟླས་པ་ལྷ་རེ་བརྒྱ་བྱས་ལ། །མཆོད་དང་ལྷ་རྣམས་བཞུ་བར ་བྱ། །ཞུ་བའི་ཆུ་ཡིས་དཀྱིལ་འཁོར་ལ། །དབང་བསྐུར་རིམ་པ་བཞིན་བྱས་ལ། །དེ་ནས་བདུད་རྩི་ལྔ་རྣམས་ནི། །ལྷ་རྣམས་སྔགས་ཀྱིས་དབུལ་བར་བྱ། །ཧཱུཾ་ཡིག་ཡེ་ཤེས་ས་བོན་ནི། །སྙིང་པོ་ཡང་ནི་ཆེན་པོ་སྟེ། །བརྩེགས་པའི་ཡི་གེ ་ཞལ་དུ་བྱ། ཧཾ་ལ་སོགས་པ་གོ་ཆ་དྲུག་།ཧེ་བ་ཡི་ནི་སྙིང་པོ་འདི། །སྐུ་ཡི་རྡོ་རྗེ་དང་པོར་ལྡན། །ཕྲེང་བའི་སྔགས་ནི་དེ་བཞིན་གཞན། །ལས་ཀྱི་དབྱེ་བ་དུ་མ་ཡིས། །རྣམ་པ་མང་པོ་རུ་ནི་འགྱུར། །དེ་བཞིན་འཁོར་གྱི་སྔགས་ཀྱིས་ཀྱང། །བདུད་རྩི་ལྔ་ནི ་དབུལ་བ་ཡིན། །དེ་ནས་གོང་གསུངས་བསྲེག་ལུགས་ནི། །ལྷ་རྣམས་ཀུན་ལ་སྦྱིན་སྲེག་སྦྱིན། །དེ་ནས་མཆོད་པ་ཐམས་ཅད་ནི། །དབྱངས་དང་བསྟོད་སྒྲ་ལྡན་པས་ནི། །རིན་ཆེན་གསེར་དང་ཆུ་མེ་ཏོག་།རྣམ་པ་སྣ་ཚོགས་པ་དང་རས། །དྲི ་དང་སྦོམ་དང་མར་མེ་དང། །དྲིལ་བུ་མེ་ལོང་བླ་རེ་དང། །འབྲས་བུ་སྣ་ཚོགས་པ་ལ་སོགས། །གར་དང་རོལ་མོ་སྣ་ཚོགས་པའི། །མཆོད་པ་སྣ་ཚོགས་བྱས་ནས་ནི། །གོང་གི་གཏོར་མ་རྒྱ་ཆེན་སྦྱིན། །དེ་ལྟར་མཆོད་པའི་ལས་ཟིན་ནས།། །། ་དེ་ནས་སློབ་མ་གཞུག་པ་ནི། །ཁྲུས་དང་དྲི་ཡིས་རྗེས་བྱུགས་ཤིང། །ལུས་ལ་གོས་ནི་སེར་བྱིན་ཏེ། །མིག་ནི་དར་གྱིས་བཀབ་ནས་སུ། །ཡོལ་བའི་རྒྱབ་ཏུ་གཞག་ནས་ནི། །བསང་ཆུ་དང་ནི་དྲིས་ལན་བྱ། །རྒྱལ་རྣམས་ལ་ནི་དིང་བདག་ཉིད། ། ་འཁོར་བ་མི་བཟད་འཇིགས་པས་ན། །སྐུ་དང་གསུང་དང་ཐུགས་དག་པ། །སྲིད་པ་ཡི་ནི་འཇིགས་སེལ་བ། །ཁྱེད་ཀྱི་ཞབས་ཀྱི་པདྨ་རུ། །སྐྱབས་སུ་ལྷག་པར་འགྲོ་བར་བགྱི། །གསེར་དང་བཅས་པའི་མེ་ཏོག་གིས། །མཎྜལ་དག་ནི་བྱས་པ ་ཡིན། །དེ་ལྟར་གསོལ་བ་བཏབ་ནས་ནི། །ཡོལ་བའི་ནང་དུ་བསྡུ་བར་བྱ། །བྱིན་གྱིས་བརླབས་པའི་ཕྱག་བཞི་དང། །བདུན་པོ་རྣམ་དག་རྫོགས་པར་བྱ། །དེ་ནས་སྨོན་ལམ་གདབ་པ་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང། །བླ་མ་ཡང་ནི་སྤྱི་བོ་རུ། །གཟུང ་བར་བགྱིའོ་རྡོ་རྗེ་ཡི། །རིན་ཆེན་གྱི་ནི་སྦྱིན་པ་སྦྱིན། །རྒྱལ་བ་མཆོག་གི་དམ་ཚིག་ནི། །སྦྱང་བར་བགྱིའོ་འཁོར་ལོ་ཡི། །རལ་གྲི་ཡི་ནི་མཆོད་པར་བྱ། །ཆུ་ལས་སྐྱེས་ཀྱི་རིགས་ཀྱི་ནི། །སྡོམ་པ་ཡང་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས ་ནི་གྲོལ་བའི་རྒྱུར། །རྒྱལ་བ་སྐྱེད་བྱེད་རིགས་ཀྱི་ནི། །བྱང་ཆུབ་དག་ནི་བསྐྱེད་པར་བགྱི། །དེ་ནས་དམ་ཚིག་སྡོམ་པ་སྦྱིན། །སྙིང་ག་ཡི་ནི་ཟླ་བ་ལ། །ཧཱུཾ་ལས་རྡོ་རྗེ་བཀོད་ནས་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ། ་དེ་ནས་ལྷ་དང་སློབ་དཔོན་ནི། །དམ་ཚིག་རབ་ཏུ་བསྒྲག་པར་བྱ། །ལྕེ་ལ་རྒྱལ་བ་མཆོག་གི་ནི། །དམ་ཚིག་གི་ནི་བདུད་རྩི་བཞིན། །སྤོས་ནི་དབབ་པའི་དོན་དུའོ། །ཧཱུཾ་གི་སྔགས་ནི་གཅིག་པུ་དང། །ར་ར་ལ་དང་ལྷན་ཅིག་ཏུ། །ཁྲོ་བོ་ཡི ་ནི་རྒྱལ་པོ་བསྐུལ། །དེ་ཡི་མཚན་ཉིད་རྒྱུད་ན་གསལ། །དབབ་པ་པདྨའི་རྟིང་ལ་ནི། །སྤྱི་བོ་སྙིང་ག་སྤྱི་གཙུག་དང། །ལྟེ་བ་མགྲིན་པ་གསང་བ་རུ། །རྒྱལ་བ་རིགས་ཀྱི་སར་སོན་པ། །རྡོ་རྗེ་གསུམ་གྱིས་བསྲུང་བར་བྱ། །དེ་ནས་རིགས་ཀྱི་དག ་བྱའི་ཕྱིར། །ོཾ་སརྦ་ཞེས་བྱ་བ་ཡིན། །དཔལ་གྱི་སྔགས་ཀྱིས་མངོན་བསྔགས་ཏེ། །ལག་པའི་པདྨ་སྦྱར་བྱས་ལ། །མེ་ཏོག་གཅིག་ནི་རབ་ཏུ་སྦྱིན། །དང་པོ་བསྐོར་བ་གསུམ་བྱས་ཏེ། །ལག་པའི་པདྨ་སྦྱོར་བྱས་པའི། །མེ་ཏོག་དཀྱིལ ་འཁོར་དུ་ནི་ངོར། །གནས་གང་དུ་ནི་ལྷུང་བ་ནི། །དེ་ཡི་རིགས་སོ་མི་བདག་ཀྱེ། །དབྱེ་བའི་སྔགས་ཀྱིས་མིག་ནི་དབྱེ། །དེ་ནས་རིགས་ཀྱི་ལྷ་དང་ནི། །གཙོ་བོ་ལ་སོགས་པ་ནི་བསྟན། །འཇུག་པ་བདུན་ནོ་མིའི་བདག་པོ། །དེ་ནས་དབང་བསྐུར་བྱ ་བ་ནི། །སློབ་མ་ཤར་གྱི་ས་རུ་ནི། །ཆོ་ག་བཞིན་དུ་ལྷར་བསྐྱེད་ནས། །རིགས་ནི་དག་པར་བྱས་ནས་ནི། །དེ་ནས་བྱང་གི་སྒོ་རུ་ནི། །རྒྱལ་པོ་ཀླུ་དང་བཞི་ཡིས་ནི། །རྒྱལ་དང་རྣམ་རྒྱལ་བུམ་པ་དང། །ལྷ་མོ་རྣམས་ཀྱིས་བཀྲུས་པ་ནི། །སྒྲོལ ་མ་ལ་སོགས་པ་རུ་འགྱུར། །ཅོད་པན་སངས་རྒྱས་རབ་དབྱེ་བས། །བླ་མ་མཆོག་གིས་སྦྱིན་པར་བྱ། །དེ་ལྟར་སྐུ་ནི་དག་བྱས་ལ། །ལྷོ་རུ་གསུང་ནི་དག་པར་བྱས་ལ། །དར་དཔྱངས་ནས་བ་རྣམས་ཡིན་ནོ། །རྡོ་རྗེ་དྲིལ་བུ་ཉི་ཟླ་དང། །དེ ་ནས་ཤར་དུ་བརྟུལ་ཞུགས་ནི། །དབང་པོ་རྣམས་ལ་སྦྱར་བའོ། །མིང་ནི་ཁྲོ་བོ་བྱམས་སོགས་དག་།དེར་ནི་ནུབ་ཀྱི་སྒོ་ཆུ་ནི། །རྒྱལ་བའི་བདག་པོས་ངས་པར་ནི། །སྔགས་དང་བཅས་པའི་གནང་བ་བཞིན། །རྡོ་རྗེ་དྲིལ་བུ་རབ་སྦྱིན་ཏེ། །རབ་མཆོག་གི ་ནི་སྙིང་རྗེ་ཡིས། །དག་པའི་ཆོས་ནི་བསྟན་པར་བྱ།། །།རིགས་གཙོ་རིགས་ཀྱི་ངེས་པར་ནི། །སྲོག་གཅད་པ་ནི་བྱ་བ་ཡིན། །རལ་གྲི་མི་བདེན་པར་སྨྲ་བའི། །རིན་པོ་ཆེ་ཡིས་གཞན་ནོར་དབྲོག་།པདྨས་གཞན་གྱི་བུད་མེད་དབྲོག་། ་ཆང་དང་མར་མེ་སངས་རྒྱས་དང། །ཡུལ་གྱི་དུ་མ་མ་ལུས་དང། །འཁོར་ལོ་ཡིས་ནི་བསྟེན་པར་བྱ། །གྲི་གུག་གཡུང་སོགས་བུད་མེད་ཀྱི། །མཁའ་ཡིས་པདྨ་སྨོད་མི་བྱ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ནོར་བཅས་ལུས་ནི་སྦྱིན་པར་བྱའོ།། ་ཁྱོད་ཀྱིས་ཞེན་པར་མི་བྱའོ། །བསྐལ་པ་དཔག་མེད་རྒྱལ་བས་གསུངས། །སངས་རྒྱས་ཉིད་དེ་གཞན་དུ་མིན། །མིན་པར་འགྱུར་རོ་རིགས་ཀྱི་བུ། །ཆུ་ནི་སྒྲོལ་མ་སོགས་ལྷ་མོ། །ཅོད་པན་འདིར་ནི་རྒྱལ་བ་རྣམས། །དར་དཔྱངས་ནུས་མ་རྣམས ་ཡིན་ནོ། །རྡོ་རྗེ་ནོར་བུ་ཉི་མ་ཟླ། །བརྟུལ་ཞུགས་ཡུལ་ནི་དག་པར་འདོད། །མིང་ནི་བྱམས་པ་སོགས་ལ་སྦྱོར། །གནང་བ་ཡིས་ནི་བྱང་ཆུབ་ཐོབ། །སྲིད་པ་ཡིན་ནི་འཇིགས་པ་སེལ། །དུས་ཀྱི་འཁོར་ལོ་རྗེས་ཤེས་པའོ། །འདི་དག་དབང་ནི་བདུན་ཡིན་ནོ།། ་ཉོན་མོངས་དྲི་མ་སེལ་བར་བྱེད། །དཀྱིལ་འཁོར་དུ་ནི་རབ་སྦྱིན་བྱ། །དབང་བདུན་བསྐུར་བས་ས་བདུན་གྱི། །དབང་ཕྱུག་ཏུ་ནི་གྲོལ་བར་འགྱུར། །བུམ་པ་གསང་བའི་དབང་བསྐུར་བས། །ཡང་ནི་ཕྱིར་མི་ལྡོག་པ་སོགས། །ངེས་པ་ཁོ་ནར་འཇུག ་པར་བྱ། །ཤེས་རབ་ཡེ་ཤེས་ཀྱིས་སྲིད་པའི། །འཇིགས་སེལ་འཇམ་དཔལ་དབྱངས་སུ་འགྱུར། །རྩ་བའི་ལྟུང་བས་དམྱལ་བར་སྲེག་།ལྟུང་བ་དག་པས་དབང་བདུན་ལས། །གནས་པ་ཡོན་ཏན་གྱིས་སྦྱང་བྱ། །བུམ་གསང་གནས་པ ་བརྒྱ་ལ་ནི། །བརྟུལ་ཞུགས་པ་ཡི་དབང་གིས་ཏེ། །རྩ་ལྟུང་བྱས་ནས་སླར་ཡང་ནི། །དག་ཕྱིར་དཀྱིལ་འཁོར་འཇུག་པར་བྱ། །གནད་ཐོབ་ཚོགས་ནང་འཇུག་པ་ན། །སླར་ཡང་རྒན་ནས་གཞོན་སྤང་ངོ། །དེ་ནས ་སྔགས་ཀྱི་དབང་བསྐུར་སྦྱིན། །དབང་བདུན་གྱི་ནི་ཆོ་གའོ། །བུམ་པ་ཡི་ནི་དབང་བསྐུར་བ། །བདག་ནི་བདེ་གཤེགས་ཀུན་གྱི་ལམ། །དཔལ་ལྡན་བླ་མ་ཁྱེད་ཀྱིས་ནི། །བཀའ་དྲིན་གྱིས་ནི་བདག་འཚལ་ལོ། བླ་མ ་ཁྱེད་དང་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་མ་གཏོགས་པར། སློབ་དཔོན་གཞན་ནི་མཉེས་མི་བགྱི། །དེ་ལྟར་གསོལ་བ་བཏབ་ནས་ནི། །དཀྱིལ་འཁོར་ཕྱི་རུ་མཎྜལ་བྱ། །རེ་ཁཱ་ལྔ་ཡིས་སྤྲས་པ་ཡི། །དབུས་སུ་པདྨ་འདབ ་བརྒྱད་བྱ། །དེ་རུ་སློབ་མ་བཞག་ནས་ནི། །བརྒྱད་དང་དེ་བཞིན་བཞི་ཡིས་ནི། །བུམ་པ་ནོར་བུ་གསེར་གྱི་འམ། །ས་ལས་བྱུང་བ་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པ་ཡི། །རྒྱལ་དང་རྣམ་རྒྱལ་བུམ་པ་ཡིས་ཤིང་སྟེགས་དབུས་སུ ་བཀྲུ་བར་བྱ། །ཀླུ་ཡིས་དཔལ་གྱི་ཅོད་པན་བཅིངས་ནོར་གྱི་དཔལ་གྱི་འདབ་མ་ལ། །བཞི་ཡིས་བཀྲུ་དང་དར་གྱིས་བཅིང། །ཕྱག་རྒྱ་དཔལ་བུམ་གཅིག་གིས་གཏེར། །འདིར་ནི་བར་མ་དང་བྲལ་ཞིང། །རི་མོ་འང་ནི་རྣམ་པར་སྤང། །དང་པོ་ཆུ་ལ ་སོགས་པ་ཡིས་དགེ་བསྙེན་དུ་ནི་འགྱུར་བ་ཡིན། །བུམ་པ་ཡིས་ནི་དགེ་ཚུལ་འགྱུར། །གསང་དབང་དགེ་སློང་དུ་འགྱུར་ཏེ། །གནས་བརྟན་འགྱུར་བ་གོང་མའི་རྒྱུ། །དེ་ནས་གཏོར་གསུམ་ཕྱག་རྒྱ་སྦྱིན། །ཁྱབ་འཇུག་ཐུགས་སུ་བྱ་བའི་ཕྱིར། ་ཕྱག་རྒྱ་དྲུག་ལྔ་ཅོད་པན་སྦྱིན། །ཚངས་པའི་སྐུ་ཕྱིར་མཆོད་ཕྱིར་ཐོགས། །དབང་ཕྱུག་གསུང་དུ་བྱ་བའི་ཕྱིར། །རང་གི་རྒྱལ་པོའི་རིགས་དབང་གིས། །དེར་ནི་ཕྱག་རྒྱ་སྦྱིན་པར་བྱ། །དེ་ལྟར་སྐུ་གསུང་ཐུགས་དབང་དུ། །ལུང་བསྟན་པ་ནི ་དབུགས་དབྱུང་དང། །མིག་ཐུར་ཉོན་མོངས་སྤངས་པ་དང། །མེ་ལོང་ཡེ་ཤེས་དབང་དང་ནི། །ཆོས་དང་ཕྲིན་ལས་གནང་བ་དང། །སློབ་དཔོན་གྱི་ནི་ལས་རྣམས་དང། །དམ་ཚིག་རྣམས་ནི་བསྒྲག་པར་བྱ། །དེ་ལྟར་དབང་བསྐུར་ཟིན་ནས་ནི།། །། ་རབ་ཏུ་གནས་པ་བརྩམ་པར་བྱ། །སྟེང་དུ་བླ་རེ་བྲེས་ནས་ནི། །ས་ཡི་སྟེང་གི་གནས་སུ་ནི། །ཀུན་ནས་ནི་ཡིག་གསུམ་བྲིའོ། །དེ་ནས་ཙམ་དུ་གཞག་པར་བྱའོ། །ནོར་བུ་གསེར་གྱི་བུམ་པ་རྣམས། །གསེར་གྱི་སྣོད་དང་དངུལ་ལ་སོགས། །ཡང་ན ་དངུལ་ལས་བྱུང་བ་ལ། །དྲི་ཡི་ཆུ་ནི་གཞག་པར་བྱ། །ནང་དུ་གསེར་ལས་བྱུང་བའི་སྟེགས། །ངེས་པ་ཁོ་ནར་གཞག་པར་བྱ། །མེ་ཏོག་ལ་སོགས་དྲི་བདུགས་ལ། །ཉི་མ་མེ་ལ་བསྲོས་པ་ཡིས། །ལྷ་རྣམས་ལ་ནི་བྱུག་པར་བྱ། ཕྱེ་མ་རྣམས་ཀྱིས ་མཉེས་ནས་ནི། །སྦྲང་རྩི་ཁྲོ་དུང་མར་རྣམས་དང། །འོ་མའི་ཆུ་ཡིས་བཀྲུ་བར་བྱ། །གྲུབ་པའི་དོན་དུ་མར་མེ་དང། །འབྲས་བུ་སྣ་ཚོགས་མཆོག་གིས་བྱ། །འདི་རུ་བྱས་པ་ཟིན་ནས་ནི། །གནས་དེ་ནས་ནི་བསྐྱོད་པར་བྱ། །དེ་ནི་གནས་ནས་བསྐྱོང་བྱས ་ནས། །སྐུ་ལ་ན་བཟའ་དམར་པོས་ནི། །ཡང་དག་པར་ནི་བགབ་པར་བྱ། །དཔལ་གྱི་དཀྱིལ་འཁོར་མཛའ་རུ་ནི། །ས་མཉམ་གནས་སུ་རྒྱལ་བ་ཡི། རི་མོ་ལྔ་ནི་བྲིས་ནས་སུ། །དབུས་སུ་པདྨ་འདབ་མ་བརྒྱད། །རང་གི་རིགས་ཀྱི་ཕྱོགས་སོང ་བ། །མཚན་མ་ལྔ་ཡིས་བརྒྱན་པ་ཡི། །དེ་ཡི་དབུས་སུ་གཞག་པར་བྱ། །ལྷ་དང་ལྷ་མོ་སྐུ་ཐུགས་ནི། ཞལ་གྱི་པདྨ་ལོགས་སུ་བྱ། །མཆོད་རྟེན་ལ་སོགས་གླེགས་བམ་དང། །དེ་བཞིན་དུ་ནི་བྲི་སྐུ་ལ། །དེ་ལ་སྔགས་པ་ཁ་ཕྱོགས་བྱ། །རྒྱལ ་བ་མཆོག་དང་ལྷན་ཅིག་ཏུ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །སྟོང་པའི་རང་བཞིན་དུ་ཤེས་བྱ། །ཕྱི་ནས་སྔོན་གསུངས་རྣལ་འབྱོར་པ། ཟླ་བ་ཉི་མ་མེ་སྐྱེས་ལ། །དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། །རིག་མ་ལྷ་མོ་སོགས་སངས་རྒྱས ་ཨཱ་ལི་ཀཱ་ལི་རིགས་སྐྱེས་ཤིང། །རང་རང་ས་བོན་ལས་སྐྱེས་རྣམས། །སྙིང་ག་མགྲིན་པ་ལྟེ་བ་དང། །སྤྱི་བོ་སྤྱི་གཙུག་འཁོར་ལོ་རུ། །རིགས་ཀྱི་དབང་གི་བསྒོམ་པར་བྱ། །དེ་བཞིན་དུ་ནི་བསྒོམ་བྱ་བ། །སླར ་ལ་ཡང་ནི་ལྷ་རྣམས་ནི། །མ་ལུས་པ་ཡི་རང་ལུས་ལ། །ཡེ་ཤེས་སེམས་དཔའ་བཀུག་ནས་ནི། །གཉི་ག་མཉམ་པར་བྱ་བའོ། །ཁྲོ་བོའི་རྒྱལ་པོ་རང་ལུས་ལ། །གཞུག་དང་བཅིང་དང་མཉེས་པ་དང། །རོ་མཉམ་བྱ་ཕྱིར་ལྷ་རྣམས ་དང། དེ་ནས་སློབ་དཔོན་ཉིད་ཀྱིས་ནི། །ལྷ་རྣམས་ཞལ་བསལ་ཕྱག་ནི་བྱ། །ལྷ་དང་ལྷ་མོ་རྣམས་ཀྱིས་ནི། །ས་བོན་ཨ་སོགས་ཀ་སོགས་དང། །རང་རིག་ཡོན་ཏན་གྱི་ས་སོང་བ། །སྙིང་གའི་དབུས་སུ་ས་བོན་ཏེ། །ཟླ་བ་ཉི་མ་སྦྱང་བ་ཡི ་སྐུ་དང་གསུང་དང་ཐུགས་སུ་ཀུན། །སུམ་ཅུ་རྩ་གཉིས་མཚན་ལྡན་ཉིད། །ལུས་ནི་མ་ལུས་པར་སོན་པའི། །མཁའ་བརྒྱད་དེ་ཉིད་དབྱིངས་ཀྱིས་ཕྱེ་བ་ནི། །གླེགས་བམ་རྣམས་ཀྱི་ཡི་གེ་དང། །འདབ་མ་རྣམས་ནི་རྣམ་པར་དགོད། ་མཆིར་?ལེན་ནང་དུ་དཔལ་འཁོར་ལོ། །མེ་དང་ནོར་བུ་དཔལ་མ་མོ། །དབུས་སུ་རལ་གྲི་ཧཱུཾ་ལས་གྱུར་པའི་གྲང་ཕྲེང་ནི། །རི་ལུ་ཡོངས་སུ་བགྲང་བ་ནི། །གསལ་བྱེད་རྣམས་ཀྱི་མཚན་ཉིད་དོ། །དྲིལ་བུའི་ལུས་ལ་དབྱངས་རྣམས་ཏེ།། ་བཅུ་ཡི་སུམ་འགྱུར་བྱས་པ་ཡིས། །ཀ་སོགས་སྡེ་མཚན་རྡོ་རྗེ་མ། །མཆོད་ཕྱིར་ཐོགས་ལ་སོགས་པ་དང། །ནོར་ལྷ་བཅུ་ཡིས་བགྲངས་པ་ཡིས། །གསལ་བྱེད་རྣམས་ནི་སྒྲོལ་བྱེད་ལ། །ཀ་སོགས་སྡེ་ཚན་གུག ་སྐྱེད་བཅས། །ནམ་མཁར་རོ་དང་ཡོན་ཏན་རྣམས། །རྣལ་འབྱོར་རང་ལ་བསྒོམ་པར་བྱ། །ཧ་ཧཱ་དཔལ་གྱི་རྣ་ཆ་ལ། །རྦ་བ་ཟུང་གཅིག་མགུལ་ཏོ་དང། །སྐེ་རགས་དག་ལ་དགོད་བའོ། །དེ་བཞིན་ཡི་གེ་ཡ་ནི་ཟུང། །གདུ་བུ་དག ་ལ་དགོད་པར་བྱ། །ེར་ཀ་རྣམས་ལ་ཧ་ཧཱ་གཉིས། །རྣམ་པ་ལྔ་ཡི་སྟོང་པ་ནི། །ལུས་ནི་མ་ལུས་པར་ཁྱབ་པའི། །ཐལ་བ་ཡང་ནི་བསྒོམ་པར་བྱ། །རང་ལུས་ཡེ་ཤེས་རྣམ་པའོ། །རིགས་གསུམ་གཙོ་བོ་ལྷན་ཅིག་པའོ། །ཕུང་པོ་ཁམས ་སོགས་?་པ་ནི། །རང་གི་སྙིང་གའི་པདྨ་ནི། །ས་བོན་སོ་སོའི་རིམ་པ་ཡིས། །ལྷ་རྣམས་དགང་པར་བྱ་བ་ནི། །མཆོད་རྟེན་ལྡེར་སོ་ལ་སོགས་ལ། །ས་བོན་བཀོད་པས་རབ་གནས་འགྱུར། །རང་གི་ལུས་ལ་ས་བོན་དབབ། །ལག་པ་ལ་ནི ་རིགས་ཀྱི་གཙོ། །སྡུད་པ་ཡི་ནི་དུས་སུ་མིན། །རི་མོ་བྲིས་པའི་བྲིས་སྐུ་རྣམས། །འདི་རུ་མེ་ལོང་ལ་ནི་ཁྲུས། །བྱས་ནས་དྲི་དང་སྤོས་དང་ནི། །དྲི་ཞིམ་མེ་ཏོག་གིས་མཆོད་བྱ། །གླུ་དང་གར་དད་རོལ་མོ་དང། །གོས་ནི་མཆོག་གི་སྣ་ཚོགས ་པ། །རྔ་ཡབ་གདུགས་རྣམས་ཀྱིས་ནི་མཆོད། །དེ་ལྟར་རབ་གནས་བྱས་ནས་ནི། །དྲི་ཡི་མཆོག་ནི་སྣ་ཚོགས་པས། །དགེ་འདུན་ལ་ནི་སྟོན་མོ་བྱ། །ཁྲོན་པ་རྫིང་དང་མཚེའུ་དང། །ཕྱོགས་བཞི་མཚམས་ནི་བཞི་པོ་རུ། །ཀླུ་ཡི་རྒྱལ་པོ ་རྣམས་ནི་དགོད། །མཚོན་བདུན་རང་གི་ས་བོན་ནི། །སྦྲང་རྩི་ཆུ་དང་ལྡན་པ་ཡི། །བ་ཡི་ལྔ་ནི་གཞུག་པར་བྱ། །སྦྱིན་སྲེག་མཐར་ནི་རྫིང་སོགས་སུ། །ཆུ་ལྷ་དགར་པོ་ཕྱག་ན་ནི། །ཞགས་པ་བསྣམ་པ་ལ་བསྒོམ་པར་བྱ། །སྐྱེད་མོས་ཚལ ་དང་དཔག་བསམ་ཤིང། །ཡང་ན་ཀུན་དུ་བསྐྱེད་པའི་ཤིང། །ཤིང་གཅིག་པ་ལ་གཏོར་བར་བྱ། །དེ་ནས་རབ་གནས་ཟིན་པ་དང། །དམ་པ་ཡི་ནི་མན་ངག་གིས། །རྫོགས་པའི་དབང་རྣམས་རིམ་བཞིན་སྦྱིན། །ཅི་འབྱོར་པ་ཡི་ཚོགས་འཁོར ་དང། །དཔའ་བོ་ཡི་ནི་སྟོན་མོ་བྱ། །སྲིད་པ་རྣམ་པ་གསུམ་སོང་བའི། །འཇིག་རྟེན་གསུམ་གྱི་སེམས་ཅན་ཡང། །ཡེ་ཤེས་ལྕགས་ཀྱུས་བཀུག་ནས་ནི། །སྙིང་རྗེས་དཀྱིལ་འཁོར་དུ་དབང་སྐུར། །སངས་རྒྱས་བདུད་རྩིའི་རྡོ་རྗེ་ཡིས། །ལུས ་ནི་ཟླ་བ་ལྟ་བུར་འགྱུར། །རྡོ་རྗེ་ཅན་གྱི་ལམ་རྙེད་ནས། །རང་གི་གནས་སུ་བཏང་བར་བྱ། །ཉོན་མོངས་པ་དང་བྲལ་བ་ལས། །བྱང་ཆུབ་སྤྱོད་པ་རྗེས་སུ་གཞོལ། །དེ་ནས་དཀྱིལ་འཁོར་མདུན་དུ་ནི། །སློབ་མས ་ཡོན་གྱི་མཆོག་རྣམས་དབུལ། །ལུས་ཀྱི་ནང་གི་དྲུག་ཆ་ནི། །ལག་པ་རྐང་པ་དག་དང་ལུས། །ཡན་ལག་མཆོག་ནི་སྦྱིན་པ་དག་།སློབ་དཔོན་ལ་ནི་རབ་ཕུལ་ན། །བདེ་བའི་གོ་འཕང་ཐོབ་པར་འགྱུར། །སངས་རྒྱས་ཟབ་མོ་རབ་ཏུ་དབྱེ།། ་ལས་ཀྱི་དབང་པོ་རྣམས་ལས་ཚིག་།ཡོན་དང་བཅས་པ་དབུལ་བར་བྱ། །ཁམས་ཀྱི་ནང་ནས་ཆ་དྲུག་པ། །རྐང་པ་གཉིས་དང་ཕྱུགས་ཀྱི་ཚོགས། །དེ་ཁོ་ན་ཡི་ཆ་མནན་ནི། །ཅོད་པན་དར་དང་དོ་ཤལ་དང། །གདུ་བུ་ཡང་ནི་དེ་བཞིན་ཏེ། ། ་རྣ་ཆ་སྐ་བོ་ཆེ་ལ་སོགས། །སློབ་དཔོན་ལ་ནི་རབ་ཕུལ་ཞིང། །རང་གི་ནུས་པས་ཡོན་རྣམས་ནི། དབུལ་པོ་མི་ཡི་བདག་པོ་ཀྱེ། །།མ་ལུས་ཚོགས་ཀྱི་རིགས་ལ་ཡང། །བསོད་ནམས་རྒྱུ་རུ་དབུལ་བ་ནི། །གཞན་གྱི་དོན་དུ ་སྨོན་ལམ་གདབ། །བསོད་ནམས་འདི་ཡིས་སེམས་ཅན་རྣམས། །བཅོམ་ལྡན་རྣམ་པ་གསུམ་གྱི་ནི། །བླ་མེད་བྱང་ཆུབ་ཐོབ་པར་ཤོག།། །དེ་ནས་བཟོད་པར་གསོལ་བ་ནི། །རང་གི་སྙིང་གའི་པདྨ་རུ། །ཡེ་ཤེས་སེམས་དཔའ་ ་གཤེགས་སུ་གསོལ། །པདྨའི་བར་གྱི་རྡུལ་མཚོན་རྣམས། །ཆུ་བོ་གཙང་མར་བསྐྱུར་བར་བྱ། །དམ་པ་དང་པོའི་རྒྱུད་རྒྱལ་མཐོང་ནས་བདག་གིས་ནི། །རིམ་བཞིན་རྗེས་སུ་སྦྱར་གྱི་རང་བཟོར་བྱས་པ་མིན། །སློབ་མ་དམ ་པས་གསོལ་བཏབ་ངོར་བྱས་ཀྱི། །ང་རྒྱལ་ལ་སོགས་གྲགས་པའི་དབང་གིས་མིན། །བདག་གིས་ཆོ་ག་འདི་བྱས་པས། །བློ་དང་ལྡན་པས་རྟོགས་པ་དང། །བྱེད་པ་དགེ་བ་སྤེལ་བ་དང། །བསྟན་བཅོས་རྙེད་དང་ལྡན་པར་ཤོག། །། ་དཔལ་ཡིད་དུ་འོང་བའི་ཕྲེང་བ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་།དུས་ཀྱི་ཞབས་ཆེན་པོ་དམ་པའི་སྣང་བ་དང་ལྡན་པས་མཛད་པ། རྫོགས་སོ།། །།པཎྜི་ཏ་ཆེན་པོ་བྷ་ནི་ཤྲཱི་དང། ལོཙཱ་བ ་ལ་མཆི་མས་ཡོན་ཏན་འབར་གྱིས་བསྒྱུར་བའོ།། (།།དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བཞུགས་སོ།།)་།།།*། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ས་ཧ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་དུས་ཀྱི ་