CLOSE WINDOW

N866: dpal dus kyi 'khor lo'i dkyil 'khor gyi cho ga zhes bya ba
Wyliee-texts based on the ACIP/ALL Input

(དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་བཞུགས་སོ།།)་།། *། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་མཎྜ་ལོ་པ་ཡི་ཀཱ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ་དངོས་དང་དངོས་མེད་རྣམ་པར་མཁྱེན་པས་འཁོར་བའི་འཇིགས་པ་རབ་ཏུ་འཇོམས་པར་མཛད་པ་ཡི། །ཐབས་དང་ཤེས་རབ་རང་བཞིན་ཁྱབ་བདག་དཔལ་ལྡན་དུས་འཁོར་ངེས་པར་གཞན་གྱི་དོན་མཛད་ལ། །ཕྱག་བྱས་སེམས་ཅན་དོན་ཕྱིར་རྒྱུད་གསུངས ་ཆོ་ག་བཞིན་དུ་དེ་ཡི་དཀྱིལ་འཁོར་ཆོ་ག་ཉིད། །རང་གི་དོན་དང་འོན་ཀྱང་གཞན་དོན་དུ་ཡང་འགྱུར་བས་ཡིད་ལ་འདོད་པ་སྒྲུབ་བྱེད་བཤད། །འདིར་ཐོག་མ་མེད་པའི་མ་རིག་པའི་མུན་པའི་ཚོགས་ཀྱིས་བློའི་མིག་བསྒྲིབས་པས་མི་བདེན་པའི་ལམ་ནས ་འགྲོ་བའི་སེམས་ཅན་གྱི་ཚོགས་སྡུག་བསྔལ་སྤྱོད་པ་བསལ་བར་ནུས་པར་ཡང་དག་པར་མཐོང་བས། །སྙིང་རྗེ་མཆོག་དང་ལྡན་པའི་མངོན་པར་ཤེས་པ་ཐོབ་པའི་དགེ་སློང་ངམ། དགེ་ཚུལ་ལམ་ཁྱིམ་ན་གནས་པ་རྣམས་སམ། སྙིང་རྗེ་དང་ལྡན ་པ་ལ་སོགས་པ་མངོན་པོར་ཤེས་པ་མེད་པའི་རྡོ་རྗེ་སློབ་དཔོན་དང་པོར་བསྙེན་གནས་ཀྱི་བསླབ་པ་ལ་གནས་པ་ལ་སོགས་པས་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་ལམ ་གྱིས་དེ་རྣམས་ཀྱི་སྤོབས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བཟུང་བ་ནི། །དེ་ཡང་སློབ་མ་དམ་པ་རྣམས་ཀྱིས་གསོལ་བ་གདབ་པ་དང། དགེ་བའི་ཉི་མ་ལ་སོགས་པ་ལ་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་དུ་སོང་བས། དཀྱིལ་འཁོར་གྱི ་ས་གཞི་ཡོངས་སུ་བརྟག་པར་བྱ་སྟེ། དེ་ཡང་གྲོང་ཁྱེར་ལ་སོགས་པའི་དབང་ལྡན་དང། བྱང་ཕྱོགས་སུ་ཞི་བ་དང་རྒྱས་པའོ། །ཤར་དང་མེའི་མཚམས་སུ་དབྱེ་བ་དང་བསྐྲད་པའོ། །བདེན་བྲལ་དང་ལྷོ་ཕྱོགས་སུ་དབང་དང་དགུག་པའོ། །ནུབ་དང ་རླུང་དུ་རེངས་པ་དང་རྨོངས་པའོ། །གྲོང་ཁྱེར་ལ་སོགས་པའི་དབུས་སུ་ལས་ཐམས་ཅད་པའི་དཀྱིལ་འཁོར་བྲི་བ་སྟེ། དེ་ཡང་དབུས་ཅུང་ཟད་མཐོ་བ་ལ་ཤར་དང་བྱང་ཅུང་ཟད་གཞོལ་བའི་ས་གཞི་རུ་བཟུང་བར་བྱ་བ་ནི་དེ་ཡང་དབྱེ་བ་ལ་བཞི་སྟེ། བྲམ་ཟེ་དང ་རྒྱལ་རིགས་དང་རྗེའུ་རིགས་དང། དམངས་རིགས་རྣམས་ཀྱིས་དབྱེ་བས་ཁ་དོག་དང་དྲི་དང་རོ་རྣམས་ཀྱིས་ཤེས་པར་བྱའོ། །ཞི་བ་དང་རྒྱས་པ་ལ་དཀར་པོའོ། །དབང་དང་དགུག་པ་ལ་དམར་པོའོ། །རེངས་པ་དང་རྨོངས་པ་ལ་སེར་པོའོ། །བསད ་པ་དང་བསྐྲད་པ་ལ་ནག་པོའོ། །རོ་ཐམས་ཅད་དང། དྲི་ཐམས་ཅད་དང་ནམ་མཁའ་ཨི་ཁམས་རྣམ་པར་དག་པ་ལས་ཐམས་ཅད་པ་ལ་ལྗང་གུའོ། །དེར་ནི་དོང་བྲུས་དེ་ཉིད་ཀྱིས། མྱུར་བར་དོང་ཉིད་རབ་ཏུ་དགང། །གལ་ཏེ་དགང་བར་གྱུར་པ་ན། ། ་ས་གཞི་དེ་ཉིད་དགེ་བར་ཤེས། །སླར་ཡང་དོང་དེ་མཐོ་གང་ཙམ། །བྲུ་བར་བྱས་ཏེ་ཆུས་བཀང་ལ། །གོམ་པ་བརྒྱ་རུ་འགྲོ་བར་བྱ། །འོངས་ནས་བལྟ་བར་བྱས་པ་དང། །གང་བར་གྱུར་ནས་ས་གཞི་དགེ་།དམའ་ན་དགེ་བར་མི་འདོད་སྤང། །ཚུ ་ཉིད་སྒྲ་དང་བཅས་ཙམ་གྱིས། །ཀླུ་ཡི་འཇིགས་སོགས་གོ་བར་བྱ། །ཞེས་པ་ནི་ས་གཞི་བརྟག་པའོ། །དེ་ལྟར་སློབ་དཔོན་གྱིས་སའི་མཚན་ཉིད་ཤེས་པར་བྱ་ལ། །དཔྱིད་ཟླ་འདྲའི་བོ་དང་དཔྱིད་ཟླ་བ་ཆུང་ངམ། །ཟླ་བ་གཞན་རྣམས་ཀྱི་ཚེས་ལྔ ་འམ་བཅུ་ལ་གདུག་པའི་གཟའ་ལ་འཇུག་པོད་ལ་སོགས་པ་དང་བྲལ་བའི་དུས་ཀྱི་སྔ་དྲོ་ལ། །ཁྲུ་བཞི་ཙམ་བ་ལང་གི་ལྕི་བས་བྱུགས་ཏེ། །དཀྱིལ་འཁོར་དུ་བརྟགས་པའི་ས་གཞིའི་ཆའི་དབུས་སུ་ཤར་དུ་ཁ་ཕྱོགས་ཏེ་བསྡད་ལ་ལྷའི་རྣལ ་འབྱོར་ལ་གནས་ཏེ། དེ་ན་གནས་པའི་ཞིང་སྐྱོང་རྣམས་ལ་མེ་ཏོག་ལ་སོགས་པས་མཆོད་ནས། །འདི་ན་གནས་པའི་ལྷ་ཀླུ་དང། གནོད་སྦྱིན་སྲིན་པོ་འམ་ནི་གཞན་དེ་ཉིད་རྣམས་ལ་ས་གཞི་སློང། །དཀྱིལ་འཁོར་དོན་དུ་དེ་གསོལ་ཅིག་།ཅེས ་ལན་གསུམ་དུ་བརྗོད་ནས་གསུང་བར་འགྱུར་བའི་ཆོ་གས་དག་པ་ལ་སོགས་པ་བྱས་ལ། །གྲོང་གི་མིང་ངམ་རང་རང་གི་མིང་དང་སྔགས་འདིས་གཏོར་མ་སྦྱིན་ནོ། །ོཾ་ཨཱ(རྒྱུད་འགྲེལ་བཾ་ཨཀྵ་ཏཾ་བཱ་མ་ཧེ་ས་པ་རི་ཝཱ་ར(རྒྱུད་འགྲེལ་ནི་ཞིང་སྐྱོང་གཤེགས་པའི་ཆོ་གའོ། །དེ་ནས་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་སྲུང་བའི་འཁོར་ལོ་བསྒོམས་ཏེ་བགེགས་བསྲེག་པ་དང་བསྐྲད་པ་དང་གདབ་པ་རྣམས་བྱས་པ་དང། ཁྲོ་བོའི་ཆོ་གས་སྤྲོས་ལ་ཕྱོགས་བཅུ་བསྲུངས་ནས་སའི་ལྷ ་མོ་སྤྱན་དྲང་བར་བྱ་སྟེ། དེའི་རིམ་པ་ནི་རང་གི་སྙིང་གར་ཟླ་བ་དང་ས་གཞི་ལ་ཡང་པདྨའི་སྟེང་དུ་ཟླ་བ་ལ་ལཱཾ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་སེར་པོའོ། །དེ་ཡོངས་སུ་གྱུར་པ་ལས་སའི་ལྷ་མོ་ཞལ་གསུམ་ཕྱག་དྲུག་མ་གཡས་ན་འཁོར་ལོ་དང ་དབྱུག་པ་དང། རྡོ་རྗེ་རྣམས་འཛིན་པ། གཡོན་ན་མདུང་དང་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་འཛིན་པ་ན་བཟའ་སེར་མོ་དང་རིན་པོ་ཆེས་བརྒྱན་པར་བསམས་ལ། །ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྔོན་དུ་གསུངས་པའི ་གཟུགས་ལྟར། ཛ:ཧཱུཾ་བཾ་ཧོ་ཞེས་པའི་སྔགས་ཀྱིས་སྤྱན་དྲངས་ཏེ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཅིག་ཏུ་བྱས་ནས་ཡོན་ཆབ་སྣོད་ཆུ་དང་དྲི་ལ་སོགས་པ་དང་བཅས་པའི་ཡོན་ཆབ་དབུལ་བའི་ཚིགས་སུ་བཅད་པ་འདི ་ལྟ་སྟེ། ལྷའི་བདག་པོ་དང་བཅས་བདུད་སྡེ་རྒྱལ་བས་བཅོམ་དུས་ལྷ་མོ་ཁྱོད་ནི་དབང་དུ་གྱུར་པའི་ཚེ། ཁྱེད་ལ་ལྷ་ཡི་མཆོག་གི་མཆོད་དང་ཕྱག་རྒྱས་བཞེས་པའི་ཕྱིར་ནི་དེང་ཡི་ཡོན་ཆབ་འདི་ཡང་བཞེས། །ཞེས་པས་བསྟོད་ལ། །བྱང་ཆུབ་རྒྱུ ་ལ་སྟོབས་མཆོག་ལྡན་པའི་བདུད་ཀྱི་སྡེ་རྣམས་རྒྱལ་བས་བཅོམ་པ་ཇི་ལྟ་བ་བཞིན་དུ། །དེ་བཞིན་བདག་ཀྱང་སློབ་མ་རྣམས་ཀྱི་དབང་གི་དོན་དུ་བདུད་ཀྱི་སྟོབས་རྣམས་འཇིག་པར་བྱེད་པའོ། །ཞེས་པས་གསོལ་བ་བཏབ་ལ་སྔགས་འདིས ་མཆོད་དོ། །ོཾ་ལཾ་ཨཱ:ཧཱུཾ་བ་སུརྡྷ་ར་སརྦ་བུདྡྷ་ཛ་ན་ནི་སརྦ་ས་ཏྭོ་པ་ཀཱ་རི་ཎི་བཛྲ་སཏྭཱ་ཛྙཱ་པ་ཡ་ཏི་ཤཱི་གྷཾ་མཱ་གཙྪཱ་གཙྪེ་དཾ་གོ་དྷཾ་པུཥཔཾ་དྷཱུ་པཾ་དཱི་པཾ་ནཻ་པེ་ཏྱཾ་ཕ་ལཱ་ཀྵ་ཏེ་ད་དཱ་མི་ཏཱ་ཝ་ཏྭ་མེ་ཝ་གྲིཧྞ་གྲིཧྞ་མཎྜཾ་ལཱརྠཾ་མ་མསྠཱ་ནཾ་ད་དཱ་སརྦ་སཏྭ་ནཾ་ཤནྟིཾ་པུཥྚིཾ་ཀྲི་ཏོ་སུ་བྷ ་ཙིཏྟེ་ནེ་དཾ་སྠཱ་ནཱཾ་ཏྱཀྟཱ་པ་ར་སྤཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པ་ནི་སའི་ལྷ་མོ་གཤེགས་སུ་གསོལ་བའི་ཆོ་གའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱོགས་བཅུ་ན་ནམ་མཁའ་ཨི་ཁམས་ཁྱབ་པར་བལྟས་ལ་ཡོན་ཆབ་ལ་སོགས་པ ་བྱིན་ནས་མེ་ཏོག་ལ་སོགས་པས་མཆོད་ལ། དེ་རྣམས་ལ་རབ་ཏུ་གསོལ་བ་གདབ་པ་འདི་ལྟ་སྟེ། སངས་རྒྱས་རྣམས་དང་སྡིག་པ་བྲལ་བའི་བྱང་ཆུབ་སེམས་དཔའ་ཕྱོགས་རྣམས་ལ་བཞུགས་གང་དག་བཙུན་མོར་བཅས། །སྙིང་རྗེ་མཆོག་ལྡན ་དེ་ཉིད་རྣམས་ཀྱིས་བདག་ལ་དཀྱིལ་འཁོར་དུ་ནི་དབང་བསྐུར་དོན་དུ་སྐྱབས་སུ་གསོལ་ཞེས་བས་སོ། །དེ་ནས་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པ་གཞན་རྣམས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ། །རྡོ་རྗེ་ཞགས་པས་བཅིང་བར་བྱའོ། །རྡོ་རྗེ་ཕུར ་བུས་ཁྲོ་བོའི་རྒྱལ་པོའི་ལྟེ་བ་མན་ཆད་མདུང་གི་རྣམ་པ་ཅན་སྡང་བ་རྣམས་ཀྱིས་སྟེང་ནས་འདེབས་པར་བསམས་པའི་སྔགས་ཀྱི་རྐང་པ་འདི་ལྟ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་པུ་ཛ་ཥ་ཊ་སརྦཱ་ཙ་ར་ཎ་སརྦ་བིགྷཾ་བི་ནཱ་ཡཱ་ཀཱ་དི་དུཥྚ་ནཾ། ཀཱ་ཡ་བཱཀྩི་ཏྟ་ཛྙཱ་ན་ཀཱི་ལ་ཡ་ཀི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་དེ་ནས་རྡོ་རྗེ་ཐོ་པའི་སྔགས་ནི། ཨོཾ་ལླི་བཛྲ་མུངྒ་ར་མཱ་རཱ་དཱི་ནཱཾ་ཤི་ར་སི་ཀནཋེ་ཧྲི་ད་ཡེ་ན་བྷཡོ་གུ་ཧཡཱན་ཏེ་བཛྲ་ཀཱི་ལ་ཀན་ཀོ་ཊ་ཡཱ་ཀོ་ཊ་ཡ་ཀྵཾ་ཀྵཾ་ཀྵཾ་ཀྵཱིཾ་ཀྵྲིཾ་ཀྵྲཱིཾ་ཀྵུཾ་ཀྵྵཾ་ཀྵལིཾ ་ཀྵལཱིཾ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཞེས་བརྗོད་ཅིང་ཙནདན་དམར་པོས་བྱུག་པ་ཁ་དོག་ལྔ་ཡི་སྐུད་པས་དཀྲི། སྟེང་གི་ཕྱོགས་སུ་མེ་ཏོག་དང་གྲུབ་པའི་ཡུངས་ཀར་གྱིས་བཅིངས་ལ། སེང་ལྡེང་ལས་བྱུང་བའི་མཁྲང་བའི་ཕུར་པ་མཆུར་སོར་བཅུ་གཉིས་པ་སྒོམས ་སུ་སོར་བཞི་པས་ས་གཞིའི་ཕྱོགས་བཅུ་རུ་གདབ་པར་བྱའོ། །དེ་རྣམས་ལ་ཁྲོ་བོ་རང་རང་གི་མཚོན་ཆ་དང་བཅས་པ་བཅུ་སྤྲོས་ལ་འགོད་དོ། །འདི་ནི་ས་གཞི་ཕུར་བུས་བསྲུང་བའི་དོན་དུ་བགེགས་རྣམས་ལ་ཕུར་བུས་གདབ་པའི་ཆོ་གའོ། །དེ་ནས ་དེ་ལྟར་བགེགས་མེད་པར་བསམས་ལ་ལྟོ་འཕྱེ་བརྟགས་པར་བྱ་སྟེ། དཀྱིལ་འཁོར་གང་དུ་བྱེད་པའི་ས་གཞི་དེར་ས་སྟེགས་ཟུ་བཞི་པ་བྱས་ལ། ས་གཞི་དེ་ཉིད་ཀྱི་དབུས་སུ་ལྟོ་འཕྱེ་ཉལ་བ་ལ་སོགས་པའི་མཚན་ཉིད་ཤེས་པར་བྱས་ལ་ས་གཞི ་དག་པར་བྱའོ། །དེ་ཡང་ཉི་མ་བགྲོད་པའི་དབྱེ་བས་སྟོན་ཟླ་ར་བ་ལ་སོགས་པ་ཟླ་བ་གསུམ་གསུམ་རིམ་པ་ཇི་ལྟ་བ་བཞིན་དུ་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་རྣམས་སུ་མགོ་བསྟན་ནས་ལྷ་ལ་སོགས་པ་ཁ་ལྟས་པ་སྟེ་ས་གཞི་དེའི་དབུས་སུ ་ལྟོ་འཕྱེ་ཉལ་ཞེས་བཤད་པས་སོ། །དེ་ལྟར་ཤེས་པར་བྱས་ལ། །བྱང་ཕྱོགས་ཀྱི་སྒྲུབ་པ་པོ་དང་སྟབས་གཅིག་ཏུ་རྡོ་རྗེ་ཁུ་ཚུར་གྱིས་སྐུར་པ་བཟུང་སྟེ་མེ་དང་རླུང་དུ་གནས་ནས་ཤར་དང་ལྷོ་དང་བྱང་དང་ནུབ་གི་ཕྱོགས་ངག་ཏུ ་གཡས་སྐོར་གྱི་འགྲོ་ཞིང་ཐིག་བརྐྱང་ངོ། །ཡང་དེ་ལྟར་བསྐོར་ཞིང་ས་བརྐོ་བར་བྱའོ། །ལྟོ་འཕྱེའི་ལྟེ་བའི་ཕྱོགས་ནས་ཏེ་ལྟོ་པ་ལས་ཁྲུ་གང་སྤངས་པ་འམ་སྟེ་བའི་ཐང་སོ་སྤངས་པའོ། །དེ་བཞིན་དེ་ཉིད་ལ་རྔོ་པ་གནས་ན་རླུང་གིས་འཇིགས་པར་འགྱུར་རོ།། ་རུས་པས་ནི་གཟེར་བར་འགྱུར་རོ། །གྱོ་མོག་གིས་ནི་ལྐུགས་པར་འགྱུར་རོ། །སྤུན་པ་དང་སོལ་བདག་གིས་ནི་རིམས་སམ་འཆི་བར་འགྱུར། །སྐྲ་དང་རྩཝ་དང་ཐལ་བ་དང་ཤིང་བུ་ལ་སོགས་པ་རྣམས་ཀྱིས་ནི་བར་གཅོད་ཕྲ་མོར་འགྱུར་རོ། །རྒྱུ་མཚན་དེས་ན ་དེ་རྣམས་དོར་བར་བྱའོ། །གལ་ཏེ་དེ་ནས་རིན་པོ་ཆེ་འམ་དུང་ངམ་མཆིང་བུ་རྣམས་བྱུང་ན་ཤིན་ཏུ་དགེ་བར་འགྱུར་རོ། །སྔོན་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་ས་གཞི་མ་རྙེད་ན་ཆུ་འམ་རྡོ་མཐོང་བའི་བར་དུ་བརྐོས་ལས་དེ་རྣམས་དོར་ཏེ། ས་གཞན ་གྱིས་གང་པ་ནི་དྲི་དང་རོ་ཡི་དོན་དུ་ལས་ཀྱི་བྱེ་བྲག་གིས་སའི་བྱེ་བྲག་སྟེ། ས་དཀར་པོ་ལ་ཙནདན་གྱི་ཆུ་དང་བསྐ་བ་དང་ཁ་བ་དག་གིས་བསྲེས་པས་དགང་ངོ། །དམར་པོ་ལ་པདྨའི་ཆུ་དང་ཚ་བ་གསུམ་གྱིས་སོ། །སེར་པོ་ལ་བུང་བུ་དང་རྟ་དང་མི་རྣམས ་ཀྱིས་གཅིན་དང་བུ་རམ་གྱིས་སོ། །ནག་པོ་ལ་ཤ་རུལ་དང་ལན་ཚྭ་དང་སྒྱུར་བ་རྣམས་ཀྱིས་སོ། །དེ་ནས་དཀར་པོར་ཞི་བ་ལ་སའི་སྙིང་པོར་ཤེལ་གཞུག་པར་བྱའོ། །རྒྱས་པ་ལ་དུང་ངོ། །རིམས་གཞོམ་པ་ལ་མུ་ཏིག་གོ་།དམར་པོ་ལ་དབང་དུ་བྱ ་བ་ལ་གོ་ངོ་ཙ་ནའོ། །དགུག་པ་ལ་འཚལ་ལོ། །དུག་རེངས་པ་ལ་ལྡོང་རོས་སོ། །སེར་པོ་ཕུར་བུས་གདབ་པ་ལ་ལུག་གི་རྭའོ། །རེངས་པ་ལ་བ་བླའོ། །རྨོངས་པ་ལ་སྦྲུལ་ལོ། །ནག་པོར་གསད་པ་ལ་མིའི་རུས་པའོ། །བསྐྲད་པ་ལ་བྱ་རོག་གི་སྒྲོའོ། །ལྗང ་གུར་ནི་རིན་པོ་ཆེ་ལྔ་རྣམས་གཞུག་པའོ། །དེ་ནས་དཔངས་ལ་ཁྲུ་ཕྱེ་དང་དོ་པ་ཀུན་དུ་མཉམ་པ་ཅུང་ཟད་དུ་རུས་སྦལ་གྱི་རྒྱབ་འདྲ་བ་ཤར་དང་བྱང་གཞོལ་བའི་དཀྱིལ་འཁོར་གྱི་ས་གཞི་བཅའ་ཨོ། །གཞན་ཡང་བརྗོད་པ། རོའི་སྐྱོན་རྣམས་མ་ལུས་པ། །དབྱུང ་བར་ནུས་པར་མ་གྱུར་ན། །ལག་པ་གཞག་ལ་སྔགས་ཉིད་བཟླས། །དེ་ཉིད་དག་པ་ཆེན་པོར་བཤད། །ཁང་བཟང་རྡོ་སྟེ་འབྲོག་དང་ལམ། །ཁང་བཟངས་ལ་སོགས་ཆུ་འགྲམ་དང། །སྔོན་དུ་དག་པར་བྱས་པ་རྣམས། །མ་སྦྱངས་པ་ནས་དག་པ་ཡིན། ་ཞེས་གསུངས་པས་འོན་ཀྱང་རྡོ་རྗེ་ཤུགས་ཀྱི་རྣལ་འབྱོར་གྱིས་འདིར་བགེགས་བསྐྲད་པ་ནི། །ཡི་གེ་བདུན་པ་བཟླས་པའི་ཡུངས་ཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་བསྣུན་པ་དང། ཤར་ནས་བརྩམས་ནས་རྣམ་ལྔས་ས་གཞི་ལ་བྱུག་གཅལ་ལ་ ་ཡང་སྦྱང་པ་འདི་ལྟ་སྟེ། ཨོཾ་བྷུ(རྒྱུད་འགྲེལ་ཞེས་པའི་སྔགས་བརྗོད་ཅིང། །ཐལ་མོ་ས་ལ་བཞག་ལ་བྱིན་གྱིས་བརླབ་པོ། །དེ་ནས་སྔོན་དུ་གནས་གཞན་དུ་གཤེགས་པའི་སའི་ལྷ་མོ་ཡིད་ཀྱི་སྤྱན་དྲངས་ལ་གཏོར་མ་དང་ཞབས་བསིལ་ལ་སོགས་པས་མཆོད་ནས། །ོཾ་ཨཱ:ཧཱུཾ་ཧོ་ཧཾ་ཀྵ(རྒྱུད་འགྲེལ་བརྗོད་ལ་པདྨའི་ལག་བསྐོར་བྱས་པ་དང། དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་ནས་རྐང་པ་བཅུ་དྲུག་པའི་སྔགས་བརྗོད་པ་དང་ཁམས་གསུམ་པོ་སྟོང་པར་རོ། །གཅིག་པར་བསྟན་པར་ངེས་པས་གཞི་རྣམ་པར་དག་པའི་རང་བཞིན་དེ་བཞིན་ཉིད་དུ ་ལྷག་པར་མོས་པར་བྱ་བ་འདི་ནི་གོང་ན་མེད་པའི་རྣམ་པར་དག་པའོ། །དེ་ནས་མེ་ཏོག་གི་ཕྲེང་བ་སྣ་ཚོགས་པ་དྲིལ་བུ་དང་བཅས་པ་དང། ན་བཟའ་སྣ་ཚོགས་དང་བླ་རེ་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ཐམས་ཅད་ལེགས་པར་བརྒྱན་པར ་བྱའོ། །འདི་ནི་ས་སྦྱང་བའི་བྱེ་བྲག་གསུམ་གྱི་ཆོ་གའོ། །དེ་ནས་མེ་ཏོག་གིས་སྤྲས་པའི་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་བསྡད་ལ་རྡོ་རྗེ་དང། རྡོ་རྗེ་དྲིལ་བུ་བཟུང་ནས་བྲི་བྱའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པས་སྲུང་བའི ་འཁོར་ལོ་ལ་སོགས་པས་བགེགས་རྣམས་བརླག་པར་བྱ་བ་ནི་སྤོས་སྣོད་བཟུང་སྟེ། ལྕེ་ཧཱུཾ་ལས་རྡོ་རྗེར་བསྐྱེད་ནས་བརྗོད་པ། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འདིར་ནི་ཆོ་གེ་རྡོ་རྗེ་བདག་དཀྱིལ ་འཁོར་འབྲི་བར་འདོད་པ་ཡི། །སངས་རྒྱས་ལ་སོགས་བྱོན་པར་ཞུ། །འདིར་ནི་དངོས་གྲུབ་རབ་ཏུ་གསོལ། ཞེས་རྫོགས་པའི་སངས་རྒྱས་ལ་སོགས་པ་ལ་གསོལ་བ་བཏབ་པ་དང། ཤར་ལ་སོགས་པའི་ཕྱོགས་བཞིན་གནས་པའི་སློབ་མ་བཞི ་འམ་གསུམ་ལ་སོགས་པ་འམ། སློབ་དཔོན་ཉིད་ཀྱི་རྡོ་རྗེ་དྲིལ་བུ་བཟུང་ལ། །དོན་ཡོད་གྲུབ་པ་ལ་སོགས་པའི་རྣལ་འབྱོར་རིམ་པ་བཞིན་དུ་དེ་དང་དེ་རུ་འགྲོ་ཞིང། །སེམས་དཔའ་ཀུན་ལས་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད་དོ། ། ་ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་བཞིན་གཤེགས་ཀུན་རང་བཞིན་བྲལ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཆོས ་རྣམས་ཞི་བ་ལས་བྱུང་མཆོག་།རྣམ་པར་དག་པའི་ཡེ་ཤེས་སྤྱོད། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་བྲལ་བ་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་ ་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ་།ཞེས་པའི་ཚིགས་སུ་བཅད་པ་བཞིའི་རིམ་པ་བཞིན་བདག་ཉིད་ཀྱིས་གསོལ་བ་འདེབས་སུ་གཞུག་པ་ལ་སོགས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་ལ་སོགས་པ་སྔོན་དུ་སོང ་བས་བསྒོམས་པའི་དཀྱིལ་འཁོར་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་བསྒྲེང་བ་རྩེ་མོ་སྤྲད་པ་འོག་ཏུ་ཕྱོགས་པས་སྤྱི་བོར་གཞག་ལ། །ཧཱུཾ་བཛྲོ་ཏིཋ་ཞེས་པ་བརྗོད་དེ་ནམ་མཁའ་ལ་གདེག་གོ་།སྐྱིལ་མོ་ཀྲུང་བཀྲོལ་ཏེ་ལངས་ནས་ཤར་དུ་ཕྱོགས་པ་དང ་མཉམ་པར་བསྡད་ལ། །ཐལ་མོ་སྤྱི་བོར་སྦྱར་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་པ་དང། །སེམས་ཅན་རྣམས་མ་རིག་པའི་མུན་པར་ལྷུང་བ་བདུད་ཀྱི་བྱིན་གྱིས་བརླབས་པ་མཐོང་ནས་བདུད་དེ་རྣམས་བརླབས་པར་བྱ་བའི་དོན་དུ་སྐད་ཅིག་གིས་རྡོ་རྗེ་ཤུགས་ཀྱི་སྐུ་ཁྲོ་གཉེར་དང་མཆེ་བ ་གཙིགས་པ་དང་ལྡན་པར་བྱས་ནས་མིག་གཡས་པར་མ་ལས་ཉི་མ་དང་གཡོན་པར་ཊ་ལས་ཟླ་བ་དང་མིག་འབྲས་ལ་ཧཱུཾ་ལས་དུས་མཛའ་ཨི་མེ་དང་མཚུངས་པར་ལྡན་པའི་རྡོ་རྗེའི་ལྟ་སྟངས་འདི་ས་ཕྱོགས་ཐམས་ཅད་ཀྱིས་འགྲོ་བར་བལྟས་ལ། ང་རྒྱལ ་བསྐྱེད་པ་ནི། བདག་ནི་དཔལ་ལྡན་རྡོ་རྗེ་འཆང། །བདག་ཉིད་རྡོ་རྗེ་ཤུགས་ཉིད་དོ། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་སྟོབས་ཆེན་རྡོ་རྗེའོ། །བདག་ནི་རྣལ་འབྱོར་དབང་པོའི་རྒྱལ། །བདག་ནི་ཕྱག་རྒྱ་རྡོ་རྗེ་བསྟན། ཞེས་པས་སོ། །དེ་ནས་རྐང ་མཐིལ་དུ་འབར་བཞིན་པའི་རྡོ་རྗེ་བསྒོམས་ལ་གསུང་བར་འགྱུར་བའི་རིམ་པས་འགྱིང་བ་དང་བཅས་པའི་པདྨའི་ལག་བསྐོར་བྱ། །རྡོ་རྗེ་གསོར་དྲིལ་བུ་དཀྲོལ་དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་གྱིས་རྡོ་རྗེའི་འགྲོས་ཀྱིས་བཅག་པར་བྱ ་བ་ནི། སློབ་མ་དང་བཅས་པས་སཾ་གཅིག་པུས་དཀྱིལ་འཁོར་གྱི་ས་གཞི་ལ་གར་བྱ་བ་སྟེ། མིག་དག་ལག་དག་དཔྱི་དག་དང། །རྐང་རྩིབས་ལོགས་ཀྱིས་གཡས་བསྐོར་བྱ། །མདངས་དང་བརྗིད་ཀྱིས་སྦྱོར་བ་ཡིས། །གཡས་མིན་པ་ཡང་དེ་བཞིན་ནོ།། ་དེ་ལྟར་རྒྱུན་གྱིས་གར་བྱས་ནས། །བསྡུས་ཏེ་བསྐོར་བྱས་དེ་ནས་ཡང། །མྱུར་བའི་བརྗིད་ཀྱིས་དེ་བཞིན་གར། །བྱ་ཞིང་གཙོ་བོའི་གཟུགས་ཀྱིས་བསྐོར། །ལུས་ངག་ཡིད་རྣམས་བརྟན་གནས་པས། །གསོན་ཅིག་བགེགས་ཀྱི་ཚོགས་རྣམས ་ཀུན། །དཔལ་ལྡན་རྡོ་རྗེ་འཛིན་བདག་གིས། །བཀའ་སྩལ་བཞིན་དུ་མི་བྱེད་ན། །རྡོ་རྗེ་འབར་བ་འདི་ཡིས་ནི། རིགས་གསུམ་ལས་བྱུང་འཇོམས་པར་བྱེད། །གལ་ཏེ་བདག་གིས་བཀའ་བཟླས་ན། །རྣམ་པར་རླག་འགྱུར་གཞན་དུ ་མིན། །ཞེས་པ་ལན་གསུམ་བརྗོད་ཅིང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ལ་བགེགས་རྣམས་བཅོམ་སྟེ། དཀྱིལ་འཁོར་གྱི་ས་གཞིའི་འོག་གི་བར་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །འདིར་འཆག་པའི་དུས་སུ་སོ་སོ་བདག་ཉིད་ ་ཀྱི་གཡོན་ན་གནས་པའི་དྲིལ་བུའི་ནང་དུ་བདག་ཉིད་ཀྱི་རྡོ་རྗེ་གཞུག་པར་བྱའོ། །དེའི་རྡོ་རྗེའི་བདག་ཉིད་ཀྱི་གཡོན་གྱི་དྲིལ་བུ་རུའོ། །དེ་བཞིན་དུ་མདུན་དང་གཡས་དང་རྒྱབ་རྣམས་ལ་ཡང་ངོ། །དེ་ནས་ཧུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྐང་པའི་འོག་ཏུ་རྣམ་པར ་བསམས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རྐང་པའི་མཐིལ་དུ་རེག་སྟེ། །རྐང་པའི་མཐིལ་གྱིས་རྡོ་རྗེ་དེས་ས་གཞིའི་དཔུས་སུ་བཅག་པ་ནི་གཡས་བརྐྱང་དང་གཡོན་བརྐྱང་དང་མཉམ་པའི་རྐང་སྟབས་ཀྱིས་ཡོངས་སུ་བསྐོར་རོ། །རྐང་མཐིལ་དུ་ཡཾ་ཡཱ(རྒྱུད་འགྲེལ་རལ་གྲིའི་ཕྱག་རྒྱས་རེག་སྟེ། ཤར་དུ་ཟླུམ་པོའི་འདུག་སྟངས་ཀྱིས་སོ། །རཾ་ར(རྒྱུད་འགྲེལ་ཀྱི་མ་བྱིན་གྱིས་བརླབས་ནས་བཅག་པའོ། །དེ་ཡང་ལག་པ་གཉིས་ཐལ་མོ་སྦྱར་བར་བྱས་ཏེ་མཐེ་བོང་དག་སྦྱར་ཏེ་དེ་ལྟར་མཐེའུ་ཆུང་དག་ཀྱང་ངོ། །གུང་མོ་དག་སྟེང་དུ་སྦྱར་ནས་དེ་དག་གི་རྒྱབ་ཏུ་མཛུབ་མོ་གཉིས་ཟླ་བ་ཕྱེད་པའི་རྣམ་པར་དགུག་གོ་།སྲིན ་ལག་གཉིས་རང་རང་གི་ལག་མཐིལ་དུ་སོན་པ་འདི་ནི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་ཏེ་གུང་མོ་དང་མཛུབ་མོ་སྦྱར་ཏེ་བསྒྲེང་བར་རལ་གྲིའི་ཕྱག་རྒྱའོ། །སོར་མོ་ལྔ་སྦྱར་ཏེ་གུང་མོ་དབུས་ནས་སྟེང་དུ་ཅུང་ཟད་ཕྱུང་བ་རིན་པོ་ཆེའི་ཕྱག་རྒྱའོ ་སོར་མོ་རྣམས་འཁོར་ལོའི་རྩིབས་ཀྱི་རྣམ་པར་བརྐྱང་ཀྱི་འཁོར་ལོའི་ཕྱག་རྒྱའོ། །མཐེ་བོང་དང་མཐེའུ་ཆུང་སྦྱར་ཏེ་ལྷག་མ་རྣམས་བརྐྱང་པ་པདྨའི་ཕྱག་རྒྱའོ། །དེ་ནས་རྐང་པ་གཡོན་བསྐུམ་སྟེ་རྐང་པ་གཡས་པ་མཐོ་ལྔ་རུ་བརྐྱང་ནས་རོལ ་པས་དྲང་པོར་གནས་པ་འདི་ནི་གཡས་བརྐྱང་ངོ། །དེ་ལས་བཟློག་པ་ནི་གཡོན་བརྐྱང་ངོ། །རྐང་པ་གཉིས་ཀྱི་སོར་མོ་རྣམས་མཉམ་པར་གནས་པ་མཉམ་པའི་འདུག་སྟངས་སོ། །རྐང་པ་གཉིས་ཀྱི་བར་ལ་སོར་མོ་ཉི་ཤུ་རྩ་དྲུག་དང་ལྡན་པས་པུས ་མོ་ཡ་གཅིག་གྱེན་དུ་ཅུང་ཟད་བཀན་པས་རོལ་པའོ། །རྐང་པ་གཉིས་ཀྱི་བར་ལ་སོར་མོ་ཉི་ཤུ་རྩ་བཞི་རང་ལྡན་པས། །པུས་མོ་གཉིས་རྒྱབ་ཏུ་ཅུང་ཟད་བཀན་པས་གའོ། །ས་ག་ལས་དང་པའི་གཤོག་པ་ལྟར་བྱས་ཏེ་བར་ལ་ཁྲུ་དེ་བྱས་པ་ཟླུམ ་པོའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་དྲི་ཡིས་བྱུགས་ལ། །བཛྲ་གནདྷ་ཞེས་པ་ལ་སོགས་པའི་སྔགས་ཀྱི་རྐང་པས་ཡང་དག་པར་མཆོད་དོ། །ཡང་སྔོན་གྱི་ཆོ་གར་གསུངས་པ་ལྟར་རྡོ་རྗེ་སའི་ལྷ་མོ་སྤྱན་དྲང་པའི་སྔགས་ནི། །ོཾ་ལཱཾ་ཏཱུཾ་བཛྲ་བྷཱུ ་མི་ཏིཥཐ་མ་ཙ་ལ་ཧུཾ་ཧཱུཾ་ཕཊ་བཛྲ་དྷ་རཱ་ཛྙཱ་པ་ཡ་སྭཱཧཱ། ཞེས་པ་ཡིས་ཏེ་དེ་ལས་སླར་ཡང་ཡོན་ཆབ་ལ་སོགས་པ་སྦྱིན་པར་བྱའོ། །འདི་ནི་ས་ལྷག་པར་གནས་པའི་ཆོ་གའོ། །གལ་ཏེ་གང་ཞིག་ས་ལྷག་པར་གནས་པའི་སྔོན་དུ་ས་ཡོངས་སུ་བཟུང་ ་བ་དང་བགེགས་ལ་ཕུར་བུས་གདབ་པར་འདོད་པ་ཡོད་དེ། །དེ་ནི་ཡང་དག་པ་མ་ཡིན་ནོ། །གང་གི་ཕྱིར་ན་ལྷག་གནས་ལ་ཡོངས་སུ་བཟུང་བ་དོན་ཡོད་པའི་ཕྱིར་དང། །བགེགས་ལ་ཕུར་བུ་གདབ་པའི་ཆོ་ག་ཡང་ས་སྦྱང་བའི་དུས་སུ་རིགས་ཏེ། སྲུང ་བའི་འཁོར་ལོ་བསྒོམས་པས་བགེགས་སྲེག་ཅིང་རྣམ་པར་བཅོམ་ནས་ཕུར་བུས་བཏབ་སྟེ་ས་སྦྱང་བར་རིགས་པའི་ཕྱིར་རོ། །དེ་ཡང་རྒྱུད་ལས། དེ་རྣམས་ཀུན་ལ་གསོལ་བ་བཏབ་སྟེ། སེང་ལྡེང་ལས་བྱུང་མཁྲད་པའི་ཕུར་པ་རྣམས་ཀྱིས་? ་གདབ་ཞེས་གསུངས་པས་སོ། །གལ་ཏེ་དུས་གསུམ་དུ་མཉམ་པར་བཞག་པའི་དུས་སུ་ཡང་བགེགས་ལ་ཕུར་བུས་གདབ་པར་འདོད་པ་ལ་ཉིན་མཚན་གྱི་བར་དུ་ཆོད་ལ་ཅིའི་ཕྱིར་མི་འདོད་ཅེ་ན། བསྒོམ་པའི་དུས་སུ ་འདོད་དེ། འོན་ཀྱང་སེང་ལྡེང་ལ་སོགས་པའི་ཕུར་བུ་མི་འདོད་དོ། །ཁྱོད་ཀྱི་འདོད་པ་ལྟར་ན་ཚོན་བྲི་བའི་སྐབས་སུ་ཡང་བགེགས་ལ་ཕུར་བུ་འདེབས་པའི་ཆོ་ག་དགོས་པར་ཐལ་ལོ། །ས་ལྷག་པར་གནས་པའི་སྔོན་དུ་བྱས་པའི་ཕྱིར་འདིར་ཐལ་ཏེ ་ཅིའི་ཕྱིར་ཞེ་ན། འོན་ཏེ་ས་སྦྱང་བའི་སྐབས་སུ་དེ་ལྟར་བྱས་པའི་ཕྱིར་ས་ལྷག་པར་གནས་པའི་སྔོན་དུ་བགེགས་ལ་ཕུར་བུ་གདབ་པའི་ཆོ་ག་དགོས་པར་མི་འགྱུར་རོ། ཞེས་པའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་པ་དང་དྲི་ཞིམ་པས་ལུས་ལ་བྱུགས་ཏེ། ་འཆད་པར་འགྱུར་བའི་ཆོ་གས་ཤིང་གིས་བརྟག་པར་བྱས་པ་དང། དེའི་འཁོར་ལོ་དྲུག་རྣམས་སུ་ཟླ་བ་ལ་སོགས་པའི་གདན་དྲུག་ལ་རིང་པོ་དྲུག་གིས་ཐབས་ཀྱིས་རིགས་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་བསྲུང་བར་བྱའོ། །ཐུང་ངུ་དྲུག་གིས ་ཤེས་རབ་ཀྱི་ལའོ། །དེ་ལྟར་རབ་ཏུ་གནས་པར་བྱ་བ་ཡང་སྟེ་ལུགས་མ་ལ་སོགས་པ་ལའོ། །པོ་ཏི་རྣམས་ལ་ཐུང་ངུ་རྣམས་ཀྱིས་སོ། །དེ་ནས་གསོལ་བ་གདབ་པར་བྱ་བ་ནི། སེམས་ཅན་རྣམས་ནི་ཐར་བའི་རྒྱུ་རུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ ་འཁོར་བདག་གི་བྲི་བར་བྱ། ཞེས་པ་དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་མ་ལ་སོགས་པ་རྣམས་ལ་བྱིན་གྱིས་རློབ་པར་བྱེད་དོ། །འདི་ནི་སློབ་མ་གཟུང་བའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི ་ལ་ཡི་གེ་དྲུག་པ་བཟླས་ཤིང་དྲི་ཞིམ་པོ་དང་བདུད་རྩི་ལྔས་ཉེ་བར་བྱུགས་ཏེ། མེ་ཏོག་གི་ཚོགས་ཆལ་མར་བཀྲམ་ལ་ལུས་ལ་ཁྲུས་བྱས་དྲི་ཞིམ་པོས་བྱུགས་ན་བཟའ་དམར་པོ་དང། མེ་ཏོག་གི་ཕྲེང་བས་བརྒྱན་རྣ་རྒྱན་དང་མགུལ ་རྒྱན་དང། ལག་གདུབ་དང་རྐང་གདུབ་དང་སྐེ་རགས་དང། གཙུག་གི་ནོར་བུ་དང་ཐལ་བ་དང་ཟླ་བ་ཕྱེད་པ་དང། མཆོད་ཕྱིར་ཐོགས་དང་སྟག་གི་པགས་པ་རྣམས་ཀྱི་རྒྱན་སྒྲུབ་ཐབས་སུ་གསུངས་པ་ལྟར་སྔགས་ཀྱིས་བྱིན་གྱིས་བརླབས ་ལ་བརྒྱན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་དུ་གནས་ནས་ནུབ་ཏུ་ཁ་ཕྱོགས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་ལྷ་རྣམས་ཀྱི་བཞུགས་གནས་གོ་བར་བྱས་ལ་ཙནདན་དང་གུར་གུམ་ལ་སོགས་པས་མཎྜལ་བྱས་ཏེ། ་དེ་དང་དེ་རྣམས་སུ་དམ་ཚིག་གི་འཁོར་ལོ་རྣམ་པར་བསྒོམས་ལ་དེ་རྣམས་ལ་ནམ་མཁའ་གནས་པའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་གཞུག་པ་དང། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་ཆོ་ག་རྣམས་བྱས་ལ་བསྒོམ་བྱའི ་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་བུམ་པ་དྲུག་གམ་བཅུ་ལྷག་པར་གནས་པར་བྱ་བ་ནི། །དེ་ཡང་ཞི་བ་དང་རྒྱས་བ་ལ་བུམ་པའི་ནང་གི་རྒྱ་ལ་སོར་བཅུ་དྲུག་བ་སྲིད་དུ་འོག་ནས་མཆུའི་བར་ལ་སོར་ཉི་ཤུ་པ་མཆུ་འོག་ཏུ་འཕྱང ་བ་ལ་སོར་གཉིས་པ། མགྲིན་པ་ལ་སོར་དྲུག་པ་ཁའི་མཆུ་ནས་མཆུ་ལ་སོར་བརྒྱད་པ་བརྒྱད་ཀྱི་ཆ་གཉིས་དབུས་ཀྱི་བུ་ག་པ་ལ་ཡོད་པ་མཆུ་གཉིས་ལ་ཆ་གཅིག་པ། གསད་པ་ལ་དུར་ཁྲོད་ཀྱི་སོལ་བ་དང། མིའི་ཞག་གིས་བྱུགས་པའི ་མིའི་ཐོད་པའོ། །དབྱེ་བ་དང་བསྐྲད་པ་ལ་བུམ་པའི་ནང་གི་རྒྱ་ལ་སོར་བཅུ་གཉིས་པ་སྲིད་དུ་སོར་བཅུ་བཞི་པ། མགྲིན་པ་ལ་སོར་བརྒྱད་དེ་ཅུང་ཟད་འཁྱོགས་པ་ཁ་ལ་སོར་དྲུག་བ་མཆུ་ལ་སོར་གཅིག་བའོ། །དབང་དང་དགུག་པ་ལ ་གཟོ་བོས་ཇི་ལྟར་བྱས་པའི་བུམ་པའོ། །རེངས་པ་ལ་ཐུང་ཞིང་རྒྱ་དང་སྲིད་དུ་སོར་བཅུ་དྲུག་པ། མགྲིན་པ་ལ་སོར་བཞི་པ་ཁ་ལ་སོར་དྲུག་པ་མཆུ་ལ་སོར་གཉིས་པའོ། །ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པའི་ལས་ལ་བཤད་པའི ་བུམ་པ་གཟུང་བར་བྱའོ། །གསེར་རམ་དངུལ་ལམ་ཤེལ་ལམ་ཟངས་རྣམས་ལས་བྱས་པའི་བུམ་པ་ཇི་ལྟར་རྙེད་པ་འམ། གསེར་ལ་སོགས་པ་མེད་ན་བཤད་པའི་མཚན་ཉིད་དང་ལྡན་པ་རྣམས་སྟོང་པར་བྱས་ཏེ། བཾ་ལས ་རིན་པོ་ཆེའི་གཟུགས་སུ་བསམས་ལ་ཞི་བ་དང་རྒྱས་པའི་དོན་དུ་འབྲས་སམ་རྡེ་རྒྱུས་སམ་ཙནདན་དཀར་པོས་བྱུགས། ལྷ་རྣམས་ཀྱི་མཚན་མ་བྲི། །བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུ་དང་རིན་པོ་ཆེ་ལྔ་དང། སྨན་ལྔ་དང་འབྲུ་ལྔ་རྣམས ་ནང་དུའོ། །མཛེས་པའི་ཤིང་དང་ལྡན་པ། མགྲིན་པར་རས་ཟུང་གིས་དཀྲིས་པ་བླ་རེའི་འོག་ཆུ་འཆད་པར་འགྱུར་བའི་རྡུལ་ཚོན་གྱིས་དཀྱིལ་འཁོར་ལ་མཚན་མ་དགོད་པའི་རིམ་པ་ལྟར་དཀྱིལ་འཁོར་གྱི་རྣམ་པར་དྲི་ཞིམ་པོའི་མཎྜལ་ཇི་ལྟར ་རིགས་པའི་གདན་སོ་སོར་བྱས་པའི་སྟེང་དུ་མདུན་དུ་བཞག་གོ་།དེ་ཡང་རས་ཀྱི་སྐུད་པ་དཀར། །མཁས་པས་ཆོ་ག་བཞིན་དུ་དཀྲི། །ཞེས་པ་འདིའི་འདོད་པ་ལྟར་ན་ཧཱུཾ་ལན་བདུན་བརྗོད་པའི་སྐུད་པས་ཨོཾ་བཛྲ་ཤེ་ཁ་རེ་དུ་ཌམ་ཊ་དཱི་ཤཱཾ་བྷནདྷ་བནདྷ་ཧཱུཾ། ་ཞེས་པའི་སྔགས་ཀྱི་དཀྲི་བར་བྱའོ། །ད་ནི་ནང་གི་འབྲུ་བཅུད་རྣམས་བསྟན་པ། ཨིནྡྲ་ནཱི་ལ་དང། པདྨ་རཱ་ག་དང། ཟླ་བ་ཆུ་ཤེལ་དང། ཀརྐེ་ཊ་དང་ཀེ་ཀེ་རུ་རྣམས་དང། གསེར་དང་དངུལ་དང་ཟངས་དང་རྣོན་པོ་དང་ཁབ་ལེན་ཏེ་ལྕགས་རྣམས ་དང་དེ་བཞིན་མུ་ཏིག་དང་བྱུ་རུ་དང། མུ་མེན་དང་ཤཱུ་ལ་མ་ནི་དང། ཐིག་ལེ་དྲུག་པ་རྣམས་ནི་འབྲིང་པོའོ། །ཤེལ་དང་མཆོད་དང་གཟི་དང་མཆིང་བུ་དང། ནོར་བུ་སྔོ་བ་སངས་རྣམས་ནི་ཐ་མའོ། །དེ་རྣམས་མེད་ན་དྲི་ཞིམ་པོའི་མེ་ཏོག་ཁ ་དོག་ལྔ་ཡིས་སོ། །ཡང་བྲཧམ་དཎྜི་ཆ་གཉིས་དང་བིཥྞུ་ཀྲཱནྟ་ཆ་གཅིག་དང། རུ་ཏྲ་ཛ་ཊཱ་ཆ་གསུམ་དང། ཨའི་ཤཱ་རི་ཆ་བཞི་དང། དེ་ཝཱ་ཌཱ་ལི་ཆ་ལྔ་ལ་སོགས་པ་རྣམས་སོ། །ཡང་ཏིལ་དང་ནས་དང་སྲན་མ་མ་ཥ་དང་སོ་བ་དང། གོ་ལ་སོགས ་པ་རྣམས་སོ། །ཡང་སྒྱུར་ཤིང་དང་ན་ག་གེ་སར་དང། མྱ་ངན་མེད་དང་བྱང་ཆུབ་ཤིང་དང། ཨུ་དུམཔཱ་ར་ལ་སོགས་པའི་ཤིང་རྣམས་སོ། །ཡང་རས་ནི་སྔོན་པོ་དང། ནག་པོ་དང་དམར་པོ་དང། དཀར་པོ་དང་སེར་པོ་དང་རྣམས་སོ། །རྣམ་རྒྱལ་གྱི་བུམ་པ་ལ་སྣ ་ཚོགས་པདྨའི་ལྟེ་བ་ལ་དཀར་པོ་དང་དམར་པོ་དང་ནག་པོ་དང་སེར་པོ་སྟེ། ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་ཀྱི་མེའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སྔོན་པོ་བཅོམ་ལྡན་འདས་ཀྱིའོ། །ཤར་གྱི་བུམ་པ་ལ་རལ་གྲི་ནག་པོ། །ལྷོའི་ལ་རིན་པོ ་ཆེ་དམར་པོ། ནུབ་ཀྱི་འཁོར་ལོ་སེར་པོ། བྱང་གི་ལ་པདྨ་དམར་པོ། མེ་མཚམས་ཀྱི་ལ་རལ་གྲི་།བདེན་བྲལ་གྱི་ལ་པདྨ་དམར་པོ། །བདེ་བྱེད་ཀྱི་ལ་ཨུཏཔལ་དཀར་པོ། །རླུང་གི་འཁོར་ལོ་སེར་པོ་རྣམས་བྲི་ཤིང། ནུབ་ཀྱི་རྒྱལ་བའི་བུམ་པ་ལ་གྲི་གུག་བྲི་བར ་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་དུང་བཞག་གོ་།དེ་རྣམས་ལས་རྣམ་པར་རྒྱལ་བ་ཆེན་པོར་རིན་པོ་ཆེ་ལྗང་གུའོ། །རྒྱལ་བ་དང་རྣམ་པར་རྒྱལ་བར་སྔོན་པོའོ། །ཤར་དང་མེར་ནག་པོའོ། །ལྷོ་དང་བདེན་བྲལ ་དུ་དམར་པོའོ། །བྱང་དང་དབང་ལྡན་དུ་དཀར་པོའོ། །ནུབ་དང་རླུང་དུ་སེར་པོའོ། །དེ་ལྟར་ཁབ་ལེན་དང་རྣོན་པོ་དང། ཟངས་མ་དང་དངུལ་དང་གསེར་རྣམས་ཀྱང་ངོ། །དེ་ལྟར་སྨན་རྣམས་ཆ་གཅིག་པར་རྣམ་པར་རྒྱལ་བ་ལའོ། །དེ་ལྟར་ཆ་གཉིས་པ་དང་གསུམ་པ་དང ་བཞི་པ་དང་ལྔ་པ་རྣམས་རིམ་པ་བཞིན་ཤར་དང་མེ་དང་ལྷོ་དང་བདེན་བྲལ་དང་བྱང་དང་དབང་ལྡན་དང་ནུབ་དང་རླུང་རྣམས་ཀྱི་བུམ་པ་རྣམས་སུའོ། །ཐམས་ཅད་གཏུམས་པ་རྣམ་པར་རྒྱལ་བ་ཆེན་པོར་བཅུག་སྟེ། དེ་གཙོ་བོ་བྱ་བ་ཀུན་བྱེད་པའི་རྣམ་རྒྱལ་སྟེང་དུ ་བཞག་ལ་དེར་སྔར་བསྟན་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུ་བླུག་མེ་ཏོག་གི་ཕྲེང་བས་བརྒྱན་ཨོཾ་བཛྲཱ་མྲི་ཏོ་ཏ་ཀ་ཐ་ཧཱུཾ། ཞེས་པ་དང། ཡི་གེ་དྲུག་པ་ལན་བདུན་བཟླས་ཏེ། དེ་ལྟར་བདུད་རྩིར་བྱས་ལ་དེའི་ནང་ཨོཾ་ཏཱཔཏེ་ཏཱཔཏེ་མཧཱ ་ཏཱཔཏེ་སྭཱཧཱ། ཞེས་པས་ལྷའི་ཆུའི་རང་བཞིན་སྤྱན་དྲངས་པ་དང། ལྷའི་འཁོར་ལོ་ལ་གདན་དང་བཅས་པ་རྣམ་པར་བསམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ། ཞབས་བསིལ་དང ་ཐོར་ཐུང་དང་ཡོན་ཆབ་ལ་སོགས་པ་སྔོན་དུ་སོང་བ་དང། དེ་ཉིད་དམ་ཚིག་གི་འཁོར་ལོ་ལ་གཞུག་གོ་།དེའི་ནང་དུ་ཆགས་པ་ཆེན་པོས་ཞུ་བ་དང། བྱང་ཆུབ་སེམས་ཀྱི་གཟུགས་སུ་རོ་གཅིག་ཏུ་གྱུར་པ་རྣམ་པར་བསམ་མོ། །ཡང་མཚན་མ་ལས ་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་ཡང་རོ་གཅིག་ཏུ་གྱུར་བར་བལྟའོ། །དེ་ཡང་མེ་ཏོག་གི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་གཟུང་བས་རྣམ་རྒྱལ་གྱི་བུམ་པ་ལ་སོགས་པ་ལ་རེག་ལ་འཁོར་ལོའི་གཙོ་བོའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་དང། ་ཨོཾ་ཧཾ་ཧཱཾ་ཧཾ་ཧཱིཾ་ཧྲིཾ་ཧྲཱིཾ་ཧུཾ་ཧཱུཾ་ཧལིཾ་ཧལཱིཾ་བཛྲ་པདམཱ་མྲི་ཏ་གྷ་ཊ་སུ་བེ་ཤུདྡྷ་དྷརྨཱ་དྷཱ་ཏུ་སྭ་བྷ་བ་སརྦ་དྷརྨཱཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པའི་སྔགས་བཟླས་ཤིང་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་རྒྱལ་བའི་བུམ་པ་བཞག་གོ་། ་བུམ་པ་གཞན་རྣམས་ནི་ལྷ་རང་རང་གི་སྔགས་ཉི་ཤུ་རྩ་གཅིག་དང་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་རང་རང་གི་གནས་སུ་བཞག་གོ་།དེ་ནས་རྣམ་རྒྱལ་ལ་སོགས་པའི་བུམ་པ་རྣམས་མེ་ཏོག་ལ་སོགས་པས་ཡང ་དག་པར་མཆོད་ནས། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྫོགས་ཀྱི་བར་དེ་སྲིད་དུ་བགེགས་རྣམས་སྲུང་བར་གྱིས་ཤིག་ཅེས་བརྗོད་ལ་གཏོར་མ་བྱིན་པ་དང་དེ་རྣམས་ལ་རེག་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་ལ་སོགས་པས་བསྟོད་པ ་སྔོན་དུ་སོང་བ་དང་དྲིལ་བུ་དཀྲོལ་བས་བྱ་བའི་སྔགས་ནི། ཨོཾ་ཧྲཾ་ཧྲཱིཾ་ཧྲིཾ་ཧྲཱུཾ་ཧལཱིཾ་ཧཱཾ(རྒྱུད་འགྲེལ་སྭཱཧཱ། ཨོཾ་པཱཎྜ་ར་ཝཱ་སཾ་ནི་ཝཱ་ར་དེ་སྭཱཧཱ། ཨོཾ་མཱ་མ་ཀཱི་ཀི་རི་ཀི་རི་སྭཱཧཱ། །ོཾ་ལོ་ཙ་ན་བ་སུ་དེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་དཔའ་བོས་བཅད་པ་ལྟར་ཉོས་པ་དང་ཁ་དོག་བཟང་པོ་ལྔས་བསྒྱུར་ལ། ཨོཾ་ཨཱཾ་ཨཾ་རཱིཾ ་ཨའུཾ་ལིཾ་བཛྲ་སཱུ་ཏྲ་སརྦ་དྷརྨེ་ཀ་སྭ་བྷ་ཝཱ་སརྦ་དྷརྨོ་ནེ་ཀཱ་ཀཱ་ར་སྭ་བྷཱ་ཝཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ལ་དྲི་ལ་སོགས་པས་མཆོད་དེ་ཤར་ཕྱོགས་ཀྱི་ས་གཞི་ལ་བཞུགས་སུ་གསོལ་ལོ། །དེ་ནས་མུ་ཏིག་ལ་སོགས་པ་འམ་འབྲས་ཡཱ ་ལི་ལ་སོགས་པ་ལས་བྱུང་བའི་ལེགས་པར་ཆོས་སུ་བཅོས་པའི་ཚོན་རྣམས་ལ། ཨོཾ་ཨཾ་ཨིཾ་རིཾ་ཨུཾ་ལིཾ་སུ་བི་ཤུདྡྷ་པཉྩ་སྐནདྷ་སྭ་བྷཱ་ཝ་པཉྩ་སྐནདུ་ན་སུ་བི་ཤུདྷ་དྷརྨཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ཏེ། དྲི་ལ་སོགས་པ་བྱིན་ཏེ་ཚོད ་གྱི་སྣོད་རྣམས་ནུབ་ཕྱོགས་སུ་བཞག་གོ་།དེ་ནས་རྡོ་རྗེ་མཚན་ཉིད་དང་ལྡན་པས་ཨོཾ་ཧུཾ་ཀྲོ་དྷ་བཛྲ་སརྦ་སཏྭ་ཀཱ་རུ་ཎཱཏྨ་ཀཱ་སརྦ་དྷརྨཻ་ཀ་སུ་ཁ་སྭ་ཝ་སརྦ་དྷརྨ་ནཱ་བཛྲ་སུ་ཁ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་དང་བཅས་པས་ལྷོ་ཕྱོགས་སུ་བཞག་གོ་།དེ་ནས་རྡོ་རྗེ ་དྲིལ་བུ་ལ་ཨོཾ་ཧོ(རྒྱུད་འགྲེལ་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་དྲི་ཞིམ་པོའི་མེ་ཏོག་རབ་ཏུ་དགྲམ་པར་བྱས་ནས་ལྷ་རྣམས་ཀྱིས་སོ་སོར་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོས་མཎྜ་ལ་བྱས་ཏེ། དེ་ཉིད་ལ་རང་གི་སྙིང་གར་གནས་པའི་ས་བོན་གྱི ་འོད་ཀྱིས་འཁོར་ལོའི་གཙོ་བོ་དང་བཅས་པའི་ལྷ་ཚོགས་སྤྱན་དྲངས་ལ་གདན་རྣམས་ལ་རིམ་པ་བཞིན་བཞུགས་པར་བྱས་པ་དང། ཞབས་བསིལ་ལ་སོགས་པས་ཡང་དག་པར་མཆོད་དེ། བསྟོད་པ་དང་བདུད་རྩི་མྱང་བར་བྱས་ནས་པུས་མོ་གཡས ་པ་ས་ལ་བཙུགས་ཏེ་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་གཅིག་པ་ཧཱུཾ་གིས་མཚན་པ་བསྐྱེད་ལ་ལག་པ་གཡས་པས་སྤོས་སྣོད་བཟུང་སྟེ་གཡོན་པས་དྲིལ་བུ་དཀྲོལ་ཞིང་བརྗོད་པ། བཅོམ་ལྡན་དུས་ཀྱི་འཁོར་ལོ་ཉིད། །རིགས་སྔགས ་རྒྱལ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་སྙིང་རྗེའི་བདག་ཉིད་ཅན། །བྲི་བར་འདོད་དོ་མགོན་པོ་ཀྱེ། །སློབ་མ་རྗེས་སུ་གཟུང་ཕྱིར་དང། ཁྱོད་ཉིད་མཆོད་པར་བྱ་བའི་ཕྱིར། །དེ་ཕྱིར་བཅོམ་ལྡན་ཉིད་ལ་བདག་།གུས་པ་བཀའ་དྲིན་གནང་བར་ཞུ། ། ་བདག་ལ་དགོངས་ཤིག་སངས་རྒྱས་རྣམས། །འགྲོ་ལ་འཁོར་ལོའི་བྱ་བ་སྟེར། །ལམ་ལ་གནས་པའི་བྱང་སེམས་དང། །གང་དག་སྔགས་ཀྱི་ལྷ་རྣམས་དང། །ཕྱོགས་སྐྱོང་རྣམས་དང་ལྷ་གཞན་དང། །བྱང་ཆུབ་མཐར་སྐྱོང་འབྱུང་པོ་དང། ། ་བསྟན་པ་སྐྱོང་བའི་སེམས་ཅན་དང། །གང་དག་རྡོ་རྗེའི་སྤྱན་ལྡན་དང། །བདག་ནི་རྡོ་རྗེ་ཆེ་གེ་ཉིད། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི། །འགྲོ་རྣམས་དག་ཕྱིར་དྲི་བར་བྱ། །ཇི་ལྟར་ནུས་པ་དེ་བཞིན་དུ། །རྗེས་སུ་བརྩེ ་བ་དང་ལྡན་པས། །བདག་དང་སློབ་མར་བཅས་པ་ལ། །དཀྱིལ་འཁོར་དང་བཅས་མ་ལུས་ལ། །ཉེ་བར་བྱ་བར་མཛད་དུ་གསོལ། །ཞེས་པའི་དོན་གོ་བར་བྱས་ལ་ལན་གསུམ་དུ་གསོལ་བ་གདབ་བོ། །ཡང་མེ་ཏོག་ལ་སོགས་པས་མཆོད་པ་བྱའོ།། ་འདི་ནི་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སྲུང་བའི་འཁོར་ལོ་སྒོམ་པ་སྔོན་དུ་སོང་བས་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་ལ་དམིགས་པར་བྱའོ། །ཡང་གཤེགས་སུ་གསོལ་བ་དང། །རྐང་པ་བཅུ་དྲུག་པའི་སྔགས་ལན་བདུན་བཟླས་ཏེ་འཆང ་པར་འགྱུར་བའི་ཆོ་གས་ཉལ་བར་བྱའོ། །དེ་ཡང་ཇི་སྲིད་དགེ་བའི་མཚན་མ་མཐོང་བའི་བར་དུ་སྟེ། །མི་དགེ་བ་མཐོང་ན་གསུང་བར་འགྱུར་བའི་ཆོ་གས་གཏོར་མ་སྦྱིན་པར་བྱའོ་ཞེས་སོ། །དེ་ནས་དམ་ཚིག་འདའ་བར་ཐེ་ཚོམ་ན། །སློབ་མ་མིན་པ་མི ་གཞུག་གོ་།ཞེས་གསུངས་པའི་ཕྱིར། །སྒོ་རྣམས་སུ་མངོན་དུ་རང་གི་དབང་བསྐུར་བའི་སློབ་མ་མཚན་ཉིད་དང་ལྡན་པ་གསུང་བར་འགྱུར་བའི་བརྟུལ་ཞུགས་ཀྱིས་ངེས་པ་དང་ལྡན་པ་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་བ་གསུང་བར་འགྱུར་བའི་སྡོམ་པ་སྔོན ་དུ་སོང་བས་སམ། སློབ་དཔོན་གྱི་སྡོམ་པ་སྔོན་དུ་སོང་བས་ཤར་གྱི་སྒོ་རུ་བསྡད་པ་ལ་ལྷག་པར་གནས་པའི་ཆོ་གས་གདུལ་བྱར་གྱུར་པ་ལྷག་པར་བྱའོ། །དེ་ཡང་བཞིའི་བྱ་བ་འམ་གཅིག་གིས་སམ། གཞན་ཡང་ལྔ་པ་ལས་ཀྱི་རྡོ་རྗེས་སམ། དེ་རྣམས ་མེད་ན་རང་ཉིད་ཀྱིས་བྱ་བའོ། །དེ་ལྟར་སློབ་མ་ལྷག་པར་གནས་པ་ཙམ་བྱ་བའོ། །ལྷག་པར་གནས་པའི་དོན་དུ་དཀྱིལ་འཁོར་གྱི་ལྷ་རྣམས་གཞུག་པ་ལ་ཡང་དག་པར་མཆོད་པ་དང། ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ས ་གཞིའི་སྟེང་གི་ནམ་མཁའ་ལ་བློས་དམིགས་ནས་མཚན་མ་མཐོང་བ་དང། ཁ་ཤར་དུ་ཕྱོགས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་སྔར་བརྗོད་པའི་ཐིག་སྐུད་ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་དང་རྩ་བའི་བར་དུ་བཟུང ་ལ། །ོཾ་ཨཱ(རྒྱུད་འགྲེལ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎ་ཡ་ཧཱུཾ། ཞེས་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པོ། །དེ་ནས་མིང་རྗེས་ན་རདན་སཾ་ལྷ་བ་ལ་སོགས་པ་ཡང་ངོ། །ཇ་ཡིག་ལས་བྱུང་བའི་ཟླ་བ་དང་ཉི་མ་སེར་པོ་མིག་གཉིས་ལ་བཀོད་དེ། ཨོཾ་དཱིཔཏ ་དྲི་ཥྚཱཾ་ཀུ་ཤི་ཛ(རྒྱུད་འགྲེལ་ཁ་དོག་ལ་གཞུག་གོ་།དེ་ལྟ་བུ་དེས་འདི་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ནས་སློབ་མ་རྣམས་རྣམ་པར་སྣང་མཛད་དམ་རྡོ་རྗེ་ཤུགས་ཀྱི་གཟུགས་བྱས་ལ་དེ་དང་སྟབས་གཅིག་ཏུ ་དང་པོ་ཐིག་སྐུད་ལྔ་ལྔ་རེ་རེ་རུ་བཀལ་བ་དེ་ནས་དེ་ལྟར་བཀལ་བ་ལྔ་སྐུད་པ་གཅིག་ཏུ་བྱ་བ་ནི། ཨོཾ་ཨཱ(རྒྱུད་འགྲེལ་ཀྱི་ཉིས་འགྱུར་ལ་སྦོམ་སུ་སློབ་དཔོན་གྱི་ནས་ཀྱི་ཚད་དུ་བསྐལ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཀྱི་ཕྱོགས་ཀྱི་ས་གཞི་ལ་ཁ་ཤར་དུ་ཕྱོགས་ཏེ་རྡོ་རྗེའི་ཐིག་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། དེ་ནས་ཤྲཱི་ཁཎྜ་འབྲས་ས ་ལིའི་ཕྱེ་མ་ལ་སོགས་པ་ལ་སྤགས་ཏེ་སློབ་དཔོན་གྱི་ལག་པ་གཡོན་པས་སྐུད་པ་བསྡུས་ལ་ནུབ་ཏུ་གནས་ཏེ་ཁ་ཤར་དུ་ཕྱོགས་པས་དཀྱིལ་འཁོར་གྱི་ས་གཞི་ལ་བརྐྱང་སྟེ་སྔགས་འདི་བརྗོད་པར་བྱའོ། །ོཾ་ཨ(རྒྱུད་འགྲེལ་ཏཱ(རྒྱུད་འགྲེལ་གཡས་པ་ས་ལ་བཞག་སྟེ་སློབ་མ་དེ་ལས་བཟློག་པས་སོ། །སློབ་དཔོན་ལྷོའི་ས་གཞི་ལ་གནས་ནས། སློབ་མ་བྱང་གི་ས་གཞི་ལ་གནས་ཏེ་ཤར་དང་ཤར་མན་དང་ལྷོ་དང་བྱང་གི་ཚངས་ཐིག་གཉིས་ཡོངས་འཇོམས་སྤངས་ནས་ལྟེ་བའི ་ཐད་སོར་ནམ་མཁའ་ཨི་ཐིག་འདེབས་པ་པོས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་གིས་གུང་མོས་སྐུད་པ་དང་བཅས་པའི་སེ་གོལ་གདབ་པོ། །ཐིག་རྣམས་འདེབས་པའི་དུས་སུ་ཨོཾ་བཛྲ་ས་མ་ཡ་ཧཱུཾ་སཱུ་ཏྲཾ་མ་ཏྲི་ཏྲ་མ་ཧཱུཾ་ཧཱུཾ་ཨོཾ་སྭ ་ཨ(རྒྱུད་འགྲེལ་དང་བཅས་པ་མཉམ་པར་ཕབ་སྟེ་གདབ་པར་བྱའོ། །དེ་ལྟར་སློབ་དཔོན་མེ་མཚམས་གནས་ཏེ་རླུང་མཚམས་ཀྱི་ཐིག་གོ་།བདེན་བྲལ་གནས་ཏེ་དབང་ལྡན་མཚམས་ཀྱི་ཐིག་གོ་།སློབ་མ་དེ་ལས་བཟློག་པར་གནས་ནས་སོ། །ཐིག་སྐུད་ཆད་ན་བླ་མ་འཇིག་སྟེ ་གཞན་ཡང་ཡོངས་སུ་འཇོམས་བྱེད་འགོམས་ན་བུ་རྣམས་དེ་བཞིན་འགྱུར་ཞེས་པའི་དོན་གྱིས་ལེགས་པར་གདབ་པར་བྱའོ། །དེ་ནས་ཚངས་ཐིག་ལས་གཡས་དང་གཞན་པའི་ཕྱོགས་སུ་གཙོ་བོའི་ལྟེ་བ་དང་སྒོའི་པདྨའི་དོན་དུ་ཐིག་གཉིས་པ་གདབ་པའོ།། ་དེ་ལས་ཆ་གཅིག་སྤངས་པར་སྒོ་ཁྱུད་ཀྱི་ནང་གི་བརྩིག་པའི་དོན་དུའོ། །དེ་ལས་ཆ་གཅིག་སྤངས་པ་ཀ་བའི་དོན་དུའོ། །དེ་ལས་ཆ་ཕྱེད་སྤངས་པ་ཕྱིའི་རྩིག་པའི་དོན་དུའོ། །དེ་ལས་གཙོའི་པདྨའི་འདབ་མའི་དོན་དུ་ཕྱེད་དང་བཅས་པའི་ཆ་གཉིས་པའོ། ། ་དེ་ནས་ཆ་གཅིག་སྤངས་པ་རྡོ་རྗེ་ཕྲེང་བའི་དོན་དུའོ། །དེ་ལས་ཆ་ཕྱེད་སྤངས་པར་ལོགས་ཀྱི་ནང་གི་རྩིག་པའི་དོན་དུའོ། །དེ་ལས་ཆ་ཕྱེད་དང་བཅས་པའི་ཆ་ཅིག་གིས་ལོག་གི་ཕྱིའི་རྩིག་པའི་ཐིག་གོ་།དེ་ལས་ཕྱེད་དང་བཅས་པའི་ཆ་གཅིག་ལ་རྟ་བབས་ཀྱིས་ཀ ་པའི་བར་གྱི་ཐིག་གོ་།དེ་ལས་ཆ་ཕྱེད་སྤངས་པར་ལྷ་རྣམས་ཀྱི་པདྨའི་ཐིག་གོ་།དེ་ལས་ཆ་གཅིག་སྤངས་པ་རྡོ་རྗེ་ཕྲེང་བའི་ཐིག་གོ་།རྡོ་རྗེ་ཕྲེང་བའི་ཐིག་གཉིས་ཀྱི་བར་དུ་ལྷ་རྣམས་ཀྱི་པདྨའི་ཆ་བཞི་པའོ། །དེ་དག་གི་ལོགས་དག་ལ་ཀ་བ་དག་གི་རྒྱ་ཆ་གཅིག ་པ་དཔངས་སུ་ཆ་བཞི་པའོ། །དེ་དག་གི་ལོགས་དག་ལ་བུམ་པའི་གནས་རྒྱ་ལ་ཆ་གསུམ་པ་དབངས་སྔ་མ་དང་མཚུངས་པའོ། །དེ་དག་གི་ལོགས་དག་ལ་ཀ་བ་དག་གོ་།ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཐིག་གི་ཕྱི་རོལ་ལས་ཆ་བདུན་སྤངས་པ་ལ་ཐིག ་གདབ་པོ། །དེ་ལས་ཆ་བཞི་སྤངས་པ་ལ་ལྷ་རྣམས་ཀྱི་སྣམ་བུའི་ཐིག་གོ་།དེ་ལས་ཆ་གཅིག་དཔངས་པ་ལ་རྩ་བའི་ཐིག་སྟེ་ཟུར་ཐིག་གི་བར་དུའོ། །རྩ་བའི་ཐིག་གི་བར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་གསུང་དང ་སྐུའི་དཀྱིལ་འཁོར་གང་ལ་ཡང་ངོ། །ཚངས་པའི་ཐིག་ལས་གཡས་དང་གཡོན་གྱི་ཐིག་གཉིས་དབྱི་བར་བྱས་པས་ཆ་དྲུག་པ་འཁོར་ལོའི་བརྒྱད་ཆ་ནི་སྒོ་རུ་འགྱུར་རོ། །སྒོ་ཁྱུད་དང་ལོགས་དང་ངོས་རྣམས་ནི་སྒོ་དང་མཉམ་མོ། །རྩ་བའི་ཐིག་ལས ་ཕྱེད་དང་བཅས་པའི་ཆ་གཅིག་སྤངས་པ་རྩིག་པའི་ཐིག་གོ་།དེ་ལས་ཆ་གསུམ་སྤངས་པ་འདོད་ཡོན་གྱི་ཐིག་གོ་།དེ་ལས་ཕྱེད་དང་བཅས་པའི་ཆ་གཅིག་སྤངས་པ་རིན་པོ་ཆེ་ཕ་གུའི་ཐིག་གོ་།དེ་ལས་ཆ་གསུམ་སྤངས་པ་དྲ་བ་ཕྱེད་པའི་ཐིག་གོ་།དེ་ནས ་ཕྱེད་དང་བཅས་པའི་ཆ་གཅིག་སྤངས་པ་བ་གུ་ལིའི་རྣམ་པའོ། །དེ་ཉིད་དང་མཚུངས་པ་ཀྲ་མ་ཤིར་ཥའོ། །འདི་རྣམས་མ་ལུས་བ་ཟུར་ཐིག་ནས་ཟུར་ཐིག་གིས་ཚང་ཀྱིས་སོ། །དེ་ནས་ཀ་བའི་སྟེང་དུ་རྟ་བབས་སྒོའི་སུམ་འགྱུར་རོ། །དེ་ཉིད་སུམ་བརྩེགས ་བྱས་ཏེ་དང་པོ་ལ་ཆ་དྲུག་པའོ། །གཉིས་པ་ལ་ཕྱེད་དང་བཅས་པའི་ཆ་བཞི་པའོ། །གསུམ་པ་ལ་ཕྱེད་དང་བཅས་པའི་ཆ་གསུམ་མོ། །ཧར་མི་ལ་གཉིས་སོ། །བུམ་པ་ལ་ཡང་ཆ་གཉིས་སོ། །དེ་ཡང་རྩེགས་དང་པོའི་ཀ་བའི་སྟེང་ལ་སྣམ་བུའི་ཞེང ་ལ་ཆ་ཉི་ཤུ་རྩ་བཞི་པ་དཔངས་ལ་ཆ་གཅིག་པའོ། །དེའི་སྟེང་དུ་མ་ང་ཨ་བ་ར་ཎ་ཆ་གཅིག་པ་ཞེང་ལ་ཆ་བཅུ་དྲུག་པའོ། །དེའི་སྟེང་དུ་ཆ་བཞི་པ་གྲུ་བཞི་པའི་དབུས་སུ་མཆོད་པའི་ལྷ་མོའི་གནས་སོ། །དེའི་ལོགས་དག་ལ་ཀ་བ་ཆ་གཅིག་པ ་དག་གོ་།དེ་དག་གི་ལོགས་དག་ལ་ཡང་མཆོད་པའི་ལྷ་མོའི་གནས་དག་གོ་།དེ་དག་གི་ལོགས་ངག་ལ་ཡང་ཀ་བ་དག་གོ་།དེ་དག་གི་ལོགས་ངག་ལ་རྟ་བབས་ཀྱི་ཀ་བ་ངག་གི་སྟེང་དུ་མཆེ་བ་ཅན་གྱི་གླང་པོའི་མགོ་སེང་གེས་མནན་པ། ་དག་གི་སྟེང་དུ་སྣམ་བུའི་ཞེང་ལ་ཆ་བཅོ་བརྒྱད་པ་དཔང་སུ་ཆ་གཅིག་པ་དེའི་སྟེང་དུ་མ་ང་ཨ་བ་ར་ཎ་དཔང་ས་ལ་ཆ་གཅིག་ཞེང་ལ་ཆ་བཅུ་གཉིས་པའོ། །དེའི་སྟེང་གི་སྣམ་བུའི་དཔང་ས་ལ་ཆ་གཉིས་པ་ཞེང་ལ་ཆ་བཅུ་གཉིས་པའོ། །དེ་ཉིད ་ལ་བཞི་ཆས་མ་གང་བའི་ཆ་གཅིག་པའི་ཀ་བ་རྣམས་སོ། །ཀ་བའི་བར་རྣམས་སུ་ལྷ་གསུམ་གྱི་གནས་ཆ་གསུམ་གསུམ་པའོ། །ཕྱི་ཡི་ཀ་བ་དག་གི་ལོགས་ངག་ལས་སཱ་ལ་བྷཉྫི་ཀ་དག་གོ་།དེ་དག་གི་མགོ་བོའི་སྟེང་དུ་ཆ་བྱེད་པའི་སྣམ་བུ ་ཞེང་ལ་ཆ་བཅོ་ལྔ་པའོ། །དེའི་སྟེང་དུ་མ་ང་ཨ་པ་ར་ཎ་ཆ་གཅིག་པ་ཞེང་ལ་ཆ་བརྒྱད་པའོ། །དེའི་སྟེང་དུ་སྣམ་བུའི་དཔངས་ལ་ཆ་གཉིས་པ་ཞེང་ལ་ཆ་བརྒྱད་པའོ། །དེ་ཉིད་ལ་ཀ་བ་སོ་སོ་ལ་ཆ་ཕྱེད་དང་བཞིའོ། །ཀ་བའི་བར་རྣམས་སུ་ལྷའི་གནས་རྣམས་སོ ་སོ་ལ་གཉིས་གཉིས་པ་ཆ་གསུམ་མོ། །ཕྱིའི་ཀ་པ་དག་གི་ལོགས་དག་ཏུ་སཱ་ལ་བན་ཛི་ཀཱ་གཉིས་སོ། །དེའི་སྟེང་དུ་དཔངས་ལ་ཆ་ཕྱེད་པའི་སྣམ་བུའི་ཞེང་ཆ་བཅུ་གཉིས་པའོ། །དེའི་སྟེང་དུ་ཧར་མིའི་ཞེང་ལ་ཆ་བརྒྱད་པའོ། །དེའི་སྟེང་དུ་བུམ་པའོ། །དེ་དག ་གིས་གཡས་དང་གཡོན་དུ་རྒྱལ་མཚན་གྱི་དབྱུག་པའི་གནས་སོ། །དེ་ལྟར་སྣམ་བུ་ཐམས་ཅད་ཀྱི་རྩེ་མོ་ལ་དྲིལ་བུ་དང་རྔ་མ་དང་མེ་ལོང་དང་རྒྱལ་མཚན་དང་དར་དཔྱངས་རྣམས་སོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་འདིའི་རྩ་བའི་ཐིག་གི་ཕྱི་རོལ ་དུ་གསུང་གི་དཀྱིལ་འཁོར་གྱི་ཕྱོགས་ཀུན་དུ་ཆ་བཅུ་གཉིས་བཅུ་གཉིས་ཀྱི་གནས་ལ་ཐུག་གི་དཀྱིལ་འཁོར་གྱི་རྩིག་པ་ལ་སོགས་པ་ནས་ཀྲ་མ་ཤིར་ཥའི་བར་གྱི་མནན་ཏེ་གནས་སོ། །དེའི་ཕྱི་རོལ་དུ་ཆ་དྲུག་སྤངས་ཏེ་ཐིག་གོ་།དེ་ལས་ཆ་དྲུག ་སྤངས་པར་ལྷའི་སྣམ་བུའི་ཐིག་གོ་།སྣམ་བུ་དེ་ལས་པདྨ་ཆ་བཞི་པ་སྟེ་འོན་ཀྱང་ཕྱོགས་ལ་གནས་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་རྩེགས་གཉིས་པའི་མ་ང་ཨ་བ་ར་ཎ་དང་ཀ་བ་གཉིས་ཀྱི་ཆ་ཕྱེད་བྱེད་པ་བསལ་ལ་ཆ་བཞིའི་གནས ་ལ་དགོད་པར་བྱའོ། །ལྷ་མོ་རྣམས་མེད་ན་སྔ་མ་ལྟར་རོ། །དེ་ནས་ལྷ་རྣམས་ཀྱི་སྣམ་བུ་ལས་ཆ་གཅིག་སྤངས་ལ་རྩ་བའི་ཐིག་གོ་།དེ་ཡང་ཐིག་གསུམ་ཟུར་ཐིག་གི་བར་དུའོ། །རྩ་བའི་ཐིག་ལས་ཚངས་ཐིག ་དག་གི་གཡས་གཡོན་གྱི་ཆ་དྲུག་དྲུག་བསུབས་པས་སྒོ་རྣམས་སོ། །དེ་ནས་སྒོ་ཁྱུད་ལ་སོགས་པ་རྟ་བབས་ཀྱི་པར་རྣམས་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ཁྱུད་ལ་སོགས་པའི་ཉིས་འགྱུར་གྱི་ཚད་ཀྱིས་སོ། །གསུང་གི་དཀྱིལ་འཁོར་གྱི ་རྩ་བའི་ཐིག་གི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་ཏེ། དེའི་ཕྱོགས་ཀུན་ཏུ་ཆ་ཉི་ཤུ་རྩ་བཞིའི་གནས་ལ་གསུང་གི་དཀྱིལ་འཁོར་རྩིག་པ་ལ་སོགས་པ་ཀྲ་མ་ཤིར་ཥའི་བར་ཕྱི་མནན་ཏེ་གནས་སོ། །དེའི་ཕྱི་རོལ་དུ་ཆ་བཅུ་སྤངས་ཏེ་ཐིག་གོ། ་དེ་ནས་ལྷ་རྣམས་ཀྱི་སྣམ་བུའི་ཐིག་ཆ་བཅུ་གཉིས་ལའོ། །ལྷའི་སྣམ་བུ་ལ་པདྨ་བཅུ་གཉིས་ཏེ་སོ་སོ་ལ་ཆ་བཅུ་གཉིས་པའོ། །དེ་ལྟར་དེ་རྣམས་ཆ་བདུན་དང་ལྡན་པར་བྱས་ལ་དབུས་ཀྱི་ཆ་ལ་ལྟེ་བའོ། །དང་པོ་རྣམས་འདབ་མ་བཞི་པའོ།། ་གཉིས་པ་རྣམས་འདབ་མ་བརྒྱད་པའོ། །གསུམ་པ་རྣམས་འདབ་མ་བཅུ་དྲུག་པའོ། །དེ་ལྟར་གསུམ་པ་ལ་འདབ་མ་ཉི་ཤུ་རྩ་བརྒྱད་དོ། །ལྷ་རྣམས་ཀྱིས་སྣམ་བུའི་ཐིག་ལས་ཆ་གཉིས་པ་སྤངས་པ་རྩ་བའི་ཐིག་སྟེ་ཐིག་གསུམ་ཟུར་གྱི ་བར་རོ། །རྩ་བའི་ཐིག་ལས་ཚངས་པའི་ཐིག་གི་གཡས་དང་གཡོན་རྣམས་སུ་ཆ་བཅུ་གཉིས་བཅུ་གཉིས་སྔ་ན་ལྟར་བསུབས་པའི་སྒོའི་ཚད་དོ། །དེ་ནས་སྒོ་ཁྱུད་ལ་སོགས་པ་རྟ་བབས་ཀྱི་མཐར་ཐུག་པ་གསུང་གི་དཀྱིལ་འཁོར་གྱི ་སྒོ་ཁྱུད་ལ་སོགས་པའི་ཉིས་འགྱུར་གྱི་ཚད་དོ། །གསུང་གི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྱི་ནང་རྣམས་སུ་ཆ་བཅུ་གཉིས་ལ་ཤིང་རྟ་གནས་སོ། །དེ་ནས་པདྨའི་དཀྱིལ་འཁོར་ལ་ཆ་ཉི་ཤུ་རྩ་བཞི་པའོ། །དེ ་ནས་སའི་དཀྱིལ་འཁོར་ལ་ཆ་བཅུ་གཉིས་པའོ། །དེ་ནས་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྣམས་ལ་ཆ་ཉི་ཤུ་རྩ་བཞི་པའོ། །ནམ་མཁའ་ཨི་དཀྱིལ་འཁོར་ལ་ཆ་བཅུ་གཉིས་པའོ། །དེ་ནས་མེ་རིའི་དཀྱིལ་འཁོར་ལ་ཆ་ཉི་ཤུ་རྩ་བཞི་པའོ། །དེ་ལྟར་པདྨའི་དཀྱིལ ་འཁོར་ལ་སོགས་པ་དཀྱིལ་འཁོར་བདུན་རྣམས་རིམ་པ་བཞིན་བསྐོར་བ་ནི་མེ་རིའི་ཕྱིའི་བར་དུ་ལྟེ་བའི་ཕུར་བུ་ལ་བཏགས་ཏེ་དེ་ལྟར་བརྒྱད་དོ། །གལ་ཏེ་དེ་ལྟར་དཀྱིལ་འཁོར་རྫོགས་པར་བྲི་བ་མ་གྲུབ་ན་དབང་གི་དོན་དུ་ཐུགས་ཀྱི་དཀྱིལ་འཁོར་ཙམ ་བཀའ་སྩལ་པའི་ཕྱིར་རོ། །དེ་ཡང་དབང་གི་དོན་ནམ་དཀྱིལ་འཁོར་གྱི་དོན་དུ་རིགས་ཀྱི་དབང་ལས་ཕྱིའི་འཁོར་ལོ་རབ་ཏུ་བྲལ་བར་འགྱུར་ཞེས་སོ། །ཡང་དེ་བཞིན་དུ་སྒོ་ལ་ཧི(རྒྱུད་འགྲེལ་བཅོམ་ལྡན་འདས་ཀྱི་ཆ་བྱད་གཟུང་སྟེ། ཐར་པའི་སྒོ་སྒྲིབ་པའི་རྣམ་པར་བཅིངས་པ་བསལ་བའི་བསམ་པ་དང་ལྡན་པས་གཡོན་དང་གཡས་ཀྱི་མིག་དག་ཏུ་ཧི(རྒྱུད་འགྲེལ་ཞེས་བརྗོད་ཅིང་རྩ་བའི་ཐིག་ལ་སོགས་པ་རང་རང་གི་ཤེས་རབ་ཀྱིས་བརྟགས་ལ་དབྱི་བར་བྱའོ། །དེ་ནས་གཏོར་མ་དང་མཆོད་པ་སྔོན་དུ་སོང་བ་དང། ཨོཾ་ཨཱ(རྒྱུད་འགྲེལ་པའི་དེ་བཞིན་གཤེགས་པའི་ཐུགས་ཀར་རོ། །ཁ་དོག་ལྔའི་སྐུད་པ་གནས་གང་ཡང་རུང་པར་གཞག་པར་བྱའོ། །འདི་ནི་ཐིག་གདབ་པའི་ཆོ་གའི་རིམ་པའོ།། །།དེ་ནས་གཏོར་མ་དང་མཆོད་པ་ལ་སོགས་པ་བྱ་སྟེ། ཨ ་ཨི་རི་ཨུ་ལིའི་ས་བོན་རྣམས་ལས་རྫོགས་པའི་ཚོན་གྱི་བྱེ་བྲེག་ཁ་དོག་ལྔ་རྣམས་རིམ་པ་བཞིན་དུ། ཨོཾ་ཨཱ(རྒྱུད་འགྲེལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཨོཾ་ཡིག་ལ་སོགས་པ་ལས་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ཚོགས་རྣམས་སྐུད་པ་སྦྱངས་པའི་དུས་ལྟར་བཀུག་སྟེ་གཞུག་གོ་།དེ་ནས་བཅས་པ་རོ ་གཅིག་ཏུ་གྱུར་པ་ཡེ་ཤེས་ཀྱི་ཚོན་དེ་རྣམས་ལ་ཨོཾ་ཡིག་ལ་སོགས་པའི་སྔགས་བརྗོད་ནས་ཡང་ཨོཾ་བཛྲ་ཙིཏྲ་ས་མ་ཡ་ཧཱུཾ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ལྟར་འབར་བའི་ལྟ་སྟངས་ཀྱི་སོ་སོ་ལ་ཧི(རྒྱུད་འགྲེལ་ཡང་ཨོཾ་རཾ་ཛོ་བཧུ་ལ་ཡེ་ནས་ཏྭེ་ནས་ཏྭེ་བུདྡྷ་ཤཙ་བྷ་ག་ཝཱནྟ(རྒྱུད་འགྲེལ་དཀྱིལ་འཁོར་གྱི་ལྟེ་བའི་ཕུར་བུ་ཧཱུཾ་ཞེས་པའི་སྔགས་བརྗོད་ཅིང་གདོན་པར་བྱ་ཞིང་རང་གི་ལག་པའི་རྡོ་རྗེ་ལ་བློས་ཐིམ་པར་བསམ་མོ། །ཁུང་བུ་ཚོན་སྣ་ལྔ་ཡིས་དགང་བར་བྱས་པ་དང། དྲིལ་བུ་དཀྲོལ་ཞིང་རྡོ་རྗེའི་གླུ་གླངས་ཏེ་མཚན་མ་ངན ་པ་བཅོས་ནས། འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་རྣམས་རབ་ཏུ་སྒྲོལ། །རྡོ་རྗེ་འཛིན་པའི་རྒྱལ་པོ་ཁྱོད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཐམས་ཅད་རྣམ་པར་གྲོལ། །འཁོར་ལོའི་དབུས་སུ་ཡང་དག ་གནས། །དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པར་བསྒོམས་ནས། དང་པོར་དཀྱིལ་འཁོར་གྱི་དབུས་སུ་བསྡད་ལ་ལག་པ་གཡོན་པ་རྡོ་རྗེ་འཆང་བས་བྱས་ལ། །ོཾ་བཛྲ་རཾ་ག་ས་མ་ཡ་ཧཱུཾ་ཞེས་པ་འམ། ཡི་གེ་དྲུག་པ་བརྗོད་ཅིང ་བྱང་ཤར་མཚམས་ནས་བརྩམས་ཏེ་ཤར་དུ་ཁ་ཕྱོགས་བས་རབ་གསུམ་བྲི་བར་བྱའོ། །དེ་ཡང། སྦོམ་བོས་ནང་བྱེད་པ་དང་རེ་ཁ་ངན་དང་ཕྲ་བས་རྫས་རྣམས་བྲི་བར་རབ་ཏུ་གསལ་བར་འགྱུར། །ཆད་པས་འཆི་བ་དང་ནི་འཁྱོག་པོས ་མཾ་ཡི་བདག་པོ་སྐྱེ་བོར་བཅས་པ་བསྐྲོད་དེ་དེ་བཞིན་དུ། །མཚན་མ་དང་ནི་ཉི་མ་ཟླ་བ་ཆད་ན་འཇིག་འཇོམས་སྔགས་པ་རྣམས་ལ་དངོས་གྲུབ་ཡོད་པ་མིན། །རྡུལ་མཚོན་རྣམ་པར་འདྲེས་པས་རིགས་དག་འཆད་དེ་རྒྱལ་བའི་རིགས་ཀྱི་དཀྱིལ་འཁོར་དུ་ནི ་རིག་པར་བྱ། །ཞེས་པའི་དོན་ནི་བདག་ཉིད་ཀྱིས་ཏེ་གཞན་གྱིས་ཀྱང་དེ་ལྟར་བྲི་བར་བྱའོ། །འདིར་གཙོ་བོའི་ཞལ་གྱི་དབྱེ་བས་ཕྱོགས་ཀྱི་རྣམ་པར་དབྱེ་བ་ལ་ཚོན་གྱི་ཁ་དོག་བྱེ་བྲག་སྟེ། དེ་ལྟར་ཐུགས་ཀྱི་འཁོར་ལོའི་ནང་གི་རྡོ་རྗེ་ཕྲེང་བ་གཉིས་པའི་བར ་ནག་པོའོ། །ཐུགས་དང་གསུང་དང་སྐུ་རྣམས་ཀྱི་ས་གཞི་ནག་པོའོ། །ལྷོ་རྣམས་དམར་པོའོ། །བྱང་རྣམས་དཀར་པོའོ། །ནུབ་རྣམས་སེར་པོའོ། །འདོད་གཡོན་རྣམས་དཀར་པོའོ། །རིན་ཆེན་ཕ་གུ་རྣམས་དམར་པོའོ། །དྲ་བ་དང་དྲ་བ་ཕྱེད་པ་དང་བཀུ་ལི་དང ་ཀྲ་མ་ཤིར་ཥ་རྣམས་དཀར་པོ་སྟེ་བཞི་ནག་པོའོ། །རྟ་བབས་ཀྱི་ཀ་བ་རྣམས་སེར་པོའོ། །ལས་ཐམས་ཅད་པ་ལ་གཙོ་བོའི་པདྨ་ལྗང་གུའོ། །ཞི་བ་ལ་སོགས་པ་ལ་དཀར་པོ་ལ་སོགས་པའི་ཁ་དོག་ཏུ་འགྱུར་རོ། །རྡོ་རྗེའི་ཕྲེང་བ་ནག་པོའོ། །ཀ་བ་རྣམས་ནི་ཤར་དུ ་རལ་བྲི་ནག་པོ་རྣམས་སོ། །ལྷོར་རིན་པོ་ཆེ་དམར་པོ་རྣམས་སོ། །བྱང་དུ་པདྨ་དཀར་པོ་རྣམས་སོ། །ནུབ་ཏུ་འཁོར་ལོ་སེར་པོ་རྣམས་སོ། །པདྨ་ལ་གནས་པའི་བུམ་པ་བརྒྱད་པོ་དཀར་པོ་པདྨའི་འདབ་མ་ལ་ཁ་ཕྱོགས་པའོ། །པདྨ་ཐམས་ཅད་ཀྱི་ལྟེ་བ་སུམ ་ཆ་པའོ། །རྡོ་རྗེ་ཕྲེང་བ་གཉིས་པ་ལྗང་གུའོ། །ལྷའི་སྣམ་བུ་རྣམས་དཀར་པོའོ། །རབ་གསུམ་ནི་དཀར་པོ་དང་དམར་པོ་དང་ནག་པོ་རྣམས་སོ། །ར་བ་དེ་རྣམས་ཀྱི་སའི་ཆ་དགུ་ལས་ཆ་རེ་རེ་དོར་ཏེ་ཆ་གཉིས་གཉིས་ལ་ར་བའོ། །སྒོ་ཁྱུད་རྣམས་སུ་རིན་པོ ་ཆེ་རྡོ་རྗེས་སྤྲས་པའོ། །རྟ་བབས་རྣམས་ཁ་དོག་སྣ་ཚོགས་པའོ། །གསུང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྣམ་བུ་དཀར་པོའོ། །དེ་ཉིད་ལ་པདྨ་བརྒྱད་པ་ནི་ཉི་མ་དང་ཟླ་བ་དང་བྲལ་བའི་ཕྱོགས་རྣམས་དམར་པོའོ། །མཚམས་རྣམས་དཀར་པོའོ། ། ་ར་བ་ལྔ་ནི་ནང་ནས་རིམ་གྱིས་ལྗང་གུ་དང། ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོ་རྣམས་སོ། །སྐུའི་དཀྱིལ་འཁོར་ནི་གསུང་དང་མཚུངས་པ་ལས་རྟ་བབས་ཀྱི་ཀ་བའི་འོག་རྩིག་པའི་རྩར་གདེངས་ཀ་རྣམས ་ཀྱི་གདན་ཏེ་སོ་སོ་ལ་ཆ་བཅུ་གཉིས་པའོ། །དེ་ཡང་ཤར་ཕྱོགས་སུ་རླུང་གི་དཀྱིལ་འཁོར་ནག་པོ་ཟླུམ་པོ་སྟེ་རྒྱལ་མཚན་གྱིས་མཚན་པ་དག་གོ་།ལྷོ་ཕྱོགས་སུ་གྲུ་གསུམ་གཡུ་དྲུང་རིས་ཀྱིས་མཚན་པ་དག་གོ་།ནུབ་ཕྱོགས་སུ་གྲུ་བཞི་རྡོ་རྗེས ་མཚན་པ་དག་གོ་།བྱང་ཕྱོགས་སུ་ཟླ་ཕྱེད་རྣམ་པ་པདྨས་མཚན་པ་དག་གོ་།ཤར་ཕྱོགས་ཀྱི་གཡས་ཀྱི་ཟླུམ་པོའི་གཡས་སུ་བདུད་རྩིའི་བུམ་པ་གླུའི་རྒྱལ་པོ་རྒྱལ་བའོ། །ནུབ་ཕྱོགས་ཀྱི་གཡོན་གྱིས་གྲུ་བཞིའི་གཡོན་དུ་བདུད་རྩི་བུམ་པ ་རྣམ་པར་རྒྱལ་བའོ། །ཤར་ཕྱོགས་ཀྱི་རྟ་བབས་ཀྱི་རྩེགས་དང་པོའི་གནས་དབུ་མ་ལ་ཆོས་ཀྱི་འཁོར་ལོ་དག་དང་གཡས་དང་གཡོན་དུ་རི་དགས་ཕོ་དང་མོ་རྣམས་ནག་པོའོ། །ལྷོ་ཕྱོགས་སུ་བུམ་པ་བཟང་པོ་དང་གཡས་དང་གཡོན་དུ ་དུང་དང་པདྨ་རྣམས་དམར་པོའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་དང་གཡས་དང་གཡོན་དུ་མི་འམ་ཅི་དང་མི་འམ་ཅི་མོ་རྣམས་སེར་པོའོ། །བྱང་དུ་དུ་དུ་བི་དང་གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ་དཀར་པོའོ། །པདྨའི་འདབ་མ་ཁ་དོག་ལྔ་སྟེ ་དེ་ཉིད་ལ་མཆོད་པའི་རྫས་རྣམས་དགོད་དོ། །སའི་དཀྱིལ་འཁོར་སེར་པོའོ། །དེའི་དབང་ལྡན་མཚམས་སུ་ཟླ་བའི་དཀྱིལ་འཁོར་གང་བ་ཆ་བཅུ་གཉིས་པའོ། །བདེན་བྲལ་མཚམས་སུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །ཆུའི་དཀྱིལ ་འཁོར་དཀར་པོའོ། །མེའི་དཀྱིལ་འཁོར་དམར་པོའོ། །རླུང་གི་དཀྱིལ་འཁོར་ནག་པོའོ། །དེ་དག་གི་དབུས་སུ་ཆ་ཉི་ཤུ་རྩ་བཞི་ལ་འཁོར་ལོ་རྩིབས་བརྒྱད་པའི་དུར་ཁྲོད་བྲི་བར་བྱའོ། །དེ་རྣམས་ཀྱི་ཕྱོགས་རྣམས་དམར་པོ་མཚམས ་རྣམས་དཀར་པོའོ། །ཤར་དང་ནུབ་ཀྱི་འཁོར་ལོའི་ཕྱི་རོལ་དུ་སྟོང་པའི་དཀྱིལ་འཁོར་དག་གོ་།དེ་ཡང་དེ་དག་ནི་སྒྲུབ་ཐབས་ཀྱི་ལེའུར་གསུངས་པ་ལྟར་རོ། །འཁོར་ལོ་བཅུ་ལ་མཚན་མ་གྲི་གུག་བྲི་བར་བྱའོ། །རླུང་གི་དཀྱིལ་འཁོར་ལ་མཚན་མ ་སྣ་ཚོགས་དགོད་པར་བྱའོ། །ནམ་མཁའ་ཨི་དཀྱིལ་འཁོར་གྱི་ཁ་དོག་སྔོན་པོའོ། །དེ་ཉིད་ཀྱིས་ཕྱོགས་གཉིས་སུ་ཆ་གསུམ་གསུམ་ཙམ་བསྐོར་བར་བྱའོ། །དབུས་ཀྱི་ཆ་དྲུག་ལ་རྡོ་རྗེའི་ར་བའོ། །མེ་རིའི་ཕྲེང་བ་ཁ་དོག་ལྔའོ། །ཐུགས་ཀྱི་དཀྱིལ ་འཁོར་གྱི་ཤར་གྱི་རྡུལ་མཚོན་ནག་པོའི་དཔངས་ལ་ནས་ཀྱི་རྐང་པ་གཅིག་གོ་།ལྷོ་ཕྱོགས་ཀྱི་དམར་པོ་ལ་རྐང་པ་གཉིས་སོ། །ནུབ་ཕྱོགས་ཀྱི་སེར་པོ་ལ་བཞིའོ། །བྱང་ཕྱོགས་ཀྱི་དཀར་པོ་ལ་གསུམ་མོ། །རྩིག་པའི་ཚོན་རྣམས་ནི་སེར་པོའི ་སུམ་འགྱུར་དུ་བྱ་བ་སྟེ་རྡོ་རྗེའི་ར་བ་ལ་ཡང་ངོ། །རེ་ཁ་གཞན་རྣམས་ནི་མཚོན་སེར་པོ་ཉིས་འགྱུར་རོ། །པདྨ་རྣམས་ནི་སྣམ་བུ་རྣམས་ཀྱི་ཉིས་འགྱུར། །ཟླ་བ་དང་ཉི་མ་རྣམས་ནི་པདྨ་རྣམས་ཀྱི་ཉིས་འགྱུར་རོ། །དེ་ལྟར་གསུངས་པ་རྣམས་ཀྱི ་ཉིས་འགྱུར་གསུང་གི་དཀྱིལ་འཁོར་ལའོ། །དེ་ཉིད་ཀྱིས་ཉིས་འགྱུར་སྐུའི་དཀྱིལ་འཁོར་ལ་སྟེ། ཀྲ་མ་ཤིར་ཥའི་ཕྱི་རོལ་མཆོད་པའི་ས་གཞི་ལ་གནས་གཅིག་གོ་།སའི་དཀྱིལ་འཁོར་ལ་སོགས་པ་རྣམས་རྡོ་རྗེའི་ར་བ་དང་མེ་རི་རྣམས་ཀྱི ་དབངས་སྐུའི་རྩིག་པའི་ཚད་ཀྱིས་སོ། །ས་གཞི་གཞན་རྣམས་ལ་ཚོན་སུམ་འགྱུར་རོ། །དེ་ལྟར་གཙོ་བོའི་པདྨའི་ལྟེ་བར་ལྟེ་བ་དང་མཉམ་པའི་སྟེང་དུ་དཀར་པོ་དང་དམར་པོ་དང་ནག་པོ་དང། དམར་པོའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས ་མེ་རྣམས་ལ་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའོ། །ཤར་གྱི་འདབ་མ་ལ་སྤོས་སྣོད་ནག་པོའོ། །ལྷོ་ཕྱོགས་སུ་མར་མེ་དམར་པོའོ། །ནུབ་ཕྱོགས་སུ་དུང་སེར་པོའོ། །བྱང་ཕྱོགས་སུ་ལྟ་བཤོས་དཀར་པོའོ། ། ་མེ་མཚམས་ལ་སོགས་པར་རྔ་ཡབ་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོ་རྣམས་སོ། །དེའི་ཕྱི་རོལ་གྱི་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོའོ། །མེ་རུ་ཡིད་བཞིན་གྱི་ནོར་བུ་ནག་པོའོ། །བདེན་བྲལ་དུ་ཆོས་ཀྱི་གཎྜཱི ་དམར་པོའོ། །རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ། །འཕར་མ་གཉིས་པའི་ཤར་ཕྱོགས་ཀྱི་པདྨ་དཀར་པོ་དང་ཉི་མ་དམར་པོའི་སྟེང་དུ་རལ་གྲི་ནག་པོའོ། །མེའི་མཚམས་སུ་པདྨ་དམར་པོ་དང་ཟླ་བའི་སྟེང་དུ་ཨུཏཔ་ལ་སྔོན་པོའོ། །ལྷོ་ཕྱོགས་སུ ་རིན་པོ་ཆེ་ཧ་དགུ་པ་དམར་པོའོ། །བདེན་བྲལ་དུ་པདྨ་དམར་པོའོ། །ནུབ་ཕྱོགས་སུ་འཁོར་ལོ་སེར་པོའོ། །རླུང་དུ་འཁོར་ལོ་སེར་པོའོ། །བྱང་དུ་པདྨ་དཀར་པོའོ། །དབང་ལྡན་དུ་ཨུཏཔ་ལ་དཀར་པོའོ། །འཕར་མ་གསུམ་པའི་སྒོ་སོ་སོའི་ལོགས་རྣམས ་ལ་པདྨ་བརྒྱད་དེ། །དེ་རྣམས་ལ་དྲུག་ལ་ཉི་མའོ། །ནུབ་དང་བྱང་གི་གཡོན་ཕྱོགས་ལ་ཟླ་བའོ། །ཟུར་རྣམས་ཀྱིས་པདྨ་ལ་ཟླ་བ་བཞིའོ། །དེ་རྣམས་ཀྱི་དབང་ལྡན་ནས་བརྩམས་ཏེ་མེ་ལོང་དང་རྡོ་རྗེ་དང། རལ་གྲི་དང་གོས་དང་རྡོ་རྗེ་དང་རིན་པོ་ཆེ ་དང། བདུད་རྩིའི་སྣོད་དང་ཆེས་འབྱུང་དང། །འཁོར་ལོ་དང་དྲིལ་བུ་དང་པི་ཝང་དང་པདྨ་རྣམས་དཀར་པོ་དང་ནག་པོ་དང་ལྗང་གུ་དང་དམར་པོ་དང་དམར་པོ་དང་ལྗང་གུ་དང། སེར་པོ་དང་སེར་པོ་དང་སྔོན་པོ་དང་དཀར་པོ་རྣམས་སོ། །ཤར་གྱི་སྒོ ་ལ་པདྨ་དང་ཉི་མའི་སྟེང་དུ་རལ་གྲི་ནག་པོའོ། །ལྷོ་ཕྱོགས་སུ་དབྱུག་པ་དམར་པོའོ། །ནུབ་ཕྱོགས་སུ་པདྨ་སེར་པོའོ། །བྱང་ཕྱོགས་སུ་ཐོ་བ་དཀར་པོའོ། །འདི་རྣམས་ལས་ཉི་མའི་དཀྱིལ་འཁོར་རྣམས་ཀྱི་པདྨ་དཀར་པོ་རྣམས་དང། །ཟླ་བའི ་དཀྱིལ་འཁོར་རྣམས་ཀྱི་པདྨ་དམར་པོ་རྣམས་སོ། །ཤར་ཕྱོགས་ཀྱི་འདོད་ཡོན་གྱི་རྟ་བབས་ཀ་བའི་འོག་གི་གཡོན་དུ་དུད་ནག་པོའོ། །གཡས་སུ་མེ་ཏོག་གི་ཕྲེང་བ་སྔོན་པོའོ། །ལྷོ་ཕྱོགས་སུ་སྤོས་སྣོད་དང་མར་མེ་དམར་པོའོ། །ནུབ ་ཕྱོགས་སུ་ཅོད་པན་དང་མུ་ཏིག་གི་ཕྲེང་བ་སེར་པོའོ། །བྱང་ཕྱོགས་སུ་འབྲས་བུ་དང་བདུད་རྩིས་གང་པའི་སྣོད་དཀར་པོའོ། །དེ་ལྟར་འདོད་ཡོན་སྣམ་བུ་ཀུན་ལ་གླུ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་སོ། །ཤར་གྱི་རྟ་བབས་ཀྱི་མཆོད་པའི ་གནས་ཀྱི་དབུས་སུ་གོས་སོ། །ལྷོ་ཕྱོགས་སུ་པདྨའོ། །ནུབ་ཕྱོགས་སུ་པ་ཊ་ཧའོ། །བྱང་ཕྱོགས་སུ་རྡོ་རྗེའོ། །གསུང་གི་དཀྱིལ་འཁོར་གྱི་ཤར་གྱི་པདྨའི་ལྟེ་བ་དང་འདབ་མ་རྣམས་ལ་གྲི་གུག་ནག་པོ་རྣམས་སོ། །མེ་མཚམས་སུ་འཁོར་ལོ་ནག་པོ ་རྣམས་སོ། །ལྷོ་ཕྱོགས་སུ་དབྱུག་པ་དམར་པོ་རྣམས་སོ། །བདེན་བྲལ་དུ་མདུང་ཐུང་དམར་པོ་རྣམས་སོ། །ནུབ་ཕྱོགས་སུ་རྡོ་རྗེ་སེར་པོའོ། །རླུང་དུ་ཚངས་པའི་དབྱུག་པ་སེར་པོ་རྣམས་སོ། །བྱང་ཕྱོགས་སུ་རྩེ་གསུམ་པ་དཀར་པོ་རྣམས་སོ། །དབང་ལྡན་དུ ་པདྨ་དཀར་པོ་རྣམས་སོ། །སྐུའི་དཀྱིལ་འཁོར་གྱི་པདྨའི་ལྟེ་བ་དང། འདབ་མ་རྣམས་ཀྱི་མཚན་མ་རྣམས་ལ། ཤར་སྒོའི་གཡས་སུ་རལ་གྲི་རྣམས་སོ། །མེ་མཚམས་སུ་དཔག་བསམ་གྱི་ཤིང་རྣམས་སོ། །ལྷོའི་སྒོའི་གཡོན་དུ་རྡོ་རྗེས་མཚན ་པའི་དབྱུག་པ་རྣམས་སོ། །གཡས་སུ་མདུང་ཐུང་རྣམས་སོ། །བདེན་བྲལ་དུ་མདུང་རྣམས་སོ། །ནུབ་སྒོའི་གཡོན་དུ་རིན་པོ་ཆེ་འམ་དབྱུག་པ་རྣམས་སོ། །གཡས་སུ་རྡོ་རྗེ་རྣམས་སོ། །རླུང་དུ་ཁབ་རྣམས་སོ། །བྱང་གི་སྒོའི་གཡོན་དུ་རྩེ་གསུམ ་རྣམས་སོ། །གཡས་སུ་ཞགས་པ་རྣམས་སོ། །དབང་ལྡན་དུ་དགྲ་སྟ་རྣམས་སོ། །ཤར་སྒོའི་གཡོན་དུ་འཁོར་ལོ་རྣམས་སོ། །ཤར་ཀྱི་སྒོ་རུ་དབྱུག་པའོ། །དེའི་ཕྱི་རོལ་ཏུ་རྡོ་རྗེ་ལྗང་གུའོ། །ལྷོའི་སྒོ་རུ་མདའ་དམར་པོའོ། །ནུབ་ཀྱི་སྒོ་རུ་དབྱུག་ཏོའོ། ། ་དེའི་ཕྱི་རོལ་དུ་རྩེ་གསུམ་སྔོན་པོའོ། །བྱང་གི་སྒོ་རུ་གཏུན་ཤིང་དཀར་པོའོ། །དེ་ལྟར་དབྱུག་པ་ལ་སོགས་པ་རྣམས་པདྨ་དང་ཉི་མ་ལ་གནས་པའོ། །གསུང་དང་སྐུའི་དཀྱིལ་འཁོར་གྱི་ཕྱོགས་ཀྱི་པདྨ་རྣམས་དམར་པོའོ། །མཚམས་ཀྱི ་པདྨ་རྣམས་དཀར་པོའོ། །འདིར་གསུང་གི་དཀྱིལ་འཁོར་གྱི་ཤར་སྒོའི་འདོད་ཡོན་གྱི་སྣམ་བུའི་གཡས་སུ་ཨུཏཔ་ལ་དང་གོས་དང་གྲི་གུག་དང། འཁོར་ལོ་དང་ཁ་ཊཝཱཾ་ག་རྣམས་དག་པོའོ། །གཡོན་དུ་གྲི་གུག་དང་རལ་གྲི ་དང་གྲི་གུག་དང་ཡང་གྲི་གུག་རྣམས་ནག་པོའོ། །ལྷོའི་སྒོའི་གཡས་སུ་པདྨ་དང་བདུད་རྩིའི་སྣོད་དང། དབྱུག་པ་དང་མདུང་ཐུང་དང་པདྨ་རྣམས་དམར་པོའོ། །གཡོན་དུ་མདའ་དང་དགྲ་སྟ་དང། གྲི་གུག་དང་ཡང་གྲི་གུག་རྣམས་དམར་པོའོ། །ནུབ་ ་སྒོའི་གཡས་སུ་འཁོར་ལོ་དྲིའི་དུང་དང་རྡོ་རྗེ་དང་ཁབ་དང་འཁོར་ལོ་རྣམས་སེར་པོའོ། །གཡོན་དུ་ཕུབ་དང་ཆོས་འབྱུང་དང་འཁོར་ལོ་དང་གྲི་གུག་རྣམས་སེར་པོའོ། །བྱང་སྒོའི་གཡས་སུ་ཨུཏཔ་ལ་མེ་ལོང་དང་རྩེ་གསུམ་དང་པདྨ་དང་ཨུཏཔ་ལ་རྣམས ་དཀར་པོའོ། །གཡོན་དུ་བི་ནི་སྔོན་པོ་དང་ཐོ་བ་དང་གྲི་གུག་དང་ཡང་གྲི་གུག་རྣམས་དཀར་པོའོ། །དེ་ལྟར་མཚན་མ་སུམ་ཅུ་རྩ་དྲུག་སྐུའི་དཀྱིལ་འཁོར་གྱི་འདོད་ཡོན་ལ་ཡང་གོ་བར་བྱའོ། །དེ་ནས་ཧཱུཾ་ཡིག་དང་ཡི་གེ་དྲུག་པ་བཟླས་ཤིང་བདུད་རྩི་ལྔ ་དང་བཅས་པ་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་རོལ་བྱུགས་ནས་དེ་ཉིད་བཟླས་ཤིང་ཆུས་དཀྱིལ་འཁོར་ལ་བསང་གཏོར་བྱའོ། །དེ་ནས་ཚོན་རྣམས་ཀྱི་ལྷག་མའི་ཡེ་ཤེས་པ་ཨོཾ་ཨཱ:ཧཱུཾ་བཛྲ་མུ(རྒྱུད་འགྲེལ་འདུ་འཛི་མེད་པའི་ས་རུ་གཞག་པར་བྱའོ། །འདི་ནི་ཚོན་དགྱེ་བའི་ཆོ་གའི་རིམ་པའོ།། །།དེ་ནས་སྔོན་དུ་ལྷག་པར་གནས་པར་བྱས་པའི་བུམ་པ་རྣམས་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་བཞི་བཞག་གོ་། ་ཡང་ནུབ་ཏུ་རྣམ་པར་རྒྱལ་བའི་བུམ་པ་ལྔའོ། །ཤར་དུ་རྒྱལ་བའི་བུམ་པ་དྲུག་པའོ། །དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པའི་དུང་དེ་ཞེས་པ་ནི་བུམ་པ་དྲུག་གི་ཕྱོགས་སོ། །བུམ་པ་བཅུའི་ཕྱོགས་ལྟར་ན་ཕྱོགས་མཚམས་བརྒྱད་དུ ་བརྒྱད་དང་ནུབ་ཀྱི་བུམ་པའི་ཕྱི་རོལ་དུ་སོར་གཉིས་ཀྱི་མ་རེག་པར་རྣམ་པར་རྒྱལ་བའི་བུམ་པའོ། །ཤར་གྱི་བུམ་པའི་ཕྱི་རོལ་དུ་སོར་གཉིས་ཀྱི་མ་རེག་པར་རྒྱལ་བའི་བུམ་པའོ། །དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་དུང་བཅུ་གཅིག་པའོ། །དེ་ཡང་ཞི ་བ་དང་རྒྱས་པ་དང་ལས་ཐམས་ཅད་པ་ལ་དུ་བའོ། །གདུག་པའི་ལས་ཐམས་ཅད་ལ་ཐོད་པའོ། །དབང་དང་དགུག་པ་ལ་ཟངས་དང་གསེར་རོ། །རེངས་པ་དང་རྨོངས་པ་ལ། བཾ་ཕོར་རོ། །དེ་ནས་ལས་དང་མཚུངས་པའི་གོས་དང་སྐུད་པས་མགྲིན་པར ་བཀྲི་བར་བྱ་སྟེ། གཞག་པ་འདི་ནི་བུམ་པ་དགྲམ་པའི་ཆོ་གའོ། །དེ་ནས་མཚམས་བཞི་རུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞི་བ་ཀླག་པར་བྱའོ། །ག་བུར་དང་ཏུ་རུ་ཀ་དང་ཨ་ཀ་རུ་ལ་སོགས་པའི་སྤོས་སྣ་ཚོགས་ཕྱོགས་མཚམས་བརྒྱད་དུ་བཞག་གོ་། ་སྣ་ཚོགས་པའི་གོས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་ལ་གཙོ་བོའི་སྔགས་དང། ཨོཾ་བཛྲ་སཕ་ར་ཎ་ཁཾ་ཞེས་པའི་སྔགས་བརྗོད་དེ། རིམ་པ་བཞིན་གནས་སུ་དགྲམ་མོ། །དཀྱིལ་འཁོར་གྱི་ཁང་པའི་སྒོ་རྣམས་སུ་རྟ་བབས་ལ་སྣ་ཚོགས་པའི ་གོས་དང་དྲིལ་བུ་དང་རྔ་ཡབ་རྣམས་ཀྱིས་བརྒྱན་པའོ། །ལོ་མ་དང་བཅས་པའི་ཆུ་ཤིང་གི་ཀ་བ་དང་གང་བའི་བུམ་པ་ཁ་བརྒྱན་དང་བཅས་པ་ཡང་བཞག་གོ་།དེ་ནས་སློབ་དཔོན་ཤར་ཕྱོགས་སུ་བསྡད་ལ་སྒྲུབ་ཐབས་སུ་གསུངས་པའི་སྡིག་པ་བཤད ་པ་ལ་སོགས་པ་དང་སྲུང་བའི་འཁོར་ལོ་དང། དཀྱིལ་འཁོར་རྒྱལ་མཆོག་དང། ལས་རྒྱལ་མཆོག་དང། ཐིག་ལེའི་རྣལ་འབྱོར་དང། ཕྲ་མའི་རྣལ་འབྱོར་རྣམས་ཀྱི་ཆོ་ག་བྱས་ལ། བཅུ་དྲུག་ལོ་ཉིད་ལོན་པ་ཡི། །བཙུན་མོ་ཤིན་ཏུ་རབ་ཏུ ་མཛེས། །དྲི་དང་མེ་ཏོག་དང་ལྡན་མ། །དེ་ཉིད་ལེགས་པར་བསླབས་པ་དང། །དེའི་དབུས་སུ་འདོད་པ་བྱ། །ཡོན་ཏན་རྒྱ་མཚོ་སྣ་ཚོགས་ཡུམ། །སངས་རྒྱས་ཚོགས་རྣམས་སྤྲོས་པ་དང། །ནམ་མཁའ་ཨི་ཁམས་སུ་ལེགས་པར་བརྒྱན། །ཞེས་པ ་རབ་ཏུ་གསུངས་པས་ཕྱིའི་ཕྱག་རྒྱ་ལ་སྙོམས་པར་འཇུག་པའམ། དེ་ལྟར་མ་ཡིན་ན་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པ་དང། སྦྱོར་བའི་སྒྲས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་སྔགས་ཀྱིས་དགུག་པ་དང་གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་རྣམས་བྱས་ལ་ཞབས་བསིལ་དང་ཡོན་ཆབ་ལ་སོགས་པ་སྔོན་དུ་སོང་བས་བདག་ཉིད་ལ་གཞུག་པར་བྱས་པ་དང། ཆགས་པ་ཆེན་པོས་ཞུ་ནས་རྡོ་རྗེའི་ལམ་ནས་བྱུང ་སྟེ་ལྷ་མོའི་པདྨར་ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་བར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམ་ཚིག་གི་དཀྱིལ་འཁོར་བསྒོམས་ཏེ་གནས་རྣམས་ཀྱི་རིམ་པས་དེ་རྣམས་སྤྲོ་བར་བྱའོ། །དེ་ནས་སྙིང་གའི་ས་བོན་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ལ་ཕྱི་དང ་གསང་པའི་མཆོད་པས་མཆོད་པར་བྱའོ། །མཆོད་པ་དེའི་རིམ་པ་ནི། །ོཾ་ཨཱ:ཧཱུཾ་ཧོ། ཏྲེ་དྷཱུ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏིཙྪ་ས་པ་རི་ཝཱ་རཱ་ཏྭཱི་བྷ་ག་ཝཱཾ་མེ་ཝ་ར་དོ་བྷ་ཝ་ཤི་ཥྱ་ཉྩ་ཞེས་གསོལ་བ་བཏབ་པ་ལ་ཡོན ་ཆབ་ཀྱི་མཎྜལ་རྡུལ་ཚོན་གྱི་ཕྱི་རོལ་དང། མཎྜལ་གཞན་རྣམ་རྒྱལ་གྱི་བུམ་པའི་སྔོན་དུ་བྱས་ལ་སྔགས་རྣམས་ཀྱི་དང་པོར་ཨོཾ་དང་ཐ་མར་ན་མ(རྒྱུད་འགྲེལ་སཾ་གྷ་ཡ། བཛྲ་སཏྭཱ་ཡ། པྲཛྙཱ་པཱ་ར་མི་ཏ་ཡཻ། སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་དྷརྨམཱ་ཀ་ཡཱ་ཡ། སཾ་བྷོ་ག་ཀཱ་ཡཱ་ཡ། ནིརྨཱ་ཎ་ཀཱ་ཡཱ་ཡ། ཛྙཱ་ན་བཛྲཱ་ཡ། ཙིཏྟ་བཛྲཱ་ཡ། པཱ་ག་བཛྲཱ་ཡ། ཀཱ་ལ་བཛྲཱ་ཡ། ཙ་ཏུ་རྦི་མོ་ཀྵེ་བྷཡོ། ཙ་ཏུརྤརཧམ་བཱི་ཧཡ་རེ་བྷཡོ། སཔཏ་ཏྲིཾ་ཤདྱོ ་དྷི་པཀྵི་ཀ་དྷརྨམཱ་བྷཡོ(རྒྱུད་འགྲེལ་ཡཻ། ཨའུ་པ་ཡཱ་པཱ་ར་མི་ཏཱ་ཡཻ། པྲ་ཎི་དྷ་ན་པཱ་ར་མི་ཏཱ་ཡཻ། བ་ལ་པཱ་ར་མི་ཏཱ་ཡཻ། ཛྙཱན་བཱ་ར་མི་ཏཱ་ཡཻ། ཛ་ཡ་གྷ་ཊ་བྷཡོ། བི་ཛ་ཡ་གྷ་ཊེ་བྷཡོ། སརྦ་ཙིཧྣོ་བྷཡོ། སརྦ་མུ་དྲཱ་བྷཡོ། ཙིནྟ་མ་ཎཱ་ཡེ། དྷརྨམཱ་གྷཎ+ཻ། དྷརྨམཱ་ཤི་ཁ་ཡ། ཀལྤ་བྲིཀྵཱ་ཡ། ཨཀྵོ་བྷཡ་ཡ། ཨ་མོ་གྷ་སིདྡྷཱ་ཡེ། ་རཏན་ས་བྷ་པཱ་ཡ། ཨ་མི་ཏཱ་བྷཱ་ཡ། བཻ་རོ་ཙ་ནཱ་ཡེ། ལོ་ཙ་ནྱཻ། མཱ་མ་ཀྱཻ། པཎྜ་རཱ་ཡཻ། ཏཱ་རཱ་ཡཻ། བཛྲ་དྷ་ཏྭཱི་ཤྭ་རྱཻ། བཛྲ་པཱ་ཎ་ཡཻ། ཁ་གརྦྷཱ་ཡ། ཀྵི་ཏི་གརྦྷ་ཡ། ལོ་ཀེ་ཤྭ་ར་ཡ། སརྦ་ནི་པ་ར་ཎ་བྷི་སྐམྦྷི་ནི། ས་མནྟ་བྷ་དྲཱ་ཡ། གནདྷ་བཛྲཱ་ཡཻ། རཱུ་པ་བཛྲཱ ་ཡཻ། ར་ས་བཛྲཱ་ཡཻ། སྤར་ཤ་བཛྲ་ཡཻ། ཤཔཏ་བཛྲ་ཡཻ། དྷརྨམཱ་དྷཱ་ཏུ་བཛྲ་ཡཻ། ཨུཥྞཱི་ཥཱ་ཡ། བིགྷཱནྟཱ་ཀཱ་ཡ། པྲཛྙཱ་ན་ཏ་ཀཱ་ཡ། པདམཱནྟ་ཀཱ་ཡ། ཡ་མཱནྟ་ཀ་ཡ། སྟཾ་བི་ཎྱཻ། མ་ནཱི་ནྱཻ། སྟོ་བྷི་ནྱཻ། ཨ་བྷི་བཱིརྱཱ་ཡཻ། ཨ་ཏི་ནཱི་ལཱ་ཡེ་སརྦ་བྷ་རི་ཎཱི་བྷཡོ། ཁ་ཊཝཱཾ་གཱ་ཡ། ཞེས ་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །བཛྲ་ཙ་རྩི་ཀཱ་ཡཻ། བཛྲ་མ་ཧེ་ཤྭརྱཻ། བཛྲཻ་ནདྱཻ། བཛྲ་པྲཧམ་ཎྱཻ། བཛྲ་མཧཱ་ལ་ཀྱཻ། བཛྲ་ཀོ་མཨཱརྱོ། བཛྲ་བེཥྞ་བྱཻ། ཨཥྚཱཥྚ་ཀེ་ན་ཙ་ཏུ:ཥཥྛི་བཛྲ་ཡོ་གི་ནི་བྷཡོ:ཥཌ་ཏི་ཤ་དིཙྪ་བྷཡོ། ཞེས་བྱ་བ་འདི་ནི་གསུང་གི་དཀྱིལ་འཁོར་ལ ་མཆོད་པའི་ཆོ་གའོ། །བཛྲ་བིཥྞ་བེ། བཛྲ་ནཻ་རི་ཏྱཱ་ཡ། བཛྲཱ་གནཱ་ཡཻ། བཛྲོདྡྷ་ཡེ། བཛྲེནྡྲ་ཡ། བཛྲེ་ཤྭ་རཱ་ཡ། བཛྲ་པྲཧམ་ཎེ། བཛྲ་བི་ནཱ་ཡེ་ཀཱ་ཡ། བཛྲ་ཀཱརྟི་ཀེ་ཡཱ་ཡ། བཛྲཱ་པཱ་ཡ་ཡ། བཛྲ་ཡཱ་མཱ་ཡ། བཛྲ་ཡཀྵེ་བྷཡོ། བ་རུ་ཎྱཻ། བཱ་ཡ་བྱཻ། ཡཱ་མི་ནྱཻ། ཡཀྵཱི་ནྱཻ། མཧཱ་པཱ ་ལཱ་ཡ། ཨ་ཙ་ལཱ་ཡ། ཊཀྐི་རཱ་ཛཱ་ཡ། ནཱི་ལ་དཎྜཱ་ཡ། སུམྦྷ་རཱ་ཛཱ་ཡཻ། རོདཌཀྵི་ཡཻ། བཛྲ་ཤྭཱི་ཁ་ལཱ་ཡཻ། ཙུནདཱ་ཡེ། བྷྲི་ཀུ་ཊཡཻ། མ་རི་ཙཡེ། པྲ་ཏྱེ་ཀ་མཱ་ས་བྷེ་དེ་ན་ཥཥྚ་དྷ་ར་ཏྲི་ཤ་ཏ་བཛྲ་ཏི་ཐཾ་དེ་བཱི་བྷཡོ། ཥ་ཊཊིཾ་ཤཏཔྲ་ཏཱིཙྪ་བྷཡོ། བཛྲ་ཛ་ཡཱ་ཡ། བཛྲ་ཀརྐོ་ཊ་ཀཱ་ཡ། བཛྲ་བཱ་སུ་ཀ་ཡེ། ་བཛྲཱ་ནནྟཱ་ཡ། བཛྲ་ཏཀྵ་ཀཱ་ཡ། བཛྲ་མཧཱ་པདམཱ་ཡ། བཛྲ་ཀུ་ལི་ཀཱ་ཡ། བཛྲ་ཤ་ཁ་པཱ་ལཱ་ཡ། བཛྲ་པདྨ་ཡ། བཛྲ་བི་ཛ་ཡཱ་ཡ། ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་ལ་མཆོད་པའོ། །ཤྭཱ་ནཱ་སྱཱ་ཡཻ། སུ་ཀཱ་ར་སྱཱ་ཡཻ། པྱཱ་གྷྲཱ་སྱཱ་ཡཻ། ཛཾ་བུ་ཀ་སྱཱ་ཡེ། ག་རུ་ཌཱ་སྱཱ་ཡཻ། ་ཨུ་ལཱུ་ཀ་སྱཱ་ཡཻ། གྲི་དྷ་སྱཱ་ཡཻ། ཀཱ་ཀཱ་སྱཱ་ཡཻ། སརྦ་གྷཱ་ཏེ་བྷཡོ། ཞེས་བྱ་བ་འདི་ནི། དུར་ཁྲོད་བརྒྱད་རྣམས་ལ་མཆོད་པའོ། །བཛྲ་ཙནྡྲ་ཡ། བཛྲ་སཱུརྱཱ་ཡ། བཛྲ་མ་ག་ལཱ་ཡ། བཛྲ་བུདྷ་ཡ། བཛྲ་བྲིཧསྤ་ཏ་ཡེ། བཛྲ་ཤུཀྲཱ་ཡ། བཛྲ་ས་ནེ ་ཤཱུ་པཱ་ཡ། བཛྲ་ཀེ་ཏ་བེ། བཛྲ་རཱ་ཧ་བེ། བཛྲ་ཀཱ་ལཱགན་ཡེ་བཛྲ་དྷྲུ་པེ། བཛྲཱ་གསྟྱ་ཡ། སརྦ་ནཀཱ་ཏྭེ་བྷཡོ། དྭཱ་ད་ཤ་རཱ་སི་བྷཡོ། འོ་ཊ་ཤ་ཀཱ་ལཱ་བྷོ། ད་ཤི་དཀཔ་ལེ་བྷཡོ། ནནདི་ཀེ་ཤྭ་རཱ་ཡ། བཛྲ་མཧཱ་ཀཱ་ལཱ་ཡ། བཛྲ་གཎྜ་ཀརྞཱ་ཡ། བཛྲ་བྷྲེཾ་གི་ནི། སརྦ་ཀྵེ་ཊ་པ་ལེ་བྷཡོ། ་སརྦ་བཱུ་ཏི་བྷཡོ། ཧཱ་རཱི་ཏྱཻ་སརྦ་སིདྡྷི་བྷཡོ། དྷརྨམཱ་ཙཀྲ་ཡ། བྷ་དྲཀྟར་ཡ། བཛྲ་དུནདུ་བྷི། པོ་དྷི་བིཀྲཱ་ཡ། གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷཡོ་ན་མོ་ན་མ(རྒྱུད་འགྲེལ་སྣོད་དུ་བླུག་ལ་བདུད་རྩི་རུ་བྱས་པ་མྱང་བར་བྱ་སྟེ། འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་ལ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །འཁོར་རྣམས་ཀྱི་སྔགས་ཉི་ཤུ་རྩ་གཅིག་རྩ་གཅིག་དང་ཡི་གེ་བརྒྱ་པ་བཟླས་སོ། །གསུང་བར་འགྱུར་པའི ་ཆོ་གས་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པ་ནི། ཕྱོགས་རྣམས་ན་གནས་པའི་སྒྲུབ་པ་པོས་གྲོགས་མཆོག་དཀྱིལ་འཁོར་སྲུང་དུ་བཅུག་ལ་ཕྱི་རོལ་དུ་སོང་ལ་ཁྲོ་བོ་ལ་སོགས་པ་ལ་གཏོར་མ་སྦྱིན་ནོ། །དེ་ནས་ཆོ་ག་ལྷག་ཆད་ལ་སོགས་པའི ་སྐྱོན་ཞི་བར་བྱ་བའི་ཕྱིར་གསུང་བར་འགྱུར་བའི་ཆོ་གས་ཞི་བ་དང་རྒྱས་པའི་སྦྱིན་བསྲེག་སློབ་མས་བྱས་ཏེ། མེད་པར་གྱུར་ན་རང་ཉིད་ཀྱིས་སོ། །རྡོ་རྗེ་ཤུགས་ཀྱི་ཏིང་ངེ་འཛིན་དང་ལྡན་པས་མེ་ཏོག་གི་ཕྲེང་བའི་སྔགས་དང་རྐང་པ་བཅུ་དྲུག་པ་བཟླས་ཤིང ་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་ཤར་སྒོའི་སློབ་དཔོན་དང་སྟབས་གཅིག་ཏུ་ལན་གསུམ་དུ་བསྐོར་བ་བྱའོ། །དཀྱིལ་འཁོར་ལ་བལྟས་ཏེ་གཙོ་བོ་ལ་མེ་ཏོག་གི་ཕྲེང་བ་ཕུལ་ལ་ཨོཾ་བཛྲ་ཨུ་དགྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱི་སྒོ ་བཞི་ཕྱེ་བར་བསམས་ལ། ཨོཾ་ས་མ་ཡ་བྲ་བེ་ཤ་ཡ་མི་ཞེས་པ་བརྗོད་དེ་སླར་ཡང་མེ་ཏོག་གི་ཕྲེང་བ་གར་བྱ་ཞིང་བླངས་ནས་རང་གི་མགོ་ལ་གཞག་གོ་།འཁོར་ལོ་ལ་ཕྱག་བྱས་ཏེ་སེམས་ཅན་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་བྱིན་ཅིག་པས ་གསོལ་བ་གདབ་པ་སྟེ། འདི་ནི་དཀྱིལ་འཁོར་རབ་ཏུ་གནས་པའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་ལ་མཆོད་པ་བྱས་ལ་དེའི་ཕྱི་རོལ་ཏུ་ལེགས་པར་བརྟག་པའི་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བའི་དགེ་བསྙེན་ལ་སོགས་པ་བསླབ་པ་ལ ་གནས་པ། ཐོས་པ་ལ་སོགས་པའི་ཕ་རོལ་ཏུ་སོང་བ་ཐེག་པ་ཆེན་པོའི་སྡོམ་པ་ལ་མོས་པ་རིགས་དང་ཡོན་ཏན་མེད་པ་དང་གཟུགས་ངན་པའི་སློབ་མ་རྣམས་ཀྱང་གཟུང་བར་བྱའོ། །གལ་ཏེ་འདི་ཉིད་མཆོག་ཏུ་དད་པ་དང་ལྡན་པ་རྡོ་རྗེ་སེམས ་དཔའ་ཨི་སྦྲོམ་པ་ལ་ལྷག་པར་མོས་པ་རྡོ་རྗེ་ཐེག་པ་ལ་སློབ་དཔོན་གཞན་ལ་མི་ཕྱོགས་པ་སྟེ། དེ་ཡང་ཕྱེད་དང་བཅས་པའི་སུམ་བརྒྱ་ལས་གསུངས་པ། སོ་སོའི་བསླབ་པ་ལ་གནས་པའི། །ཐེག་པ་ཆེ་ལ་ལྷག་པར་མོས། །འཁོར་རྣམས་བཞི ་པོ་མ་ལུས་པ། །གཟུགས་ངན་ཡོན་ཏན་མེད་པ་དང། །དམན་པར་གྱུར་ཀྱང་དཀྱིལ་འཁོར་གྱི། །ཆོ་གས་རྗེས་བཟུང་ལྷག་གནས་བྱ། །ཞེས་པས་སོ། །དེ་ལྟར་སློབ་མ་ཅིག་གམ་གཉིས་སམ་མང་པོར་གྱུར་པ་རྣམས་མཎྜལ་བྱས་པ་དང་པུས་མོ ་གཉིས་ས་ལ་གཙུགས་ལ་མེ་ཏོག་སྙིམ་པར་བཟུང་སྟེ། འཇིག་རྟེན་འདི་ལ་བདེ་དོན་དང། །འཇིག་རྟེན་ཕ་རོལ་བདེ་དོན་ཏེ། །འོན་ཀྱང་སངས་རྒྱས་ཐོབ་དོན་དུ། །བློ་དང་ལྡན་པ་འཇུག་པར་བྱ། ཞེས་པའི་དོན་གོ་བར་བྱས་ལ་རང་གི་ཁ་ནས ་གཞུག་ཅིང་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་གནས་པ་ལ་རང་གི་སྙིང་གའི་ས་བོན་ལས་སྤྲོས་པས་ཤེས་རབ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཞལ་ནས་ཞུགས་ཏེ། བྱང་ཆུབ་སེམས་སུ་ཞུ་ནས་དབང་བསྐུར་བར་བསམས ་ལ། དེ་དཀྱིལ་འཁོར་གྱི་ཤར་སྒོར་གནས་པས་འཇུག་པའི་གསོལ་བ་གདབ་པོ་ནི། སྐྱེ་དང་རྒ་དང་འཆི་བ་དང། །ཆུ་སྲིན་ལ་སོགས་འཇིགས་པ་ཡི། །འཁོར་བའི་རྒྱ་མཚོ་ལས་འདོན་ཁྱོད། །ད་ལ་སྟོན་པ་མགོན་པོ་ཆེ། །བདེ ་བ་ཆེན་པོས་བདག་འཚལ་བས། །བྱང་ཆུབ་ཆེན་པོའི་ལམ་བསྟན་པ། །དམ་ཚིག་དེ་ནི་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་བྱིན། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་རྣམས་ཀྱང་བདག་ལ་གསོལ། །ཐར་པ ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་བཞུགས་སུ་གསོལ་ཞེས་བརྗོད་ལ། དེ་ནས་སློབ་མ་ཅིག་གཙོ་བོར་བྱས་ཏེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ལམ་ཆེན་ལ་ནི་ཆས་པ་པོ། །སྔགས་ཀྱི་སྤྱོད་པ་ཆོ་གའི་ལམ། །ཁྱོད་ལ་ཡང་དག་བཤད་པར ་བྱ། །དུས་གསུམ་ལ་གནས་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྔགས་ཀྱི་ནུས་པ་འདི་ཉིད་ཀྱིས། །མཉམ་པ་མེད་པའི་ཡེ་ཤེས་ཐོབ། །སྔགས་ཀྱི་སྦྱོར་བ་མཉམ་མེད་པས། །ཤཱཀྱ་སེང་གེ་ལ་སོགས་ཀྱིས། །བདུད་སྡེ་ཤིན་ཏུ ་མི་བཟད་པ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་པ་རྣམས་བསྒྲལ་བའི་ཕྱིར། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། །བློ་གྲོས་ལྡན་པས་དེ་ལྟར་མཛོད། །ཞེས་པའི་དོན་གོ་བར་བྱའོ། ། ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ལ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ ་མཆོག་ནི་བསྐྱེད་པར་བགྱིད། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། དགེ་བའི་ཆོས་ནི་སྡུད་པ་དང། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བསྟན་པར་བཟུང་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བླ་ན་མེད་པའི ་དཀོན་མཆོག་གསུམ། །སངས་རྒྱས་སྡོམ་པ་ལས་བྱུང་བ། །དུས་འདི་ན་ནི་གཟུང་བར་བགྱི། ཞེས་པ་དང། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་རྣམས་ཏེ་འདོད་པའི་རྡོ་རྗེ་རྣམས་ནི་སྤྱི་བོར་གཟུང་བར་བགྱི། །རིན་ཆེན་རིགས་སུ་འདིར་ནི་སྦྱིན་པ་སྦྱིན་བྱ་འཁོར ་ལོར་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བྱ། །རལ་གྲིའི་རིགས་སུ་མཆོད་པ་བྱ་སྟེ་གསལ་བར་ཆུ་སྐྱེས་རིགས་སུ་སྡོམ་པ་ཡང་དག་བསྐྱང་བར་བྱ། །སེམས་ཅན་རྣམས་ཀྱིས་ཐར་པའི་རྒྱུ་རུ་རྒྱལ་བ་སྐྱེད་བྱེད་རིགས་སུ་བྱང་ཆུབ་སེམས་ནི་བསྐྱེད ་པར་བགྱི་ཞེས་པ་དང། མ་བསྒྲལ་པ་རྣམས་བསྒྲལ་བ་དང། མ་གྲོལ་བ་རྣམས་དགྲོལ་བར་བགྱི། དབུགས་མ་ཕྱིན་པ་དབྱུགས་དབྱུང་ཞིང། སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་པ་ཡང་བརྗོད་པར་བྱའོ། །དེ་ནས་ཡི་གེ་དྲུག་གིས་བསྲུངས ་ལ། དེའི་སྙིང་ག་དང་མགྲིན་པ་དང་དཔྲལ་བ་རྣམས་ལ་སྒྲ་གཅན་དང། ཉི་མ་དང་ཟླ་བ་རྣམས་ལ་གནས་པ་ནག་པོ་དང། དམར་པོ་དང་དཀར་པོའི་ཧུཾ་དང་ཨ(རྒྱུད་འགྲེལ་མགྲིན་པ་དང་དཔྲལ་བ་རྣམས་ལ་དྲི་ཆུ་དང། མེ་ཏོག་དང་བཅས་པའི་རྡོ་རྗེས་རེག་ལ་མེ་ཏོག་དང་བདུག་སྤོས་དང་དྲི་དང་མར་མེ་དང་ལྷ་བཤོས་རྣམས་དབུལ་ལོ། །དེ་ནས་ཨུ་དུམཔ་ར་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ། སྲོག ་ཆགས་མེད་པ་འཁྱོག་པ་མ་ཡིན་པ། པགས་པ་མ་ཤུས་པ་རྨ་མེད་པ། དྲི་ཞིམ་པོའི་ཆུས་བཀྲུས་པ་དང་སྟེང་གི་ཆ་ལ་མེ་ཏོག་བཅིངས་ཏེ། སློབ་མ་ཁ་ཤར་དུ་ཕྱོགས་པ་ལ་སྔགས་འདིས་སྦྱིན་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ཙ་ཏུ་རྦི་མོཀྵ་མུ་ཁ་བི་ཤུདྡྷི་སྭ་བྷ་ཝ་ཀཱ་ཡ་བཱཀྩིཏྟ་ཛྙཱ་ན་མུ་ཁ་དནྟཱ་དི་མ་ལི་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སཱཧཱ། ཞེས་པས་ཏེ་དེ་ཡང་གྲུ་བཞི་པ་ཁྲུ་བཞི་དང་ལྡན་པས། བ་ལང་གི་ལྕི་བ་ལ་སོགས་བ་བྱུགས་པའི་མཎྜལ ་ལ་ཨོཾ་ཨཱ་ཧཱུཾ་ཞེས་པ་ལན་བདུན་བརྗོད་ནས་སོ་ལ་བླུད་དེ་བསྐྱུར་རོ། །སོ་ཤིང་མཎྜལ་ལ་ལྷུང་བ་དེ་གང་དུ་ཕྱོགས་ཀྱི་དབྱེ་བས་འབྱུང་བར་འགྱུར་བའི་དངོས་གྲུབ་རྟག་པར་བྱའོ། །མཎྜལ་གྱི་ཕྱོགས་སུ་སོང་ན་དངོས་གྲུབ་མེད་དོ། །དེ་ནས་དྲི་ཞིམ་པོའི ་ཆུ་བདུད་རྩི་ལྔ་དང་བཅས་པས་ཁྱོར་བ་གསུམ་བླུད་པ་ནི། ཨོཾ་ཧྲཱི(རྒྱུད་འགྲེལ་ཆམ་ཉམས་པ་ལ་དེ་ཉིད་དང་ཡི་གེ་དྲུག་པ་བཟླས་པ་ནི་སྟན་གྱི་དོན་དུའོ། །དེ་ལྟར་ཡང་སྔས་ཀྱི་དོན་དུ་དྷཱི(རྒྱུད་འགྲེལ་བུམ་བསྒྲིལ་ཧཱུཾ་པས་བྱུང་བ་ལ་དེ་ཉིད་དང་ཡི་གེ་དྲུག་པ་བཟླས་ཏེ་མདུད་པ་གསུམ་བྱས་པ་རྒྱུད་དང་རྒྱུད་ལས་གསུངས་པའི་རྒྱུ་མཚན་གྱིས་བཅིང་བ་ནི། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦབི་སྭཱཧཱ། ཞེས་བརྗོད་པས་སོ། །དེ་ནས་དཔྲལ་བ་དང་མགྲིན ་པ་དང་སྙིང་ག་དང། ལྟེ་བ་དང་གསང་བ་དང་གཙུག་ཏོར་རྣམས་སུ་ཨོཾ་ཨཱ་ཧཱུཾ་ཧོ། ཧཾ་ཀྵ(རྒྱུད་འགྲེལ་བཛྲ་ཀཱ་ལ་ཙ་ཀྲཱ་ཤིཥྱ་ས་ཡ་བྷི་མུ་ཁོ་བྷ་བ་སནྟུཥྛ་བྷ་བ། ཝ་ར་དོ་བྷ་བ་ཀཱ་ཡ་བཱ་ཀྩོཏྟཱ་དྷིཥྛ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་སོ། །དེ་ནས་འཁོར་བ་ལ་གནས་པས་སངས་རྒྱས་ཀྱི་ཆོས་རྙེད་པར་དཀོན་ཏེ། དེ་ཐོབ་པས་སྡུག་བསྔལ་མ་ལུས་པ ་དང་བྲལ་བར་འགྱུར་ཞེས་པས་འཇིགས་པ་ལས་གཟེངས་བསྟོད་པ་ནི། མངལ་དུ་མངལ་གནས་ཉིད་དང་སྐྱེ་བའི་དུས་དང་བྱིས་པའི་རང་བཞིན་རྣམས་ཀྱིས་མི་བཟད་སྡུག་བསྔལ་ལོ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་བཀྲ་ཤིས་འདོད་པས ་ཉོན་མོངས་སྡུག་བསྔལ་ཆེན་པོས་གང། །རྒ་དང་འཆི་བའི་སྡུག་བསྔལ་ཆེན་པོ་དག་སྟེ་སླར་ཡང་ངུ་འབོད་ལ་སོགས་འགྲོ་དྲུག་འཇིགས་སྟེར་བ། །འགྲོ་བ་འདི་རྣམས་མ་ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་བསྔལ་བ་ལས་སྡུག་བསྔལ་འགྱུར ་བའོ། །འཁོར་བའི་ནང་ནས་གལ་ཏེ་མི་ཉིད་དག་ཏུ་གྱུར་ཀྱང་ཆོས་ཀྱི་བློ་ནི་བརྒྱ་ལམ་ཞིག་ལའོ། །དེ་ལས་དགེ་བའི་དབང་གི་སངས་རྒྱས་ཉིད་ལ་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག་།དེ་ལས་དཔལ་ལྡན་རྡོ་རྗེའི་ཐེག་པ་དང་ནི་མ ་ལུས་སྙིང་པོ་སྒོམ་པའི་བློ་འཇུག་བརྒྱ་ལམ་ནའོ། །དེ་ལས་སངས་རྒྱས་ཉིད་དེ་འདོད་ཆགས་བདེ་བའི་གོ་འཕང་ལ་འཇུག་ཨེ་མའོ་ཤིན་ཏུ་དཀའ་ཨོ། །ཞེས་པ་དང། བསྐལ་བ་བྱེ་བ་གྲངས་མེད་པར། །གང་གི་སྔོན་དུ་སྡིག་བྱས་པ། །དཀྱིལ་འཁོར་འདི ་འདྲ་མཐོང་བ་ཡིས། །དེ་རྣམས་མ་ལུས་ཟད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པས། །སྡུག་བསྔལ་རྣམས་ལ་གནས་པ་ཡི། །ངན་སོང་སྐྱེ་བ་འཇོམས་པར་བྱེད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ ་མཉམ་མེད་དེ་རིང་རྙེད། །གང་ཞིག་རྒྱལ་བ་སྲས་བཅས་པ། བསྟན་པ་འདི་ལ་ཁྱེད་རྣམས་ཀྱིས། །ཐམས་ཅད་ཡོངས་སུ་བཟུང་བར་བགྱིས། །བདག་ཉིད་ཆེན་པོར་བསྐྱེད་པ་དེས། །ཁྱེད་རྣམས་ཐེག་པ་ཆེན་པོ་ལ། །ལེགས་པར་བགྲོད་པས ་འགྱུར་བ་ཡིས། །དེ་ཕྱིར་འདི་ནི་ལམ་གྱིས་མཆོག་།ཐེག་ཆེན་འབྱུང་བའི་གཞི་ཡིན་པས། །གང་ཞིག་འགྲོ་བར་འགྱུར་པ་རྣམས། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། ཞེས་པས་སོ། །དེ་ནས་དེ་ཉིད་ཡི་གེ་དྲུག་གིས་བསྲུངས་ལ ་བཟླས་པའི་དོན་དུ་དེ་ཉིད་བྱིན་ཏེ་ནང་པར་སྔ་བར་རྨི་ལམ་སྨོས་ཤིག་ཅེས་སྒོ་ནས། ཡོལ་བའི་ཕྱི་རོལ་ལམ། །གནས་གཞན་དུ་སེང་གེ་ལྟར་ཉལ་བར་བྱའོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའི་རིམ་པའོ། ་དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ། །ོཾ་ཧོ་བཛྲ་ཀ་མ་ལ་ད་ལ་གརྦྷེ་ཤ་ཡྱཻ་བཛྲ་སུ་ཁ་མཧཱ་ནི་ཏྲཾ་ཀ་རོ་མི་ཡ་ཐཱ་ཏཱ་ཐཱ་ག་ཏེ་ན་ཀྲི་ཏ་ཧ(རྒྱུད་འགྲེལ་མགོ་བོ་དང་ཤར་དུ་རྐང་པའོ། །གལ་ཏེ་བསྒོམས་པའི་སྟོབས་ཀྱིས་རྨི་ལམ་བརྟགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ལྷ་མོའི་ཚོགས་ཀྱི་ལག་ན་པི་ཝཾ་ལ་སོགས་པ་གཟུང་བ་མཐོང་པས་དགེ་བར་འགྱུར་རོ། །ཡང་ན ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཐོད་པ་དང་གྲི་གུག་ཕྱག་ན་བཟུང་བ་དང། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བདུད་དང་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པ་རྣམས་རྣམ་པར་འཇོམས་པར་བྱེད་པ་དང། སྲུང་བའི་འཁོར་ལོ་བྱེད་པ་མཐོང་ན་དགེ ་བའོ། །འོན་ཏེ་གང་ཡང་མ་མཐོང་ན་འབྲིང་པོའོ། །འོན་ཏེ་བདུད་ཀྱི་ཚོགས་རྣམས་བཀྲེས་པ་དང། སྐོམ་པ་དང་ལུས་རིང་པ་སྐམས་པ་རྣམས་ཀྱིས་ལག་ན་ཐོད་པ་དང་གྲི་གུག་བཟུང་བ་རྣམས་ནི་སྐྱེ་བོ་དམ་པ་རྣམས་ལ་བྱ་བ་མ་ཡིན་པ་བྱེད ་པར་འདོད་པས། །སློབ་དཔོན་ནམ་སློབ་མས་མཐོང་ན་ངན་པའི་མཚན་མའོ། །དེ་ལྟ་བུ་མཐོང་ན་སློབ་དཔོན་ཉལ་ས་སྤོས་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱིས་བཞི་ལ་བསྡད་ལ་སྲུང་བའི་འཁོར་ལོ་བསྒོམ་པ་དང། ཡང་དེ་རྣམས་ལ ་གསུང་བར་འགྱུར་བའི་ཆོ་གས་གཏོར་མ་ཆེན་པོ་སྦྱིན་པར་བྱ་བ་ནི། དེ་ཡང་ཨོཾ་ཕེཾ་བཛྲ་ཌཱ་ཀི་ནི་བཛྲ་དྷཱ་ཏཱི་ཤྭར་གི་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱཱ་བི་ཤོ་དྷ་ནི་སརྦ་དྲ་བྱཱ་ནི་བི་ཤོ་དྷ་ཡ་ཧཱུཾ་ཕེཾ་ཕཊ། ཞེས་པ་ནི་བགེགས་ཉེ་བར་ཞི་བར་བྱ་བའི་གཏོར་མ་སྦྱང་པའི་སྔགས་སོ།། ་དེ་ནས་སངས་རྒྱས་རྣམས་སྤྱན་དྲང་པར་བྱ་བ་ནི་སངས་རྒྱས་ཡབ་དང་ཡུམ་དུ་བཅས་པར་གྱུར་པ་དང། སྲས་བཅས་འཁོར་རྣམས་ལྷན་ཅིག་གྲོགས་དང་འབྲེལ་པ་རྣམས། །ལྷ་དང་ལྷ་མོའི་ཚོགས་རྣམས་འདུས་པས་བསྐོར་བ་ཡིས། ་དགྱེས་གྱུར་རྡོ་རྗེ་སེམས་དཔའ་མཆོག་ཉིད་གཤེགས་སུ་གསོལ། ཞེས་པ་འདིས་དེ་བཞིན་གཤེགས་ལ་སོགས་པ་རྣམས་རང་རང་གི་ཁམས་ལ་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྱན་དྲང་བའི་སྔགས་འདི་ལྟ་སྟེ ་ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝཱ་ཀརཥ་ཡཱ་ཀརཥ་ཡ། པྲ་ཝཻ་ཤ་ཡ་པྲ་ཝཻ་ཤ་ཡ། དྷནདྷ་ཡ་བནདྷ་ཡ། ཏོཥ་ཡ་ཏོཥ་ཡ། ཛ(རྒྱུད་འགྲེལ་ལ་གཏོར་མ་དྲི་དང། མེ་ཏོག་དང་བདུག་སྤོས་དང། མར་མེ་དང་མཆོད་ཡོན་དང་འབྲས་བུ་མ་ཉམས་པ་རྣམས་དང་བཅས་པ་གསུང་པར་འགྱུར་བའི་ཆོ་གས་སྦྱིན་པར་བྱས་པས་ཕྱི་རོལ་གྱི་དུར་ཁྲོད་ཀྱིས་བཞི་ལ་བཟའ་བ་དང་བཏུང ་བ་བྱེད་པར་བསམ་མོ། །དེ་ནས་བདུད་དང་བགེགས་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་རྐང་པ་བཅུ་དྲུག་པ་ཕྲང་བའི་སྔགས་བཟླས་པ་སྟེ། ཆོ་ག་འདི་ཐིག་འདེབས་པའི་སྐབས་སུ་ཡང་གོ་བར་བྱའོ། །འདི་ནི་བསེགས་ཉེ་བར་ཞི ་བར་བྱ་བའི་ཆོ་གའི་རིམ་པའོ། །དེ་ནས་ནད་པར་སྔ་བར་རྡོ་རྗེ་སློབ་དཔོན་གྱིས་གཏོར་མ་བཏང་བ་དང། །དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་ལ་སློབ་མ་རྣམས་ལ་རྨི་ལམ་དྲི་བར་བྱ་སྟེ། མི་དགེ་ན་ཕྲེང་བའི་སྔགས་ཀྱིས་ཡང་དག་པར ་བསྲུང་ངོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་དུས་སུ་བདུད་ལ་སོགས་པ་ཉེ་བར་ཞི་བར་བྱ་བའི་དོན་དུ་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་སྲུང་པའི་འཁོར་ལོ་སྔོན་དུ་སོང་བས། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ལ ་དམིགས་པ་དང་ཡན་ལག་དྲུག་དགོད་པ་དང། ཕྱག་རྒྱ་དྲུག་དང་ཕྱག་རྒྱ་བཞི་དགོད་པར་བྱས་ལ། །དེ་ནས་སློབ་མ་རྣམས་ཀྱིས། ཨོཾ་དྲ་ཝི་ཤ་བྷ་ག་ཝན་མཧཱ་སུ་ཁ་མོ་ཀྵ་སུ་རཾ་སརྦ་སིདྡྷི་སུ་ཁ་པྲ་དཾ་བ་ར་མ ་སུ་ཁཏྟ་མ་སིདྡྷཡཱི་ཛ(རྒྱུད་འགྲེལ་ཞེས་པས་སོ། །དེ་ནས་དཀྱིལ་འཁོར་ལ་མེ་ཏོག་གི་ཕྲེང་བ་འབུལ་བའི་སྔགས་ནི། ཨོཾ་པ་ར་མ་མཧཱ་སུ་ཁ་ཤ་ཡ་སུ་ལ་ལཱི་ཏ་པི་ལ་ས་མི་ཏ་ན་མི་ཏེརྞ་མཱ་མི་བྷ་ག་བཱནྟཾ་ཛ(རྒྱུད་འགྲེལ་པས་སོ། །སླར་བླངས་ཏེ་རང་གི་སྤྱི་བོར་བཅིང་ངོ། །དེ་ནས་འཁོར་ལོ་དང་བཅས་པའི་གཙོ་བོ་བླ་མར་དམིགས་ལ་དབང་བསྐུར་བ་དོན་དུ་གཉེར་བས་གསོལ་བ་གདབ་པའི་སྔགས་ཀྱི་ཚིག་ནི། ཨོཾ་ཧཾ་ཧཾ་ཧིཾ་ཧིཾ་ཧྲིཾ་ཧྲིཾ་ཧུཾ་ཧུཾ་ཧལིཾ་ཧལིཾ། ཨཱ ་ཨའི་རཱི་ཨའུ་ལཱི་བཛྲ་ཌཱ་ཀི་ནྱ་བཛྲཱ་མྲི་ཏ་ག་ཊ་ཡ་བྷི་ཥིཉྩ་ཏུ་མཻ་སྭཱཧཱ། ཨོཾ་ཨཾ་ཨིཾ་རིཾ་ཨུཾ་ལིཾ་སརྦ་བུདྡྷ་བཛྲ་མུ་ཀུ་ཊཾ་མ་མ་པཉྩ་བུདྷཱཏྨ་ཀཾ་བྷནདྷ་ཡནྟུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨ་ཨཱ་ཨོཾ་ཨ(རྒྱུད་འགྲེལ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧོ(རྒྱུད་འགྲེལ་དཱ་སརྦ་ཀ་མོ་པ་དྷ་གཾ་བཛྲ་བྲ་ཏཾ་མ་མ་དཱ་དཱནྟུ་སྭཱཧཱ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱ(རྒྱུད་འགྲེལ་པྲཛྙཽ་པཱ་ཡཽ་མཎྜ་ལ། ཨ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙཱ་ནཱཾ་ག་མ་མ་ད་ད་ཏཾ་ཧཾ་ཧ(རྒྱུད་འགྲེལ་ཥེ་ཀ་སཔཏ་བྷཱུ་མི་པྲཱ་པཏོ་ཧཾ་ཞེས་པ་སྟེ། དབང་བདུན་རྗེས་སུ་གནང་བའི་ཆོ་གའོ། །དེ་ནས་ཡང་སྔགས་པས་བུམ་པ་ལ་སོགས་པའི་དབང་གོང་མ་དོན་དུ་གཉེར་བར་བྱ་བའི་ཚིག་འདི་ལྟ་སྟེ། ཨོཾ་ཨོཾ་པྲཛྙོ་པ་ཡཽ་ཀ་ལ་ཤཱ་བྷི་ཥེ་ཀཾ་མེ་ད་དཱ་ཏཾ་ཧུཾ་ཧཱུཾ་ཕཊ། ཨོཾ ་ཨཱ(རྒྱུད་འགྲེལ་ནས་དེ་ལྟར་བསམས་ནས། ཨོཾ་ཨོཾ་བཛྲ་སཏྭེ་ན་བཛྲ་ཀ་ལ་ཤཱ་བྷི་ཥེ་ཀེ་ནཱ་བྷི་ཥིཀྟོ་བཛྲ་སཏྭ་པུ་ཏྲེ་ཙ་ལཱ་བྷུ་མི་ལབདྷོ་ཧཾ། ཨོཾ་ཨཱ(རྒྱུད་འགྲེལ་ཥི་ཀྟོ་དྭོ་ཏཱི་ཡ་བཛྲ་དྷ་རོ་ཧཾ་དྷརྨམཱ་མེ་གྷཱ་དྷཱུ་མི་ལབདྷོ་ཧཾ། ཞེས་པས་དབང་གོང་མའི་ང་རྒྱལ་བ་བའི་ཆོ་གའོ། །དེ་ནས་དབང་གོང་མ་བས་ཀྱང་གོང་མའི་དབང་བཞི་པའི་མན་ངག་དོན་དུ་གཉེར་བའི་སྔགས་ཀྱིས་ཚིག་འདི་ལྟ་སྟེ། ཨོཾ་ཧོ་པྲཛྙོ་པ་ཡཱཏྨ་ཀཾ་བཛྲ་སཏྭ་མཧཱ་མུ ་དྲཱ་ཛྙཱུ་ནཱ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ཨོཾ་ཨཱ(རྒྱུད་འགྲེལ་གཉིས་པ་ས་བཅུ་གཉིས་པ་ཐོབ་པ་རྡོ་རྗེ་སེམས་དཔའ་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཨེ་པཾ་ཡི་གེ་ཞེས་བྱ་སྟེ། དབང་གོང་མ་ལས་ཀྱང་གོང་མའི་ཆོ་གའོ། །དེ་ནས་སློབ ་དཔོན་གྱིས་བྱ་བ་ཐམས་ཅད་ལ་རྗེས་སུ་གནང་བ་ཐོབ་ནས་སློབ་མ་ལ་དབབ་པར་བྱ་བ་ནི། བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་སོང་པས། དཀྱིལ་འཁོར་གྱི་དངོས ་གྲུབ་འདོད་པ་བོས་བདེན་པའི་བྱིན་བརླབས་བྱ་བའི་ཚིགས་སུ་བཅད་པ་བརྗོད་པ་འདི་ལྟ་སྟེ། ནམ་མཁའ་ལས་ནི་བྱུང་དང་མཚུངས། །ཐོག་མ་ཐ་མ་མེད་པའི་མཆོག་།རྡོ་རྗེ་སེམས་དཔའ་རང་བཞིན་གྱིས། །དངོས་གྲུབ་ཀུན་གྱི་དམ་པ་གསོལ། །མི ་བསྐྱོད་རྡོ་རྗེའི་དངོས་གྲུབ་ནི། །དབང་པོ་ཆེན་པོ་ལྷག་པའི་ལྷ། །རྒྱལ་བ་རྡོ་རྗེ་ཐམས་ཅད་འཛིན། །བདག་ལ་དངོས་གྲུབ་མཆོག་འགྱུར་གསོལ། །སྐྱོན་རྣམས་སྤངས་པའི་རྟག་པ་ཉིད། ཆགས་པ་ཆེ་ལས་རྗེས་སུ་ཆགས། །ཆགས་པ་ཆེན་པོ ་དག་པ་ཆེ། །དེ་ཉིད་དངོས་གྲུབ་བདག་ལ་གསོལ། །ཤིན་ཏུ་དག་པའི་ཆོས་ཀྱི་མཆོག་།སྔོན་དུ་གོལ་བའི་དེ་བཞིན་གཤེགས། ཀུན་ཏུ་བཟང་པོ་ཀུན་གྱི་བདག་།བྱང་ཆུབ་སེམས་ཀྱི་དངོས་གྲུབ་གསོལ། །དབང་པོ་ཆེན་པོ་ཕྱག་རྒྱ་ཆེ། །རྡོ་རྗེའི ་དངོས་གྲུབ་མཆོག་ཆེན་པོ། །དངོས་གྲུབ་ཀུན་གྱིས་དམ་པ་ཉིད། །སྣ་ཚོགས་ཡུམ་གྱི་ཡབ་ཀྱིས་གསོལ། །སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་པ། །འདོད་པའི་རྩེ་མོ ་དམ་ཚིག་རྩེ། །བདེན་པའི་ཡེ་ཤེས་མཆོག་གྱུར་པ། །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པས་བདག་ལ་མགོན་པོ་ཀྱེ། །འདོད་པ་ཡོངས་སུ་གང་བར་མཛོད། ཞེས་པས་སོ། །འདི་ནི་སློབ་དཔོན་བདག་འཇུག་གི་ཆོ་གའི ་རིམ་པའོ། དེ་ནས་སློབ་མ་ལྷག་པར་གནས་པ་བྱས་པ་རྣམས་ཁྲུས་བྱས་ཏེ། དྲི་ཞིམ་པོ་ལ་སོགས་པས་དག་པར་བྱས་ནས་བཏུལ་ཞུགས་བླང་བར་བྱ་བ་ནི། །གསོད་དང་མི་བདེན་པ་དང་གཞན་གྱི་བུད་མེད་རྣམས་སྤང་དེ ་བཞིན་གཞན་ནོར་ཆང་འཐུང་དག་ཀྱང་སྟེ། །འཁོར་བར་རྡོ་རྗེ་ཞགས་པ་རང་གི་དགེ་བ་འཇོམས་པར་བྱེད་པ་སྡིག་པ་ལྔ་པོ་འདི་ཉིད་རྣམས། །གང་ཞིག་གང་གི་དུས་སུ་བྱུང་བའི་ལྷ་དང་མི་ཡི་བླ་མ་དེ་ཡི་མིང་གིས་རབ་ཏུ་སྦྱིན་བྱས་པའི། །སྣ ་ཚོགས་གཙོ་བོའི་བཀའ་སྩལ་འདི་ཡིས་སྲིད་པའི་འཇིགས་པ་འཇོམས་པས་ཁྱེད་རྣམས་ཀྱིས་ཀྱང་བསྐྱང་བར་བགྱི། །རྒྱན་འགྱེད་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་ཆོས་རྣམས་དང། །བ་ལང་བྱིས་པ ་བུད་མེད་སྐྱེས་པ་རྣམས་དང་ལྷ་དང་མི་རྣམས་བླ་མ་ལྔ་ནི་གསང་མི་བྱ། གྲོགས་དང་རྗེའོ་དང་ནི་ལྷ་དང་མི་ཡི་བླ་མ་དགེ་འདུན་དབུགས་འབྱིན་རྣམས་ལ་མཁུ་བ་དང། །དབང་པོ་རྣམས་ཀྱིས་ཡོངས་སུ་ཚོགས་རྣམས་མིན་ཏེ་སྲིད་པའི ་བདག་པོའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔའོ། །ཞེས་སོ། །དེ་ནས་ཡོལ་བའི་ཕྱི་རོལ་དུ་སློབ་མ་རྣམས་དཀྱིལ་འཁོར་གྱི་གཙོ་བོར་དམིགས་པ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཧཏ་ར་པོ་དྷཡ་ལཾ་ཀ་ར་བསྟྲ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་ས་སྤ་ར་ཎ་ས་མ་ཡེ་ཧཱུཾ ་ཞེས་པས་སྨད་གཡོག་བཅིང་ངོ། །ོཾ་བཛྲ་རཀྵ་ཧཾ་ཞེས་པས་སྟོད་གཡོགས་ལའོ། །ོཾ་བཛྲ་ཥྞི་ཥ་ཧུཾ་ཕཊ་ཞེས་པས་ཐོད་པ་ལའོ། །ོཾ་དྭཱ་ད་ཤཱཾ་ག་ནི་རོ་དྷ་ཀ་རི་ནེ་ཧུཾ་ཕཊ་ཞེས་པས་མིག་རས་བཅིང་ངོ། །ཱ་ཁཾ་བཱི་ར་ཧཱུཾ་ཞེས་པས ་མེ་ཏོག་གི་ཕྲེང་བ་འཛིན་དུ་གཞུག་གོ་།དེ་ནས་སློབ་མས་དཀྱིལ་འཁོར་དུ་འཇུག་ཡོན་ཕུལ་བ་དང། རྣམ་པར་རྒྱལ་བའི་དུང་གིས་ཆུས་གཏོར་ཏེ། སྙིང་ག་དང་མགྲིན་པ་དང་དབྲལ་བ་རྣམས་སུ་གདན་གསུམ་གྱི་སྟེང་དུ་ཡི་གེ་གསུམ ་གྱི་འོད་ཟེར་གྱི་ཆུས་དྲི་མ་མེད་པར་བྱས་ཏེ། ཧུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་གྱི་སྒོ་རུ་གནས་པ་ལས་ཀྱི་རྡོ་རྗེས་གཟུང་བ་དང། དཀྱིལ་འཁོར་དུ་འཇུག་པ་དྲི་བར་བྱ་བ་ནི། ཀྱེ་ཧོ་བུ་སྡུག་ཁྱོད་སུ་ཡིན་ཞེས་པའི་ལན། །བདེ་ཆེན ་སྐལ་ལྡན་བདག་ལགས་སོ་ཞེས་པ་བརྗོད་པ་དེ་ཉིད་བརྗོད་དུ་གཞུག་།ོཾ་སརྦ་ཡོ་གཙིཏྟ་མུདྤཱ་དཱ་ཡཱ་མི་ཞེས་པས། བྱང་ཆུབ་ཀྱི་སེམས་བསྐྱེད་ལ་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ་ཨོཾ་སུ་ར་ཏེ ་ས་མ་ཡ་སྟཝཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ་ཞེས་པ་བརྗོད་ཅིང་རྡོ་རྗེ་ལ་འཛིན་དུ་གཞུག་གོ་།དེ་ནས་བརྗོད་པ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང ་བའི་དཀྱིལ་འཁོར་ཆེན་པོ་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་ཅེས་བརྗོད་ལ། ཨོཾ་བིགྷྣཱནཧ་ཀྲི་ད་ཧཱུཾ་ཞེས་པས་དགུག་པར་བྱའོ། །དེ་ནས་ཡང་ཨཱ་ཁཾ་བི་ར་ཧཱུཾ་ཞེས་པས་ཡོལ་བའི་ནང་དུ་བཅུག་སྟེ། ཨོཾ་མཧཱ་ར་ཏ་སུ ་དྲི་ཌཧཱ་སུ་ཏོ་ཥྱ་སུ་སུ་ཁ་བཛྲ་སཏྭཨཱ་རྱ་སིདྡྷཡ་མཾ་ཞེས་བརྗོད་ཅིང་བསྐར་བ་བྱའོ། །དེ་ནས་ཐལ་མོ་སྦྱར་ལ་ཤར་སྒོ་ནས་བརྗོད་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ན་ཡཱཧམ་ནཾ་ནཱིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྲཱ་དྷི་ཏིཥྚ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ ་པཱུ་ཛཱ་ཀརྨ་ཎ་ཡཱ་ཏ་མ་ནཾ་ནིརྱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མི་ཞེས་པས་སོ། །དེ་ནས་ལྷོ་ཕྱོགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཥེ་ཀ་ཡཱཏྨ་ནཾ་ནིརྱ་ཏཱ་ཡ་མཾ། སརྦ་ཏ་ཐཱ་ག་ཏ་བཛྲ་རདནཱ་བྷི་ཥིཉྩ་མཾ་ཞེས་པས་སོ། །དེ་ནས་ནུབ ་ཕྱོགས་ནས་ཨོཾ་སརྦ་བུདྡྷ་པུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནི་ནཱིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ནཱ་བྷི་ཏིཥྛ་མེ་ཞེས་པས་སོ། །དེ་ནས་བྱང་ཕྱོགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྲ་ཝརྟ་?་ཡཱ་ཏནཾ་ནིརྱཱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨརཱ་པྲ་ཝརྟ་ཡ་མི ་ཞེས་པས་སོ། །དེ་ནས་ཡང་ཤར་ཕྱོགས་སུ་འོངས་ནས། ཨོཾ་གུ་རུ་ཙར་ཎ་པསྠཱ་ནཱ་ཡཱཏྨ་ནཾ་ནཱིརྱཱ་ཏ་ཡ་མི་ཨོཾ་སརྦ་སཏྭ་པ་རི་ཏུ་ནཱ་ཡ། ཨཏྨ་ནཱི་ནིརྱཱ་ཏ་ཡཱ་མཱི་ཞེས་པའི་དོན་གོ་བར་བྱས་ལ་བཀླག་ཏུ་བཞུག་གོ་།དེ་ནས་ཡང་དེང་ཁྱོད ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་བས་དེའི་ཕྱིར་རྡོ་རྗེ་ཡེ་ཤེས་བསྐྱེད་དོ། །ཡེ་ཤེས་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་ཅི་སྨོས་གལ་ཏེ་ཁྱོད་ཀྱི་དམ་ཚིག་འདས ་ན་སྡུག་བསྔལ་ཆེན་པོ་སྟེར་བར་འགྱུར་བས་དེའི་ཕྱིར་ཁྱོད་ཀྱི་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་སྔོན་དུ་སྨྲ་བར་མི་བྱའོ་ཞེས་བརྗོད་དེ། མགོལ་རྡོ་རྗེ་བཞག་ལ་དྲིལ་བུ་དཀྲོལ་ཞིང་རྗོད་པ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་སྨྲས་ན ་མགོ་བོ་འགས། ཤེས་པ་གོ་བར་བྱས་ལ། སྙིང་གར་རྡོ་རྗེ་གཟུང་སྟེ། ཨོཾ་དུས་ཀྱི་འཁོར་ལོ་ཁྱོད་ཉིད་ཀྱི། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་གཞན་ལ་སྨྲས་པ་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཤེས་པའི་བཀའ་སྩལ ་བྱིན་ལ་རྣམ་རྒྱལ་གྱི་དུད་མཐེ་བོང་དང་སྲིན་ལག་གིས་བླངས་ཏེ། དེའི་ཁར་སྦྱིན་པར་བྱ་ཞིང། །འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །དམ་ཚིག་བཟླས་ན་སྲེག་པ་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །འཐུང་ཞིག་རྡོ་རྗེ་བདུད་རྩིའི་ཆུ། །ཞེས ་བརྗོད་ཅིང་མནའ་ཆུ་བླུད་དོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་དུས་ཀྱི་འཁོར་ལ་ང་ཡིན་པས་ང་ཡིས་གང་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། །དེ་ཕྱིར་བག་དང་ལྡན་པར་གྱིས་ཤིག་།མི་མཐུན་པས་རྐྱེན་བྱས་ནས་དམྱལ་བར་མ་བྱེད་ཅིག་ཅེས་བརྗོད་དོ། ་འདི་ནི་དམ་ཚིག་གི་ཆུའི་ཆོ་གའོ། །དེ་ནས་དངོས་གྲུབ་ངེས་པའི་དོན་དུ་བྱས་ལ་མཚན་ཉིད་དང་ལྡན་པའི་སློབ་མ་ལ་ལྷ་དབབ་པར་བྱའོ། །དེ་ཡང་འདུ་འཛི་མེད་པའི་གནས་སུ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ལ་གནས་ལ་བཟླས་པ་དང། སྦྱིན ་སྲེག་གིས་མཉེས་བར་བྱ་སྟེ། དབབ་པའི་ནུས་པ་དང་ལྡན་པས། །སློབ་མ་མདུན་དུ་བཞག་ལ་སྐད་ཅིག་གིས་སྟོང་པར་བཏང་བའི་རྗེས་ལ་ཨ་ཡིག་ལས་འོད་དཔག་ཏུ་མེད་པར་བསྐྱེད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཙཱ་བྷི་ཏིཥྛ་ན་?བཏོཾ་བྷ་ཝ ་ཙཀྲོ་མ་ཡ་ཝེ་ཤ་ཏུ་ཞེས་བརྗོད་པ་དང། དེའི་ལྟེ་བར་ལམ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་འཁོར་ལོས་མཚན་པ་དུས་མེའི་སྟེང་དུ་ཧོ་སེར་པོའོ། །སྙིང་གར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར ་གཡོ་བའི་བ་དན་གཉིས་ཀྱིས་མཚན་པ་ནག་པོ་གཞུའི་རྣམ་པ་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་ནག་པོའོ། །མགྲིན་པར་རཾ་ཡིག་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རིན་པོ་ཆེས་མཚན་པ་ཉི་མའི་སྟེང་དུ་ཨ:དམར་པོའོ། །དཔྲལ་བར་ཝཾ ་ཡིག་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་ལ་དཀར་བ་བུམ་པས་མཚན་པ། ཟླ་བའི་སྟེང་དུ་ཨོཾ་དཀར་པོ་རྣམས་རྣམ་པར་བསྒོམས་ཏེ། བདག་ཉིད་ཀྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་དང་ཐུགས་དང། གསུང་དང་སྐུའི་རྡོ་རྗེ ་རྣམས་སྤྱན་དྲངས་ལ་རིམ་པ་བཞིན་དུ་ཧོ་ཧཱུཾ་ཨཱ་ཨོཾ་རྣམས་ལ་ཐིམ་པར་བསྒོམ་པར་བྱའོ། །དེ་ནས་རྐང་པ་དག་གིས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྦར་བའི་?་ལས་འབྱུང་བའི་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་དམར་པོ་གྲུ་གསུམ་པ་སྟེང་དུ་ཛཧཻ(རྒྱུད་འགྲེལ་གྱིས་བསྐྱོད་པས་ཧོ་ལ་སོགས་པའི་འོད་ཟེར་ཡང་བསྐྱོད་ནས་ལུས་ཀུན་ཡོངས་སུ་གང་བར་བསྒོམ་ཞིང། །བདུད་རྩི་ལྔ་དང་བཅས་པའི་བདུག་སྤོས་ཀྱིས་བདུག་ཅིང་དྲིལ་བུ་དཀྲོལ་ཏེ་ཨོཾ་ཨར་ར་ར་ར་ལ་ལ་ལ་ལ་བཛྲཱ་ཝེ་ཤ་ཡེ་ཧཱུཾ་ཞེས་པས ་དབབ་བར་བྱའོ། །འདིའི་འབྲས་བུ་རྒྱུད་དུ་ཤེས་པར་བྱའོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་ཐབས་ཀྱིའོ། །ལྟེ་བ་དང་མགྲིན་པ་གསང་བ་རྣམས་སུ་ཧོ:(རྒྱུད་འགྲེལ་འཕྲིན་ལས་ཀྱི་དབྱེ་བ་གོ་བར་བྱའོ། །དེ་ནས་མཐེ་བོང་གཉིས་ལག་པ་གཡས་བས་རྡོ་རྗེ་དང་བཅས་པ་བཟུང་ལ་རྡོ་རྗེའི་གར་བྱ་ཞིང་རྩ་བའི་སྔགས་སམ་ཡི་གེ་དྲུག་པ་བཟླས་ཤིང་བསྐོར་བ་གསུམ་བྱས་ཏེ། །བདེན་པའི་བྱིན་གྱིས་བརླབས་བྱ་བ་ནི། །འདི་ལྟར ་དཀྱིལ་འཁོར་དམ་པ་འདིར། །བདག་གི་སློབ་མ་བཅུག་པ་ཡི། བསོད་ནམས་གང་གིས་འདི་ལ་མཛོད། །ལྷ་རྣམས་རིགས་ཀྱི་རིམ་པ་ཡིས། །དངོས་གྲུབ་ཇི་བཞིན་འདི་ལ་འབྱུང། །གང་དུ་ལྷུང་བ་དེ་ཡི་རིགས། །གང་གིས་བསོད་ནམས་ནུས་པ་ཡིས། ། ་དེ་བཞིན་དཀྱིལ་འཁོར་འདི་ལ་འབྱུང། །འདི་ནི་མིག་རས་དང་བཅས་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའི་རིམ་པའོ། །དེ་ནས་སྔོན་གྱི་མེ་ཏོག་གི་ཕྲེང་བ་ལས་མེ་ཏོག་གཅིག་ཕྱུང་སྟེ་སྙིམ་པ་རྣམས་པར་དག་པའི་དོན་དུ་མེ་ཏོག་དེའི་སྙིམ་པར་བྱིན་ལ་སློབ་མ་དེ་ཉིད་ཀྱི་ཡི་གེ ་སྦར་བར་བྱས་པའི་སྡིག་པ་རྣམ་པར་དག་པར་བསམ་མོ། །སློབ་དཔོན་གྱིས་ཀྱང་དེ་ལྟར་བྱིན་གྱིས་བརླབ་པའོ། །དེ་ནས་དད་པ་དང་མོས་པ་སྔོན་དུ་སོང་བས། །མདུན་ན་གནས་པའི་དཀྱིལ་འཁོར་ལ་དམིགས་ཏེ་དཀྱིལ་འཁོར་དེ་རུ ་འཇུག་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོདྷ་ནི་སྭཱཧཱ། ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ལྔའི་མཚན་མ་རྒྱལ་བའི་བུམ་པའི་སྟེང་དུ་བཞག་པ་ལ་འམ། ཐད་ཀ་ལ་དོར་བ་སྟེ། དེ་དང་དུས་མཚུངས་སུ་མིག་རས་བཤུ་བར་བྱའོ།། ་གལ་ཏེ་སྔོན་དུ་མེ་ཏོག་དོར་ནས་དེ་ནས་བཤུ་ན་སྔགས་འདི་བརྗོད་པ་སྟེ། ཨོཾ་དི་བྱེནྡྲ་ཡཱ་ནྱུརྒ་ཊ་ཡ་སྭཱཧཱ། ཞེས་པས་མིག་དབྱེ་བར་བྱའོ། །མེ་ཏོག་གང་དུ་ལྷུང་བ་དེ་ཉིད་རིགས་ཀྱི་ལྷའོ། །རིགས་ཀྱི་ལྷ་དེ་ཉིད་ཀྱི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ ་འགྲུབ་པར་འགྱུར་རོ། །མེ་ཏོག་དེ་ཉིད་བླངས་ལ་ཕྲེང་བ་ལ་བཏགས་ཏེ། ཨོཾ་པྲ་ཏི་གྲིཧྲ་ཏྭ། མོ་མི་སཏྭ་པ་ལ་ཞེས་པས་སློབ་མའི་མགོ་ལ་གདགས། །དེ་ནས་ཀྱེ་རྡོ་རྗེས་ལྟོས་ཤིག་ཅེས་བརྗོད་ལ། །ལྷ་རྣམས་ཀྱི་མིང་སྔོན་དུ་སོང་བས་དཀྱིལ ་འཁོར་གྱི་གཙོ་བོ་ལ་སོགས་པ་བསྟན་པ་དང་བརྗོད་པ། དཀྱིལ་འཁོར་དམ་པ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་འགྲོ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས།། ་དངོས་གྲུབ་ཕུན་སུམ་ཚོགས་པ་དང། དམ་ཚིག་མཆོག་ནི་ཐོབ་པར་འགྱུར། །རྡོ་རྗེ་པདྨ་མཆོག་ལ་རོལ། སྔགས་རྣམས་ལ་ནི་བརྩོན་པར་གྱིས། །ཞེས་པས་གོ་བར་བྱས་ལ་ཨོཾ་བཛྲ་མཎྜལ་མཧཱ་མཎྜ་ལ་པྲ་ཝི་ཥྚཱོ་ཧཾ། ཡོག་མཎྜ་ལ་མཧཱ་མཎྜ་ལཱ ་དབཤི་ཏོ་ཧཾ། གུ་ཧཡ་མཎྜ་ལ་མཧཱ་མཎྜ་ལ་དཱཀཱི་ཏོ་ཧཾ་ཞེས་བརྗོད་ལ་དམ་ཚིག་བརྗོད་པ། ། །ཧོ(རྒྱུད་འགྲེལ་སོགས་པའི་དབང་བསྐུར་བའི་དོན་དུ་བླ་མའི་སྡུན་དུ་སློབ་མ་པུས་མོས་ལ་བཙུགས་ཏེ་ཐལ་མོ་སྦྱར་ཏེ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །དབང་མཆོག་དམ་པ་བྱིན་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁར་རྡོར་སོགས་དིང ་བདག་གསོལ། ཞེས་བརྗོད་ལ་གསོལ་བ་གདབ་པའོ། །དེ་ནས་སློབ་དཔོན་གྱིས་གསུང་བར་འགྱུར་བའི་རིམ་པས་ཤར་གྱི་སྒོ་རུ་རྣམ་པར་བསྐྲད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་པ་གཡོན་པ་ནས་བསྐྱོད་ཅིང་ལས་ཀྱི་རྡོ་རྗེ་དང ་བཅས་པས་བསྐོར་བ་བྱ་ཞིང་བྱང་སྒོར་ཁྲིད་ལ། །དེར་གདན་ལ་བསྡད་དེ་དེའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་ཀུན་ན་གནས་པའི་དེ་བཞིན་གཤེགས་པ་དང། རིགས་པའི་ལྷ་མོ་རྣམས་སྤྱན་དྲངས་ཏེ། མཆོད་ནས་སློབ་མ་ལ་དབང ་བསྐུར་བའི་དོན་དུ། །སངས་རྒྱས་རྣམས་ལ་རྡོར་འཆང་གིས། །དབང་བསྐུར་བཞིན་དུ་འགྲོ་བ་རྣམས། །བསྒྲལ་ཕྱིར་ཡོན་ཏན་འབྱུང་བའི་གནས། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་ནས། དེ་ནས་དེ་བཞིན་གཤེགས ་པ་ཤེས་རབ་དང་བཅས་པ་ཆགས་པ་ཆེན་པོས་ཞུ་སྟེ། །རྣམ་པར་སྣང་མཛད་ཀྱི་ལམ་ནས་ཞུགས་པ་དང། །རྡོ་རྗེའི་ལམ་ནས་བྱུང་སྟེ་ཞུ་བ་དེ་ཡང་སློབ་མའི་ཞལ་ནས་ཞུགས་པས་ལྷ་མོའི་པདྨ་ན་གནས་པ་སྐད་ཅིག་གིས་སྐུ་རྡོ་རྗེ་ཤེས་རབ་དང་བཅས་པའི ་གཟུགས་ཡེ་ཤེས་སེམས་དཔའ་དང། ཐ་མི་དད་པ་ལ་དབང་བསྐུར་རོ། །ཡང་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའི་ཆ་བྱད་ཅན་པདྨ་ནས་འཐོན་པ་ལ་སྤྱན་མ་ལ་སོགས་པ་དང་བཅས་པ་ནམ་མཁའ་ཨི་ཁམས་གང་བར་གནས་པས་གདུགས་དང། ་རྒྱལ་མཚན་དང་བ་དན་དང། ན་བཟའ་དང་སྒྲ་དང་གར་དང་གླུ་དང་གུར་གུམ་དང། ག་བུར་དང། མེ་ཏོག་ལ་སོགས་པའི་ཆར་དང། བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་དཀར་པོ་ཕྱག་གིས་བཟུང་བས། སློབ་མ་དེ་ཡང་པདྨ་ནས་ཕྱུང་བ ་ལ་དབང་བསྐུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་བརྗོད་པ། བཀྲ་ཤིས་གང་གིས་སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་མ་ལུས་རང་བཞིན་ཀུན་མཁྱེན་མཆོག་གྱུར་པ། །སྐྱེད་བྱེད་ཀྱིས་བྱེད་བདེ་ཆེན་ཇི་ལྟ་བ ་བཞིན་དུ། །དེ་ལྟར་དབང་གིས་མཆོག་གིས་འདིར་ནི་བཀྲ་ཤིས་གསོལ། །དཔལ་དང་ལྡན་པའི་རི་བོ་དང་ནི་མཚུངས་པ་ཡི། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་དང་བྲལ། །མཚོ་ལས་བྱུང་བའི་པདྨ་དང་མཚུངས་སངས ་རྒྱས་སྤྱན། །དེ་ཡི་བཀྲ་ཤིས་ཞི་བར་བྱེད་པ་དེ་གསོལ་ཅིག་།དེ་ཡིས་གསུངས་པའི་རབ་མཆོག་གཡོ་བ་མེད་པ་ཡི། །མི་དང་ལྷ་ཡི་མཆོད་གནས་འཇིག་རྟེན་གསུམ་དུ་གྲགས། །ཆོས་ཀྱི་མཆོག་ཏུ་གྱུར་པས་འགྲོ་རྣམས་ཞི་བར་མཛོད།། ་དེ་ཡི་བཀྲ་ཤིས་ཞི་བར་བྱེད་པ་དེ་གསོལ་ཅིག་།དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ལྡན། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་འབྲས་སྟེར། །གང་ཞིག་དཔལ་ལྡན་གནས་པའི་ཚོགས་ཀྱིས་མཆོག་གྱུར་པ། །དེ་ཡི ་བཀྲ་ཤིས་ཞི་བར་བྱེད་པ་དེ་གསོལ་ཅིག་།ཅེས་པའི་བཀྲ་ཤིས་ཀྱི་གླུ་འདི་ཡིས་ཉེ་བར་བྱེད་པ་སྟེ། བདག་ཉིད་ལ་སོགས་པས་ཀྱང་ངོ། །དེ་ནས་ལུས་དག་པའི་དོན་དུ་སྒྲོལ་མ་ལ་སོགས་པའི་སྔགས་ཀྱིས་བུམ ་པ་ཐམས་ཅད་ནས་ཆུ་བླངས་ཏེ། རྣམ་རྒྱལ་གྱི་དུང་ཕོར་དུ་བླུགས་ནས་གཙུག་ཏོར་དང། དཔུང་པའི་ཚིགས་གཡས་པ་དང། གཡོན་པ་དང་དེ་ལྟར་དཔྱི་མགོའི་ཚིགས་དག་ལས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན ་གྱིས་ཕྱག་བྱས་པ། །གསང་བ་བཞི་ནི་འབྱུང་བའི་གནས། །བྱིན་ཅིག་སངས་རྒྱས་ཐམས་ཅད་ཀྱིས། ཞེས་པ་དང། ཨོཾ་ཨཱ་ཨའི་རཱི་ཨའུ་ལཱི་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བརྗོད་ཅིང་རྣམ་རྒྱལ་གྱི་དུང་ཕོར་གྱི་ཆུས་དབང་བསྐུར་བ་ནི ་ཁམས་ལྔ་ལྷ་མོ་ལྔར་བསྐྱེད་པས་སོ། །དེ་ནས་ཅོད་པན་གྱི་དབང་བསྐུར་བ་ལ་ཡང་གནས་ལྔར་སྔགས་འདིས་དབང་བསྐུར་བ་ནི་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་བསྐྱེད་པས་ཨོཾ་ཨ་ཨི་རི་ཨུ་ལི་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྷ་སྭཱཧཱ། ཞེས ་པས་སོ། །དེ་ནས་རིན་པོ་ཆེའམ། གསེར་རམ་རས་ལས་བྱུང་བའི་ཅོད་པན་ལ་སྔགས་འདི་བརྗོད་དེ་མགོ་ལ་བཅིང་བར་བྱའོ། །དེ་ལྟར་དབང་གཉིས་ཀྱི་ཁམས་དང་ཕུང་པོ་རྣམ་པར་དག་པ་ནི་ལུས་ཡོངས་སུ་དག་པ་སྟེ། འདི་ནི་ཆུ་དང་ཅོད་པན་གྱི ་དབང་བསྐུར་བའི་ཆོ་གའོ། །དེ་ནས་གཡས་སུ་བསྐོར་ཏེ་ལྷོ་སྒོར་ཁྲིད་ལ་གོང་ལྟར་གསོལ་བ་འདེབས་པའི་སློབ་མ་ལ་དག་རྣམ་པར་དག་པའི་དོན་དུ་གསུང་རྡོ་རྗེའི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ་དབང་བསྐུར ་བ་ནི་རྡོ་རྗེ་ཆེ། ཞེས་པ་ལ་སོགས་པ་བརྗོད་ལ། ཨོཾ་ཨ་ཨཱ་ཨཾ་ཨ:ཧ་ཧཱ་ཧཾ་ཧ(རྒྱུད་འགྲེལ་རིན་པོ་ཆེའམ་གསེར་གྱི་དར་དཔྱངས་སམ་མེ་ཏོག་གི་ཕྲེང་བ་དཔྲལ་བ་ལ་བཅིང་པར་བྱའོ། །དེ་ནས་དེ་ལྟར་གསོལ་བ་བཏབ་ལ་རྩ་གཉིས་ཡབ་ཡུམ་གཉིས་སུ་བསྐྱེད་པས། ཨོཾ་ཧཱུཾ་ཧོ(རྒྱུད་འགྲེལ་ཀྱིས་རྡོ་རྗེ་དང་དྲིལ་བུ་མགོ་ལ་བཞག་ལ་གནས་ལྔར་དབང་བསྐུར་བ་འདི་དག་གིས་རླུང་དང་རྩ་དག་པ་ངག་རྣམ་པར་དག་པ་སྟེ། དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བའི་ཆོ་གའི་རིམ་པའོ། །དེ་ནས་གཡས་བསྐོར་གྱིས་ཤར་གྱི་སྒོར ་རྡོ་རྗེ་སོར་གདུབ་བྱིན་ལ་ཤར་གྱི་ཞལ་དུ་ཡིད་དག་པར་བྱ་བའི་ཕྱིར་སྔ་མ་ལྟར་གསོལ་བ་བཏབ་ལ་ཐུགས་རྡོ་རྗེའི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་རང་བཞིན། །སྣ་ཚོགས་ཡུམ་གྱི་བདག་པོ་མཆོག་།ཅེས་པས་བཅོམ་ལྡན་འདས་དང་པོའི་སྐྱེས་བུ་གོ་བར་བྱས་ཏེ། ཨོཾ་ཨ་ཨཱ་ཨེ་ཨི་ཨར་ཨཱར་ཨོ་ཨཽ་ཨལ་ཨཱ་ལ་ཨོཾ་ཨ(རྒྱུད་འགྲེལ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པའི་སྔགས་ཀྱིས་དེ་ཁོ་ནའི་རང་བཞིན་རྡོ་རྗེ་བྱིན་ལ་དེ་ནས་གནས་སྔར་དབང་བསྐུར་བ་ནི་དབང་པོ་དང་ཡུལ་རྣམས་སེམས་དཔའ་དང་སེམས་མར་བསྐྱེད་པས་སོ། །དེ་ནས་རྣ་བ་ལ་སོགས་པ་ལ་མེ་ཏོག ་བྱིན་ནས་དེ་ནས་མིང་གི་དབང་བསྐུར་བ་ནི་གསོལ་བ་གདབ་པ་དང། ལས་ཀྱི་དབང་པོ་དང་དེའི་ཡུལ་རྣམས་ཁྲོ་བོ་དང་ཁྲོ་མོར་བསྐྱེད་པས། ཨོཾ་ཧ་ཧཱ་ཡ་ཡཱ་ཝ་ཝཱ་ལ་ལཱ་ཙ་ཏུ་རྦརཧམ་བི་ཧཱ་ར་བི་ཤུདྡྷ་སྭཱཧཱ། ཞེས་བྱ་བའི་སྔགས ་ཀྱིས་གནས་ལྔར་དབང་བསྐུར་ལ། །དེ་ནས་ལག་པ་དང་རྐང་པ་རྣམས་ལ་ལག་གདུབ་བམ། མེ་ཏོག་གི་ཕྲེང་བ་བཅིངས་ལ། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་མཆོག་ཏུ་ཞི་བྱའི་ཕྱིར་རྡོ་རྗེ་སེམས་ ་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་གྱི། །ཏ་ཐཱ་ག་ཏ་སིདྡྷཡ་ས་མ་ཡ་སྟཝཾ་བྷཱུ་བྷུ་བ(རྒྱུད་འགྲེལ་ཨ་ནུ་པ་མ་དང། སུ་ར་ཏ་དང། ས་མ་ར་ས་དང། བི་ཛ་ཡ་དང། ཨ་ལ་ལ་དང། སཏྭ་དང། མཧཱ་སུ་ཁ་དང། ཨ་ནཾ་ག་དང། ཛྙཱ་ན་དང། སྭཱ་ཧཱ་ཛ་བཛྲ་ཞེས་པ་རྡོ་རྗེ་སེམས་དཔའ་ཨི་མིང་བྱེ་བྲག་སྟེ་མཐར་རྡོ་རྗེ་ཀུན་ལ་གོ་བར་བྱའོ། །མི་བསྐྱོད ་པའི་རཱ་ས་དང། བི་ལ་ས་དང། ར་ཏེ་དང། ལི་ལཱ་དང། ལ་ལི་ཏ་དང། སྭ་ཡོཾ་བུ་དང། དྲེ་ཥ་དང། ཧེ་དང། ཀ་རུ་ཎ་དང། ཙིཏྟ་དང། ཧཱུཾ་ཀ་ད་དང། ཨ་ཀློ་བྷཡ་བཛྲ། ཞེས་པ་རྣམས་སོ། །དོན་ཡོད་གྲུབ་པའི། ཨ་མོ་གྷ་དང། པ་ར་མཱ་ཤྭ་དང ་ས་མ་ཡ་དང། པཱ་ར་མི་ཏ་དང། ཀརྨ་དང། ཨ་ནི་ལ་དང། སྤར་ཤ་དང། ཨིརཥ་ཞེས་པ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི། རཏན་དང། ཙིནྟ་མ་ནི་དང། ཁ་དང། ག་གན་དང། ཏེ་ཛོ་དང། མཱརྟཎྜ་དང། བྷས་ཀ་ར་དང། མཱ་ན ་ཞེས་པ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི། བཻ་རོ་ཙ་ན་དང། ཨོཾ་ཀཱར་དང། ཤ་ཤཱ་ཏ་དང། ཏ་ཐཱ་ག་ཏ་དང། མཱ་ཡཱ་དང། བུདྡྷ་དང། རཱུ་པ་དང། ཀ་ཡ་བཛྲ་ཞེས་པ་རྣམས་སོ། །འོད་དཔག་མེད་ཀྱི། རཱ་ག་དང་ཨ་བ་ལོ་ཀི་དང། །དྷམམཱོ ་དང། པདྨ་དང། བཛྲེ་ཀུ་ར་དང། པདམཱཾ་ཀུ་ར་དང། སུ་ར་ཏ་ཨཾ་ཀུ་ར་དང། ཀ་ར་ཎ་ཀུ་ར་དང། པདམཱ་ནནྟ་དང། སུ་ར་ཏཱ་ནནྟ་དང། ཨ་མི་ཏ་དང་པཱ་ག་བཛྲ་ཞེས་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི། །བེ་གི་དང། བེ་ལ་སི་ནི ་དང། པ་དཱ་དང། ཀོ་ཀ་ནཱ་དང། ཨ་ན་ན་དང། པཱ་དཱ་ཀཱ་དང། མཱ་ལཱ་དང་བཛྲོ་ཏ་ཡ་ཞེས་པ་རྣམས་སོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། བཛྲ་ཧ་ར་དང། སཱ་སཱ་དང། ཛྲཱ་ལི་དང། མཱ་ལཱ་དང། ཨཱ་གཱ་སཱ་དང། བཛྲ་ཀཱ་ས་ར་ཏི ་ཞེས་པ་རྣམས་སོ། །མཱ་མ་ཀཱིའི། ཨཱཧམ་དང། ཧསྟ་དང། ཨ་ཝ་ལཱི་དང། ཀ་རཱ་དང། བཛྲ་མཱ་མ་ཀཱི་དང། དྭེ་ཥར་ཏཱི་ཞེས་པ་རྣམས་སོ། །སྒྲོལ་མའི། གརྦ་དང། མཱ་ཡཱ་དང། བ་ཌ་ཝ་དང། ཏཱ་རཱ་དང། བཛྲ་ནརྟྱེ་ཤྭ་རཱི་དང། ས་མ་ཡ་བཛྲ་དང། བཛྲར ་ཏི་ཞེས་པ་རྣམས་སོ། །སྤྱན་མའི། ཊ་ཀ་ནི་དང། གཽ་རི་དང། ལཱ་སྱ་དང། ལོ་ཙ་ན་དང། བཛྲ་མོ་ཧ་ར་ཏི་ཞེས་པ་རྣམས་སོ། །གོས་དཀར་མོའི་རཱ་ག་དང། གི་ཏ་དང། ཨ་ཧོ་སུ་ཁ་དང། བཻ་ཧཱ་ལི་དང། མ་ཏི་དང། ཧ་སྱཱ་དང། པཱཎྜ་རི་དང། ་བཛྲ་ར་ག་ཏི་ཞེས་པ་རྣམས་ཀྱི་དང་པོ་རྡོ་རྗེ་དང་ལྡན་པར་བྱས་ཏེ། འདི་རྣམས་ཀྱིས་ཡིད་རྣམ་པར་དག་པ་རྡོ་རྗེའི་བརྟུལ་ཞུགས་དང་མིང་གིས་དབང་གི་ཆོ་གའི་རིམ་པའོ། །དེ་ནས་དེ་ལྟར་གཡས་སྐོར་དུ་ཁྲིད་ལ་ནུབ་ཀྱི་ཞལ་དུ་ཡེ་ཤེས་དག ་པའི་དོན་དུ་སློབ་མས་གསོལ་བ་གདབ་པ་དང། ཡེ་ཤེས་རྡོ་རྗེའི་སྐུ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ཡེ་ཤེས་དང་རྣམ་པར་ཤེས་པ་ཡབ་ཡུམ་གཉིས་སུ་བསྐྱེད་ལ། ཨོཾ་ཧཾ་ཀྵ(རྒྱུད་འགྲེལ་སུ་བཛྲ་དང་ཁཌག་དང། རདན་དང་ཙཀྲ་དང་པདྨ་རྣམས་བཅུག་ལ་ལན་ལྔ་རུ་བརྗོད་ཅིང། །གནས་ལྔ་རུ་དབང་བསྐུར་བ་ཡེ་ཤེས་རྣམ་པར་དག་པ་སྟེ། དེ་ནས་སློབ་མ་སྟན་ལ་བསྡད་པ་ལ་བྷྲུཾ་ལས་བྱུང་བའི་ཆོས་ཀྱི་འཁོར་ལོ་བཛྲ་ཧེ་ཧུ ་མི་ཞེས་བརྗོད་དེ་རྐང་པ་དག་ལ་བྱིན་ནས། དབྱངས་ཡིག་ཐ་མ་ལས་བྱུང་བའི་དུད། །ོཾ་བཛྲ་བྷཱ་ཥ་རི་ཞེས་པ་བརྗོད་དེ་ལག་པ་གཡས་སུ་གཏད་དོ། །དབྱངས་ཡིག་དང་པོ་ལས་བྱུང་བའི་པུ་ཏི་ཨ་ཞེས་བརྗོད་ཅིང་གཡོན་པར་རོ། ། ་ཡང་ཨ་ལས་བྱུང་བའི་དྲིལ་བུ་དེ་ཉིད་བརྗོད་ཅིང་ལག་པ་གཡོན་དུ་གཏད་དེ། ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ཨི་ཉིད་ལ་མཚན་ཉིད་མེད། །ནམ་མཁའ་དང་ནི་མཚུངས་པ་སྟེ། །ཀུན་གྱི་མཆོག་དེ་མཉམ་ཉིད་གསལ། །དིང ་ནས་བསམས་པ་ཙམ་གྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་གང་བ་བྱེད་བཞིན་པས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཞེས་བརྗོད་པ་དང། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཇི་ལྟར ་འདུལ་བ་ཆོས་རྣམས་ཀྱིས། འཁོར་ལོ་རབ་ཏུ་བསྐོར་བགྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་དང། །ཡིད་བཞིན་ནོར་བུ་དང་མཚུངས་པར། །ངལ་མེད་དམིགས་པ་རྣམས་དང་བྲལ། །སེམས་ཅན་དོན་རྣམས་དི་རིང་གྱིས། །ཞེས་བརྗོད་དོ། །དེས་ཀྱང་ཕྱག་བྱས་ཏེ་བརྗོད ་པ། མངའ་བདག་གསུང་བ་དེ་ལྟར་བགྱི། །ཞེས་པ་འདི་ནི་རྗེས་སུ་གནང་བའི་ཆོ་གའི་རིམ་པའོ། །དེ་ནས་ཨོཾ་ཧྲཱི་ཧྲཱིཾ་ཧྲཱིཾ་ཧཱུཾ་ཧྲལཱི་ཧྲ(རྒྱུད་འགྲེལ་བཅོམ་ལྡན་བདག་གིས་སྦྱིན་བྱས་པ། །འདི་ལ་ཉེ་བར་གནས་པར་བགྱིས། །ཞེས་པའི་ཚིག་གོ་།སློབ་མས་བརྗོད་པ། བདག་གི་བཅོམ་ལྡན་འདས་བླངས་པས། འདི་ལ་ཉེ་བར་གནས་པར་གྱིས་ཞེས་པས་བླངས་ཏེ་འདི་ནི་སྔགས་རྗེས་སུ་གནང་བའོ། །དེ ་ནས་གསེར་རམ་དངུལ་ལས་བྱས་པའི་སྣོད་དུ་མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐུར་མས་བླངས་ཏེ། སློབ་མའི་མིག་ཏུ་པྲ་ཡིག་བསམས་ལ། ཨོཾ་བཛྲ་ནེཏྲཱ་པ་ཧ་ར་པ་ཏྲ་ལཾ་ཧྲི(རྒྱུད་འགྲེལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱི་བསལ། །ཞེས་པ་འདི་ནི་མིག་སྨན་གྱི་ཆོ་གའི་རིམ་པའོ། །དེ་ནས་མེ་ལོང་མངོན་པར་བླངས་ཏེ་ཨ(རྒྱུད་འགྲེལ་ལ། །ཆོས་རྣམས་གཟུགས་བརྙན་དང་མཚུངས་པར། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་བྱ་མེད་ཅིང་བརྗོད་བྱ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང། །དུས་འཁོར་མེ་ལོང་གནས་མཚུངས་པར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས ་ཀུན་གྱི་གཙོ་བོ་སྟེ། །བུ་ཁྱོད་སྙིང་ལ་ཡང་དག་གནས། །ཁྱོད་ལ་འདྲེན་པའི་སྤྱན་ལྡན་པས། །ཕོ་བོ་མེད་ཅིང་གནས་མེད་པ། །འདི་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །ཤེས་པ་ནི་མེ་ལོང་གི་ཆོ་གའི་རིམ་པའོ། ། ་དེ་ནས་ཧོ་ཡིག་ལས་བྱུང་བའི་གཞུ་ཧོ་ཞེས་པ་བྱིན་ལ་ཡང། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནཱ་ན་ནུ་རཱ་གཱ་ཡ་སྭཱཧཱ། ཞེས་བརྗོད་པར་བགྱིའོ། །སློབ་མས་ཀྱང་མངའ་བཀང་བཞིན་པས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ན་ན་ནུ་རཱ་ག་ཡ་མི་ཞེས་བརྗོད་ཅིང། བློས་བགེགས ་ལ་འབུགས་པར་བསམས་ཞིང་ཕྱོགས་མཚམས་སྟེང་འོག་རྣམས་སུའོ། །འདི་ནི་མདའ་གཞུའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མ་ལ་ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བརྗོད་དེ་རྡོ་རྗེ་དང་དྲིལ་བུ་བྱིན་ལ་མཆོག་གི་སྙིང་རྗེས་དག་པའི་ཆོས་རྣམས་བསྟན ་པར་བྱའོ། །རྡོ་རྗེའི་རིགས་སུ་ངེས་པར་སྲོག་གཙང་པ་དང་རལ་གྲི་མི་བདེན་པའི་ངག་བརྗོད་བྱ་བ་དང། རིན་ཆེན་དུ་ནི་གཞན་ནོར་འཕྲོག་དང་མཆོག་གི་པདྨའི་རིགས་ཉིད་དུ་ཡང་གཞན་གྱིས་བུད་མེད་འཕྲོག་།འཁོར་ལོར་ཆང་དང་མར ་མེ་སངས་རྒྱས་རྣམས་དང་ཡུལ་རྣམས་མཛའ་དག་ཤིན་ཏུ་བསྟེན་པར་བྱའོ། །གྲི་གུག་ཏུ་ནི་གདོལ་པ་མོ་ལ་སོགས་པ་བུད་མེད་མཛའ་དག་མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་རྣམས་ཀྱི་དོན་དུ་ནོར་དང་ལུས ་བཅས་སྦྱིན་བྱ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱ་བ་མིན། །རིགས་ཀྱི་བུ་རྣམས་གཞན་དུ་བསྐལ་པ་གྲངས་མེད་པས་ཀྱང་སངས་རྒྱས་མིན་པར་རྒྱལ་བས་གསུངས་པར་ངེས། །ཆུ་ཡི་སྒྲོལ་མ་ལ་སོགས་ལྷ ་མོ་རྣམས་དང་དབུ་རྒྱན་རྒྱལ་བ་རྣམས་ཏེ་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་ངག་དང་བརྟུལ་ཞུགས་ཡུལ་སོགས་རྣམས་དང། མིང་གི་བྱམས་པ་སོགས་སུ་སྦྱོང། ་རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་ལྡན་སྲིད་པའི་འཇིགས་པ་འཇོམས་པ་དུས་ཀྱི་འཁོར་ལོ་རྗེས་ཁྱབ་པ། །དེ་ལྟར་དབང་བདུན་རྣམས་ཀྱི་སྡིག་པའི་དྲི་མ་འཇོམས་པས་དཀྱིལ་འཁོར་ཉིད་དུ་ཡང་དག་རབ་ཏུ ་སྨིན། །དེ་ནས་རས་ཀྱི་ཡོལ་བ་ལ་སོགས་པས་དབེན་པར་བྱས་པའི་གནས་སུ་གཟུགས་དང་ལང་ཚོ་དང་ལྡན་པ་དམ་ཚིག་དང་ལྡན་པ་ལོ་བཅུ་གཅིག་པ་ནས་ཉི་ཤུའི་བར་རམ། དེ་མེད་ན་གཞན་ཕྱག་རྒྱ་མ་བུམ་པའི་དབང་ལ་སོགས་པའི ་དོན་དུ་ཕུལ་ལ་ཐལ་མོ་སྦྱར་ཏེ་བླ་མ་དུས་ཀྱི་འཁོར་ལོར་དམིགས་ལ། སྒྲིབ་པ་ཐམས་ཅད་སྤངས་པ་ཡི། །དུས་འཁོར་ཁྱོད་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བ་དེས་གང་བ། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །སྟོང་དང་སྙིང་རྗེ་དབྱེར ་མེད་པའི། །བྱང་ཆུབ་སེམས་གང་མི་འགྱུར་བ། །མགོན་པོ་བདག་ལ་དབང་དེ་ཡིས། །ད་ལྟ་ཉིད་དུ་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པས། །ཐམས་ཅད་དུ་ནི་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག ་ལ་སྐྱབས་ནི་གཞན་མ་མཆིས། ཞེས་པ་དང་བཅས་པས་གསོལ་བ་བཏབ་པ་དང། དེ་ནས་བླ་མས་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དང་ལྡན་པས། སློབ་མ་སྐུ་རྡོ་རྗེའི་གཟུགས་དང། རིག་མ་ཐ་མལ་གྱི་རང་བཞིན་དག་པའི་ཡོངས་སུ ་རྫོགས་པའི་ལྷ་མོའི་གཟུགས་ཀྱི་སྒེག་པ་དང་ཆགས་པའི་ལྟ་བས་ནུ་མ་ལ་རེག་ཏུ་གཞུག་པའོ། །འདི་ནི་ལུས་རྣམ་པར་དག་པ་བུམ་པའི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་དེ་ལྟར་ང་རྒྱལ་དང་ལྡན་པས། །དེ་ལ་གསོལ་བ་བཏབ་པ་དང། ་སློབ་མས་ཕུལ་བ་སྟོང་པའི་ངང་ལས་ལྷ་མོའི་གཟུགས་སུ་བསྐྱེད་ལ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་སྔོན་དུ་སོང་བས་སྙོམས་པར་འཇུག་པར་བྱ་ཞིང། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཧམ་ཀོ་ཧཾ་ཞེས་བརྗོད་ལ་ས་བོན་གྱི་འོད ་ཟེར་གྱིས་སྒྲོལ་མ་ལ་སོགས་པ་དང། །མཉམ་པར་སྦྱར་བའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ལ་ཞུགས་པས་ཆགས་པ་ཆེན་པོས་ཞུ་ནས་ཨ་བ་དྷཱུ་ཏE་ནས་སོང་སྟེ། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ ་བརྟན་པར་བྱས་པ་པདྨ་ནས་བྱུང་སྟེ། མཐེ་བོང་དང་མཐེ་ཆུང་དག་གིས་གཟུང་སྟེ། དེ་བཞིན་གཤེགས་པའི་ཁུ་བ་དང། བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཐ་མི་དད་པར་གོ་བར་བྱས་ལ། སློབ་མ་གསུང་རྡོ་རྗེའི་ཁར་དབབ་པ ་ནི། དེ་ཡང་སྔོན་གྱི་སངས་རྒྱས་སྲས་རྣམས་ལ། །རྡོ་རྗེ་འཛིན་པས་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་ཡིད་འོང་བས། །དེ་ལྟར་བུ་རྣམས་ཁྲུས་གསོལ་ཅིག་།ཅེས་པ་དང། ང་རྒྱལ་གྱིས་སྔགས་བརྗོད་པས་སོ། །སློབ་མ་དེས་རྣམ་པར ་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཚོགས་ཀྱི་བློས་ཀྱེ་མ་བདེ་བ་ཆེའོ་ཞེས་བརྗོད་ཅིང་བཏུང་ངོ། །ཤེས་རབ་ཀྱིས་ཀྱང་ན་བཟའ་དང་བྲལ་བར་ལངས་ཏེ་རང་གི་པདྨའི་དེ་བཞིན་གཤེགས་པའི་ཐིག་ལེ་དང་མེ་ཏོག་དེ ་ཉིད་ཀྱི་ཁར་དབབ་པའོ། །དེས་ཀྱང་དེ་ལྟར་བཏུང་བར་བྱ་སྟེ་ཤེས་རབ་དང་ཐབས་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསང་བ་ན་གསང་བའི་དབང་བསྐུར་བའོ།། །།འདི་ནི་ངག་རྣམ་པར་དག ་པ་གསང་བའི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་སློབ་མས་ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་ད་ནི་བདག་གིས་ཇི་ལྟར་བགྱི་ཞེས་བཟོད་པས། སློབ་དཔོན་གྱི་བཀའ་བསྒོ་བ་ལྟར་གསོལ་བ་བཏབ་པའི་སློབ་མ་ལ ་གཟུགས་ལ་སོགས་པ་ཡང་དག་པར་ལྡན་པའི་ཤེས་རབ་དེའི་སྣ་རྩེ་འཇིབས་ཏེ། སྙོམས་པར་ཞུགས་ལ་ཆགས་པ་དང་ལྡན་པས་བྱས་ཏེ་དེ་བསྟན་ཅིང། འདི་ངེ་འཛིན་པར་བྱེད་ཅིང་མཛེས། །སངས་རྒྱས་རྣམས་ཀྱིས་བསྟེན་བྱར ་གསུངས། །སྦྱོར་བས་འཁོར་ལོ་ལ་དབབ་ཅིང། །དམ་པའི་བདེ་བས་རོ་མཉམ་མྱོང། །རྡོ་རྗེ་ལ་གནས་བྱང་ཆུབ་སེམས། །ནོར་བུའི་མཐར་ནི་བལྟ་བར་བྱ། །ཞེས་པ་དང། ལས་ཀྱི་ཕྱག་རྒྱ་རབ་འདུས་དང། ཡེ་ཤེས ་ཕྱག་རྒྱ་རྗེས་ཆགས་པས། །བྱང་ཆུབ་སེམས་བརྟན་བརྟུལ་ཞུགས་ཀྱིས། །བདེ་བ་ཆེན་པོར་བསྲུང་བ་ནི། །བྷ་གར་མཆན་མ་རབ་གནས་ཏེ། །བྱང་ཆུབ་སེམས་ནི་མི་འཛག་པས། །སྲིད་པ་གསུམ་པོ་མ་ལུས་པ། །སངས་རྒྱས་སྐུར་ནི ་བསྒོམ་པར་བྱ། །ཞེས་བརྗོད་ཅིང་གཏང་པའོ། །ཤེས་རབ་མས་ཀྱང་གུར་གུམ་ལ་སོགས་པའི་དྲི་ཞིམ་པས་ལུས་བྱུག་སྟེ། སློབ་མ་ལ་ཆུ་སྐྱེས་བསྟན་ཅིང། ཀྱེ་མ་བདག་གི་པདྨ་འདི། །བདེ་བ་དང་བཅས་མ་ལུས་པ། །གང་གིས་ཆོ ་ག་བཞིན་བསྟེན་ན། །དེ་ཡི་མདུན་དུ་བདག་གནས་པས། །ཇི་ལྟར་འདོད་བཞིན་པདྨ་སྤྱོད། །སངས་རྒྱས་མཉེས་པ་ལ་སོགས་ཕྱིར། །བདག་ནི་བདེ་ཆེན་རྒྱལ་པོ་སྟེ། འདི་ནི་རྒྱུན་དུ་གནས་པའི་ཕྱིར་རོ། །མཐར་པའི་བསྙེན་པས་མཉེས་པར ་གྱིས། །སློབ་མ་དེ་ཉིད་ཀྱང་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་ཨཱ:ཧུཾ་སྭཱཧཱ། ཞེས་པ་རྣམས་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་གསང་བ་དང་གཙུག་ཏོར་རྣམས་སུ་བཀོད་ལ། རིགས་ལྔའི་ཚོགས་ཀྱི་བདག་ཉིད་ཀྱི་གཟུགས་སུ་གནས ་ལ་ཨཱ(རྒྱུད་འགྲེལ་བརྗོད་པས་སོ། །དེ་ནས་ཨོཾ་ཤཱི་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ཧཱ་ཞེས་པ་དང། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝཱཏྨ་ཀོ་ཧཾ་ཞེས་པ་ཧཱུཾ་ཕཊ་དང་ལྡན་པ་བརྗོད་ཅིང་བླ་མའི་གདམས་ངག་ལས་དགའ་བའི་དབྱེ་བས་ག་པར ་བྱས་ལ། ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པས་ལུས་བྱིན་གྱིས་བརླབས་ཏེ། བླ་མས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་གྲངས་མེད་པ་སྤྱན་དྲངས་ཏེ། །རོ་གཅིག་ཏུ་གྱུར་པས་མཉེས་པར་བྱའོ། །དེ་ཡང་སྐུ ་གསུང་ཐུགས་དང་ཆགས་པ་རྣམས། །དཔྲལ་བ་ལ་སོགས་རྣམས་སུ་དགོང། །སྭཱཧཱ་གསང་བ་གཙུག་ཏོར་དུ། །དེ་ནས་པདྨ་རྣམས་སྦྱངས་བྱ། ། ལས་པདྨ་འདབ་བརྒྱད་པ། །ཧཱུཾ་ལས་རྡོ་རྗེ་དང་ལྡན་པ། །དེ་ལྟར་རྡོ་རྗེ་དང་བཅས་པ། །ཤེས་རབ་ཐབས ་ཀྱི་རྒྱུ་ཉིད་དོ། །ཧཱུཾ་ལས་བདག་གིས་རྡོ་རྗེ་ཉིད། །རྩེ་ལྔ་པ་རུ་བསམས་པར་བྱ། །དེ་དབུས་པདྨ་འདབ་བརྒྱད་པ། ། ཡིག་ལ་ནི་རབ་ཏུ་བརྟག་།དེ་ལྟར་པད་བཅས་རྡོ་རྗེ་ཉིད། །པདྨ་ལ་ནི་བཞག་པར་བྱ། །རྣལ་འབྱོར་པ་དེ་ཧཱུཾ་ཕཊ་བརྗོད། །མངལ་དུ་རྡོ་རྗེ ་འཛིན་པ་རྒྱུ། །བྷ་གར་ལིང་ག་རབ་གནས་པས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཞེས་པའི་དོན་གོ་བར་བྱ་ཞིང་ཇི་ལྟར་རིགས་པར་བཟུང་སྟེ། དལ་གྱིས་བཏང་བས་པདྨ ་ནས་ལྕེ་ཡི་བླངས་ལ་དེ་ཁོ་ནའི་བློས་དམ་ཚིག་གི་རང་བཞིན་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ། །འདི་ནི་ཡིད་རྣམ་པར་དག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་རིམ་པའོ། །དེ་ནས་ཚིག་དབང་རིན་པོ་ཆེ་སྦྱིན་པ་ཞེས་བྱ་བའི་དོན་གྱི་ཁྱད་པར ་གྱི་དགའ་བའི་མཛའ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམས་པས་ཐིག་ལེ་གསུམ་གྱིས་མཐར་རབ་ཏུ་སྐྱེས་པ་ཉོན་མོངས་པ་དང་བྲལ་བའི་རང་བཞིན་དེ་ཁོ་ན་ཆོས་ཐམས་ཅད་བསམ་བུ་མེད་པ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ལ་དབང་བཞི ་པར་བརྗོད་དོ་ཞེས་པས་སོ། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ་སྟེ་གཤེགས་སུ་གསོལ་ལ་སློབ་མ་ལ་སྡོམ་པ་བྱིན་པ་ནི། ང་ཡིས་བསྟན་པའི་ཀུན་རྫོབ་བྱེ་བྲག་ཏུ་དགའ་བའི་མཛའ་ལྷན་ཅིག་སྐྱེས་པའི་སྐད་ཅིག་གང་ཐིག་ལེ་གསུམ་གྱི ་མཛའ་དེ་དོན་དམ་པ་མ་ཡིན་ཏེ། དོན་དམ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་མི་འཛག་པ་སྟེ་དེ་བས་ན་ཁྱོད་ཀྱིས་སྲུངས་ཤིག་།དེ་བཞིན་དུ་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ལས ་ཀྱི་ཕྱག་རྒྱ་རབ་འདུས་དང། །ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་པས། །བྱང་ཆུབ་སེམས་བརྟན་བརྟུལ་ཞུགས་ཀྱིས། །བདེ་བ་ཆེན་པོར་བསྲུང་བ་ནི། །བྷ་གར་མཚན་མ་རབ་གནས་ཏེ། །བྱང་ཆུབ་སེམས་ནི་མི་འཛག་པས། །ཆོས་ཀྱི་འཁོར ་ལོ་རབ་ཏུ་བསྐོར། །འདི་ལས་དམ་པའི་ཡེ་ཤེས་མེད། །ཁམས་གསུམ་དབང་ཕྱུག་དམ་པ་སྟེ། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །རང་བཞིན་དོན་ནི་རབ་སྒྲུབ་བྱེད། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གང་ཚེ་ང་ཡིས་བུ་སྐྱོང་ན། །སངས ་རྒྱས་ཀུན་གྱིས་བྱིན་བརླབས་ནས། །དེ་ཡིས་བྱང་ཆུབ་ཐོབ་པར་འགྱུར། །གལ་ཏེ་ཆགས་པའི་དབང་གྱུར་པར། །ཁྱབ་བདག་སྔོན་དུ་གཟུང་བ་ཡི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ནི་ངུ་འབོད་དུ་ནི་འགྲོ། །གང་ཚེ་སེམས་དམན་སྐྱེ་གནས་སུ ་བྱང་ཆུབ་སེམས་འཛག་གྱུར་པ་ན། །ཕྱག་རྒྱའི་པདྨའི་ཕྱི་རོལ་ནས་།རང་ལྕེས་བླང་བར་ཤེས་པར་བྱ། །ཞེས་པའོ། །འདི་ནི་ཡེ་ཤེས་དག་པ་དབང་བཞི་པའི་ཆོ་གའི་རིམ་པའོ། །དེ་ནས་སློབ་མའི་ལག་པར་ཤེས་རབ་ཀྱི་ལག་པ་གཏད ་ལ། དེ་ནས་བདག་ཉིད་ཀྱིས་ལག་པ་གཡོན་པས་བཟུང་ལ་གཡས་པས་རྡོ་རྗེ་དང་བཅས་པ་སློབ་མའི་མགོ་ལ་བཞག་སྟེ་གཏད་ལ། འདིའི་དབང་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པས་ཤེས་དེ་ལྟར་བྱས་ལ། ཐབས་གཞན་གྱིས ་ནི་སངས་རྒྱས་མིན། །ཁམས་གསུམ་འདི་ཡིས་དག་འགྱུར་བས། །དེ་ཕྱིར་འདི་དང་སྦྱོར་བ་ལས། །ནམ་ཡང་འབྲལ་བར་མ་བྱེད་ཅིག་།འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིགས་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་འགའ་ ་ཞིག་འདས་པ་ན། །དངོས་གྲུབ་དམ་པ་མེད་པར་འགྱུར། །ཞེས་བརྗོད་ལ་རིག་པའི་བརྟུལ་ཞུགས་སྦྱིན་པར་བྱའོ། །འདི་ནི་རིག་པའི་རྟུལ་ཞུགས་ཀྱི་ཆོ་གའོ། །དེ་ནས་དབང་ཐམས་ཅད་ཐོབ་པ་དང་ཐོས་པ་དང། བསམས་པ་དང་བསྒོམས་པ ་ལས་བྱུང་བའི་རྒྱུད་ཀྱི་དོན་ཐམས་ཅད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ལམ་དཔལ་གྱི་བླ་མ་ཁྱོད་ཀྱི་བཀའ་དྲིན་གྱིས་དིང་ངས་ཤེས་པས་དིང་ནས་བརྩམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྱོད་སྤངས་བླ་མ་གཞན ་ལ་གུས་པར་མི་བྱའོ། །དེ་ལྟར་དམ་བཅའ་གནས། དེ་ནས་བླ་མ་ལ་གསོལ་བ་གདབ་པ་ནི། །སྔོན་གྱི་ཚིགས་སུ་བཅད་པས་སོ། །དེ་ནས་ལྷག་པའི་བདག་པོའི་དོན་དུ་ཆོ་ག་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཁང་བའི་ཕྱི་རོལ་དུ་ས་གཞི་མཉམ ་པའི་ཆ་ལ་ཁྲུ་བཞིའི་བར་ལ་བ་ལང་གི་ལྕི་བ་ལ་སོགས་པ་བྱུགས་ལ་ཚོན་སྣ་ལྔ་ཡིས་ར་བ་བྱས་ཏེ། དེའི་དབུས་སུ་ཁྲུ་དོ་པའི་གདན་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་སྟེང་དུ་སློབ་དཔོན་དགེ་སློང་བཞག་ལ་གཟུགས ་བཟང་བ་རྒྱན་དང་ལྡན་པ་བུ་མ་སྐྱེས་པའི་བུ་མོ་བརྒྱད། གཞོན་ནུ་མ་གཉིས་རྣམ་པར་རྒྱལ་པའི་བུམ་པ་དང་བཅས་པས་ཅོད་པན་དང་དར་དཔྱངས་དང་ཕྱག་རྒྱ་དང་བཅས་པས་བཅིངས་ལ་ཁྲུས་བྱའོ། །དགེ་སློང་རྡོ་རྗེ་འཛིན་པའི་སྡིག ་མཛུབ་དང་ཆོས་གོས་མཐོང་བས་གདུག་པ་དེ་རྣམས་འོག་ཏུ་འགྲོ་བའོ་ཞེས་སོ། །དེ་ལྟར་རེ་ཁ་ལྔ་དང་ལྡན་པའི་དབུས་སུ་པདྨ་དང་བྲལ་བའི་གདན་ལ་སློབ་དཔོན་དགེ་ཚུལ་བཞག་པ་ལ་ཕྱག་རྒྱ་དང་བཅས་པའི་དར་དཔྱངས་བྱིན་ལ། ་བུ་མོ་བཞི་དང་གཞོན་ནུ་མ་གཉིས་ཀྱི་ཁྲུས་བྱའོ། །དེ་ལྟར་རེ་ཁ་གསུམ་དང་ལྡན་པའི་དབུས་སུ་ཐ་མལ་པའི་གདན་ལ་སློབ་དཔོན་ཁྱིམ་པ་བཞག་པ་ལ་ཕྱག་རྒྱ་བྱིན་ཏེ། རྣམ་པར་རྒྱལ་བའི་བུམ་པ་གཅིག་པུས་གཞོན་ནུ་མ་གཅིག་གིས ་ཁྲུས་བྱའོ། །འདི་ནི་མཆོག་དང་བར་མ་དང་ཐ་མའི་སློབ་དཔོན་གྱི་དབང་གི་ཆོ་གའོ། །དེ་ནས་དབང་གོང་མའི་གོང་མའི་དོན་དུ་སློབ་མས་སློབ་དཔོན་ལ་ཕྱག་རྒྱ་བཅུ་གཏད་དེ། དེ་ཡང་རྩ་བའི་རྒྱུད་ལས་གསུངས་པ། ་ཚ་མོ་དང་བུ་མོ་དང། །སྲིང་མོ་སྐྱེད་བྱེད་མ་དེ་བཞིན། །ཆུང་མའི་མ་དེ་སྒྱུག་མོ་ཉིད། །དེ་བཞིན་དུ་ནི་ཞང་ནེ་མོ། །ཕ་ཡི་དེ་བཞིན་སྤུན་ཆུང་མ། །བསྐྱེད་བྱེད་ཀྱི་ནི་སྲིང་མོ་དང། །རང་གི་མ་ཡི་སྤུན་ཉིད་དང། །རང་གི་ཆུང་མ་མཆོག་གཟུགས་ཅན། ་སྒྲོན་མ་ལ་སོགས་ཆོས་ཁམས་མཐར། །རིག་མ་བཅུ་རྣམས་རང་རིག་སྐྱེས། །བར་བ་འདོད་པའི་ཁྱིམ་པ་ཡིས། །དབང་གི་དུས་སུ་རབ་སྦྱིན་བྱ། །གང་ཞིག་རིགས་ནི་འདི་བསྲུངས་པས། །བླ་ལ་རིགས་མ་མི་འབུལ་ན། །དེ་ལ་དབང་ནི ་སྦྱིན་མི་བྱ། །གཞན་དུ་ན་ནི་ཁྱིམ་ནས་མིན། །དཀྱིལ་འཁོར་རྣམས་སུ་དབང་བསྒྱུར་བའི། །གཞན་ཡང་དམངས་རིགས་སྐྱེས་མཆོག་རྣམས། །དགེ་སློང་དགེ་ཚུལ་རྣམས་ལ་ཡང། །བླ་མས་སྦྱིན་ནོ་མི་བདག་ཀྱེ། །རླུང་སོགས་རིམ ་ངས་དམངས་རིགས་དང། །རྒྱལ་རིགས་བྲམ་ཟེ་དེ་བཞིན་དུ། །རྗེའུ་རིགས་གཡུང་མོ་ཉ་མ་དང། །གར་མ་ཚོས་མ་དེ་བཞིན་དུ། །ཀོ་ལྤགས་མཁན་དང་གཏུམ་མོ་དང། །ཆོས་ཁམས་མཐར་དེ་བཅུ་པོ་རྣམས། །རིག་མཚན་མོར་ཡང་དག ་བཤད། །ཟོས་དང་གྲོལ་འབྲས་རབ་ཏུ་སྟེར། །ཞེས་པས་འདི་ཐམས་ཅད་སྔོན་དུ་སོང་བ་ལྟར་དམངས་རིགས་ལ་སོགས་པ་ཕྱག་རྒྱ་བཅུས་དགེ་སློང་ལའོ། །དེ་རྣམས་ཀྱིས་ནང་ནས་དྲུག་གིས་དགེ་ཚུལ་བགྱིའོ། །རང་གི་ཆུང་མ་གཅིག ་དུ་མ་ཁྱིམ་པ་ལའོ། །འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པའོ། །ལྷག་མ་རྣམས་ནི་སྔ་མ་ལྟར་རོ། །ཆུ་ལ་སོགས་པའི་དབང་བདུན་གྱིས་ས་བདུན་དུ་ལུང་བསྟན་པ་དགེ་བསྙེན་ནོ། །བུམ་པས་བརྒྱད་པ་མི་གཡོ་བར་ལུང་བསྟན ་པ་དགེ་ཚུལ་གཞོན་ནུའི་ཞེས་པས་སོ། །གསང་བས་ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་དགེ་སློང་སངས་རྒྱས་ཀྱི་སྲས་རྒྱལ་ཚབ་པོ། །ཤེས་རབ་ཡེ་ཤེས་ཀྱིས་ཆོས་ཀྱི་སྤྲིན་དུ་ལུང་བསྟན་པ་གནས་བརྟན་ཏེ་སངས་རྒྱས་གཉིས་པའོ། །དེ ་ནས་སྐུ་དང་གསུང་དང་ཐུགས་རྣམས་རྡོ་རྗེར་བྱ་བའི་དོན་དུ་གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས་དང། ཕྱག་རྒྱ་དང། དར་དཔྱངས་དང། ཅོད་པན་རྣམས་ནི་བུམ་པ་དང། གསང་བ་ཤེས་རབ་ཡེ་ཤེས་ཏེ་གོང་མའི་གོང་མའི་དབང ་གི་ཆོ་གའི་རིམ་པའོ། །དེ་ནས་ཤར་གྱི་སྒོ་རུ་སློབ་མའི་སྟེང་དུ་གདུགས་བཟུང་ལ་གཡས་སུ་བསྐོར་བ་བྱེད་བཞིན་པས། ཐལ་མོ་སྦྱར་བྱས་དཀྱིལ་འཁོར་སྒོར། །གདུགས་དང་བཅས་པས་མཆོད་པ་ལ། །སློབ་མ་འདི་ནི་ཁྱོད་ལ་གཏང།། ་རྒྱུད་ཀྱི་འཛིན་པ་པོ་རུ་མཛོད། །ཅེས་དཀྱིལ་འཁོར་གྱི་གཙོ་བོ་ལ་དེ་ལྟར་གསོལ་བ་བཏབ་པ་དང། །གདུགས་གཞན་དུ་བཞག་ལ་སློབ་མའི་ཡིད་ལ་འདོད་པ་སྦྱིན་པར་བྱ་སྟེ། ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད ་ཀྱི་འཛིན་པ་ཁྱོད། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས། །ལྷ་རྣམས་ཀུན་ཀྱང་མཉེས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བ་ཡིས། །ཆོག་བཞིན་དཀྱིལ་འཁོར་ཁྱོད་ཉིད་ཀྱིས། །ཤིན་ཏུ་རྩོལ་བས་བྲི་བར་བྱ། །སྒྲུབ་པ་པོ་ཡི་རྒྱུད ་ལ་ཞུགས། །གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་བལྟ་ཞིང་ཞུགས་པ་ཡིས། །དི་རིང་ཁྱོད་ཀྱི་སྡིག་པ་རྣམས། །མ་ལུས་གྲོལ་ནས་ཡང་དག་གནས། །གཞན་ཡང་ཁྱོད་ལ་འཕོ་བ་མེད། །བདེ་ཆེན་ཐེག་པ་འདི ་ཉིད་ཀྱིས། །འཁོར་བ་ཤིན་ཏུ་དག་བྱས་ནས། །འཁོར་བའི་སྡུག་བསྔལ་རྣམས་ལས་ལོག་།ཚེ་ལྡན་དི་རིང་དབང་ཉིད་ཀྱིས། །སངས་རྒྱས་ཀུན་དང་རྡོ་རྗེར་བཅས། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཀྱི། །རྗེ་བོར་ཁྱོད་ཉིད་ངེས་པའོ། ། ་འདོད་ཆགས་བྲལ་བའི་སྡིག་ལྟ་བུ། ཁམས་གསུམ་ན་ནི་ཡོད་པ་མིན། །དེ་ཕྱིར་འདོད་ཆགས་དང་བྲལ་བ། །ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །ཆགས་པ་ཀུན་ལ་ཉེ་བར་སྤྱོད། །བདེ་བ་ནམ་ཡང་འཇིག་མ་བྱེད། །ཤ ་ལྔ་བདུད་རྩི་དང་བཅས་སྤྱོད། །དམ་ཚིག་ནམ་ཡང་དེ་བཞིན་བསྲུང། །སྲོག་གཅོད་པ་ནི་ནམ་ཡང་མིན། །དཔལ་གྱི་རིན་ཆེན་སྤྱད་མི་བྱ། །སྡོམ་པར་སྤང་བར་མི་བྱ་ཞིང། །ཁྱོད་ཀྱི་སློབ་དཔོན་མི་སྤང་ངོ། །དེ་བཞིན་གཤེགས་པས་གསུངས ་པ་ལྟར། མི་བྱ་བ་ནི་ཅི་ཡང་མེད། །ཤེས་རབ་ཐབས་ཀྱི་སེམས་ལྡན་པས། །ཁྱེད་ལ་སྡིག་མེད་འཇིགས་མི་དགོས། །ཞེས་པའི་ཆོས་ཉིད་འདིས་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་ནས། བུ་གཅིག་པ་ལ་བརྩེ་བ་ལྟར་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་བརྩེ་བའི་སེམས་ཀྱིས་དགེ་བར་དགོངས་པ་འདི་ནི་དབུགས་དབྱུང་བའི་ཆོ་གའི་རིམ་པའོ། །དེ་ལྟར་སློབ་མ་དབང་ཐོབ་ཅིང་དབུགས་ཕྱུང་བས་འདི་ལྟར་བྱ་སྟེ། དེ་རིང་བདག་སྐྱེས་འབྲས་བུར་བཅས། །བདག་ནི་འབྲས་བུ ་དང་བཅས་སྲོག་།དི་རིང་སངས་རྒྱས་རིགས་སུ་སྐྱེས། །དི་རིང་སངས་རྒྱས་སྲས་སུ་གྱུར། །ཅེས་བརྗོད་དོ། །དེ་ནས་དབུལ་བ་ནི། གླང་པོ་དང་རྟ་དང་རིན་པོ་ཆེ་དང་གསེར་དང་གོས་དང་རྒྱན་དང་བ་ལང་དང། མ་ཧེ་དང། བྲན་ཕོ་དང་བྲན ་མོ་དང་ཡིད་དུ་འོང་བའི་ཆུང་མ་དང་བུ་དང་བུ་མོ་ལ་སོགས་པ་ཇི་ལྟར་འབྱོར་པ་བླ་མ་ལ་གུས་པས་དབུལ་བར་བྱའོ། །དེ་ནས་ཉིན་མོའི་དུས་སུ་གཞོན་ནུ་དང་གཞོན་ནུ་མ་བཅུ་ལ་འོ་མ་ལ་སོགས་པ་མངར་པའི་སྟོན་མོ་བྱའོ། །ཆུ་ཚོད་བདུན་སོང་བ་དང། ་དགེ་སློང་དང་དགེ་སློང་མའི་དགེ་འདུན་ལ་ཉ་ཤ་ལ་སོགས་མ་སྤངས་པའི་མངར་བས་མཉེས་པར་བྱས་ཏེ་ཡོན་ཕུལ་ལ་ལྷ་ཁང་དུ་གཤེགས་སུ་གསོལ་ལོ། །བུག་པ་མེད་པ་བར་དུ་གཅོད་པ་མེད་པ་འདུ་འཇི་མེད་པའི་གནས་སུ ་མཚན་མོ་ཉི་མ་རྒས་པའི་དུས་སུ་རིགས་སུམ་ཅུ་སོ་དྲུག་གི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་གཞན་གྱིས་མཆོད་པར་ཞུགས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པས་གནས་པ་ནི། དབུས་སུ་བ་ལང་སྟག་གི་པགས་པའི་གདན་ལ་ཤེས་པ་དང ་བཅས་པའི་གཙོ་བོ་སྟེ། སློབ་དཔོན་བསྡད་ཅིང་མིའི་པགས་པའི་སྣོད། །དེའི་གཡས་ཕྱོགས་སུ་མིའི་པགས་པའི་སྟེང་དུ་གཡུང་མོའོ། ཕྱོགས་རྣམས་ལ་ཁྱི་དང་རྟ་དང་བ་ལང་དང་གླང་པོ་ཆེའི་པགས་པའི་སྟན་རྣམས་ལ་དམངས་རིགས་མ་དང། རྒྱལ་རིགས་མོ་དང་བྲམ་ཟེ་མོ་དང་རྗེ་རིགས་མ་རྣམས་སོ། ་མཚམས་རྣམས་ཀྱི་བྱང་ཤར་ནས་དྲི་ཆུ་དང་དྲི་ཆན་དང། བྲག་དང་རྐང་རྣམས་ཀྱི་སྣོད་རྣམས་སོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་བསྐོར་བའི་ཕྱོགས་རྣམས་སུ་ལུག་དང་ནགས་ཀྱི་ཁྱི་དང་རྔ་མོ་དང་འདམ་སེང་གེའི་པགས་པ་རྣམས་ལ ་ཁར་མགར་མ་དང། ཨུམ་པའི་སྟེང་དུ་གར་བྱེད་མ་དང་ནོར་བུ་བྱེད་མ་དང་ཁྲོན་པ་བྱེད་མ་རྣམས་སོ། །མཚམས་རྣམས་ལ་ར་དང་རི་དགས་དང་བོང་བུ་དང་ཕག་པའི་པགས་པའི་སྟན་རྣམས་ལ་ཐ་ག་མ་དང། ཆང་འཚོང་མ་དང ་གསེར་མགར་མ་དང་ཕྲེང་བ་མ་རྣམས་སོ། །དེ་ནས་གསུམ་པ་གསུང་གི་འཁོར་ལོའི་གནས་ལ་ཕྱོགས་དང་མཚམས་རྣམས་ལ་ཆུ་སྲིན་ཀུམ་བྷཱི་ར་དང། འགྲོན་བུའི་ཕུང་པོ་དང། ཀ་ཀ་རིའི་ཕུང་པོ་དང། ཉ་སྐམ་དང། ཆུ་སྲིན་དང། སྦལ་པ ་དང་རུས་སྦལ་ཁག་པ་དང། དུང་གི་གདན་རྣམས་ལར་བཤན་པ་མ་དང་བུམ་པ་བྱེད་མ་དང། ཁུར་པ་བྱེད་མ་དང། སྨད་འཚོངས་དང། འཕྱོགས་མཁན་མ་དང། ཉ་བ་མ་དང། གར་མ་དང། ཁྲུས་མཁན་མ་རྣམས་སོ། །དེ་ནས ་བཞི་པའི་ཡོངས་སུ་བསྐོར་བའི་ཕྱོགས་སུ་བསེ་དང། སྟག་དང། དྲེད་དང་དོམ་རྣམས་ཀྱི་པགས་པ་ལ་ལྕགས་མགར་མ་དང། རྒྱ་སྐྱེགས་མཁན་མ་དང། སྲིན་བལ་མཁན་མ་དང། མར་ཁུ་མཁན་མ་རྣམས་སོ། །མཚམས་རྣམས་སུ་མེའི ་མཚམས་ནས་འབྲི་དང། ཅེ་སྤྱང་མ་དང་སྲམ་དང་བྱི་ལའི་པགས་པ་རྣམས། སྙུག་མཁན་མ་དང་ཤིང་མཁན་མ་དང། ཀོ་ལྤགས་མཁན་མ་དང། འདྲེག་མཁན་མ་རྣམས་སོ། །ཡོངས་སུ་བསྐོར་བ་ལྔ་པོ་ལ་གོ ་དྷཱ་བ་དང་བྱི་བ་དང། སཱ་ལི་ཛཱ་ཏ་ཀ་དང་སྤྲེའུ་རྣམས་ལ་།ཀླ་ཀློ་མ་དང་མི་གཙང་འཕྱག་མ་དང་དུར་ཁྲོད་གནས་མ་དང། ཚོན་རྩི་མ་རྣམས་སོ། །མཚམས་ཀྱི་མེ་མཚམས་ནས་རི་བོང་དང། གཟུངས་སོ་དང། ཨི་ཤུ་ཀ་པ་ཤུ་དང། སྦལ ་བ་རྣམས་ལ་ཀོ་སྐྱ་མ་དང། མཐུ་མ་དང། མི་རྒོད་མ་དང། རི་ཁྲོད་མ་རྣམས་སོ། །པགས་པ་འདི་རྣམས་མེད་ན་ཤར་དང་མེར་ཁྱིའི་པགས་པའོ། །ལྷོ་དང་བདེན་བྲལ་དུ་རྟའི་པགས་པའོ། །ནུབ་དང་རླུང་དུ་གླང་པོ་ཆེའི་པགས་པའོ། །བྱང ་དང་དབང་ལྡན་དུ་བ་ལང་གི་པགས་པའོ། །དབུས་སུ་མིའི་པགས་པའོ། །རྣལ་འབྱོར་མ་འདི་རྣམས་མ་ལུས་པ་གོས་དང་བྲལ་བ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ལྡན་པ་དེ་རྣམས་ཀྱི་གཡས་རྣམས་སུ་དཔའ་བོ་ཡང་དེ་རྣམས་དང་མཉམ ་པ། ཕྱག་རྒྱ་ལྔ་དང་ལྡན་པ་དེ་རྣམས་ལ་པགས་པའི་གདན་སྦྱིན་པར་བྱའོ། །དེ་རྣམས་བཏུང་བའི་སྣོད་ནི་ཤར་དང་མེར་ཉ་ཕྱིས་སོ། །ལྷོ་དང་ལྷོ་ནུབ་ཏུ་ན་རི་ཀེ་ལའི་སྣོད་དོ། །ནུབ་དང་རླུང་དུ་ཁམ་ཕོར་རོ། །བྱང་དང་དབང་ལྡན་དུ་མིའི་ཐོད ་པའོ། །དབུས་སུ་ཤིང་གི་ཕོར་པ་རྣམས་སོ། །དེ་ནས་དམ་ཚིག་གི་རྫས་རྣམས་ལྷ་མོ་རྣམས་ཀྱི་རང་བཞིན་ཏེ། གདན་གྱི་སྲོག་ཆགས་སུམ་ཅུ་སོ་དྲུག་གི་སྟོབས་རྣམས་དང་ཆུ་ལ་སྤྱོད་པའི་དམ་ཚིག་གོ་།ཡང་ཙཱ་ཏ་ཀ་དང། ་ནེ་ཙོ་དང་ཁུ་བྱུག་དང། སའི་ཀ་དང། བྱ་ཝར་དང། ཕུ་རོན་དང། སོ་བྱ་དང། མཆིལ་པ་དང་དུར་པ་དང། ངང་པ་དང་བྱ་ལོང་དང། ཁུ་བྱུག་མིག་དང་ཛ་ག་དང། བྷ་ག་ཝ་ཏི་དང་པོ་ཏ་ཀི་དང། སྲེག་པ་དང་བཞད་དང། ཆུ་སྐྱར་དང ་ཆུ་བྱ་དང་ཁྭ་ཏ་དང་བྱ་རྒོད་དང་འུག་པ་དང། །ཧོར་པ་དང། རྨ་བྱ་དང་ཁྱིམ་བྱ་དང་ཁྭ་དང་འོལ་པ་དང་བྱན་ལག་དང་ཤིང་གི་དགྲ་དང་མིག་སྔོན་དང་ཙ་ཀོ་ར་དང། གོ་བོ་དང་པགས་པའི་བྱ་ཆེན་པོ་དང། བྷཱ་ཧཱུ་ཧ་དང་པ་ཧོར་ཏ་སྭ་ཡི་དང། ཉ་ཟ ་དང་ཁྲུང་ཁྲུང་དང་ཨམ་པ་རི་ཀ་རྣམས་ཀྱིས་སྟོབས་ཏེ། འདི་རྣམས་ནི་མཁའ་ལ་སྤྱོད་པའི་དམ་ཚིག་གི་རྫས་སུམ་ཅུ་སོ་དྲུག་གོ་།དེ་ནས་ཡང་སོ་དང་སྐྲ་དང་པགས་པ་དང་ཤ་དང་ཆུ་བ་དང་རུས་པ་དང་གྲོད་པ་དང། བྷ་ག་དང་ཤིག་དང ་བ་སྤུ་དང། སྲིན་བུ་དང། གློ་བ་དང། རྒྱུ་མ་དང་མཚན་མ་དང་བད་ཀན་དང་མཁྲིས་པ་དང་ཆུ་སེར་དང་ཁྲག་དང་རྡུལ་དང་ཚིལ་བུ་དང་མཆི་མ་དང། མཆིལ་མ་དང་སྣ་བས་དང་དྲི་ཆུ་དང་ཞག་དང། རྣག་རྣམས་ཁ་དོག་སྣ་ཚོགས་དང་དྲི་སྣ་ཚོགས ་དང། ཕྱིས་ས་དང་ལྕེ་དང་མིག་དང་རྣ་བ་དང་སྣ་དང། ཁུ་བ་དང་རྡུལ་རྣམས་ཏེ་འདི་རྣམས་ནི་སེམས་ཅན་རྣམས་ཀྱིས་ལུས་ཀྱི་དམ་ཚིག་གོ་།ཁུ་བ་དང། དྲི་ཆུ་དང་བཤང་བ་དང་རྐང་མར་དང། ཤ་དང་མཆེར་བ་དང་མཁྲིས་པ་དང་ཁྲག ་དང་ཆུ་པ་དང་པགས་པ་རྣམས་དང། ཆུ་དང་ཡོན་ཆབ་དང་བདུག་སྤོས་དང། མར་མེ་དང་མེ་ཏོག་དང་འབྲས་བུ་མ་ཉམས་པ་དང་ལྷ་བཤོས་རྣམས་སྣོད་དུ་བཞག་སྟེ། ཕྱོགས་མཚམས་བརྒྱད་དུ་བཞག་གོ་།དེ་ནས་སློབ་དཔོན་གྱིས་བསྲུང་བའི ་འཁོར་ལོ་བསྒོམ་པ་སྔོན་དུ་སོང་བས་སྟོང་པ་ཉིད་ཀྱི་རྗེས་ལ་བདག་ཉིད་ཀྱི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ་ཡོན་ཆབ་སྔོན་དུ་སོང་བས། ཐུགས་ལ་སོགས་པའི་དཀྱིལ་འཁོར་ལ་གཞུག་པར་བྱའོ། །དེ་རྣམས་ཀྱང་ལྷའི ་གཟུགས་སུ་བསྒོམས་ལ་དེ་ནས་སློབ་དཔོན་གྱིས་སྔོན་དུ་སོང་བའི་དམ་ཚིག་གི་རྫས་དང་སྟོབས་དང་མྱོས་བྱེད་དང་ཟན་ལ་སོགས་པ་སྔོན་དུ་བཞག་ལ་གཏོར་མ་སྦྱང་ངོ། །ཡང་ན་སྦྱང་ལུགས་གཞན་ནི་ཨོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱཱ་ནི་བི་ཤྭ་དྷ་ཡ་ཧཱུཾ་ ་ཕཊ་ཞེས་པས་བདུད་རྩི་ལྔ་མྱོས་བྱེད་ཀྱི་བཞུ་བར་བྱ་སྟེ་བསང་གཏོར་བྱའོ། །དེ་ནས་སྲིན་ལག་གིས་བླངས་ནས་གྲུ་གསུམ་བྱས་པའི་དབུས་སུ་མཎྜལ་ཟླུམ་པོ་བྱས་ལ་དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ངོ། །དེ་ནས ་སྲིན་ལག་གིས་བླངས་ལ་སྔོན་དུ་སོང་བའི་སྔགས་ཀྱིས་ཡང་དག་པར་མཉེས་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་བྱ་སྟེ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱས་ནས་གཤེགས་སུ་གསོལ་བ་བྱའོ། དེ་ནས་ཞིང་སྐྱོང་རྣམས་ལ་སྔོན ་དུ་སོང་བའི་སྔགས་ཀྱིས་གཏོར་མ་བྱིན་ལ་དེ་ནས་ཨོཾ་ཧཱ་རི་ཏི་པིཎྜི་ཀཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་དྲཱུ་ཏེ་ཀ་ཡ་གྲ་གྲཱ་ས་མ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་འཕྲོག་མ་དང་ཕོ་ཉ་དག་ལ་ཆང་ཟན་དང་ཕུང་ཡི་གེ་གསུམ་མངོན་པར་སྔགས་ཏེ་ས་ལ ་བཞག་ལ་ཟས་མ་ཟོས་པ་དང་སྦྱིན་ནོ། །དེ་ནས་ཡོན་བདག་གིས་མཎྜལ་བྱས་ལ་ཅི་བདེ་བར་གསོལ་བར་ཞུ་ཞེས་པའོ། །དེ་ནས་ལས་ཀྱི་རྡོ་རྗེས་བླ་མ་ལ་གུས་པར་བག་ཡོད་པས་དམ་ཚིག་གི་རྫས་དེ་དང་དེ་རྣམས་གུས་པ་དང་བཅས ་པས་དབུལ་བར་བྱའོ། །མྱོས་བྱེད་ཀྱི་སྣོད་པདྨའི་ཕྱག་གིས་དྲང་བར་བྱ་ཞིང་ལེན་པས་ཀྱང་པདྨའི་ལག་བསྐོར་གྱིས་སོ། །སློབ་དཔོན་ལ་ཐམས་ཅད་ཉིས་འགྱུར་དུ་དྲང་བར་བྱའོ། །དེ་རྣམས་ཀྱིས་མྱོས་བྱེད་ཕུང་དང་པོ་སློབ་དཔོན་ལ ་ཕུལ་ཏེ་ཕྱག་བྱས་ལ་བཏུང་བར་བྱའོ། །གནང་བ་མ་བྱིན་གྱི་བར་དུ་མྱོས་བྱེད་ས་ལ་བཞག་ན་གཅིག་ལ་ཅིག་པདྨའི་ཕྱག་གིས་དྲང་ཞིང་བླང་བར་བྱའོ། །དེ་ལྟར་སྟོབས་དང་མྱོས་བྱེད་ལ་སོགས་པ་ལྡག་པ་དང་གཏུང་བ་དང་བཟའ་ ་བ་དང་བཅའ་བ་རྣམས་འདྲེན་པའི་དུས་སུ་དེ་དག་གིས་བརྗོད་པ། ཆོས་རྣམས་རང་བཞིན་རྣམ་པར་དག་།འདི་ལ་ཐེ་ཚོམ་མ་བྱེད་པར། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་ཟ་བར་གྱིས། །བདེ་གཤེགས ་ཆོས་རྣམས་ཟག་པ་མེད། །ནམ་མཁའ་དང་མཚུངས་དྲི་མ་མེད། །གཟུང་དང་འཛིན་པ་རྣམས་དང་བྲལ། །འདི་ལ་འཁྲུལ་པ་མེད་པར་སྐྱབས། །གཞན་ཡང་འཁོར་ལོ་གཙོ་བོས་མ་གནང་བས། །ཚོགས་ཀྱི་འཁོར་ལོ་བྱ་བ་མིན། །ལྷ་ཡི་རྣལ་འབྱོར ་བྱ་བ་ཡིས། །བྱ་བ་ཐམས་ཅད་དལ་གྱིས་བྱ། །གཞན་དུ་རྣམ་པར་གཡེང་བར་འགྱུར་རོ། །འགྲོ་བར་འདོད་ན་འཁོར་ལོའི་གཙོ་བོ་ལ་སོགས་ལ་ཕྱག་བྱས་ཏེ། གནང་བ་ཞུས་ལའོ། །འཇུག་པའི་དུས་སུ་ཕྱག་བྱས་ལའོ། །དེ་ལྟར་མཉམ་པར ་བཞག་པས་ལོངས་སྤྱོད་དོ། །སྟོབས་དང་མྱོས་བྱེད་ལ་སོགས་པས་ཤེས་པས་བཏེག་ན་བླ་མ་ལས་རྗེས་གནང་ཐོབ་བ་དང་ཡིད་དུ་འོང་བའི་རྡོ་རྗེའི་གླུ་ཅུང་ཟད་སྨད་ལ་བླང་བ་ནི་ལྷ་དེ་དང་དེའི་ཕྱག་རྒྱ་དང་གར་དང་བཅས་སོ། །དེ་ནས་སྟོབས ་དང་མྱོས་བྱེད་ལ་སོགས་པ་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་པ་དང་སོ་སོའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམས་དང། ཟུར་གྱིས་མིག་གིས་སྡུག་པའི་ལྟ་བས་བལྟ་བར་བྱ་ཞིང་མཐོ་ལ་མཁྲེགས་པའི་ནུ་མ་དང ་པདྨས་རེག་ཅིང་མཆུ་གཞི་བཅིང་འཁྱུད་པ་ལ་སོགས་པའི་ཀ་ར་ནའི་བྱེ་བྲག་བྱའོ། །འདིར་རྣལ་འབྱོར་མ་རྣམས་ཀྱིས་ཐ་དད་ཀྱི་ངོ་ཚ་དང། རིགས་དང། རིགས་མིན་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་ཏེ། སོ་སོའི་གནས་ན ་གནས་པའི་སྲིང་མོ་ལ་སོགས་པ་སྣ་དང། རྣ་བ་དང་མཆུ་ལ་སོགས་པ་ཆད་པ་དང། གཟུགས་ངན་པ་ལ་སོགས་པ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་པར་མི་བྱའོ། །རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ངོ། །དེ་ཡང་ལང་ཚོ ་མ་གང་ཞིག་ཨུཏཔ་ལའི་སྤྱན་དང་ལྡན་པས་སློབ་དཔོན་དང་དཔའ་བོ་རྣམས་དང་བཅས་པའི་རྡོ་རྗེ་ལ་མཆོད་པར་བྱེད་ན། དེའི་བསོད་ནམས་ནི་ས་གཞི་དང་གླང་པོ་ཆེ་དང། རྟ་དང། བུ་མོ་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་བ་བས ་ཀྱང་བསོད་ནམས་ཆེའོ། །འདིར་རྣལ་འབྱོར་མ་རྣམས་ཀྱི་ཕྱག་དང་མཚན་མ་དང། རིགས་ཀྱི་དབྱེ་བ་ལ་སོགས་པ་གཞུང་ཆེས་ཀྱི་དོགས་པས་མ་བྲིས་སོ། །དེ་ནས་སྟོབས་དང་མྱོས་བྱེད་ལ་སོགས་པ་ལ་ལོངས་སྤྱད ་ལ་དེ་ལྟར་ཐམས་ཅད་བྱ་སྟེ་རྫོགས་པ་དང། ཟློས་པ་དང་འཐུངས་པའི་ལྷག་མ་སློབ་དཔོན་གྱིས་སྡུད་དུ་བཅུག་ལ། མདུན་དུ་བཞག་པ་ལ་སླར་ཡང་མྱོས་བྱེད་ལ་སོགས་པ་བླུགས་ཏེ། སྔགས་གསུམ་གྱིས་མངོན་པར་བྱིན་གྱིས་བརླབས ་པའི་ཆང་གི་ཁ་ཕྲུ་བཏབ་ལ། ཨོཾ་ཁ་ཁ་ཁཱ་ཧཾ་ཁཱ་ཧཡུ་ཙྪ་ཥྚ་བྷ་ལཱི་མུཙྪ་ཥྚ་བྷཀྵ་ཀ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ལྷག་མའི་གཏོར་མ་ལ་སྟེ། མར་མེ་དང་བཅས་པ་ཕྱི་ལོགས་སུ་གཏོང་དུ་གཞུག་གོ་།དེ་ནས་གོས་ཟུང་དང་ལག་གདུབ ་དང། །རྣ་རྒྱན་ལ་སོགས་པ་དྲི་ཞིམ་པོ་དང་བཅས་པའི་སོ་རྩི་ལ་སོགས་པ་གཙོ་བོ་དང་དཔའ་བོ་དང། དཔའ་མོ་ལ་སོགས་པ་རྣམས་ལ་འབུལ་ལོ། །དེ་ནས་མཎྜལ་བྱས་ཏེ་བརྗོད་པ། བསོད་ནམས་འདི་ཡིས་སེམས་ཅན་གྲངས་མེད ་ཁམས་གསུམ་ལ་གནས་རྣམས་ཀྱིས་བླ་ན་མེད་པ་ཐོབ་པར་ཤོག་ཅེས་པས་ཡོན་གྱི་བདག་པོས་སྨོན་ལམ་གདབ་པར་བྱའོ། །དེ་ནས་ལྷག་མ་ལུས་པ་དོང་དུ་སྤ་བར་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ས་བདག་རྒྱལ་པོ་འམ་གཞན ་གྱིས་བྱ་བའོ། །དེ་ལས་གཞན་པ་ནི་ཆོག་པའི་བྱེ་བྲག་ཇི་ལྟར་སྙེད་པའི་ཐ་མལ་པའི་བུད་མེད་ངམ་སྐྱེས་པ་རྣམས་ལས་ལྔ་འམ་བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་གམ། རྩ་དགུ་འམ། ཡོངས་སུ་རྫོགས་པ་ལ་སྙན་གསན ་ཕབ་སྟེ། ཇི་ལྟར་སྙེད་པའི་གདན་ལ་སོགས་པ་ལ་དེ་ལྟར་ཐམས་ཅད་བྱའོ། །དེ་ནས་དཔའ་བོའི་སྟོན་མོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན་དབུས་སུ་བ་ལང་གི་ལྕི་བས་གྲུ་བཞི་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་པ་ལ ་སོགས་པ། སློབ་དཔོན་གྱིས་སྔ་མ་ལྟར་བྱས་ལ་དེ་ཡང་ཚོགས་ཀྱི་གཙོ་བོ་ཁ་ཤར་དུ་ཕྱོགས་པའོ། །དེའི་གཡོན་དུ་ཕྱག་རྒྱ་གཅིག་ཡོན་བདག་གིས་དབུལ་བར་བྱའོ། །གཞན་དུ་ན་ཕྱག་རྒྱ་དང་བྲལ་བའི་ཆག་གི་བཏུད་པ་བཀག་པའི་ ་ཕྱིར་རོ། །དེའི་གཡས་ཕྱོགས་སུ་སློབ་དཔོན་དགེ་སློང་རྣམས་ནི་གྲལ་ཤར་དུ་ཕྱོགས་པས་སོ། །བདེན་བྲལ་ནས་སློབ་དཔོན་དགེ་ཚུལ་རྣམས་བྱང་དུ་ཁ་ཕྱོགས་པས་སོ། །དབང་ལྡན་ནས་སློབ་དཔོན་ཁྱིམ་པ་རྣམས་ཁ་ལྷོ་དུ་ཕྱོགས་པས་སོ།། ་དེ་ལྟར་དགེ་སློང་མ་དང་དགེ་ཚུལ་མ་དང། དགེ་བསྙེན་མ་རྣམས་ཀྱང་ངོ། །ཚོགས་ཀྱི་གཙོ་མོའི་གཡོན་དུ་ཐབས་ཅིག་ཡོན་བདག་གི་དབུལ་བར་བྱའོ། །གཞན་དུ་ན་ཐབས་དང་བྲལ་བའི་སྟོབས་ཀྱི་བཟའ་བ་བཀག་པའི་ཕྱིར་རོ། །ལྷག་མ་སྔ ་མ་དང་མཚུངས་སོ། །འདི་ནི་དཔའ་པོའི་སྟོན་མོ་དང་བཅས་པའི་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པའོ། །དེ་ནས་གསུང་པའི་དཀྱིལ་འཁོར་རམ་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པ་སྔོན་དུ་སོང་བས་ལུགས ་མ་ལ་སོགས་པ་རབ་ཏུ་གནས་པ་བྱ་བ་ནི། སྟོང་པའི་ངང་ལས་ས་བོན་ལ་སོགས་པ་ལས་ཡོངས་སུ་རྫོགས་པ་འམ། སྐད་ཅིག་གི་དམ་ཚིག་སེམས་དཔའ་ཨི་གཟུགས་ཐུགས་ཀར་ས་བོན་དང་བཅས་པ་བསམས་ལ། ན་བཟའ་གསར་པ ་དམར་པོ་ལ་སོགས་པ་དཀོན་པ་དང། དེ་ནས་ཡོན་བདག་མེ་ཏོག་དང་བཅས་པ་དེ་ཉིད་གཟུགས་བརྙན་མེ་ཏོག་དང་བཅས་པར་དམིགས་ཏེ། ཡོན་བདག་ལུགས་མ་ལ་སོགས་པ་དང་བཅས་པས་སློབ་མ་ཇི་ལྟ་བ་བཞིན་དུ་རྡུལ ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་སྟེ། སློབ་དཔོན་གྱིས་ཀྱང་ལུགས་མ་ལ་སོགས་པའི་ལྷག་པའི་ལྷའི་མཚན་མ་འམ་དེའི་རིགས་ཀྱི་མཚན་མ་ལ་དེའི་མེ་ཏོག་གི་ཕྲེང་བ་འབུལ་དུ་གཞུག་གོ་།ཡང་ན་མེ་ཏོག་ངོར་བ་སྤངས་ཏེ། ལུགས་མ་ལ ་སོགས་པ་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འཇུག་པར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཤར་གྱི་ཕྱོགས་སམ་བྱང་ཤར་མཚམས་སུ་ཁྲུས་ཀྱི་གདན་གྱིས་སྣམ་བུ་མཆུ་དང་ཞེང་དུ་ཇི་ལྟར་མཚམས ་པར་བྱ་བ་འམ། ཇི་ལྟ་བ་བཞིན་དུ་ས་གཞི་ལ་བྱུག་པ་ལ་སོགས་པ་བྱས་པ་ལ་བདུད་རྩི་ལྔ་དང་བཅས་པའི་རྣམ་ལྔས་བྱུགས་ཏེ། ཕྱོགས་མཚམས་ལ་བུམ་པ་བརྒྱད་བཀོད་པ་དང། མེ་ཏོག་ལ་སོགས་པ་དང། གདུགས་དང། རྒྱལ་མཚན ་དང། བ་དན་དང། དྲིལ་བུ་དང། གར་དང། གླུ་དང། དགྲ་ལ་སོགས་པ་ཇི་ལྟར་ནུས་པ་ཡིད་དུ་འོང་བར་བྱས་ལ། དགེ་བའི་ཚེས་ལ་སོགས་པ་ལ་སློབ་དཔོན་རྒྱན་ཐམས་ཅད་བཏབ་སྟེ། རྡོ་རྗེ་སེམས་དཔའ་རིག་མ་དང་བཅས་པའི་ང་རྒྱལ་གྱིས། ་སྟེགས་བུའི་དབུས་སུ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་ཀྱི་གྲུ་བཞི་པ། རྟ་བབས་དང་བྲལ་བའི་ནུབ་ཀྱི་སྒོ་དང་ལྡན་པ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཕྱོགས་དང་མཚམས་རྣམས་ལ་དོན་ཡོད་གྲུབ་པ་ལ་སོགས་པའི་མཚན་མ་རྣམས་རྡུལ་ཚོན ་གྱི་བྱའོ། །དེའི་སྟེང་དུ་སྣམ་བུ་ལ་པདྨ་འདབ་མ་བརྒྱད་པ་བྲིས་ལ་ལུགས་མ་ལ་སོགས་པ་བསྐྱོད་པར་ནུས་པ་རྣམས་ཤར་དུ་ཕྱོགས་པས་བཞུགས་སུ་གསོལ་ལོ། །ལྷ་ཁང་དང་མཆོད་རྟེན་དུ་དྲི་གཙང་ཁང་དང། ལུགས་མ་ཆེན་པོ་རྣམས་སྔ ་མ་ལྟར་དམ་ཚིག་པ་བསྐྱེད་ལ་དཀྱིལ་འཁོར་དུ་བཞུག་པར་བསམ་པ་སྟེ། དེ་རྣམས་ལ་ཁྲུས་ཀྱི་སྣམ་བུ་དགོས་པ་མེད་པས་ན་དེ་ལྟར་བྱེ་བྲག་གཉིས་སོ། །དེ་ཡང་ནུབ་མོའི་དུས་སུ་ལུགས་མ་ལ་སོགས་པ་སྔོན་དུ་བཞུགས་པ་དང། དེ་ལ་བདག ་ཉིད་མངོན་པར་ཕྱོགས་ཏེ་ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས་ནིར་མན་ཚན་བྱ་བ་ནི། ཨོཾ་ཨཱ:ཧཱུཾ་ཧོ་ཏཾ་ཀྵ(རྒྱུད་འགྲེལ་ཞིང། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཏ་སྭཱཧཱ། ཞེས་པ་བཟླས་ཏེ་ཡུངས་ཀར་མེ་ལ་གདེག་པར་བྱའོ། །དེ་ལྟར་གཡས་སུ་སྐོར་བས་ཀྱང་ངོ། །དེ་ལྟར་ཆུས་གང་བའི་ཁམ་ཕོར་དང། དུར་བ་དང་བཅས་པའི་བ་ལང་གི་ལྕི་བས་ཆད ་བར་བཅངས་ལ་ཆང་ཟན་དང། བསིལ་ཡབ་རས་རྣམས་ཏེ། འོན་ཀྱང་ཁ་ཕོར་ལ་སོགས་བ་མེ་རུ་སྐྱུར་བར་མི་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་ལ་ལག་པ་རེག་ལ། གཙོ་བོའི་སྔགས་དང་བཅས་པས་ལུགས་མ་ལ་སོགས་པ་ལ་ཇི་ལྟར ་རིགས་པ་ལྟར་དངོས་སུ་འམ་མེ་ལོང་གི་གཟུགས་བརྙན་ལ་དྲི་ནི་ཐུགས་ཀར་བྱུག་གོ་།མེ་ཏོག་ནི་དབུ་ལའོ། །ཡོན་ཆབ་མདུན་དུའོ། །མར་མེ་བསྐོར་བཞིན་པས་སོ། །མར་དང་སཕོས་དཀར་ཡི་གེ་དྲུག་པ་ལན་བདུན་བཟླས་ཏེ་བདུག་པར་བྱའོ།། ་འདི་ནི་མར་ལན་ཚ་ནའི་ཆོ་གའི་རིམ་པའོ། །དེ་ནས་ཡི་གེ་དྲུག་པ་བཟླས་ཤིང་དུར་པའི་པིར་གྱིས་ཟངས་ཀྱི་སྣོད་ན་གནས་པའི་ཞོ་དང། འོ་མ་དང། མར་དང། སྦྲང་རྩི་དང། ཀ་ར་རྣམས་ཏེ་བདུད་རྩི་ལྔའི་བདག་ཉིད་དང། གཞན་ཡང ་ཞོ་དང། འོ་མ་དང། མར་དང། བ་ལང་གི་ལྕི་བ་དང། ཆུ་རྣམས་ཀྱིས་ལུགས་མ་ལ་སོགས་པ་སྐུ་ཁྲུས་གསོལ་དུ་བཏུང་པ་རྣམས་ལ། ཨོཾ་ཧཱུཾ་ཏྭཱཾ་ཧྲཱི་ཨ་ཞེས་པའི་སྔགས་ཀྱིས་བྱུག་པར་བྱའོ། །བྲིས་སྐུ་དང་པོ་ཏི་ལ་སོགས་པ་རྣམས ་མེ་ལོང་གི་གཟུགས་བརྙན་ལའོ། །དེ་ནས་ཡི་གེ་དྲུག་པ་བཟླ་ཞིང་ཆུ་གཙང་མ་དང་དྲི་ཞིམ་པོས་ཁྲུས་བྱའོ། །དེ་ནས་ཁར་བའི་སྣོད་དུ་འདག་ཆལ་ལྔ་བླུགས་པས་དག་པར་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས ་པས་སོ། །མེ་དང་ཉི་མས་སྨིན་པའི་དྲིའི་མར་གྱིས་བྱུགས་ལ་ཡང་འདག་ཆལ་གྱིས་སོ། །སྐྱུར་པོས་བྱུགས་ལ་དེ་ལྟར་ཁྲུས་བྱས་ཏེ་ཁར་བའི་སྣོད་ཀྱི་ཡུང་བས་བྱུགས་ནས་ཡང་ཁྲུས་བྱའོ། །དེ་ནས་ཙན་དན་དང། གུར་གུམ་དང། ག་བུར ་དང། བླ་རྩེ་ལ་སོགས་པས་མཉམ་པར་བྱུགས་ཏེ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་བུམ་པས་ཁྲུས་བྱེད་པར་བསམ་ཞིང་བཀྲ་ཤིས་ཀྱི་གླུ་དང་བཅས་པས་བུམ་པ་རྣམས་ཀྱིས་ཆུ་ཡི་ཁྲུས ་བྱ་བ་ནི། སྔོན་དུ་བརྗོད་པའི་ཚིགས་སུ་བཅད་པ་དང་བཅས་པས་སོ། །དེ་ཉིད་ལ་ཆགས་པའི་ཆུ་རས་འཇམ་པས་དབྱིད་བར་བྱས་ལ་དེ་ལ་ཇི་ལྟར་ནུས་པའི་ན་བཟའ་དབུལ་བར་བྱའོ། །དེ་ནས་ས་བོན་གྱི་ཡེ་ཤེས་སེམས་དཔའ་དང། ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། ལྷ་རྣམས་མདུན་དུ་སྤྱན་དྲངས་ལ་ཞབས་བསིལ་དང་ཞལ་བསིལ་དང་ཡོན་ཆབ་རྣམས་སྔོན་དུ་སོང་བས་པུས་མོ་གཡས་པས་ལ་གཙུགས་ཏེ། ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས ་པས་སྤོས་སྣོད་ཀྱི་བདུག་ཅིང་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྕེ་དང་ལྡན་པས། བཅོམ་ལྡན་འདུས་ཀྱི་འཁོར་ལོ་ཉིད་ཅེས་པ། བདག་ནི་རྡོ་རྗེ་ཆེ་གེ་ཉིད་ཅེས་པས་བསྒྱུར་བས་བསྟོད་དེ། ཕྱག་བྱས་ནས་ཨོཾ་བཛྲ་པུ་ན་ར་ག་མ་ན་ཡ ་མུ(རྒྱུད་འགྲེལ་དང་དེའི་སྔགས་བཟླས་ཏེ། དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ་ལོ་ཞེས་པས་སོ། །གང་ཞིག་སེམས་བརྟན་ན་ལྷག་པར་གནས་པར་བྱ་བ་ནི། གསུང་བར་འགྱུར་བའི་ཆོ་ག་རྣམས་ཉི་མ་གཅིག་ལ་བྱའོ། །ཡོན ་བདག་ལ་འབྱོར་པ་ཡོད་ན་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ལྷག་པར་གནས་པར་བྱའོ། །འདིར་ནི་ལྷ་ལྷག་པར་གནས་པའི་ཆོ་གའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱིས་བཞི་ལ་སྒོ་བཞི་པ་རེ་ཁཱ་ལྔ་དང ་བཅས་པ་བྱས་ལ། དབུས་སུ་པདྨ་འདབ་མ་བརྒྱད་པའོ། །ཕྱོགས་དང་མཚམས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་མཚན་མ་རྣམས་དགོད་དེ། །དེ་ནས་ལུགས་མ་ལ་སོགས་པ་དཀྱིལ་འཁོར་ལ་སྔོན་དུ་ཕྱོགས་པས་དེ ་རུ་བཞུགས་པ་དང། རྒྱུད་དང་སྒྲུབ་ཐབས་ལ་སོགས་པར་ལྷ་བསྐྱེད་པའི་བྱེ་བྲག་སློབ་དཔོན་གྱིས་གོ་པར་བྱ་སྟེ། །མཆོད་རྟེན་ལ་སོགས་པ་སྟོང་པའི་ངང་ལས་རིམ་པས་སམ། སྐད་ཅིག་གི་དམ་ཚིག་སེམས་པའི ་གཟུགས་སུ་བསྒོམ་མོ། །པོ་ཏི་རྣམས་ནི་སྟོང་པའི་ངང་ལས་ཨཱ(རྒྱུད་འགྲེལ་བདག་ཉིད་འོད་དཔག་མེད་ཀྱི་གཟུགས་ཀྱི་དམ་ཚིག་སེམས་དཔའ་རུ་བསྒོམ་མོ། །ལྷ་ཁང་དང། མཆོད་རྟེན་དང། དྲི་གཙང་ཁང་ལ་སོགས་པ་རྣམས་པདྨ་དང་ཟླ་བ་ལ་གནས་པ་ཨོཾ་ལས་བྱུང་བའི་རྣམ་པར་སྣང ་མཛད་སྤྱན་མ་ལ་འཁྱུད་པ་ཡོངས་སུ་གྱུར་པ་ལས་ལྷ་ཁང་ལ་སོགས་པའི་གཟུགས་བརྙན་གྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་དམ་ཚིག་སེམས་དཔའ་རུ་བསྒོམ་མོ། །གཞན་ཡང་སྟོང་པའི་རང་བཞིན་དུ་ནི་བྱས ་ནས་རྒྱལ་བ་མཆོག་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཤེས་པས་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་བདག་ཉིད་དུས་ཀྱི་འཁོར་ལོར་བསྒོམ་ཞིང། ལྷ་ལ་སོགས་པ་རྣམས་ཀྱང་སོ་སོའི་ས་བོན་ལས ་བྱུང་བའི་སོ་སོའི་གཟུགས་ཀྱི་རྣམ་པར་བསྒོམས་ལ། ཟླ་བ་དཀར་པོ་ལ་སོགས་པ་ནས་ནམ་མཁའ་ཨི་དཀྱིལ་འཁོར་ལྗང་གུའི་བར་དཔྲལ་བ་ལ་སོགས་པའི་འཁོར་ལོ་ནས་གསང་བའི་བར་དུ་བཀོད་ལ་ཨོཾ་ནས་ཀཱ:ཱི་བར་བསྒོམ ་པར་བྱའོ། །ལྷ་རྣམས་ཀྱང་འདི་ལྟ་སྟེ། རང་གི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །ཞབས་བསིལ་ལ་སོགས་པས་མཆོད་ལ། ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་སོགས་པས་ཁྲོ་བོ་བཞི་ཡིས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དཔང་དུ་བྱ་བ་རྣམས་རིམ་པ་བཞིན་དུ་བྱའོ། །དེ་ནས་ལུགས་མ་ལ་སོགས་པ་རྣམས་སྙིང་གའི་པདྨར་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་ནང་དུ་ས་བོན ་གྱི་ཡི་གེ་དགོད་པར་བྱའོ། །དེ་ནས་ཆུ་ལ་སོགས་པའི་དབང་རྣམས་སྔོན་དུ་གསུངས་པའི་སློབ་མ་ལ་དབང་བསྐུར་བ་ཇི་ལྟ་བ་བཞིན་ནོ། །ཡང་ན་བསྒོམས་པ་ཡིས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་དབང ་བསྐུར་བ་སྤངས་ལ་ཐུགས་ཀར་ས་བོན་བཀོད་པ་དང། ལྷའི་གཟུགས་བརྙན་གྱི་གཟུགས་སུ་ངེས་པར་བལྟས་ལ་རང་རང་གི་སྔགས་སམ་སྔགས་འདིས་མཆོད་པ་ནི། ཨོཾ་ཨཱ:བཛྲ་ཝ་སྟྲ་ཡེ་ཧཱུཾ་སྭཱཧཱ། ཞེས་པ་དང་དེ་ལྟར་ཨོཾ ་ཨཱ:བཛྲ་དང་པོར་བརྗོད་ཅིང་ཧཱུཾ་སྭཱཧཱ། མཛའ་མར་སྦྱར་བའི་སྔགས་རྣམས་ཀྱིས་མེ་ཏོག་དང། བདུག་སྤོས་དང། མར་མེ་དང། དྲི་དང་ལྷ་བཤོས་དང། རྒྱན་ལ་སོགས་པ་དབུལ་ལོ། །ོཾ་ཨཱ:སརྦ་ཤོ་དྷ་ན་ཧཱུཾ་ཕཊ་ཞེས་པ ་ནི་འབྲས་བུ་ལ་སོགས་པ་དག་པར་བྱ་བའི་སྔགས། ཨོཾ་ཛྲཾ་སྭཱཧཱ། ཞེས་པ་ནི་འདྲེན་པའི་སྔགས་སོ། །དེ་ནས་དམ་ཚིག་གི་རྫས་བྱིན་ལ། ཨོཾ་བཛྲ་ཨཱ(རྒྱུད་འགྲེལ་བྱ་བ་ནི། ཡོན་བདག་གི་འབྱོར་པའི་བྱེ་བྲག་གི་ལུགས་མ་ལ་སོགས་པའི་གཟུགས་ཀྱི་བྱེ་བྲག་ལ་སྟེ། ཞི་བ་ལ་སོགས་པ་སངས་རྒྱས་ཀྱི་བར་འདོད་པའི་དོན་ནི་དགོས་པའོ། །གསེར་གྱིས་ཐུར་མས་དངུལ་ལ་སོགས་པའི་སྣོད་དུ་སྤྲད ་?་གཞག་པ་ལ་བླངས་ཏེ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བརྗོད་ཅིང་ལུགས་མའི་སྤྱན་ལ་བྱུག་ཅིང་དབྱེ་བར་བྱའོ། །པོ་ཏི་ལ་སོགས་པ་རྣམས་ལ་ནི་མེ་ལོང་གི་གཟུགས་བརྙན་ལ་དེ་ལྟར་བྱའོ། །དེ་ནས་ཐབ་ཁུང་གི་མེ་འམ། མེ་གཞན ་ལ་འོ་མ་དང། འབྲས་མ་ཉམས་པ་དང། མར་དང་སྦྲང་དང། ཀར་རྣམས་ཧོམ་གཟར་རམ། པི་པི་ལིང་གི་ལོ་མས་སྒྱེད་བུའི་སྟེང་གི་སྣོད་དུ་བླུག་གོ་།གཙོ་བོའི་སྔགས་བརྗོད་ཅིང་ཆོས་པར་བཙོ་བར་བྱའོ། །ཐུག་པ་ཉིད་ཨོཾ་དི་བྱཱནྣཾ་ས་མ་དྷི ་དྷཡན་པྲི་ཎཎ་སྭཱཧཱ། ཞེས་བརྗོད་ཅིང་ལུགས་མ་ལ་སོགས་པ་ལྷའི་གཟུགས་བརྙན་དུ་བསམས་ལ་དྲང་བར་བྱའོ། ཞལ་བསིལ་ལ་དྲི་ཞིམ་པོའི་སྦྲང་རྩི་དང་བཅས་པ་དབུལ་ལོ། །དེ་ནས་ཨོཾ་ཧཱུཾ་ཊརཱཾ་ཧྲཱི་ཨ་ཞེས་པའི་དམ་ཚིག་འདི་ཉན་དུ ་གཞུག་གོ་།པོ་ཏི་རྣམས་ལ་འོད་དཔག་མེད་ཤེས་རབ་དང་བཅས་པ་བསྟིམ་པས། བྱང་བུ་རྣམས་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ཅུའི་རང་བཞིན་དབྱངས་དང་གསལ་བྱེད་དུ་བསྒོམ་མོ། །ལྷ་ཁང་ལ་སོགས་པ་རྣམས་ལ་རྣམ ་པར་སྣང་མཛད་ཤེས་རབ་དང་བཅས་པ་ཐིམ་པས། རང་བཞིན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་དང། དེའི་ཆོས་དང། བྱང་ཆུབ་སེམས་དཔའ་དང། ཉན་ཐོས་ལ་སོགས་པའི་ཏིང་ངེ་འཛིན་སྣ་ཚོགས་ཀྱི་བྲང་ཁང་དུ་བསམ ་པར་བྱའོ། །མཆོད་རྟེན་ལ་དེ་ལྟར་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པས་ཐིམ་པས་དེའི་དབུས་སུ་པདམཱ་ལྟེ་བའི་སྟེང་དུ་ཟླ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ་རལ་གྲི་དང། ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་རྣམས་བསམ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་ཐལ་མོ་བྱར་ཏེ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་གནས་སུ་བཞུགས་པ་ནས། །སྒྱུ་མ་ལྷ་མཛེས ་ལྷུམས་བལྟམས་ལྟར། །དེ་ལྟར་གཟུགས་བརྙན་འདི་ཉིད་ལ། །མགོན་པོ་བརྟན་པར་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་འཕེལ་དོན་དུ། །མཆོད་པ་ལ་སོགས་འདི་དག་རྣམས། །ཆེ་གེའི་དོན་དུ་བཞེས ་པར་མཛོད། །ཅེས་པ་འདི་ཇི་སྲིད་བར་དུ་བཞུགས་པར་གསོལ་བ་གདབ་པའི་དོན་ཏུའོ། །ཡི་གེ་དྲུག་པ་ཟློས་ཤིང་ལུགས་མ་ལ་སོགས་པའི་སྟོད་དང། དབུས་དང། སྨད་ཀྱི་ཆ་རྣམས་ལ་ལག་པ་གཡས་པའི་རྡོ་རྗེས་ལན་གསུམ ་དུ་བསྐོར་བས་བརྟན་པར་བྱ་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པས་བསྟོད་ལ། །ལྷག་པ་དང་ཆད་པའི་སྐྱོན་སྤང་བའི་དོན་དུ། །ོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། བྲི་ཌཧོ་མེ་བྷ་བ། ་སུ་ཏོཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་བརྗོད་ལ། མེད་དང་མི་ཤེས་མ་གུས་པས། །གང་ཞིག་ཆད་དང་ལྷག་པར་བྱས། །དེ་རྣམས་མ་ལུས་ཐུགས་རྗེ་ཅན། །ཁྱེད་ལ་བདག་ནི་བཟོད་པར་གསོལ། །ཞེས་པས་བཟོད་པར་གསོལ་ལོ། །སངས་རྒྱས་རྣམས་དང་ལྷ་མོར་བཅས། །དེ་སྲས ་ཚངས་པ་ཀླུ་ལ་སོགས། །དེ་རྣམས་བཟོད་པར་གསོལ་བར་རིགས། །མེ་དང་ས་དང་ཆུ་དང་རླུང། །རྣམས་ལས་ལུགས་མ་རྣམས་ལ་སྐྱོབས། །ཡོན་གྱི་བདག་ལ་ཞི་བ་དང། །རྒྱས་དང་བཀྲི་ཤིས་རྒྱུན་དུ་སྦྱོང། །དེ་ཡི་བུ་སོགས་སློབ་མ་དང།། ་བདག་ཀྱང་དེ་མཚུངས་བརྙེད་མཛོད་ལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འདིར་ནི་བྱོན་པར་ཞུ། །ཞེས་ལན་གསུམ་བརྗོད་དེ། །ཕྱོགས་སྐྱོང་དང། འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནོ། །ཡོན་གྱི་བདག་པོས ་ཀྱང་ལུགས་མ་ལ་སོགས་པ་ལ་བསྐོར་བ་དང། མཆོད་པ་དང། ཕྱག་རྣམས་བྱས་ལ། སློབ་དཔོན་ལ་ཡོན་ཕུལ་ཏེ། ཡང་དག་པར་མཉེས་པར་བྱའོ། །ཞེས་སོ། །འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་པོ་ཏི་རྣམས་སོ། །རྣམ་པར་སྣང་མཛད་དུ་ལྷ ་ཁང་ལ་སོགས་པའོ། །རྡོ་རྗེ་སེམས་དཔས་གཙོ་བོ་བྱས་པར་སྐུ་འམ་གཟུགས་བརྙན་ངོ་མ་ཤེས་པ་རྣམས་སོ། །གལ་ཏེ་ལུགས་མ་འམ་གཟུགས་བརྙན་དེ་དང། དེའི་རིགས་སུ་ཤེས་ནས་རིགས་ཀྱི་བདག་པོ་དེ་དང། དེའི་དཀྱིལ ་འཁོར་དུའོ། །གང་དག་ཏུ་ཡང་གཟུགས་བརྙན་རབ་ཏུ་གནས་པ་ནི། །རྒྱུད་ཉིད་གང་དུ་བཞུགས་པ་ལྟར། །དེ་ཉིད་ཀྱིས་ནི་དཀྱིལ་འཁོར་བྱ། །འོན་ཏེ་སློབ་དཔོན་རང་ཉིད་ཀྱིས། །ལྷའི་བདག་ཉིད་གྱུར་པ་ལྟར། །དེ་ཡི་དབྱེ་བ་ཤེས་པར ་བྱ། །ཞེས་པ་དེའི་ཕྱིར་རྒྱུད་དང། རྒྱུད་དུ་གསུངས་པའི་ལྷ་ཡིས་ཀྱང་མཆོག་གི་བླ་ན་མེད་པའི་ངའི་དགོངས་པས་རབ་ཏུ་གནས་པའི་རིགས་སུ་ཤེས་བྱའོ། །ཚེགས་ཆུང་བའི་རབ་ཏུ་གནས་པ་ནི་ལུགས་མ་ལ་སོགས་པ་སྟོང་པའི་ངང ་ལས་སྐད་ཅིག་གིས་དེ་ཉིད་ཀྱི་ས་བོན་ལ་སོགས་པའི་དམ་ཚིག་སེམས་དཔའ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །རང་གི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས ་པ་ལ་སོགས་པ་དང། རང་ཉིད་ཀྱིས་ཀྱང་བུམ་པའི་ཆུས་དབང་བསྐུར་ལ་ཡང་དག་པར་མཆོད་ནས། དེ་ཉིད་ཀྱིས་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །འདི་ནི་ལུགས་མ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་རིམ ་པའོ། །སྲུང་པའི་འཁོར་ལོ་རབ་ཏུ་གནས་པ་ནི། །རྡོ་རྗེ་འཛིན་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱི་སྲུང་པ་གང་དག་གི་དམ་ཚིག་སེམས་དཔའ་ལས་དེ་དང་མཐུན་པའི་ཡེ་ཤེས་སེམས་དཔའ་ཆོ་ག་ཇི་ལྟ་བ་བཞིན་གཞུག ་ཅིང་བསྒོམ་པར་བྱ་བ་ནི། དེ་ལྟར་སྒྲུབ་བྱའི་བྱེ་བྲག་གིས་དེ་དང་དེ་ལ་སྟེ། །དེ་ཡང་སྲུང་འཁོར་གྱི་གཙོ་བོའི་སྔགས་དང། སྒྲུབ་པ་པོའི་མིང་ལ་ཞུགས་པར་བསྒོམས་པ་དང། སྲུང་འཁོར་ཚངས་པའི་བུ་ག་འམ་ཁ ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབས་པ་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དེ་ལྟར་ཞུགས་ནས་དབང་བསྐུར་བ་དང་ཡང་བདག་ཉིད་ཀྱིས་ཀྱང་བུམ་པའི་ཆུས་སོ། །དེ་ཡང་བསྲུང་བའི ་གཙོ་བོའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་རྡོ་རྗེ་འཛིན་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱི་ལག་པ་གཡས་པའི་མཐིལ་དུ་སྐད་ཅིག་གི་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་དེ་རུ་ཨཱ(རྒྱུད་འགྲེལ་བྱིན་གྱིས་བརླབས་པའོ། །གཡོན་པས་སྐད་ཅིག་གིས་པདྨའི་འདབ་མའི་རྣམ་པ་ལ་ཨཱ(རྒྱུད་འགྲེལ་དང་མཚམས་ཀྱི་སྐུད་པ་རྣམས་ལ་པདྨའི་ཕྱག་དང། བྱམས་པ་དང། ནམ་མཁའ་མཛོད་དང་ཀུན་ཏུ་བཟང་པོ་དང། ཕྱག་ན་རྡོ་རྗེ་དང། འཇམ་དཔལ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། སའི་སྙིང་པོ་རྣམས་ཀྱི ་བདག་ཉིད་དོ། །རྡོག་པོ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །མདོ་འཛིན་སྟོབས་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་སྐད་ཅིག་གིས་རྣམ་པར་བསམ་མོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྡོ་རྗེ ་སེམས་དཔའ་ལ་སོགས་པ་རྣམས་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །ོཾ་པ་དེ་པ་དེ་མཧཱ་ཛྙཱ་ནཱཾ་སརྦ་བུདྡྷ་མཧཱ་བྷ་ཝེ་ད་ཧཱུཾ་ཧཱུཾ་ཧཱུཾ་ཧོ:ཧོ:ཧོ::ཁཾ་སྭཱཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། བུམ་པའི་ཆུས་དབང ་བསྐུར་ལ་མཆོད་དོ། །ཚེགས་ཆུང་པར་བྱ་བ་ནི་ཕྲེང་པའི་སྐུད་པ་རྡོ་རྗེ་སེམས་དང་རོ་གཅིག་པར་བསམས་ལ། དེ་ཉིད་ཡོངས་སུ་གྱུར་པ་ལས་ཕྲེང་པའི་རྣམ་པར་བསམ་པར་བྱའོ། །དབང་བསྐུར་ལ་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད ་བཟླས་སོ། །ཡང་ན་དེ་ཉིད་སྟོང་པའི་ངང་ལས་རྡོ་རྗེ་འཛིན་པའི་ང་རྒྱལ་བྱས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡི་གེ་ཧཱུཾ་རྣམས་སྤྱན་དྲངས་ལ་མདོ་འཛིན་དང། རྡོག་པོ་གཞན་རྣམས་ལ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་གཞུག་གོ་། ་དེ་ལྟར་དྲིལ་བུ་ལ་ཨ་ལ་སོགས་པའི་དབྱངས་ཡིག་སུམ་ཅུ་རྩ་གཉིས་ཀྱིས་སོ། །རྡོ་རྗེ་ལ་ཀ་པ་ལ་སོགས་པའི་གསལ་བྱེད་བརྒྱད་ཅུ་ཡིས་སོ། །མཆོད་ཕྱིར་ཐོགས་དང་ཚངས་སྐུད་ཀྱང་ངོ། །འདི་ནི་སྲུང་འཁོར་ལ་སོགས་པའི་རབ་ཏུ་གནས ་པའི་ཆོ་གའི་རིམ་པའོ། །ཡོན་བདག་ནུས་པ་དང་ལྡན་པའི་དོན་དུ་རྣམ་པར་སྣང་མཛད་ཀྱི་གཙོ་བྱས་པའི་དཀྱིལ་འཁོར་རྫིང་བུའི་འགྲམ་དུ་གཞེངས་ལ་འཁོར་ལོའི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་རྫིང་བུའི་ཕྱོགས་དང་མཚམས་སུ་གཏོར ་མ་བཏང་བ་དང། ཆུ་སྟོང་པའི་ངང་ལས་བྷུཾ་ལས་བྱུང་བའི་འཁོར་ལོ་བྷྲུཾ་དང་བཅས་པ་ལས་རྣམ་པར་སྣང་མཛད་སྤྱན་མ་དང་བཅས་པའོ། །དེ་ནས་རྡོ་རྗེ་ཆུ་བདག་དཀར་པོ་མིའི་གདོང་པ་ཅན། གདེངས་ཀ་བདུན་དང་ལྡན་པ། ཕྱག་གཡོན ་པས་སྤྲུལ་གྱི་ཞགས་པ་དང་བཅས་པས་ཡུམ་ལ་འཁྱུད་དེ་རོལ་པས་གནས་པ། གཡས་ཀྱི་ཨུཏཔ་ལ་སྔོན་པོ་བསྣམས་པ་ལྟེ་བ་མན་ཆད་སྦྲུལ་གྱི་རྣམ་པ་འདི་དམ་ཚིག་གི་སེམས་དཔའ་ཨི་རྣམ་པར་བསྒོམས་ལ། །བདག་ཉིད་ཀྱི་སྙིང ་གའི་ས་བོན་ལས་འོད་སྤྲོས་ཏེ་རྣམ་པར་སྣང་མཛད་སྤྱན་དྲངས་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་སོང་བས་ས་མ་ཡ་སྟཝཾ་ཞེས་བརྗོད་དེ་གཞུག་པར་བྱའོ། །དབང་བསྐུར་མེ་ཏོག་ལ་སོགས་པས་མཆོད་ནས་དེ་ཡོངས་སུ ་གྱུར་པ་ལས་གཟུགས་བརྙན་དང་བཅས་པ་འམ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དྲི་ཞིམ་པ། རོ་དང་ལྡན་པ་ཡང་པ་དང་འཇམ་པ་དང། གྲང་བ་མགྲིན་པ་དང་གསུས་པ་ལ་ནད་མི་བྱེད་པའི་ཡན་ལག་བརྒྱད་དང ་ལྡན་པའི་ཆུས་འོག་གི་བར་དུ་སྟེ། ཀླུ་བརྒྱད་དང་ལྡན་པ་ཕྱོགས་བཞི་རུ་རླབས་ཀྱི་འགྲོ་བ་དེ་ཉིད་ཀྱིས་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་དགའ་བོ་དང། པདྨ་དང། འཇོག་པོ་དང། ཆུ་བདག་རྣམས་སོ། །མཚན་རྣམས་སུ་དུང་སྐྱོང་དང། ་ཀརྐོ་ཊ་དང་རིགས་ལྡན་དང། པདྨ་ཆེན་པོ་རྣམས་རིམ་པ་བཞིན་གསེར་དང། ར་གན་དང། ཟངས་དང་དངུལ་དང། ཞ་ཉེ་བར་མཁར་བ་དང། ལྕགས་དང། གཤའ་ཙེ་རྣམས་ལས་བྱས་པ་འམ་བསྒོམ་པ་སྟེ། སྐད་ཅིག་གི ་ངལ་ཚིག་སེམས་དཔའ་ཨི་གཟུགས་སུ་བསམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ལ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་གནས་པར་བྱའོ། །དེའི་དུས་སུ་མཆོད་སྡོང་དེའི་དཔངས་ཀྱི་ཉིས་འགྱུར་དང་ལྡན་པ ་གཟུགས་སོ། །དེའི་དབུས་སུ་ཆུ་བདག་གོ་།དེ་ལ་སྦྲང་རྩི་ཆུ་དང་བཅས་པ་དང། བདུད་རྩི་ལྔ་བླུགས་པར་བྱའོ། །མེ་ཏོག་ལ་སོགས་པས་དེ་ཉིད་ཡང་དག་པར་མཆོད་པར་བྱས་ནས་སྦྱིན་བསྲེག་བྱའོ། །དེའི་འགྲམ་དུ་བ་ལང་གི་ལྕི་བས་བྱུགས ་ལ་གྲང་པའི་དྲི་ཡིས་མཎྜལ་བྱས་ཏེ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ལ་མཎྜལ་གྱི་པདྨའི་ལྟེ་བ་ལ་རྡོ་རྗེ་ཆུ་བདག་པོ། །ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་ལ་དགའ་བོ་ལ་སོགས་པའོ། །ཕྱི་རོལ་གྱི ་ཕྱོགས་ཐམས་ཅད་དུ་ཀླུ་རྣམས་རྣམ་པར་བསམ་པར་བྱའོ། །ོཾ་ཨཱ་བཛྲ་བ་རུ་ཎཱ་ཡ་ཧཱུ་སྭཱཧཱ། ཞེས་པ་དེ་ལྟར་རང་གི་མིང་དང་ལྡན་པའི་སྔགས་ཀྱིས་མེ་ཏོག་དཀར་པོས་རྣམ་པར་མཆོད་ལ། །ཀླུའི་ཕྱག་རྒྱ་དང་ལྡན་བསག ་ཨོཾ་ཨ་ནནྟ་བཱ་སུ་ཀི་ཏཀྵ་ཀ་ཀརྐོ་ཊ་ཀ་པདྨ་མཧཱ་པདྨ་ཤཾ་ཁ་པཱ་ལ་ཀུ་ལི་ཀ་ཤཾ་ཁ་པཱ་ལ་དེ་བ་ཏི་མཧཱ་དེ་བ་ཏི་སོ་མ་ཤི་ཁི་མཧཱ་ཤི་ཁི་མཧཱ་ཤི་ཁི་དཎྜ་དྷ་རཱ་པ་ལཱ་ཧུ་ལུ་ཧུ་ལུ་ནནདོ་པ་ནནད་ས་ག་ར་མཧཱ་ས་ག་ར་ཏཱ་བ་ཏ་མཧཱ་ཏཔཏ་ཤྲཱི་ཀནྟི་མཧཱ་ཀནདི་རདན ་པནྟི་སུ་རྡུ་བ་མཧཱ་སུ་རཱུ་པ་བྷ་དྲ་ཧཱི་ཀཾ་ཧོ་ད་ར་སི་ལི། མཧཱ་སི་ལི། ཨོཾ་བྷཀྵ་བྷཀྵཱ་གཙྪ་གཙྪ་མཧཱ་ནཱ་གཱ་དྷི་བ་ཏི་སརྦ་བྷུརྦྷུ་བ་ཕྲུཾ་ཕྲུཾ་སྭཱཧཱ། ཞེས་པའི་སྔགས་ཀྱིས་འོ་མའི་གཏོར་མ་སྦྱིན་ནོ། །དེ་ནས་ཇི་སྲིད་དུ་བཞུགས་པའི་དོན་དུ་ཡི་གེ་བརྒྱ་པ ་བཟླས་ནས་བྱིན་གྱིས་བརླབས་པའི་ཕྱོགས་བརྒྱད་དུ་བཏང་ཞིང་དེའི་ཕྱི་ལོག་ཏུ་ཡང་ངོ། །གཞོན་ནུ་མཉེས་པར་བྱ་བ་སྟེ། འདི་ནི་རྫིང་བུ་དང་ཁྲུས་གནས་དང། ཁྲོན་པ་རྣམས་རབ་ཏུ་གནས་པའི་ཆོ་གའོ། །དེ་ནས་ལྗོན་ཤིང་དང་བསྐྱེད ་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པ་ནི། ཕྱོགས་རྣམས་སུ་གཏོར་མ་བྱིན་ལ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱི་སློབ་དཔོན་གྱིས་ཤིང་རྣམས་ཀྱི་གཙོ་བོ་སྟོང་པའི་ངང་ལས་རྣམ་པར་སྣང་མཛད་དུ་རྣམ་པར་བསམས་ལ། དེ་ལ་ཡེ ་ཤེས་སེམས་དཔའ་ཨི་ཡོན་ཆབ་སྔོན་དུ་སོང་བས་གཞུག་པར་བྱ་སྟེ། བུམ་པའི་ཆུ་ཡིས་དབང་བསྐུར་བ་དང་དེ་བཞིན་ཉིད་ཡོངས་སུ་གྱུར་པ་ལས་ལྗོན་ཤིང་ངོ། །དེའི་དབུས་སུ་ལྗོན་ཤིང་ཡང་དེ་ལྟར་ལྷག་པར་མོས་པར་བྱའོ། །ལྗོན་ཤིང ་གཙོ་བོ་དེ་ཉིད་ལ་གནས་པའི་ལྷ་ལ་ཡང་མེ་ཏོག་ལ་སོགས་པས་མཆོད་དེ་གཞན་གྱི་བྱ་བ་བྱེད་ཅིང་ཇི་སྲིད་དུ་གཞུག་པར་གསོལ་བ་བཏབ་ཅིང་ཕྱོགས་རྣམས་སུ་གཏོར་མ་བཏང་བ་འདི་ནི་སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི ་ཆོ་གའི་རིམ་པའོ།། །།ད་ནི་དབང་དང་རབ་གནས་ལ་སོགས་པ་ཐམས་ཅད་ལ་སྦྱིན་སྲེག་སྔོན་དུ་འགྲོ་བར་གསུངས་པས་ཀུན་རྫོབ་ཀྱི་སྦྱིན་སྲེག་འདིར་བརྗོད་པར་བྱའོ། །ཉིན་མོའི་ཐུན་དང་པོ་ལ་སོགས་པའི་ལས་བྱ་སྟེ། ་དེ་ལྟར་མཚན་མོ་ཡང་ངོ། །དེ་ལྟར་ཐུན་ཕྱེད་རྣམས་སམ་ཐུན་རྣམས་ལ་སྟེ་ལས་ཐམས་ཅད་པ་དང། ཞི་བ་དང་རྒྱས་པ་དང་གསད་པ་དང་དབྱེ་བ་དང། །དབང་དང་དགུག་པ་དང། རྨོངས་པ་དང་རེངས་པ ་རྣམས། གྲོང་ཁྱེར་གྱི་དབུས་དང། གཤིན་རྗེ་དང་བདེན་བྲལ་དང། ཆུ་བདག་དང། རླུང་དང་གནོད་སྦྱིན་དང། དབང་ལྡན་དང། ཤར་དང་མེ་མཚམས་སུ་སྟེ། དབང་བསྐུར་བའི་དུས་སུ་རྡུལ་ཚོན་གྱི་མེ་རིའི་ཕྱི་རོལ་དུ་ཁྲུད་སྤངས ་པའི་གནོད་སྦྱིན་ནམ། དྲག་པོ་རུ་ཟླུམ་པོ་དང། གྲུ་བཞི་དང། གཞུའི་རྣམ་པ་དང། ཟུར་ལྔ་དང། བདུན་དང། གསུམ་དང། དྲུག་དང། བརྒྱད་རྣམས་དང་ལྡན་པའོ། །ཁྲུ་གང་བ་དང། ཁྲུ་དྲི?་པ་དང། ཁྲུ་གང་གི་ཕྱེད། ཟླུམ་པོ་དང ་མཚུངས་པ་དང། སོར་བཞི་བཅུ་པ་དང། ཉི་ཤུ་དང། སུམ་ཅུ་རྣམས་སོ། །ཐབ་ཁུང་རྣམས་ཀྱི་རྒྱའི་ཕྱེད་གཏིང་དུའོ། །ཐབ་ཀྱི་ཁ་ཁྱེར་ལ་ཐང་ཀར་སྤངས་ཀྱི་དྲུག་ཆའོ། །དེ་དག་གི་ཉིས་འགྱུར་སྟེགས་བུའོ། །དེའི་ཉིས་འགྱུར་ཁ་ཁྱེར ་ཆེན་པོ་པའོ། །ཡང་མཆུ་དང་མཉམ་པ་ཕྱི་རུ་ཁ་ཁྱེར་བྱའོ། །སྟེང་དུ་ཟླ་བ་དང། ཉི་མ་དང། ཟླ་བ་དང། མཎྜལ་སྔོན་པོ་དང། དམར་པོ་དང། དུ་བའི་མཎྜལ་དང། མཎྜལ་སེར་པོ་དང། རི་རབ་གཉིས་ཀྱི་མཚན་མས་མཚན་པའི་ཐབ་བྱའོ།། ་སྟེགས་བུ་ཆ་ལྔ་རུ་བྱས་པའི་ལོགས་གཉིས་ཀྱི་ཆ་གཉིས་སྤངས་ཏེ། ཆ་གསུམ་ལ་འོག་ནས་འབྱུང་བའི་མཚན་མ་རྣམས་ཀྱི་རིམ་པ་བཞིན་འོག་ནས་བསྐོར་བ་སྟེ། གལ་ཏེ་ས་ཡིས་བྱེད་ན་ཆུའི་ཕྱེད་ཀྱིས་སོ། །རྡུལ་ཚོན་གྱིས་བྱེད་ན ་དེས་པ་མེད་དོ། །དེའི་ཕྱི་རོལ་དུ་གཉིས་ལ་པདྨའི་འདབ་མ་དང། གཉིས་ལ་སོར་མོ་དང་བཅས་པའི་ལག་མཐིལ་དང། །ཁྭའི་མཇུག་སྒྲོ་དང་གཉིས་ལ་ཤིང་ཨརྒའི་འདབ་མ་དམར་པོ་དང་གཉིས་ལ་ཤིང་ཨརྒའི་འདབ་མ་སེར་པོ ་རྣམས་ཀྱིས་ཕྲེང་བས་བསྐོར་རོ། །དེའི་ཕྱི་རོལ་དུ་ཀུ་ཤ་དང་ཤི་བའི་སྐྲ་དང། ཡི་དགས་ཤིང་གི་ལོ་མ་དང། གཉིས་ལ་མེ་ཏོག་དམར་པོ་དང། གཉིས་ལ་མེ་ཏོག་སེར་པོ་རྣམས་ཀྱིས་བསྐོར་རོ། །ཐབ་ཀྱི་ཚད་ནི་པདྨའི་འདབ་མའོ། །བཅུ་གཉིས་ཀྱི་ཆ་ཡིས་གཙོ་བོའི་ལྟེ་བའོ། །དེ་ལ ་རྡོ་རྗེ་ནག་པོ་དང། པདྨ་དཀར་པོ་དང། འཁོར་ལོ་དཀར་པོ་དང། གྲི་གུག་ནག་པོ་དང། རལ་གྲི་ནག་པོ་དང། མདའ་དམར་པོ་དང། །རྡོ་རྗེ་ལྕགས་ཀྱུ་དམར་པོ་དང། སྤྲུལ་ཞགས་སེར་པོ་དང། རྡོ་རྗེ་ལྕགས་སྒྲོག་སེར་པོ་རྣམས ་དགོད་པར་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ལ་ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ། རལ་གྲི་དང་རིན་པོ་ཆེ་དང། འཁོར་ལོ་དང་པདྨ་རྣམས་སོ། །མཚམས་རྣམས་ལ་གྲི་གུག་ནག་པོ་དང། ལྕགས་ཀྱུ་དམར ་པོ་དང། རྡོ་རྗེ་ཞགས་པ་སེར་པོ་དང། རྩེ་གསུམ་པ་དཀར་པོ་རྣམས་སོ། །དེ་ལྟར་ཞི་བ་ལ་ཡང་ངོ། །རྒྱས་བ་ལ་ཕྱོགས་རྣམས་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་དང། མཚམས་རྣམས་ལ་གྲི་གུག་ནག་པོ་ལ་སོགས་པའོ། །དེ་ལྟར་གསད་པ་ལ ་ཤར་དུ་ཕྱོགས་པའི་དཀྱིལ་འཁོར་ཏེ། གསད་པ་དང་དབྱེ་བ་ལ་རལ་གྲི་ལ་སོགས་པའི་མཚན་མའོ། །དབང་དང་དགུག་པ་ལ་ལྷོར་ཁ་ཕྱོགས་པས་ཕྱོགས་རྣམས་ལ་རིན་པོ་ཆེ་ལ་སོགས་པའོ། །མཚམས་རྣམས་ལ་ལྕགས ་ཀྱུ་དམར་པོ་ལ་སོགས་པའོ། །རྨོངས་པ་དང་རེངས་པ་ལ་ནུབ་ཏུ་ཁ་ཕྱོགས་པས་ཕྱོགས་དང་ཕྱོགས་བྲལ་རྣམས་ལ་འཁོར་ལོ་དང། ཞགས་པ་སེར་པོ་ལ་སོགས་པའོ། །ཐབ་ཁུང་ལ་ཁྲུ་དོ་སྤངས་པར་རྡུལ་ཚོན་དཀར་པོ་དང། ་དམར་པོ་དང། ནག་པོ་རྣམས་ཀྱི་ར་བ་གསུམ་བྱ་བ་སྟེ། བྱང་ལ་སོགས་པར་ཕྱོགས་པའི་ར་བའི་ནང་གི་རྒྱའི་བརྒྱད་ཆའི་སྒོའོ། །དཀྱིལ་འཁོར་གྱི་སྒོ་དང་མཚུངས་པའི་རྟ་བབས་དང་བཅས་པ་ཐབ་ཁུང་ཀུན་ལ་བྱའོ། །ཐབ ་ཁུང་གི་མདུན་དུ་ཁྲུ་དོ་སྤངས་པའི་གནས་སུ་ཞི་བ་ལ་སོགས་པའི་དབྱེ་བའི་དབྱིབས་དང་ལྡན་པ་སྔ་མ་ལྟར་པདྨ་དང། མཚན་མའི་བྱེ་བྲག་བཀོད་པའི་ཁྲུ་གང་བ་རང་རང་གི་ཕྱོགས་སུ་བཞག་གོ་།ལས ་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་ཆོས་འབྱུང་དུ་ཆུད་པས་མཚན་པའོ། །དེ་ལྟར་སྦྱིན་བསྲེག་གི་དགང་གཟར་ལ་སོགས་པའི་གདན་དང། ཡོན་ཆབ་ཀྱི་གདན་གཡས་གཡོན་དུའོ། །གདན་དེ་ལ་རིམ་པ་ཇི་ལྟ་བ་བཞིན་གནས ་པར་བྱ་བ་སྟེ། རྐང་པ་གཡས་པ་གཡོན་པའི་པུས་མོའི་གོང་དུ་བཞག་པ་པདྨའི་འདུག་སྟངས་སོ། །རྐང་པ་གཡས་པ་གཡོན་པའི་བརླའི་སྟེང་དུ་བཞག་ཅིང་གཡོན་པ་གཡས་པའི་བརླ་སྟེངས་སུ་བཞག་པ་རྡོ་རྗེའི་འདུག ་སྟངས་སོ། །ལྷ་མ་ཡིན་གྱི་འདུག་སྟངས་ནི་ལུས་བསྐུམས་ཏེ་རུས་སྦལ་ལྟར་གནས་པའོ། །རྐང་པའི་ལོར་མོ་གཉིས་བཤིབས་ཏེ། ཙོས་པོ་ཆེ་འཕོངས་དང་སྦྱར་ནས་པུས་མོ་གཉིས་བསླང་བ་ནི་ཙོག་པུའི་འདུག་སྟངས་སོ། ། ་རྐང་པ་གཡོན་སྐྱིལ་ཀྲུང་དུ་གནས་ནས་གཡས་པ་ཙོག་པུ་སྟེ། ཅུང་ཟད་རྐྱང་བ་སྐྱིལ་ཀྲུང་ཕྱེད་པའོ། །དེ་ལས་བཟློག་པ་ནི་བྱེ་བྲག་གཉིས་པའོ། །རྐང་པ་གཡོན་པའི་གཏིང་པ་བཤང་ལམ་ན་གནས་ཏེ། གཡས་པ་ཙོག ་པུར་གནས་པ་རྐང་པ་བཤད་ལམ་གནས་པའོ། །དེ་ལས་བཟློག་པ་རྣམས་སོ། །དེ་ནས་རིམ་པ་བཞིན་དུ། ཤེལ་དང་མུ་ཏིག་དང། མིའི་སོ་དང། བོ་དེ་ཙ་དང། པདྨའི་ས་བོན་དང། ཙནདན་དམར་པོ་དང། ལུང་བཏང་དང། ་རུ་རག་ཤའི་ཕྲེང་བ་རྣམས་སོ། །དེ་ནས་བདེ་སྣོད་འདབ་མ་དང། ལྟེ་བ་རྣམས་ལ་སོར་བཅུ་གཉིས་པ། ཤེལ་དང། དངུལ་དང། ཐོད་པ་དང་ལྕགས་དང། གསེར་དང། ཟངས་དང། ཤིང་དང། ས་ལས་བྱས་པའི་ཡོན ་ཆབ་ཀྱི་སྣོད་རྣམས་སོ། །དེ་ནས་དགང་གཟར་ནི་རྡོ་རྗེས་མཚན་པའི་ཁྲུ་གང་བའི་ཡུ་བ་ལ་སྟེང་གི་ཚ་ཐལ་མོ་སྦྱར་བའི་རྣམ་པའོ། །དེའི་ནང་གི་དབུས་གྲུ་བཞི་པ་པདྨས་ཚན་པ་སོར་བཞི་དང་ལྡན་པའོ། །དེའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པའོ། །ར ་དབུས་མ་ནས་བཅུད་འགྲོ་བའི་གནས་དང་ལྡན་པའོ། །དེ་ལས་ཅུང་ཟད་ཕྲ་ལ་ཆུང་བ་སྲིད་དུ་མཚུངས་པ་སྟེང་གི་ཆ་པདྨ་དང་མཚུངས་པར་བླུགས་གཟར་རོ། །དེ་ལྟར་ཞི་བ་ལ་སོགས་པའི་གཉིས་གཉིས་ཏེ། ཨུ་དུམ་བ་ར་དང། ་བྱང་ཆུབ་ཤིང་དང། ནྱ་གྲོ་དྷཱ་དང། ཀ་བ་ཌི་དང། རྒུན་འབྲུམ་ཤིང་རྣམས་ཀྱི་ཡམས་ཤིང་ལྔ་བརྒྱའོ། །མིའི་རུས་པ་མཐེ་ཆུང་གི་རྣམ་པ་ལྔ་བརྒྱའོ། །དེ་ལྟར་ཁྲོའི་མཇུག་སྒྲོ་ཡང་ངོ། །དེ་ལྟར་སེང་ལྡེང་དམ། པ་ལ་ཤ་ལས་བྱུང་བ་དང། ་དེ་ལྟར་བི་ལློ་ལས་བྱུང་བ་ལྔ་བརྒྱ་སོར་བཅུ་གཉིས་པའོ། །དེ་ལྟར་རྫས་རྣམས་ནི་ཞི་བ་ལ་བའི་འོ་མ་དང་དཱུར་བའོ། །རྒྱས་པ་ལ་མར་དང། དཱུར་པའོ། །བསད་པ་ལ་ཤ་དང་བྱུག་གོ་།བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་དང་བཅས་པའི ་རི་ཛ་ཀ་དང་ཚྭའོ། །དབང་ལ་རྡུལ་དང། ཀ་ར་བི་ར་ལ་སོགས་པའི་མེ་ཏོག་དམར་པོའོ། །དགུག་པ་ལ་དྲི་ཆུ་དང། ཤིང་བེ་ལེའི་འདབ་མ་དང། འབྲས་བུའོ། །རེངས་པ་ལས་ཚིལ་མ་དང། མེ་ཏོག་རྙིང་པའོ། །རྨོངས་པ་ལ་ཚྭ་དང། ཐང ་ཁྲོམ་གྱི་འདབ་མའོ། །དེ་ལྟར་གཉིས་གཉིས་ལ་སྟེ་མེ་ཏོག་དྲི་ཞིམ་ལ་དཀར་བ་དང། ཚིལ་འཚར་མ་དང་ལྡན་པའི་ནག་པོ་དང། དམར་པོ་དང། སེར་པོ་རྣམས་སོ། །དེ་ལྟར་གྲང་བའི་བདུག་སྤོས་ནི་ཨ་ཀ་རུ་དང། སིཧལ་དང། ག ་བུར་དང། སྦྲང་རྩི་ཀ་ར་རྣམས་ཀྱིས་སོ། །དེ་ལྟར་ཤིན་ཏུ་བདུག་པའི་སྤོས་ནི་བཤད་པ་དང། ཤ་དང་ཁྲག་རྣམས་ཀྱིས་སོ། །དེ་ལྟར་དྲི་ཆེ་བར་གྱུར་པའི་སྤས་གུ་གུལ་དང། རྒྱ་སྐྱེགས་དང། སྤོས་དཀར་དང། ཀུན་དུ་རུ་དང། ཤྲཱི ་བ་ས་དང། བུ་རམ་རྣམས་ཀྱིས་སོ། །དེ་ལྟར་བསྐ་བའི་སྤོས་ཨ་ཀ་རུའི་ཕྱེ་མ་དང། བུ་རམ་དག་གིས་སོ། །ཡང་རིམ་པ་ཇི་ལྟ་བ་བཞིན་འོ་མའི་ཟན་དང། ཞོ་དང་བཅས་པའི་ཟན་དང། གྲོད་པ་དང། ་མར་དང་བཅས་པའི་ཟན་དང། ཏིལ་དང་བཅས་པའི་ཟན་དང། སྲན་མ་མུང་ཀ་དང་བཅས་པའི་ཟན་དང། སྲན་མ་ཙ་ན་ཀ་དང་ཉ་དང་བཅས་པའི་ཟན་རྣམས་སོ། །དེ་ལྟར་གཉིས་གཉིས་ལ་ཙནདན་དཀར་པོ་དང། ཁྲག་དང། ་སོལ་བ་དང། གུར་གུམ་དང། གི་ཝང་དང། ཙནདན་དམར་པོ་དང། ཡུང་བ་དང། བ་བླ་རྣམས་རྣམ་པར་བྱུག་གོ་།དེ་ལྟར་མར་དང། མིའི་ཞག་དང། ཏིལ་མར་དང། ཛོ་ཏིས་མཱི་མར་དང། བྷ་ལ་ཏ་ཀའི་མར་རྣམས་ཀྱིས་མར ་མེའོ། །དེ་ལྟར་འབྲས་སཱ་ལི་དང། རཱ་ཛི་ཀ་དང། ཡུངས་ཀར་དང། སྲན་ཆུང་རྣམས་ཀྱིས་མ་ཉམས་པའོ། །དེ་ལྟར་ན་བཟའ་དཀར་པོ་ལ་སོགས་པ་རྣམས་ནི་ཞི་བ་ལ་སོགས་པ་རྣམས་ལ་གོ་བར་བྱའོ། །དེ་ལྟར་སློབ་དཔོན་ཇི་ལྟར ་གསུངས་པའི་གདན་ལ་ཇི་ལྟར་གསུངས་པའི་འདུག་སྟངས་ཀྱིས་གནས་ནས། ལས་ཐམས་ཅད་པ་ལ་ལྗང་གུའོ། །ཞི་བ་ལ་སོགས་པ་ལ་གཉིས་གཉིས་ཏེ། ཞི་ཞིང་དཀར་བ་དང། ཁྲོ་ལ་གནག་པ་དང། ཆགས་པ ་དང་བཅས་པའི་དམར་པོ་དང། རེངས་ཤིང་སེར་བ་སྟེ། སྔོན་དུ་གསུངས་པའི་དུས་ཀྱི་འཁོར་ལོའི་ཆ་བྱད་རྣམ་པར་བསྒོམས་ཏེ། སྲུང་བའི་འཁོར་ལོ་བྱས་ནས་སྔོན་དུ་གསུངས་པའི་ཆོ་གའི་རིམ་པ་བཞིན་དུ་ཨུ་དུམ ་བ་ར་དང་བ་ཊ་དང། མྱ་ངན་མེད་དང། རུས་པ་དང། ལྕགས་དང། སེང་ལྡེང་དང། ས་ཁོ་ཊ་དང། བི་ལོ་རྣམས་ལས་བྱུང་བའི་ཕུར་བུས་ཕྱོགས་བཅུ་བཏབ་ལ། ཨོཾ་ཨཱ:ཧཱུཾ:ཧྲ:ཕཊ། ཞེས་པའི་སྔགས་ཀྱིས ་ཀུ་ཤས་ཡོན་ཆབ་ནས་བླངས་ཏེ་བསང་གཏོར་བྱའོ། །དེ་ནས་ལས་ཐམས་ཅད་པ་དང། ཞི་བ་ལ་སོགས་པ་ལ་ཙནདན་ལ་སོགས་པའི་དྲི་ཞིམ་པོ་དང། འོ་མ་ཅན་གྱི་ཤིང་དང། ཙནདན་དམར་པོ་ལ་སོགས་པ་དང། བསྐ་པའི་ཤིང་རྣམས ་བརྩིགས་ཏེ། ལྷ་ཁང་དང་བྲམ་ཟེ་དང། དམངས་རིགས་དང། གཏུམ་མོ་དང། རྒྱལ་རིགས་དང། རྗེ་རིགས་རྣམས་ཀྱིས་ཁྱིམ་ནས་མེ་བླངས་ཏེ། དེར་བཅུག་ལ་རླུང་ཡབ་ཀྱི་སྦར་བར་བྱའོ། །དེ་ནས་སྔགས་འདིས་མེ་ལྷ་སྤྱན་དྲང་བ་ནི། ་ཨོཾ་ཨེ་ཧཡེ་ཧེ་མཧཱ་བྷུ་ཏ་དེ་བ་རི་ཥི་དྲི་ཛ་ས་ཏ་མ་གྲེ་ཧི་ཏྭ་ཡུ་དྷི་མཧཱ་རསྨཱིན་སྨཱིན་སནྣི་ཧི་ཏོ་བྷ་བ་བཛྲ་དྷཱ་ར་ཛྙཱ་བ་ཡ་ཏི་སྭཱཧཱ། ཞེས་བརྗོད་དེ་རང་གི་སྙིང་ག་དང་ཕྱིའི་ཐབ་ཁུང་དུ་ལས་ཀྱི་བྱེ་བྲག་གིས་ཟླ་བ་འམ། ཉི་མ་ལ་རཾ་ལས་བྱུང་བའི་མེ་ལྷའི ་རྣམ་པར་བསྒོམས་ཏེ། ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་རྡོ་རྗེ་དང་ཕྲེང་བའོ། །གཡོན་པའི་ཕྱག་དག་གིས་དྲིལ་བུ་དང་པདྨའོ། །ན་བཟའ་དང། སྤྱན་དང། དབུ་སྐྲ་རྣམས་དམར་ལ་སེར་བའི་མི་བསྐྱོད་པས་རྒྱས་གདབ་པའོ། །ཞི་བ་ལ་དམར་པོ་གཡས་པ་དག་གིས་པདྨ་དང། ཤེལ་གྱི་ཕྲེང་བའོ། ། ་གཡོན་པ་དག་གིས་སྤྱི་ལུགས་དང་དུང་ངོ། །རྒྱས་པ་ལ་གཡས་པ་དག་གིས་འཁོར་ལོ་དང་མུ་ཏིག་གི་ཕྲེང་བའོ། །གཡོན་པ་དག་གིས་པདྨ་དང་སྤྱི་བླུགས་སོ། །འོད་དཔག་མེད་གྱིས་རྒྱས་བཏབ་པའོ། །བསད་པ་ལ་ནག་པོ་གཡས་པ་དག ་གིས་གྲི་གུག་དང་རྩེ་གསུམ་པའོ། །གཡོན་པ་དག་གིས་ཐོད་པ་དང་ཁ་ཊཝཱཾ་གའོ། །དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །བསྐྲག་པ་དང་དབྱེ་བ་ལ་གཡས་པ་དག་གིས་རལ་གྲི་དང་རྩེ་གསུམ་པའོ། །གཡོན་པ་དག་གི་ཐོད་པ་དང་ཁ་ཊཝཱཾ ་གའོ། །དབང་དུ་བྱ་བ་ལ་གུར་གུམ་གྱི་ཁ་དོག་གོ་།གཡས་པ་དག་གིས་མདའ་དང་རིན་པོ་ཆེའོ། །གཡོན་པ་དག་གིས་གཞུ་དང་མེ་ལོང་ངོ། །རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པའོ། །དགུག་པ་ལ་གཡས ་པ་དག་གིས་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེའོ། །གཡོན་པ་དག་གིས་རྡོ་རྗེ་ཞགས་པ་དང་མེ་ལོང་ངོ། །རྨོངས་པ་དག་ལ་གཡས་པ་དག་གིས་སྦྲུལ་དང་དབྱུག་པའོ། །གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ། །རེངས་པ་དང། ཕུར་བུས ་གདབ་པ་དག་ལ་སེར་པོ་གཡས་པ་དག་གིས་ལྕགས་སྒྲོག་དང་ཐོ་པའོ། །གཡོན་པ་དག་གིས་འཁོར་ལོ་དང་ཐོ་བའོ། །རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པའོ། །ཞི་བ་ལ་སོགས་པ་རང་རང་གི་ཁ་དོག་དང་མཚུངས་པའི་ན་བཟའ་ཨོ། །དེ ་ནས་ཨོཾ་པྲ་ཝ་ར་ས་ཏ་ཀ་ར་མཧཱ་ར་སྨིན་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཡོན་ཆ་མ་སྦྱིན་ནོ། །དེ་ནས་ཨོཾ་བཛྲ་དང་པོར། པུཥཔཾ་ལ་སོགས་པས་བར་དུའོ། །སྭཱཧཱ་ཞེས་པ་ཐ་མར་སྦྱར་བའི་པུཥཔཾ་དང། དྷུ་པཾ་དང། གྷནདྷཾ་དང། དཱི་པཾ་དང། ཨཀྵ་ཏཾ་དང། ། ་ནྱཻ་བི་དྱཾ་དང། ལཱ་སྱཾ་དང། པཱ་དྱཾ་དང། ནརི་ཏྱཾ་དང། གཱི་ཏཾ་དང། ཀཱ་མ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་མེ་ལྷའི་ཞལ་གདངས་པར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་གནི་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱཧཱ་ཞེས་པས་ལས་ཐམས་ཅད་པ་ལ ་སོགས་པར་དང་པོར་བསྲེག་ལུགས་ལེན་པར་སྤྱན་དྲང་བའོ། །བསད་པ་ལ་སོགས་པར། ཨོཾ་བཛྲཱ་ན་ལ་སརྦ་བྷུ་ཏཾ་ཛཝཱ་ལ་ཡ་སརྦཱཾ་བྷསྨི་ཀུ་རུ་སརྦ་དུཥྚཾ་སྭཱཧཱ། ཞེས་པས་སོ། །དེ་ནས་ཨོཾ་ཨཱ:ཧཱུཾ་ཧོ་ཧཾ་ཀྵ:སྭཱཧཱ། ཞེས་པས་ཡཾ་ཤིང་བརྒྱ ་རྩ་བརྒྱད་ཀྱིས་བསྣུན་པར་བྱའོ། །ོཾ་ཧལིཾ་ཧྲཱིཾ་ཧཌཱཾ་ཧྲཱི་ཧྲཾ་ཧྲ:སྭཱཧཱ། ཞེས་པས་བརྒྱ་རྩ་བརྒྱད་དོ། །དེ་ནས་ཨོཾ་ཨ་ཨཱ་ཨི་ཨའི་རི་རཱི་ཨུ་ཨའུ་ལི་ལཱི་ཨཾ་ཨ:སྭཱཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ནས་ཨོཾ་ཨ་ཨཱ་ཨེ་ཨི་ཨར་ཨཱར་ཨོ་ཨཽ་ཨལ ་ཨཱལ་ཨཾ་ཨ:སྭཱཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ནས་ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧ་སྭཱཧཱ། ཞེས་པ་ཡང་དེ་ལྟར་རོ། །དེ་ལྟར་བཞི་བཅུས་ལྷག་པའི་ལྔ་བརྒྱ་ལ་ལྔ་བརྒྱ་ཞེས་བརྗོད་དོ། །ཞི་བ་ལ་སོགས་པ་ཆུ་ཤེལ་དང། པུ་ཥུ་ར ་ག་དང། བནདྷུ་ཀ་དང། གསེར་ཞུན་མའི་ཁ་དོག་རྣམས་སོ། །མཱ་ལ་ཧི་དང། ག་བུར་དང། ཨ་ཀ་རུ་དང། ཙམ་པ་ཀའི་དྲི་རྣམས་སོ། །པི་ཝང་རྒྱུད་མངས་དང། གླིང་པུ་དང། མྲི་དཾ་ག་དང། ཤིན་ཏུ་དྲག་པོའི་སྒྲ་རྣམས་སོ། །དཔལ་བེའུ་དང། ་གདུགས་དང། རལ་གྲི་དང། པདྨ་དང། བུམ་པ་ལ་སོགས་པའི་གཟུགས་རྣམས་སོ། །གཅིག་དང། གཉིས་དང། གསུམ་དང། བཞི་ལ་སོགས་པ་བཟང་ངོ། །ཤིན་ཏུ་གཡོ་བ་དང། ཐིག་ལེ་ནག་པོ་ཅན་དང། མེ་སྟག་འཕྲོ་བ་དང། ། ་རང་གི་ཕྱོགས་སུ་ཕྱོགས་པ་དང། གཡོ་ཞིང་འབར་བ་དང། ཁ་དོག་སྣ་ཚོགས་པ་དང། ཤིན་ཏུ་གནག་པ་དང། ཆོག་སྒྲ་དང། ཐོག་སྒྲ་རྣམས་ནི་བསད་པ་ལ་བཟང་ངོ། །དེ་ནས་འབྲུ་ལ་སོགས་པ་རྣམས་སྔོན་དུ་སོང་བའི་སྔགས ་ཀྱི་ཆོ་གས་ཏེ་དགང་གཟར་ཡང་ངོ། །དེ་ཉིད་ན། ལག་པ་གཡོན་པ་གན་རྒྱལ་དུ་བྱས་ཏེ། ལག་པ་གཡས་པ་མཆོད་སྦྱིན་བྱས་པའི་མཐེ་བོས་བསྐྱོད་ཅིང། སྔོན་གྱི་རྫས་རྣམས་བསྣུན་པར་བྱའོ། །ཞི་བ་ལ་ན་མ:ཱི་མཛའ་ ་ཅན་ནོ། །རྒྱས་པ་ལ་བོ་ཥ་ཊའོ། །བསད་པ་དང། བསྐྲད་པ་དང། དབྱེ་བ་རྣམས་ལ་ཧཱུཾ་ངོ། །དབང་ལ་ཝཥ་ཊ་ཞེས་པའོ། །ཕུར་བུས་གདབ་པ་དང། རེངས་པ་དང་རྨོངས་པ་རྣམས་ལ་ཕཊ་ཀྱི་མཛའ་རྟེན་དང་བཅས་པ་བརྗོད་ཅིང་བསྣུན་པར་བྱའོ། །དེ་ནས་ཧྐྵྨལྭརྱཾ ་ཞེས་པའི་སྔགས་ཀྱིས་མར་གྱིས་དགང་གཟར་བཀང་ལ་མཉམ་པར་བཞག་པའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེས་མེ་ལྷ་ལ་དགང་བླུགས་དབུལ་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅུར་སྦྱིན་པ་ནི། ་ཨོཾ་བྷུ་བྷུ་བ(རྒྱུད་འགྲེལ་ཞེས་པས་ཞལ་བསིལ་དབུལ་ལོ། །དེ་ནས་ཨོཾ་ཛ(རྒྱུད་འགྲེལ་ལྷ་ཡང་གཤེགས་སུ་གསོལ་ལོ། །འདི་ནི་སྦྱིན་བསྲེག་གི་ཆོ་གའི་རིམ་པའོ། །དེ་ནས་སློབ་དཔོན་གྱི་སྔ་མ་ལྟར་མཆོད་པ་བྱས་ལ་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། རྡོ་རྗེའི་འདུག་སྟངས་ལ་གནས་ནས། རང་གི་སྙིང་གའི་པདྨ་ལ། ཡེ ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི། རིམ་པ་བཞིན་དུ། གཙུག་ཏོར་དང། དཔྲལ་བ་དང། མགྲིན་པ་དང། སྙིང་ག་དང། ལྟེ་བ་དང། གསང་བའི་འཁོར་ལོ་རྣམས་སྤུ། ཨ་ཨི་རི་ཨུ་ལི་ཧཾ་ཡི་གེ་རྣམས་སྟོང་པ་ལ་སོགས ་པའི་ཟད་པར་རྣམས་དང། ཕྱོགས་སྐྱོང་རྣམས་དང། གཟའ་རྣམས་དང། གླུ་རྣམས་དང། འབྱུང་པོ་རྣམས་དང། ཁྲོ་བོའི་ཚོགས་རྣམས་གཤེགས་སུ་གསོལ། །དེ་ནས་བུམ་པའི་གོས་ཟུང་རྣམས་སྲུང་བའི་གཞོན་ནུ་མ་རྣམས་ལ་སྦྱིན་དུ་གཞུག་གོ ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་འམ་རང་གི་ལག་པ་འམ་རྡོ་རྗེ་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་བར་གཤེགས་པར་བྱའོ། །དེ་ནས་རང་གི་སྤྱི་གཙུག་ཏུ་རྡུལ་ཚོན་ཅུང་ཟད་བཞག་སྟེ། པདྨ་ལ་སོགས་པ ་བསྡུ་བར་བྱའོ། །དེ་ནས་རྡུལ་ཚོན་ཕྱགས་ཏེ་བུམ་པར་བླུགས་ནས་ཇི་ལྟར་འབྱོར་པ་ལྟར་གླང་པོ་ལ་སོགས་པའི་སྟེང་དུ་བཞག་སྟེ། གདུགས་དང། རྒྱལ་མཚན་ལ་སོགས་པ་དང། བཅོས་པར་ཁྱེར་ལ་རྒྱ་མཚོ་ལ་འགྲོ་བའི་ཆུ་བོ་ལ ་ངོར་བར་བྱའོ། །བུམ་པ་དེ་ཉིད་དུ་བཀང་ལ། དཀྱིལ་འཁོར་གྱི་ཁོང་པར་འོངས་ཏེ། གཏོར་ནས་བ་ལང་གི་ཅི་བ་ལ་སོགས་པས་ཀྱང་བྱུགས་ཏེ། དེར་གནས་ནས་འོ་མ་ལ་སོགས་པའི་དཀར་བ་དང། མངར་བ་དང། རས་ཟུང་རྣམས་ཀྱིས ་གཞོན་ནུ་མ་མཉེས་པར་བྱས་ནས་གཤེགས་སུ་གསོལ་བ་དང། མཚན་མོའི་དུས་སུ་སྔོན་གྱི་ཆོ་གས་དཔའ་བོའི་སྟོན་མོ་སྦྱིན་པར་བྱའོ། །འདིས་ནི་གཤེགས་སུ་གསོལ་བའི་ཆོ་གའི་རིམ་པའོ།། །།སེམས་ཅན་དོན་ཕྱིར་རབ་ཏུ་སྤྲོ ་བར་མཛད་པའི་མངའ་བདག་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །དཀྱིལ་འཁོར་ཆོ་གའི་སྒྲུབ་ཐབས་བྱས་པའི་དགེ་བར་གྱུར་པ་དཀར་བའི་འོད་ཟེར་དང་ལྡན་པ། །དེ་ཡིས་འགྲོ་བ་མ་ལུས་པ་ཡི་ཉོན་མོངས་ཚོགས་རྣམས་རབ་ཏུ་བཅོམ་པའི ་གནས་གྱུར་པ། །སྤྲོས་པ་ཐམས་ཅད་དང་ནི་བྲལ་བའི་བདེ་བ་ཆེན་པོ་མཉམ་པ་མེད་པ་ཐོབ་པར་ཤོག་།དཔལ་ལྡན་པདྨའི་ཕྱག་དང་ལྡན་པས་ཤིན་ཏུ་དྲི་མ་བྲལ་བར་རབ་རིབ་མ་ལུས་བཅོམ་ཡང་འོན་ཏེ་མ་དག་མིག་ལྡན་རྣམས་ཀྱིས། ། ་གལ་ཏེ་དངོས་པོའི་ཚོགས་རྣམས་མཐོང་གྱུར་ནས་སྔ་ཕྱི་འགལ་བ། །མཆིས་ནམ་མཁས་པ་རྣམས་ལ་བདག་ནི་བཟོད་པར་གསོལ་ལོ། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།སློབ་དཔོན་ཆེན་པོ་སཱ་དྷུ་པུ ་ཏྲ་ས་དྷརྨཱ་ཀ་ར་ཤནྟིའི་དོན་དུ་མཛད་པའོ།། །།རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཝཱ་གཱི་ཤྭ་ར་གུཔཏ་དང། སྒྲ་བསྒྱུར་གྱི་ལོཙྪ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།དཔལ་དུས་ཀྱི་འཁོར ་ལོའི་དཀྱིལ་འཁོར་ཆོ་ག་བཞུགས་སོ།།)་།།*།། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་མཎྜལ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆོ་ག་།དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་གི ་