| Wylie | e-texts based on the ACIP/ALL Input |
ཞབས་ཀྱིས་མཛད་པ་རྫོགས།། །།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང། བོད་ཀྱི་ལོཙྪ་བ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ། (།།དཔལ་དུ་དཀྱིལ་འཁོར་ལོའི་སྒྲུབ་ཐབས་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ ་ཙཀྲ་སཱ་དྷ་ན་ནཱ་མ་ནི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་སྲིད་གསུམ་མགོན་པོ་མཆོག་ཏུ་བདེ་བའི་བདག་ཉིད་རྣམ ་པར་རྟོག་པ་མ་ལུས་རབ་ཏུ་སྤངས། །སྤྲོ་དང་སྡུད་པའི་རྒྱུར་གྱུར་དངོས་དང་དངོས་མེད་མཉམ་པའི་ཡེ་ཤེས་སྐྱེ་དང་འཇིག་པ་རྣམ་པར་བྲལ། །སྐྱེ་བོ་རྣམས་ཀྱི་བསམ་པ་རྣམས་ལ་དགོངས་ཏེ་ཧཱུཾ་ཡིག་ལ་སོགས་ལས་བྱུང་དཀྱིལ་འཁོར་གྱིས་ནི་བསྐོར། །བདེན ་པ་དག་ལ་གནས་པའི་མཆོག་གི་སྙིང་རྗེ་དང་ལྡན་དང་པོའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །འཇམ་པའི་དཔལ་གྱིས་བསྡུས་རྒྱུད་དུ། །སྒྲུབ་ཐབས་གསུངས་པ་དེ་བཞིན་དུ། །འཇིག་རྟེན་མགོན་གྱིས་འགྲེལ་མཛད་པ། །དེ་དག་བླངས་ཏེ་བྲི་བར་བྱ། །བསྟན ་བཅོས་བརྩམ་པའི་དུས་མེད་ཅིང། །མཛད་ལས་དབྱུང་བར་མ་ནུས་ཀྱང། །བསྒོམ་ཕྱིར་སྒྲུབ་ཐབས་འདི་བྱས་པས། །བློ་ལྡན་རྣམས་ལ་བཟོད་པར་གསོལ། །དང་པོར་སྔགས་པ་མཆོག་ཏུ་སྙིང་རྗེ་དང་ལྡན་པ་གཞན་གྱིས་བྱ་བ་བྱེད་པར་འདོད་པས། ཞི་བ་ལ ་སོགས་ལས་ཀྱི་བྱེ་བྲག་གིས། །རྒྱ་མཚོའི་འགྲམ་ལ་སོགས་པའི་གནས་ཡིད་དུ་འོང་བའི་བསམ་གཏན་གྱི་གནས་སུ། བླ་མ་དང། རྒྱལ་བ་དང། དེའི་སྲས་རྣམས་ལ་གུས་པས། བཅོམ་ལྡན་འདས་དང་པོའི་སངས་རྒྱས་ཀྱི་བྲིས་སྐུ་ལ་སོགས་པ་བཞུགས་སུ ་གསོལ། །མཆོད་པ་དང་མཎྜལ་ལ་སོགས་པ་གཞུང་ནས་བཤད་པ་ལྟར་བཤམས་པ་ལ་འཇམ་པ་ལ་སོགས་པའི་སྟན་ལ་བསྡད་ལ། །ཤིན་ཏུ་གུས་པ་དང་ལྡན་པའི་རང་གི་ཡིད་ཀྱིས་ཕྱག་བཙལ་པ་ལ་སོགས་པ་རྣམས་དང། ཕྱིའི་མཆོད་པ་རྒྱ་ཆེན་པོ ་རྣམས་དབང་པོ་རྣམས་དང་མཉམ་པོར་བཞག་པ་སྟེ། ཇི་ལྟར་གསུངས་པ་ལྟར་དག་པར་བྱས་པའི་བདུད་རྩི་ལྔའི་རི་ལུ་སྲན་མ་ཙ་ན་ཀ་ཙམ་ཁར་བཅུག་ནས། ལུས་དང་ངག་དང། ཡིད་དང་ཡེ་ཤེས་རྣམ་པར་དག་པར་བྱ་བ་ལ་སོགས་པ་རྣམས་བྱ ་བ་ནི། དེ་ཡང་མཆོག་གི་སྙིང་རྗེ་དང་བདུད་རྩིའི་དབང་གིས་སེམས་ལ་བརླན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཔལ་དྲི་མ་མེད་པར་ལྷ་ཉིད་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ལུས་དང་ངག་དང། ཡིད་དང་ཡེ་ཤེས་རྣམ་པར་དག་པར ་གསུངས་པ། ཨོཾ་ཨཱ:ཧཱུཾ་ཧོ་ཧོ་ཀྵ(རྒྱུད་འགྲེལ་རྡོ་རྗེ་ཟླ་བ་ནི་དཀྱིལ་འཁོར་ཆ་བཅུ་དྲུག་པ་ཡོངས་སུ་རྫོགས་པ་ལྟ་བུ་སྔགས་པས་བསམ་མོ། །དེ་ནས་གཙུག་ཏོར་ནས་བསམས་ཏེ་སེན་མོའི་བར་གྱི་ལུས་སྦྲུལ་པགས་པ་རྗེས་པ་ལྟར་བསམ་མོ། །དེ་ལྟར་ཞི་བ་དང་རྒྱས་པ་དག་ལའོ། །དབང་ལ་སོགས ་པ་གཞུང་ཆེས་ཀྱི་དོག་ནས་མ་བྲིས་སོ། །དེ་ནས་ཡང་དེ་ཉིད་དུ་གསུངས་པའི། སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་པར་ཨ:ཡིག་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་དམར་པོ། ཐུགས་ཀར་ཧུཾ་ཡིག་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་སྐུ་མདོག་ནག་པོ། །ལྟེ་བར་ཧོ་ཡིག་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་གདོག་སེར་པོ། གཙུག ་ཏོར་དུ་ཧཾ་ཡིག་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྐུ་མདོག་ལྗང་གུ་གསང་གནས་སུ་ཀྵ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་རྣམས་དགོད་པ་ནི། གསུང་བར་འགྱུར་བའི་སྐུ་མདོག་དང་ཕྱག་མཚན་རྣམས་དང་ལྡན ་པའོ། །འདི་ནི་རྡོ་རྗེའི་ཞལ་དག་པ་དང་རིགས་དྲུག་དགོད་པའི་ངེས་པའོ། །དེ་ནས་ལག་པ་དག་པའི་སྔགས་བརྗོད་དོ། །ོཾ་ཧྲ(རྒྱུད་འགྲེལ་ཀྱི་ལག་པ་མཉེ་བ་ནི་ལག་པ་དག་པའི་ངེས་པའོ། །དེ་ནས་ཨ་ལ་སོགས་པའི་མཐར་ཐུག་པའི་དབྱངས་ཡིག་བཅོ་ལྔ་ནི། ཨ་ཨི་རི་ཨུ་ལི། ཨ་ཨེ་ཨར་ཨཽ་ཨལ། ཧ་ཡ་ར་ཝ་ལ། རྣམས་ལག་པ་གཡོན་པའི་མཐེའུ་ཆུང་གི་རྩ ་བའི་ཚིགས་ནས་བརྩམས་ཏེ། མཐེ་བོའི་བར་གྱི་ཚིགས་རྣམས་ལ་ནམ་མཁའ་ལ་སོགས་པ་དགོད་པའོ། །དེ་ནས་ལག་པ་གཡས་པའི་མཐེ་བོའི་སྟེང་གི་ཚིགས་ནས་བརྩམས་ཏེ། མཐེའུ་ཆུང་གི་ཚོགས་ཀྱི་བར་དུ་ལ་ཡིག་ལ་སོགས་པ་དགོད་པ་ནི། ལཱ་ཝཱ ་རཱ་ཡཱ། ཨཱལ་ཨོ་ཨཱར་ཨི་ཨ(རྒྱུད་འགྲེལ་གྱི་ས་བོན་དང་ལྡན་པས་རྩེ་ལྔའི་ཕྱག་རྒྱ་བཅིངས་ཏེ། གཙུག་ཏོར་ནས་བརྩམས་ནས། རྐང་པའི་སེན་མོའི་བར་དུ་བདག་ཉིད་ལ་རེག་པར་བྱ་ཞིང་སྔགས་བརྗོད་པ། ཨོཾ་ཨཱ:ཧུཾ་ཧོ་ཧཾ་ཀྵ:། ཡ་བཱཀྩིཏྟ་ཛྙཱ་ན་དྷི་བ་ཏེ་བཛྲ་ཀྵ་ཡཱ་མ་མ་ཀཱ་ཡ་བཱཀྩིཏྟ་ཛྙཱ་ན་བཛྲི་བཛྲཱ་ཀཱ་ཡ་སྭཱ་བྷཱ་བཾ་ཀུ་རུ་ཀུ་རུ་སྭཱཧཱ། ་དེའི་ང་རྒྱལ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷ་བཱཏྨ་ཀོ་ཧཾ། ཞེས་པ་ནི་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམ་པར་དག་པའོ། །དེ་ལྟར་རིགས་དྲུག་ལ་དགོད་པར་བྱས་ནས། དེ་ནས་ཡན་ལག་དྲུག་ལ་དགོད་པ་ནི། ལག་པ ་གཉིས་ཐལ་མོ་སྦྱར་བའི་མཐེ་བོ་གཉིས་སྙིང་གར་གཏད་དེ། ཨོཾ་ཧལཱི་ཧྲི་ད་ཡཱ་ཡ་ནཱ་མ། ཞེས་པའོ། །མགོ་བོར་ཨོཾ་ཧཱུཾ་སི་ར་སེ་སྭཱཧཱ། ཞེས་པའོ། །གཙུག་ཏོར་ལ་ཨོཾ་ཧྲཱིཾ་ཤེ་ཁཱ་ཡཻ་བཽ་ཥཊ་ཞེས་པའོ། །ཡན་ལག་ཐམས་ཅད་ལ་ཨོཾ་ཧྲརཱིཾ་ཀ་བ་ཙ་ཡ་ཧཱུཾ ་ཞེས་བརྗོད་ཅིང་ལག་པ་གཉིས་ཀྱིས་ལུས་ཐམས་ཅད་ལ་རེག་པར་བྱའོ། །ོཾ་ཧྲཱི་ནཻ་དྲ་ལ་ཝ་ཥ་ཊ་ཞེས་པས་སོ། །མིག་ལ་ཨོཾ་ཧྲཱ(རྒྱུད་འགྲེལ་གཡོན་གྱིས། མི་དགེ་བའི་བྱ་བ་ལ་གཡས་པས་དགོད་དོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་ར(རྒྱུད་འགྲེལ་དབུས་སུ་དང་པོར་འཁོར་ལོ་བཞི་བསྒོམ་པ་ནི། དེ་ནས་དེ་ཉིད་དུ་གསུངས་པ་ལྟར་སྲུང་བའི་འཁོར་ལོ་རྣམ་པར་བསམ་པར་བྱ་བའི་ཕྱིར། དེ་ཡང་དང་པོར་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་འོག་དང་སྟེང་དུ་ཧཱུཾ་ཡིག་ཡོངས་སུ ་གྱུར་པ་ལས་རྡོ་རྗེ་ཁ་སྦྱོར་རོ། །དེ་ནས་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དང། ཝཾ་ཡིག་ཡོངས་སུ་གྱུར་པ་ལས། ཆུའི་དཀྱིལ་འཁོར་དང། ལཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་རྣམས་རིམ་པ་བཞིན་དུ། །ཁ་དོག་ནག ་པོ་དང། དམར་པོ་དང། དཀར་པོ་དང། སེར་པོ་རྣམས་ཀྱི་འོག་དང་སྟེང་དུ་ཧུཾ་ཡིག་ཡོངས་སུ་གྱུར་པ་ལས་རང་རང་གི་ཁ་དོག་དང་བཅས་པའི་རྡོ་རྗེ་གཉིས་གཉིས་དང་བཅས་པ་རྣམས། གཞུའི་དབྱིབས་དང། གྲུ་གསུམ་དང། ཟླུམ་པོ་དང། གྲུ་བཞིའི་རྣམ ་པ་ལ་རླུང་ཡབ་དང། བཀྲ་ཤིས་པདྨ་དང་འཁོར་ལོ་རྣམས་ཀྱི་སྤྲས་པ་གེ་བར་བྱའོ། །དེ་ནས་ཡང་དེ་ཉིད་དུ་གསུངས་པ་ལྟར་དཀྱིལ་འཁོར་བཞི་གཅིག་ཏུ་གྱུར་པ་སྔ་དྲོའི་གྲིབ་མའི་མཚམས་དང། གྲོང་ཁྱེར་གྱི་མཚམས་དང། ཕྱི་རོལ་དུ་ནམ་མཁའ་དང་ས ་གཞི་འདུས་པར་སྣང་བའི་མཚམས་སུ་སྟེ། དེ་ཡང་དཀྱིལ་འཁོར་གཞི་གཅིག་ཏུ་གྱུར་པ་གྲུབ་བཞི་རྒྱ་དང་ལྡན་པའི་གཞལ་ཡས་ཁང་བསྒོམ་པ་དང། དེ་ལྟར་རབ་གསུམ་བསྒོམ་པ་དང། དེ་ལྟར་གྲོང་ཁྱེར་སྲུང་བའི་དོན་དུ་གྲོང་ཁྱེར་གྱི་མཚམས་སུ་ར ་བ་ལྔ་བསྒོམ་པར་བྱ་བ་དང། དེ་ལྟར་འོག་ཐམས་ཅད་དུ་རྡོ་རྗེའི་མདུང་དང། སྟེང་དུ་མངའ་ཨི་དྲ་བ་ཤིན་ཏུ་རྣོ་བ་དང། དབུས་སུ་རྡོ་རྗེའི་ས་གཞི་རྣམས་གྲོང་ཁྱེར་གྱི་མཚམས་སུ་བསྒོམ་པར་བྱའོ། །དེ་ནས་གཞལ་ཡས་ཁང་གི་དབུས་སུ་པདྨ་འམ། ་འཁོར་ལོ་ཁྲུ་བཅུ་གཉིས་པ་མུ་ཁྱུད་དང་བཅས་པ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །དབུས་ཀྱི་ལྟེ་བ་ཁྲུ་བཞི་དང་ལྡན་པ་ཉི་མ་དང་བཅས་པའི་གདན་ནོ། །འོན་ཀྱང་འདིའི་བྱེ་བྲག་ནི་ཧཱུཾ་ཡིག་ཡོངས་སུ་གྱུར ་པ་ལས་རྡོ་རྗེའི་ས་གཞི་དང། ཨོཾ་ཡིག་ཡོངས་སུ་གྱུར་པ་འམ། བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དང། བཾ་ཡིག་ཡོངས་སུ་གྱུར་པ་འམ། ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དང། རཾ་ཡིག་ཡོངས་སུ་གྱུར་པ་ལས ་ཉི་མའི་དཀྱིལ་འཁོར་བསྒོམ་ཞེས་བྱའོ། །དེ་ལྟར་ར་བ་ལ་སོགས་པ་བསྒོམས་ནས། ཡང་དེ་ཉིད་དུ་གསུངས་པ་ལྟར་སྔགས་ཀྱི་བྱེ་བྲག་དུ་གྱུར་པ་འདི་ལྟ་སྟེ། ཨོཾ་ཨཱ:ཧཱུཾ་ར་བཛྲ་ཙནདཱ་སཱུརྱ་ར་ཧུཾ་ཀ་ལཱགན་ཡ། ཀ་ཡ་བཱཀྩིཏྟ་ཛྙཱ་ན་བཛྲ་པྲ་ཀྵ་རཱཾ ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་ར་བའི་སྔགས་སོ། །ོཾ་ཧུཾ་བི་ཤྭ་ཀྵ་ཡ་བཛྲ་ཀཱུ་ཌཱ་གཱ་རཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་གཞལ་ཡས་ཁང་གི་སྔགས་སོ། །ོཾ་པ:བི་ཤྭ་བཛྲ་པདྨ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་པདྨའི་སྔགས་སོ། །ོམ་ར:བཛྲ་སཱུརྱ་བཛྲ་སཱུརྱ་སཱ་ནཾ་ཀུ་རུ་ཀུ ་རུ་སྭཱཧཱ། ཞེས་པ་ནི་ཉི་མའི་གདན་གྱི་སྔགས་སོ། །དེ་ནས་དེའི་སྟེང་དུ་ཨཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན། ཀ་ཡིག་ལ་སོགས་པ་གསལ་བྱེད་འདུས་པའི་བདག་ཉིད་ལས། ཟླ་བའི་དཀྱིལ ་འཁོར་བསྒོམ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཡང་དེ་ཉིད་དུ་གསུངས་པ་ཟླ་བའི་དཀྱིལ་འཁོར་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་གཡོན་དང་གཡས་སུ་བསྐོར་བ་དབྱངས་ཡིག་སུམ་ཅུ་ཨ(རྒྱུད་འགྲེལ་པ་ནི། ཨ་ཨི་རི་ཨུ་ལི་འདི་རྣམས་ནི་དང་པོ་ལྔ་བསྡུས་པའོ། །དེ་ཡང་ཡོན་ཏན་གྱི་དབྱེ་བས་ཨ་ཨེ་ཨར་ཨོ་ཨལ་རྣམས་ནི་གཉིས་པ་ལྔ་རྣམས་བསྡུས་པའོ། །དེ་ནས་རྐྱེན་གྱིས་གྱུར་པ་ཧ་ཡ་ར་ཝ་ལ་རྣམས་ནི་གསུམ་པའི་བསྡུས་པ་ལྔའོ། ། ་བསྡུས་པ་བཅོ་ལྔའི་མཐར་ཐིག་ལེ་ནི་ཨཾ་ཡིག་སྟེ། བཅུ་དྲུག་པ་འདི་རྣམས་ནི་གཡོན་བསྐོར་གྱིས་སོ། །དེ་ནས་གཡས་བསྐོར་གྱིས་ནག་པོའི་ཕྱོགས་ཀྱིས་དང་པོ་ལ་སོགས་པ་དགོད་པ། ལཱ་ཝཱ་རཱ་ཡཱ་ཧཱ། །ཱལ་ཨོ་ཨཱར་ཨེ་ཨཱ། ལཱི་ཨུ་རཱི་ཨའི་ཨཱ། དེ་ལྟར་བཅོ་ལྔ ་དང་གནམ་སྟོང་གི་མཐར་ཚེག་དྲག་ནི་ཨཱ:སྟེ་འདི་ནི་དེ་ལྟར་དབྱངས་ཡིག་བཅུ་དྲུག་ཅེས་བྱའོ། །དེ་ནས་དེའི་སྟེང་དུ་ཨ:ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བུ་མོའི་བདག་ཉིད་བསམ་མོ། ། ་ཡང་དེ་ཉིད་དུ་གསུངས་པའི་ཀ་ཡིག་ལ་སོགས་པའི་ཉི་མའི་དཀྱིལ་འཁོར་གསལ་བྱེད་བཞི་བཅུའི་བདག་ཉིད་དེ་ཡང། ཧ་ཡ་ར་ལ་ཝ་རྣམས་དང། །སྡེ་ཚན་དྲུག་སྟེ་སུམ་ཅུ་རྩ་ལྔ་དང། དེ་ཉིད་ཀྱིས་བརྗོད་པས་ལ་ཝ་ཡ་ཌ་ཌཧ་རྣམས་བཟུང་སྟེ། ལླ་ཝཝ་ཌཧ་ཌཧཌཧ ་ལླ་ཝཝ་རར་ཡཡ་ཧཧ་སས་ཝཝ་ཥྵ་ཤཤ་ཥྵ། ཏྟ་ཐཐ་དྡ་དྷྡྷ་ནྣ། པྤ་ཕཕ་བབ་བྷབྷ་མམ། ཊཊ་ཋཋ་ཌཌ་ཌཧཌཧ་ཎྞ། ཏསྩ་ཚཚ་ཛཛ་ཛཧྫཧ་ཉཉ། ཀྐ་ཁྑ་གྒ་གྷྒྷ་ངང། རྣམས་ཏི་བཞི་བཅུ་ཐམ་པ་ས་ལ་སོགས་པའི་དབྱེ་བས་གཡས་བསྐོར་གྱིས་སོ། །དེ་ལྟར་གཡོན་བསྐོར་དུ། ར་གྷ་ག་ཁ་ཀ། ཉ་ཛཧ་ཛ ་ཚ་ཙ། ཎ་ཌཧ་ཊ་ཋ་ཊ། ཀམ་བྷ་བ་ཕ་བ། ན་དྷ་ད་ཐ་ཏ། ཐྐ་ཤ་ཥ་ཝ། ས་ཧ་ཧ་ཧ་ཡ་ར་ཝ་ལ་ཌཧ་ཌ་ཡ་བ་ལ་སྟེ། དེ་ལྟར་བཞི་བཅུ་སྟེ་གསལ་བྱེད་བརྒྱད་ཅུ་ཞེས་སོ། །དེ་ནས་དེ་དག་གིས་དབུས་སུ་ཧཱུཾ་ཡིག་སྔོན་པོ་ལས་བྱུང་བའི་སྣ་ཚོགས ་རྡོ་རྗེ་ཧཱུཾ་གིས་མཚན་པ་སོ་སོར་རྟོགས་ཡེ་ཤེས་ཀྱི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་གསུམ་པོ་གཅིག་ཏུ་འདྲེས་པ་ལ་ཧྲི(རྒྱུད་འགྲེལ་ཅད་རྫོགས་པ་ཧཾ་ཡིག་གི་བདག་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་འོག་ནས་ཕྱག་འཚལ་བའི་སྐབས་སུ་འཆད་པའི་དཔལ་དུས་ཀྱི་འཁོར་ལོ་སྟེ། འོན་ཀྱང་ཕྱག་ཉི་ཤུ་རྩ་དྲུག་པ་ཕྱག་ལྷག་མ་གཉིས་ཀྱིས་གླང་པོ་ཆེའི ་པགས་པ་འཛིན་པ་ལ། ཁ་དོག་སེར་པོ་ཞབས་རྐྱང་བསྐུམ་དུ་བཞུགས་པ། ཞལ་གཅིག་མ་སྤྱན་གསུམ་མ། ཕྱག་གཉིས་ཀྱི་གྲི་གུག་དང་ཐོད་པ་བསྣམས་པ། ཕྱག་རྒྱ་ལྔས་སྤྲས་པའི་སྣ་ཚོགས་ཡུམ་གྱི་མགུལ་ནས་འཁྱུད ་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། སྟག་གི་ཤམ་ཐབས་སྤྱངས་པ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སུ་བདག་ཉིད་བསྒོམ་མོ། །ཡང་དེ་ཉིད་དུ་གསུངས་པ་ལྟར་ཕྱག་རྒྱ་ལ་སོགས་པ་དགོད་པ་ལས། ཕྱག་རྒྱ་དྲུག་རང་གི་ལུས་ལ་དགོད་པ། ཨོཾ་ཧཾ་ཧ། ་བཱ་མ་དཀྵི་ན་ཀཎྞ་ཡོར་བཛྲ་ཀུནཌ་ལེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨཾ་ཨ:ཀ་ཊཡེཾ་ཀཎྛེ་བཛྲ་མེ་ཁཱ་བཛྲ་ཀཎྛི་ཀ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀོ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ཧཱ་བཱ་མ་དཀྵི་ཎ་པཱ་ད་ཡོར་བཛྲ་ནཱུ་བུ་རེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཾ ་ཧ་བཾ་པཉྩཱ་ཀཱ་ར་མཧཱ་ཤཱུ་ནྱེ་སྭ་བྷཱ་ཝ་བཛྲ་ཤི་རོ་མ་ཎི་ཤིར་སི་སརྦཱཾ་གེ་བྷསྨ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཾ་ཨརྡྷ་ན་རི་ཤྭ་ར་བཛྲཱ་རྡྷ་ཙནྡྲ་བཛྲ་ཕཊ་ཕཊ། ཨུརྡྷེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨ་ཨ(རྒྱུད་འགྲེལ་ཞེས་པ་ནི་ཕྱག་རྒྱ་དྲུག་གིས་ཆོ་གའོ། །དེ་ནས་འཆད་པར་འགྱུར་བའི་གླང་པོའི་པགས་པའི་ཕྱག་རྒྱ་བཞིའི་སྔགས་རྣམས་བརྗོད་པར་བྱ་སྟེ། ཨོཾ་ཀྵ:དུརྡཱནྟཱ། བྷཱི་མ་ནཀྵ་ཡཾ་ཀ་ར་བྱཱ་གྷྲ་ཙརྨ་ཀ་ཊཽ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཾ་ཀྵ(རྒྱུད་འགྲེལ་དིརྒྷ་བྱ་ཉྫ་ན་སྭ་བྷཱ་བ་དྱེ་ཏྱ་ཀུ་ལ་ཤ་ཏ་སི་རོ་བྷིརྨུ་ཎྜ་མཱ་ལ་སྐནདྷ་བ་ལཾ་བི་ནི་སྐནདྷེ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ཧི་ཧྲཱི་ཧུ་ཧལཱི་པཉྩ་སྐནདྷ་བི་ཤུདྡྷ་སྭ་བྷཱ་བ་ཤི་ར་སི་ཀ་པཱ་ལ་མཱ་ལེ་ཧུཾ་ཧཱུཾ་ཕཊ་ཕཊ། ཞེས་པ་ནི་ཕྱག་རྒྱ་བཞིའི་ཆོ་གའོ། །དེ་ལྟར་ཕྱག་རྒྱ་བཅུ་རྣམས་ཕ ་རོལ་ཏུ་ཕྱིན་པ་བཅུའི་དབྱེ་བ་དང། གནས་བཅུ་དྲུག་གི་དབྱེ་བས་སྟོང་པ་ཉིད་བཅུ་དྲུག་ཅེས་པ་ནི་ཕྱག་རྒྱ་དགོད་པའི་ཆོ་གའི་རིམ་པའོ། །དེ་ནས་གཡོན་དང་གཡས་ཀྱི་ཕྱག་མཚན་གྱི་ས་བོན་རྣམས་བརྗོད་པར་བྱ་སྟེ། ཨོཾ་ཀྵྲ(རྒྱུད་འགྲེལ་ཀྵྲ་བཌཧཱ་ཧུཾ་ཕཊ། ཨོཾ་ཀྵྲ(རྒྱུད་འགྲེལ་བཛྲ་ཀུནད་ཧུཾ་ཕཊ། ཨོཾ་ཀྵྲ(རྒྱུད་འགྲེལ་བྷཱཾ་བཛྲ་ཀཱ་པ་ལ་ཧོ་ཕེཾ་ཕཊ། ཨོཾ་ཧཾ་བཛྲ་ནོ་པ་ཏོ་ཕེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པཱ་ཤ་ཧོ་ཕེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་རཏན་ཧོ་ཕེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པདྨ་ཧོ་ཕེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤི་ཁ་ཧོ་ཕེཾ་ཕཊ། ཨོཾ་ཧྭཱཾ་བཛྲཱ་དརཤའོ་ཕེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་ཧོ་ཕེཾ་ཕཊ། ཨོཾ་ཧྭཱཾ་ཙ་ཏུ་ཧྲེ་ཏ་སྭ་བྷཱ་བ་བྲཧམ་ཤི་ར་ཧོ་ཕེཾ་ཕཊ། ཞེས་པ་རྣམས ་ཕྱག་གཡོན་པ་རྣམས་སུ་མཚན་མ་དགོད་པའི་རིམ་པའོ། །དེ་ནས་གླང་པོའི་པགས་པའི་སྔགས་རྣམས་བརྗོད་པ་ནི། །ོཾ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྲི་ཀྵྲཱི་ཀྵུ་ཀྵུ་ཀྵལི་ཀྵལཱི་ཀྵཾ་ཀྵ(རྒྱུད་འགྲེལ་གཡོན་གྱི་སྡིགས་མཛུབ་དང་བཅས་ནས་བཟུང་བ་ནི། གཡས་ཀྱི་མགོ་བོའི་ཕྱོགས་ཀྱི་ལག་པ་དང། གཡོན་གྱི་རྐང་པ་ནས་བཟུང་བར་བསམ་པ་ནི་པགས་པ་བཟུང་བའི་རིམ་པའི་ཆོ་གའོ། །དེ་ནས་ཀླུའི་རྒྱལ་པོ་བཅུ་དགོད་པའི་སྔགས་ནི་ཨོཾ་ཧུཾ་བཛྲ་ཛ་ཡ་ནཱ ་གེནྡྲཱ་བཛྲ་ཛ་ཊཱ་མུ་ཀུ་ཊ་བྷནདྷོ་ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཀྵུཾ་བཛྲ་བི་ཛ་ཡཱ་ན་གེནྡྲ་བཛྲ་པཊཊ་ཕནབྷེ་ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཡཾ་ཧཡཱ་བཛྲ་ཀརྐོ་ཊ་ཀ་བཛྲ་པདམོ་བཱ་མ་དཀྵི་ཎ་ཀུཎྜ་ལ་ཡ(རྒྱུད་འགྲེལ་རུ་ཙ་ཀ་ཡོ། ཏིཥྛ་ཏིཥཐ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྭཾ་ཧྭ་བཛྲཱ་ན་ནྟ་ཀུ་ལི་ཀཽ་མེ་ཁཱ་ལ་ཀཎྠ་ཀ་ཡོ(རྒྱུད་འགྲེལ་མཁའ་འགྲོ་མ་རྣམས་དང་བཅས་པའི་རྐང་པ་བཅུ་དྲུག་པས་བསྡམས་པ་རྣམས་བསྐྲད་པ་དང། བདུད་ལ་སོགས་པ་བསྐྲད་པའི་སྔགས་དུས་ཀྱི་འཁོར་ལོའི་སྔགས་པས་ཡང་ནས་ཡང་དུ་བཟླས་པ་འདི ་ལྟ་སྟེ། ཨོཾ་ན་མོ་བཛྲ་སཏྭཱ་ཡ། ན་མོ་བུདྡྷ་བོ་དྷི་སཏྭེ་བྷཡ། ན་མོ་བཛྲ་ཀྲོ་དྷེནྡྲ་རཱ་ཛེ་བྷཡ། ན་མོ་བི་ཤཱ་མཱ་ཏྲེ། ན་མོ་བུདྡྷ་བོ་དྷི་སཏྭ་དེ་བི་བྷཡ། ན་མོ་བཛྲ་ཌཱ་ཀི་ནཱི་བྷཡེ། ཨོཾ་ན་མོ་བྷ་ག་བ་ཏེ་ཀཱ་ལ་ཙ་ཀྲཱ་ཡ། བཛྲ་བཻ་ར་པ་བྷཱི་ཀ་རཱ་ཡ་མ་ཧེནྡྲ་ནཱི་ལ ་བཎྜ་ཤ་བ་རཱི་རཱ་ཡ། མཱ་ར་ཀླེ་ཤ་ཧྲི་ད་ཡཱ་ཀྲཱནྟ་སཱི་ཏ་རཀྟ་ཙ་ར་ཎཱ་ཡ། ཀྲིཥྞ་རཀྟ་སི་ཏ་ཀཎྛཱ་ཡ་ཎི་ལ་སི་ཏ་པཱི་ཏ་རཀྟ་དཾཥཌཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ཀྲིཥྞ་རཀྟ་སི་ཏ་ས་བྱེ་ཏ་ར་ཀནདྷ་ཡ། དྭ་ད་ཤ་བྷུ་ཛ་ཡ། ཥ་ཌ་བིཾ་ཤ་ཏི་ཀ་རཱ་ཡ། བཛྲ ་ཁཌག་ཏྲི་ཤཱུ་ལ་ཀརྟ་རི་བཱ་ཎ་ཨཾ་ཀུ་ཤ་མ་རུ་ཀ་མུངྒ་ར་ཙཀྲ་ཀུནྟ་དཎྜ་པརཤུ་བཛྲ་གྷཎྜ་ཁེ་ཊ་ཁ་ཊཝཱཾ་ག་ཀ་པཱ་ལ་ཙཱ་པ་པཱ་ཤ་རདན་ཀ་མ་ལ་ཤཾ་ཁ་ཨཱ་དརཤ་ཤྲཱི་ཁ་ལ་བྲཧམ་ཤི་རོ་ག་ཛ་ཙར་མ་དྷྲིཀྐཱ་རཱ་ཡ། བྱགྷྲ་ཙརྨ་ཎི་བ་ས་ནཱ་ཡ། ཀནདྷེ་མུཎྜ་མཱ་ལཱ ་བ་ལཾ་བི་ན་ཤི་ར་སི་བཛྲ་པ་ཊཊ་མུ་ཀུ་ཊེ་བཛྲ་ཀ་པཱ་ལཱ་མ་ལཱརྡྷ་ཙནྡྲ་དྷ་ར་ཡ། ཀུཎྜ་ལ་རུ་ཙ་ཀ་ཀཎྜི་ཀ་མེ་ཁ་ལཱ་ནཱུ་པཱུ་ར་བྷསྨ་ཡཛྙོ་པ་བཱི་ཧ་ཤི་རོ་མ་ཎི་མ་ཧཱ་མུ་དྲཱ་ནཱ་གེནྡྲ་བི་བྷུ་ཥ་ཎཱ་ཡ། བཛྲ་ཌ་ཀི་ནཱི་སཾ་ཏེ་ཥེ་ཏ་ཧྲི་ད་ཡཱ་ཡ། ཨིནྡྲགནི་ཡ་མ་ནཻ ་རི་ཏྱ་བཱ་རུ་ཎ་བཱ་ཡུ་ཀུ་བེ་རེ་ཤཱ་ན་བྲཧམ་བིཥྞུ་བི་ནཱ་ཡ་ཀ་ཀརྟི་ཀེ་ཡ་ནནདི་མཧཱ་ཀཱ་ལ་གྲ་ཧ་ནཀཱ་ཏྲཀྵེ་ཏྲ་པཱ་ལ། སུ་རེ་ན་སུ་རེནྡྲ་པ་ཎཱི་ད་བྷུ་ཏེནྡྲ་ན་རེནྡྲ་སཾ་སྟུ་ཏ་ཙ་ར་ཎཱ་ཡ། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་རྐང་པ་བཅུ་དྲུག་པའི་སྔགས་སོ། །བདུད ་རིགས་བརྒྱའི་ཕྲེང་བའི་སྔགས་ཀྱི་ས་བོན་རྣམས་ནི་གོང་དུ་སྔགས་བརྗོད་པའི་སྐབས་སུ་བཤད་པས་འདིར་མ་བྲིས་སོ། །རྐང་པ་བདུན་ཅུ་རྩ་གཉིས་པ་ནི་གཞུང་ཆེས་དོགས་པས་མ་བྲིས་སོ། །དེ་ནས་རྡོ་རྗེ་དགོད་པར་བྱ་བ་དེ་ཉིད་གསུངས ་པ་ལྟར་དཔལ་དང་ལྡན་པའི་ཡན་ལག་རྣམས་ལ་དགོད་པ་ནི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་དཀར་པོ་ལ་ཨོཾ་ཡིག་དགོད་དོ། །མགྲིན་པར་ཉི་མའི་དཀྱིལ་འཁོར་དམར་པོ་ལ་ཨཱ:ཡིག་དགོད་དོ། །སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པ་ལ་ཧཱུཾ་ཡིག ་དགོད་དོ། །ལྟེ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཧོ་ཡིག་དགོད་དོ། །གཙུག་ཏོར་དང་གསང་བར་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྗང་གུ་དང་སྔོན་པོ་ལ་ཧཾ་ཀྵ(རྒྱུད་འགྲེལ་བསྒོམས་ལ་དཀྱིལ་འཁོར་དེ་རྣམས་ཉིད་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ས་བོན་དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམས་ཏེ། རྩེ་མོ་བཅུ་བདུན་པ་དང། རྩེ་མོ་སུམ་ཅུ་སོ་གསུམ་པ་དང། རྩེ་མོ་དགུ་པ་དང། རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང། རྩེ་མོ་ལྔ་པ་དང ་ཡང་རྩེ་མོ་སུམ་ཅུ་གསུམ་པ་ཞེས་པ་སྟེ། རྡོ་རྗེ་རྣམས་ཀྱང་སོ་སོའི་དཀྱིལ་འཁོར་གྱི་ཁ་དོག་དང་འདྲ་བར་ཇི་ལྟར་གསུངས་པའི་ཚད་ལྟར་བསྒོམ་པར་བྱ་སྟེ། ཡང་དེ་ཉིད་ནས་གསུངས་པ་ལྟར་རྡོ་རྗེ་ནོར་བུ་རྣམ་པར་དག་པ་སོར་གཅིག་བསྒོམ་པར ་བྱའོ། །སྤྱི་གཙུག་གི་འཁོར་ལོ་རྣམ་པར་དག་པ་སོར་གཉིས་པའོ། །དཔྲལ་བའི་འཁོར་ལོ་རྣམ་པར་དག་པ་སོར་བཞི་པའོ། །མགྲིན་པའི་འཁོར་ལོ་རྣམ་པར་དག་པ་སོར་ལྔ་པའོ། །སྙིང་གའི་འཁོར་ལོ་རྣམ་པར་དག་པ་སོར་བརྒྱད་པའོ། །ལྟེ་བའི ་འཁོར་ལོ་རྣམ་པར་དག་པ་སོར་དགུ་པའོ། །གསང་གནས་ཀྱི་འཁོར་ལོ་རྣམ་པར་དག་པ་སོར་བཅུ་གཉིས་པའོ། །དེ་ནས་གཡོན་གྱི་དཔུང་མགོའི་ཚིགས་ལ་ར་དྲི་དུ་དལི་དཾ། གྷ་གྷི་གྷྲི་གྷུ་གྷལི་གྷཾ་།ག་གི་གྲི་གུ་གླི་གཾ་།ཁ་ཁི་ཁྲི་ཁུ་ཁལི་ཁཾ་།ཀ་ཀི་ཀྲི་ཀུ་ཀླི ་ཀཾ་།ཞེས་པ་ནམ་མཁའ་ལ་སོགས་པ་སྟེ། ཐུང་ངུ་དྲུག་གི་དབྱེ་བ་དང། ཀའི་སྡེ་ཚན་ཡོངས་སུ་གྱུར་པ་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པ་བསྒོམ་པར་བྱའོ། །དེ་ནས་དཔུང་མགོ་གཡས་པའི་ཚིགས་ལ། ཀྐཱ:ཀྐལཱི་ཀྐཱུ་ཀྐརཱི་ཀྐཱི་ཀྐཱཾ། ཁྑཱ(རྒྱུད་འགྲེལ་གྒཱ:གྒལཱི་གྒཱུ་གྒརཱི་གྒཱི་གྒཱཾ་།གྒྷཱ:གྒྷལཱི་གྒྷཱུ་གྒྷྲཱི་གྒྷཱི་གྒྷཱཾ། ངང(རྒྱུད་འགྲེལ་ལས་ཀྱི་འཁོར་ལོ་བཅུ་གཉིས་རྣམས་ལ་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ཡང་དེ་ཉིད་དུ་གསུངས་པ་ལྟར་གྲུ་མོ་གཡོན་པ་ལ་ཅོའི་སྡེ་ཚན་ཐུང་ངུའི་བདག་ཉིད་དོ། །གྲུ་མོ་གཡས་པ་ལ་རིང་པོའི་བདག་ཉིད་དོ། །དེ་ལྟར་གཡོན ་པའི་མཁྲིག་མའི་ཚིགས་ལ་ཊའི་སྡེ་ཚན་ཐུང་ངུ་རྣམས་སོ། །གཡས་པའི་མཁྲིག་མའི་ཚིགས་ལ་རིང་པོ་རྣམས་སོ། །གཡོན་གྱི་སྦྱིན་མགོའི་ཚིགས་ལ་པའི་སྡེ་ཚན་ཐུང་ངུ་རྣམས་སོ། །གཡས་ཀྱི་སྤྱི་མགོའི་ཚིགས་ལ་རིང་པོ་རྣམས་སོ། །པུས་མོ ་གཡོན་པའི་ཚིགས་ལ་ཏའི་སྡེ་ཚན་ཐུང་ངུ་རྣམས་སོ། །པུས་མོ་གཡས་པའི་ཚིགས་ལ་རིང་པོ་རྣམས་སོ། །ལོང་བུ་གཡོན་པའི་ཚིགས་ལ་སའི་སྡེ་ཚན་ཐུང་ངུ་རྣམས་ཀྱི་རང་བཞིན་ནོ། །ལོང་བུ་གཡས་པའི་ཚིགས་ལ་རིང་པོའི་བདག་ཉིད་དོ། ། ་ཞེས་པ་ནི་ཚིགས་རྣམས་ལ་རྡོ་རྗེ་དགོད་པའི་ཆོ་གའོ། །རྡོ་རྗེ་དེ་རྣམས་ཀྱང་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་གྱི་ཚང་དང་མཉམ་པ། དེ་ཉིད་ཀྱིས་བསྒོམ་པར་བྱའོ། །དེ་ནས་རིམ་པ་དེ་བཞིན་བྱ་བའི་འཁོར་ལོ་རྣམས་ལ། ལག་པ་གཡོན ་པའི་མཐེ་ཆུང་ནས་བརྩམས་ཏེ། རྩ་བའི་ཚིགས་རྣམས་ལ་ཐུང་ངུ་དྲུག་གི་དབྱེ་བས་ཀའི་སྡེ་ཚན་དེ་ལ་སོགས་པ་དྲུག་དྲུག་ལས་བྱུང་པའི་རྩེ་མོ་བདུན་བདུན་དང་ལྡན་པའི་རྡོ་རྗེ་ལྔ་བསྒོམ་པར་བྱའོ། །དེ་ལྟར་གཡས་ཀྱི་མཐེ་བོའི་ཚིགས ་སྟེང་མ་ནས་བརྩམས་ཏེ། ཚིགས་ལྔ་ལ་རིང་པོ་དྲུག་དང་ལྡན་པའི་ཀྐཱ་ལ་སོགས་པ་དྲུག་དྲུག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམས་སོ། །གཡོན་གྱི་སོར་མོའི་དབུས་ཀྱི་ཚིགས་རྣམས་ལ་ཅོའི་སྡེ་ཚན་ཐུང་ངུའི་བདག་ཉིད་ལས་རྡོ་རྗེ་རྣམས་སོ། ། ་གཡོན་གྱི་སོར་མོའི་དབུས་ཀྱི་ཚིག་རྣམས་ལ་རིང་པོའི་བདག་ཉིད་རྣམས་ལས་སོ། །གཡོན་གྱི་སོར་མོའི་སྟེང་གི་ཚིགས་ལ་ཊའི་སྡེ་མཚན་ཐུང་ངུའི་བདག་ཉིད་རྣམས་སོ། །གཡས་ཀྱི་སོར་མོའི་རྩ་བའི་ཚིགས་རྣམས་ལ་རིང་པོའི་བདག་ཉིད་ལས་སོ།། ་རྐང་པ་གཡོན་གྱི་སོར་མོའི་ཚིགས་རྣམས་ལ་སྔ་མ་ལྟར་པའི་སྡེ་ཚན་ཐུང་ངུ་རྣམས་ཀྱིས་བདག་ཉིད་ལས་སོ། །རྐང་པ་གཡས་པའི་ཚིགས་རྣམས་ལ་སྔ་མ་ལྟར་རིང་པོ་རྣམས་ཀྱི་བདག་ཉིད་ལས་སོ། །དེ་ནས་གཡོན་པའི་ཚིགས་རྣམས་སྔ་མ་ལྟར ་ཏའི་སྡེ་ཚན་ཐུང་ངུ་རྣམས་ཀྱི་བདག་ཉིད་ལས་སོ། །གཡས་པ་ལ་རིང་པོའི་བདག་ཉིད་ལས་སོ། །དེ་ལྟར་གཡོན་པའི་ཚིག་རྣམས་ལ་སའི་སྡེ་ཚན་ཐུང་ངུའི་བདག་ཉིད་རྣམས་ལས་སོ། །གཡས་པའི་ཚིགས་ལ་རིང་པོའི་བདག་ཉིད་ལས་རྡོ་རྗེ་རྣམས ་ཏེ་རིམ་པ་བཞིན་སྡེ་ཚན་རྣམས་ཡོངས་སུ་དག་པ་ལ་ལྗང་གུ་དང། ནག་པོ་དང། དམར་པོ་དང། དཀར་པོ་དང། སེར་པོའི་ཁ་དོག་རྣམས། སོ་སོའི་ཚིགས་ཀྱི་ཚད་ཀྱིས་སོ། །དེ་ནས་རྣ་བ་ལ་སོགས་པའི་རྡོ་རྗེ་དགོད་པ་ནི། དེ་ཉིད་ལས་གསུངས ་པ་ལྟར། རྣ་བ་དག་ཏུ་ཨ་ཨཱ་དག་ལས་རྡོ་རྗེ་རྩེ་གསུམ་པ་བསྒོམ་པར་བྱའོ། །སྣ་བུག་དག་ཏུ་ཨེ་ཨི་དག་ལས་སོ། །མིག་དག་ཏུ་ཨར་ཨཱར་དག་ལས་སོ། །ལྕེ་དང་མཆུ་དག་ལ་ཨོ་ཨཽ་དག་ལས་སོ། །རྡོ་རྗེ་དང་གསང་བ་དག་ལ་ཨལ ་ཨཱལ་དག་ལས་སོ། །ཡིད་དང་ཁུ་བ་འཛག་པའི་རྩ་དག་ལ་ཨཾ་ཨ:དག་ལས་ཏེ། འདི་རྣམས་ཀྱང་རིམ་པ་ཇི་ལྟ་བ་བཞིན་ཁ་དོག་གི་གཡེ་བ་དང་ལྡན་པར་སོར་གཅིག་གི་ཚད་ཀྱིས་སོ། །ཡང་དེ་ཉིད་དུ་གསུངས་པ་ལྟར་རྣམ་ལ་རྡོ་རྗེ་སོར ་གཅིག་པ་ཞེས་པས་སོ། །དེ་ནས་གཙུག་ཏོར་ལ་སོགས་པ་རྣམས་ལ་རྡོ་རྗེ་དགོད་པ་ནི། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་གཙུག་ཏོར་དང་མགོ་བོ་དག་ལ་ཧ་ཧཱ་དག་ལས་རྡོ་རྗེ་རྩེ་ལྔ་པའོ། །ལྕེ་དང་རྐན་དག་ལ་ཡ་ཡཱ་དག་ལས་རྡོ་རྗེ་རྩེ་ལྔ་པའོ། ་ལག་མཐིལ་དག་ལ་ར་རཱ་དག་ལས་སོ། །རྐང་མཐིལ་དག་ལ་ཝ་ཝཱ་དག་ལས་སོ། །འཕོངས་ཀྱི་གཡས་གཡོན་དག་ལ་ལ་ལཱ་དག་ལས་སོ། །དེ་ལྟར་རྡོ་རྗེའི་ལུས་སུ་བདག་ཉིད་བསྒོམ་པར་བྱ་བ་ནི། དེ་རྣམས་ཀྱི་གཙུག་ཏོར་ལ་སོགས་པ་རྣམ ་པར་དག་པ་གསུངས་པའི་མཚན་ཉིད་དོ། །དེ་ནས་བདུད་ཀྱི་ཚོགས་བསྲེག་པ་ནི། དེ་ཡང་དེ་ཉིད་ནས་གསུངས་པ་ལྟར། དེ་རྣམས་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་འབར་བས་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་ཚོགས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ ་རྣམས་བསྲེགས་ནས། སྟེང་དུ་ལྗང་གུ་འབར་བ་དང། འོག་ཏུ་སྔོན་པོ་འབར་བ་དང། ཤར་དང་ཤར་ལྷོར་ནག་པོ་འབར་བ་དང། ལྷོ་དང་བདེན་བྲལ་དུ་དམར་པོ་འབར་བ་དང། བྱང་དང་དབང་ལྡན་དུ་དཀར་པོ་འབར་བ་དང། ནུབ་དང་ནུབ་བྱང་དུ་སེར་པོ་འབར་བ་དང་ཞེས་སོགས ་བདུད་ཀྱི་ཚོགས་བསྲེགས་པ་རི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཨཱ:ཧཱུཾ་ཧོ་ཧཾ་ཀྵ:ཧྲ:ཧྲ:ཧྲ:ཧྲ:ར་ར་ར་ར་བཛྲ་ཨ་ན་ལས་?་བར་ཎ་དྷརྨཱ་པྲ་ལ་ཡ་སྭ་བྷཱ་བ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བི་ནཱ་ཡ་ཀཱ་དཱི་ནཱཾ་ད་ཤ་དིགྒཱ་ཏྭཱ་ནཾ་ཀཱ་ཡ་བཀྩིཏྟཱ་ནི། ད་ཧ་ད་ཧ། པ་ཙ་པ་ཙ་བྷསྨི་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་པ་ནི་བདུད་རྣམས་རྣམ་པར ་སྲེག་པའི་ཆོ་གའོ། །དེ་ནས་ལུས་དང་ངག་དང་ཡིད་ཀྱི་ཆོས་རྣམ་པར་དག་པ་གཞལ་ཡས་ཁང་དང། ར་བ་གསུམ་དང། ར་བ་ལྔ་རྣམས་ཀྱིས་ནང་དང། ཕྱི་རོལ་བསྲུང་བའི་དོན་དུ། ཁྲོ་བོ་ལ་སོགས་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་སྤྲོ་བར་བྱའོ། །དེ་ནས་ཡང ་དེ་ཉིད་ནས་གསུངས་པ་ལྟར་དང་པོར་རྡོ་རྗེ་ཤུགས་སུ་བདག་ཉིད་བསྒོམས་ལ། དེ་ཉིད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧ་ཡ་ར་ཝ་ལ་རྣམས་བརྩེགས་པའི་གཟུགས་སུ་བསམ་མོ། །དེའི་སྟེང་དུ་ཧ་ལས་བྱུང་བའི་འཆད་པར་འགྱུར་བའི་ཕྱག ་དང་མཚན་མ་དང་ཞལ་རྣམས་དང་ལྡན་པའི་སྐུ་མདོག་ལྗང་གུ་སྣ་བུག་གཡོན་པ་ནས་སྤྲོས་ཏེ། གཙོ་བོའི་དབུའི་སྟེང་དུ་གཞལ་ཡས་ཁང་གི་ནང་དུ་ཟླ་བ་འམ་ཉི་མའི་སྟེང་དུ་གཙུག་ཏོར་ཅན་གཡས་བརྐྱང་དུ་བཞུགས་པའོ། །དེ་ལྟར་ཧཱ་ཡིག ་རིང་པོ་ལས་བྱུང་བའི་གནོད་མཛེས་རྒྱལ་པོ་ཁ་དོག་སྔོན་པོ་སྣ་བུག་གཡས་ནས་བཏོན་ནས་རྡོ་རྗེའི་ས་གཞིའི་སྟེང་དུ་ཉི་མ་འམ་ཟླ་བ་ལ་དགོད་དོ། །དེ་ལྟར་ཡི་ཡིག་ལས་བྱུང་བའི་བགེགས་མཐར་བྱེད་ཁ་དོག་ནག་པོ། སྣ་བུག་གཡོན་ནས་བྱུང་ནས་ཤར ་ཕྱོགས་སུ་ཟླ་བ་འམ་ཉི་མ་ལ་དགོད་པར་བྱའོ། །དེ་ལྟར་ཡཱཾ་ཡིག་ལས་ཡོངས་སུ་རྫོགས་པའི་དབྱུག་སྔོན་ཅན་ཁ་དོག་ནག་པོ་སྣ་བུག་གཡས་ནས་བཏོན་ཏེ། མེའི་མཚམས་སུ་ཉི་མ་འམ་ཟླ་བ་ལ་དགོད་དོ། །རཱི་ཡིག་ལས་བྱུང་བའི་ཤེས་རབ་མཐར ་བྱེད་སྐུ་མདོག་དམར་པོ། མིག་གཡོན་ནས་བཏོན་ནས་ལྷོ་ཕྱོགས་སུ་ཟླ་བ་འམ། ཉི་མ་ལ་དགོད་དོ། །དེ་ལྟར་རཱི་ཡིག་ལས་ཡོངས་སུ་རྫོགས་པའི་འདོད་པའི་རྒྱལ་པོ་དམར་པོ་མིག་གཡས་ནས་བཏོན་ཏེ་བདེན་བྲལ་དུ་ཉི་མ་འམ་ཟླ་བ་ལ་དགོད ་པར་བྱའོ། །དེ་ལྟར་ཝུ་ཡིག་ལས་ཡོངས་སུ་རྫོགས་པའི་པདྨ་མཐར་བྱེད་དཀར་པོ་ལྕེ་ལས་བཏོན་ཏེ། བྱང་དུ་ཟླ་བ་འམ་ཉི་མ་ལ་དགོད་དོ། །ཝུ་ཡིག་ལས་ཡོངས་སུ་རྫོགས་པའི་མི་གཡོ་བ་དཀར་པོ་དྲི་ཆུའི་ལམ་ནས་བཏོན་ཏེ། དབང་ལྡན་གྱི་མཚམས ་སུ་ཟླ་བ་འམ་ཉི་མ་ལ་དགོད་དོ། །ལི་ཡིག་ལས་ཡོངས་སུ་རྫོགས་པའི་གཤིན་རྗེ་མཐར་བྱེད་སེར་པོ་ཆུ་མིན་གྱི་ལམ་ནས་བཏོན་ཏེ། ནུབ་ཕྱོགས་སུ་ཟླ་བ་འམ་ཉི་མ་ལ་དགོད་དོ། །དེ་ལྟར་ལི་ཡིག་ལས་ཡོངས་སུ་རྫོགས་པའི་སྟོབས་པོ་ཆེ་སེར་པོ ་རྡོ་རྗེ་གཙུག་ཏོར་ནས་བཏོན་ཏེ། རླུང་གི་མཚམས་སུ་ཟླ་བ་འམ་ཉི་མ་ལ་དགོད་པར་བྱའོ། །ཡང་ན་བསྡུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་ནས་ཐམས་ཅད་ཉི་མའི་གདན་ལ་བཞུགས་པ་སྟེ། དུས་ཀྱི་འཁོར་ལོ་དགོས་པའོ། །དེ་ནས་གཞལ་ཡས་ཁང ་གི་ཕྱི་རོལ་དུ་ཟད་པར་ནམ་མཁའ་ལ་སོགས་པ་སྤྲོ་བ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ང་ཉ་ཎ་མ་ན་རྣམས་བརྩེགས་པའི་གཟུགས་སྐུ་བསྒོམས་ལ་ང་ངཱ་ལས་ཡོངས་སུ་རྫོགས་པའི་ཟད་པར ་ནམ་མཁའ་སྔོན་དུ་བཤད་པའི་སྒོ་རྣམས་ནས་བཏོན་ཏེ། གཞལ་ཡས་ཁང་གི་སྟེང་དང་གནང་མཛེས་རྒྱལ་པོའི་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་ཉི་ཉཱི་དག་ལས་ཡོངས་སུ་རྫོགས་པའི་ཟད་པར ་རླུང་ཤར་དང་མེ་མཚམས་སུ་རླུང་གི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་ཎརི་ཎྞརི་དག་ལས་ཡོངས་སུ་རྫོགས་པའི་ཟད་པར་མེ་ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་མུ་མཱུ་དག་ལས་ཡོངས་སུ་རྫོགས་པའི་ཟད་པར་ཆུ། ། ་བྱང་དང་དབང་ལྡན་གྱི་མཚམས་སུ་ཆུའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་ཎལི་ཎལཱི་དག་ལས་ཡོངས་སུ་རྫོགས་པའི་ཟད་པར་རླུང་ཤར་དང་མེ་མཚམས་སུ་སའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་ལྟར་གྷ་ཛཧ་ཌཧ་བྷ་དྷ་རྣམས་བརྩེགས་པའི་ཡི་གེ ་བསྒོམས་ལ་དེ་རྣམས་ལས་ཕྱོགས་སྐྱོང་བཅུ་སྤྲོ་བ་ནི། གྷ་གྷ་དག་ལས་ཡོངས་སུ་རྫོགས་པའི་ཚངས་པ་དང་ཁྱབ་འཇུག་ལྗང་གུ་དང་སྔོན་པོ། ངང་པ་དང་བྱ་ཁྱུང་ལ་གནས་པ། ར་བ་ལ་ཕྱོགས་པ། སྟེང་དུ་བྱ་ཁྱུང་ལ་གནས་པ། སྟེང་དུ་ཚངས་པ། ་འོག་ཏུ་ཁྱབ་འཇུག་གོ་།དེ་ནས་ཛཧི་ཛཧཱི་དག་ལས་ཡོངས་སུ་རྫོགས་པའི་བདེན་བྲལ་དང་རླུང་ལྷ་དག་།ཁ་དོག་ནག་པོ། ཡི་དགས་དང་རི་དགས་ལ་གནས་པ་ཤར་དང་མེ་མཚམས་སུའོ། །དེ་ལྟར་ལྷོ་དང་བདེན་བྲལ་དུ། ཌཧྲི་ཌཧཱི་ལས་ཡོངས་སུ་རྫོགས ་པའི་གཤིན་རྗེ་དང་མེ་ལྷ། ཁ་དོག་དམར་པོ་མ་ཧེ་དང་ལུག་ལ་གནས་པའོ། །དེ་ལྟར་བྱང་དང་དབང་ལྡན་དུ་བྷུ་བྷཱུ་དག་ལས་ཡོངས་སུ་རྫོགས་པའི་བརྒྱ་མཚོ་བདེ་བྱེད། ཁ་དོག་དཀར་པོ་ཆུ་སྲིན་དང་ཁྱུ་མཆོག་ལ་གནས་པའོ། །དེ་ལྟར་ནུབ་དང ་རླུང་དུདྷལི་དྷལཱི་དག་ལས་ཡོངས་སུ་རྫོགས་པའི་དབང་པོ་དང་གནོད་སྦྱིན། ཁ་དོག་སེར་པོ་གླང་པོ་ཆེ་དང་བི་མ་ན་ལ་གནས་པའོ། །དེ་ལྟར་ཕྱོགས་སྐྱོང་རྣམས་ར་བའི་ནང་དུ་བསྒོམ་པར་བྱའོ། །དེ་ནས་ར་བ་བསྲུང་བའི་དོན་དུ་བཟའ་རྣམས་བསྒོམ་པར་བྱའོ། ། ་སྔོན་དུ་གསུངས་པའི་ཉི་མའི་དཀྱིལ་འཁོར་ལ། ག་ཛ་ཌ་པ་ད་རྣམས་བརྩེགས་པའི་ཚུལ་དུ་གནས་པ་ལས། ག་གཱ་དག་ལས་ཡོངས་སུ་རྫོགས་པའི་སྒྲ་གཅན་དང་དུས་མེ། སྟོང་པའི་དཀྱིལ་འཁོར་ལ་གནས་པ། རབ་གསུམ་ལ་ཕྱོགས་བ་སྟེང་དང་འོག་ཏུ ་ནམ་མཁའ་ཨི་དཀྱིལ་འཁོར་ལའོ། །དེ་ལྟར་ཛི་ཛཱི་དག་ལས་ཡོངས་སུ་རྫོགས་པའི་ཟླ་བ་དང་ཉི་མའི་རླུང་གི་དཀྱིལ་འཁོར་ལ་གནས་པ། ཤར་དང་མེ་མཚམས་སུ་དགོད་དོ། །ཌརི་ཌརཱི་དག་ལས་ཡོངས་སུ་རྫོགས་པའི་བཟའ་ལག་དང་བཀྲ་ཤིས། མེའི་དཀྱིལ ་འཁོར་ལ་གནས་པ། ལྷོ་དང་བདེན་བྲལ་དུ་དགོད་དོ། །དེ་ལྟར་བུ་བཱུ་དག་ལས་ཡོངས་སུ་རྫོགས་པའི་པ་ཝ་སངས་དང་ཕུར་བུ་ཆུ་ཡི་དཀྱིལ་འཁོར་ལ་གནས་པ། བྱང་དང་དབང་ལྡན་དག་ཏུའོ། །དེ་ལྟར་དལི་དལཱི་དག་ལས་ཡོངས་སུ་དག་པའི་འཇུག་རིངས་དང ་སྤེན་པ། སའི་དཀྱིལ་འཁོར་ལ་གནས་པ་ནུབ་དང་རླུང་དག་ཏུ་སྟེ། འདི་རྣམས་ནི་ར་བའི་ཕྱི་རོལ་ཏུ་བསྲུང་བའི་དོན་དུ་གཟའི་ཚོགས་རྣམས་བསྒོམ་པའོ། །དེ་ནས་ར་བ་ལྔ་བསྲུང་བར་བྱ་བའི་དོན་དུ་ཀླུའི་རྒྱལ་པོ་རྣམས་སྤྲོ་བར་བྱ་སྟེ། སྔོན་དུ་གསུངས ་པ་ལྟར་ཉི་མའི་དཀྱིལ་འཁོར་ལ་ཁ་ཚ་ཋ་ཕ་ཐ་རྣམས་བརྩེགས་པའི་ཚུལ་དུ་བསམས་ནས་ཁ་ཁཱ་དག་ལས་ཡོངས་སུ་རྫོགས་པའི་རྒྱལ་བ་དང་རྣམ་པར་རྒྱལ་བ། ར་བ་ལྔ་ལ་ཕྱོགས་པ་སྟེང་དང་འོག་ནམ་མཁའ་ཨི་དཀྱིལ་འཁོར་ལ་གནས་པའོ། །དེ ་ལྟར་ཚི་ཚཱི་དག་ལས་ཡོངས་སུ་རྫོགས་པའི་ཀརྐ་ཊ་དང་པདྨ་དག་།ཤར་དང་མེ་མཚམས་སུ་རླུང་གི་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཋྲི་ཋྲཱི་དག་ལས་ཡོངས་སུ་རྫོགས་པའི་ཆུ་བདག་དང་དུང་སྐྱོང། །ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་འཁོར་ལ ་གནས་པའོ། །དེ་ཕུ་ཕཱུ་དག་ལས་ཡོངས་སུ་རྫོགས་པའི་དགའ་བོ་དང་རིགས་ལྡན། བྱང་དང་དབང་ལྡན་དུ་ཆུའི་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཐལི་ཐལཱི་དག་ལས་ཡོངས་སུ་རྫོགས་པའི་པདྨ་ཆེན་པོ་དང་འཇོག་པོ་ནུབ་དང་རླུང་དག་ཏུ། སའི་དཀྱིལ ་འཁོར་ལ་གནས་པའོ། །དེ་ནས་ར་བ་ལྔའི་ཕྱི་རོལ་དུ་བསྲུང་བའི་དོན་དུ་འབྱུང་པོ་ལྷ་མ་ཡིན་རྣམས་བསྒོམ་པར་བྱ་སྟེ། སྔོན་དུ་གསུངས་པ་ལྟར་ཉི་མའི་དཀྱིལ་འཁོར་ལ་ཀ་ཙ་ཊ་པ་ཏ་རྣམས་བརྩེགས་པའི་ཚུལ ་དུ་བསམ་པ་སྟེ། དེ་ནས་ཀྱང་ར་བ་ལ་ཕྱོགས་བ་སྟེང་དང་འོག་ཏུ་ཀ་ཀཱ་དག་ལས་ཡོངས་སུ་རྫོགས་པའི་རོ་ལངས་དང་ཀ་ཤ་མནདུ། ནམ་མཁའ་ཨི་དཀྱིལ་འཁོར་ལ་གནས་པའོ། །དེ་ལྟར་ཙི་ཙཱི་དག་ལས་ཡོངས་སུ་རྫོགས་པའི་རི་ན་ར་དང། ཀི་པུ་རུ ་ཥ་ཁྱི་དང་བྱ་རོག་གི་གདོང་ཅན་དང། ཤར་དང་མེར་རླུང་གི་དཀྱིལ་འཁོར་ལ་དགོད་དོ། །དེ་ལྟར་ཊཊི་ཊཊཱི་དག་ལས་ཡོངས་སུ་རྫོགས་པ་དྲི་ཟ་དང་འབྱུང་པོ། །ཕག་པ་དང་བྱ་རྒོད་ཀྱི་གདོང་པ་ཅན། ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་འཁོར་ལ་དགོད ་དོ། །དེ་ལྟར་པུ་པཱུ་དག་ལས་ཡོངས་སུ་རྫོགས་པ་སྲིན་པོ་དང་ཡི་དགས། སྟག་དང་འུག་པའི་གདོང་ཅན་བྱང་དང་དབང་ལྡན་དུ་ཆུའི་དཀྱིལ་འཁོར་ལ་དགོད་དོ། །དེ་ལྟར་ཏལི་ཏལཱི་ལས་ཡོངས་སུ་རྫོགས་པའི་བརྗེད་བྱེད་ཅེ་སྦྱང་གི་གདོང་པ་དང། བྱ ་ཁྱུང་གི་གདོང་ཅན། ནུབ་དང་རླུང་དུ་སའི་དཀྱིལ་འཁོར་ལ་དགོད་དོ། །དེ་རྣམས་ཐམས་ཅད་ཤེས་རབ་དང་ལྡན་པའོ། །ཡང་དེ་ཉིད་དུ་གསུངས་པ་ལྟར་ཡེ་ཤེས་དང། ནམ་མཁའ་དང་རླུང་དང། མེ་དང་ཆུ་དང་ས་རྣམས་ཁམས་དྲུག་ལས་བྱུང་བའི ་ཁྲོའི་རྒྱལ་པོ་རྣམས་དང། གཟུགས་མེད་དང། གཟུགས་དང། ཕྱོགས་བཅུ་སྐྱོང་བ་དང། གཟའ་རྣམས་དང། ཀླུ་རྣམས་དང་འབྱུང་པོ་རྣམས་སྡོ་ཚན་དྲུག་གི་བདག་ཉིད་སྲུང་ཞིང་སྐྱོང་བ། ཕྱི་དང་ནང་རྣམས་སུ་ཁ་སྦྱོར་དུ་གནས་པ་རྣལ་འབྱོར་པས ་དགོད་དོ། །དེ་ནས་བགེགས་དང་ལོག་འདྲེན་ལ་སོགས་པ་རྣམས་གསལ་གདབ་པར་བྱ་བ་ནི། དེ་ཡང་དེ་ཉིད་དུ་གསུངས་པ་ལྟར་དེ་ལས་གཞན་པ་བགེགས་དང་ལོག་འདྲེན་ལ་སོགས་པ་རྣམས་རྡོ་རྗེ་ལྕགས་ཀྱུས་ཁུག་ཅིག་།རྡོ་རྗེ ་ཞགས་པས་ཆིངས་ཤིག་།ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཕུར་བུ་རྩེ་མོ་མདུང་གི་རྣམ་པ་རྣམས་གནས་བཅུར་སྡང་བ་ལ་བཏབ་པར་བསམ་མོ། །སྔགས་རྣམས་ཁ་དོག་ལྔ་དང་ལྡན་པ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་ཛྙཱ་?་དྷི་པ་ཏེ་ཥཊམུ་ལ་ཥཌཕུ་ཛ་ཥཊས་རྦ་ཙ་ར་ཎ་སརྦ་བིགྷྣ་བི་ནཱ་ཡ་ཀཱ་དི་དུཥྚཱ་ནཾ་ཀཱ་ཡ་བཱཀྩིཏྟ་ཛྙཱ་ནཱ་ནཱི་ཀཱི་ལ་ཡ་ཀཱི་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་པ་ནི་གདབ་པའི་སྔགས་སོ། །ོཾ་ལླི་བཛྲ་མུངྒར། མཱ་རཱ་དཱི་ནཱཾ་ཤི་ར་སི་ཀཎྠི་ཧྲི་ད་ཡེ། ནཱ་བྷཽ་གུ་ཧཡ་ཡནྟེ་བཛྲ་ཀཱི་ལ་ཀཱ་ནཱ་ཀོ་ཊ ་ཡཱ་ཀྲོ་ཊ་ཡ། ཀྵ་ཀྵཱི་ཀྵི་ཀྵཱིཾ་ཀྵྲིཾ་ཀྵྲཱིཾ་ཀྵུཾ་ཀྵཱུཾ། ཀྵལིཾ་ཀྵལཱིཾ་ཀྵཾ་ཀྵཱཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཞེས་པ་ནི་བརྡུང་བའི་སྔགས་སོ། །དེ་ནས་ང་རྒྱལ་བྱས་ནས་ཕུར་བུ་རྣམས་བསྲུང་བའི་དོན་དུ། ཁྲོ་བོ་བཅུ་ལ་བཀའ་སྒོ་བ་ནི། དེའི་དོན་དུ་དཔལ་དུས་ཀྱི་འཁོར་ལོའི ་རྒྱུད་ཀྱི་རྒྱལ་པོར་གསུངས་པ། སྲིད་པ་གསུམ་གྱི་གནས་སུ་དབྱུག་སྔོན་ཅན་གྱིས་བདུད་རྣམས་མ་ལུས་བརྡུང་བར་བྱེད་པར་འགྱུར་རོ། །དུས་མཛའ་ཨི་ཉི་མ་དང་མཚུངས་ཁྲོ་བོ་མི་གཡོ་བ་ཡིས་འཆིང་སྟེ་ཕུར་འདེབས་ཤིན་ཏུ་བརྩོན་འགྲུས་སོ།། ་ཌཱ་ཡིས་དེ་ཡི་བརྩོན་འགྲུས་འཇིག་རྟེན་ས་སྟེངས་གྱུར་པར་གནོད་མཛེས་རྒྱལ་པོས་ངེས་པར་བྱེད་པའོ། །གཙུག་ཏོར་ཅན་གྱིས་དེ་ཡི་རྫུ་འཕྲུལ་འཇིག་སྟེ་ངེས་པར་ཁྲོ་བོའི་ལྷ་མོ་རྣམས་ཀྱི་སྔ་མ་བཞིན་དུའོ་ཞེས་པས་སོ། །ོཾ་ཧུཾ་ཀྲོ ་དྷེནྡྲོ་ཧཾ། ཀྲོ་དྷ་ནཾ་མཱཛྙཱ་དཱ་ཡ་ཀ་སྭཱཧཱ། དེ་ནས་ཁྲོ་བོ་རྣམས་ལ་སོ་སོའི་སྔགས་ཀྱི་རྐང་པས་བཀའ་སྒོ་བ། ཨོཾ་ཧཱཾ་བཛྲ་ཀྲོ་དྷ་རཱ་ཛཱ་མ་ཧོཥྞཱི་ཥོ་རྡྷ་དི་ཤི་རཀྵ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛཱ་ཏི་པ་ལ་སརྦ་བིགྷ་ནཱནྟ་ཀ་པཱུར་བ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ ་སྭཱཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་དུཥཌ་པྲཛྙཱ་ནྟཱ་ཏཱ་ཀ་དཀྵི་ཎ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝི་བཛྲ་ཀྲོ་དྷ་རཱ་ཛ་བི་ར་ག་པདམཱནྟ་ཀོཏྟ་ར་དི་ཤི་ར་ཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཀ་ཡ་མནྟ་ཀ་པ་ཤཙི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ་ཞེས་པ ་ཡང་དེ་ཉི་ལས། ཨོཾ་ལཱཾ(རྒྱུད་འགྲེལ་ཨོཾ་ཡཱ(རྒྱུད་འགྲེལ་བྱའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏཱ་རཀྵ་ཙཀྲ་སྭ་བྷཱ་བཱཏྨ་ཀོ་ཧཾ་ཞེས་བརྗོད་ལ་ང་རྒྱལ་བྱའོ། །འདི་ནི་བསྲུང་པའི་འཁོར་ལོའི་ཆོ་གའོ། །དེ་ནས་སྟོང་པ་ཉིད་དུ་བསྒོམས་ནས་བདག་ཉིད་གསུང་བར་འགྱུར་བའི་བཅོམ་ལྡན་འདས་དུས་ཀྱི་འཁོར ་ལོ། ཞལ་དང་ཕྱག་བཞུགས་ཚུལ་རྣམས་སུ་སྐད་ཅིག་གིས་བསམས་ལ། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་བདག་ཉིད་སྐད་ཅིག་གིས་ལྷའི་སྐུར་བསྒོམས་ནས། རང་གི་སྙིང་གར་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ ་བརྒྱད་པ། དེའི་ལྟེ་བའི་སྟེང་དུ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་དེ་ཁོ་ན་ཞེས་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དེ་ལ་ཁ་དོག་ལྔ་དང་ལྡན་པའི་འོད་ཟེར་འཕྲོ་བ་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེའི ་འོད་ཟེར་གྱིས་ཐོག་མ་མེད་པའི་སྔོན་དུ་སངས་རྒྱས་པའི་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ། ནམ་མཁའ་དབུས་ན་བཞུགས་པ་ལ། རྣལ་འབྱོར་པས་མཆོད་ཅིང་ཕྱག་འཚལ་བ་ནི། སྒྲུབ་ཐབས་ཀྱི་ཚིག་རབ་ཏུ ་བསྡུས་པར་བྱ་བའི་ཕྱིར་དང། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྗེས་སུ་བསྒྲུབ་པའི་ཕྱིར་ཕྱག་བཙལ་བའི་ཚིགས་སུ་བཅད་པ་རྣམས་འདི་ལྟ་སྟེ། སངས་རྒྱས་རྣམས་དང་རྒྱལ་སྲས་ཁྲོ་བོ་ཕྱོགས་སྐྱོང་ཀླུ་རྣམས་དང་ནི་དེ་རྣམས ་ཀྱི། །ལྷ་མོའི་ཚོགས་དང་རྒྱས་འདེབས་བདག་དང་མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་བརྗོད་པར་གྱུར་པའི་ཞལ་གྱིས་གྲངས་རྣམས་གཡས་བསྐོར་གྱིས་ནི་གོ་བྱ་སྟེ། །གཡས་དང་གཡོན་གྱིས་རྩ་བའི་ཕྱག་ན་ཆུ་སྐྱེས་པ་དང་རང་མཚན་གོ ་བར་བྱ། །སྣ་ཚོགས་པདྨ་ཟླ་བ་ཉི་མ་སྒྲ་གཅན་དུས་མེ་འཕྲོག་བྱེད་ཞལ་གཅིག་ཁ་དོག་དཀར། །རིག་བྱེད་ཕྱག་ན་རྩེ་གསུམ་ཌཱ་མ་རུ་དང་དཔལ་གྱི་དུང་དང་ཁཊཝཱཾ་ག་འཛིན་པའོ། །རྩེ་མོ་ཅན་གྱི་མིག་ལྡན་གཡོན་དུ་གན་རྐྱལ་བསྒྱེལ་བ་གནས་ཏེ་གཡས་སུ་དྲན ་པ་ཉིད། །ཁ་དོག་དམར་པོ་འདབ་ལྔ་ལྕགས་ཀྱུ་གཞུ་དང་ཞགས་པ་རྣམས་དང་བཅས་པ་དེ་དག་ལ། གཽ་རི་དགའ་བྱེད་མ་ཡིས་བཟུང་བ་དཀར་དང་བའི་གཡས་བརྐྱང་ཞབས་ཀྱི་སྙིང་གར་མནན། །ས་བོན་ཧཱུཾ་ཡིག་དང་ནི་རྡོ་རྗེ་དག་ལས་བྱུང་བའི་རལ་པའི ་ཐོར་ཚུགས་སྔོན་པོ་ཅན། །མི་སྐྱོད་པ་སྟེ་ཞལ་གྱི་པདྨ་སྤྲིན་དང་འོད་ལྡན་རི་བོང་ཅན་རྣམས་རྒྱ་མཚོ་མཚུངས། །དབུས་དང་གཡས་དང་གཡོན་རྣམས་སྔོན་པོ་དམར་པོ་དཀར་པོ་རྣམས་དང་ལྡན་པའི་མགྲིན་གསུམ་པ། །གཡོན་གྱི་དཔུང་པའི་རིམ་བཞིན་དཀར ་མིན་དམར་དང་དཀར་བ་རྣམས་ཏེ་གཡས་པའི་དཔུང་པ་གསུམ། །དེ་བཞིན་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་ལག་པ་ཟུང་གསུམ་ཕྱག་གི་མགོ་བོ་བཞི་པ་གསུམ། །སོར་མོ་རྣམས་ནི་གསེར་དང་ཉི་མ་སྤྲིན་དང་ལྗང་གུ་འཐེབས་སོགས་རིམ་པ་བཞིན། །དེ ་རྣམས་རྩེ་མོ་དབུས་དང་རྩ་བ་རྣམས་ཀྱི་ཚིགས་ནི་སྤྲིན་དང་ཉི་མ་ཐིག་ལེ་རྣམས། །མི་མགོ་སྐམ་པོ་ལྔ་རྣམས་ཁ་དོག་ལྔ་དང་ལྡན་པས་ཉིད་ཀྱི་དབུ་ལ་བརྒྱན། །མགྲིན་ལ་མགུལ་བརྒྱན་ཉིད་དང་སྐེད་ལ་སྐ་རགས་རྣ་རྒྱན་གྱིས་ནི་རྣ་བ་ལ། །ལག་པ་དག་ལ་ཡིད ་འོང་ལག་གདུབ་རྐང་པ་དག་ལ་རྐང་གདུབ་མཛེས་པས་སྤྲས། །དབུ་ལ་དར་དཔྱངས་སྐུ་ལ་ཐུགས་ཀར་མཆོད་ཕྱིར་ཐོགས་པ་རྣམས་ཀྱིས་བརྒྱན། །སོ་སོའི་ཞལ་རྣམས་སྤྱན་གསུམ་དང་ལྡན་ནོར་བུ་རྡོ་རྗེ་ཟླ། དབུ་ཉིད་ལ་སྟེ་མི་མགོ་བརྒྱ་ཡིས་ཕྲེང་བ་མགོ་འཛིན ་ལ་གནས། །སྟག་གི་ཤམ་ཐབས་དང་ལྡན་རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་།མདའ་དང་ལྕགས་ཀྱུ་ཅང་ཏེ་ཐོད་པ་འཁོར་ལོ་དུང་རྣམས། །དབྱུག་པ་དགྲ་སྟ་གཡས་མིན་རྣམས་ཏེ་དྲིལ་བུ་ཕུབ་ཆུང་ཁཊཝཱཾ་ག་དང ་ཐོད་པ་མངའ་གནས་ཞགས་པ་རིན་ཆེན། །ཆུ་སྐྱེས་དང་ནི་དུང་དང་མཆོག་གི་མེ་ལོང་ལྕགས་སྒྲོག་རིག་བྱེད་གདོང་ལྡན་མགོ་བོ་རྣམས་ཀྱི་ཕྱག་ཉིད་རྣམས་ལ་མཚན། །ཕྲེཾ་ཡིག་གྲི་གུག་ལས་བྱུང་བུད་མེད་གཟུགས་ཅན་སྐུ་མདོག་སེར་མོ། །དཔལ ་ལྡན་དུས་ཀྱི་འཁོར་ལོ་ལས་གཞན་བཞུགས་པས་རབ་ཏུ་འཁྱུད་པ། །ཕྱག་རྒྱ་དང་ལྡན་ཀླུ་ཡི་ཕྱག་གིས་པདྨ་སྣ་ཚོགས་ཡུམ་གྱི་དབུ་ལ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཅོད་པན་ལ་གནས། །གྲི་གུག་ལྕགས་ཀྱུ་ཅང་ཏེ་ཕྲེང་བ་རྣམས་ནི་རིམ ་པ་བཞིན་དུ། །ཐོད་པ་ཞགས་པ་ཆུ་སྐྱེས་རིན་ཆེན་རྣམས་ནི་ཕྱག་གིས་འཛིན་མ། །གསེར་དང་ཟླ་བ་དང་ནི་སྤྲིན་དང་ཉི་མ་རྣམས་དང་ལྡན་པའི། །གང་ཞིག་ཞལ་བཞི་རྣམས་ན་མེ་ཡི་སྤྱན་དང་རབ་ཏུ་ལྡན་མ། །ཾ་ཡིག་རྡོ་རྗེ་དག་ལས ་བྱུང་བའི་རྡོ་རྗེ་སེམས་དཔའ་གང་ཞིག་ཡེ་ཤེས་རྣམ་དག་པ། །སྔོ་དང་ཉི་མ་ཟླ་བའི་ཞལ་གསུམ་སྤྱན་དགུ་རྡོ་རྗེ་འདུག་སྟངས་གནས་པའི་མངའ་བདག་ཉིད། །རྡོ་རྗེ་སྔོན་པོ་གྲི་གུག་དགྲ་སྟ་དྲིལ་བུ་ཐོད་པ་ཚངས་མགོ་རྣམས་ནི་རིམ་པ ་བཞིན། །ཕྱག་དྲུག་ལས་མིན་རལ་པ་དང་ལྡན་སྐུ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡིས་འཁྱུད། །ཤེས་རབ་ཕ་རོལ་ཕྱིན་མས་འཁྱུད་པའི་རྣམ་པར་ཤེས་པ་དག་པའི་བདག་ཉིད་མི་བསྐྱོད་ལྗང། ། དང་རྡོ་རྗེ་དག་ལས་བྱུང་བའི་མི་བསྐྱོད ་རྡོ་རྗེ་སེམས་དཔའ་ཨི་རྣམ་པ་དང་ནི་མཚུངས། །མི་བསྐྱོད་ནམ་པ་དང་མཚུངས་ཨཱ་དང་གྲི་གུག་ལས་བྱུང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །:དང་གྲི་གུག་ལས་བྱུང་ཤེས་རབ་ཕ་རོལ་ཕྱིན་མ་རྡོ་རྗེ་སེམས་མའི་རྣམ་པ་བཞིན། །དག་པའི ་ལུས་ལ་སྣ་ཚོགས་པའི། །ཡུམ་གྱིས་འཁྱུད་པ་འགྲོ་བའི་ཡང། །དཔལ་ལྡན་དུས་ཀྱི་འཁོར་ལོ་གང། །འཁོར་ལོའི་དབུས་གནས་ལ་ཕྱག་འཚལ། །རིན་ཆེན་གཙུག་མ་དང་མཚུངས་པའི། །ནག་མོ་འབར་མ་ལ་སོགས་པ། །བརྒྱད་རྣམས་ཞལ་བཞི་ཕྱག་བརྒྱད ་མ། །མངའ་བདག་པད་འདབ་རྣམས་ལ་གནས། ། ཡིག་རྣམས་ཀྱི་གསང་བའི་ཐོད་པ་ལས་བྱུང་དཔལ་ཉིད་ནག་མོ་འབར་མ་མདུན་དུ་གནས། །ན་བཟའ་ནག་མོ་སྤྲིན་དང་ཉི་མ་གསེར་དང་རི་བོང་ཅན་གྱི་ཞལ་རྣམས་རིམ་བཞིན། །བདུག་སྤོས་དང་ནི་ཙན་དན ་གུར་གུམ་གླ་རྩི་ག་བུར་དང་བཅས་པདྨའི་སྣོད་རྣམས་དང། །དྲིལ་བུ་པདྨ་ལྷ་ཤིང་མེ་ཏོག་ཕྲེང་བ་གང་ལས་གང་བ་དེ་ཉིད་རྣམས་ལ་བསྟོད། །གཡས་སུ་ཨ་ཡིག་དང་ནི་མར་མེ་དག་ལས་བྱུང་བའི་དམར་པོ། །འབར་མ་ཉི་མ་སེར་དང་དཀར་དང་ནག་པོའི་ཞལ་དང ་ལྡན་དང། ཕྱག་ན་མར་མེ་མུ་ཏིག་ཕྲེང་བ་ཅོད་པན་ལག་གདུབ་རྣམས་དང། །གོས་དང་སྐེ་རགས་རྣ་རྒྱན་རྐང་གདུབ་རྣམས་དང་ལྡན་ལ་ཕྱག་འཚལ། །གཡོན་དུ་ཨཾ་ཡིག་དང་ནི་ལྷ་བཤོས་ལས་བྱུང་བའི། །དཀར་མོ་འབར་མ་དཀར་ནག་དམར་སེར་ཞལ་དང་ལྡན།། ་འོ་མ་ཆུ་དང་སྨན་དང་ཆད་དང་རོ་རྣམས་དང་བདུད་རྩི་འབྲས་བུ་ཟན་སྣོད་ཕྱག་ལྡན་ཉིད་ལ་འདུད། །ཆུ་བདག་ཏུ་ནི་ཨ་ཡིག་དག་ལས་བྱུང་བའི་སེར་མོ་འབར་མ། །གསེར་དང་ཟླ་བ་བུང་བ་དང་ནི་དྲོད་བྱེད་རྣམས་དང་ལྡན་མ། །དུང་དང་གླིང་བུ་དང་ནི་ནོར་བུ་ཅང་ཏེ ་པི་ཝང་དང་ནི། །རྔ་དང་མཆོག་གི་མཁར་རྔ་ཟངས་དུང་ཕྱག་ན་བསྣམས་ལ་ཕྱག་འཚལ། །ཧ་ཧཱ་ཧཾ་ཧ། རྣམས་ལས་བྱུང་བའི་སེར་དང་དཀར་དང་དམར་དང་བུང་བའི་ཁ་དོག་ལྡན། །རླུང་དང་དབང་ལྡན་སྲིན་པོ་མེའའདབ་མ་རྣམས་ལ་ལྷ་མོ་རྣམས་ཏེ་མར་མེ་མ ་མེ་ཁྱེར་མ་དང་སྨིག་རྒྱུ་མ་སྟེ་དཔལ་གྱི་དུ་བ་མ་ཡིས་ཕྱག་རྣམས་མ་ལུས་པས། །རིམ་བཞིན་རྔ་ཡབ་འཛིན་མ་རང་རང་མདོག་མཚུངས་སྔ་མ་ལས་བྱུང་རྣམས་ཕྱག་འཚལ་ལོ། །རྩེ་མོ་ཅན་དང་སྲིན་པོ་དབང་ལྡན་རླུང་མཚམས་རྣམས་ལ་གནས་པ ་ཧཱུཾ་ཡིག་ལས་བྱུང་ནོར་བུ་དང་ནི་ཨཱ(རྒྱུད་འགྲེལ་རྒྱས་ཞལ་གསུམ་ཕྱག་དྲུག་པ། །སྤྱན་དགུ་པད་དཀར་ཉི་མ་ལ། །ཐམས་ཅད་རྡོ་རྗེའི་འདུག་སྟངས་བཞུགས། །དེ་རྣམས་རལ་པའི་ཅོད་པན་ཅན། །དབང་པོ་ཨ་ཡིག་རལ་གྲི་དག་ལས་བྱུང་བའི་དོན་ཡོད་གྲུབ་པ། །རླུང་དང་འདུ་བྱེད་རང་བཞིན ་བུང་བ་ཉི་མ་དཀར་བའི་ཞལ་ལྡན། །རལ་གྲི་དང་ནི་གྲི་གུག་རྩེ་གསུམ་ཕུབ་ཆུད་ཐོད་པ་དང་ནི་ཁ་ཊཝཱཾ་ག་རྣམས། །བསྣམས་པའི་དཀར་མིན་སྤྱན་གསུམ་ལྡན་ལ་ཕྱག་འཚལ། །གཡས་སུ་རི་ཡིག་རིན་ཆེན་ལས་བྱུང་དཔལ་ལྡན་རིན་ཆེན་འབྱུང ་ལྡན། །དམར་པོ་མེ་དང་ཚོར་བའི་རང་བཞིན་ཉི་མ་ཟླ་བ་བུང་བའི། །ཞལ་ལྡན་བདག་གི་མིའི་མངའ་བདག་མདའ་དང་ལྕགས་ཀྱུ་ཅང་ཏེའུ། གཞུ་དང་རིན་ཆེན་ཞགས་པ་ཕྱག་ན་བསྣམས་པ་རྣམས་ལ་ཕྱག་འཚལ། །གཡོན་དུ་ཨུ་ཡིག་པདྨ་ལས་བྱུང ་འོད་དཔག་མེད་ནི་དཀར་པོ། །ཆུ་དང་འདུ་ཤེས་རང་བཞིན་བདུད་རྩི་འོད་འཕྲོ་སྤྲིན་དང་ཉི་ཞལ། །དཔལ་ལྡན་གོས་དཀར་མོ་ཡིས་སྤྲས་པ་ཐོབ་མདུང་ཐུང་རྩེ་གསུམ། །ཆུ་སྐྱེས་དཀར་པོ་མེ་ལོང་ཕྲེང་བ་རྣམས་འཛིན་པ་ལ་ཕྱག་འཚལ། །རྒྱབ ་ཏུ་ལི་ཡིག་འཁོར་ལོ་དག་ལས་བྱུང་བའི་རྣམ་སྣང་སེར་པོ། །ས་དང་གཟུགས་ཀྱི་རང་བཞིན་གསེར་དང་ཟླ་བ་ནག་པོའི་ཞལ་ལྡན། །སྒྲོལ་མས་སྤྲས་པའི་འཁོར་ལོ་དང་ནི་དབྱུག་པ་རྡོ་རྗེ་བསྣམས་དང། །དཔལ་གྱི་དུང་དང་ལྕགས་སྒྲོག ་དྲིལ་བུ་ཕྱག་ན་འཛིན་ལ་བསྟོད། །སངས་རྒྱས་རྣམས་མཚུངས་བཙུན་མོ་རྣམས། །པདྨ་དམར་དང་ཟླ་བ་ལ། །ཐམས་ཅད་པདྨའི་འདུག་སྟངས་བཞུགས། །ཀུན་ལ་རིན་ཆེན་ཅོད་པན་བསམ། །ལི་ཡིག་འཁོར་ལོ་དག་ལས་བྱུང་བའི་སྤྱན་མ་ས ་ཁམས་རང་བཞིན། །རྣམ་པར་སྣང་མཛད་མཚུངས་དང་དོན་གྲུབ་དང་བཅས་རླུང་མཚམས་གནས་དང། ཨའུ་ཡིག་པདྨ་ལས་བྱུང་བདག་གི་མཱ་སྟེ་ཆུ་ཁམས་རང་བཞིན། །འོད་དཔག་མེད་མཚུངས་རིན་འབྱུང་དང་བཅས་དབང་ལྡན་གནས་ལ་ཕྱག་འཚལ། ། ་ཧཾ་ཡིག་ལས་བྱུང་རྒྱལ་བའི་བུམ་པ་མཚན་ཉིད་དང་ལྡན་དཔལ་ལྡན་ཐུགས་ཀྱི་འཁོར་ལོ་ཡི། །ཤར་གྱི་སྒོ་རུ་ཁྲོ་བོའི་གདན་གྱི་ཕྱི་རུ་པདྨ་ཉིད་ལ་དགོད་པར་བྱ་བ་སྟེ། དེ་ལྟར་ཧི་ཡིག་ལས་བྱུང་གཏི་མུག་རྡོ་རྗེའི་གཡས་སུ་དགོད་དེ་དེ་བཞིན་རིན་ཆེན ་སོགས། །གཡས་དགོད་ཧྲི་ཧུ་ཧལརི། ལས་བྱུང་བུམ་པ་དེ་རྣམས་ལ་ནི་ཕྱག་འཚལ་ལོ། །ཧལཱི་ཧཱུཾ་ཧྲཱི་ཧྲི་ལས་བྱུང་བུམ་པ་སྤྱན་སོགས་གཡས་སུ་རིམ་བཞིན་དགོད། །ཧ་ཡིག་ལས་བྱུང་རྣམ་རྒྱལ་བུམ་པ་སྒོ་གཞན་གནས་ལ་ཕྱག་འཚལ་ལོ། ། ་སངས་རྒྱས་ཇི་བཞིན་རྒྱལ་སྲས་རྣམས། །འོན་ཀྱང་རིན་ཆེན་ཅོད་པན་ལྡན། །ལྷ་མོ་དེ་བཞིན་ལྷོ་མོ་རྣམས། །དེ་ལྟར་རིམ་བཞིན་རབ་ཏུ་གནས། ། ཡིག་རྡོ་རྗེ་དག་ལས་བྱུང་བའི་དཔལ་ལྡན་ཕྱག་ན་རྡོ་རྗེ་ཐུགས་ཁར་རྡོ་རྗེ་ཉིད། །སྔོན་པོ་བཟུང་བ་རྣ་བའི་དབང ་པོའི་བདག་ཉིད་མངའ་བདག་མི་བསྐྱོད་པ་དང་མཚུངས་པ་སྟེ། ལྗང་གུ་ལྷོའི་སྒོའི་གཡོན་གྱི་བརྩིག་པའི་དྲུང་དུ་དེའི་གདན་དང་མཚུངས་པར་བཞུགས་པ་ལ། །སྤྱི་བོ་ས་ལ་རེག་སྟེ་དེའི་ཞབས་ལ་ཤིན་ཏུ་དགའ་བས་རབ་ཏུ་ཕྱག་འཚལ་ལོ། །ེ་ཡིག ་རལ་གྲི་དག་ལས་བྱུང་བའི་ནམ་མཁའ་ཨི་སྙིང་པོ་དོན་གྲུབ་དང་མཚུངས་སྣ་ཉིད་ཀྱི། །དབང་པོའི་རང་བཞིན་དཔལ་གྱི་རྡོ་རྗེ་མ་བཅས་ཤར་སྒོའི་གཡས་ན་བཞུགས་པ་ལ་ཕྱག་འཚལ། །ར་ཡིག་རིན་ཆེན་ལས་བྱུང་སའི་སྙིང་པོ་རིན་ཆེན་དང་མཚུངས་སྐུ ་མདོག་དམར་པོ་ཉིད་མིག་གི་དབང་པོའི་རང་བཞིན་དཔལ་ལྡན་གཟུགས་ཀྱི་རྡོ་རྗེ་མར་བཅས་ལྷོ་སྒོའི་གནས་དང། ཨོཾ་ཡིག་པད་བྱུང་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་མཚུངས་རོ་རྡོ་རྗེར། །བཅས་དང་ལྕེ་དབང་རང་བཞིན་བྱང་སྒོའི་གཡས་སུ་གནས་ལ ་ཕྱག་འཚལ་ལོ། །ལ་ཡིག་འཁོར་ལོ་ལས་བྱུང་སྒྲིབ་པ་རྣམ་སེལ་མཛེས་པའི་གསེར་དང་མཚུངས་པ་ཡི། །ལུས་ཀྱི་དབང་པོའི་རང་བཞིན་དཔལ་ལྡན་རྒྱལ་བ་རྣམ་པར་སྣང་མཛད་དང་མཚུངས་པ། །གང་གི་པད་ན་རེག ་བྱ་རྡོ་རྗེ་མ་དང་བཅས་པ་ནུབ་སྒོའི་གཡས་ཕྱོགས་ན། །རྒྱུན་དུ་ཡང་དག་གནས་པ་དེ་ལ་རྟག་ཏུ་གུས་པས་རབ་ཏུ་ཕྱག་འཚལ་ལོ། །ཾ་ཡིག་རྡོ་རྗེ་དག་ལས་བྱུང་བའི་ཀུན་ཏུ་བཟང། །སྐུ་ལ་ཆོས་ཀྱི་དབྱིངས་ཀྱིས་རྡོ་རྗེ་མ་ཡིས་འཁྱུད། །ཡིད་ཀྱི་རང་བཞིན ་དཔལ་ལྡན་རྡོ་རྗེ་སེམས་དཔར་མཚུངས། །ཤར་སྒོའི་གཡོན་དུ་གནས་པ་ལ་ཕྱག་འཚལ། ། ཡིག་དང་ནི་རྡོ་རྗེ་དག་ལས་བྱུང་བའི་སྒྲ་ཡི་རྡོ་རྗེ་མ་སྟེ་སྒྲ་ཡི་རང་བཞིན་དང། །དཔལ་ལྡན་ཕྱག་དང་མཚུངས་ཤེས་རབ་ཕ་རོལ་ཕྱིན་མ་དང་མཚུངས་བྱང་སྒོའི ་གཡོན་དུ་གནས། །ལ་ཡིག་དང་ནི་འཁོར་ལོ་དག་ལས་བྱུང་བའི་དྲི་ཡི་རྡོ་རྗེ་མ་སྟེ་དྲིའི་རང་བཞིན་དང། །དཔལ་ལྡན་སྤྱན་མ་དང་མཚུངས་ནམ་མཁའ་ཨི་སྙིང་པོ་དང་མཚུངས་རླུང་མཚམས་བཞུགས་པ་ལ་ཕྱག་འཚལ་ལོ། །ཽ་ཡིག་ཆུ་སྐྱེས་དག་ལས་བྱུང ་བའི་གཟུགས་ཀྱི་རྡོ་རྗེ་མ་སྟེ་གཟུགས་ཀྱི་རང་བཞིན་དང། །དཔལ་ལྡན་བདག་གི་མ་མཚུངས་ས་ཡི་སྙིང་པོ་དང་བཅས་དཔལ་ལྡན་ལ་གནས་ཕྱག་འཚལ་ལོ། །ར་ཡིག་དང་ནི་རིན་ཆེན་ལས་བྱུང་བ་ཡི་རོ་ཡི་རྡོ་རྗེ་མ་སྟེ་རོ་ཡི་རང་བཞིན་དང། །དཔལ་ལྡན ་གོས་དཀར་མོ་མཚུངས་འཇིག་རྟེན་དབང་པོ་དང་བཅས་བདེན་བྲལ་ལ་གནས་ཕྱག་འཚལ་ལོ། །ི་ཡིག་དང་ནི་རལ་གྲི་དག་ལས་བྱུང་བའི་རེག་བྱ་རྡོ་རྗེ་མ་སྟེ་རེག་བྱའི་རང་བཞིན་དང། །སྒྲོལ་མ་དང་མཚུངས་སྒྲིབ་པ་རྣམ་པར་སེལ་དང་བཅས་པ་མེ་མཚམས ་གནས་ལ་ཕྱག་འཚལ་ལོ། །ཱ་ཡིག་རྡོ་རྗེ་ལས་བྱུང་ཆོས་དབྱིངས་རྡོ་རྗེ་མ་སྟེ་རྡོ་རྗེ་དབྱིངས་མ་དང་མཚུངས་མ། དེ་ཀུན་ཏུ་བཟང་པོ་དང་ནི་བཅས་པ་ནུབ་སྒོའི་གཡོན་ལ་གནས་པ་ལ་ནི་ཕྱག་འཚལ་ལོ། །ཁྲོ་རྣམས་རལ་གཅིག་མ་ལ་སེར ་ལག་རྐང་བཤད་རང་བཞིན་ཏེ། །སངས་རྒྱས་སྲས་རྣམས་དང་མཚུངས་པ། །གཡས་བརྐྱང་ཞབས་དང་སྦྲུལ་གྱིས་བརྒྱན། །ཡཾ་ཡིག་དང་ནི་རལ་གྲི་དག་ལས་བྱུང་བའི་བགེགས་ཀྱི་དགྲ་ཉིད་ནམ་མཁའ་ཨི་སྙིང་པོ་མཚུངས། །རེངས་བྱེད་མ་ནི་མཱ་རཱི་ཅི་མཚུངས་སྤངས་ནས་ཤར ་སྒོ་རི་དབུས་སུ་ཆུ་སྐྱེས་དཀར་པོ་དང། །ཉི་མ་ལ་གནས་པ་དང་རཾ་ཡིག་དབྱུག་པ་ལས་བྱུང་ཤེས་རབ་མཐར་བྱེད་ས་སྙིང་དང། །མཚུངས་དང་ང་རྒྱལ་མ་མཚུངས་བཙུན་བཅས་ལྷོ་ཕྱོགས་ལ་གནས་དག་ལ་ཕྱག་འཚལ་ལོ། །བྱང་སྒོར་པདྨ་ཟླ་བ་ལ་གནས་ཝཾ་ཡིག ་ཆུ་སྐྱེས་དག་ལས་བྱུང་བའི་པདྨའི་དགྲ། །འཇིག་རྟེན་དབང་ཕྱུག་དང་མཚུངས་མ་ནི་ཁྲོ་གཉེར་ཅན་མ་དང་ནི་མཚུངས་པ་དང། །ལམ་ཡིག་ཐོབ་ལས་བྱུང་གཤིན་རྗེའི་དགྲ་ཉིད་སྒྲིབ་པ་སེལ་མཚུངས་ཤིན་ཏུ་བརྩོན་འགྲུས་མ། །རྡོ་རྗེ་ལྕགས་སྒྲོག་དང་ནི་མཚུངས་པ་བཾ ་གནས་ནུབ་ཕྱོགས་ལ་གནས་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་དུང་དང་གཟེར་བུ་དང། །དཔལ་འབྲས་ཅོད་པན་ན་བཟའ་དང། །དེ་ལྟར་ཕྱག་མཚན་རྣམས་ལས་བྱུང། །སོ་སོའི་མིང་གིས་མཆོད་བྱེད་པ། །ཀ་ཙ་ཊ་པ་ཏ་ས་སྡེ་ཚན་ཐུང་ངུ་ཚོགས་ལས་བྱུང་བ ་ཡི། །ལྷ་དང་གཤིན་རྗེ་ལ་སོགས་གཡས་ཀྱི་འདོད་ཡོན་རྣམས་དང་སྟེང་དང་འོག་།འདིར་ནི་རིམ་པ་བཞིན་དུ་གླུ་མ་དྲི་མ་སྤོས་མ་གསོལ་ཟས་མ། །ལྷ་མོ་སྒེག་མོ་གར་མ་མ་ལུས་ཕྱག་གཉིས་ཟླ་བའི་ཞལ་དང་ལྡན། །པ་ཊ་ཧ་དང་སྣོད་མར་མེ། །མུ་ཏིག ་ཕྲེང་དང་ཕྲེང་ཆུ་སྐྱེས། །རིམ་བཞིན་ཕྱག་མཚན་ལས་བྱུང་བ། །ལྷ་མོ་ཐམས་ཅད་ས་བོན་མདོག་།སཱ་ཏཱ་པཱ་ཊཱ་ཙཱ་ཀཱའི་སྡེ་ཚན་རིང་པོ་བརྩེགས་པར་གྱུར་ལས་བྱུང་བ་ཡི། །ཆུ་སོགས་གཡོན་གྱི་འདོད་ཡོན་རྣམས་དང་སྟེང་དང་འོག་རྣམས་ལ། །དེ་ལྟར་རིམ ་པ་བཞིན་དུ་སྒྲ་མ་བཞད་མ་བདུད་རྩི་མ་རྣམས་དང། །མར་མེ་མ་དང་ཕྲེང་བ་མ་དང་འདོད་པ་མ་རྣམས་ལ་ཕྱག་འཚལ་ཞེས་པ་ནི་ཐུགས་ཀྱི་འཁོར་ལོ་ལ་ཕྱག་བཙལ་བའི་ཚིགས་སུ་བཅད་པའི་རིམ་པའོ། །ལྷ་མོ་ཙ་རྩི་ཀ་སོགས་ས་གའི་རྐང་ཐབས་དང། ་ཞལ་གཅིག་སྤྱན་གསུམ་རིག་བྱེད་ལག་དང་ལྡན་པ་ཡི། །ལྟེ་བའི་པདྨ་ལ་གནས་གཤིན་རྗེ་རྩ་རྣམས་ཀྱི། །རྣམ་པར་དག་པའི་རིན་ཆེན་དང་ལྡན་ཅོད་པན་ཅན། །ཤར་དུ་ཧ་ཡིག་གྲི་གུག་ལས་བྱུང་ཙ་རྩི་ཀ་།གྲི་གུག་རྩེ་གསུམ ་ཐོད་པ་ཁ་ཊཝཱཾ་ཉིད་པ་བསྣམས། །ཕྱག་ན་འཛིན་པའི་དབང་པོ་དང་བཅས་གང་ཡིན་པ། །རོ་དང་པདྨ་དམར་གནས་ལ་ཕྱག་འཚལ། །ཙ་རྩི་ཀཱ་སོགས་པདྨ་བསྣམས། །རིམ་པས་ཆུ་ཚོད་རྩ་རང་བཞིན། །མདུན་ནས་གཡས་སྐོར་རིམ་པ་བཞིན། །པདྨ ་བསྣམས་ལ་རོལ་པས་བཞུགས། །འཇིགས་བྱེད་དྲག་པོ་མཆེ་བ་གཉིས་གཙིགས་མ་དང་ཁ་ནས་མེ་འབར་མ་དང་རླུང་ཤུགས་རབ་གཏུམ་མ། །གཏུམ་མིག་མ་དང་སྣ་ཆེན་མ་རྣམས་ཀླུ་ཡི་པད་འདབ་རྣམས་ལ་ཙ་རྩི་ཀཱ་ལ་ཕྱོགས་ནས་གནས། །བརྒྱད ་རྣམས་དཔལ་གྱི་གཙོ་མོ་དང་མཚུངས་ཧྲི་ཡ་ཡི་རཧི་ཡིག་རྣམས་དང་གྲི་གུག་ལས་བྱུང་བསྒོམ། །ཡུ་ཡལིཾ་ཡཾ་རྣམས་དང་ནི་གྲི་གུག་ལས་བྱུང་དཔལ་གྱི་རྣལ་འབྱོར་རྣམས་ལ་འདིར་ནི་ཕྱག་འཚལ་ལོ། །ཧ(རྒྱུད་འགྲེལ་ནི་བདེ་བྱེད་དཀར་པོ་དང་བཅས་ཉི་མ་ཡི། །པདྨ་མ་ཧེའི་སྟེང་གནས་ཕྱག་ན་དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ཆུང་རྣམས་དང་ལྡན་པ། །གཤིན་རྗེ་ལ་ནི་བཞུགས་པའི་ཞབས་གཉིས་དག་ལ་ངེས་པར་ཕྱག་འཚལ་ལོ། །ཀེང་རུས་དུས་མཚན་མ་དང ་ཁྲོ་གདོང་དུས་ཀྱི་ལྕེ་དང་བརྩིགས་མ། །ནག་མོའི་འཇིགས་མ་གཟུགས་ངན་ཀླུ་ཡི་འདབ་མ་ལ་གནས་ལྷ་རྣམས། །དཔལ་གྱི་ལྷ་མོ་དང་མཚུངས་ཧིར་རི་རརི་རཱ་ཧཱི་རུ་རླི་རཾ་རྣམས་དང། །དབྱུག་པ་ལས་བྱུང་དཔལ་ལྡན་རྣལ་འབྱོར་མ་ལ་ཕྱག་འཚལ། །ཧ ་ཡིག་རྩེ་གསུམ་དག་ལས་བྱུང་བའི་དྲག་མོ་ཉིད་ཀྱི་ཕྱག་ན་རྩེ་གསུམ་ཅང་ཏེ་ཁ་ཊཝཱཾ་ག་དང་ལྟོ་འགྲོ་དཀར་པོ། །རིམ་པ་ཇི་ལྟ་བ་རྣམས་གཤིན་རྗེ་དང་བཅས་བྱང་དུ་ཁྱུ་མཆོག་དང་ནི་པདྨ་དམར་པོ་ལ་གནས་པ་ལ་ཕྱག་འཚལ། །གོ་ར་དང ་ནི་གཾ་ག་མ་དང་རྟག་མ་ཤིན་ཏུ་མགྱོགས་མ་འདེགས་མེ་མཚན་ཉིད་ལྡན་མ་དང། སེར་སྐྱ་མ་དང་ནག་མོ་རྣམས་ཏེ་དེ་ལྟར་བརྒྱད་རྣམས་དྲག་མོའི་ཀླུ་ཡི་པད་འདབ་ལ་གནས་རྣམས། །དཔལ་གྱི་དྲག་མོ་དང་ནི་མཚུངས་མཧུ་ཝ་ཝི་ཝརི་ཧཱུཾ་ཉིད་རྣམས་དང་ཝུ་ཝལི་ཝཾ་རྣམས།། ་རྩེ་གསུམ་དག་ལས་བྱུང་བ་དེ་རྣམས་ཀུན་ལ་རབ་ཏུ་དང་བའི་སྒོ་ནས་ངེས་པར་ཕྱག་འཚལ། །ཧཱ་ཡིག་རྡོ་རྗེ་ལས་བྱུང་དབང་མོ་གསེར་གྱི་ཁ་དོག་དང་མཚུངས། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ནི་ལག་པའི་པདྨས་འཛིན་མ་ལྷ་མིན་དང་བཅས་ཆུ་བདག་ཕྱོགས་སུ་གླང་པོ ་དཀར་པོ་དང་ནི། །པདྨ་དམར་པོའི་སྟེང་ན་གནས་པ་ལ་ནི་རབ་ཏུ་ཕྱག་འཚལ། །རྡོ་རྗེ་འོད་མ་རྡོ་རྗེ་ལུས་མ་གསེར་མཆོག་ལྡན་མ་རིགས་འཛིན་མ་དང་སྣ་ཚོགས་རི་མོ་མ། །ཆུ་ཤིང་མ་དང་ཟུག་རྔུ་སེལ་མ་ཤིན་ཏུ་སྒྲོལ་མ་རྣམས་ནི་ལག་འཛིན་པད་འདབ་ལ། ། ་གནས་པ་བརྒྱད་རྣམས་དཔལ་གྱི་གཙོ་མོ་དང་མཚུངས་ཧལི་ལ་ལཱི་ལརི་ཧལི་ལུ་ལླི་ལཾ་མ་རྣམས་དང་ནི། །རྡོ་རྗེ་དག་ལས་རབ་ཏུ་བྱུང་བའི་རྣལ་འབྱོར་མ་རྣམས་ཀུན་ལ་འདིར་ནི་ངེས་པར་ཕྱག་འཚལ་ལོ། །ཀྵ་ཡིག་དུང་དག་ལས་བྱུང་ཚངས་མ་ཞལ་བཞི་ཉི་མའི་སྤྱན་ལྡན ་ཁ་དོག་སེར་པོ་དུང་དང་དབྱུག་པ་སྤྱི་བླུགས་ཐོད་པ་རྣམས་དང་ལྡན་པ། །སྤྲིན་གྱི་ཁ་དོག་དང་ནི་མཚུངས་པའི་འཕྲོག་བྱེད་དང་ནི་བཅས་པ་རླུང་མཚམས་དང་པ་པད་དཀར་སྟེང་ན་གནས་པ་ལ་ནི་ཕྱག་འཚལ། །ཉི་མའི་བུ་མོ་པདྨའི་མིག་མཆུ་སྐྱེས་ལྡན་མ་དག་གི ་དབང་ཕྱུག་མ་རྣམས་དང། གླུ་མ་དང་ནི་གློག་མ་དྲན་མ་རྣམས་ནི་རིག་བྱེད་ཞལ་གྱི་པད་འདབ་ལ་ནི་གནས་པ་རྣམས་རིམ་པ་བཞིན་དུ་ཀྵལཱི་ལཱ་ལཱི་ལླརཱི་ཀྵྲཱི་ལཱུ་ལླི་ལ་རྣམས་དང་དུང་དག་ལས་བྱུང་བའི། །ཚངས་མ་དང་ནི་རྣལ་འབྱོར་མ་རྣམས་ཀུན་ལ་རབ་ཏུ་དང ་བས་ཡང་དག་འཚལ་ལོ། །ཀྵུ་དང་པདྨ་ལས་བྱུང་བཀྲ་ཤིས་མ་ནི་ཟླ་བ་དང་མཚུངས་པད་ཕྲེང་ཀ་མ་ལ་དང་རིན་ཆེན་ནོར་བུ་ཕྱག་ལྡན་མ། །རོའི་གདོང་ཅན་དང་བཅས་དཔལ་ལྡན་ཕྱོགས་ན་སེང་དཀར་སྟེང་ན་གནས་པའི་ཞབས་ཀྱི་པདྨ་ལ ་ནི་ངེས་པར་ཕྱག་འཚལ་ལོ། །དཔལ་ལྡན་དཀར་མོ་ཟླ་བའི་རི་མོ་ཅན་རི་བོང་འཛིན་ཞལ་ངང་པའི་མདོག་མ་འཛིན་བྱེད་མ། །པད་མའི་དབང་ཕྱུག་མ་དང་འོད་ཟེར་ཅན་མ་དྲི་མེད་ཟླ་འཛིན་མ་རྣམས་དབང་ལྡན་མཚམས་ཉིད་དུ། །བཀྲ་ཤིས ་མ་ཡཾ་པད་འདབ་རྣམས་ལ་རིམ་བཞིན་དུ་ཀྵུ་ཝཱ་ཝཱི་ཝརཱི་ཀྵཱུ་ཝཱུ་ཝལཱི་ཝཱ(རྒྱུད་འགྲེལ་ཤཀྟི་ལྕགས་ཀྱུ་རིན་ཆེན་ཞགས་པ་རྣམས་ནི་ཕྱག་གི་འཛིན་མ། །བདེན་བྲལ་མཚམས་ནས་རྨ་བྱ་པད་མ་དཀར་པོའི་སྟེང་ན་གནས་པའི། །ཚོགས་ཀྱི་བདག་པོ་དང་ནི་བཅས་པ་གང་ཡིན་དེ་ལ་ཕྱག་འཚལ། པདྨ་མ་དང་ཡན་ལག་མེད་མ་གཞོན་ནུ་མ་དང ་སེང་གེ་འགྲོས་མ་རིན་ཆེན་འཕྲེང་བ་མ། །མིག་མཛེས་མ་དང་ཀུན་མ་བཟང་མོ་རྣམས་ནི་གཙོ་མོ་ཆུ་སྐྱེས་གཙུག་ཕུད་ཅན་གྱི་འགྲོས་མ་ཡི། །པདྨའི་འདབ་མ་ལ་གནས་རིམ་པ་བཞིན་དུ་ཀྵྲཱི་ར་རི་རརཱི་ཀྵྲཱི་རཱུ་རླཱི་ར:རྣམས་དང་ནི། །ཤག་ཏི་དག་ལས་བྱུང་བའི་ལྷ ་མོ་དེ་རྣམས་དང་ནི་བཅས་པ་རྣམས་ལ་རྒྱུན་དུ་ཕྱག་འཚལ་ལོ། །ཀྵཱི་ཡིག་འཁོར་ལོ་དག་ལས་བྱུང་བའི་དཔལ་ལྡན་ཁྱབ་འཇུག་མ་ཉིད། །ཞལ་བཞི་དང་བཅས་པ་ཡི་གནག་པའི་སྐུ་མངའ་འཁོར་ལོ་དབྱུག་པ། །ཆུ་སྐྱེས་དང་ནི་དག་པའི་དུད ་རྣམས་འཛིན་པའི་ཕྱག་ལྡན་མེ་མཚམས། །པད་མ་དཀར་པོ་དང་ནི་བྱ་ཁྱུང་ལ་གནས་དེ་ལ་ཕྱག་འཚལ། །དཔལ་མོ་སྒྱུ་འཕྲུལ་མ་དང་གྲགས་མ་བཀྲ་ཤིས་མ་དང་ཤིན་ཏུ་རྒྱལ་མ་དཔལ་རྒྱལ་རྣམས་དང། །རབ་ཏུ་རྒྱལ་མ་དཔལ་ལྡན ་འཁོར་ལོ་ཅན་མ་དག་ནི་ཁྱབ་འཇུག་མ་ཡི་པད་འདབ་ལ། གནས་པ་རྣམས་ནི་རིམ་པ་བཞིན་དུ་ཀྵཱི་ཡཱ་ཡི་ཡརཱི་ཀྵཱི་ཡཱུ་ཡལཱི་ཡ(རྒྱུད་འགྲེལ་གཡོན་གྱི་འདོད་ཡོན་རྣམས་ལ་ཀ་ཁ་ག་གྷ་ང་རྣམས་ཚེག་དྲག་དང་བཅས་པའི། །ས་བོན་རྣམས་དང་སོ་སོའི་ཕྱག་མཚན་རྣམས་ལས་བྱུང་བའི་འདོད་མ་ལྷ་རྣམས་ཕྱག་གཉིས་རི་བོང་ཞལ། །ཤར་སྒོ་ལ་སོགས་ཀྱི་གཡས་ཀྱི་འདོད་ཡོན་རྣམས་ལ་ས ་བོན་རང་བཞིན་ཙ་ཊ་པ་ཏ་ཡི། །སྡེ་ཚན་རྣམས་ལས་དེ་ལྟར་རབ་ཏུ་བྱུང་པ་དེ་རྣམས་ལྔ་ལྔ་སོ་སོའི་ཕྱོགས་ལ་གནས་པ་དང། །ཤར་སྒོའི་གཡོན་གྱི་འདོད་ཡོན་ལ་གནས་སྡེ་ལས་བྱུང་ཧ་སྡེ་ལས། །བྱུང་བ་བྱང་གཡོན་དེ་ལས་གཞན། །ཀྵི་ཡིག་ལས་བྱུང་རྣམས ་ལ་འདུད།། ཅེས་པ་རྣམས་གསུང་གི་འཁོར་ལོའི་ཚིགས་སུ་བཅད་པའོ། །ཙ་རྩི་ཀཱ་སོགས་དང་མཚུངས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་རིགས་རྣམས། རིགས་བྱེད་བརྒྱད་དང་བཅུ་དྲུག་པདྨའི་འདབ་མ་གསུམ་རྩེགས་ལ་གནས། ། སོག་ས་བོན་རྣམས་དང ་རྡོ་རྗེ་ལས་བྱུང་རྡོ་རྗེ་དང་བཅས། །ཁྱབ་འཇུག་ལ་སོགས་རྣམས་དང་ཆོས་ཀྱི་ལྷ་མོ་རྣམས་དང་བཅས་པ། །ང་ངི་ངརི་ངུ་ངལི་ངཾ། གྷ་གྷི་གྷྲི་གྷུ་གྷལི་གྷཾ། ག་གི་གྲི་གུ་གླི་གཾ་།ཁ་ཁི་ཁྲི་ཁུ་ཁལི་ཁཾ། ཀ་ཀི་ཀྲི་ཀུ་ཀླི་ཀཾ་རྣམས་དང་འཁོར་ལོ་ལས་བྱུང། །པད་གནས་རྣམས ་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དཔལ་གྱི་དགུན་ཟླ་ཐ་ཆང་ཆོས་རྣམས་དང་ནི་ངེས་པར་དཔུང་མགོའི་ཚིགས་ཀྱི་རང་བཞིན་ཅན། །འདི་རྣམས་དང་བཅས་ཤར་སྒོའི་གཡོན་དུ་བྱ་ཁྱུང་པདྨ་དམར་པོའི་སྟེང་གནས་རྐང་ཡིག་དང། ། ་འཁོར་ལོ་ལས་བྱུང་བ་ཡི་ཁྱབ་འཇུག་ལྗང་གུའི་ལུས་ལ་དཔལ་མོ་གནོད་སྦྱིན་དང་ནི་མཚུངས་པས་འཁྱུད། །འཁོར་ལོ་དང་ནི་དབྱུག་པ་དག་དང་ཆུ་སྐྱེས་དུང་དག་འཛིན་པ་རྣམས་ལ་ཕྱག་འཚལ། །ཉ་ཉི་ཉརི་ཉུ་ཉལི་ཉཾ། ཛཧ་ཛཧི་ཛཧྲི་ཛཧུ་ཛཧཱི་ཛཧཾ། ་ཛ་ཛི་ཛྲི་ཛུ་ཛལི་ཛཾ། ཚ་ཚི་ཚྲི་ཚུ་ཚལི་ཚཾ། ཙ་ཙི་ཙརི་ཙུ་ཙལི་ཙཾ། རྣམས་དང་རལ་གྲི་ལས་བྱུང་བ་དེ་གནས་རྣམས། །མངའ་བདག་དང་མཚུངས་རོལ་པས་གནས་པ་དཔལ་གྱི་དཔྱིད་ཟླ་འབྲིང་པོའི་ཚེས་རྣམས་དང་ནི་གཏུམ་མོའི་ཚིགས་ཀྱི་རང་བཞིན་ཅན་ཉིད་དེ། ། ་འདི་རྣམས་དང་བཅས་ཤར་སྒོའི་གཡས་སུ་ཡི་དགས་དང་ནི་ཆུ་སྐྱེས་དམར་པོའི་སྟེང་གནས་པ། །ཙི་དང་རལ་གྲི་དག་ལས་བྱུང་བའི་སྲིན་པོ་དམར་པོ་དབང་མོ་དང་བཅས་རལ་གྲི་གྲི་གུག་དང། །ཕུབ་དང་ཐོད་པ་ཕྱག ་གི་འཛིན་པ་གང་ཡིན་དེ་ལ་བདག་ཉིད་གུས་པར་ཕྱག་འཚལ་ལོ། །ཎ་ཎི་ཎརི་ཎུ་ཎལི་ཎཾ། ཌཧ་ཌཧི་ཌཧྲི་ཌཧུ་ཌཧལི་ཌཧཾ། ཌ་ཌི་ཌརི་ཌུ་ཌལི་ཌཾ། ཋ་ཋི་ཋྲི་ཋུ་ཋལི་ཋཾ། ཊ་ཊི་ཊརི་ཊུ་ཊལི་ཊཾ། རྣམས་དང་ཤག་ཏི་ལས་བྱུང་པད་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ ་བས་གནས། །དཔལ་གྱི་དབྱར་ཟླར་པའི་ཆོས་རྣམས་དང་ནི་ལག་མགོའི་ཚིགས་ཀྱི་རང་བཞིན་གཅིག་ཉིད་དེ། །འདི་རྣམས་དང་བཅས་གཤིན་རྗེ་ཕྱོགས་ཀྱི་སྒོ་ཡི་གཡས་སུ་ལུག་དང་པདྨ་དམར་པོའི་སྟེང། །གནས་པ་ཊཝི་དང་ཤག་ཏི་ལས་བྱུང ་སྲེག་ཟ་ཁ་དོག་དམར་པོ་ཤག་ཏི་དབྱུག་པ་དང། ཆུ་སྐྱེས་སྤྱི་བླུགས་དུས་ཀྱི་ཕྱག་ན་བསྣམས་པ་དྲག་མོས་འཁྱུད་པ་དེ་ལ་ཕྱག་འཚལ་ལོ། །མ་མི་མྲི་མུ་མལི་མཾ། བྷ་བྷི་བྷྲི་བྷུ་བྷལི་བྷཾ། བ་བི་བྲི་བུ་བླི་བཾ། ཕ་ཕི་ཕྲི་ཕུ་ཕལཾ་ཕཾ། པ་པི་པྲཾ་པུ་པལི་པཾ་རྣམས། ། ་དང་ཞགས་པ་ལས་བྱུང་པད་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དཔལ་གྱི་དབྱར་ཟླ་ཐ་ཚུངས་ཚེས་རྣམས་དང་ནི་དཔྱི་མགོའི་ཚིགས་ཀྱི་རང་བཞིན་ཅན་ཉིད་དོ། །སྒོའི་གཡས་སུ་ཆུ་སྲིན་དང་ནི་པདྨ་དམར་པོའི་སྟེང་གནས་པ། །ཡཾ ་ཡིག་དང་ནི་ཞགས་པ་དག་ལས་བྱུང་བའི་ཆུ་བདག་ཞགས་པ་རིན་ཆེན་སྦྲུལ་ཉིད་དང། །ནོར་བུ་རྣམས་ནི་རིག་བྱེད་ཕྱག་ན་འཛིན་ཅིང་ཕག་མོ་དང་བཅས་ཞབས་ལ་ཕྱག་འཚལ་ལོ། །ན་ནི་ནརི་ནུ་ནལི་ནཾ། དྷ་དྷི་དྷྲི་དྷུ་དྷལཱཾ་དྷཱི། ད་དི་དྲི་དུ་དལི་དཾ། ཐ་ཐི་ཐྲི་ཐུ་ཐལི་ཐཾ། ཏ ་ཏི་ཏྲི་ཏུ་ཏལི་ཏཾ། རྣམས་དང་རྡོ་རྗེ་ལས་བྱུང་པད་གནས་རྣམས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དེ་ལྟར་སྟོན་ཟླ་འབྲིང་པོའི་ཚེས་རྣམས་དང་ནི་པུས་གཡོན་རྣམ་པར་དག་པའི་རང་བཞིན་ཅན། །འདི་རྣམས་དང་བཅས་ནུབ་སྒོའི་གཡས་སུ ་སྒྲ་གཅན་དང་ཆུ་སྐྱེས་དམར་པོའི་སྟེང་གནས་པ། །ཏཾ་ཡིག་དང་ནི་རྡོ་རྗེ་དག་ལས་བྱུང་བའི་དབང་པོ་སེར་པོ་ཕྱག་ན་རྡོ་རྗེ་དང། །མདའ་དང་དྲིལ་བུ་གཞུ་རྣམས་འཛིན་པ་ཙ་རྩི་ཀ་དང་བཅས་པ་དེ་ལ་ཕྱག་འཚལ་ལོ། །ཐྐ་ཐྐི་ཐྐརི་ཐྐུ་ཐྐལི་ཐྐཱཾ། ཤ་ཤི་ཤྲཾ་ཤུ་ཤལི་ཤཾ་།ཥ་ཥི་ཥྲི ་ཥུ་ཥལི་ཥཾ། ཉཔ་ཉཔཾ་ཉཔཱི་ཉཔུ་ཉཔལི་ཉཔཾ། ས་སི་སྲི་སུ་སླི་སཾ། རྣམས་དང་རྩེ་གསུམ་ལས་བྱུང་པད་གནས་ནི་མངའ་བདག་དང་མཚུངས་རོལ་པས་གནས། །དགུན་ཟླ་ར་བའི་ཚེས་རྣམས་དང་ནི་ལོང་བུའི་ཚིགས་ཀྱི་རང་བཞིན་ཅན་དེ་འདི་རྣམས་དང་བཅས་པས་བྱང་སྒོའི ་གཡོན་དུ་ཁྱུ་མཆོག་དང་ནི་ཆུ་སྐྱེས་དམར་པོའི་སྟེང་དུ་ཡང་དག་གནས། །སཾ་ཡིག་དང་ནི་རྩེ་གསུམ་མདའ་དང་ཁ་ཊཝཱཾ་ག་།གཞུ་རྣམས་ཕྱག་གིས་འཛིན་དང་གཤིན་རྗེ་དང་མཚུངས་རི་ཡི་བུ་མོ་པད་གནས་ལ་ཕྱག་འཚལ། །སཱ་སཱི་སྲཱི་སཱུ་སླཱི་སྭཱཾ(རྒྱུད་འགྲེལ་ཉཔཱཾ(རྒྱུད་འགྲེལ་རང་བཞིན་ཏེ། དེ་རྣམས་དང་བཅས་ནུབ་སྒོའི་གཡོན་དུ་མིང་དང་པདྨ་ཉི་མའི་མདོག་ལྡན་སྟེང་གནས་པ། །ཐྐཱ?་ཡིག་དཔལ་གྱི་དབྱུག་པ་དག་ལས་བྱུང་བའི་གནོད་སྦྱིན་ནོར་བུ་དབྱུག་པ་སྲེ་མོང་དང། །པདྨ་རྣམས་ནི་ཕྱག་ན་འཛིན་པའི་ཁྱབ ་འཇུག་དང་མཚུངས་ནོར་དབང་པད་གནས་ལ་ཕྱག་འཚལ། །ཏཱ་ཏཱི་ཏྲཱི་ཏཱུ་ཏལཱི་ཏཱ(རྒྱུད་འགྲེལ་སྟོན་ཟླ་ཐ་ཚུངས་ཚེས་རྣམས་དང་ནི་པུས་མོའི་ཚིགས་ཀྱི་རང་བཞིན་ཅན་ཉིད་དེ། །དང་བ་ཆུ་སྐྱེས་དཀར་པོ་ལ་གནས་ན་ཡིག་དང་དུང་ལས་བྱུང་བའི་ཚངས་པ་ཉིད། །སེར་པོ་དུང་དང་ཕྲེང་བ་ཆུ་སྐྱེས་སྤྱི་བླུགས་རིག་བྱེད་ཕྱག་གིས་འཛིན་ལ་ཁྱབ་འཇུག་མས།། ་འཁྱུད་པའི་ཞལ་བཞི་སེར་དང་དཀར་དང་དམར་བ་དེ་ལ་ཕྱག་འཚལ་ལོ། །པཱ་པཱི་པྲཱི་པཱུ་པལཱི་པཱ(རྒྱུད་འགྲེལ་བདག་དང་མཚུངས་རོལ་བས་གནས། །སྟོན་ཟླ་ར་པའི་ཚེས་རྣམས་དང་ནི་གཡས་ཀྱི་སྤྱི་མགོ་ཚིགས་རྣམས་རྣམ་པར་དག་པ་ཡི། །རང་བཞིན་དེ་རྣམས་དང་བཅས་དབང་ལྡན་མཚམས་སུ་བྱ་བ་ཆུ་སྐྱེས་དཀར་པོའི་སྟེང་གནས་པ། །མཱ་ཡིག་ཏ་རེ་ལས་བྱུང ་ཚོགས་བདག་དཀར་པོ་སྟ་རེ་རྡོ་རྗེ་ཞགས་བ་ནོར་བུ་རྣམས། །ཕྱག་གི་རིམ་བཞིན་བསྣམས་ལ་གདོང་དྲུག་མས་འཁྱུད་དེ་ཡི་ཞབས་ལ་རྒྱུན་དུ་ཕྱག་འཚལ་ལོ། །།ཊཱ་ཊཱི་ཊརཱི་ཊཱུ་ཊལཱི་ཊཱ(རྒྱུད་འགྲེལ་བྱུང་བ་པད་གནས་དང་ནི་མདའ་བདག་དང་མཚུངས་རོལ་པས་གནས། །དབྱར་ཟླ་འབྲིང་པོའི་ཚེས་རྣམས་དང་ནི་ལག་མགོའི་ཚིགས་ཀྱི་རང་བཞིན་དེ་རྣམས་དང་བཅས་པ། །བདེན་བྲལ་མཚམས་སུ་རྨ་བྱ་ཆུ་སྐྱེས་དཀར་པོ་ལ་གནས་ཎ: ་ཡིག་དང་ནི་དུང་དག་ལས། །བྱུང་བའི་རོ་ཡི་གདོང་ཅན་དམར་པོ་ཤག་ཏི་དང་ནི་མདུང་དང་ནོར་བུ་མེ་ལོང་རྣམས། །གང་གི་ཕྱག་ན་གནས་པ་དང་ནི་དཔའ་མོ་དང་བཅས་དེ་ལ་གུས་པས་ཕྱག་འཚལ་ལོ། །ཙཱ་ཙཱི་ཙརཱི་ཙཱུ་ཙལཱི་ཙཱ། ཚཱ་ཚཱི་ཚྲཱི་ཚཱུ་ཚལཱི་ཚཱ། ཛཱ་ཛཱི་ཛྲཱི་ཛཱུ་ཛལཱི་ཛཱ། ་ཛཧཱ་ཛཧཱི་ཛཧྲཱི་ཛཧཱུ་ཛཧལཱི་ཛཧཱ། ཉཱ་ཉཱི་ཉརཱི་ཉཱུ་ཉལཱི་ཉཱ(རྒྱུད་འགྲེལ་མེ་ཡི་མཚམས་སུ་རི་དགས་ཆུ་སྐྱེས་དཀར་པོ་ལ་གནས་ཉཱ(རྒྱུད་འགྲེལ་དེ་ལ་ཕྱག་འཚལ་ལོ། །ཀཱ་ཀཱི་ཀྲཱི་ཀཱུ་ཀླཱི་ཀཱ(རྒྱུད་འགྲེལ་ནི་དཔུང་པའི་ཚིགས་ཀྱི་རང་བཞིན་ཅན་ཉིད་དེ། །དེ་རྣམས་དང་བཅས་ལྷོ་སྒོའི་གཡོན་གྱི་ཕྱོགས་སུ་མ་ཧེ་ཆུས་སྐྱེས་དམར་པོའི་སྟེང་གནས་པ། །ངཱ(རྒྱུད་འགྲེལ་གིས་འཛིན་ལ་འཕྲོགས་བྱེད་དང་མཚུངས་གཤིན་རྗེ་མ་ཉིད་པད་གནས་ལ་ཕྱག་འཚལ། །ཁྲོ་རྒྱལ་རྣམས་ནི་གཡས་པ་བརྐྱང། །ལྷ་མོ་རྣམས་ནི་གཡོན་བརྐྱང་གནས། །ཞལ་ཅིག་རྒྱ་མཚོ་ཕྱག་ལྡན་ཞིང། །སྤྱན་གསུམ་རིན་ཆེན་ཅོད་པན་ཅན། །ཧཾ་ཡིག་དང་ནི ་རྡོ་རྗེ་དག་ལས་ལྷ་དབང་ལུས་ལྡན་ཕྱག་ན་རྡོ་རྗེ་དང་མཚུངས་གཙུག་ཏོར་ཅན། །དེ་ཉིད་པད་གནས་ཧཱ(རྒྱུད་འགྲེལ་ལ། །ཡང་དག་གནས་པའི་ཁུ་བ་འཛག་པའི་རང་བཞིན་དེ་དག་ཞབས་ལ་རབ་ཏུ་དང་བས་ཕྱག་འཚལ་ལོ། །ཡི་ཡིག་དབྱུག་པ་དག་ལས་བྱུང་བའི་ཁྲོ་བོ་དབྱུག་སྔོན་ཅན་དེ་གཤིན་རྗེའི་དགྲ་ཡི་ཡུམ་མཚུངས་དང། །ལ(རྒྱུད་འགྲེལ་ཟེར་ཅན་མ་གསེར་མཚུངས་འཁོར་ལོ་དབྱུག་བ་དུང་དང་ནི། །རིན་པོ་ཆེ་རྣམས་ཕྱག་གིས་པདྨས་འཛིན་པ་དང་བཅས་ཤར་སྒོའི་དབུས་སུ་ཕག་པ་བདུན་གྱིས་དྲངས། །ཤིང་རྟ་ལ་གནས་དྲི་ཆུ་རྣམ་པར་དག་པ་དེ་དག་ཞབས་ཀྱི་པདྨ་ལ་ནི་ཕྱག་འཚལ་ལོ། ། ་རྨོངས་བྱེད་མ་མཚུངས་རཾ་ཡིག་མངའ་དག་ལས་ནི་ཊཀྐི་རཱ་ཛ། །ཝཱ(རྒྱུད་འགྲེལ་ཕྱག་འཚལ། །ང་རྒྱལ་ཅན་མཚུངས་ཝཱཾ་ཡིག་གཏུན་ཤིང་ལས་བྱུང་མི་གཡོ་བ་སྟེ། རཱ(རྒྱུད་འགྲེལ་ལྡན་དམར་མོ། །བྱང་དུ་སེང་གེའི་ཤིང་རྟ་ལ་གནས་དེ་དག་ལ་ནི་ཕྱག་འཚལ། །རེངས་བྱེད་མ་མཚུངས་ལཾ་ཡིག་དབྱུག་ཐོ་དག་ལས་བྱུང་བའི་སྟོབས་ཆེན། །ཡ(རྒྱུད་འགྲེལ་རྣམས་འཛིན་བཤད་པའི་རང་བཞིན། །ཆུ་ལྷར་གླང་ཆེན་ཤིང་རྟ་ལ་གནས་དེ་དག་ལ་ནི་ཕྱག་འཚལ། །ཀུན་ཏུ་བཟང་མོ་དང་མཚུངས་ཧཱཾ་ཡིག་དང་ནི་དཔལ་གྱི་གྲི་གུག་ལས་བྱུང་གནོད་མཛེས་དང། །ཧཱཾ་ཡིག་རྡོ་རྗེ་ལས་བྱུང་དྲག་མིག་མ་ཉིད་ལྗང་གུ་ཕྱག ་གིས་སྟ་རི་རྩེ་གསུམ་དང། །སྦྲུལ་ཞགས་སྙིང་གར་འཛིན་ཅིང་ཁ་ཊཝཱཾ་ག་བཅས་ཀྱིས་འཁྱུད་འོག་ཏུ་ཀླུ་ཡི་ལག་ལྡན་པའི། །ཤིང་རྟ་ལ་གནས་བྷ་ག་དྲི་ཆུའི་རང་བཞིན་རྣམ་དག་ལ་ནི་ཕྱག་འཚལ་ལོ། །ཕྱོགས་སྐྱོང་དང་མཚུངས་ཀླུ་རྣམས་ཀྱིས། ། ་དབུ་ལ་གདེང་ཀ་ལྔ་རུ་འདོད། །འོན་ཀྱང་རྒྱལ་བ་རྣམ་རྒྱལ་གྱིས་དབུ་ལ་གདེངས་ཀ་བདུན་དུ་འདོད། །ཧཱུཾ་ཡིག་རྡོ་རྗེ་ལས་ནི་བྱུང་བའི་རྒྱལ་བ་སྐུ་མདོག་ལྗང་གུ། །བདུད་རྩིའི་བུམ་པ་རྡོ་རྗེ་ཆུ་སྐྱེས་རིན་ཆེན་ཕྱག་རྣམས་ཀུན་གྱིས། །བཟུང་བ་རྐང ་གཡོན་མཐེ་ཆུང་རྣམ་པར་དག་པ་སྔོན་མོ་དང་བཅས་སྟེང་དུ་ནམ་མཁའ་ཨི་དཀྱིལ་འཁོར་ལ་གནས་དེ་དག་ལ་ནི་ཕྱག་འཚལ། །སྒོ་འགྲམ་རྣམས་སུ་གཡོ་བའི་རྩེ་མོ་ཅན་དང་མཆུ་དང་ས་རྣམས་དཀྱིལ་འཁོར་སོ་སོའི་ཁ་དོག་གིས། །ཤར་ལ་སོགས ་པའི་གཡོན་དུ་དགོད་པ་ཧཡ་ཡིག་རྒྱལ་མཚན་ལས་བྱུང་ཀརྐོ་ཊ་ཉིད་ནག་པོ་ནི། །མིང་མེད་རྣམ་པར་དག་པ་ཅི་སྤྱང་གདོང་མས་འཁྱུད་དང་ཧྲཾ་ཡིག་བཀྲ་ཤིས་ལས་བྱུང་ཆུ་བདག་ཉིད། །ཉི་མ་དང་མཚུངས་གུང་མོ་རྣམ་པར་དག་པ་སྟག་གདོང ་མ་དང་བཅས་ལ་རིམ་བཞིན་ཕྱག་འཚལ་ལོ། །ཧཱ་ཡིག་ཆུ་སྐྱེས་ལས་བྱུང་དགའ་བོ་དཀར་པོ་ཉིད། །མཛུབ་མོ་རྣམ་པར་དག་པ་ཕག་གདོང་མ་འཁྱུད་དང། །ཧལ་ཡིག་འཁོར་ལོ་ལས་བྱུང་འཇོག་པོ་སེར་པོ་ཉིད། །མཐེ་བོ་རྣམ་དག་ཁྱི་གདོང་དང་བཅས་ལ་ཕྱག ་འཚལ། །ནུབ་སོགས་གཡས་སུ་ཧལཱ་ཡིག་འཁོར་ལས་བྱུང་པདྨ་ཆེན་པོ་ལས་བྱུང་པདྨ་ཆེན་པོ་སེར་པོ་ཁྭ་གདོང་བཅས། །ཧཱ་ཡིག་དག་ནི་པདྨ་དག་ལས་བྱུང་བའི་རིགས་ལྡན་དཀར་པོ་བྱ་གདོང་བཅས་དང། ཧྲཱ་ཡིག་བཀྲ་ཤིས་ལས་བྱུང་ལྟོས་འགྲོ་དུང་སྐྱེད་དམར་པོ ་འུག་གདོང་མ་དང་བཅས་པ་དང། །ཧཡཱ་ཡིག་རྒྱལ་མཚན་ལས་བྱུང་པདྨ་དཀར་མིན་བྱ་ཁྱུང་གདོང་བཅས་རྣམས་ལ་ཕྱག་འཚལ་ལོ། །ཀྵུཾ་ཡིག་རྡོ་རྗེ་ལས་བྱུང་རྣམ་རྒྱལ་སྔོན་པོ་ཉིད། །རྐང་པ་གཡས་པའི་མཐེ་བོ་ལ་སོགས་པ་ཉིད་ཀྱི། །རྣམ་པར་དག་པ་རྡོ་རྗེ་མིག ་མ་དང་བཅས་པ། །འོག་ཏུ་ཡེ་ཤེས་ལ་གནས་པ་ལ་ཕྱག་འཚལ་ལོ། །ལྷོ་སྒོའི་གཡོན་གྱི་འདོད་ཡོན་ལ་ནི་དེས་པར་གསལ་བྱེད་ཀ་ཁ་ག་གྷ་ང་རྣམས་ཐིག་ལེ་དང་པའི་ས་བོན་ལས་བྱུང་མི་འདོད་མ་རྣམས་ཞལ་གཅིག་ཕྱག་གཉིས་མ་སྟེ་མངའ་ཡི ་གྲངས་རྣམས་སོ། །ཤར་ལ་སོགས་པའི་གཡས་ཀྱི་འདོད་ཡོན་རྣམས་ལ་ཙ་ཊ་པ་ཏའི་སྡེ་ཚན་རྣམས་ལས་རབ་ཏུ་བྱུང། །དེ་ལྟར་དེ་རྣམས་སོ་སོའི་ཕྱོགས་ལ་ལྔ་ཡི་གྲངས་ཀྱི་ས་བོན་དང་བཅས་སོ་སོའི་ཕྱག་མཚན་ནོ། །དེ་ལྟར་ས་སྡེའི་ཤར ་གྱི་ག-ཡོན། །འདོད་ཡོན་ལ་སྟེ་ཧ་སྟེ་བྱང། །དེ་ལས་གཞན་པ་ཀྵ་ཡིག་ལས། །འབྱུང་བ་རྣམས་ལ་ཕྱག་འཚལ་ལོ། །འཁོར་ལོ་ལ་གནས་ལྷ་ཉིད་དེ་རྣམས་མ་ལུས་པ། །ཞལ་གཅིག་ཕྱག་གཉིས་མ་སྟེ་སྤྱན་གསུམ་དང་ལྡན་མ། །ཕྱག་རྒྱས ་སྤྲས་ཤིང་སྐྲ་གྲོལ་ན་བཟའ་རྣམས་དང་བྲལ། །དཔལ་གྱི་མགོ་བའི་ཕྲེང་བའི་གྲི་གུག་ཐོད་པའི་ཕྱག་།ཧཱ་ཡིག་གྲི་གུག་ལས་བྱུང་རྡོ་རྗེ་ཅན་མ་ཉིད། །ལྗང་གུ་རྒྱན་དང་བཅས་པ་གཡོན་པའི་མཐེ་ཆུང་གི་།རྣམ་པར་དག་པའི་སྐུ་མངའ་སྟེང་གི ་ཕྱོགས་ཉིད་དུ། །རྐང་བརྒྱད་ལྗང་གུ་ལ་ནི་གནས་ལ་ཕྱག་འཚལ་ལོ། །གང་གི་མེ་དང་རླུང་དཀྱིལ་འཁོར་ལོ་དག་གི་དབུས་ཀྱི་ཆ། །ཀ་སྡེ་བརྩེགས་པ་དང་ནི་གྲི་གུག་ལས་བྱུང་ཁྱི་གདོང་མ། །ནག་མོ་འཇོག་པོ་དང་ནི ་བཅས་པ་ལྷའི་དབང་པོའི་ཕྱོགས་སུ། །རལ་གྲི་ཅན་དང་འཁོར་ལོ་དམར་པོ་ལ་ནི་གནས་ལ་ཕྱག་འཚལ། །དེ་བཞིན་ཀྵ་ཡ་རཱ་ཝ་ལ་དང། གྲི་གུག་ལས་བྱུང་ཕག་གདོང་དམར་མོ། །དགའ་བོ་དང་བཅས་ལྷོ་ཡི་ཕྱོགས་སུ། །དོམ་དང་འཁོར་ལོ ་གནས་ལ་ཕྱག་འཚལ། །དེ་བཞིན་ཧ་ཡ་རཱ་ཝ་ལ་དང། །གྲི་གུག་ལས་བྱུང་སྟག་གདོང་དཀར་མོ། །ཆུ་བདག་དང་བཅས་བྱང་གི་ཕྱོགས་སུ། །གཡས་དང་འཁོར་ལོར་གནས་ལ་ཕྱག་འཚལ། །དེ་བཞིན་ཐྐ་ཤ་ཥ་ཝས་དང། །གྲི་གུག་ལས་བྱུང་ཅེ་སྤྱང ་གདོང་མ། །སེར་མོ་ཀརྐོ་ཊ་བཅས་ནུབ་ཏུ། །སེང་གེ་འཁོར་ལོར་གནས་ལ་ཕྱག་འཚལ། །ཏུ་པུ་ཊུ་ཙུ་རྣམས་དང་གྲི་གུག་ལས་བྱུང་བྱང་གི་།དབང་པོ་འུག་པ་བྱ་རྒོད་ཁྭ་རྣམས་དང་མཚུངས་པའི་བགེགས་ཅན་སེར་མོ་དཀར་མོ་དམར་མོ་ནག་མོ་རྣམས ་ནི་པདྨ་དུང་སྐྱོང་དགའ་བོ་དང། །པདྨ་ཆེན་པོ་དང་བཅས་རླུང་དང་འཕྲོག་བྱེད་སྟེར་བྱེད་མེ་མཚམས་རྣམས་སུ་ཤིང་རྟའི་ཚོགས་བཅོམ་ནས། །ལོངས་སྤྱོད་པའི་གཞོན་པ་མིག་སྔོན་བྱ་ལོང་བྷེ་རུ་ཎ་ཌ་དང་འཁོར་ལོ་དཀར་པོ་གནས་ལ་ཕྱག་འཚལ། །ཧ: ་ཡིག་གྲི་གུག་ལས་བྱུང་སྔོན་མོ་ཁ་དོག་སྔོ། །རྒྱལ་བ་དང་བཅས་འོག་ཏུ་རླུང་དང་འཁོར་ལོ་ཉིད། །སྔོན་པོ་ལ་གནས་ཕྱག་འཚལ་སྔོན་ལྟར་དགུ་པོ་ཡང། །ལག་པ་གཡས་གཡོན་སོར་མོ་རྣམ་དག་ལྷ་མོ། ། ཡིག་ལས་བྱུང་ཟླ་བ་དབང་པོའི་ཕྱོགས་གནས། ། ་ལས་བྱུང་བའི་སྣང་བྱེད་བདེན་བྲལ་ལ་གནས། །དེ་དགས་ཡི་དཀྱིལ་འཁོར་གནས་ལ་ཕྱག་འཚལ། །ཧཱུཾ་ཡིག་དང་ནི་ཨཾ་ཡིག་ཨོཾ་ཡིག་ཧོ(རྒྱུད་འགྲེལ་རྣམས་དཀར་མིན་དམར་པོ་དཀར་པོ་སེར་པོ་རྣམས་ནི། །རིམ་བཞིན་ཤར་ལ་སོགས་པའི་རྟ་བབས་ལ་གནས་རྣམས་ལ་ཕྱག་འཚལ། །རྒྱལ་བ་མི་བསྐྱོད་པ་ལ་དཔལ་ལྡན་རྒྱལ་བ་རྡོ་རྗེ་སེམས་དཔས་རྒྱས་ནི་གདབ་པར་བྱ། །དེ་ནི་རྒྱལ་བ་མི་བསྐྱོད་སྟེ་དོན་གྲུབ་རྒྱལ་བ་ནོར་བུའི་ཕྱག་ལྡན་དེ ་ཉིད་ཀྱིས། །ཆུ་སྐྱེས་ཕྱག་ལྡན་དེ་ཉིད་འཁོར་ལོ་ཅན་ནོ་ཡང་ནི་དེའི་རྒྱལ་བ་རྣམ་པར་ཤེས། །སྤྱི་བོ་ལ་གནས་སྒྲིབ་པ་བྲལ་བ་སོ་སོའི་ཕྱག་རྒྱ་མཛད་ལ་དང་བས་ཕྱག་འཚལ་ལོ། །ནམ་མཁའ་དང་ནི་རླུང་དང་སྲེག་བྱེད་ཆུ་དང་ས་ཡི་རང་བཞིན་གྱིས། །སྔོན་དུ་གསུངས་པའི་ཁམས་རྣམས་ལས་བྱུང་བདེ ་བར་གཤེགས་པ་ཇི་ལྟ་བུ། །དེ་བཞིན་འཁོར་ལོ་འདི་ལས་གཞན་པའི་ལྷ་རྣམས་མ་ལུས་པ་ཉིད་ཀྱི། །ཅོད་པན་མཆོག་ལས་ཡང་དག་གནས་པ་དེ་རྣམས་ལ་ནི་ཕྱག་འཚལ་ལོ། །དེ་ལྟར་ཕྱག་བཙལ་ནས་མཆོད་པ་བྱ་བ་ནི། །དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འདོད་པའི་དྲི་མ ་མེད་པར་གསུངས་པ་ལྟར། །དེ་ལས་རྒྱལ་བམ་ལུས་མཆོད་པའི་དོན་དུ་སྤྲོས་པའི་འོད་ཟེར་དེ་རྣམས་སླར་བཀུག་སྟེ་རང་གི་སྙིང་གའི་ཟླ་བའི་རྡོ་རྗེ་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན་གྱི་ཡི་གེ་རྣམས་ལ། །དེ་ནས་སོ་སོའི་ས ་བོན་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་པ་ནི། ཨོཾ་ཙྪྫཛཧཧྙ་བཛྲ་གནདྷེ་གནདྷཱ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཙྪྫཛཧྙཱ་བཛྲ་མཱ་མེ་མ་ལཱ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊཋཌཌཧྞ་བཛྲ་དྷཱུ་བེ་དྷཱུ་པཱ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊཋཌཌཧྞ་བཛྲ་པྲ་དི་པེ་པྲ་དཱི་པཱ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥབབྷམ་བཛྲཱ་མྲི་ཏེ་ནེ་བཻདྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥབབྷམཱ ་བཛྲཱ་ཀྵ་ཏ་ཡཀྵ་ཏ་ཕ་ལཱ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལ་སྱེ་བསྟྲཱ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཥྙྡྡྷྣཱ་ཧ་སྱེ་གྷ་ཎ་ཊཱ་དརཤ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔ་བཛྲ་ཝཱ་དྱ་ཝཱ་ཏེ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔཱ་བཛྲ་ནརི་ཏྱི?་ནརི་ཏྱི་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྙཔཥཤཐྐ་གཱི་ཏི་གཱི་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྙཔཥཤཐྐཱ ་བཛྲ་མ་མེ་སརྦ་བུདྡྷ་བོདྷི་སཏྭཱ་ནཾ་ཀྲོ་དྷཱ་དྷཱི་ནཾ་བཛྲཱ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་ལྟར་སྔགས་ཀྱི་རྐང་པ་རྣམས་ཀྱི་སངས་རྒྱས་ལ་སོགས་པ་རྣམས་ལ་ཡིད་ཀྱི་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ནི་སྡིག་པ་དཔག་མེད ་བྱས་པ་རྣམས། །སོ་སོ་ཉིད་དུ་བཤགས་པར་བགྱི། །བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་རྣམས་ཀྱིས་དགེ་བ་དཔག་མེད་གང་བྱས་པ། །དེ་རྣམས་ཀུན ་ལ་རྗེས་སུ་ཡི་རང་བ་དང་སྡིག་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་བཞུགས་པར་ཞུ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ནི། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་པ་འཇོམས་པ་རྣམས་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི་དེ་ནས་བདག་ཉིད་འབུལ ་བ་དང་བསོད་ནམས་ཡོངས་སུ་བསྔོ་བ་ནི། །བདག་གི་ཇི་སྲིད་ལེན་གྱུར་ལུས་འབུལ་སེམས་ཅན་མ་ལུས་དོན་ཕྱིན་བདག་ཉིད་རྫོགས་པའི་སངས་རྒྱས་ཤོག་།དེ་ལྟར་བདུན་རྣམ་པར་དག་པའི་མཆོད་པ་བྱས་ནས། །དེ་ནས་རྩ་བ་གསུམ་དྲན་པར་བྱའོ། །ཕ ་རོལ་ཏུ་ཕྱིན་པ་བཅུ་བསྒོམ་པར་བྱའོ། །ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །བསྡུ་བའི་དངོས་པོ་བཞི་བསྒོམ་པར་བྱའོ། །མི་དགེ་བ་བཅུ་ཡོངས་སུ་སྤོང་བ་བསྒོམ་པར་བྱའོ། །སྒྲིབ་པ་ལྔ་སྤོང་བ་བསྒོམ་པར་བྱའོ། །ཉོན་མོངས་པ་བཞི་སྤོང་བ ་བསྒོམ་པར་བྱའོ། །ཟག་པ་བཞི་སྤོང་བ་བསྒོམ་པར་བྱའོ། །རྣམ་པར་ཐར་པ་བཞི་བསྒོམ་པར་བྱའོ། དེ་ལྟར་བསྒོམ་ལ་ཁམས་གསུམ་གཡོ་བ་དང་བརྟན་པར་བྱས་པ་རྣམས་རྣམ་པར་དཔྱད་པར་བྱ་སྟེ། །དངོས་མེད་དངོས་པོར་མེད་པ་སྟེ། དེ་ལྟར་དངོས་པོའང་དངོས་པོར་མེད། །དེས་ན་དངོས ་པོ་དངོས་མེད་འགྱུར། །དེ་ཕྱིར་དངོས་པོ་དམིགས་སུ་མེད་ཅེས་པའོ། །དེ་ནས་འཁོར་བའི་ཕུང་པོ་ཡོངས་སུ་སྤང་བར་བྱ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ་ལྟར་དང་པོར་འདིར་བརྟུལ་ཞུགས་དང་ལྡན་པ་ལུས?་ཀྱི་དབུས་སུ་ཆུ་ཡིས་མེ་རྣམས་བཤིག་པར ་བྱེད་པའོ། །དེ་ནས་མེའི་དངོས་པོ་མེད་པ་ལས་སའི་སྲ་བ་སྤངས་ནས་ཚྭ་བཞིན་དུ་ཞུ་སྟེ། ཆུའི་དབུས་སུ་འཇུག་པར་འགྱུར་རོ། །དེ་ནས་ཡང་ཆུ་རྣམས་རླུང་གི་སྐམས་ཏེ་ནམ་མཁའ་ལ་ཐིམ་པར་འགྱུར་བ་སྟེ། །དེ་ལྟར་ཁམས་ཀྱི་ཚོགས་རྣམས་མྱུར་བར་རྣམ་པར་འཇིག ་པར་འགྱུར་རོ། །དེ་ནས་སེམས་དང་མེ་ཉིད་མུན་པའི་མཛའ་ཞེས་པ་ནི་ནམ་མཁའ་ཨི་ཁམས་ཀྱི་དབུས་ཀྱི་གནས་སོ། །ཡུལ་དང་བྲལ་བ་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱི་གཟུགས་བརྙན་ཀུན་གཞི་རྣམ་པར་ཤེས་པར་གཟུང་བར་བྱའོ་ཞེས་པའོ། །དེ་ནས་སྔགས་འདི་བརྗོད་པར་བྱའོ། ་ཨོཾ་ཙུ?་ནྱ་ཏཱ་ཛྙཱ་ན་བཛྲ་སོ་བྷ་བཱཏྨ་ཀོ་ཧཾ་ཨོཾ་ཨ་ནི་མིཏྟ་ཛྙཱ་ན་སྭ་བྷཱ་བཱཏྨ་ཀོ་ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ། ཨོཾ་ཨ་ནཱ་བི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ། ཞེས་པ་བརྗོད་ལ་ཁམས་གསུམ་པོ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་སྟོང ་པའི་རྣམ་པར་བསམ་མོ། །དེ་ནས་བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་དོན་དུ་མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པ་ནི། །ནམ་མཁའ་ཨི་ཁམས་དཔག་པ་ལས་འདས་པ་བལྟས་ལ། སྔོན་དུ ་བརྗོད་པའི་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ལ་སོགས་པ་བསམ་མོ། །ཧྐྵྨལྭརྱཾ་དེ་ནས་རྡོ་རྗེའི་ས་གཞིའི་དབུས་སུ་གཞལ་ཡས་ཁང་བསམ་པ་ནི། བྷྲུཾ་ཡིག་གཾ་ཨོཾ་བིག་ཡོངས་སུ་གྱུར་པ་ལས་ཐུགས་དང་གསུང་དང་སྐུ་ཡི་འཁོར་ལོ་གསུམ་གྱི་བདག ་ཉིད་གྲུ་བཞི་པའི་རྟེན་བསམ་པར་བྱའོ། །དེ་ཡང་ཐུགས་ཀྱི་འཁོར་ལོ་ལར་བ་ནག་པོ་དང་དམར་པོ་དང་དཀར་པོ་གསུམ་གྱིས་བསྐོར་བ་སྒོ་བཞི་པ་ཁ་དོག་སྣ་ཚོགས་དང་ལྡན་པའི་རྟ་བབས་བཞིས་བརྒྱན་པ། །ཕྱི་རོལ་ཏུ་འདོད་ཡོན་དང་རིན་ཆེན་ཕ་གུ ་དང། དྲ་བ་དང། དྲ་བ་ཕྱེད་པ་དང། བ་ཀུ་ལི་དང་ཀྲ་མ་ཤིར་ཥས་སྤྲས་པ་ཟླ་བ་དང་རྒྱལ་མཚན་དང། དྲིལ་བུ་དང། མེ་ལོང་དང། རྔ་ཡབ་ལ་སོགས་པས་རྣམ་པར་བརྒྱན་པ། དེའི་ནང་གི་ཕྱེད་ཡེ་ཤེས་ཀྱི་འཁོར་ལོ་སྟེ། རྡོ་རྗེའི་ཕྲེང་བ་ཀ་བ་བཅུ ་དྲུག་གིས་སྤྲས་པའོ། །དེ་ཉིད་ཀྱི་ཕྱེད་ནི་བཅོམ་ལྡན་འདས་ཀྱིས་གནས་ཏེ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེ་ལྟར་ཐུགས་ཀྱི་འཁོར་ལོ་རྣམ་པར་བསམ་པར་བྱའོ། །དེའི་ཉིས་འགྱུར་གསུང་གི་འཁོར་ལོར་བ་ལྔ་པ་ཡིས་བསྐོར་བའོ། །དེ་ལྟར་ཉིས ་འགྱུར་གྱི་སྒོ་བཞི་ལ་སོགས་པ་རྔ་ཡབ་ཀྱི་བར་གྱིས་མཛེས་པར་བྱས་པའོ། །དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་ལ་དེ་ཉིད་ཉིས་འགྱུར་གྱི་ཚད་ཀྱིས་ཏེ། ར་བ་ལྔ་དང་སྒོ་བཞི་ལ་སོགས་པས་མཛེས་པར་བྱས་པའོ། ། ་ཐམས་ཅད་ཀྱི་ཤར་དང་མེ་མཚམས་ཀྱི་ས་བཞི་ནག་པོའོ། །ལྷོ་དང་བདེན་བྲལ་གྱི་ས་གཞི་དམར་པོའོ། །ནུབ་དང་རླུང་མཚམས་ཀྱིས་གཞི་སེར་པོའོ། །བྱང་དང་དབང་ལྡན་གྱི་ས་གཞི་དཀར་པོའོ། །ཕྱི་རོལ་དུས་དང་ཆུ་དང་མེ་དང་རླུང་གི་དཀྱིལ ་འཁོར་རོ། །རྡོ་རྗེའི་ཕྲེང་བ་དང་རྡོ་རྗེའི་མེ་རི་དང། རླུང་གི་དཀྱིལ་འཁོར་ལ་གནས་པའི་དུར་ཁྲོད་ཆེན་པོའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམས་ལ། །ཕྱག་བཙལ་པའི་ཚིགས་སུ་བཅད་པར་བཤད་པའི ་བཞུགས་གནས་རྣམས་སུ་གདན་རྣམས་ཇི་ལྟ་བ་བཞིན་དུ་ལྷ་རྣམས་རྣམ་པར་བསམ་པར་བྱའོ། །དེ་རྣམས་ལས་ཐུགས་ཀྱི་འཁོར་ལོ་ལ་བཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་ཉི་ཤུ་རྩ་བཞི་རྣམས་ལ་གནས་པའི་ཟླ་བ་དང་ཉི་མ་དང ་བཅས་པ་བསྒོམ་པར་བྱའོ། །པདྨ་རེ་རེ་ལ་རྩ་བ་དང་རབ་དང་འདབ་མ་དང། ཟེ་འབྲུ་དང་ལྟེ་བ་རྣམས་ཀྱི་ས་བོན་རྣམས་གཞུང་ཆེས་ཀྱི་དོགས་ནས་མ་བྲིས་ཏེ་དེ་ཡང་གཞན་ཅུང་ཟད་ཙམ་བརྗོད་པ་ནི། པདྨའི་རྩ་བ་དང་ར་བ་དག་ལས་ཡ ་ཡིག་ལས་བྱུང་བའོ། །འདབ་མ་དང་གེ་སར་དག་ཨུ་ཡིག་ལས་བྱུང་བའོ། །དེའི་དབུས་སུ་ལྟེ་བ་ལ་ཨ་ཡིག་ཟླ་བའི་གདན་ནོ། །ར་ཡིག་ལ་ཉི་མའི་གདན་ནོ། །དེ་ནས་གཙོ་བོའི་པདྨ་ཉི་ཤུ་རྩ་ལྔ་པ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཏེ། ཟླ་བ་དང། ་ཉི་མ་དང། སྒྲ་གཅན་དང། དུས་མེའི་དཀྱིལ་འཁོར་བཞི་དང་བཅས་པ་བསྒོམ་པར་བྱས་ནས། རྡོ་རྗེ་ཤུགས་ཀྱི་ཏིང་ངེ་འཛིན་གྱི་སྐབས་སུ་བཤད་པ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་རྫོགས་པ་དང། ཕྱག་བཙལ ་བའི་ཚིགས་སུ་བཅད་པའི་མཚན་ཉིད་དང་ལྡན་པའི་དུས་ཀྱི་འཁོར་ལོ། །དེ་ཉིད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་སྣ་ཚོགས་ཡུམ་གྱིས་འཁྱུད་པར་བདག་ཉིད་བསམས་ལ། །ནག་མོ་འབར་མ་ལ་སོགས་པའི་ལྷ་མོ་བརྒྱད་དང། རིན་པོ་ཆེ་ལ་སོགས ་པའི་མཆན་མ་བལྟ་བར་བྱས་པ་འདི་ནི་རྡོ་རྗེ་སེམས་དཔའ་བསྐྱེད་པའོ། །དེ་ནས་སྦྱོར་བའི་སྒྲ་མི་བསྐྱོད་པ་ལ་སོགས་པ་རྒྱལ་བའི་ཚོགས་རྣམས་བདག་ཉིད་ཀྱི་ལུས་ལ་གཞུག་པར་བྱས་ནས། ནམ་མཁའ་ལ་སོགས་པའི་ཚོགས་སྐྱེས་བུ་དང་རིག་མ་དང། ་མིག་ལ་སོགས་པ་དང། ཡུལ་རྣམས་ཀྱི་རང་བཞིན་ལྷ་རྣམས་ཀྱི་རང་བཞིན་དུ་བསྐྱེད་དོ། །ཡང་དེ་རྣམས་རང་གི་ལུས་ལ་ཕྱུང་སྟེ། སྣ་ཚོགས་ཡུམ་ལ་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །དེ་ནས་ཡང་དེ་ལྟར་སྤྲོས་ལ་དཀྱིལ་འཁོར་གྱི་འཁོར་ལོའི ་རྣམ་པར་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་ལ། རང་གི་རྡོ་རྗེ་ལས་སྤྲོས་ཏེ་རང་གི་རིག་མའི་པདྨའི་དབུས་སུའོ། །དེ་ཡོངས་སུ་གྱུར་པ་ལས་ལྷ་ཉིད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྟེ། ལྷག་པའི་གཙོ་བོར་མི་བསྐྱོད་པ་བསམས་ནས། ། ་བཅོམ་ལྡན་འདས་ཀྱི་སྐུ་ལ་གཞུག་བར་བྱ་ཞེས་པའོ། །དེ་ནས་སྔར་གསུངས་པའི་མཚན་ཉིད་དང་ལྡན་པའི་དཀྱིལ་འཁོར་གྱི་བདག་ཉིད་ལ་གནས་པར་བྱས་ནས་དེ་ནས་ཨོཾ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོཉཧཾ། ཞེས་པའི་ང་རྒྱལ་བྱའོ། །དེ་ནས ་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དབང་བསྐུར་བར་བྱའོ། །དེ་ཡང་དེ་ཉིད་ལས་འདི་ལྟར་གསུངས་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་ཅོད་པན་ཅན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་དུ་བསམ་པར་བྱའོ། དེ་ནས་འགྲོ་བ་རིགས་དུག་གི་གནས་ནས་སེམས་ཅན་ཐམས་ཅད་བཀུག་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་དུ་ཞུགས་པར་རྣམ་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས ་པའི་ཁམས་རྣམས་དང་བཅས་པ་རྣམས་རང་གི་སྙིང་གར་ཞུ་སྟེ། བྱང་ཆུབ་སེམས་སུ་ཞུ་བའི་རང་བཞིན་དུ་གྱུར་བ། རང་གི་གསང་བའི་རྡོ་རྗེ་ནས་སྤྲོས་པའི་བྱང་ཆུབ་སེམས་དེས། སེམས་ཅན་ལ་དབང་བསྐུར་བར་བསམ་པར ་བྱའོ། །དེ་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་དེ་རྣམས་རེག་པས། ཞལ་གསུམ་པ་དང་ཞལ་སྣ་ཚོགས་པ་དང། ཁ་དོག་སྣ་ཚོགས་པའི་ལྷའི་རང་བཞིན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་མཆོག་ཏུ་དགའ་བའི་བདེ་བས་གང་བར་བསྒོམ་པར་བྱའོ།། ་དེ་ནས་དེ་རྣམས་རང་རང་གི་ལུས་ཀྱི་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་སྐད་ཅིག་གིས་བལྟ་བར་བྱའོ། །དེ་ནས་སྔགས་ཀྱི་ས་བོན་རྣམས་གསལ་བྱེད་སྣ་ཚོགས་འདུས་པ་དང་དབྱངས་དང་བཅས་པ་རྣམས་ཏེ། འདིར་གསལ་བྱེད་ཐམས་ཅད་འདུས་པ ་ར་ཡིག་གོ་།དེ་ཉིད་ཀྱི་གཞན་ཡང་ཤེས་པར་བྱེད་པས། གང་དང་གང་གི་མིང་གི་ཡི་གེ་དང་པོ་དེ་གསལ་བྱེད་དེ། དེ་ལྟར་ཐམས་ཅད་གོ་བར་བྱའོ། །དེ་ཡང་འདི་ལྟ་སྟེ། ཀྵ། ཀྵི། ཀྵྲི། ཀྵུ། ཀྵལི། ཞེས་པ་ནི་རྣམ་པར་ཤེས་པ་ལ་སོགས་པ་དེ་བཞིན ་གཤེགས་པ་ལྔའོ། །དེ་ལྟར་ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵེཾ་ཞེས་པ་ནི་རྣ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་གོ་།དེ་ལྟར་ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱ་ལ་ཀྵཱ(རྒྱུད་འགྲེལ་དེ་ལྟར་ཀྵྙཱ་ཀྵྱཱ་ཀྵྲཱ་ཀྵཔཱ་ཀྵལཱ་ཞེས་པ་ནི་ལས་ཀྱི་དབང་པོ་ལྔའི་ཡུལ་ལོ། །དེ་ལྟར་སེམས་ཅན་ཐམས་ཅད་མཆན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་དང་ལྡན་པའི་སྐྱེས་བུ་ཆེན་པོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྐད་ཅིག་གིས་རྫོགས་པར་བྱ་བ་ནི། ་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དབང་བསྐུར་བ་བྱིན་ལ་རང་རང་གི་ཞིང་ལ་གཤེགས་པར་བྱ་ཞེས་སོ། །སྐུ་རྫོགས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྒྱལ་མཆོག་དང་བསྙེན་པའི་ཡན་ལག་གོ། །།དེ་ནས་ཞུ་བ་གནས་པ་བསྒོམ ་པར་བྱ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ་འདི་ལྟ་སྟེ། ལྟེ་བ་དང་གཙུག་ཏོར་ལ་ཧོ་ཡིག་གོ་།འདི་གཉིས་ཀ་དབུས་སུ་དགོད་པ་དཔྲལ་བར་སྐུ་རྡོ་རྗེ་ཨོཾ་ཡིག་གོ་།མགྲིན་པར་གསུང་རྡོ་རྗེ་ཨཱ(རྒྱུད་འགྲེལ་ནི། སྐུ་དང་གསུང་དང་ཐུགས་ཉིད་ཅེས་པའོ། །དེ་ལྟར་གཞན་ཡང་གསུངས་བ་ལྟེ་བའི་ཧོ་ཡིག་གི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བཞུ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་བདེ་མཉམ་པདྨར་ཤེས་རབ་ཀྱི་ཆགས་པ་ཞུ་བའི་རི་བོང་ཅན་བཞིན་དུ་ཁྱབ ་བདག་ནི་བཅོམ་ལྡན་འདས་ཤེས་རབ་དང་བཅས་པ་ཞུ་བར་གནས་པ་ལས། སྒྲོལ་མ་ལ་སོགས་པས་བསྐུལ་བས་ཏེ། དེ་ཡང་དེ་ཉིད་ལས་གསུངས་པ། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་རྣམས་ཀྱི་རང་བཞིན། ་སྒྲོལ་མ་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྤྱན་མ་སྟེ། ལྷ་མོ་རྣམས་ཀྱིས་བསྐུལ་ཞེས་པའོ། །གཞན་ཡང་རྩ་བའི་རྒྱུད་དུ་ཡང་དེ་ལྟར་གསུངས་པ། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྒྱུ་མཐུན་རྣལ་འབྱོར་ལ་གནས་པ། བདག ་གི་རང་བཞིན་དཀྱིལ་འཁོར་ལས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། རྣམ་སྨིན་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་ལས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། ། ་གས་དཀར་མོ་བདག་བུ་མོ་སྟེ། །སྐྱེས་བུའི་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་ལས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། བྲལ་བའི་རྣལ་འབྱོར་ལ་གནས་པ། །བདག ་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ལ་གནས་པ། །འགྲོ་བ་སྒྲོལ་བའི་ཐུགས་དགོངས་ཀྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །འགྲོ་བའི་མགོན་པོས་སྤྲོ ་བར་མཛོད་ཅེས་པས་སོ། །དེ་ཡང་དེ་ཉིད་ལས་གསུངས་པ། འདིར་བཅོམ་ལྡན་འདས་སྟོང་པར་བཞུགས་པ་གླུ་ཡིས་རབ་ཏུ་བསད་ནས། འགྲོ་བ་མ་ལུས་པ་རྣམས་སྒྱུ་མ་བཞིན་དུ་བལྟས་ཏེ། ཡང་བསྐྱེད་པར ་མཛད་ཅེས་པས་སོ། །དེ་ནས་དེ་ལྟར་རང་གི་ས་བོན་དང་མཚན་མ་ཡོངས་སུ་གྱུར་བ་ལས། རྫོགས་པའི་དུས་ཀྱི་འཁོར་ལོ་མི་བསྐྱོད་པས་རྒྱས་བཏབ་པ་བསམ་སྟེ། གླང་པོའི་པགས་པ་དང་རྒྱས་གདབ་དང་ཀླུ་རྣམས་དགོད་པའི་སྔགས་རྣམས ་སྤངས?་ནས། སྔར་གསུངས་པའི་སྔགས་ཀྱི་རྐང་པ་རྣམས་ཀྱིས་རྒྱས་འདབ་པ་དགོད་པ་ལ་སོགས་པ་བྱའོ། །དེ་ནས་ནང་གི་རྒྱས་གདབ་པ་དགོད་པར་བྱ་བ་ནི། དེ་ཡང་དེ་ཉིད་ལས་གསུངས་པ། འདིར་གཙུག་ཏོར་གྱི་འཁོར་ལོར་ཐིག་ལེ་ལས་ཨ་ཡིག་ལས ་མི་བསྐྱོད་པའོ། །དེ་ལྟར་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལས་ཨི་ཡིག་ལས་དོན་ཡོད་གྲུབ་པའོ། །དཔྲལ་པར་ཟླ་བའི་དཀྱིལ་འཁོར་ཨུ་ཡིག་ལས་འོད་དཔག་མེད་དོ་ཞེས་པ་སྟེ། མི་མཉམ་པའི་རིགས་རྣམས་མི་མཉམ་པའི་འཁོར་ལོར་རོ། །དེ ་ལྟར་ལྟེ་བར་མེ་ལ་ལི་ཡིག་ལས་རྣམ་པར་སྣང་མཛད་དོ། །མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རི་ཡིག་ལས་རིན་ཆེན་འབྱུང་ལྡན་ནོ། །གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨ་ཡིག་ལས་རྡོ་རྗེ་སེམས་དཔའ་ཞེས་པའོ། །དེ་ལྟར་ལྷ་རྣམས་ཀྱིས ་རྒྱས་གདབ་པ་ནི་ལུས་ཀྱི་རྒྱས་གདབ་པར་ངེས་པའོ། །ཡང་དག་གི་རྒྱས་གདབ་པ་ནི་ལྟེ་བར་ལཱི་ཡིག་གོ་།སྙིང་གར་ཨུ་ཡིག་གོ་།མགྲིན་པར་རཱི་ཡིག་གོ་།དཔྲལ་བར་ཨའི་ཡིག་གོ་།གཙུག་ཏོར་རུ་ཨཱ་ཡིག་སྟེ་སའི་དཀྱིལ་འཁོར་ལ་སོགས་པ་བསམ་མོ། ། ་དེ་ལྟར་སེམས་ཀྱིས་ཐིག་ལེས་རྒྱས་གདབ་པ་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་གོ་།མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱ(རྒྱུད་འགྲེལ་ཡིག་གོ་།དེ་ལྟར་ཡེ་ཤེས་ཀྱིས་རྒྱས་གདབ་པ་ནི། ཆོས་ཐམས་ཅད་བྱེད་པ་དང་བྲལ་བའི་སྒོ་ཅན། །ཐོག་མ་ནས་མ་སྐྱེས་པའི་བདག་ཉིད། །རྡོ་རྗེ་ནོར་བུར་ཨ་ཡིག་གྲུབ་པའོ། །དེ་ནས་ཨོཾ་སུ་བྷི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷ་བཱཏྨ་ཀོ་ཧཾ། ཞེས་པ་བརྗོད་ལ་དཀྱིལ་འཁོར ་ལས་དབྱུང་བའོ། །ཡང་དེ་ཉིད་ལས་གསུངས་པ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་གྱིས་ནམ་མཁའ་ལ་གནས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་སངས་རྒྱས་ལྔའི ་དཀྱིལ་འཁོར་གྱི་རང་བཞིན་རང་གི་ལུས་ལ་བཅུག་ལ་ཤེས་རབ་ཀྱི་པདྨར་སོ་སོའི་སྔགས་ཀྱི་རང་བཞིན་དུ་བལྟས་ལ། དེ་ནས་པདྨ་ནས་སྔ་མ་ལྟར་ཞལ་དང། ཕྱག་དང་མཚན་མ་དང་དབྱིབས་ཀྱི་མཚན་ཉིད་ཅན། ཡེ་ཤེས་དང། ཐུགས་དང། གསུང ་དང། སྐུའི་དཀྱིལ་འཁོར་ལ་དགོད་པར་བྱ་ཞེས་པ་སྟེ། དེ་ལྟར་དཀྱིལ་འཁོར་དབྱུང་བར་བྱའོ། །དེ་ནས་སྙིང་གའི་པདྨའི་ལྟེ་བ་ལ་རི་བོང་ཅན་དང་ཉི་མ་དག་རྩེ་མོ་ཅན་རྣམས་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། ནག་པོ་འོད་ཟེར་རྣམ་པ་སྔ་འཕྲོ་བཞིན་པ ་བསམས་ལ། རྡོ་རྗེ་དེ་ཉིད་ཀྱི་ལྟེ་བའི་དབུས་སུ་ཛ(རྒྱུད་འགྲེལ་འོད་ཟེར་རྡོ་རྗེ་ལྕགས་ཀྱུའི་རྣམ་པ་ཅན་གྱི་རྡོ་རྗེ་ཤུགས་ཡང་དག་པར་སྤྲོ་བར་བྱས་པས། སྔོན་དུ་ཡང་དག་པར་གྲུབ་པའི་ཁམས་གསུམ་རྣམ་པར་དག་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས། དེ་ནས་རྡོ་རྗེ་ཤུགས་རང་གི་གནས་སུ་གཤེགས་པར་བྱའོ།། ་དེ་ནས་རྨུགས་བྱེད་དང། རེངས་བྱེད་དང། ང་རྒྱལ་ཅན་དང་ཤིན་ཏུ་སྟོབས་ཅན་ཏེ་ཁྲོ་བོ་བཞི་རྣམས་ཀྱིས་འགུགས་པ་ལ་སོགས་པ་བྱའོ། །ཡང་དེ་ཉིད་ལས་གསུངས་པ་དེ་ལྟར་རྣམ་པར་ཤེས་པ་ལྔ་ཡིས་ཏེ། ཛ(རྒྱུད་འགྲེལ་གཞུག་པ་དང། བཾ་ཡིག་གིས་བཅིང་བ་དང། ཧོ(རྒྱུད་འགྲེལ་གྱིས་ཤེས་པའོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་ཡང་དག་པར་མཆོད་ནས། སྔོན་ལྟར་དམ་ཚིག་གི་ཕྱག་རྒྱ་དང་རོ་གཅིག་ཏུ་གྱུར་པར་བསྒོམ་པར་བྱ་བ་ནི་ངེས་པའོ། །ཕན་ཚུན་རྒྱས་གདབ་པ་ནི། ཕྱག་བཙལ་བའི་ཚིགས་སུ་བཅད་པར་གསུངས་པའི་རིམ་པ ་བསྒོམ་པ་སྟེ། འདི་ནི་ལྷ་ཉིད་ཀྱི་སྐུ་རྫོགས་པའོ། །དེ་ནས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་བྱ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ། དཔྲལ་བར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས ་འཁོར་ལོ་རྩིབས་བརྒྱད་པའོ། །དེ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཁ་དོག་དཀར་པོ་ཞལ་གསུམ་པ། རྩ་བའི་ཞལ་དཀར་པོ་གཡོན་དམར་པོ་གཡས་ཞག་པོ་ཕྱག་དྲུག་པ། གཡས་ཀྱི་འཁོར་ལོ་དང་པདྨ་དང་རྡོ་རྗེ་རྣམས་འཛིན་པ། གཡོན་པས་རལ་གྲི་དང་དྲིལ ་བུ་དང་ནོར་བུ་རྣམས་འཛིན་པ་ཤེས་རབ་དང་བཅས་པ་དཔྲལ་བ་ནས། སྤྲོས་ཏེ། དེ་ཡིས་ནམ་མཁའ་ཨི་ཁམས་མ་ལུས་པ་ཡོངས་སུ་གང་བར་རྣམ་པར་བསྒོམས་ནས། སྐུ་རྡོ་རྗེ་ཡིས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པར་མཛད་པ་དང། སླར་ལོག་སྟེ་བདག ་ཉིད་ཀྱི་སྔོན་དུ་བཞུགས་པ་ལ་རང་དབང་དུ་བླང་བར་བྱ་བ་ནི། སྐུ་རྡོ་རྗེ་འཛིན་པ་ངག་དབང་བསྐུར་ཞེས་པས་སོ། །དེ་ནས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བ་དང། དེ་ནས་བྱིན་གྱིས་བརླབས་པར་བྱ་བ་ནི། དཔྲལ་བར་ཟླ་བའི ་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་བཅུག་ནས་འདི་ལྟར་བརྗོད་པར་བྱ་སྟེ། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཆང། །བདག་ནི་བྱིན་བརླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་སྐུ་ཡི་རྡོ་རྗེ་མཛོད། །ཕྱོགས་བཅུད་ཕྱོགས་པའི་སངས་རྒྱས་རྣམས ་བདག་ནི་བྱིན་བརླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་སྐུ་ཡི་རྡོ་རྗེ་མཛོད། །ཅེས་པ་ནི་སྐུ་བྱིན་གྱིས་བརླབས་པའོ། །དེ་ལྟར་མགྲིན་པར་རི་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨ་ཡིག ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ་དང་བཅས་པ་ཞལ་དམར་པོ་དང་དཀར་པོ་དང་ནག་པོ་རྣམས་སོ། །གཡས་ཀྱི་པདྨ་དང། །རྡོ་རྗེ་དང་འཁོར་ལོ་རྣམས་འཛིན་པ། གཡོན་གྱི་རིན ་པོ་ཆེ་དང་དྲིལ་བུ་དང་རལ་གྲི་རྣམས་འཛིན་པ། སྤྲོས་པ་ནམ་མཁའ་ཨི་ཁམས་མ་ལུས་པ་གང་བར་རྣམ་པར་བསྒོམས་ནས། གསུང་རྡོ་རྗེ་ཡིས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་པ་དང། སླར་ལོག་སྟ་བདག་ཉིད་སྔོན་དུ་བཞུགས ་པ་ལ་དབང་བླང་པར་བྱ་བ་ནི། །གསུང་རྡོ་རྗེ་འཛིན་བདག་དབང་བསྐུར་ཞེས་པས་སོ། །དེ་ནས་གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམ། །གསུང་བྱིན་གྱིས་བརླབ་པར་བྱ་བ་ནི། མགྲིན་པར་ཉི་མའི་དཀྱིལ་འཁོར ་ལ་གསུང་རྡོ་རྗེ་བཅུག་ནས་འདི་ལྟར་བརྗོད་པར་བྱ་སྟེ། དཔལ་ལྡན་གསུང་གི་རྡོ་རྗེ་འཆང། །བདག་ནི་བྱིན་བརླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུང་ཐོབ་པར། །མྱུར་བར་གསུང་གི་རྡོ་རྗེ་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས ་རྣམས། །བདག་ནི་བྱིན་བརླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་གསུང་གི་རྡོ་རྗེ་མཛོད། །ཅེས་པ་ནི་གསུང་བྱིན་གྱིས་བརླབ་པའོ། །དེ་ལྟར་སྙིང་གར་ཐིག་ལེ་ཡོངས་སུ་གྱུར་པ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་རོ། །དེའི ་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་ལྔ་པའོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་སྔོན་པོ་ཤེས་རབ་དང་བཅས་པ་སྟེ། ཞལ་ནག་པོ་དང་དཀར་པོ་དང་དམར་པོ་རྣམས་སོ། །གཡས་ཀྱི་རྡོ་རྗེ་དང་འཁོར་ལོ་དང་པདྨ་རྣམས ་འཛིན་པ། གཡོན་རྣམས་ཀྱི་དྲིལ་བུ་དང་ནོར་བུ་དང་རལ་གྲི་རྣམས་འཛིན་པ། དེ་སྤྲོས་ཏེ་ནམ་མཁའ་ཨི་ཁམས་མ་ལུས་པ་ཡོངས་སུ་གང་བར་བསྒོམས་ནས། །ཐུགས་རྡོ་རྗེས་འདུལ་བས་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་པ་དང། ་སྤར་ལོག་སྟེ་བདག་ཉིད་ཀྱི་སྔོན་དུ་ཞུགས་པ་ལ་དབང་བླང་བར་བྱ་བ་ནི། །ཐུགས་རྡོ་རྗེ་འཛིན་བདག་དབང་བསྐུར་ཞེས་པའོ། །དེ་ནས་ཐུགས་ཀྱི་རིགས་ཀྱི་ལྷ་མོ་རྣམས་ཀྱི་བདག་ཉིད་ལ་དབང་བསྐུར་བར་བསམས་ནས། ཐུགས་བྱིན་གྱིས་བརླབས་པར་བྱ་བ ་ནི། ཐུགས་ཀར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་བཅུག་ནས། །འདི་ལྟར་བརྗོད་པར་བྱ་སྟེ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང། །བདག་ནི་བྱིན་བརླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པས། །མྱུར་བར་ཐུགས་ཀྱི་རྡོ་རྗེ་མཛོད། ། ་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདག་ནི་བྱིན་བརླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་ཐུགས་ཀྱི་རྡོ་རྗེ་མཛོད། །ཅེས་པས་དེ་ལྟར་ཐུགས་བྱིན་གྱིས་བརླབ་པར་བྱས་ནས་འདིར་རོ་གཅིག་ཏུ་བྱ་བ་ནི། ། ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཱཀྩིཏྟ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ། ཞེས་པའི་ང་རྒྱལ་དང་ལྡན་པས་དེ་ལྟར་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་ལྟེ་བར་ཧོ(རྒྱུད་འགྲེལ་དྲུག་གོ་ཞེས་སོ། །དེ་ནས་འདིར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱ་བ་སྟེ། དེ་ཡང་དྲི་མ་མེད་པ་ལས་གསུངས་པ། འདིར་བསྐྱེད་པའི་རིམ་པ་ཐམས་ཅད་དུ་ལུས་རྫོགས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ་།ངག་རྫོགས་པ་ནི་ལས་རྒྱལ་མཆོག ་སྟེ། ལས་ཀྱི་དབང་པོའི་བྱ་བ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རྫོགས་པ་ནི་ཐིག་ལེའི་རྣལ་འབྱོར་སྟེ། བྱང་ཆུབ་ཀྱི་སེམས་འཛག་པའི་ཕྱིར་རོ། །བདེ་བ་ལ་དམིགས་པ་ནི་ཕྲ་མོའི་རྣལ་འབྱོར་སྟེ། །དེ་ཡང་མི་རྣམས་ཀྱི ་ལོ་བཅུ་དྲུག་གི་མཛའ་རུའོ། །དེའི་ཕྱིར་དེའི་ལོངས་སྤྱོད་པའི་དོན་དུ་བག་མ་ལེན་པའི་དུས་སུ་ལོག་པ་གཏོད་པར་བྱེད་པ་དང། སློབ་པ་ལ་སློབ་དཔོན་གྱིས་ཤེས་རབ་གཏོང་པར་བྱེད་པའོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་དེའི་སྒྲུབ་བྱེད་དུ། །བྱིས་པའི་སྐྱེ་བོ་རྣམས་ལ ་གསུངས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་བར་མ་རྣམས་ལའོ། །ཕྱག་རྒྱ་ཆེན་མོ་ནི་མཆོག་གི་རྣལ་འབྱོར་བ་རྣམས་ལའོ་ཞེས་པའོ། །དེ་ཉིད་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་བཅུ་དྲུག་ལོ་སྟེ་རིགས་ཅན་མ། །གཟུགས་དང་ལང་ཚོས་བརྒྱན་པ་མ། །དང་པོར ་ཤིན་ཏུ་བསླབ་བྱས་ནས། །དབང་བསྐུར་བསྒྲུབ་པ་ནས་བརྩམས་ནས། །སྐུ་གསུང་ཐུགས་སུ་ཆགས་པ་དང། །དཔྲལ་བ་ལ་སོགས་རྣམས་སུ་དགོད། །ཧ་ཧ་གསང་བ་གཙུག་ཏོར་དུ། །དེ་ནས་པདྨ་རྣམས་སྦྱངས་བྱ། ། ལས་པདྨ་འདབ་བརྒྱད་པ། །ཧཱུཾ་ལས་རྡོ་རྗེ་དང ་ལྡན་པས། །དེ་ལྟར་རྡོ་རྗེ་དང་བཅས་པ། །ཤེས་རབ་ཐབས་ཀྱི་རྒྱུད་ཉིད་དོ། །ཧཱུཾ་ལས་བདག་གི་རྡོ་རྗེ་ཉིད། །རྩེ་མོ་ལྔ་པར་བསམ་པར་བྱ། །དེ་དབུས་པདྨ་འདབ་བརྒྱད་པ། ། ཡིག་ལས་ནི་རབ་ཏུ་བརྟགས། །དེ་ལྟར་པད་བཅས་རྡོ་རྗེ་ཉིད། །པདྨ་ལ་ནི་གཞག་པར་བྱ། །ཧཱུཾ ་ཕཊ་བརྗོད་ཅིང་རྣལ་འབྱོར་པས། །མངལ་ཏུ་རྡོ་རྗེ་འཛིན་པ་རྒྱུ། །བྷ་གར་ལིང་ག་རབ་གནས་པས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ལྟེ་བར་གཏུམ་མོ་སྦར་བ་ཡི། །དེ་བཞིན་གཤེགས་པ ་ལྔ་བསྲེགས་ཏེ། །མིག་དང་སྤྱན་མ་ལ་སོགས་པ། །བསྲེགས་ཏེ་རི་བོང་ཅན་ཧཾ་འཛག་།ཞུ་བའི་ཆོས་ཅན་བདུད་རྩི་ཉིད། །ཐིག་ལེ་གཟུགས་ཀྱིས་འཛག་པས་ན། །ཐིག་ལེའི་རྣལ་འབྱོར་ཞེས་སུ་བཤད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་མེད་ཆ་ལས ་འདས་པ་ནི། །བསམ་གཏན་བཞི་པའི་རྩེ་མོ་འཛིན། །ཕ་མོའི་རྣལ་འབྱོར་ཞེས་སུ་བཤད། །རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། །དུང་ཅན་མ་ནི་ཕྱག་རྒྱ་ཆེ། །དེ་ནི་གཏུམ་མོར་རབ་ཏུ་བསྟན། །ལྟེ་བའི་སྟེང་དུ་གཡུང་མོ་སྟེ། ། བ་དྷཱུ་ཏཱི་མི་སྣ་ལྡན། །འོད་ཟེར ་ལྔ་ཡི་རང་བཞིན་སྲོག་།དཀྱིལ་འཁོར་ལྔ་ནི་རྒྱུ་ཕྱེད་པ། །སྣ་རྩེར་ཡུངས་དཀར་ཙམ་དུ་བསྟན། །དེ་ཡང་སྲོག་སྡུད་པ་རུ་བརྗོད། །ཁམས་གསུམ་པ་ནི་མ་ལུས་པའི། །སྲིད་པ་གསུམ་པོ་ཡོངས་སུ་ཤེས། །སྲོག་ཉིད་འགག་པ ་དེ་ཉིད་ཀྱང། །གཡོ་དང་མི་གཡོ་ཡུངས་དཀར་ཙམ། །སོ་སོར་སྡུད་པས་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །སྣ་ལྡན་དེ་ནི་རབ་བརྟན་པ། །གང་གི་ཡིད་གཉིས་བརྟགས་པ་ཡིས། །དེ་ཡང་དེ་ཉིད་ལས་གསུངས་པ། །མཚན་མོའི་མཛའ་དུ ་རི་མོ་གང། །དེའི་གཟུགས་ནི་གཡོ་མི་ག-ཡོ། །རྣལ་འབྱོར་བསམ་གཏན་ལ་སོགས་པ། །དེ་རྣམས་མ་ལུས་བསྒོམ་པར་བྱ། །ཞེས་པས་སོ། །དེ་ཡང་འདིར་དྲང་བའི་དོན་དུ་གཡོ་བ་དང་མི་གཡོ་བ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་སྤྲོ་ཞིང ་བསྒོམ་པར་ཤེས་པར་བྱའོ། །དེ་ཡང་དེ་ཉིད་ལས་གསུངས་པ། །ཁམས་གསུམ་པོ་ལན་གཅིག་གིས་འགུགས་པར་བྱེད་ཅེས་པ་ནི། །སྐད་གཅིག་གིས་དུས་གསུམ་མཁྱེན་པ། །ལྷའི་རྣལ་འབྱོར་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རྣམ་པར་སྤྲོ ་བའོ། །འཁོར་བ་པ་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་ལས་བུ་དང་བུ་མོ་སྤྲོ་བ་སྟེ། དེ་ལྟར་ལོ་བཅུ་དྲུག་གི་མཐར་མངལ་ནས་སྐྱེས་པ་རྣམས་ཀྱི་ལུས་དང། ངག་དང་ཡིད་དང་སེམས་རྣམས་རྫོགས་པའོ། །ལྷ་རྣམས་ནི་རྣམ་པར་ཐར་པ་བཞིའི ་སྟོབས་ཀྱིས་ཏེ། འདིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་དག་ལས་ཡང་དྲང་པའི་དོན་དུ་ཤེས་རབ་ཀྱི་ཆོས་ཀྱི་འབྱུང་གནས་ཀྱི་སྣའི་རྩེ་མོ་ལས་ཡུངས་ཀར་ལ་སོགས་པའི་ངེས་པ་དང། འདིར་རྡོ་རྗེ་འཛིན་པ་མངལ་དུ་རྒྱུ་བ་སྟེ། ་དེའི་དབུས་སུ་ཨོཾ་ཛྙཱ་ན་བཱུ་ཛཱ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བཱཏྨ་ཀོ་ཧཾ། ཞེས་པའི་ང་རྒྱལ་བྱའོ། །དེ་ཡང་དེ་ཉིད་ལས་གསུངས་པ། །ལོ་བཅུ་དྲུག་གི་མཚམས་ནས་ཡེ་ཤེས་ཀྱི་མཆོད་པ་ལ་རྗེས་སུ་ཆགས་པ་དེ་བཞིན་དུ། འདིར་བསྐྱེད་པའི་རིམ་པའི་དུས ་སུ་ཡང་དེའི་རང་བཞིན་བདག་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པར་ཞེས་པའོ། །ངེས་པའི་དོན་དུ་སྔགས་བཟླས་པ་ནི་སྲོག་མཉམ་པར་བཞག་པ་སྟེ། དགང་བ་དང་དབྱུང་བ་དང། བུམ་པ་ཅན་གྱི་སྦྱོར་བ་ལ་དུས་ཐམས་ཅད་བསྙེན་པར་བྱས་པས། དེ་ཉིད ་ཀྱི་ལྷའི་མཆོག་སྟེར་བར་འགྱུར་བའི་ཕྱིར། སྲོག་མ་བསྡམས་པ་དང། ངག་གི་བརྗོད་པ་དང་བཅས་པས་ངེས་པའི་དོན་ལ་མ་ཡིན་ཏེ། དེས་ན་སྒྲུབ་པའི་ཐབས་ཀྱིས་བྱེ་བྲག་སྦྱོར་བའི་ཡན་ལག་དྲུག་མདོར་བསྟན་པ་ཙམ་ལས་མ་བྲིས་པ་ནི་གཞུང་ཆེས་ཀྱིས་དོགས་པའོ།། ་དྲང་དོན་ལྟར་ན་ཐུན་མོང་སྒྲུབ་པའི་དོན་དུ་ཕྲེང་བ་དང་བཅས་པས་སྔགས་བཟླས་པ་སྟེ། དེ་ཡང་ཞི་བ་དང་རྒྱས་པ་ལ་ཕྱོགས་པས་མུ་ཏིག་གམ་ཤེལ་གྱི་ཕྲེང་བ་དང་བཅས་པས་བསྔགས་བཟླས་པ་ནི། །འདིར་བཅོམ་ལྡན་འདས་ཀྱི་ཡན་ལག་དྲུག་གི་སྔགས་འདི ་ལྟ་སྟེ། ཨོཾ་ཧྲཱཾ་ཧྲཱིཾ་ཧྲཱིཾ་ཧྲཱུཾ་ཧྲལཱིཾ་ཧྲཱཾ་སྭཱཧཱ། ཞེས་པའི་སྔགས་འདིའི་མཐར་ན་མོ་བཅུག་པས་ཞི་བར་འགྱུར་རོ། །དེ་ལྟར་ལྷ་རྣམས་གཤེགས་པར་བྱ་བ་ནི། དེ་ཡང་དེ་ཉིད་ལས་གསུངས་པ། འདིར་དཀྱིལ་འཁོར་རྒྱལ་མཆོག་དང། ཐིག་ལེའི་རྣལ་འབྱོར་དང། ཕྲ་མོའི ་རྣལ་འབྱོར་རྣམས་བསྒོམས་ནས་མཆོད་པ་བྱ་སྟེ། བསྟོད་པ་བྱ་བ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུག། །ཅེས་པ་ལ་སོགས་པས་བསྟོད་ནས། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་བ་ནི། །གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་པ ་དང། དེའི་ལྟེ་བ་ལ་བདེ་བ་ཆེན་པོའི་འཁོར་ལོ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རྡོ་རྗེ་རྩེ་དགུ་པ་བསྒོམས་པ་དང། དེའི་ལྟེ་བ་ལ་དུ་ང་ལ་སོགས་པ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་དཔྲལ་བར ་ལྷན་ཅིག་སྐྱེས་པའི་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་བཅུ་བདུན་པ་བསྒོམས་པ་དང། དེའི་ལྟེ་བ་ལ་ཕུང་པོ་དང་ཁམས་ཀྱི་ལྷ་རྣམས་གཤེགས་པར་བྱའོ། །དེ་ལྟར་མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པ་བསྒོམས་པ་དང། དེའི་ལྟེ་བ་ལ་སྐྱེ ་མཆེད་བཅུ་གཉིས་ཀྱི་ཁྲོ་བོ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་བསྒོམས་པ་དང། དེའི་ལྟེ་བ་ལ་ཙ་མུཎྜ་ལ་སོགས་པ་དང། འཇིགས་བྱེད་མ་ལ་སོགས་པའི ་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་གསང་བར་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པ་བསྒོམས་པ་དང། དེའི་ལྟེ་བ་ལ་འོད་ཟེར་ཅན་མ་ལ་སོགས་པའི་ལྷ་མོ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ལས་ཀྱི་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་སུམ་ཅུ་སོ ་གཅིག་པ་རྣམས་བསྒོམས་པ་དང། །ཕྱག་བཙལ་བའི་ཚིགས་སུ་བཅད་པར་གསུངས་པ་ལྟར་ཁྱབ་འཇུག་ལ་སོགས་པའི་ལྷ་བཅུ་གཉིས་འཁོར་དང་བཅས་པ་རྣམས། །དེ་རྣམས་ཀྱི་ལྟེ་བ་རྣམས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ལས་ཀྱི་འཁོར ་ལོ་རྣམས་ལ་རྡོ་རྗེ་རྩེ་མོ་བདུན་པ་རྣམས་བསྒོམས་པ་དང། ཀླུ་རྣམས་དང་ཁྱི་གདོང་མ་ལ་སོགས་པའི་ལྷ་རྣམས་ལྟེ་བ་རྣམས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར ་ལོ་བསྒོམ་པར་མི་ནུས་པའི་གང་ཟག་དབང་པོ་མཛའ་མ་འགའ་ཞིག་གིས། སྔོན་དུ་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པ་སྟེ། དེ་ཡང་དེ་ཉིད་ལས་གསུངས་པ། རྒྱལ་བའི་བདག་པོའི་པདྨའི་གདན་ལ་གནས་པའི་དུ་བ་ལ་སོགས་པའི་ལྷ་མོ ་བརྒྱད་དང། བུམ་པ་བརྒྱད་དང། ཆོས་ཀྱི་དུང་ལ་སོགས་པ་བཞི་རྣམས་སྤངས་པ་ནི། དཔལ་ལྡན་སྙིང་པོའི་འཁོར་ལོ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཉི་ཤུ་རྩ་ལྔའི་བདག་ཉིད་འགྱུར་རོ་མིའི་བདག་པོ་ཀྱེ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་འཁོར ་ལོའི་བཞུགས་པ་སྟེ། དེའི་ཚེ་དཔལ་འདུས་པ་བཞིན་འགྱུར་རོ་ཞེ་ན། འདིར་ངེས་པ་མེད་དེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། དེ་ལྟར་བཅོམ་ལྡན་འདས་རང་སེམས་ནུས་མ་དང་ལྡན་འདིར་ཡང་ཤེས་པར་བྱས་ལ་རྣལ་འབྱོར་རྣམས་ཀྱིས་ནི་སྒྲུབ་པ་པོ ་རྣམས་ཀྱིས་བསྒོམ་པར་བྱའོ། །དབང་གི་དོན་དུ་རིགས་ཀྱི་དབང་ལས་ཕྱིའི་དཀྱིལ་འཁོར་བྲལ་བའི་དཀྱིལ་འཁོར་ཉིད་དུ་འགྱུར་བའོ། །ཡང་འདིར་སྔོན་དུ་གསུངས་པ་ལྟར་ལུས་དང་ངག་དང་ཡིད་རྣམ་པར་དག་པ་ལ་སོགས་པ་རྣམས་གཤེགས ་པའི་བར་བསྒོམ་པར་བྱ་སྟེ། དེར་གཤེགས་སུ་གསོལ་བར་བྱས་ནས། དེ་ནས་ཨོཾ་ཧཱུཾ་ཕཊ་ཞེས་པའི་ང་རྒྱལ་བྱས་པ་དང། གཏོར་མ་སྦྱིན་ནོ། །དེ་ཡང་དེ་ཉིད་ལས་གསུངས་པ། སྔོན་དུ་གསུངས་པའི་ཆོ་གས་མཚམས་གསུམ་དུ་གཏོར་མ་སྦྱིན་པར ་བྱའོ། །སྔོན་དུ་གསུངས་པའི་ཆོ་གས་དམ་ཚིག་གིས་རྫས་རྣམ་པར་དག་པར་བྱས་ལ། ལྷའི་ཆོགས་རྣམས་མཉེས་པར་བྱ་བའི་དོན་དུ་གཏོར་མ་འབུལ་བ་ནི། ཨོཾ་ཨཱ(རྒྱུད་འགྲེལ་རབ་ཏུ་སྤང་བྱ་ཉིད་དང་རི་བོང་ཅན་ཞུ་མ་ལུས་རིམ་པས་ཆང་ལ་བསྒོམ་པར་བྱས་ལ། །སྣོད་དེ་ལས་ནི་ངེས་པར་རི་བོང་ཅན་གྱི་ལག་པའི་མིང་མེད་རྩེ་མོ་ལ་ཐིག་ལེ་ཉིད། ཉི་ཕྱེད་དང་ནི་མཚུངས་པའི་དབུས་སུ་ཟླུམ་པོ་ཡིན་ཏེ་དེའི་ཕྱི་རུ་གྲུ་གསུམ་བྱས་པ ་ལ། དེའི་དབུས་སུ་ཡེ་ཤེས་འཁོར་ལོ་སྲིད་གསུམ་པ་ལ་གནས་པ་ཡང་སྔགས་པ་རྣམས་ཀྱིས་འདིར་བསྒོམས་ནས། མཐེ་བོང་དང་ནི་སྲིན་ལག་གི་།ཉི་མ་སོ་སོའི་དུས་སུ་ཚིམ་པ་ལ་སོགས་བྱ་བ་ནི། འདིར་ནི་སྔོན་དུ་ཡུལ་དང་གྲོང་གི་བདག་པོ་རྣམས་ལ་ར་བ ་པོ་དབུས་མཛའ་ཨི་མིང་གི་གཏོར་མ་དབུལ། འཕྲོག་མ་ལ་ཡང་ཚངས་པ་གཉིས། གཞན་ཡང་ཁྲོ་བོའི་རྒྱལ་པོའི་ཆེད་དུ་སྔགས་པས་གཏོར་མའོ། །ཕོ་ཉ་རྣམས་ལ་ཟད་ཀྱི་རྩེ་མོ་ས་སྟེངས་རྣམས་སུ་བཞག་སྟེ། ཁྱབ་བདག་རྡོ་རྗེ་རྣམས་ཀྱིས་སྦྱིན། །ཟོས་པའི ་ལྷག་མ་འབྱུང་པོ་རྣམས་ལ་སྦྱིན་ཏེ་གཞན་ཡང་དགེ་བའི་དོན་དུ་སྦྱིན་པའི་ཚིག་གཅད་བརྗོད། །ཉལ་བའི་དུས་སུ་འཁྲིགས་པའི་མཆོད་པ་བྱས་ནས་ཡན་ལག་ཁ་དང་གཉིས་ཀྱི་རིགས་རྣམས་ཉིད་དང་ནི། །རང་གི་མགོ་དང་མགྲིན་པ་སྙིང་ག་ལྟེ་གསང ་སྤྱི་བོའི་འཁོར་ལོ་རྣམས་ལ་རྡོ་རྗེའི་ཡན་ལག་དགོད་ཅེས་པ་སྟེ། དེ་ནས་ཨ་ཡིག་ལས་བྱུང་བའི་བུམ་པ་གསུམ་མོ། །དེ་རྣམས་ཀྱི་སྟེང་དུ་ཨོཾ་ཡིག་ལས་བྱུང་བའི་ཐོད་པའོ། །ནང་ན་གནས་པ་ནི་ཕུང་པོ་དང་ཁམས་ཀྱི་ས་བོན ་རྣམས་ལས་བྱུང་བའི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྣམས་སོ། །དེ་རྣམས་ཀྱི་འོག་ཏུ་གནས་པའི་རླུང་གི་དཀྱིལ་འཁོར་གྱི་རབ་ཏུ་སྦར་བའི་མེ་བཞུ་བར་བྱའོ། །དེ་ཉིད་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་དཀྲུག་པར་བྱའོ། །དེ་དང་བཅས་པའི་རོ་གཅིག་ཏུ་གྱུར་པས་ཟླ་བ་ཞུ ་པའི་གཟུགས་སུ་བལྟའོ། །དེ་ནས་རྣམ་པར་དག་པར་བྱ་བ་ལ་སོགས་པའི་སྔགས། །ོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨམཱ་སུ་བི་ཤུདྡྷ:སྭ་བྷ་བ་སརྦ་དྷ་རྨཱཾ་བི་ཤོ་དྷ་ཡ་སྭཱཧཱ། ཨོཾ་ཨ:བཛྲ་སཱུརྱ་སརྦ་དྷརྨམཱ་པྲ་བྷོ་དྷ་ཀ་སརྦ་དྷརྨཱཾ་པྲ་བྷོ་དྷ་ཡ་སྭཱཧཱ། ཨོཾ་ཧཱུཾ་བཛྲཱ་ན་ལ་སརྦ ་དྷརྨམ་པྲ་དཱི་པ་ཀ་སརྦ་དྷརྨམཱ་པྲ་དི་པ་ཡ་སྭཱཧཱ། ཨོཾ་ཧོ་སརྦ་དྷརྨ་བཛྲཱ་མྲི་ཏ་ཀ་ར་སརྦ་དྷརྨཱཾ་བཛྲ་མྲི་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་རྣམས་ཀྱི་ལག་པ་གཡོན་པས་རྣམ་པར་དགབ་པར་བྱ་བ་དང། ལག་པ་གཡས་པས་སྤེལ་བར་བྱ་བ་དང། ཐལ་མོས་ཁ་བཅད་དེ ་རེག་པས་རབ་ཏུ་སྤར་བར་བྱ་བ་དང། རྡོ་རྗེ་བྱ་ཁྱུང་གི་རྒྱས་རྡོ་རྗེ་བདུད་རྩིར་བྱའོ། །གཞན་ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་ཡུལ་གྱིས་བདག་པོ་སྤྱན་དྲང་བར་བྱ་བ་དང། ཁྱིའི་ཕྱག་རྒྱས་གྲོང་གི་བདག་པོ་རྣམས་ལའོ། །རྩེ་ལྔ་པའི་ཕྱག ་རྒྱས་ཁྲོ་བོའི་རྒྱལ་པོ་རྣམས་ལའོ། །གྲི་གུག་གི་ཕྱག་རྒྱས་ཟད་པར་རྣམས་ལའོ། །རལ་གྲིའི་ཕྱག་རྒྱས་ལྷ་མོ་རྣམས་ལའོ། །རིན་པོ་ཆེའི་ཕྱག་རྒྱས་གཟའ་རྣམས་ལའོ། །པདྨའི་ཕྱག་རྒྱས་ཀླུ་རྣམས་ལའོ། །འཁོར་ལོའི་ཕྱག་རྒྱས་འབྱུང་པོ་རྣམས ་ལའོ། །དེ་ཡང་ཨོཾ་ཨཱ:ཧཱུཾ་ཨ་མུ་ཀཱ་གཙྪཱ་གཙྪ་ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲིཧྣ་གྲིཧྣ་བྷུག་ཏྭཱ་པཱི་ཏྭཱ་ཏྲི་པ་ཏིདཀྲི་ཏྭ་སརྦ་སཏྭཱ་ནཱི་ཤཱནྟཱི་ཙིཏྟཾ་ཀྲིཏྭཱ་པ་རསྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པ་གཏོར་མའི་སྔགས་འདིས་ཡུལ་གྱི་བདག་པོ་དང། གྲོང་གི་བདག་པོ་འམ་དེ་ལྟར ་ཡུལ་ལམ། གྲོང་གི་མིང་གི་ཡི་གེ་གང་ཡང་རུང་བ་གསུམ་དང་ལྔ་དང་བདུན་ཡིན་ན། དེ་ཡང་མིང་གི་ཡི་གེ་དང་པོ་དང། དབུས་དང་མཛའ་མ་རྣམས་བཅུག་སྟེ། གཏོར་མ་སྦྱིན་ནོ། །གལ་ཏེ་དེ་གཉིས་དང་བཞི་དང། དྲུག་ལ་སོགས་པ་མཉམ་པའི་མིང་གི ་ཡི་གེ་ཡིན་ན། དང་པོ་མཛའ་མ་བཅུག་ལ་སྦྱིན་པར་བྱའོ། །དེ་ནས་སྔོན་དུ་སྤྲོས་པའི་ཁྲོ་བོ་ལ་སོགས་པ་རྣམས་ལ་བལྟས་ལ། ཇི་ལྟ་བ་བཞིན་སྔགས་ཀྱི་རྐང་པ་རྣམས་བརྗོད་ལ། ཨོཾ་ཨཱ:ཧཱུཾ་ཧོ་ཨུཥྞཱི་ཥ་སུམྦྷ་ནི་སུམྦྷ་བིགྷྣཱནྟ་ཀ་ནཱི་ལ་དཎྜ་པྲཛྙཱནྟ་ཀ། ་ཊཀྐི་རཱ་ཛཱ་པདྨནྟ་ཀ། ཨ་ཙ་ལ། ཡ་མནྟ་ཀ་།མ་ཧཱ་བ་ལེ་བྷཡ(རྒྱུད་འགྲེལ་སཏྭཱ་ནཾ་ཤཱནྟི་དུཥྚི་རཀྵཱ་བ་ར་ཎ་གུཔཏི་ཀུརྦནྟུ་ཧུཾ་ཧཱུཾ་ཕཊ་བཛྲ་དྷཱ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཏོར་མའི་སྔགས་སོ། །དེ་ལྟར་ཨོཾ་ཨཱ(རྒྱུད་འགྲེལ་དཱི་པ་མཀྵ་ཏཾ་ད་དཱ་མ་ཧེ། ཏེ་ཙཱ་གཏྱ་ས་པ་རི་ཝཱ་རཱ་ཤྲཱི་གྷྲཾ་ཨི་དཾ་བ་ལིཾ་གྲིཧྣནྟུ། ཁ་དནྟུ་བི་ཝནྟུ་ཛ(རྒྱུད་འགྲེལ་མའི་སྔགས་སོ། །དེ་ལྟར་ཨོཾ་ཨཱ་ཧཱུཾ་ཧོ་བྲཧམ་བི་ཀྵུ་ནཻ་རི་ཏྱ་བཱ་ཡུ་ཡ་མཱགནི་ས་མུ་དྲེ་ཤྭ་རེནྡྲ་ཡཀྵེ་བྷཡ། ས་པ་རི་ཝཱ་ར་བྷཡ(རྒྱུད་འགྲེལ་བཾ་ཧོ(རྒྱུད་འགྲེལ་བྷཡ:ས་པཱ་རི་ཝཱ་རེ་བྷཡ(རྒྱུད་འགྲེལ་ཀུརྦནྟུ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷཱ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ(རྒྱུད་འགྲེལ་པཾ། དཱི་པཾ། ཨཀྵ་ཏཾ་ད་དཱ་མཧེ། ཏེ་ཙ་ཨ་གཏྱ་ས་པ་རི་ཝཱ་རཱ:ཤཱི་གྷྲཾ་ཨི་དཾ། བ་ལིཾ་གྲིཧྣན་ཏུ་ཁཱ་དནྟུ་པི་ཝཱནྟུ་ཛ(རྒྱུད་འགྲེལ་ཀྱི་གཏོར་མའི་སྔགས་སོ། །དེ་ལྟར་ཨོཾ་ཨ:ཧཱུཾ་ཧོ་བེ་ཏཱ་ཌ་བི་ཀྲི་ཏ་མུ་ཁ་ཤྭ་ཀཱ་ཀཱ་སཱུ་ཀ་ར་གྲི་དྷྲ་བྱ་གྷྲོ་ལཱུ་ཀ་ཛ་བུ་ཀ་ག་རུ་ཌ་མུ་ཁེ་བྷཡ(རྒྱུད་འགྲེལ་བ་ལི་གྲིཧྣནྟུ་ཁ་དནྟུ་པི་ཝནྟུ་ཛ:ཧཱུཾ་བཾ་ཧོ། སཾ་ཏྲི་པ་ཏཱ། སརྦ་སཏྭཱ་ནཾ་ཤནྟིཾ་པུཥྚིཾ་རཀྵཱ་བ་ར་ཎ་གུཔཏི་ཀུརྤནྟུ་ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཛྙཱ་པ་ཡི་ཏ་སྭཱཧཱ། ཞེས་པ་ནི་འབྱུང་པོ་རྣམས་ཀྱི་གཏོར་མའི་སྔགས་སོ། །དེ་ནས་གཤེགས་སུ་གསོལ་བ་ནི། དེ་ཡང་དེ་ཉིད་ལས་གསུངས་པ། ་གཤེགས་སུ་གསོལ་བའི་དུས་སུ། གསང་བའི་འཁོར་ལོར་ཧཾ་ཡིག་ལས་ཁྲོ་བོའི་འཁོར་ལོར་གཞུག་པར་བྱའོ། །གཙུག་ཏོར་དུ་ཨཾ་ཡིག་ལས་ཟད་པར་སྟོང་པ་ལ་སོགས་པའོ། །དཔྲལ་བར་ཨི་ཡིག་ལས་ཕྱོགས་སྐྱོང་གི་འཁོར་ལོའོ། །མགྲིན་པར ་རི་ཡིག་ལས་གཟའི་འཁོར་ལོའོ། །སྙིང་གར་ཨུ་ཡིག་ལས་ཀླུའི་འཁོར་ལོའོ། །ལྟེ་བར་ལི་ཡིག་ལས་འབྱུང་པོའི་འཁོར་ལོ་རབ་ཏུ་གཞུག་པ་ཞེས་བྱ་བ་ནི། གཤེགས་སུ་གསོལ་བའི་ཆོ་གའོ།། །།མགོན་པོ་བྱིས་པ་བློ་དམན་རྣམས ་ཀྱིས་དྲན་ཕྱིར། །དཔལ་ལྡན་འཇིག་རྟེན་མགོན་པོ་ཉིད་ཀྱི་བསྒྲུབ་ཐབས། །ལས་ནི་ཕྱུང་བས་དེའི་ཕྱིར་ན་ཡབ་དང། མཚུངས་པ་གང་ཞིག་མི་གཙིགས་པ་ལ་བཟོད་པ་ལྟར་དུ། །བདག་ལ་རབ་ཏུ་བརྩེ་བས་ཐུགས་རྗེས་བརླན་པ་བཟོད་པར་མཛོད་ཅིག་།དེ་ལྟར ་དཔལ་དང་ལྡན་པའི་འཇིག་རྟེན་དབང་ཕྱུག་གིས། །སྤྲུལ་པ་པདྨ་དཀར་པོས་ཡང་དག་པར་མཛད་པའི་དྲི་མ་མེད་པའི་འོད་ལས་ཕྱུང་བ། །བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་རྫོགས་སོ།། ་དུས་ཀྱི་འཁོར་ལོ་བ་ཆེན་པོ་པཎྜི་ཏ་སཱ་དྷུ་པུ་ཏྲ་ཡིས་པཎྜི་ཏ་ཆེན་པོ་དྷརྨཱ་ཀ་ཤཱནྟིའི་དོན་དུ་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཝཱ་གི་ཤྭར་གུཔཏ་པ་དང། སྒྲ་བསྒྱུར་གྱི་ལོཙྪ་བ་དགེ་སློང་ཆོས་རབ་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། ་(དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་བཞུགས་སོ།།)་།། *། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་མཎྜ་ལོ་པ་ཡི་ཀཱ་བི་དྷི། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ་