| Wylie | e-texts based on the ACIP/ALL Input |
བླ་མ་ལ་མཉན་ནས་བསྒྱུར་བ་རྫོགས་སོ།། །།དཔལ་དུས་ཀྱི་འཁོར་ལོ་བསྒྲུབས་པ་ཡན་ལག་བཞི་པ་ཞེས་བྱ་བ་བཞུགས།། །།*། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཙ་ཏུ་རཾ་ག་སཱ་དྷ་ནོ་པི་ཀཱ་ནཱ་མ། བོད་སྐད་དུ། ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་ཡན་ལག་བཞི་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོག་གི་སྙིང་རྗེ་དག་གིས་ནི། །འཁོར་བ་མི ་བཟད་སྡུག་བསྔལ་ལས། །གདོན་ཕྱིར་ཡེ་ཤེས་ལམ་ལ་ནི། །སྟོན་པ་ཁྱོད་ནི་ཉིད་ཀྱི་གཞག་།ཁྱོད་ནི་རྒན་ཡང་གཞོན་ནུ་མ། །རྒྱལ་བ་མཛའ་དག་གི་ནི་སྲས། །དང་པོ་སངས་རྒྱས་ཀྱི་དང་པོ། །བུད་མེད་སྦྱོང་ལ་ཚངས་པར་སྤྱོད། །མཆོག་གི་སྙིང ་རྗེ་དག་གིས་ནི། །འཇིག་རྟེན་གཉེན་ནི་གཤིན་རྗེའི་དགྲ། །ཁྱོད་ནི་ཁོ་ནའི་རྡོ་རྗེ་ཉིད། །སྲིད་པ་ཡི་ནི་འཇིགས་སེལ་བ། །ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །སྲིད་པ་ལས་ནི་རྣམ་གྲོལ་ཁྱོད། །འགྲོ་བ་སྨིན་པའི་དོན་དུ་ནི། །འཇུག་པ་ཡི་ནི་གཤིན་རྗེ་ཁྱོད། །ཐུག ་པ་ཡི་ནི་རིགས་འདུད་པ། །བྲམ་ཟེའི་རིགས་ཀྱི་ཉི་མ་བདག་།ཞབས་ཀྱི་པདྨར་རབ་བཏུད་པ། །སེམས་ཅན་རྣམས་ནི་གྲོལ་དོན་དུ། །དུས་ཀྱི་འཁོར་ལོ་མཛའ་དག་ནི། །སའི་སྟེང་དུ་གསལ་བྱེད་པ། །སྙིགས་མ་ཅན་གྱི་རིགས་ནི་ཁྱོད། །སའི་བདག ་པོས་ཕྱག་བྱས་པ། །ཀ་ལཱ་པ་རུ་དཔལ་གྲགས་པ། །ཁྱོད་ཀྱི་ཞབས་ཀྱི་པདྨ་ལ། །ལག་པའི་ཐལ་མོ་སྦྱར་ནས་སུ། །ཡན་ལག་མཆོག་ལ་གཞག་ནས་སུ། །སྤྱི་བོ་ཡིས་ནི་ཕྱག་འཚལ་ནས། །མཛའ་དག་མ་ཚང་མེད་པ་ཡི། །བསྒྲུབ་པའི་ཐབས ་ནི་བཤད་པར་བྱ།། །།སྐྱེད་མོས་ཚལ་དང་རི་བྲག་དང། །རྒྱལ་བ་དམ་པ་ཡི་ནི་གནས། །ཁང་སྟོང་ལྷ་ཡི་གནས་དང་ནི། །གྲུབ་པའི་གནས་དང་དུར་ཁྲོད་དང། །མཚོ་ཡི་གནས་དང་གབ་པའི་ས། །གང་དུ་ཡིད་ནི་དགའ་བར་ནི། །དེ་རུ་བསྒྲུབ་པ་བྱ་བ ་རུ། །འགྱུར་རོ་མིའི་བདག་པོ་ཀྱེ། །ཟབ་ཅིང་རྒྱ་ཆེ་བ་ཡི་སེམས། །བླ་མའི་དེས་པ་ལ་དགའ་ཞིང། །གཏོང་བའི་སེམས་དང་ཡོན་ཏན་ཤེས། །ཐར་པ་འདོད་ཅིང་རྒྱུད་ལ་དང། །སེམས་ནི་གཡོ་བ་མེད་པ་དང། །དེ་ཉིད་རྙེད་པ་དང་གསང་ཞིང།། ་གདུག་པ་རྣམས་ཀྱི་ཚོགས་བྲལ་བ། །དཔལ་ལྡན་དུས་འཁོར་དཀྱིལ་འཁོར་དུ། །དབང་བསྐུར་རིམ་པ་བཞིན་ཐོབ་གང། །འཇམ་པ་ཉིད་ཀྱི་མལ་ཆ་འམ། །སྟན་བདེ་བ་ལ་འཇུག་པར་བྱ། །མཎྜལ་སྐྱང་ནུལ་མཛེས་བྱས་ནས། །རྫས་བཅུར་ལྡན་པའི་མཆོད ་པ་བཤམ། །ཕྱག་རྒྱ་བཟང་པོའི་རྗེས་ཕྱེ་བའི། །དག་པ་རྣམ་གསུམ་དྲན་པར་བྱ། །རྡོ་རྗེ་གསུམ་གྱི་ས་ཕྱོགས་སུ། །དང་པོ་ཁོ་ནར་ཆོས་སྐྱོང་ལ། །གཏོར་མ་དག་ནི་སྦྱིན་པར་བྱ། །ཕྱི་ནས་རྡོ་རྗེ་བཞི་ཡིས་ནི། །ཕྱོགས་དང་མཚམས་སུ་སོང་བ་ནི། ། ་བདུད་ཀྱི་ཚོགས་རྣམས་ངེས་པར་སྲེག་།དཔལ་གྱི་རྡོ་རྗེའི་ས་ཕྱོགས་ན། །གནས་པ་ཡི་ནི་བདུད་ཀྱི་ཚོགས། །མ་ལུས་པར་ནི་ངེས་པར་སྲེག་།ཕྱི་ནས་འཁོར་ལོའི་རྩིབས་བཅུ་ལ། །ཕྱོགས་དང་མཚམས་སུ་སོང་བ་ཡི། །ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ། ། ་སའི་མཚམས་ཀྱི་མཐར་ཐུག་པར། །རིང་པོ་རུ་ནི་མཐོང་གི་བར། །རྡོ་རྗེ་གསུམ་གྱི་ར་བ་གསུམ། །སའི་བསྐོར་བར་སོང་བ་ནི། །ས་འོག་གནས་དང་ནམ་མཁར་རོ། །རྡོ་རྗེ་ཁང་པ་བརྩེགས་པར་ནི། །དབུས་སུ་འདམ་སྐྱེས་ཉི་མའི་ཁྲུ། །ལྟེ་བ་དང་ནི་གདན་ལ་ནི། ། ་དུས་དང་ལག་པའི་ཁྲུར་གྱུར་པ། དེའི་སྟེང་དུ་བདག་ཉིད་ནི། །དྲི་མ་དང་ནི་བྲལ་བ་ཉིད། །འཁོར་ལོའི་དབུས་སུ་ཁྲོད་དབང་པོ། །ཕྱག་ནི་རྒྱལ་བ་གཉིས་ལྷག་པ། །དུས་ཀྱི་ཞལ་ཏེ་རྡོ་རྗེ་ཤུགས། །རྣལ་འབྱོར་པ་ཡི་བསྒོམ་པར་བྱའོ།། །།དང་པོའི་སྙིང ་གའི་ཟླ་དབུས་སུ། །ཕྱོགས་བཅུ་རུ་ནི་སྣ་ཚོགས་ལ། །དེ་ཁོ་ནའི་འོད་ཟེར་བསྒོམ། །ཁ་ལ་སོགས་པ་དག་བྱས་ཏེ། །སླར་ལ་ཡང་ནི་ནམ་མཁའ་རུ། །འོད་ཟེར་སྤྲོས་པས་རྒྱལ་བ་བཀུག་།མཆོད་པ་སྣ་ཚོགས་བྱས་ནས་སུ། །སྲིད་པའི་སྡིག་པ་མང་པོ་ནི། ་བསགས་པ་དེ་ནི་བཤགས་པར་བྱ། །གསུམ་ལ་སྐྱབས་སུ་འགྲོ་བ་དང། །ལུས་དང་ངག་དང་སེམས་དག་པས། །སྒྲུབ་པ་པོ་ཡི་བྱ་བ་ཡིན། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །འཕགས་པའི་དགེ་འདུན་གང་མཛད་པ། །དགེ་བ་རྣམས་ལ་མང་པོ་ཡི། །མ་ལུས་དེ ་ལ་རྗེ་ཡི་དང། །ཉོན་མོངས་པ་དང་བྲལ་བ་ཡི། །བྱང་ཆུབ་སྤྱོད་པ་རྗེས་སུ་གནས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྲིད་པ་ཡི་ནི་འཇིགས་སེལ་བ། །བྱང་ཆུབ་ཐར་པ་སྐྱབས་མཆིའོ། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་།ཅེས་པའི་སྨོན་ལམ་འདེབས་པ་ཡི། །འདི ་ནི་སེམས་ཅན་དོན་གྱི་ཕྱིར། །འགྲོ་བ་མ་ལུས་འདི་དག་ནི། །དངོས་པོའི་ངོ་བོ་རང་བཞིན་ནོ། །དངོས་དང་བྲལ་བ་སྟོང་པའོ། །དེ་ཕྱིར་སངས་རྒྱས་བྱང་ཆུབ་མེད། །གཞན་ལ་ཕན་པའི་སྙིང་རྗེ་ཡིས། །མཚན་མ་མེད་པར་དམ་བཅས་པའི། །དེ་ལྟར་མཛའ་དག་ཤེས་བྱས་ཏེ། ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ། །དཔག་ཏུ་མེད་པའི་ཡོན་ཏན་ལྡན། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གཙོ། །དང་པོར་འདི་ནི་སྡོམ་བརྩོན་གྱིས། །ཆུ་ཡིས་མེ་ནི་འཇིགས་པ་ནི། །ལུས་ཀྱི་དབུས་སུ་བྱ་བ་ཡིན། །ཕྱིས་ནི་ས་ནི་ཆུ་རུ ་འགྱུར། །ཚྭ་བཞིན་ཆུ་ཡི་དབུས་སུ་ཞུགས། །རླུང་གིས་ཆུ་ནི་སྐམས་ནས་སུ། །ནམ་མཁའ་རུ་ནི་མི་སྣང་བར། །མྱུར་དུ་འགྲོ་འོ་དེ་ནས་ནི། སེམས་དང་མེ་ནི་མུན་པའི་མཐར། །ཡུལ་དང་རྣམ་པར་བྲལ་བ་ནི། །དབུས་ཀྱི་ས་རུ་བཞག་པར་བྱ། །སྟོང་པ་རླུང་དང་མེ་དང་ཆུ།། ་ས་དང་རྒྱ་མཚོ་རི་པདྨ། ཟླ་བ་ཉི་མ་དང་ནི་མེ། །ཁང་པ་རྩེགས་མ་ཀུན་ནས་ནི། །དྲི་མེད་འོད་ཟེར་འཕྲོ་བ་ཡི། །རྡོ་རྗེ་ལས་ནི་སྐྱེས་པའི་ཕྱིར། །དེ་ན་རྡོ་རྗེའི་ས་གཞི་ལ། །སྣ་ཚོགས་ནོར་བུ་འོད་ལྟ་བུ། །དཀྱིལ་འཁོར་ལ་ནི་རྣམ་འཕྲོ་བ། །ོཾ་གྱི་ཡེ་ཤེས་ལས་སྐྱེས ་པ། །རྒྱལ་བ་དམ་པའི་པདྨ་ལ། །ཟླ་བ་ཉི་མ་དག་གི་གདན། །ནང་དུ་བརྒྱད་གཉིས་ཀ་བ་ནི། །རིགས་གཙོ་ཡིས་ནི་རང་བཞིན་ཏེ། །རྒྱལ་བའི་ལོངས་སྤྱོད་འཁོར་ལོ་ནི། རྒྱལ་པོ་རིགས་བྱེད་བསྒོམས་རྣམས་ལ། །ནོར་བུ་གསེར་གྱིས་རང་བཞིན་གྱི། །རྟ ་བབས་དུར་ཁྲོད་རྣམས་ཀྱིས་བརྒྱན། ། སོགས་ཀ་སོགས་ཉི་མ་ཟླ། །རིགས་ཀྱི་གཙོ་དང་ལྷན་ཅིག་པ། །མེ་ལོང་ལྟ་བུ་ལ་སོགས་པའང། །དྲི་མ་མེད་པའི་འོད་འཕྲོ་བ། །འོད་ཟེར་ལྔ་ནི་འཕྱེད་མཛད་པ། །དུས་ཀྱི་འཁོར་ལོ་བསྒོམ་པར་བྱ།། ་རྡོ་རྗེའི་བརྒྱན་དང་ལྡན་པའི་ལུས། །རྒྱལ་བ་ཡི་ནི་ཕྱག་པདྨ། །ཉི་མའི་དཔུང་པ་དུས་ཀྱི་ཞལ། །མགྲིན་གསུམ་ཉི་མ་ཡིས་ནི་སྤྱན། །ཞལ་གདངས་མཆེ་བ་གཙིགས་པ་ཡིས། དཔལ་ལྡན་ཨོཾ་ལས་སྐྱེས་པའོ། །ནོར་གྱི་པདྨའི་འདབ་མ་ལ། ཟླ་བ་ཉི་མ་མེའི་སྟེ།། ་དྲག་པོ་འདོད་ལྷ་གཉིས་ཀྱིས་ནི། །སྙིང་གར་ཤིན་ཏུ་རོལ་པའི་ཞབས། །རྒྱལ་བའི་དབང་པོ་གཡས་བརྐྱང་ཞབས། །མཆོག་གི་ཞབས་ཀྱི་འོག་ཏུ་ནི། །བདུད་ཀྱི་དམར་པོ་གཡས་ཀྱི་སྟེ། །དྲག་པོ་དཀར་པོ་གཡོན་གྱིས་སོ། །མགྲིན་པ་དབུས་དང་གཡོན་དང ་ག-ཡས། །དཔུང་པ་ཉི་མ་ཟླ་བའི་མདོག་།གཡས་པ་དང་ནི་གཡོན་པ་ཡི། །ཕྲག་པ་སྔོ་དང་དམར་པོ་དང། །རི་བོང་འཛིན་པ་ལྟར་དཀར་བ། །གཡས་དང་གཡོན་དུ་གཉིས་ཀྱི་ཞབས། །དཔུང་པ་རྣམས་སུ་དཀར་མིན་དང། ཉི་མའི་མདོག་དང་ཟླ་བའི་མདོག། ་དེ་བཞིན་དུ་ནི་བརྒྱད་གསུམ་གྱི། །མཚོན་ཆ་རྣམས་དང་ལྷན་ཅིག་ཏུ། །ལག་པ་རྣམས་ནི་རིམ་པ་བཞིན། །སོར་མོ་ལ་ནི་ཚིགས་གསུམ་གསུམ། །རི་བོང་ཅན་ལག་པདྨ་ལ། ཁ་དོག་ལྔ་ནི་འཕྲོ་བའོ། །ནག་པོ་དཀར་པོ་དམར་པོ་ཡི། །རབ་མཆོག ་ལག་པའི་མཐིལ་དུ་ནི། །མཚོན་ཆའི་ཚོགས་ནི་ཡང་དག་གནས། །རྡོ་རྗེ་རལ་གྲི་རྩེ་གསུམ་དང། །སྲིད་པ་གསུམ་ནི་འཇིགས་པ་ཡི། །གྲི་གུག་དང་ནི་མེ་ཡི་མདའ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ཉིད། །སྒྲ་དང་བཅས་པའི་ཅང་ཏེའུ། །ཐོ་བ་དང་ནི་འཁོར ་ལོ་ཉིད། །མདུང་དང་དབྱུག་པ་དགྲ་སྟ་ཉིད། །རྡོ་རྗེ་ཅན་གྱི་གཡས་པ་ཡི། །ཉི་མའི་ཕྱག་གི་པདྨ་ལའོ། །དྲིལ་བུ་ཕུབ་དང་ཁ་ཊཱཾ་ག་།ཁ་ནི་རྣམ་པར་ཕྱེ་བ་དང། །ཁྲག་གི་བཀད་པའི་ཐོད་པ་དང། །གཞུ་དང་ཞགས་པ་རིན་ཆེན་དང། །པདྨ་དང་ནི་ཆུ་ལ ་སྤྱོད། །མེ་ལོང་དང་ནི་ལྕགས་སྒྲོག་དང། །ཚངས་པར་རིག་བྱེད་གདོང་གིས་ནི། །མགོ་བོ་དང་ནི་པདྨ་ནི། །རྒྱལ་བའི་ཕྱག་ནི་གཡོན་པས་འཛིན། །སྨན་པའི་གདོང་དུ་བྱེད་པ་ཡི། །ཞབས་ཀྱི་འོག་ཏུ་མནན་པ་ནི། །བདུད་དང་དྲག་པོ་རང་ལྷ་མོ། །རིག་བྱེད་ཞལ་ཏེ ་གསང་ལྟ་བུ། །ནོར་གྱི་ཕྱག་ནི་པདྨ་ཡིས། །འཁྱུང་པ་སྣ་ཚོགས་ཡུམ་ཡིན་ནོ། །གཡས་ནི་གྲི་གུག་ལྕགས་ཀྱུ་དང། །འཁྲོལ་བ་ཡི་ནི་ཅང་ཏེའུ། །བགྲང་ཕྲེང་རིམ་པ་བཞིན་དུའོ། །གཡོན་ན་ཉ་ཕྱིས་ཞགས་པ་དང། འདབ་མ་རྒྱས་པའི་པདྨ་དང། ནོར་བུ་བཟང་པོ ་དེ་བཞིན་ཏེ། །གཡོན་བརྐྱང་བ་ལ་ཉི་མའི་སྤྱན། །རྒྱལ་བའི་བདག་པོའི་ཅོད་པན་ཅན། །ཕྱག་རྒྱ་རྣམས་ཀྱིས་རྒྱས་གཏབ་པོ། །ཕྱོགས་ཀྱི་པདྨར་སངས་རྒྱས་བཞི། །ངེས་པ་ཁོ་ནར་སྤྱན་ནི་དགུ། །མེའི་སྤྱན་དང་དུས་ཀྱི་ཕྱག་།མཚམས་སུ་སྒྲོལ་མ་སོགས་ལྷ་མོ། ། ་གཞན་ཡང་སླར་ཡང་འདི་དག་གི་།མཚམས་བརྒྱད་དུ་ནི་བུམ་པ་བརྒྱད། །ནག་པོ་དམར་པོ་སེར་པོ་དང། །རི་བོང་འཛིན་པ་དཀར་པོ་ནི། །ལྷ་དང་ལྷ་མོ་རྣམས་ཀྱིའོ། །ནག་པོ་དམར་པོ་ཟླ་བ་ནི། །གཞན་ཡང་ཕྱོགས་བྲལ་དུ་སོང་བ། །དམར་པོ་སེར་པོ་ཉི་མའི་སྟེ།། ་རྩིགས་པའི་ཕྱོགས་མཚམས་སོང་བ་ལ། །ནམ་མཁའ་ཨི་སྙིང་པོ་ལ་སོགས་དང། །རེག་བྱའི་རྡོ་རྗེ་མ་ལ་སོགས། །ཤར་གྱི་གཡས་དང་གཡོན་པ་དང། །ཕྱོགས་གཞན་གྱིས་ནི་པདྨར་ནི། །ཀུན་ཏུ་བཟང་པོ་དེ་བཞིན་དུ། །དཔལ་ལྡན་ཕྱག་ན་རྡོ་རྗེ་དང། །སྒྲ་ཡི་རྡོ་རྗེ ་ཉིད་དང་ནི། །ཆོས་ཀྱི་དབྱིངས་ནི་རིམ་པ་བཞིན། །ལྐུགས་དང་རེངས་དང་ང་རྒྱལ་ཅན། །རབ་སྟོབས་ཤེས་པ་འདི་དག་ནི། །སྒོ་སྐྱོང་ཤར་ལ་སོགས་པར་རོ། །རི་བོང་འཛིན་པའི་པདྨ་ལ། །ཤེས་རབ་དང་ནི་ཐམས་བྱུང་པ། །ལྷ་རྣམས་དང་ནི་ལྷ་མོ་རྣམས། །ཕན ་ཚུན་དུ་ནི་འཁྱུད་པ་གཉིས། །རང་གི་ལག་པ་ཆུ་སྐྱེས་ནི། །རང་རང་མཚན་མ་རྣམས་དང་ལྡན། །གང་གི་གཡས་སུ་མཚན་མ་གང། །དང་པོ་ཡི་ནི་ལག་པ་ལ། །དེ་འདིར་ཕྱག་རྒྱ་དང་ཀྲལ་བའོ། །ཤེས་རབ་སྟོབས་ཀྱི་འཁོར་ལོ་ཡི། །མཆོག་ཏུ་བདེ་བ་ཡི་ནི་གནས།། ་པདྨ་རྡོ་རྗེའི་གདན་ལ་སོགས། །ནག་པོ་རྣམས་ཀྱི་རལ་གྲི་གུག་།གནས་རྣམས་འཇིགས་པར་བྱེད་པ་དང། །གཡས་ཀྱི་ལག་ན་རྩེ་གསུམ་མོ། །གཡོན་ན་ཕུབ་དང་ཐོད་པ་དང། །ཁ་ཊཱཾ་ག་ནི་དཀར་པོ་ནི། །ལག་པའི་མཐིལ་ན་ཡོད་གྱུར་ཏེ། ། ་དམར་པོ་རྣམས་ཀྱི་དེ་བཞིན་དུ། །མངའ་དང་རྡོ་རྗེ་ལྕགས་ཀྱུ་དང། །སྒྲ་དང་བཅས་པའི་ཅང་ཏེའུ། །གཡས་ཀྱི་ཕྱག་ན་རིམ་པ་བཞིན། །གཡོན་ནི་གཞུ་དང་ཞགས་པ་དང། །ནོར་བུ་དྲི་མ་མེད་འཕྲོ་བ། །སེར་པོ་རྣམས་ཀྱིས་འཁོར་ལོ་དབྱུག་།འཇིགས་པར་བྱེད ་པའི་རྡོ་རྗེ་ནི། །གཡས་ཀྱི་ལག་པར་རིམ་པ་བཞིན། །གཡོན་དང་དཔལ་ལྡན་ལུ་གུ་རྒྱུད། །དྲིལ་བུའི་སྒྲ་དང་བཅས་པར་འགྱུར། །རི་བོང་འཛིན་པ་དཀར་རྣམས་ཀྱི། །གཡས་ན་དཔལ་གྱི་ཐོ་བ་དང། །མདའ་དང་རྩེ་གསུམ་པ་ནི་ཉིད། །གཡོན་ན་པདྨ་དཀར་པོ་ཉིད། ་འདབ་མ་བརྒྱད་དང་བཅས་པ་དང། །མེ་ལོང་དང་ནི་བགྲང་འཕྲེང་ངོ། །ལྗང་དགུ་རྣམས་ཀྱི་གཡས་པ་ལ། །རྡོ་རྗེ་གྲི་གུག་དགྲ་སྟ་ནི། །རིམ་པ་བཞིན་དུ་འགྱུར་བ་ཡིན། །གཡོན་ན་དྲིལ་བུ་ཐོད་པ་དང། །ཡོན་ཏན་མཛའ་དག་གིས་ནི་གཏེར། །ུཏཔ་ལ་ནི་དེ་བཞིན ་ཉིད། སོ་སོའི་ཡོན་ཏན་དབང་གིས་ན། །སྔོན་པོ་རྣམས་ཀྱི་རིག་པར་བྱ། །ལྷ་མོ་རྣམས་ནི་དེ་བཞིན་དུ། །ནག་པོ་དམར་པོ་དཀར་པོ་དང། །གསེར་ནི་ཞུན་མ་འདྲ་བ་དང། །ཤར་གྱི་ལྷ་སོགས་ལྷ་མོའོ།། །།དེ་ལྟར་རྡོ་རྗེ་ཅན་གྱི་ཡང། །སྲིད་པ་གསུམ ་ནི་མ་ལུས་པ། །དཀྱིལ་འཁོར་གྱིས་ནི་རྣམ་པར་གསུངས། །ཕྱི་དང་ལུས་དང་གཞན་ལ་ནི། །སྤྲོས་པའི་རང་བཞིན་མེད་པ་ནི། །དངོས་པོའི་སྐྱེ་བ་ཡང་དག་གནས། །དེ་ལ་རྟག་པར་མཁའ་རྡོ་རྗེ། །སྲིད་པ་རྣམ་པ་གསུམ་སོང་བ། །མི་རྟག་པར་ནི་འགྲོ་བའོ། ། ་འབྱུང་པོའི་ཚོགས་ནི་རྟག་པ་མིན། །མིག་འཕྲུལ་དག་ནི་ཇི་བཞིན་ནོ། །རྟག་དང་མི་རྟག་པར་བལྟ་བ། །དེ་ཡང་བེམ་པོའི་བློ་ཅན་གྱི། །སེམས་དག་པ་ཡི་དོན་གྱི་ཕྱིར། །སྒྲུབ་ཐབས་ཉིད་ནི་བརྗོད་པར་བྱའོ། །མ་ལས་སྙིང་དུ་སོང་བ་ཡི། །སྒྲུབ་པར་ནུས་པ ་ཉིད་མ་ཡིན། །རྡོ་རྗེ་ཅན་ནི་སྒྲུབ་པའི་ཐབས། །སྒྲུབ་པོ་བསྒྲུབ་པར་བྱ་བ་གང། །མ་ལུས་པ་ནི་འཁྲུལ་པའོ། །དེ་ཕྱིར་རྒྱལ་པོ་རང་གི་སེམས། །ཉོན་མོངས་པ་དང་བྲལ་བ་ནི། །དཀྱིལ་འཁོར་ཉིད་དུ་བསྒྲུབ་པར་བྱ། །ཧོ་ཡིག་ཐོག་མ་ཐ་མཱའི་ལུས། །ཡང་དག་བདེ ་བའི་འབྲེས་སྟེར་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཤེས་རབ་ཆགས་པས་དེ་ཞུ་བ། །རི་བོང་ཅན་ཉིད་ལྟ་བུ་རུ། །རྡོ་རྗེ་ཅན་ཡང་ཞུ་མཐོང་ནས། །ལྷ་མོ་རྣམས་ནི་གླུ་ལེན་བྱེད། །བཅོམ་ལྡན་འདས་ནི་རྡོ་རྗེ་ཅན། །སུམ་ཅུ་བ་དང་མིའི་བླ་མ། །སེམས་ཅན་ཀུན ་ལ་བདེ་མཛད་པ། །ཁྱོད་ཀྱིས་འདོད་པའི་དོན་གཉེར་བ། །བདག་ཅག་རྣམས་ནི་བསྲུང་བར་མཛོད། །གླུ་ནི་རྡོ་རྗེ་ཅན་སོན་ནས། །སྲིད་པ་གསུམ་ནི་མ་ལུས་ལ། །མིག་འཕྲུལ་ལྟ་བུ་ཉིད་དུ་ནི། །གཟིགས་ནས་བསྐྱེད་པ་རུ་མཛད་དེ། །འོད་ཟེར་དྲི་མ ་མེད་པ་འཕྲོ། །མཚན་མ་བཅས་པ་སྤྲོ་བར་བྱ། རྡོ་རྗེ་ཅན་ནི་རྒྱན་དང་ལྡན། །རྒྱལ་བའི་དབང་པོའི་ཅོད་པན་ཅན། །ཤེས་རབ་ཀྱི་ནི་འཁྱུད་པ་ཉིད། །རྒྱལ་པོ་ཤེས་རབ་ཐབས་ཀྱིས་ཏེ། །སླར་ལ་ཡང་ནི་དཀྱིལ་འཁོར་བ། །མ་ལུས་པ་རྣམས་འབྱུང་བར་བྱ། ། ་སྔོན་པོའི་འོད་འཕྲོ་འཇིགས་པའི་གཟུགས། །རབ་ཏུ་བཞད་པ་ཡི་ནི་ཞལ། །ཟླ་བ་ཕྱེད་པ་མཆེ་གཙིགས་བ། །སྒྲ་ནི་སྒྲོགས་པ་རྩེའི་སྤྱན། །གཉིས་ལྷག་པ་ཡི་རྒྱལ་བའི་ཕྱག། །རིག་བྱེད་ཞལ་ལ་ཞབས་གཉིས་པ། །ཤེས་རབ་ཐབས་ཀྱི་ཡན་ལག་ཅན། །མཚོན ་ཆ་རྣམས་ཀྱིས་ཡང་དག་མཚན། །རྡོ་རྗེ་ཤུགས་ཀྱི་གཞུག་པར་བྱ།། །།རྐང་པ་བརྒྱད་པའི་ཤིང་རྟ་ནས། །རྒྱལ་བའི་དགྲ་ནི་འཇིགས་བྱེད་དེ། །ཡེ་ཤེས་འཁོར་ལོའི་རྒྱུ་རུའོ། །མདུན་དུ་ཡེ་ཤེས་དེ་མཐོང་ནས། །རྣམ་པ་བཅུ་ཡི་མཆོད་པ་དང། ། ་སྔགས་རྣམས་ཀུན་དང་མཆོད་པ་བྱ། །ལྟེ་བར་ལྕགས་ཀྱུ་ཡིས་བཏབ་ནས། །དྲི་མེད་པ་ཡི་འོད་འཕྲོ་བ། །ཡེ་ཤེས་འཁོར་ལོ་དབང་ཕྱུག་ཉིད། །རིགས་གཙོག་ཅེས་པའི་གདོང་ཅན་གྱིས། །ཞགས་པ་དེ་ཉིད་རབ་ཏུ་བཅིང། །མཚོན་ཆ་རྣམས་ཀྱིས་འཇིགས་བྱས ་ཏེ། མ་ལུས་པ་ནི་བསྒྲུབས་བྱས་ནས། །སླར་ལ་ཡང་ནི་ལོག་ནས་ནི། །རང་གི་འཁོར་ལོ་བསྐོར་བྱས་ཏེ། །གཞུག་དང་བཅིང་དང་དགྱེས་པ་དང། །རོ་དག་མཉམ་པར་བྱེད་པ་ནི། །འགུགས་བྱེད་ལ་སོགས་པ་ཡིས་སོ། །སེམས་ཉིད་རྣལ ་འབྱོར་བསྐྱེད་པ་ནི། །ནང་གི་པདྨའི་ཉི་སྟེངས་སུ། །ནམ་མཁའ་དང་ནི་བཅས་པའོ། །ཤར་དུ་འདུ་བྱེད་དང་ནི་ས། །ལྷོ་རུ་ཚོར་བ་དང་ནི་ཆུ། །བྱང་དུ་འདུ་ཤེས་མེ་རུ་འགྱུར། །ནུབ་དུ་གཟུགས་ནི་གཞན་ཉིད་དོ། །མེ་རུ་རླུང་དང་གཟུགས་སུ་འགྱུར། །བདེན་བྲལ་མེ་དང་འདུ ་ཤེས་གཉིས། །དབང་ལྡན་ཆུ་དང་ཚོར་བ་གཉིས། །རླུང་དུ་ས་དང་འདུ་ཤེས་ལྡན། །སངས་རྒྱས་ལྷ་མོའི་བར་སྟོང་ལ། །མཚན་གྱི་ཕྱོགས་སུ་བདུད་རྩིའོ། །རོ་ལིར་བཀང་པའི་བུམ་པ་བརྒྱད། །ཡང་ནི་རིམ་པ་གཞན་མ་ཡིན། །སྟེང་དུ་སྣ་དང་དྲི་རི་འགྱུར་ཏེ། །ལྷོ ་རུ་མིག་དང་གཟུགས་དགོད་དོ། །གཡོན་དུ་ལྕེ་དང་རོར་འགྱུར་ཞིང། །ནུབ་དུ་ལུས་དང་རེག་བྱ་ནི། །དེ་བཞིན་དུ་ནི་འགྱུར་བ་ཡིན། །ལྷོ་ཡི་སྒོ་ཡི་གཡོན་དུ་སྟེ། །འོག་ཏུ་རྣ་བ་དང་ནི་སྒྲར། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །ཤར་གྱི་སྒོ་ཡི་བྱང་དུ་སྟེ། །ནམ་མཁའ་ ་རུ་ནི་ཡིད་ཉིད་དང། །ཆོས་ཀྱི་ཁམས་སུ་འགྱུར་བ་ཡིན། །དང་པོ་ཐབས་ནི་རྣམ་པ་དྲུག་།དཀྱིལ་འཁོར་གྱི་ནི་ལྷག་པའི་ལྷ། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །ཕྱི་ནས་ཤེས་རབ་ལ་སོགས་དྲུག་།རང་རང་པདྨའི་གདན་ལ་ནི། །གསལ་བ་ཉིད་དུ་འགྱུར་བ་ཡིན། ། ་ཤར་གྱི་སྒོ་རུ་སྟོབས་པོ་ཆེ། །རབ་གཏུམ་རལ་གྲི་འཛིན་པའོ། །དེའི་ཤེས་རབ་རེངས་བྱེད་མ། །ལྷོ་རུ་ལྐུགས་བྱེད་ང་རྒྱལ་ཆར། །གྱུར་ཏེ་ནོར་སྦྱིན་གྱི་ཕྱོགས་སུ། །ང་རྒྱལ་བྱེད་མ་རྨུགས་མའོ། །ནུབ་ཏུ་རེངས་བྱེད་བརྩོན་འགྲུས་དཔག་མེད་པ། །ཆུ་ལྷ་རུ་ནི་གནས ་གྱུར་པ། །སྒོ་ཡི་དབུས་ན་པདྨར་གནས། །ལྷ་རྣམས་འདི་དག་གཡོན་བརྐྱང་སྟེ། །རྡོ་རྗེ་ཅན་གྱི་ཨ་ཐུང་ངུ། །རལ་གྲི་ཅན་གྱི་ཨི་ཐུང་དུ། །འོད་དཔག་མེད་པ་ཨུ་ཐུང་དུ། །འགྱུར་ཏེ་སླར་ཡང་ལི་ཡིག་ནི། །འདི་ནི་རྣམ་པར་སྣང་མཛད་ཀྱི། །རིང་པོའི་དངོས་པོའི ་དབྱེ་བ་ཡིས། །དབྱངས་ཀྱི་ཚིག་ནི་མ་ལུས་པ། །རིགས་དྲུག་རྣམས་ཀྱིས་རིམ་པས་སོ། །དཔལ་ཡུམ་གྱི་ནི་མི་ཤིགས་བརྗོད། ། ལས་སྐྱེས་པ་ནམ་མཁའ་ཨི་ཁམས། །འི་རཱི་ཨའུ་ལཱི་རིམ་པ་ལས་རླུང་དང་མེ་དང་ཆུ་དང་ས། །ཐམས་ཅད་འབྱུང་བར་རུ་ནི་འགྱུར། །རྒྱལ་བ་དམ ་པའི་བདག་པོ་དང། །སྣ་ཚོགས་ཡུམ་གྱི་བདེ་དོན་དུ། །ལུས་ཀྱི་དངོས་པོ་ཕན་ཚུན་ནོ། །མི་བསྐྱོད་པ་ནི་སྟོང་པའི་ཁམས། །ཕྱག་གི་པདྨ་རལ་གྲི་ཅན། །སྤྱན་མ་རྣམས་ཀྱི་དངོས་པོའོ། །རིན་ཆེན་བདག་པོ་མཱ་མ་ཀཱི། །གཞན་ཡང་པདྨ་འཛིན་པ་དང། །གོས་དཀར་མོ་ནི་ལུས ་ཀྱི་དངོས། །དེ་བཞིན་འཁོར་ལོ་ཅན་སྒྲོལ་མ། །རང་བཞིན་ཡོན་ཏན་དབང་གིས་ན། །ཐུང་དང་རིང་བའི་དབྱངས་རྣམས་ཀྱིས། །ོཾ་ནི་ཀུན་ཏུ་བཟང་པོ་ལ། །གྱུར་ཏེ་ལུས་ཀྱི་དབང་གིས་ན། །ཕྱག་ན་རྡོ་རྗེ་འདི་ནི་ཨ། །གྱུར་ཏེ་གཞན་ཡང་དེ་བཞིན་དུ། །ས་ཡི་སྙིང་པོ་ཨར་རོ་སྟེ།། ་ཨོཾ་ནི་འཇིག་རྟེན་མགོན་པོ་སྟེ། །དེ་བཞིན་ཨར་དུ་གྱུར་པ་སྟེ། །འདི་ནི་སྒྲིབ་པ་རྣམ་སེལ་ལུས། ། ནི་ཆོས་ཀྱི་དབྱིངས་ཉིད་དུ། །དེ་བཞིན་དུ་ནི་ངེས་པར་འགྱུར། ། ལས་སྐྱེས་པ་སྒྲ་རྡོ་རྗེ། །ེ་ལས་སྐྱེས་པ་རེག་བྱ་རྡོ་རྗེ། །རོ་ཡི་རིགས་ཀྱི་གཙོ་བོ་ཉིད། ། ལས ་སྐྱེས་པས་ལུས་དབྱེ་བས། །ོཾ་ལས་སྐྱེས་པ་གཟུགས་རྡོ་རྗེ། །གྱུར་ཏེ་དེ་བཞིན་མིའི་བདག་པོ། ། ལས་སྐྱེས་པ་དྲི་རྡོ་རྗེ། །དཔལ་གྱི་བཟང་མོ་ཆོས་ཀྱི་དབྱིངས། །སྒྲ་ཡི་རིགས་ཀྱི་གཙོ་མོ་དང། །ཕྱག་ན་རྡོ་རྗེ་ཡི་ནི་གཟུགས། །ནམ་མཁའ་ཨི་སྙིང་པོ་དྲི་རྡོ་རྗེ།། ་རོ་ཡི་མཆོག་གི་རིགས་གཙོ་དང། །འཇིག་རྟེན་མགོན་པོ་ཡང་ནི་ཟུང། །ས་ཡི་སྙིང་པོ་གཟུགས་རྡོ་རྗེ། །རེག་བྱ་སྒྲིབ་པ་རྣམ་སེལ་དག་།ཟུང་དུ་ཡང་ནི་འགྱུར་བའོ། །དེ་ལྟར་རིགས་ནི་དྲུག་པོ་དག་།རིགས་རྣམས་ཡོན་ཏན་དབང་གིས་ནི། །ཡང་དག་པར ་ནི་རིག་པར་བྱ། །ཡ་ལ་ཟུང་གི་རིམ་པ་ཡིས། །སྟོབས་དང་གནོད་མཛེས་མ་ནི་ཟུང། །གསལ་བ་ཉིད་དུ་འགྱུར་པ་ཡིན། །རརྐུ་ལྐུགས་དང་ང་རྒྱལ་མ། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །ཝ་དང་ར་ནི་འདི་ཉིད་ལས། །ང་རྒྱལ་བྱེད་པ་ལྐུག་བྱེད་མ། ། ་ལ་ཡཱ་གནས་མཛེས་བརྩོན་འགྲུས་མ། །རིགས་ཀྱི་དབང་གི་འགྱུར་བ་ཡིན། །ཤེས་རབ་ཐབས་ནི་ཡན་ལག་དངོས། །རིགས་ཀྱི་དབང་གི་འགྱུར་བ་ཡིན། །གང་ཞིག་གང་ལ་ཁས་ཕྱོགས་པའི། །རྡོ་རྗེ་འཆང་དཔལ་ཀུན་དུ་བཟང། ། ་རིགས་ཀྱི་དབང་གི་འགྱུར་པ་ཡིན། །མི་བསྐྱོད་ཕྱག་ན་རྡོ་རྗེ་དང། །དོན་ཡོད་གྲུབ་པ་མཁའ་སྙིང་པོ། །དྲི་མེད་ནོར་བུ་མེད་པ་དང། །ཡང་དག་པར་ན་ས་སྙིང་པོ། །འཁོར་ལོའི་ཕྱག་དང་སྒྲིབ་སེལ་བ། །རིགས་ཀྱི་དབང་གི་འགྱུར་བ་ཡིན། །འོད་དཔག་མེད་དང ་འཇིག་རྟེན་མགོན། །རིགས་ཀྱི་དབང་གིས་འགྱུར་བ་ཡིན། །དཔལ་གྱི་ཡུམ་དང་ཆོས་ཀྱི་དབྱིངས། །རྡོ་རྗེ་དབྱིངས་དང་སྒྲ་རྡོ་རྗེ། །རིགས་ཀྱི་དབང་གི་འགྱུར་བ་ཡིན། །དཔལ་གྱི་སྒྲོན་མ་རེག་རྡོ་རྗེ། །གོས་དཀར་མོའི་རིགས་དབྱེ་བས། །རོ་ཡི་རྡོ་རྗེ་མ་ཉིད་དོ། ། ་མ་མཱ་ཀཱི་དང་གཟུགས་རྡོ་རྗེ། །རིགས་ཀྱི་དབང་གི་འགྱུར་བ་ཡིན། །སྤྱན་མ་དྲི་ཡི་རྡོ་རྗེ་མ། །སླར་ལ་ཡང་ནི་སྟོབས་པོ་ཆེ། །དོན་ཡོད་གྲུབ་པའི་རིགས་ལས་བྱུང། །རིན་ཆེན་ཕྱག་ལས་ལྐུག་པ་ཉིད། །རིགས་ཀྱི་དབང་གི་འགྱུར་བ་ཡིན། །འོད་དཔག ་མེད་དང་རློམ་བྱེད་མ། །རེངས་པ་ཉིད་དང་རྣམ་སྣང་མཛད། །རླུང་དང་མེ་དང་ཆུ་ས་ལས། །བརྩོན་འགྲུས་ལག་མེད་ལྐུག་མ་དང། །ང་རྒྱལ་ཅན་མ་རིམ་པ་བཞིན། །ངེས་པ་ཁོ་ན་གསལ་བར་ནི། །གནོད་མ་རུང་ནི་རབ་ཏུ་གྲགས། །དཀྱིལ་འཁོར་གྱི་ནི་ནང ་དབུས་སུ། །སྟོན་པ་ལྷ་མོ་སོགས་བུམ་པ། །ལྷན་ཅིག་རྒྱལ་བ་ཡི་ནི་སྐུ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ། །སྒྲ་རྡོར་ལ་སོགས་བྱང་ཆུབ་སེམས། །ལོངས་སྤྱོད་རྫོགས་པ་ཡི་ནི་མུ། །ཁྲོ་བོ་རྣམས་ནི་སྤྲུལ་པའི་སྐུ། །ཡོན་ཏན་གྱི་ནི་དབང་གིས ་འགྱུར། །ཐུགས་ཀྱི་དཀྱིལ་འཁོར་གནས་པ་ཡི། །སེམས་ཅན་ཀུན་གྱི་དོན་བྱེད་པ། །སྐུ་ཡི་རྡོ་རྗེ་ཟུང་དུ་འགྱུར། །རྒྱལ་བའི་སྐུ་དང་ལྷན་ཅིག་ཏུ། །སྐུ་རྫོགས་པ་ཡི་རྒྱུ་རུའོ། །གསུང་གི་རྡོ་རྗེ་ཆོས་ཀྱི་སྐུ། །ཟུང་དུ་ཡང་ནི་འགྱུར་བ་ཡིན། །ཆོས་རྣམས ་སྟོན་པར་བྱེད་པ་ཡི། །སེམས་དང་ལོངས་སྤྱོད་རྫོགས་པ་ཡི། །ཟུང་དུ་ཡང་ནི་འགྱུར་བ་ཡིན། །སེམས་ཅན་ཀུན་གྱི་དོན་བྱེད་པའོ། །ཡེ་ཤེས་དང་ནི་སྤྲུལ་པའི་སྐུ། །སྲོག་ཆགས་རྣམས་ལ་ཐར་བ་སྟེར། ཟུང་དུ་ཡང་ནི་འགྱུར་བ་ཡིན། །ཤེས་རབ་ཐབས་ཀྱི་ཡན་ལག ་དངོས། །མཐུན་དང་མི་མཐུན་པ་ཡི་རིགས། །ཉི་ཟླ་ཨ་ཀ་ལ་སོགས་པ། །སྲིད་པ་རྣམ་པ་གསུམ་སོང་བ། །ཡེ་ཤེས་རྣམ་ཤེས་དབྱེ་བ་ནི། །རྣལ་འབྱོར་པ་ཡིས་རིག་པར་བྱ། །རྡོ་རྗེ་གསུམ་ཧོ་སྭཱ་ཧཱར་ལྡན། །སྤྱི་བོར་མགྲིན་པ་སྙིང་ག་དང། །ལྟེ་བ་གསང་བ་སྤྱི་བོ་རུ། །འདི ་རྣམས་ཀྱིས་ནི་ལུས་བྱིན་བརླབས། །མཆོག་གི་རྒྱལ་བའི་བདག་པོ་ནི། །ལྷ་མོ་རྣམས་ཀྱི་འགྲུབ་པར་འགྱུར། །རྡོ་རྗེ་ཕན་ཚུན་རྡོ་རྗེ་ཉིད། །ཅོད་པན་དུ་ནི་འགྱུར་བ་ཡིན། །རེས་དགའ་སངས་རྒྱས་ལྔ་ཡིས་ནི། །གཟུགས་ཀྱི་སྟེང་དུ་མི་བསྐྱོད་པ། །གཡས་པ་རུ་ནི་པད ་མཚན་གྱི། །རྣམ་པར་སྣང་མཛད་ཉིད་དུ་འགྱུར། །རིན་ཆེན་ལྕེ་ཡི་པདྨ་འཛིན། །རབ་མཆོག་ནོར་བུ་བྱེད་པ་ནི། །དོན་ཡོད་གྲུབ་པའི་དབུ་རྒྱན་ནོ། །དྲུག་གི་ཅོད་པན་རལ་པ་མཛོད། །ཡོན་ཏན་གྱི་ནི་དབང་གི་འགྱུར། །ལྷག་མ་འཁོར་ལོ་གཞན་དག་གོ་།སྟོང་པ ་ཉིད་དང་ཆོས་ཀྱི་དབྱིངས། །རིགས་གསུམ་གྱི་ནི་དམ་ཚིག་དང། །ཡེ་ཤེས་མཆོད་པ་རྗེས་ཆགས་དང། །གསུམ་ལ་སྐྱབས་སུ་འགྲོ་བ་ཡི། །དེ་ཡི་རང་བཞིན་བདག་ཉིད་ནི། །སྒྲུབ་པ་པོ་ཡིས་མཆོད་པར་བྱ། །དུ་བ་ལ་སོགས་བུམ་པ་རྣམས། །སྙིང་ཁ ་ཆོས་ཀྱི་འཁོར་ལོ་ཡི། །རྩ་བརྒྱད་རྣམས་ཀྱི་དག་པ་ཡིན། །རིག་པ་རྣམས་དང་སངས་རྒྱས་རྣམས། །སྤྱི་བོ་ཡི་ནི་ལྷན་ཅིག་སྐྱེས། །རྩིབས་ནི་བཅུ་དྲུག་པ་རུ་གྲགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི། །མིའི་བདག་པོ་ཉིས་འགྱུར་ནི། །བྱང་ཆུབ་སེམས ་སོགས་དག་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི། །ནོར་ལྷ་གདེངས་ཅན་གྱིས་སྒྲེས་པའི། །འཇིགས་པ་ལ་སོགས་དག་ཏུའོ། །ལག་པ་རྐང་པ་དག་གི་ཚོགས། །སྟོང་པ་དྲུག་དང་མེའི་གྲངས། །ལས་ཀྱི་འཁོར་ལོའི་ལྷ་རྣམས་དག་།བླུ་དང ་གཏུམ་མོའི་བཅུ་དྲུག་རྣམས། །སོར་མོ་རྣམས་ཀྱི་ཚིགས་ཀྱི་མཚམས། །བྱ་བའི་འཁོར་ལོ་དག་པར་འགྱུར། །རྡོ་རྗེ་ཅན་དཔལ་དུས་དག་བར། །མེའི་བདག་པོར་འགྱུར་པ་ནི། །ལོ་དང་ཟླ་སོགས་དབྱེ་བས་སོ། །སེམས་ཀྱི་སྣང ་བ་སྣང་བ་མེད། །ཉི་མ་སོ་སོའི་དབང་གིས་ནི། །སྣ་ཚོགས་ཡུལ་ནི་རྣམ་དག་པ། །དུ་བ་ལ་སོགས་རླུང་དག་པ། །རང་གི་སྙིང་གའི་པདྨ་ནི། །རྩ་ཡི་འཁོར་ལོར་གནས་པའོ། །དྲག་པོ་ཆུང་མ་བཅས་མནན་པ། །ཉོན་མོངས་པ་ཡི་བདུད་བཅོམ་མོ། ། ་ཁྱབ་བདག་ཞབས་ཀྱི་མཐིལ་གྱིས་ནི། །བདུད་མནན་བདུད་ཚོགས་བཅོམ་པའོ། །དུང་དང་གཎྜཱི་ནོར་བུ་དང། །ལྗོན་ཤིང་ཞེས་པ་དེ་བཞིན་དུ། །སྐུའི་རྡོ་རྗེ་ལ་སོགས་བཞིན། །བུམ་བརྒྱད་ལུས་ནི་བདུད་རྩི་བརྒྱད། །རྒྱལ་བ་རྣམ་པར་རྒྱལ་བུམ་པ། ། ་བྱང་ཆུབ་སེམས་དང་རྡུལ་བསྟན་པའོ། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །ཚོར་བ་རིན་ཆེན་འབྱུང་ལྡན་དང། །འདུ་ཤེས་འོད་དཔག་མེད་པའོ། །གཟུགས་ནི་རྣམ་པར་སྣང་མཛད་དོ། །ཁུ་པ་རྐང་དང་ཁྲག་དང་ནི། །དྲི་ཆུ་དྲི་ཆེན་རྣམ ་དག་པའི། །ཁམས་དྲུག་རྣམ་དག་ལྷ་མོ་དྲུག་།ཡུལ་དང་ཡུལ་ཅན་རྣམ་དག་པ། །བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ནི་སྟོབས་ལྔ་ཉིད། །གཞན་ནི་དབང་པོ་ལྔ་ཡིན་ནོ། །རྒན་བྱད་ལ་སོགས་བརྒྱད་དང་འཁོར། །པདྨའི ་འདབ་མར་སོང་པ་རྣམས། །ཉི་དུས་ཆུ་ཚོད་རྣམ་དག་པའོ། །བདེན་བྲལ་ལ་སོགས་ཟླ་བཅུ་གཉིས། །པདྨའི་འདབ་མར་སོང་བ་རྣམས། །ཆུ་ཚོད་ཀྱི་ནི་དབུགས་གྲངས་ཚད། །ཀླུ་དང་གཏུམ་མོ་རྣམས་གསང་བ། །མི་ཡི་བདག་པོ་ཉིས་འགྱུར་རོ།། ་རྩ་རྣམས་ཀྱིས་ནི་དག་པའོ། །དེ་བཞིན་སྤྱན་མ་ལ་སོགས་པ། །རང་བཞིན་ཡོན་ཏན་དབང་གིས་ནི། །ལུས་ཀྱི་བྱ་བ་དག་པའོ། །སྒྲ་རྣམས་གྲུབ་པ་མ་ལུས་པ། །བ་སྤུ་རྣམས་ནི་འབྱུང་བའི་ཚོགས། །ས་ཡི་སྟེང་ན་གནས་རྣམས་སོ། །དེ་ཉིད་རྣམས་ནི ་གཙོ་མཚན་ཚོ། །རང་བཞིན་ཡོན་ཏན་དབང་གིས་ནི། །ཁམ་རྣམས་དག་པའི་ཕྱག་རྒྱའོ། །རྡོ་རྗེ་རྣམས་ནི་ནང་ཕྱག་རྒྱ། གཙོ་བོ་ཡིས་ནི་སྙིང་དུ་ནི། །ཟླ་སྟེངས་ཡང་དག་གནས་པའོ། །རྡོ་རྗེ་ཅན་དཔལ་སྣ་ཚོགས་ཡུམ། །སྲིད་པ་རྣམ་པ་གསུམ་སོང་བ། །དུས་གསུམ་ཡེ་ཤེས་སྦྱར་བས་སོ། ། ་དཔའ་དག་པ་ལས་ཆོས་གྱི་སྐུ། །ཆོས་ལས་ལོངས་སྤྱོད་རྫོགས་སྐུར་འགྱུར། །ལོངས་སྤྱོད་རྫོགས་ལས་སྤྲུལ་པའི་སྐུར། །གྱུར་ཏེ་རྒྱལ་བའི་བདག་པོར་ནི། །སེམས་ཅན་གྱི་ནི་དོན་གྱི་ཕྱིར། །བཞི་པ་གནས་ནི་ཉལ་བ་དང། །སླར་ལ་ཡང་ནི་གཞན་མ ་གཉིས། ལུས་ཀྱི་དབྱེ་བས་སད་པའོ། །དེ་ལྟར་ལུས་ཀྱི་དབྱེ་བ་ཡིས། །སྲོག་ཆགས་རྣམས་ཀྱིས་ལུས་ལ་ཡང། །རྣམ་པ་བཞི་ནི་གནས་པ་ཡིན། །སྤྲུལ་པ་ལོངས་སྤྱོད་རྣམས་ལ་ཡིད། །ལུས་དང་དབང་གི་རྗེས་བྱེད་བའོ། །ལོངས་སྤྱོད་རྫོགས་པའི་སེམས ་སྟེ་བ། །རིགས་ཀྱི་དབང་གིས་གྱུར་པ་ཡིན། །ཆོས་ཀྱི་སྐུ་ཡི་གཉིད་ལོག་པ། །དག་པའི་བདེ་བར་གྱུར་པ་སྟེ། །འདི་ནི་ཉིན་དང་མཚན་དག་གིས། །ཐིག་ལེ་གསུམ་གྱི་གྲོལ་པའི་མཐར། །དེ་ཡི་ཕྱིར་ནི་མི་འཛག་དོན། །ཉིན་དང་མཚན་གྱི་དུས་སུ་ནི། །རྣལ་འབྱོར ་པ་ཡི་བསྒོམ་པར་བྱ། །གཡོན་དུ་སྲོག་ནི་རྒྱས་འགྱུར་ཞིང། །དེ་བཞིན་གཡས་སུ་རྡུལ་བ་དང། །དེ་ནི་གཡོན་བརྐྱང་གནས་པའོ། །གཏུམ་མོ་ལྟེ་བའི་འཁོར་ལོའོ། །དགུ་ལ་ལག་འགྲོ་ཡིས་བསྣུན་པ། །རྒན་བྱང་ལ་སོགས་པ་ཡི་ལྷ། །སྙིང་པོ་ཧ་ཡི་ཡེ་ཤེས ་ནི། སྐད་ཅིག་མ་རུ་སྣང་བ་སྟེ། །ཡེ་ཤེས་གཟི་བརྗིད་སད་པའོ། །ལྟེ་བ་ལ་ནི་རྣམ་སྣང་སོགས། །བསྲེག་ཅིང་སྤྱན་མ་མིག་ལ་སོགས། །ཐམས་ཅད་བསྲེག་ནས་སྤྱི་བོར་གང། །ཟླ་བ་བཟང་ལས་འཛག་པ་ནི། །ཐིག་ལེ་དེ་ནི་རྡོ་རྗེ་ཅན། །ཤེས་རབ་ཆོས་འབྱུང་ལ ་གནས་པ། །སླར་ཡང་ཐིག་ལེ་ཉིད་ལས་ནི། །མ་ལུས་པར་ནི་སྤྲས་པ་དག་།སྣ་ཚོགས་པ་ཡི་རྒྱན་དང་ལྡན། །མེ་ལོང་ནང་སོང་ལྟ་བུའོ། །ཡེ་ཤེས་འཁོར་ལོ་རང་འབྱུང་བ། །འདོད་པའི་གཟུགས་དང་གཟུགས་མེད་པ། །སྲིད་པ་རྣམ་པ་གསུམ་ཞེས་པ། །རིམ་པ་ཡིས་ནི་སྦྱངས ་ནས་སུ། །ཕྱི་ནང་ཡེ་ཤེས་མཆོད་པ་ནི། །སྲིད་པ་གསུམ་ནི་མ་ལུས་པ། །སྐད་ཅིག་གཅིག་གིས་དགུག་པར་བྱ། །ཟླ་ཉི་ཨ་དང་ཀ་ལ་སོགས། །རྣམ་པ་གསུམ་དུ་འགྲོ་འོང་བ། །སྐུ་ཡི་རྡོ་རྗེ་སོགས་བཟླས་པ། །སོ་སོར་སྡུད་པ་ལ་སོགས ་དྲུག་།གསེར་ནི་བཙོ་མའི་འདབ་མ་ལ། །སྐུ་དང་གསུང་ཐུགས་སྦྱོར་བ་ཡི། །རྡོ་རྗེ་པདྨ་དགའ་ལ་སོགས། །རོ་ནི་མཉམ་པར་འགྱུར་བ་ཡི། །རྡོ་རྗེ་གསུམ་ནི་བསྒོམ་པར་བྱ། །ཤེས་རབ་པདྨར་སེམས་ཐིག་ལེ། །ལྷན་ཅིག་སྐྱེས་ལ་བདེ་དབང་གིས། །མི་ཤིགས་པ ་ནི་བསྒོམ་པར་འགྱུར། །བསྙེན་པ་བསྡུད་རྩི་ལྔ་ལ་སོགས། །རིགས་ཀྱི་གཙོ་མོ་བཞི་ཡིས་ནི། །སྔགས་ཀྱི་བཟླས་པ་ལ་སོགས་པ། །སོ་སོར་སྡུད་པ་ལ་སོགས་འགྱུར། །རྡོ་རྗེ་པདྨ་ལས་སྐྱེས་པའི། །བདུད་རྩི་ཉེ་བར་བསྐུལ་བའོ། །དགའ་བ་ལ་སོགས་རྡོ་རྗེ་གསུམ།། ་པདྨར་དེ་ནི་མཉམ་སོང་བ། །བསྒོམ་པ་བསྒྲུབ་པར་འགྱུར་བའོ། །ཤེས་རབ་སྦྱོར་བ་མི་འཛག་གང། །སྒྲུབ་པ་ཆེན་པོ་ཉིད་འགྱུར་ཏེ། །ཕྲ་མོ་ཡི་ནི་སྦྱོར་བས་སོ། །དང་པོ་སྟོང་པའི་བྱང་ཆུབ་ཉིད། །དེ་ནས་ཐིག་ལེ་ཟླ་འདུས་པ། །དེ་ནས་སྐུ་ནི་བསྐྱེད་པ་ཉིད། ། ་རབ་མཆོག་རོ་ཡི་རིགས་ཀྱིས་ནི། །ཡི་གེ་རྣམས་ནི་དགོད་པ་ཉིད། །འདི་རྣམས་ཐུན་མོང་བསྙེན་པ་སྟེ། །རྡོ་རྗེ་རྣམ་པ་བཞི་དང་ནི། ནང་བུ་མ་ཡི་ནི་སྒྲུབ་པའོ། །འདི་རུ་ཐབས་ནི་རྣམ་པ་བཞིར། །བསྒྲུབ་པའི་ཡན་ལག་དེ་བཞིན་ནོ། །སོ་སོར་སྡུད་པ་རྣམ་པ་བཅུ། །རྒྱལ་བ ་ཡི་ནི་དབང་པོར་འགྱུར། །དེ་བཞིན་བསམ་གཏན་མི་བསྐྱོད་པ། །སྲོག་དང་རྩོལ་བ་རལ་གྲི་ཅན། །སླར་ལ་ཡང་ནི་རྣམ་པ་བཅུ། །བཟུང་བ་རིན་ཆེན་ཕྱག་རྒྱ་ཅན། །གཡུང་མོ་རྗེས་སུ་དྲན་པ་ནི། །པདྨ་འཛིན་པ་རུ་ནི་འགྱུར། །དཔལ་གྱི་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་ཡང ་ནི་ལྔ་རུ་དབྱེ། །སླར་ལ་ཡང་ནི་གང་དབྱེ་བ། ། ལ་སོགས་དང་ཀ་ལ་སོགས། །སོ་སོར་སྡུད་པ་ཡུལ་ཅན་ནི། །ཡུལ་ཅན་རྣམ་པ་བཅུ་པོ་རྣམས། །ཡུལ་ལ་འཇུག་པ་མེད་པའོ། །ཤེས་རབ་རྟོག་པ་དཔྱོད་པ་རྣམས། །དགའ་བ་མི་གཡོ་བདེ་བ་དང། །བསམ་གཏན་སེམས་ནི་གཅིག་པའོ། ། ་གཏུམ་མོ་འདི་ནི་སྣང་བ་གང། །ལུས་ལ་ངེས་པར་གསལ་འགྱུར་བ། །ནམ་མཁའ་དེ་ནི་རྗེས་དྲན་འགྱུར། །སྲོག་དང་རྩོལ་བ་གཉིས་ཀྱི་ལམ། །མ་འཁྲུགས་པ་རུ་འགྱུར་བ་ནི། །དབུ་མར་སྲོག་ནི་འཇུག་པའོ། །ཐིག་ལེ་རུ་ནི་སྲོག་འཇུག་ཅིང། །གཉིས་ཀར་འགྲོ་དང་འོང་བ ་དང། བཟུང་བ་ཉིད་ནི་སེམས་གཅིག་པ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱི། །ལྷན་ཅིག་སྐྱེས་པ་དེ་དབང་གིས། །ཡེ་ཤེས་སྐུ་ནི་ཏིང་འཛིན་པས། །འདི་ནི་ཆུ་སོགས་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའི་སྒྲུབ་ཐབས་སོ། །ཕྱག ་རྒྱ་གསུམ་དང་ཚད་ནི་གསུམ། །རྣམ་པ་གསུམ་ནི་སྲིད་དབང་གིས། །ལས་དང་ཀུན་རྟོག་བཟང་མོ་ཡིས། །སོ་སོར་སྡུད་པའི་རྣལ་འབྱོར་པ། །ཡུལ་དང་རྣམ་པར་བྲལ་བ་དང། །སྔགས་རྣམས་ཀྱིས་ནི་བྱིན་བརླབས་ནས། །བསམ་གཏན་སྦྱོར་བ་དག་པ་ཡིས། ། ་མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་དང་རྩོལ་བ་དག་པས་ན། །ཟླ་བ་ཉི་མ་དག་དང་བྲལ། །བྱང་ཆུབ་སེམས་དཔས་མཆོད་པར་འགྱུར། །བཟུང་བ་ཡིས་ནི་སྟོབས་ཀྱིས་ནི། །ཉོན་མོངས་ལ་སོགས་བདུད་བཅོམ་ཞིང། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། ་རྗེས་དྲན་གྱིས་ནི་དག་པར་འགྱུར། །དྲི་མེད་འོད་འཕྲོའི་དཀྱིལ་འཁོར་ཏེ། །གཞན་ཡང་ཡེ་ཤེས་སྐུ་ལས་སོ། །དེ་ཕྱིར་དག་པའི་ཏིང་འཛིན་གྱིས། །ཉི་མ་ཅུང་ཟད་ཙམ་གྱིས་ནི། །ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །སོ་སོར་སྡུད་ལ་སོགས་པ་ཡིས། ། ་གལ་ཏེ་གཟིར་བར་མ་གྱུར་ན། །སྔགས་པ་རྣམས་ཀྱི་འདོད་མི་འགྲུབ། །སྒྲ་ལ་སོགས་པའི་ཡན་ལག་མའི། །པདྨ་རྡོ་རྗེ་ནོར་བུ་རུ། །ཐིག་ལེ་བཟུང་བ་བསྒྲུབ་པར་བྱ། །བསྙེན་པ་དང་པོའི་སྦྱོར་བ་ནི། །ནམ་མཁའ་རུ་ནི་རྣམ་པ་བཅུ། །འཁོར་ལོ་ཅན་འགྲོ་བལྟ་བའོ།། ་བགེགས་ནི་མཐར་བྱེད་ཀྱང་བལྟ་པ། །བདུད་རྩིའི་ལམ་དུ་སོང་བ་ཡང། །ཉེ་བའི་བསྙེན་པོ་ཡན་ལག་དྲུག་།ཤེས་པར་ལ་སྦྱོར་ཟླ་ཐིག་ལེ། །གཞན་ཡང་རྡོ་རྗེ་ནོར་བུ་སྟེ། །ཡི་གེ་གསུམ་ནི་འགྲུབ་པར་འགྱུར། །བདེ་བ་མ་ཉམས་གཅིག་ཞི་བ། །ལྷན་ཅིག་སྐྱེས ་པ་རུ་ནི་འགྱུར། །བསྒྲུབ་ཆེན་ཡེ་ཤེས་སྦྱོར་བས་སོ། །སྲོག་དང་རྩོལ་བ་ཀུན་ནས་ནི། །མགོ་བོའི་བར་ནི་ཕན་པ་སྟེ། །མཉམ་པའི་བདེ་བ་འབྲས་སྟེར་བ། །དེ་ལས་སྟེང་ནི་མི་ཕན་པ། །འཆི་བའི་འཇིགས་པ་བྱེད་པའོ། །སེམས་ཅན་ཉེས ་པས་བཟློག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་སུ། །མཆོག་ཏུ་བདེ་བའི་གོང་འཕང་དུ། །འདི་ནི་སྦྱར་བར་བྱ་བ་ཉིད། །ཕུང་པོ་མེད་པའི་རྣལ་འབྱོར་པ། །མཉམ་པའི་བདེ་བ་ལ་འཇུག་མོད། །འོན་ཀྱང་འཇིག་རྟེན་གྲགས་པ་མེད། །དབུས་སུ་སྲོག་དང་འཇུག་པ་ནི།། ་ཡུལ་དང་རྣམ་པར་བྲལ་བ་ཉིད། །སྣ་ཚོགས་ཡུམ་གྱིས་འཁྱུད་པའོ། །པདྨར་བཅུག་པའི་རང་རྡོ་རྗེ། །སྤྲོས་པ་ལས་ནི་དེ་བཞིན་ཏེ། །རྡོ་རྗེའི་དབུས་སུ་ཞུགས་པར་བྱ། །ས་ལ་མ་ལྷུང་བ་བདེ་བ། །ཤིན་ཏུ་ཆགས་པའི་ཆགས་པར་སོང། །རྣལ་འབྱོར་པ་ཡི་སྦྱོར་བ་འདི།། ་ཕྱག་རྒྱ་དངོས་གྲུབ་དོན་གྱི་ཕྱིར། །མཆོག་ཏུ་ཡང་ནི་ཁྱབ་པའི་བདག། །།དཔལ་ནི་གསང་ལས་གསང་བ་ཡི། །དེ་ལྟར་ཡན་ལག་རྣམ་པ་བཞིས། །གལ་ཏེ་བསྒོམས་པས་སྐྱོ་ན་ནི། །དེ་ནས་སྔགས་ཀྱི་བཟླས་པ་བྱ། །ོཾ་ཀཱ་ལ་ཙཀྲ་ཡ་ཧུཾ་ཧཱཾ་སྭཱཧཱ། ཨོཾ ་ཧཱཾ་ཧྲིཾ་ཧཱཾ་སྭཱ་ཧཱ། ཨོཾ་བཛྲ་དྷཝཱ་ཏྭཱི་ཤྭ་རེ་ཧུཾ་ཧོ་སྭཱཧཱ། ཨོཾ་ཨ་མོ་གྷ་སིདྡྷ་ཡེ་སྭཱཧཱ། ཨོཾ་རཏན་སཾ་བྷ་བཱ་ཡ་སྭཱ་ཧཱ། ཨོཾ་ཨ་སྨྲི་ཏ་བྷཱ་ཡ་སྭཱཧཱ། ཨོཾ་བཻ་རོ་ཙ་ནཱ་ཡ་སྭཱཧཱ། ཨོཾ་ལོ་ཙ་ནཱ་ཡ་སྭཱ་ཧཱ། ཨོཾ་མཱ་མ་ཀཱི་ཡེ་སྭཱ་ཧཱ། ཨོཾ་པཎྜ་རཱ་ཡེ་སྭཱ་ཧཱ། ཨོཾ་ཏཱ་རཱ་ཡེ་སྭཱཧཱ། ཨོཾ ་བཛྲ་པཱ་ཎི་ཡེ་སྭཱཧཱ། ཨོཾ་ཁ་གརྦྷཱ་ཡ་སྭཱཧཱ། ཨོཾ་ཀྵི་ཏི་གརྦྷཱ་ཡ་སྭཱཧཱ། ཨོཾ་ལེ་ཀེ་ཤྭཱ་རཱ་ཡ་སྭཱཧཱ། ཨོཾ་སརྦ་ནི་བ་ར་བི་སྐཾ་བི་ནེ་སྭཱཧཱ། ཨོཾ་ས་མནྟ་བྷ་དྲཱ་ཡ་སྭཱཧཱ། ཨོཾ་གྷནྟ་བཛྲ་ཡེ་སྭཱཧཱ། ཨོཾ་རཱུ་པ་བཛྲ་ཡེ་སྭཱཧཱ། ཨོཾ་རཱ་ས་བཛྲ་ཡེ་སྭཱཧཱ། ཨོཾ་སྔར་ཤ་བཛྲཡ ་སྭཱཧཱ། ཨོཾ་ཤཔད་བཛྲ་ཡེ་སྭཱཧཱ། ཨོཾ་དྡྷརྨ་དྷཱ་ཏུ་བཛྲ་ཡེ་སྭཱཧཱ། ཨོཾ་བིགྷྣནྟ་ཀཱ་ཡ་སྭཱཧཱ། ཨོཾ་པྲཛྙནྟ་ཀ་ཡ་སྭཱཧཱ། ཨོཾ་པདམཱ་ནཱ་ཀཱ་ཡ་སྭཱཧཱ། ཨོཾ་ཡ་མཱནྟ་ཀཱ་ཡ་སྭཱཧཱ། དེ་ནས་བཟླས་པ་སྐྱོ་བ་ན། མཆོད་པ་བཅུ་དང་སྒེག་སོགས་དང། །ཆང་དང་བདུད ་རྩིས་མཆེད་ནས་ནི། །དེ་ནས་བདུད་རྣམས་ཚར་གཅོད་པའི། །ཕྲེང་བའི་སྔགས་ཀྱི་བསྟོད་པར་བྱ། །ོཾ་ན་མོ་བཛྲ་སཏྭཱ་ཡ། ན་མོ་བུདྡྷ་བི་དྷཱི་སཏྭེ་བྷཡ(རྒྱུད་འགྲེལ་བཛྲ་བྷཻ་རཱ་བ་དྷཱི་ཀཱ་རཱ་ཡ། མ་ཧེནྡྲ་ནཱི་ལ་བརྣ་ཤ་རཱི་རཱ་ཡ། མ་ར་ཀླེ་ཤ་ཧྲི་དཱ་ཡ། ཀྲཱནྟ་ཤི་ཏ་རཀྟ་ཙ་ར་ནཱ་ཡ། ཀྲིཥྞེ་དཀྟ་སི་ཏ་ཀཎྜཝཱ་ཡ། ནཱི་ལ་སི་ཏ་པཱི་ཏ་རཀྟ་དཥྚརཱ་ཀ་རཱ་ལོ་གྲ་བྷཱི་ཁཎ་མུ་ཁཱ་ཡ། ཀྲིཥྞ་རཀྟ་ཤི་ཏ་ས་བྱེ་ཏ་ར་སྐནདྷཱ་ཡ། ཏྭཱ་ད་ཤ་བྷུ་ཛཱ་ཡ། ཤ་ཊཝི་ཤ་ཏི་ཀཱ་རཱ་ཡ། བཛྲ ་ཁརྒ་ཏཱི་ཤཱུ་ལ་ཀཱརྟ་ཀྲི་བཱ་ཎ་ཨོཾ་ཀུ་ཤ་ཌ་མུ་རུ་ཀ་མུངྒ་ར་ཙ་ཀྲ་ཀུནད་དཎྜ་པ་ར་ཤུ་བཛྲ་གྷཎྚ་ཁེ་ཊ་ཁ་ཊཝཱོཾ་ཀ་པཱ་ལ་ཙཱ་པ་པཱ་ཤ་རཏན་ཀ་མ་ལ་ཤཾ་ཁ་ཁཱ་དརཤ་བྲཧམ་ཤི་རོ་ག་ཛ་ཙརྨ་དྷྲིཀྐ་རཱ་ཡཱ་བྱ་གྷྲ་ཙརྨ་ནི་བ་ས་ནཱ་ཡ། ཀནདྷེ་མུཎྜ་མཱ་ལཱ་བ་ལམ་བི་ནེ། ཤི་ར་སི་བཛྲ་པཊཊ་མུ་ཀུ་ཊེ་ཀ་པཱ་ལ ་མཱ་ལཱ་དྡྷ་ཙནྡྲ་དྷ་རཱ་ཡ། ཀུཎྜ་ལ་རུ་ཙ་ཀ་ཀཎཥཱི་ཀཱ་མེ་ཁ་ལཱ་ནཱུ་པཱུ་ར་བྷསྨ་ཡ་ཛྙོ་པ་བཱི་ཏ་ཤོ་རོ་མ་ཎི་མཧཱ་མུ་དྲ་ནཱ་གེནྡྲ་བི་བྷུ་ཥ་ཎཱ་ཡ། བཛྲ་ཌ་ཀི་ནཱི་སནྟོ་ཥི་ཏྲ་ཧྲི་ས་ཡཱ་ཡ། ཨིནྡྲགནི་ཡ་མ་ནིརར་ཏྱ་བ་རུ་ཎ་བཱ་ཡུ། ཀུ་བེ་རེ་ཤཱ་ན་བྲཧམ། པིཥྞུ་བི་ནཱ་ཡ་ཀ་ཀཱ་རྟི་ཀེ་ཡ་ནནདི་མཧཱ་ཀ་ལ་གྲ་ཧ་ན ་ཀྵ་ཏྲ་ཀྵེ་ཏྲ་པཱ་ལ། སུ་རེནྡྲཱ་སུ་རེནྡྲཱ་ཕ་ཎིནྡྲ་བྷུ་ཏེནྡྲ་ན་རེནྡྲ་སཾ་སྟུ་ཏ་ཙ་ར་ཎཱ་ཡ། རིགས་དྲུག་བཀོད་པའི་བསྟོད་པ་དང། །མཆོག་སྦྱིན་རྡོ་རྗེའི་བསྟོད་པས་བསྟོད། །དེ་ནས་མཚན་ཕྱེད་གཏོར་མ་སྦྱིན། །ོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷཱ་སརྦ་དྷརྨ་སུ ་བི་ཤུདྡྷཱ་ཡ་སྭཱཧཱ། ཨོཾ་ཨཱ:བཛྲ་སཱུརྱ་སརྦ་དྷརྨ་པྲ་བོ་དྷ་ཀ་སརྦ་དྷརྨཱཾ་པྲ་བོ་དྷ་ཡ་སྭཱཧཱ། ཨོཾ་ཧུཾ་བཛྲཱ་ན་ལ་སརྦ་དྷརྨཱཾ་པྲ་དཱི་པ་ཀ་སརྦ་དྷརྨཱཾ་པྲ་དཱི་པཱ་ཡ་སྭཱཧཱ། ཨོཾ་ཧོ་སརྦ་དྷརྨ་བཛྲཱ་མྲི་ཏཱ་ཀ་ར་སརྦ་དྷརྨ་བཛྲཱ་མྲི་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་ལྟར་སྔགས་དང་ཕྱག་རྒྱ་ཡིས ་གཏོར་མ་བྱིན་རླབས་ཟིན་ནས་ནི། །ཕྱག་རྒྱ་སྔགས་ཀྱི་སྤྱན་དྲང་བྱ། །ོཾ་ཧ་ཧཱ་ཧི་ཧཱི་བཛྲེ་བྷཻ་ར་བཱ་ཀརཥ་ཡ་ཀརཥ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནདྡྷ་ཡ་བནདྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛ:ཧཱུཾ་བཾ་ཧོ:།སརྦ་ཌཱ་ཀི་ནཱི་ནི་ཏྲིད་ཡི་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། དེ་རྗེས་མགྲོན ་རྣམས་བྱོན་པ་དང། །ལྷར་བསྐྱེད་དབང་བསྐུར་བྱིན་བརླབས་པའི། ཆོ་གའི་རིམ་པ་རྫོགས་པར་བྱ། །མཆོད་པ་རྣམས་དང་གཏོར་མ་བསྔོ། །ོཾ་བྲཧམ། བིཥྞུ། ནཻ་རི་ཏྱ། བཱ་ཡུ། ཡཱ་མ། ཨགནི་།ས་མུ་དྲེ་ཤྭ་ར། ཨིནྡྲ་ཡཀྵེ་བྷཡ:ས ་པ་རི་བཱ་རེ་བྷཡ(རྒྱུད་འགྲེལ་ཡང་མཆོད་ཅིང་བསྟོད་པ་དང། །ཡིག་བརྒྱས་ཕྲིན་ལ་སོ་སོར་བཤགས། །གཙུག་ཏོར་དུ་ནི་རྩེ་ལྔ་པའི། །རྡོ་རྗེ་རུ་ནི་གྱུར་པ་ཡིན། །ཕྱི་ནས་རྩེ་མོ་ཉིས་འགྱུར་དུ། །གྱུར་པ་ཆོས་ཀྱི་འཁོར་ལོའོ། །དེས་ནི་ཉིས་འགྱུར་དུ་བསྒྲེས་པ། །ལྷན་ཅིག་སྐྱེས་པར་འགྱུར ་བ་དང། དེ་ཡི་ཡང་ནི་གཞན་ཉིས་འགྱུར། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང། །སྤྲུལ་པ་ཡི་ནི་འཁོར་ལོའོ། །དེ་ཡི་ནང་དུ་རྩེ་གཅིག་གོ་།མཉམ་པའི་བདེ་བའི་འབྲས་སྟེར་བ། །གསང་བའི་པདྨ་ལ་གནས་པ། །ཕྱག་རྒྱ་སྒོམ་པའི་དོན་དུ ་གསུངས། །ཉིན་དང་མཚན་མོའི་དུས་སུ་ནི། །འདོད་ཆགས་ཟད་དོན་ཉིད་དུ་ནི། །གསུང་གི་རྡོ་རྗེ་མྱང་དོན་དུ། །སྔགས་པ་རྣམས་ལ་གསུངས་པ་ཉིད། །ཉེས་པར་བྱ་བ་ཁོ་ན་མིན། །ཉི་མ་སོ་སོའི་དུས་སུ་ནི། །ཟས་ཀུན་བདེ་བའི་དོན་དུ་སྟེ། །མི་འཇུ་བ་ཡི་རྒྱུ ་རུ་ནི། དཔལ་གྱི་སྤྱོད་པ་དངོས་གྲུབ་རྒྱུར། །རོ་བསྲེག་གནས་སུ་མཚན་མོ་ནི། །འགྲོ་བ་རྩེ་བའི་དོན་དུ་མིན། །རྣལ་འབྱོར་པ་གང་སྲོག་གཅོད་པའི། །ཉིན་དང་མཚན་དུ་བྱེད་པ་ན། །དེ་ནི་སྲོག་འཇིག་པ་རུ་གསུངས། །སྒྲ་གང་ཁ་དང་བྲལ་བ་ནི། །སྙིང་ལ ་ཨོད་པར་རབ་གྱུར་པ། །དེ་ནི་བརྫུན་དུ་སྨྲ་བ་ཉིད། །ཀུན་མཁྱེན་གྱི་ནི་ཡེ་ཤེས་སར། །འཛིན་པ་ཡང་ནི་བྱེད་པ་གང། །རྣལ་འབྱོར་པར་ཡང་དེ་གསུངས་སོ། །བདེ་བའི་ཐིག་ལེ་མ་ལྷུང་བ། །གཞན་གྱི་བུད་མེད་དུ་ནི་འགྱུར། །བསྟེན་པ་ཆགས་བྲལ ་མིན་པའོ། །སྲོག་དང་རྩོལ་བའི་མེ་ཡིས་ནི། །རི་བོང་ཅན་ཡང་ཞུ་བའོ། །བཏུང་བ་ཆང་གི་བཏུང་བའོ། །མཐེ་བོང་ཚིག་ནས་གཙུག་ཏོར་དུ། །ཆོས་ཀྱི་དབང་གི་འགྲོ་བ་ནི། །ཉ་མཐར་ཐུག་པ་རང་གི་སེམས། །གཙུག་ཏོར་ནས་ནི་རང་གི་སེམས། །ཡང་ནི་འདི་ནི་འགྲོ་འགྱུར ་བ། ནག་པོའི་ཕྱོགས་ཀྱི་མཐར་ཐུག་བར། །རྣལ་འབྱོར་བ་ཡི་སྤྱོད་པ་དེས། །ཉི་མ་རེ་རེའི་དུས་སུ་ནི། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། །སྤྱིར་དང་འདོར་བ་ལུས་ཚད་པ། །མཆོག་གི་ཁ་ཡི་པདྨ་ལས། །ཚིག་མི་འབྱུང་ཞིང་གཉིད་ལོག་པའོ། །འགུལ་དང་ན་དང་རྡུལ ་བ་དང། །ཡིད་ནི་འཁྲུལ་དང་བརྒྱལ་བ་ནི། །དུ་བ་ལ་སོགས་རྡོ་རྗེ་ཅན། །དེ་རྣམས་གསལ་བ་རྣམས་པ་བཅུ། །སོག་ཙན་ལུས་ཀྱི་གནས་སྐབས་སོ། །འཇིག་རྟེན་འདོད་པའི་གནས་སྐབས་ནི། །ངེས་པ་ཁོ་ནར་གསལ་བ་ལས། །སུ་ཞིག་རྒྱལ་བར་སུ་འདོད་པ། ། ་ཐིག་ལེ་དཀར་པོའི་རྒྱུན་ནི་གང། །ཉིན་དང་མཚན་མོར་ལྷུང་བ་ནི། །མཱ་མ་ཀཱི་ནི་དེ་ཆང་ངོ། །གོ་ཀུ་ལ་སོགས་མིག་ལ་སོགས། །ཉི་མ་རེ་རེ་བཞིན་སྤྲོས་པ། །བདུད་རྩི་ལྔ་རྣམས་བསྟེན་པ་ནི། །རང་གི་རིགས་ཀྱི་སར་སོང་བ། །ལྷ་རྣམས་དག་པའི་ལུས་ལའོ། །སྟོང ་པའི་སེམས་དེ་བརྩོན་བ་ཡིས། །ལྷན་ཅིག་སྐྱེས་པ་ཁྱབ་བདེ་བ། །དེ་ནི་སྐྱེ་གནས་འཁྲིག་པ་མིན། །ནོར་གྱི་སྦྱིན་པ་བཏང་བ་དང། །བུད་མེད་སྦྱོར་བ་ཡིད་ཀྱིས་ནི། །མི་འཛག་པ་ནི་ཚུལ་ཁྲིམས་སོ། །བཟོད་པ་སྒྲ་སོགས་མི་འཇུག་པ། །གཉིས་ཀར་སོང་བའི་ལེ ་ལོ་ནི། །རྣམ་པར་འཇིག་པ་བརྩོན་འགྲུས་སོ། །བསམ་གཏན་ཤེས་རབ་སེམས་དང་ནི། །བདེ་བ་ལྷན་ཅིག་པར་སོང་ཀུན། །འགྲོ་བ་ཐམས་ཅད་བརྗེད་པའོ། །སེམས་ཅན་དོན་དུ་དེ་རྫུ་འཕྲུལ། །སྲིད་པའི་དོན་ནི་མི་བྱེད་པ། །ཐོབ་པ་གཞན་ནི་བཞི་པའོ།། །། ་དྲི་མེད་བློ་གྲོས་འོད་ཟེར་གྱིས་ནི་མུན་པ་ཐམས་ཅད་སྤོང་བར་བྱེད་པ་རྣམས། །སྐྱེ་བོས་བླ་མའི་འདོད་པ་གང་ཞིག་དང་པོ་དེ་ནི་གཟུང་བར་བྱས་ནས་སུ། །བཅིངས་ལས་གྲོལ་འདོད་དེ་ནི་བདག་གིས་ངེས་གྲོལ་བྱས་པའོ། །དེ་ལྟར་དག་པ་དྲི་མེད་གང་ཡིན་དེ ་ཡིས་རྟག་ཏུ་འགྲོ་བའི་ཡིད། །དུས་འཁོར་ཞབས་ཞེས་དེ་ལ་གནས་པའི་གོ་འཕང་རྟག་ཏུ་བསམ་གྱུར་ཅིག།། །།དུས་ཀྱི་འཁོར་ལོའི་ཡན་ལག་བཞི་པའི་སྒྲུབ་ཐབས་དུས་ཀྱི་ཞབས་ཆེན་པོས་མཛད་པ ་རྫོགས་སོ།། །།པཎྜི་ཏ་བི་ཤྭ་ཤྲཱི་དང། ལོ་ཙྪ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། (།།དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་ཞེས་བྱ་བ་བཞུགས་སོ།།)་།། *། །རྒྱ་གར་སྐད་དུ། ཤྲཱི་ནཀྵ་ཏཱ ་