CLOSE WINDOW

N861: dbang mdor bstan pa'i dka' 'grel
Wyliee-texts based on the ACIP/ALL Input

ཁ་ཆེའི་པཎྜི་ཏ་ཟླ་བའི་མགོན་པོ་དང། ལོ་ཙཱ་བ་འགྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།། །།དབང་མདོར་བསྟན་པའི་དཀའ་འགྲེལ་རིན་ཆེན་གྲུབ་ཀྱིས་བསྒྱུར་བ་བཞུགས།། །།!། །རྒྱ་གར་སྐད་དུ། ཤེ་ཀོདྡེ་ཤ་པཉྫི་ཀ་།བོད་སྐད ་དུ། དབང་མདོར་བསྟན་པའི་དཀའ་འགྲེལ། དཔལ་དང་པོ་མཆོག་གི་སངས་རྒྱས་ལ་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་སྲིད་གསུམ་མགོན་གཅིག་ཆོས་དང་བཅས། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ལ་བཏུད་ནས། །དཔལ་ལྡན་བླ་མའི་ཞབས་ཀྱིས ་མཛད་པའི་མན་ངག་ལས། །དབང་ལ་སོགས་པ་མདོར་བསྟན་ཚིག་ནི་རྒྱས་པ་བྱ། །དེ་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས། །དང་པོ་མཆོག་གི་སངས་རྒྱས་ཀྱི་རྒྱུད་ཀྱི་རྒྱལ་པོར་དབང་གི་དོན་བཅོམ་ལྡན་འདས་ལ་ཞུས་པ་ཟླ་བ་བཟངས ་པོས་གསོལ་པ། ཞེས་པའོ། །ཀྱེ་སྟོན་པ་དབང་ནི་རྣམ་བདུན་ནི་ཆུ་ལ་སོགས་པ་ནས་རྗེས་སུ་གནང་བའི་མཐར་ཐུག་པའོ། །གཞན་རྣམས་གསུམ་ནི་བུམ་པ་ལ་སོགས་པ་ནས་ཤེས་རབ་ཡེ་ཤེས་ཀྱི་མཐར་ཐུག་པའོ། །དེ་བཞིན་བླ་ན་མེད་ཅེས་པ་ནི་ཕྱག་རྒྱ་ཆེན་མོའི་ཡེ་ཤེས་ཀྱི ་མཚན་ཉིད་དོ། འཇིག་རྟེན་འཇིག་རྟེན་འདས་གྲུབ་ཕྱིར་ཅེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པ་དང་འཇིག་རྟེན་ལས་འདས་པ་སངས་རྒྱས་ཉིད་དང་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་ཏེ། དེ་རྣམས་ཀྱི་དོན་མདོར་བསྡུས་པར་ནི་བདག་ལ་གསུངས ་ཤེས་པའོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནས། །མདོར་བསྟན་པ་ཇི་སྲིད་རྫོགས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཆོག་དང་ཞེས་པ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་སོ། །རྩ་ནི་གཡོན་པ་དང་གཡས་པ་དང་དབུས་མའི་རྩ་རྣམས་སོ། །ཀུན་སྤྱོད་ནི་གཡོན་པ ་དང་གཡས་པ་དང་དབུས་མའི་སྦུབས་རྣམས་སུ་འགྲོ་བ་དང་འོང་བའོ། །དེ་དག་རྩའི་ཀུན་སྦྱོང་ངོ། །རྩོལ་བ་ཞེས་པ་ནི་སྲོག་རྩོལ་ཏེ་མདོར་བསྡུས་པ་དེ་རྣམས་ཁྱོད་ལ་བཤད་པར་བྱའོ། །ད་ནི་མདོར་བསྡུས་པ་ལ་སོགས་པའི་རབ་ཏུ་དབྱེ་བ་གསུངས་པ། མདོར་བསྡུས་རྣམ་གསུམ ་ནི་རྒྱུད་ཐམས་ཅད་ལའོ། །དེ་བཞིན་དུ་རྒྱས་པར་བཤད་པ་གསུམ་དུ་འགྱུར་རོ། །དེ་དག་མདོར་བསྡུས་པ་དང་རྒྱས་པར་བཤད་པ་དག་གི་རབ་ཏུ་དབྱེ་བ་གསུངས་པ། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ་གེ་ནི་མདོར་བསྟན་པའི་རབ་ཏུ་དབྱེ་བའོ། རབ་ཏུ་རྒྱས་པར་བཤད་པ་གཞན་ཞེས་པ ་ནི་རྒྱས་བཤད་ཆེན་པོ་བསྡུ་པའོ། །འདི་དག་ཀྱང་རྒྱས་བཤད་ཀྱི་རབ་ཏུ་དབྱེ་བ་འདི་རྣམས་ཀྱི་རྣམ་པ་གཞན་གསུངས་པ། མདོར་བསྟན་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཁོ་ན་མདོར་བསྟན་པ་དེ་ཁོ་ན་རྒྱས་པར་བཤད་པ་སྟེ། དེ་ཡང་རྒྱུད་ཀྱི་བསྡུས་པ་བརྗོད་པ ་ཡིན་ནོ། །འདིར་ནི་རྒྱས་པར་བཤད་པའི་སྒྲས་བསྡུས་པའི་རྒྱུད་ཆེན་པོ་བརྗོད་པར་བྱ་སྟེ། མདོར་བསྟན་པ་ནི་རྒྱུད་ཆེན་པོ་ལས་གཞན་དུ་འགྱུ་བ་དང། དེ་གལ་ཏེ་སྡུད་པར་བྱེད་པ་པོས་སོ་སོར་བྱས་པའི་དེའི་ཚེ་རྒྱུད་ཆུང་བར་འགྱུར་རོ། །ཇི་ལྟར་མཚན་ཉིད་མངོན་པར་བརྗོད་པའི་ཕྱིར།། ་ངེས་པར་རྟོགས་པ་རྒྱུད་ཆུང་བར་མངོན་པར་བརྗོད་དོ། །རབ་ཏུ་མདོར་བསྟན་དང་ཞེས་པའི་དང་གི་ཡི་གེ་རབ་ཏུ་འི་སྒྲ་བསྡུས་པས་རབ་ཏུ་རྒྱས་བཤད་དུ་བརྗོད་དོ། །གཉིས་པོ་འདི་དག་རིམ་པ་ཇི་ལྟ་བར་དཀའ་འགྲེལ་ཆུང་བ་དང་དཀའ་འབྲེལ་ཆེན་པོའོ། །དེ་ཡང་ཚིག་ཙམ་འཇོམས ་ཀྱི་དོན་ཐམས་ཅད་གསལ་བ་མ་ཡིན་ནོ། །གང་ཞིག་འབྲེལ་བཤད་ཐམས་ཅད་བསྡུས་དོན་ཏེ་ཞེས་པ་བཤད་པར་བྱ་སྟེ། མདོར་བསྟན་ཆེ་དང་ཞེས་པ་ལ་རང་གི་སྒྲས་ཆེན་པོའི་སྒྲས་སྡུས་པ་རྒྱས་བཤད་ཆེན་པོར་བརྗོད་དེ། གཉིས་པོ་འདི་དག་གྲངས་ཇི་ལྟ་བ་བཞིན་དུ་རྒྱ་ཆེར ་འགྲེལ་ཆུང་བ་དང་རྒྱ་ཆེར་འགྲེལ་ཆེན་པོར་བརྗོད་དོ། །དེ་ལྟར་ཞེས་པ་བཤད་པའི་རིམ་པས་སོ། །མཛའ་དྲུག་རྣམས་ཀྱིས་ནི་རྣམ་པ་དྲུག་གི་བསྡུས་པའི་རྒྱུད་ཆུང་བ་དང་ཆེན་པོ་ལ་སོགས་པ་རྣམས། །དག་པ་ནི་ཡོངས་སུ་དག་པའོ། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མངོན་པར་བརྗོད ་བྱེད་འགྱུར་ཞེས་འཆད་པ་དང་སྦྲེལ་ལོ། །དེ་བཞིན་དུ་རྡོ་རྗེ་རྣལ་འབྱོར་རྣམ་བཞི་ཞེས་པ་རྣམ་པར་དག་པ་དང་སྔགས་དང་དབྱིབས་ཀྱི་མཚན་ཉིད་དོ། །བྱང་ཆུབ་རྣམ་བཞི་ཞེས་པ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་དོ། །ཕུང་པོའི་གཟུགས་དང་ཚོར་བ་དང། འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་དང་ཡེ་ཤེས་ཀྱི་མཚན་ཉིད་དོ། །ཁམས་དང་ཞེས་པ་ནི། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཆོས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །སྐྱེ ་མཆེད་ནི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་བཅུ་གཉིས་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །རིགས་དྲུག་རྣམས་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་མཚན་ཉིད་དོ། །བདེན་གཉིས་ནི་འཇིག་རྟེན་པ་དང་འཇིག་རྟེན ་ལས་འདས་པ་དག་གོ་ལུས་ངག་ཡིད་ནི་དག་བྱེད་པ། །མངོན་པར་དབང་བསྐུར་གཉིས་གཉིས་ཞེས་པ་ཏེ། །ཆུ་དང་ཅོད་པན་དག་གོས་ལུས་ངག་པར་བྱེད་དོ། །དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དག་གི་ངག་དག་གོ་།བརྟུལ་ཞུགས་ཆེན་པོ་དང། མིང ་དག་གི་ཡིད་དག་གོ་།རྗེས་གནང་གི་ཡེ་ཤེས་དག་པ་ཡིན་ནོ། །གཞན་ཞེས་པ་དག་ལ་གཞན་ཏེ། དེ་ནི་ཁམས་ལ་སོགས་པ་དག་པར་བྱེད་པའོ། །དེས་ན་ཆུ་ཡིས་ཤེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ་ཞེས་པ་སྟེ། རྡོ་རྗེ་མི་འགྱུར་བ་ཆེན་པོ་དག་གོ་། ་དྲིལ་བུས་སངས་རྒྱས་གསུང་གི་རྒྱུན་མི་འཆད་དོ། །དེ་ཉིད་ནི་ཉི་ཟླ་གཅིག་ཏུ་དེ་དག་དག་པ་སྟེ། དབུས་མར་རབ་ཏུ་ཞུགས་པའི་མཚན་ཉིད་དོ། །བུམ་པ་ལ་སོགས་པའི་དབང་གི་དཀྱིལ་འཁོར་བཞེངས་ནས་མཐར་ཡང་སྦྱིན་པར་བྱའོ། །གང་ཞིག་ནུ་མའི་ཡན་ལག ་ལ་རེག་པ་ལས་བདེ་བ་ཐོབ་པ་ནི་རྙེད་པའོ། །སྐྱོབ་པ་ཐམས་ཅད་བསྐྱེད་མཛད་མ་ཞེས་པ་སྐྱོབ་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཏེ་སྒྲིབ་པ་མེད་པ་ཉིད་ཀྱིས་བསྐྱེད་མཛད་མའོ། །ཤེས་རབ་ནི་བླའོ། །དེའི་གཟུགས་ནི་བཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ། ་སྒྱུ་མ་དང་རྨི་ལམ་གྱི་སྣང་བའི་མཚན་ཉིད་དོ། །དེས་ན་དེ་ཉིད་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས་ཤེས་སོ། །མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་འདིར་ནི་དམིགས་པ་རྣམ་པ་གཉིས་ཏེ། མངོན་སུམ་སྔོན་དུ་འགྲོ་བར་གྱུར་པ་དང། རྗེས་དཔག་སྔོན་དུ ་འགྲོ་བ་ཅན་ནོ། །དེ་ལ་གང་མངོན་སུམ་སྟོན་དུ་འགྲོ་བ་དེ་ནི་རྟོག་པའི་དྲི་མ་མ་ལུས་པ་དང་རྣམ་པར་བྲལ་བའི་ལམ་བླ་མ་དམ་པའི་མན་ངག་ལས་བྱུང་བ་དེ་ཁོ་ན་ཉིད་ཀྱིས་སྦྱོར་བ་ལས། ནམ་མཁའ་ལ་སྐར་མ་བཞིན་དུ། ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་ཤའི་སྤྱན ་གྱིས་བཟུང་བའོ། །དབང་པོ་ནི་ཤའི་སྤྱན་གྱིས་རྣལ་འབྱོར་བ་ལས་དང་པོ་བ་སྣ་ཚོགས་པ་མངོན་པར་ཤེས་པ་ལས་གཞན་གྱིས་མཐོང་ངོ། །དེ་ནས་ལྷའི་སྤྱན་གྱིས་ཏེ། མངོན་པར་ཤེས་པའི་སྐབས་ཀྱི་དབང་ལས་སོ། །དེ་ནས་སངས་རྒྱས་ཀྱི་སྤྱན་གྱིས་ཏེ། ་འདོད་ཆགས་དང་བྲལ་བའི་སྐབས་ཀྱི་དབང་ལས་སོ། །དེ་ནས་ཤེས་རབ་ཀྱི་སྤྱན་གྱིས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྐབས་ཀྱི་དབང་ལས་སོ། །དེ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐབས་ཀྱི་དབང་ལས་ཏེ། ཉེ་བར་འཛིན་པ་ཐམས་ཅད ་ལས་རྣམ་པར་གྲོལ་བའོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་རྣམས་ཀྱིས་སྟོང་པ་ཉིད་སོ་སོར་མཐོང་བར་བརྗོད་དོ། །རྗེས་དཔག་ལ་སྔོན་དུ་འགྲོ་བ་ཅན་གྱིས་དམིགས་པ་ནི་དེ་ཁོ་ན་ཉིད་ལ་རྟོག་པ་རི་མོ་ལ་སོགས་པ་ཉེ་བར་བལྟ་བ་ནི། རྣལ་འབྱོར ་པ་གསང་བུ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ལམ་ལ་འཇུག་པའི་དོན་དུའོ། །དེའི་ཕྱིར་མེད་པའི་གཟུགས་རྨི་ལམ་ལ་སོགས་པ་དང་མཚུངས་པ་བསྒོམ་པའོ། །དམིགས་པ་དེ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་ནི་རྟོག་པར་མི་འགྱུར་ཏེ་རྟོག་པ་མེད་པའི་རྒྱུ་ལས་ཉེ་བར་བྱུང་བའི ་ཕྱིར་རོ། །དེས་ན་དེ་ཉིད་དངོས་པོ་ནི་དངོས་པོའི་རང་བཞིན་ནོ། །དངོས་མེད་ནི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དོ། །སེམས་ལ་མེད་པ་ནི་གང་གི་ཕྱིར་སོ་སོར་གསལ་བའི་ཡིད་གཞོམ་དུ་མེད་ཅིང་བརྗོད་པར་མི་ནུས་པ་སྟེ། རྡུལ་ཕྲན་ཚོགས་པའི་དངོས་པོ ་འཛིན་པ་མེད་དེ། གཟུགས་བརྙན་བཞིན་ནོ། །དེས་ན་དེ་ཉིད་དཔེ་ཡིས་བསྟན་པ། བྲལ་ཞེས་པ་ལ་སོགས་པ་སྟེ་བྲའི་སྒྲས་སེམས་ཅན་གྱི་དོན་དུ་མངོན་པར་བརྗོད་དེ། མེ་ལོང་ནི་མེ་ལོང་ངོ། །དངོས་མེད་ལས་སྐྱེས་ནི། རྡུལ་ཕྲ་རབས་ཀྱི་ཚོགས་པ་དང་བྲལ་བ་བུ་མོས ་མཐོང་ངོ། །པྲ་ལ་འཇུག་པའི་རྒྱུད་ལས་གསུངས་པ། མེ་ལོང་རལ་གྲི་མཐེ་བོང་དང། །སྒྲོན་མ་ཟླ་བ་ཉི་མ་དང། །ཆུ་དང་ཐབས་དང་མིག་རྣམས་ལ། །པྲ་འབེབས་པ་ནི་བརྒྱད་དུ་བརྗོད། ཅེས་སོ། །དེ་བཞིན་དུ་འདས་པ་དང་མ་འོངས་པའི་ཆོས་རབ་ཏུ་མ་བསམ་པ་མཁའ་ ་ལ་སྟེ། སྟོང་པ་ལས་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ། རྣམ་པར་རྟོག་པ་དང་བྲལ་བའི་ལམ་ཐོབ་པས་མཐོང་ངོ། །འདི་པྲ་ཕབ་དང་མཚུངས་པར་ཡིད་གང་དང་གང་གི་དངོས་པོར་མིན་པ་པྲ་ཕབ་པའི་མཚན་ཉིད་དོ། །དེ་དངོས ་ཡོད་མིན་ཞེས་པ་དེ་དག་དངོས་པོར་འགྱུར་བ་མ་ཡིན་ནོ། །གལ་ཏེ་འདིར་གསུངས་པ། དངོས་པོ་སྟོང་པའི་དོན་མཐོང་ཕྱིར། ཞེས་པ་དངོས་པོ་ནི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་དོ། །སྟོང་པ་ནི་རྣམ་པར་བྲལ་བར་གྱུར་བའོ། །དེ་ཡང་དེ་དག ་གི་དོན་ཡང་སོ་སོར་གསལ་བའི་མཚན་ཉིད་དོ། །དེའི་མཐོང་ཕྱིར་ནི་རྣམ་པར་རྟོག་པ་མེད་པས་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །དངོས་པོ་ནི་རྡུལ་ཕྲན་ཚོགས་པའི་བདག་ཉིད་དོ། །དེ་མེད་པའི་དོན་ནི་སོ་སོར་གསལ་བའི་མཚན་ཉིད་དུ་ཡོད་པར་གསུངས་ཏེ། དཔེར་ན་རྨི་ལམ་སྒྱུ་མ ་མིག་འཕྲུལ་མཚུངས་སོ། །འདི་ཉིད་ཀྱི་དོན་གསུངས་པ། མེད་པ་ལས་ནི་ཞེས་པ་ལ་སོགས་པའོ།། །།ཡིད་བཞིན་ནོར་ལྟར་ཞེས་པ་ལ་སོགས་པས་རྟོག་པ་དང་འཁྲུལ་པ་མེད་པ་ཡེ་ཤེས་སུ་གསུངས་སོ། །གལ་ཏེ་དེ་ལ་དམིགས་པ་མེད ་པར་བརྗོད་ན་འགྲོ་བའི་དོན་བྱེད་དམ་ཞེ་ན། ཡུལ་གྱིས་བསྐྱེད་པ་མ་ཡིན་ནོ། །ཞེས་གསུངས་པ། མ་མཐོང་བའི་ཞེས་པ་ལ་སོགས་པ་སྟེ་སྒྲུབ་པ་པོ་ནི་པྲ་ཕབ་ལ་ཞུགས་པས་སོ། །ཡོད་པའི་གཟུགས་མཐོང་བ་ཞེས་པ་ཡང་མ་ཡིན་ནོ། །ཞེས་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པའོ། ་མེད་པའི་གཟུགས་མཐོང་བ་ཞེས་བྱ་བ་ཡང་མ་ཡིན་ནོ། ཞེས་གསུངས་པ། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་མིག་གིས་མཐོང་བ་ཡང་མ་ཡིན་ནོ། །ཞེས་གསུངས་པ། མི་མཐོང་ཞེས་པ་ལ་སོགས་པའོ། །དེ་ལྟ་མོ་ཀྱི་རང་གི་མིག་གིས་མཐོང་ཞེས་ན། གསུངས་པ། ་བདག་གི་མིག་གིས་ཤེས་བྱ་བ་ལ་སོགས་པའོ། །གཞོན་ནུ་མ་དང་མཚུངས་པ་ནི་ཡིད་དོ། །སྐྱེ་བ་མེད་པ་ནི་མ་སྐྱེས་པའོ། །དེ་དང་དེའི་བུ་ནི་ཇི་ལྟར་སྐྱེས་པ་བཞིན་ནོ། །ཞེས་བྱ་བའི་དོན་ཏོ།། །།སྲོག་རྩོལ་གསུངས་པ། གཟུགས་མཐོང་ཞེས་བྱ་བ་ལ་སོགས་པ་སྟེ། ་ཇི་ལྟར་རྨི་ལམ་དང་སྒྱུ་མ་དང་མཚུངས་པའི་གཟུགས་མཐོང་བར་གྱུར་བས་སོ། །དེའི་འོག་ཏུ་ནི་དེ་མ་ཐག་བར་རོ། །སྲོག་རྩོལ་ནི་དགང་བ་དང་བུམ་པ་ཅན་དང་རྡུལ་མཛའ་ཅན་ནོ། །རྒྱུན་མི་འཆད་པར་ཏེ་བར་ཆད་མེད་པར་བྱའོ། །ཞི་ཞེན་གསུངས་པ་སྟེང་དང་ཞེས་བྱ་བ་ལ་སོགས ་པ་སྟེ། སྟེང་གི་རྩ་གསུམ་ནི་ལུས་དང་ངག་དང་ཡིད་ཀྱི་ཆོས་ཅན་ནོ། །དེ་བཞིན་དུ་འོག་ཀྱང་ངོ། །དེ་ལ་གཡོན་དུ་ཟླ་བའི་རྩ་ནི་ལུས་ཀྱི་ཆོས་ཅན་ནོ། །གཡས་སུ་ཉི་མའི་རྩ་ནི་ངག་གི་ཆོས་ཅན་ནོ། །དབུས་སུ་སྒྲ་གཅན་གྱི་རྩ་ནི་ཡིད་ཀྱི་ཆོས་ཅན། །བཤང་བའི་རྩ་ནི་ལུས་ཀྱི་ཆོས་ཅན་ནོ། །གཅིན་གྱི་རྩ་ནི་ངག་གི་ཆོས་ཅན་ནོ།། ་ཁུ་པའི་རྩ་ནི་ཡིད་ཀྱི་ཆོས་ཅན་ནོ། །ཟླ་བའི་རྩ་ནི་ཆུའི་རང་བཞིན་ནོ། །ཉི་མའི་རྩ་ནི་མེའི་རང་བཞིན་ནོ། །སྒྲ་གཅན་གྱི་རྩ་ནི་སྟོང་པའི་རང་བཞིན་ནོ། །བཤང་བའི་རྩ་ནི་སའི་རང་བཞིན་ནོ། །གཅིན་གྱི་རྩ་ནི་རླུང་གི་རང་བཞིན་ནོ། །ཁུ་བའི་རྩ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་གསུངས་པ་ཟླ་བ་ཞེས ་པ་ལ་སོགས་པའོ། །སྲོག་དང་ཐུར་སེལ་རིམ་པ་ཡིས་ཤེས་བྱ་བ་ནི། སྲོག་ནི་ཟླ་བ་དང་ཉི་མ་དང་མུན་ཅན་མའོ། །ཐུང་སེལ་ཡང་ལྷགས་མ་རྣམས་སོ། །འདི་རྣམས་ཀྱི་རིགས་དྲུག་བརྟག་པ་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་ལ། །ཟླ་བ་ཆུའི་ཁམས་ནི་ཐབས་ཀྱི་ཁུ ་བའི་ཁམས་ཏེ་སྐུར་འགྱུར་རོ། །ཉིན་མོར་བྱེད་པ་མེའི་ཁམས་ནི། ཤེས་རབ་མའི་རྡུལ་གྱི་ཁམས་ཏེ་གསུང་དུ་འགྱུར་རོ། །དེ་བཞིན་དུ་འཆང་བར་འགྱུར་བའི་ཤེས་རབ་དང་ཐབས་དག་དོན་འདི་ཁོ་ནའོ། །གཙོ་བོ་ནི་ཁུ་བའི་ཁམས་སོ། །ཐབས་དང་ཤེས་རབ་སྐུ་དངོས་ཀྱིས། །ཤེས་བྱ་བ ་ནི་རིགས་མི་མཚུངས་པ་དང་འཁྱུད་པ་ཡིས། །ཤེས་རབ་ཀྱི་སྐུའི་དངོས་པོ་ནི་ཐབས་སུ་འགྱུར་ཏེ་བདེ་བའི་དུས་སུ་སེམས་དེའི་རྣམ་པར་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཐབས་ཀྱི་སྐུའི་དངོས་པོ་ཤེས་རབ་དུ་ཡང་ངོ། །འཆི་ལྟས་ནི་དུས་མ་ཡིན་པར་འཆི་བའི་མཚན་ཉིད་དོ། །ལྷག་པའི ་རླུང་གི་འགྱུར་ཏེ་སྟེང་འོག་ཏུ་ཡང་ངོ། །ལུས་ཤེས་བྱ་བ་ལ་སོགས་པ་གསུངས་པ། ལུས་ངག་རྩལ་ནི་ཇི་ལྟར་རིགས་པར་ལ་ལ་ནཱ་དང་ར་ས་ནཱོ། །གང་གི་ཚེ་འོག་ཏུ་བཤང་བའི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡོན་པའི་རྩལ་འཆི་ལྟས་སུ་འགྱུར་རོ། །གང་གི་ཚེ་གཅིན ་གྱི་རྩ་འགགས་པར་གྱུར་པ་དེའི་ཚེ་དེའི་སྟེང་དུ་གཡས་ཀྱི་རྩ་ལ་འཆི་ལྟས་སུ་འགྱུར་རོ། །དེ་དག་ཀྱང་ཞིབ་ཏུ་བཤད་པར་བྱ་སྟེ། མུན་ཅན་མ་ས་བོན་འབབ་མ་འཆི་ལྟས་མེད་དམ་ཞེ་ན། མུན་ཅན་ས་བོན་འབབ་པ་ལས། རླུང་ནི་སྐྱེད་པ་ནི་མངལ་ནས་སྐྱེ་བ་དང། འཆི་བ་གནས་པ ་ཡི་ནི་རང་གནས་པའོ། །དེ་ཉིད་གསུངས་པ། སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ། །དུས་སྦྱོར་འབྱུང་བའི་མངོན་མཚམས་སུ་ཞེས་པ་གཡོན་པའི་དུས་སྦྱོར་དང་གཡས་པའི་དུས་སྦྱོར་དང་འཕོ་བའི་མཚམས་སུ་དབུས་མ་ཡིས་ནི་མཉམ་པར་འབབ་པོ། ་དབུགས་འབྱུང་བ་དང་རྔུབས་དུ་ཞེན། གསུངས་པ། ལྔ་བཅུ་རྩ་དྲུག་ཅེས་པ་ལ་སོགས་པའོ། །ཉིན་དང་མཚན་མོ་ལ་ཞེས་པ་ཉིན་མོ་དང་ཚན་མོའི་འཕོ་བ་བཅུ་གཉིས་ལ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་དབུགས་དབུས་མར་འབབ་པོ། །གཡོན་པ་དང་གཡས་པའི་རྩ་རྣམས ་ལ་བདུན་བཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་དབུགས་ཀྱིས་དམན་པའི་གང་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པ་དེ་དག་ཏུ་འབབ་པོ། །ཕྱོགས་གསུམ་དང་ལོ་གསུམ་ནི་ལོ་བརྒྱ་གང་བ་ལ་དབུས་མར་འབབ་པོ། །གཡས་པ་སྟེ་གཡས་པ་དང་གཡོན་པ་ནི ་སྟེང་དུ་སྲོག་རིམ་པ་བཞིན་དུ་ཟླ་བ་དང་ཉི་མའི་མིང་ཅན་ནོ། །ལ་ལ་ནཱ་ནི་ལུག་དང། སེར་སྐྱ་ནི་གཞན་ཏེ་ར་ས་ནཱའོ། །ཆུ་དང་མེའི་རང་བཞིན་ཏེ། ཞེས་པ་སྔར་བཞིན་དུ་རིམ་པ་བཞིན་དུ་པདྨ་འཛིན་པ་དང་རིན་པོ་ཆེ་འཛིན་པར་བཞེད་དོ། །འོད་དཔག་མེད་དང་རིན་པོ་ཆེ་འབྱུང་ལྡན ་ལྷག་པའི་ལྷའོ། །འོག་ཏུ་ཞེས་པ་ཐུར་སེལ་དུའོ། །དབུས་མའི་རྩ་དང་ཞེས་པ་ལ་སོགས་པས་དྲི་ཆེན་དང་དྲི་ཆུ་འབབ་པ་སྟེ། གོང་དུ་མུན་པའི་རྩ་གཉིས་ཀྱི་ཀུན་ཏུ་སྤྱོད་པའི་རང་བཞིན་གསུངས་པའི་དོན་འདི་ལྟ་སྟེ། གང་ཞིག་སྟེང་དུ་གཡོན་པའི་རྩ་ཡིན་པ་དེའི་འོག་ཏུ་དབུས ་སུ་དྲི་ཆེན་གྱི་རྩར་འགྱུར་རོ། །སྟེང་དུ་གཡས་པ་གང་ཡིན་པ་དེ། འོག་ཏུ་གཡོན་པའི་དྲི་ཆུ་འབབ་པའོ། །དེ་དག་རིམ་པ་བཞིན། འཁོར་ལོ་འཛིན་པ་དང། རལ་གྲི་འཛིན་པར་བཞེད་དོ། །རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པའི་རང་བཞིན་ནོ། །གང་ཞིག་སྟེང་དུ་དབུས་མ ་ཡིན་པ་དེ་འོག་ཏུ་གཡས་པ་ས་བོན་འབབ་པའོ། །དེ་དག་ཀྱང་སྟོང་པ་དང། ཡེ་ཤེས་ཀྱི་རང་བཞིན་ཏེ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷའོ། །ལྟེ་བའི་རྒྱ་སྐྱེས་ལ། སའི་ཡོན་ཏན་ལྔ་སྟེ་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད་དོ། །སྙིང་ཁའི་ཆུ ་སྐྱེས་ལ་ཆུའི་ཡོན་ཏན་བཞི་སྟེ། གཟུགས་དང་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད་དོ། །མགྲིན་པའི་ཆུ་སྐྱེས་ལ་མེའི་ཡོན་ཏན་གསུམ་སྟེ། རོ་དང་རེག་བྱ་དང་སྒྲའི་མཚན་ཉིད་དོ། །དཔྲལ་བའི་ཆུ་སྐྱེས་ལ་རླུང་གི་ཡོན་ཏན་གཉིས་ཏེ། རེག་བྱ་དང་སྒྲའི་མཚན་ཉིད་དོ། །གཙུག་ཏོར་ཀྱི་ཆུ་སྐྱེས་ལ་སྟོང་པའི ་ཡོན་ཏན་གཅིག་ཏེ་སྒྲ་ཙམ་མེ། །དེ་རྣམས་གཟུང་ནས་སྡུད་པའི་རིམ་པས་ཀུན་འདར་མར་གཤེགས་སོ། །བསྐྱེད་པ་ཡིས་ནི་སྟོང་པ་ལ་སོགས་པས་ས་སྟེ་ལྟེ་བའི་དཀྱིལ་འཁོར་ལ་འཇུག་གོ་།འོག་ཏུ་ལྟེ་གསང་ནོར་བུའི་པདྨ་ལ་སྟེ། དུང་ཅན་མ་ལ་ལུས་ངག་སེམས་ནི་འབབ ་མ་སྟེ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་གཉིས་དང་གཅིག་གི་བདག་ཉིད་དོ། །སྡུད་པའི་རིམ་པས་གཤེགས་པའོ། །བསྐྱེད་པ་ཡིས་བྱོན་པའོ། །འདི་ནི་དུང་ཅན་མའོ། །བུད་མེད་བདེ་བ་ཡིས་ཏེ་འཁྲིག་པ་ན་ས་བོན་འབབ་པོ། །དུས་སུ་སྟེ་རྡུལ ་འབྱུང་བ་ན་ཁྲག་འབབ་པོ། །སྲོག་དང་ཐུར་སེལ་གྱི་རྩ་དག་ཐབས་དང་ཤེས་རབ་ཀྱི་སྐུ་ཡི་དངོས་པོར་གསུངས་པ། སྟེང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། སྟེང་དུ་སྲོག་ལ་གཡས་དང་གཡོན་པ་ནི་གཡས་པ་དང་གཡོན་པ་དག་སྟེ་ཤེས་རབ་དང་ཐབས་ཀྱི་སྐུའི་དངོས་པོའོ། །འོག ་ཏུ་ནི་ཐུང་སེལ་དུའོ། །སྟེང་དང་འོག་ཏུ་རྡུལ་དང་ས་བོན་འབབ་པའོ། །གང་ཞིག་འོག་ཏུ་བུད་མེད་རྣམས་ཀྱི་ནམ་མཁའ་ཨི་གདོང་ལས་ས་བོན་འབབ་པ་དེ་ཉིད་གང་གི་ཚེ་རྡུལ་འབབ་པ་དེའི་ཚེ་གཏུམ་མོར་འགྱུར་རོ། །དེའི་དུས་ཉིད་དུ་ཡང་ཟླ་མཚན་གྱི་དུས་དེ་བུད་མེད་རྣམས་ཀྱི་སྟེང ་གི་རྩ་གཡུང་མོར་འགྱུར་རོ། །དེའི་ཕྱིར་གཉིས་པོ་ཇི་ལྟར་ཡང་བུད་མེད་དག་ལ་སྐྱེས་པའི་རག་པ་མེད་པའོ། །སྐྱེས་པའི་ཟླ་མཚན་གྱི་དུས་དང་ས་བོན་འབྱུང་བའི་དུས་སུ་དེ་ཉིད་གཡུང་མོ་ཀུན་འདར་མར་འགྱུར་རོ། སྣའི་སྦུབས་གཡོན་པ་དང་གཡས་པའི་དཀྱིལ་འཁོར་འཆར་བ ་གསུངས་པ། རྣམ་ཤེས་ལ་སོགས་པ་ནི་ནམ་མཁའ་ལ་སོགས་པ་སྐྱེ་བའི་རིམ་པས་སོ། །ས་འོག་ནི་སྡུད་པའི་རིམ་པའོ། །དབུས་སུ་ནི་དབུ་མའི་ལམ་དུའོ། །དྲུག་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལས། དཀྱིལ་འཁོར ་རེ་རེའི་རྐང་པ་དང་བཅས་པའི་བཅུ་གཅིག་གི་དབུགས་རྣམས་བཟུང་ནས་རྐང་པ་དང་བཅས་པའི་བཅུ་གཅིག་གི་དབུགས་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ཀྱི་དབུགས་འབབ་པའོ། འདི་རྣམས་ཀྱི་གཡོན་དང་གཡས་པ་དང་དབུས་མའི་རྩ་རྣམས་ཀྱི་ཉིན་མོ་དང ་མཚན་མོ་ལ་རིམ་པ་བཞིན་ཏེ་ལྟེ་བའི་པདྨ་འདབ་མ་བཅུ་གཉིས་ཀྱི་བདག་ཉིད་ལ་དཀྱིལ་འཁོར་དྲུག་ཅུ་སྟེ། དུས་སྦྱོར་གཡོན་པ་ལ་མི་མཉམ་པ་ལུག་ལ་སོགས་པའོ། །དུས་སྦྱོར་གཡས་པ་ལ་མཉམ་པ་ཁྱུ་མཆོག་ལ་སོགས་པའོ། །དེ་ལ་གཡས་སུ་ཁྱུ་མཆོག་གི་དུས་སྦྱོར ་ལ་གང་གི་ཚེ་རླུང་ལ་འབབ་པ་དེའི་ཚེ། རྩ་བ་སྟེ་སྣའི་སྦུབས་ཀྱི་འོག་གི་ཆ་ལ་སའི་དཀྱིལ་འཁོར་དབྱུ་གུ་གཅིག་རྒྱུའོ། །དེ་བཞིན་དུ་དེ་ཉིད་ཀྱི་གཡོན་གྱི་ཆ་ལ་ཆུའི་དཀྱིལ་འཁོར་རོ། །གཡས་ཏེ་གཡས་ཀྱི་ཆ་ལ་མེའི་དཀྱིལ་འཁོར་རོ། །སྟེང་གི་ཆ་ལ་རླུང་གི་དཀྱིལ་འཁོར་རོ། ། ་དབུས་སུ་སྟོང་པའི་དཀྱིལ་འཁོར་ཏེ། དེ་ལྟར་སྣའི་བུག་པ་གཉིས་པའི་དཀྱིལ་འཁོར་རེ་རེ་ལ་དབྱུ་གུ་འབབ་པ་སྟེ་དབྱུ་གུ་ལྔ་པོ་རྣམས་ཀྱི་དཀྱིལ་འཁོར་ལྔ་འབབ་པོ་ཞེས་པའི་དོན་ཏོ། །ས་སོགས་ཤེས་པ་ཡང་ཉེ་བར་མཚོན་པ་ཙམ་སྟེ་ནམ་མཁའ་ལ་སོགས་པ་ཡང་བཟུང་ངོ།། ་རྩ་གཅིག་ནས་དབུགས་དུ་འབབ་ཅེ་ན། གསུངས་པ། རྩ་ནས་ཤེས་བྱ་བ་ལ་སོགས་པ་སྟེ། རིམ་པས་ཤེས་བྱ་བ་ནི་ས་ལ་སོགས་པ་དང། ནམ་མཁའ་ལ་སོགས་པས་སོ། །ལྔ་ཡི་བསྒྱུར་བས་སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་སུ་འགྱུར་རོ། །དེ་རྣམས་ཀྱང་རྩ་ལྔ་པོ་ལ ་འབབ་པའོ། །སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་ཀྱང་འཕོ་བ་བཅུ་གཉིས་ཀྱིས་བསྒྱུར་བས་ཉིན་མོ་དང་མཚན་མོ་ལ་དྲུག་པ་རྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་སུ་འགྱུར་རོ། །དེ་ཉིད་གསུངས་པ། དྲུག་ཅུ་ཞེས་པ་ལ་སོགས་པའོ། །གཡོན་གྱི་རྩ་ལ་དུས ་སྦྱོར་འཆར་བ་གསུངས་པ། འདབ་མའི་དབུས་དང་ཞེས་པ་སྟེ། གང་གི་ཚེ་གཡོན་པའི་རྩལ་ལུག་ལ་སོགས་པ་སྣ་སྦུག་གི་དབུས་སུ་སྟོང་པའི་དཀྱིལ་འཁོར་ལ་འབབ་པ་དེའི་ཚེ། ནང་དུ་འདབ་མའི་དབུས་སུ་འབབ་པོ་ཞེས་མཚོན་པར་བྱའོ། །དེ་ནས་ཤར་ཅེས་པ ་སྟེང་དུ་རླུང་གི་དཀྱིལ་འཁོར་རོ། །གཡས་སུ་མེའི་དཀྱིལ་འཁོར་རོ། །གཡོན་དུ་ཆུའི་དཀྱིལ་འཁོར་རོ། །ནུབ་ཏུ་ཞེས་པ་འོག་གི་ཆ་ལས་སའི་དཀྱིལ་འཁོར་རོ། །རིམ་པས་ཤེས་བྱ་བ་ནི་ནམ་མཁའ་ལ་སོགས་པའི་རིམ་པས་སོ། །མཁའ་སོགས་ཏེ་ཞེས་པ་ལ་སོགས་པས་སྔར་བརྗོད ་པ་ཉིད་གསལ་བར་བྱེད་པའོ། །དཀྱིལ་འཁོར་ལྔ་པོ་རྣམས་ཀྱི་ཕན་ཚུན་ཐབས་ཤེས་རབ་ཀྱི་དབྱེ་བ་གསུངས་པ། ནུབ་ཅེས་པ་འོག་གི་དཀྱིལ་འཁོར་རོ། ཤར་དུ་ཞེས་པ་སྟེང་གི་དཀྱིལ་འཁོར་དུ་རིམ་པ་བཞིན་དུ་ས་སྟེངས་དང། རླུང་སྟེ་འདི་དག་ཕན་ཚུན་ཐབས་དང་ཤེས ་རབ་ཏུ་འགྱུར་བ་གསུངས་པ། མཐེ་བོང་ཞེས་པ་ལ་སོགས་པ་སྟེ་མཐེ་བོང་སའི་རང་བཞིན་ནོ། །མིང་མེད་ནི་རླུང་གི་རང་བཞིན་ཏེ། འདི་དག་ཕན་ཚུན་ཐབས་དང་ཤེས་རབ་ཉིད་དེ། བཟུང་བ་དང་འཛིན་པའི་ངོ་བོས་སོ། །དེ་ལྟར་ན་རིགས་གཞན་དག་ཁྱུད་པས་འབྲས་བུ་འབྱུང་གི ་རང་གི་རིགས་དང་འཁྱུད་པས་མ་ཡིན་ཏེ། རང་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །སའི་ཁམས་ལས་བྱུང་བ་ནི་ལུས་ཀྱི་དབང་པོ་ཡིན་ལ། རླུང་གི་ཁམས་ལས་བྱུང་བའི་ཡུལ་རེག་བྱ་འཛིན་ནོ། །རེས་ན་གསུངས་པ་མཐེ་བོང་དང་ནི་མིང་མེད་དག་།ཅེས་པ་ལ་སོགས་པའོ། །དེ ་བཞིན་དུ་གཡས་དང་གཡོན་གྱི་མེ་དང་ཆུ་ཐབས་ཤེས་རབ་དུ་འགྱུར་བ་གསུངས་པ། གཡས་དང་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་མེའི་ཁམས་ལས་སྐྱེས་པ་ནི་ཡུལ་རོ་དང་ཆུའི་ཁམས། །ལས་བྱུང་བའི་རོ་འཛིན་གྱིས་དབང་པོ ་འཛིན་ནོ། །དེའི་ཕྱིར་འཛུབ་མོ་དང་གུང་མོ་དག་རལ་གྲིར་འགྱུར་བས་སུ་མཚེ་བའི་ཕྱག་རྒྱ་ནི་ཟླ་བ་ཕྱེད་པའི་ཚུལ་ལོ། །གྲི་གུག་ཅེས་པ་གྲི་གུག་གི་ཕྱག་རྒྱ་ནི་མཐེའུ་ཆུང་ངོ། །སྟོང་པ་སྟེ་སྟོང་པའི་དཀྱིལ་འཁོར་དང་མི་འགྱུར་བ་སྟེང་འོག་ཏུ་ཕན་ཚུན་ཐབས་དང་ཤེས་རབ་བོ། ། ་དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །ཞེས་པ་གཡོན་པ་དང་གཡས་པ་ནས་འབབ་པའི་དཀྱིལ་འཁོར་བཅུ་པོ་རྣམས་ཡང་དག་པར་སྦྱོར་བ་ནི་གཅིག་ཉིད་དུ་འགྱུར་ཏེ་དབུ་མར་འབབ་པའོ། །དེའི་ཕྱིར་སོར་མོ་རྣམས་ནི་སྟེ། ས་ལ་སོགས་པའི་རང་བཞིན་ཅན་རྣམས་ཐལ་མོ་སྦྱར ་བ་སྤྱི་བོར་ནི། མགོ་བོར་བྱས་པ་རྡོ་རྗེ་རྩེ་གཅིག་པར་འགྱུར་རོ། །འདིས་དེ་དག་ཉེ་བར་མཚོན་པར་བྱའོ། །དབུས་མར་འབབ་པའི་སྦྱོར་བ་འཛག་པ་མེད་པའི་བདེ་བས་བྱང་ཆུབ་ཀྱི་སེམས་སྟེང་ནས་འབབ་པ་རྡོ་རྗེའི་རྩེ་མོར་བྱའོ། །དེ་ཁོ་ན་གྲི་གུག ་དང་བཅས་པ་སྟེ། མི་ཤེས་པ་བཅོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕུང་པོ་ནི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་སོ། །ཁམས་ནི་ས་ལ་སོགས་པ་རྣམས་སོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་སོ། །འདི་རྣམས་དབུས་མར་སོང་ན ་གཅིག་ཉིད་དུ་སོང་བ་བདེན་པའོ།། །།འཆི་ལྟས་ཀྱི་མཚན་ཉིད་གསུངས་པ། གཡོན་པ་ཞེས་པ་ལ་སོགས་པ་སྟེ། གཡོན་པ་འམ་གཡས་པ་ལ་རིམ་པ་བཞིན་དུ། རླུང་ལྷག་པ་ཞག་གཅིག་དང། དེ་བཞིན་དུ་ཞག་ལྔ་གང་གི་ཚེ་འབབ་པ་དེའི་ཚེ་ལོ་གསུམ་གྱི ་འཆི་བར་ལྟའོ། །འདི་དག་གི་བར་དུ་གཡས་པའི་རྩའི་འཆི་ལྟས་དེ་རྙེད་པ་བསྟན་ཏེ། ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་ལྔ་རྒྱུ་ན། ལོ་གསུམ་གྱིས་འཆི་ཞིང་སྙིང་སྟོབས་ཟད་པར་བྱེད་ལ་ལོ་གཅིག་ཏུ་མི་རྒྱུའོ། །སླར་ཡང་ལོ་ཕྱི་མ་ལ་རྡུལ་ཟད་པར་བྱ་བའི ་དོན་དུ་ཉི་མ་བཅུ་རྒྱུའོ། །སླར་ཡང་མི་རྒྱུའོ། །སླར་ཡང་ལོ་ཕྱི་མ་ལ་མུན་པ་ཟད་པའི་དོན་དུ་ཉི་མ་བཅོ་ལྔ་ལ་རྒྱུའོ། །ཉི་མ་ཉི་ཤུ་རྒྱུ་ན་ཚེ་ཟླ་བ་དྲུག་གོ་།ཉི་མ་ཉི་ཤུ་རྩ་ལྔ་རྒྱུ་ན་ཚེ་ཟླ་བ་གསུམ་མོ། །འདིར་ནི་ཉི་མ་ཟླ་བའི་ཡོན་ཏན་སྒྲ་དང་རེག་བྱ་དང་རོ་དང་གཟུགས ་དང་དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉི་མ་རྣམས་བསྟན་ཏེ། ཁྱིམ་ལྔ་པ་ཇི་སྲིད་པར་ལྔ་མཚན་ལྔ་པོ་དེས་འཕེལ་ལོ། །དེ་ནས་ཁྱིམ་དྲུག་པ་དང་བདུན་པ་ལ་གཅིག་གིས་ལྷག་པའི་རིམ་པས་འཕེལ་ལོ། །ཞེས་པའོ། །ཁྱིམ་བདུན་པ་ལ་རྒྱས་པའི་དུས་ཏེ། གང ་དུ་སྲོག་འཕེལ་བ་མེད་པར་གང་གིས་ཀྱང་བྱ་བར་མི་ནུས་ཏེ། ཁུ་བའི་ཁམས་ལ་འཆི་ལྟས་ཀྱི་རླུང་ཞུགས་པའི་ཕྱིར་རོ། །དེ་ནས་རྒྱས་པའི་དུས་ལས་ཁུ་བའི་ཁམས་ཟད་པའི་དོན་དུ་འདབ་མ་བརྒྱད་པ་ལ་སོགས་པ་ལ་རིམ་པས་ཉི་མ་སུམ་ཅུ་རྩ་གསུམ་རྒྱུའོ།། ་འདིར་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་ལ་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་མུ་འབྱུང་གཉིས་ས་ལ་སོགས་པ་ལ་བྲིས་ནས། །མུ་ཁྱུད་དང་པོ་ལ་ཤར་ལ་སོགས་པར་ཆུ་སྲིན་ལ་སོགས་པ་དང་སྐྱེ་བའི་ཁྱིམ་ལ་སོགས་པར་འཆི་ལྟས་ཀྱི་ཉི་མ་དང། ་ཚེའི་ལྷག་མ་ལོ་དང་ཟླ་བ་དང་ཉི་མའི་དབྱེ་བས་དགོད་པ་གསུངས་པ། གསུམ་གཉིས་ཤེས་བྱ་བ་ལ་སོགས་པའོ། །མཉམ་པ་ནི་ལོའོ། །ཟླ་བ་ནི་དྲུག་དང་གསུམ་དང་ཟུང་དང་ཟླ་བ་རྣམས་སོ། །ཉི་མ་ནི་ཚེས་དང་ཕྱོགས་དང་ལྔ་དང་ཡོན་ཏན་དང། གཉིས་དང་གཅིག་གིས་དེ་བཞིན ་དུ་ལུས་ཅན་རྣམས་ཀྱི་ཚེ་འགྲོ་བར་འགྱུར་རོ། །མུ་ཁྱུད་གཉིས་པ་ལ་ཡང་མདོར་བསྟན་པ་ཙམ་གྱིས་རྗེས་སུ་རྟོག་པའི་ཕྱིར་དུ་ཉི་མ་མདོར་བ་བརྗོད་པར་བྱས་ཏེ། ཤར་ནི་སྐྱེ་བའི་ཁྱིམ་གྱི་འདབ་མའོ། །ལོ་ལས་བརྒྱད་ཅུ་ལྷག་པའི་སྟོང་ཕྲག་གི་ཉི་མའི་བདག་ཉིད་ལས་སུམ ་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱའི་ཉི་མའི་ཚོགས་འདོར་བའོ། །དེ་ནས་འདབ་མ་དེ་སྟོང་པར་བྱས་ནས་འདབ་མ་གཉིས་པ་ལ་ཉི་མ་ལྷག་པའི་ཚོགས་བཟུང་ནས། སྲོག་ནུས་པར་རབ་ཏུ་འཇུག་སྟེ། དེ་ཡང་རྒྱུ་བའི་ཉི་མ་དང་བཅས་པ་བཞི་བཅུ་རྩ་ལྔ་ལྷག་པའི་སུམ ་བརྒྱའི་ཉི་མ་འདོར་རོ། །དེ་ནས་གཉིས་པ་སྟོངས་པར་བྱས་ཏེ་ཉི་མ་ལྷག་མ་རྣམས་གཟུང་ནས་གསུམ་ལ་འཇུག་སྟེ། དེར་ཡང། རྒྱུ་བའི་ཉི་མ་དང་བཅས་པ་བདུན་ཅུས་ལྷག་པའི་ཉི་མ་བརྒྱ་འདོར་རོ། །གསུམ་པ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་རྣམས་གཟུང་ནས། ་བཞི་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་བརྒྱད་ཅུ་རྩ་གཉིས་འདོར་རོ། །དེའི་འདབ་མ་སྟོངས་པར་བྱས་ཏེ་ཉི་མ་ལྷག་མ་རྣམས་གཟུང་ནས་ལྔ་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ལྔ་བཅུ་རྩ་བདུན ་འདོར་རོ། །དེ་ནས་དྲུག་པར་ཉི་མ་ལྷག་མ་རྣམས་བཟུང་ནས་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ཉི་ཤུ་རྩ་བརྒྱད་འདོར་རོ། །དེ་ནས་དྲུག་པ་སྟོངས་པར་བྱས་ཏེ། བདུན་པ་ལ་འཇུག་སྟེ། དེང་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ཉི ་ཤུ་རྩ་བདུན་གྱི་ཚོགས་འདོར་རོ། །བདུན་པ་སྟོངས་པར་བྱས་ཏེ། ཉི་མའི་ཚོགས་ལྷག་མ་སུམ་ཅུ་རྩ་དྲུག་བཟུང་ནས་བརྒྱད་པ་ལ་འཇུག་སྟེ། དེར་ཡང་ཉི་མ་བཅོ་ལྔ་འདོར་རོ། །བརྒྱད་པ་སྟོངས་པར་བྱས་ཏེ། ཉི་མ་ལྷག་མ་ཉི་ཤུ་རྩ་གཅིག ་གཟུང་ནས་དགུ་པ་ལ་འཇུག་སྟེ། དེར་ཡང་ཉི་མ་བཅུ་འདོར་རོ། །ལྷག་མ་ཉི་མ་བཅུ་གཅིག་གཟུང་བས་དགུ་པ་སྟོངས་པར་བྱས་ཏེ། བཅུ་པ་ལ་འཇུག་སྟེ། བཅུ་པ་ལ་ཉི་མ་ལྔ་དོར་ཏོ། །ལྷག་མ་ཉི་མ་དྲུག་བཟུང་ནས་ཉི་མ་གསུམ་འདོར་རོ། །དེ་ནས་བཅུ་གཅིག་པ་སྟོང་པར ་བྱས་ཏེ། ཉི་མ་ལྷག་མ་གསུམ་བཟུང་ནས་བཅུ་གཉིས་པ་འཇུག་སྟེ། དེར་ཉི་མ་གཉིས་འདོར་རོ། །ཉི་མ་ལྷག་མ་གཅིག་གཟུང་ནས་ལྟེ་བ་ལ་འཇུག་གོ་།དེར་བརྒྱད་བཅུ་ལྷག་པའི་སྟོང་གི་གྲངས་ཀྱི་ཉི་མའི་དབུས་མའི་ལོ་གསུམ་གྱི་ཉིན་ཞག་གི་སྲོག་གི་ནུས་པ་ཁྱིམ་བཅུ་གཉིས ་ཀྱི་འཁོར་ལོ་འདོར་བའོ། །དེ་ནས་རྣམ་པར་ཤེས་པ་ཡང་འདོར་ཏེ། དབུགས་ཀྱི་འཁོར་ལོ་ལས་རྣམ་ཤེས་དང་སྲོག་གི་རླུང་གིས་ལྷན་ཅིག་འགྲོ་བ་གཞན་དུ་འཕོ་བའོ། །གཡོན་པའི་རྩའི་འཆི་ལྟས་བསྟན་པར་བྱས་ཏེ། རྩ་བ་ནས་ནི་ཞེས་པ་ལ་སོགས་པ་སྟེ། རྩ་བ་ནས་ནི་ཞེས་པ ་སྲོག་གི་སྐྱེ་བའི་ཁྱིམ་གྱི་ཉི་མ་ལས་རེ་རེས་ལྷག་པ་ནི་ཟླ་བ་འབྱུང་བ་སྟེ་འཕོ་བའི་དུས་ཀྱི་ཟླ་བའི་ཕྱོགས་ཀྱི་དབྱེ་བ་ལ་སོགས་པས་སོ། །འདིར་ཡང་སྔར་བཞིན་དུ་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་བྲིས་ནས། མུ་ཁྱུད་དང་པ་ལ་འཆི་ལྟས་ཀྱི་ཉི་མ་དང། མུ་ཁྱུད་གཉིས་པ་ལ་ཚེའི་ཟླ་བ ་སུམ་ཅུ་རྩ་དྲུག་པོ་བཞག་པར་བྱའོ། །དེ་ནས་ཟླ་བ་གཅིག་མི་རྒྱུ་སྟེ། འཆི་ལྟས་ཀྱི་ཉི་མ་འཕེལ་ལོ། །ཟླ་བ་གཉིས་པའི་མཐར་ཟླ་བ་གསུམ་པ་ལ་འཇུག་པ་ལ། དེ་ཉིད་ཀྱི་འདབ་མར་ཉི་མ་གཉིས་རྒྱུའོ། །དེ་ནས་ཟླ་བ་གསུམ་པ་ལ་ནི་རྒྱུའོ། །ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་ལ་འཇུག་པ ་ན་ཉི་མ་གསུམ་རྒྱུའོ། །དེ་ནས་ཟླ་བ་དྲུག་པ་ལ་མི་རྒྱུའོ། །དེ་ལྟར་ཟླ་བ་དྲུག་གིས་འཆི་ལྟས་ཀྱི་ཉི་མ་གསུམ་པོ་རྣམས་ཏེ་བར་གྱི་ཉི་མ་གསུམ་རྣམས། །མཐར་གཡས་བ་དབུས་མའི་འཆི་ལྟས་ཀྱི་ཆོས་ཅན་རྣམས་སོ། །དེ་ལྟར་ཟླ་བ་སུམ་ཅུ་རྩ་དྲུག་རྣམས་ལས་འཆི་ལྟས་ཀྱི་ཉི་མ་དང ་བཅས་པའི་འཚོ་བའི་ཟླ་བ་དྲུག་སོང་ངོ། །དེ་ནས་འདབ་མ་དེར་སྲོག་གི་རླུང་མི་རྒྱུའོ། །དེ་ལྟར་ཉིན་མོ་དང་མཚན་མོ་ལ་འཕོ་བ་བཅུ་གཅིག་ཏུ་འགྱུར་ཞིང་ཁྲི་ཕྲག་གཉིས་དང་བརྒྱད་བརྒྱ་ཕྲག་གཉིས་ཀྱི་དབུགས་ཀྱིས་སོ། །འདབ་མ་ཡོངས་སུ་འདོར་བ་ཡིན་གྱི། དབུགས་ཀྱི་འཁོར་ལོ་ནི་དམན་པ ་མེད་དོ། །དེ་ནས་འདབ་མ་གཉིས་པ་ལ་ཟླ་བ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་གྲངས་བཞིན་དུ། ཉི་མ་བཞི་དང་ལྔ་དང་དྲུག་རྣམས་རྒྱུའོ། །དེ་ནས་ཟླ་བ་སུམ་ཅུ་ལས་ཁྱིམ་ཕྱི་མའི་འཚོ་བའི་ཟླ་བ་གསུམ་སོང་ངོ། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་བཟུང་ནས་འདབ་མ་གསུམ་པ་ལ་ཀུན་ཏུ་སྦྱོར་རོ།། ་འདབ་མ་བཅུ་ལ་འཕོ་བ་བཅུས་ཉིན་མོ་དང་མཚན་མོར་འགྱུར་རོ། །ཟླ་བ་སོ་སོ་ལ་རིམ་པ་ཇི་ལྟ་བར་ཉི་མ་བདུན་དང་བརྒྱད་དང་དགུ་རྣམས་རྒྱུའོ། །ཟླ་བ་ཉི་ཤུ་རྩ་བདུན་རྣམས་ལས་ཟླ་བ་གསུམ་ཆད་པར་འགྱུར་རོ། །དེ་ལྟར་སྔར་གསུངས་པའི་རྣམས་ལ་ཁྱིམ་གྱི་འདབ་མ་གསུམ་དོར་ཏེ། འདབ ་མ་དགུ་པོ་རྣམས་ལ་འཕོ་བར་བྱེད་དོ། །དེ་ལྟར་ཉི་མ་བཅུ་དང། །ཉི་མ་བཅུ་གཅིག་དང་ཉི་མ་བཅུ་གཉིས་རྒྱུའོ། །འདབ་མ་བཞི་བ་དོར་ཏེ་འཚོ་བའི་ཟླ་བ་ཉི་ཤུ་རྩ་བཞི་ལས་ཟླ་བ་གསུམ་ཆད་པར་འགྱུར་རོ། །དེ་ལྟར་ཉི་མ་བཅུ་གསུམ་དང་ཉི་མ་བཅུ་བཞི་དང་ཉི་མ་བཅོ་ལྔ་ལའོ། །དེ ་ནས་འདབ་མ་ལྔ་པ་དོར་ཏེ། འདབ་མ་བདུན་རྣམས་ལ་འཕོ་བར་བྱེད་དོ། །ཟླ་བ་ཉི་ཤུ་རྩ་གཅིག་ལས་ཟླ་བ་གསུམ་ཆད་པར་འགྱུར་རོ། །དེ་བཞིན་དུ་ཉི་མ་བཅུ་དྲུག་དང་བཅུ་བདུན་དང་བཅོ་བརྒྱད་རྣམས་ཟླ་བ་སོ་སོ་ལ་རིམ་པ་ཇི་ལྟ་བར་རྒྱུའོ། །འདབ་མ་དྲུག་དོར་ཏེ་འདབ་མ་དྲུག་རྣམས་སུ ་འཕོ་བར་བྱེད་དོ། །ཟླ་བ་བཅོ་བརྒྱད་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །ཉིན་ཞག་ཅིག་གི་དམན་པ་ཉི་ཤུ་དང། ཉི་ཤུ་རྩ་གཅིག་རྣམས་ཟླ་བ་སོ་སོ་ལ་རྒྱུ་སྟེ། ཁྱིམ་བདུན་པ་དོར་ནས་ཁྱིམ་ལྔ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་བཅོ་ལྔ་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་ལྟར ་ཉིན་ཞག་ཉི་ཤུ་རྩ་གཉིས་དང་ཉི་ཤུ་རྩ་གསུམ་དང་ཉི་ཤུ་རྩ་བཞི་རྣམ་ལ་རིམ་པ་བཞིན་དུ་རྒྱུ་སྟེ། འདབ་མ་བརྒྱད་པ་སྤངས་ཏེ་འདབ་མ་བཞི་པོ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་བཅུ་གཉིས་ལས་འཚོ་བའི་ཟླ་བ་གསུམ་ཆད་དེ། །དེ་ལྟར་ཉིན་ཞག་ཉི་ཤུ་རྩ་ལྔ་དང། ཉི་ཤུ་རྩ་དྲུག ་དང། ཉི་ཤུ་རྩ་བདུན་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་དགུ་པ་དོར་ཏེ། འདབ་མ་གསུམ་པོ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་དགུ་པོ་རྣམས་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་བཞིན་ཉིན་ཞག་ཉི་ཤུ་རྩ་བརྒྱད་དང། ཉི་ཤུ་རྩ་དགུ་དང་སུམ་ཅུ ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་བཅུ་པ་དོར་རོ། འདབ་མ་གཉིས་སུ་འཕོ་བར་བྱེད་དོ། །ཟླ་བ་དྲུག་ལས་འཚོ་བའི་ཟླ་བ་གསུམ་མོ་ཉིན་ཞག་སུམ་ཅུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་བཅུ་པ་དོར་ཏེ། འདབ་མ་བཅུ་གཅིག་པར་འཕོ་བར ་བྱེད་དོ། །ཟླ་བ་གསུམ་ལས་འཚོ་བའི་ཉིན་ཞག་དགུ་བཅུ་རྣམས་ཀྱིས་ཆད་པར་འགྱུར་རོ། །དེ་ནས་སྔར་གྱི་འདབ་མར་མི་རྒྱུ་བ་ཉིན་ཞག་གསུམ་ལས་འདབ་མ་བཅུ་གཉིས་པར་ཉིན་ཞག་གཉིས་རྒྱུའོ། །དེ་ནས་འདབ་མ་བཅུ་གཉིས་པ་དོར་ཏེ། དེ་ནས་ལྟེ་བ་ལ་ཉི་མ་གཅིག་རྒྱུ་སྟེ། ཇི ་སྲིད་དུ་སྲོག་གི་དབུགས་ཀྱི་འཁོར་ལོ་རྣམ་པར་ཆད་པར་གྱུར་གྱི་བར་དུའོ། །དེ་ལྟར་གཡོན་པའི་འཆི་ལྟས་ཀྱི་རྣལ་འབྱོར་པ་མ་ཡིན་པ་རྣམས་འཆི་བར་འགྱུར་རོ། །དབུས་མར་རྒྱུ་བ་གསུངས་པ། དབུས་མ་ཞེས་པ་ལ་སོགས་པ་སྟེ། དུས་སུ་འཆི་བ་ནི་ལོ་བརྒྱ་རྫོགས་པ་ལ་དབུ་མར ་རྒྱུ་བ་སྟེ། མཉམ་དང་མི་མཉམ་ཉིན་ཞག་གིས་ནི། ཁྱུ་མཆོག་ལ་སོགས་པ་དང་ལུག་ལ་སོགས་པ་མི་ལ་སྐྱེས་པས་དཀྱིལ་འཁོར་ས་ལ་སོགས་པ་རྣམས་སོ། །ཕྱོགས་གཉིས་རྣམ་པར་མཉམ་པའི་ཕྱིར་ནི། །གང་གཡས་དང་གཡོན་པའི་ཕྱོགས་གཉིས་སོ། །གཞན་དུ་ཞེས ་པ་ལ་སོགས་པ་ནི་གོ་བླའོ། །འཆི་བ་བསླུ་བའི་དོན་དུ་གསུངས་པ། འཆི་ལྟས་མཚན་ཉིད་ཅེས་པ་ལ་སོགས་ཏེ། སྲོག་ནི་སྟེ་སྲོག་གི་རླུང་དཔྲལ་བར་གཞུག་པར་བྱའོ། །ཀུན་སྤངས་གོ་འཕངས་ནི་དབུ་མར་རྒྱུ་བ་ཉིད་དོ། །གཞན་དུ་ཞེས་པ་གལ་ཏེ་ཟླ་བ་དང་ཉི་མར་འགྲོ་བ ་འགོག་པ་དང། རྡོ་རྗེ་བསླང་བ་མེད་ན་དེའི་ཚེ་ཀུན་སྤངས་མའི་ལམ་དུ་སྲོག་གི་རླུང་མི་འཇུག་གོ་།འོག་ཏུ་ཡང་ཐུར་སེལ་གྱི་རླུང་དུང་ཅན་མར་མི་འཇུག་གོ་།དེ་ལྟས་ཅིར་འགྱུར་ཞེ་ན་གསུངས་པ། དེ་མ་ཞུགས་ན་འཆི་བ་ཡིན་ཏེ། སྲོག་དང་ཐུར་སེལ་གྱི་རླུང་དེ་དག ་ཀུན་སྤངས་དང། དུང་ཅན་མར་མ་ཞུགས་ན་འཆི་བ་ཁོ་ནའོ།། །།དགའ་བ་རྣམས་ཀྱི་དབྱེ་བ་གསུངས་པ། ཁུ་བ་ཞེས་པ་ལ་སོགས་པ་སྟེ། གཙུག་ཏོར་ནས་ཞེས་པ་ནི་དེའི་སྐབས་ནས་སོ། །མཛོད་སྤུའི་པདྨ་དུ་ནི་སྨིན་མའི་དབུས་སུ་ཁུ་བ་འོངས་པ་དགའ་བ་སྟེ་དང་པོའོ། །དེ་ནས ་མགྲིན་པ་དང་སྙིང་ཁར་མཆོག་ཏུ་དགའ་བ་སྟེ། གཉིས་པའོ། །དེ་ནས་རྣམ་པར་དགའ་བ་ནི་རྩེ་བ་དང་དམ་དུ་འཁྱུད་པ་དང་ཤིང་ཡིག་དང། མགྲིན་པའི་ཀཱུ་ཛ་ན་ལ་སོགས་པའི་མཚན་ཉིད་ལྟེ་བ་དང་གསད་བར་བྱང་ཆུབ་ཀྱི་སེམས་སོང་བ་སྣ་ཚོགས་པའི་དགའ་བ་སྟེ་གསུམ་པའོ།། ་གསང་བ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པར་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་བཞི་པའོ། །དེ་ཡང་རབ་ཏུ་མི་གནས་མྱ་ངན་འདས་ཏེ། རབ་ཏུ་མི་གནས་པ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའི་དངོས་པོ་མེད་པའི་ཕྱིར་རོ། །འཁོར་བ་པའི ་ཆགས་པ་ཟད་པའི་ཕྱིར་ཆགས་པ་ཆེན་པོ་སྟེ། ལུས་མེད་རྡོ་རྗེ་ནི་མི་འགྱུར་བའོ། །མདའ་བདག་ནི་ཁམས་གསུམ་གྱི་ཁྱབ་བདག་སྟེ། ཐམས་ཅད་དེའི་གོ་འཕངས་འདོད་པ་དང་མངོན་པར་འདོད་པའི་ཕྱིར་རོ། །སླར་ཡང་མྱ་ངན་ལས་འདས་པ་དང། རབ་ཏུ་གནས་པ་གང་ཞེ་ན་གསུངས ་པ། ཆགས་བྲལ་ལས་གང་ཞེས་པ་ལ་སོགས་པ་ནི་གོ་བླའོ། །དེ་ཉིད་རྒྱས་པར་གསུངས་པ། ས་བོན་ཉིད་ཟླ་བ་སྟེ། བདུད་རྩི་ཡིན་པའི་ཕྱིར་ཏེ་དེ་གཙུག་ཏོར་དུ་ཤར་རོ། །དཔྲལ་བར་གང་བའོ། །དགའ་བ་དང་པོ་ལ་སོགས་པའི་དབྱེ་བས། །དཀར་པོའི་ཚེས་གཅིག་དང་གཉིས ་དང་གསུམ་དང་བཞི་དང་ལྔའི་མཚན་ཉིད་དོ། །མདོར་བསྟན་པ་ཙམ་གྱིས་རྗེས་སུ་བརྗོད་པའི་ཕྱིར་རོ། །མགྲིན་པ་དང་སྙིང་ཁར་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་དང། བཅུ་པ་ཞེས་པ་སྟེ་གང་བ་གཞན་ནོ། །ལྟེ་བ་དང་གསང་བར་བཅུ་གཅིག་པ་དང་བཅུ་གཉིས་པ་དང་བཅུ ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་ཞེས་པ་སྟེ། གང་བ་གསུམ་པའོ། །འདིར་དགའ་བའི་སོགས་པས་དབྱེ་བས་གང་བ་གསུམ་དུ་འགྱུར་ཏེ། གསང་བར་བྱང་ཆུབ་ཀྱི་སེམས་སོང་བས་ཁྱད་པར་གྱི་དགའ་བའི་དགའ་བ་ལས་གང་ཆ་བཅུ་དྲུག་པ་དེ་ནི་རྡོ་རྗེ་ནོར ་བུའི་པདྨའི་རྩེ་མོར་སོང་བར་གྱུར་པའོ། །དེ་ནས་གྱེན་དུ་ནག་པོའི་ཚེས་གཅིག་འོངས་ནས་ཆགས་བྲལ་ལ་འཇུག་པའི་དུས་ཏེ་འཕོ་བའི་དུས་སུ་འགྱུར་རོ། །དེ་ནས་ཆགས་པ་དང་བྲལ་བས་ཉི་མ་མཛོད་སྤུའི་གནས་སུ་འགྲོའོ། །ཉི་མ་དེའི་ཆ་ནི་བཅུ་དྲུག་པ ་གཙུག་ཏོར་གྱི་པདྨར་སོང་བས་ན་འདིར་ནི་ཟླ་བ་ཟད་པར་བརྗོད་དོ། །ཉི་མ་རྡུལ་གྱི་རང་བཞིན་གྱིས་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེས་ན་འདོད་ཆགས་བདེ་བས་ཆགས་པ་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་དེ་སྤང་བར་བྱའོ། །འཆི་བ་ན་ནི་འཆི་བའི་དུས་སུའོ། །ལུས་ཅན་ཐམས ་ཅད་ནི་ལྷ་དང་ལྷ་མ་ཡིན་དང་མི་རྣམས་སོ། །ཟླ་བའི་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་སོ། །ཐུར་དུ་ནི་ཁུ་བའི་ལམ་དུ་འགྲོའོ། །ཉི་མ་ཉིད་རྡུལ་ཏེ་རྡུལ་ནི་ཆོས་ཉིད་ཀྱི་སྟེང་དུ་འགྲོའོ། །སྒྲ་གཅན་དང་རྣམ་ཤེས་ནི་མ་རིག་པའི་སྲོག་དང། ཀུན་གཞི་རྣམ་ཤེས་སོ། །སྲིད་པའི ་མཚན་ཉིད་དེ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ལས་ཀྱི་མཚན་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ཏེ་རྒྱུའི་ཕྱིར་ཟླ་བའི་བདུད་རྩི་སྟེ་ཁུ་བའི་ཁམས་སྟེང་དུ་སྟེ་གྱེན་དུ་འགྲོ་བར་བྱ་བ་ནི་མན་ངག་ལས་སོ། །འོག་ཏུ་འང་ཉི་མའི་རྡུལ་འགྲོ་བ་དང། ་སྒྲ་གཅན་གྱི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་མི་འགྱུར་བའི་བདེ་བར་འགྲོ་བར་བྱའོ་ཞེས་པའོ། །དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཏུ་སྤྱོད་པར་འགྱུར་རོ། །ཞེས་པ་བལྟ་བར་བྱ་སྟེ། མཛོད་སྤུའི་ཞེས་པ་ལ་སོགས་པ་སྟེ། ཟླ་བའི་བདུད་རྩི་ནི་ཁུ་བའི་ཁམས་སོ།། ་ཉེ་བ་ནི་གང་བ་ཉིད་དེ་སངས་རྒྱས་རྣམས་ཀྱི་མཛོད་སྤུའི་ཆུ་སྐྱེས་སུ་འགྱུར་རོ། །ཉི་མའི་རྡུལ་ནི་གནམ་སྟོང་ལ་གསང་བར་འགྱུར་རོ། །དེ་དག་ནི་ཟླ་བ་དང་ཉི་མ་སྟེ་ཆ་ནི་རིམ་པ་བཞིན་གཙུག་ཏོར་དང་རྡོ་རྗེ་ནོར་བུ་སྟེ་སངས་རྒྱས་རྣམས་ཀྱི་སའོ། །མཚན་ཡང་དག་པར་བརྗོད ་པ་ལས་དེ་གསུངས་པ། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་འཐེབས་སེན་མོའི་ཁྱོན་གྱིས་ཀྱང། །ཚངས་པའི་སྒོ་ངའི་རྩེ་ནས་གནོན་ཞེས་སོ། །རྡོ་རྗེའི་ཚིག་ནི་ཡེ་ཤེས་ཀྱི་ཚིག་གོ་།ཕྱིན་ཅི་ལོག་ནི་གནས་པ་ཞེས་པའི་དོན ་ཏེ། །མི་གནས་པ་ནི་སླར་ཡང་ཇི་ལྟ་བུ་ཡིན་ཞེ་ན་གསུངས་པ་མི་གནས་ཤེས་པ་ལ་སོགས་པ་སྟེ། ཁམས་རྣམས་ནི་ས་ལ་སོགས་པ་རྣམས་སོ། །ཕྱིན་ཅི་ལོག་ཏུ་འགྱུར་བ་ནི། སྒྲིབ་པ་མེད་པ་ཉིད་དུ་འགྱུར་བའོ། །གཞན་དུ་ཁམས་རྣམས་དབྱེ་བ་མེད་དོ། །མགོ་བོ་ལས ་འབབ་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དང། ཡེ་ཤེས་ཀྱི་ཐིག་ལེ་རྣམས་གྱེན་དུ་རིམ་པས་གང་བར་གྱུར་པའི་སྐུ་བཞིའི་རྣམ་པར་དག་པ་གསུངས་པ། ནོར་བུར་ཞེས་པ་ལ་སོགས་པ་སྟེ། བདེ་ཆེན་ཞེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ལས་སོ། །ཕྱིན་ཅི་ལོག་གིས་གང་སྐུའི ་ཐི་ལེ་དེ་ཏུ་རྱ་ཟད་པ་ཉིད་དག་པའི་སྐུ་སྟེ་དེ་ཡང་རྡོ་རྗེའི་རྩེ་མོར་གནས་པའོ། །དེའི་ཕྱིར་ནོར་བུར་ཐུགས་ཏེ་གཉིད་འཐུག་པོ་ཟད་པའོ། །གསང་བར་གསུང་སྟེ་རྨི་ལམ་ཟད་པའོ། །ལྟེ་བར་སྐུ་སྟེ་སད་པའི་གནས་སྐབས་ཟད་པའོ། །དེ་དག་ཀྱང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ ་པའི་སྐུ་སྟེ་དག་པའི་སྐུ་ལས་སྤྲོ་བར་བྱེད་དོ། །འོག་ཏུ་ཐབས་གྱུར་ཞེས་པ་འོག་ཏུ་རྡོ་རྗེའི་རྩེ་མོ་ལས་གང་ཞིག་སྐུ་རྣམས་སྤྲོ་བར་བྱེད་པ་དེ་ནི་ཐབས་སུ་འགྱུར་རོ། །ཤེས་རབ་ནི་སླར་ཡང་སྟེང་དུ་འགྱུར་རོ། །དེ་དག་བསྟན་པར་བྱ་སྟེ། དཔྲལ་བར་ཞེས་པ་ལ་སོགས་ཏེ། འདིའི་ཤེས ་རབ་ཀྱི་སྐུ་རྡོ་རྗེ་ནི་དཔྲལ་བར་སྟེ་སྔར་བཞིན་དུ་ཕྱིན་ཅི་ལོག་གིས་སོ། །དེ་བཞིན་དུ་མགྲིན་པ་དང། སྙིང་ཁ་དང། ལྟེ་བའི་འདམ་སྐྱེས་ལ་རིམ་པ་བཞིན་དུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཏེ། དེས་སྤྲུལ་པ་ལ་སོགས་པ་རྣམས་སྤྲོ་བར་བྱེད་ཅེས་པའོ། །མི་འགྱུར་བའི་བདེ ་བ་སྤེལ་བའི་དོན་དུ་གསུངས་པ། ལས་ཀྱི་ཞེས་པ་ལ་སོགས་པའོ། །འདི་སྙམ་དུ་འཕེལ་བ་ནི་ཐམས་ཅད་དུ་འཕེལ་བར་འགྱུར་རམ་ཞེ་ན་གསུངས་པ། འཕེལ་བ་མེད་པར་འགྱུར་ཞེས་པའོ། །འདི་ལྟར་གང་འཕེལ་བ་ངེས། ངེས་པར་ཟད་པར་འགྱུར་གྱིས་གཞན་དུ་ན ་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །རྟག་པའི་དོན་མ་ཡིན་ན་ཡང་གང་ཞིག་ཡོད་པ་གང་གིས། དེའི་རྟག་པ་ཉིད་ཡོངས་སུ་བརྟག་པར་བྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྐྱེ་བ་འགག་པ་ཁོ་ན་དེའི་རང་བཞིན་དུ་འགྱུར ་བ་ལ་སྐྱོན་ཅི་ཡོད་ཅེས་བསམ་པར་གྱུར་ན་གསུངས་པ། ཆོས་རྣམས་རང་བཞིན་མེད་པར་ནི་ཞེས་པ། ཆོས་རྣམས་ཀྱི་གང་གི་རང་བཞིན་དངོས་པོ་མེད་པའི་ཟད་པ་འབྱུང་བ་གང་ཡིན་པ་དེ་སྒྱུ་མ་བཞིན་ནོ། །དེ་ཁོ་ན་འབྱུང་བ་རྣམས་ཟད་པར་མི་འགྱུར ་ཞིང་སྐྱེ་བ་མེད་ཅེས་པའོ། །ལྡན་པ་དང་བྲལ་བ་ཙམ་ཉིད་ཀྱི་ཕྱིར་རོ། །མཐུན་པ་ལ་སོགས་པ་བསྒོམ་པ་གསུངས་པ། རང་གི་ཤེས་རབ་ཅེས་པ་ལ་སོགས་ཏེ། རང་གི་ཤེས་རབ་མ་རྣམ་པ་གསུམ་གྱི་མཚན་ཉིད་ཀྱིས་སེམས་ལ་འཁྱུད་པས་པདྨ་སྟེ་གསང་བར་སོང་བ ་ནི་ནོར་བུའི་པདྨ་དེར་ཟླ་བ་སོང་བ་མཐུན་པའི་གཟུགས་ཀྱི་མཐུན་པ་བསྒོམ་པའོ། །དེ་ཁོ་ན་ལ་ནོར་བུར་གང་གི་ཚེ་མི་མཐུན་པར་གྱུར་པ་དེའི་ཚེ་མི་འགྱུར་བ་བསྒོམ་པའོ། །ལུས་དག་སེམས་ཀྱི་རྩ་བ་རྣམས་ལ་ནི་གཡོན་པ་དང་གཡས་པ་དང་དབུས་མའི་རྩ་རྣམས་ལ ་ལུས་དག་སེམས་ནི་བསྒོམ་པར་བྱ་ཞེས་པའོ། །གང་གི་ཚེ་བླ་མ་དམ་པའི་མན་ངག་གིས་སྨིག་རྒྱུ་ལ་སོགས་པའི་ལམ་དུ་ཞུགས་པ་དེའི་ཚེ་རྩ་གསུམ་ཡོངས་སུ་དག་པར་འགྱུར་རོ། །དེ་རྣམས་ལེགས་པར་ཡོངས་སུ་དག་པ་ན། གལ་ཏེ་ལུས་ཀྱི་རྩ་རྣམས་སུ་སྲོག ་རྒྱུ་བ་དེ་ལྟར་དུ་ཡང་སྲོག་རྩོལ་བྱའོ། །དེ་ནི་སྐུ་བསྒོམ་པའོ། །དེ་བཞིན་དུ་གསུང་གི་རྩར་གསུང་བསྒོམ་པར་བྱའོ། །ཐུགས་ཀྱི་རྩར་དབུས་མར་ཐུགས་བསྒོམ་པར་བྱའོ། །ཞེས་པའོ། །གང་གི་ཚེ་དུ་གཅན་མ་ལ་སྟེ། ཁུ་བའི་རྩ་ལ་ཡེ་ཤེས་བསྒོམ་པ་ནི་མི་འགྱུར་བ་བསྒོམ ་པ་སྟེ། གྱུར་ཏེ་དེའི་ཚེ་བསྡུས་པ་ནི་གཅིག་ཉིད་དུ་གྱུར་པའོ། །རྡོ་རྗེ་གསུམ་ནི་རྩ་གསུམ་རྣམས་སོ། །ཐིག་ལེ་བཞིའི་བཅིང་བ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་ཏེ། ཤེས་རབ་ཆགས་པས་ཞུ་ཞེས་པ་གཏུམ་མོ། །འབར་བས་ཞུ་བའོ། །མགོ་བོ ་དེས་དཔྲལ་བ་ལས་རྫོགས་པའི་གོ་འཕང་སྟེ། གསང་བ་གནས་སུ་དོན་དམ་པས་ནི་བཅིང་བར་བྱ་ཞེས་པ་ནི་སྲོག་འགྱུར་བ་མེད་པའི་བདེ་བས་བཅིངས་པའོ། །བག་ཆགས་ནི་སྒྲིབ་པའོ། །དེ་གསལ་བས་ནི་སྤངས་པ་གང་ཡིན་པ་སྟེ། དེ་རྫོགས་པ་ཡིན་གྱིས་ཟླ་བ་ནི་ཆད་པ ་ཡང་མེད་ཅིང་དེའི་རྫོགས་པ་ཡང་མེད་དོ། །དེ་བཞིན་དུ་རིམ་པས་ཡེ་ཤེས་འཆར་བ་ནི་རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་པ་རྣམས་ཀྱིས་འཆང་བ་ལ་སོགས་པས་སྟེང་དུ་གཙུག་ཏོར་དུ་བརྗོད་པར་འགྱུར་རོ། །ཉོན་མོངས་པ་ཞེས་བྱ་བ་ནི་སྒྲིབ་པ་རྣམས་ཡིན་ལ། བཅོམ་པ་སྟེ་སྤངས ་པ་ནི་རྫོགས་པ་ཡིན་ལ་ཡེ་ཤེས་ནི་ཆད་པ་མེད་ཅིང་དེ་ལ་རྫོགས་པ་ཡང་མེད་དོ་ཞེས་པའོ། །དབུས་སུ་རི་བོང་གི་མཚན་ནི་དེའི་དབུས་སུ་རི་བོང་གི་མཚན་པའོ། །དེས་ན་ཉ་ལ་རི་བོང་ཅན་མི་གནས་ཏེ་ཚེས་གཅིག་ལ་ཞུགས་པའི་དུས་སུ་ཟད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ ་སེམས་པ་མི་འགྱུར་བའི་བདེ་བ་མི་གནས་ཏེ་འཁོར་བའི་བག་ཆགས་འགྱུར་བའི་བདེ་བའི་མཚན་ཉིད་ཀྱིས་དེ་འཁྱུད་པའི་ཕྱིར་རོ། །འགྲོ་བ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་ལ་རྫོགས་པ་གནས་པ་ཡིན་ནོ་ཞེས་གསུངས་པ། སྐྱེ་དང་ཞེས་པ་ལ་སོགས་པའོ། །སྐད་ཅིག ་གཅིག་གི་རྫོགས་སངས་རྒྱས་ནས་གང་གི་ཚེ་རྫོགས་པ་ལ་ནི་སྟེ། གསང་བའི་པདྨ་ལ་མི་གཡོ་བའི་སེམས་སུ་འགྱུར་བ་དེའི་ཚེ། དེ་དག་སེམས་ཀྱི་རྡོ་རྗེ་རྡོ་རྗེ་ནོར་བུ་རྒྱུ་འཐུན་པས་སྐད་ཅིག་མ་ཐམས་ཅད་རྫོགས་པ་ནི་དབུགས་ཁྲི་ཕྲག་གཉིས་དང་བརྒྱད་བརྒྱ་གཉིས་ཀྱི་མཚན་ཉིད་དོ། །དེ ་བཞིན་དུ་འདིའི་སེམས་དཀར་པོའི་ཕྱོགས་ཆགས་པ་ལ་མི་གནས་སོ། །དཀར་པོ་མིན་པའི་ཕྱོགས་བྲལ་དཱུང་མི་འགྲོའོ། །དེ་ཉིད་ཀྱིས་ནི་ཕྱོགས་གཉིས་པོའི་དབུས་སུ་གནས་ཏེ་རྫོགས་པར་གཤེགས་པ་གཉིས་སུ་མེད་པ་རབ་ཏུ་མི་གནས་པའོ། །མཚན་ཡང་དག་པར ་བརྗོད་པར་དེ་གསུངས་པ། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་སྐད་ཅིག་ཐམས་ཅད་མངོན་པར་རྟོགས་ཤེས་པ་དང། ཆ་མེད་ཆ་ལས་འདས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཆང་ཞེས་སོ། །འཁོར་བ་པའི་རིམ་པས་གསུངས་པ། གཙུག་ཏོར་ཞེས་པ་ལ་སོགས ་པ་སྟེ། དེའི་བྱང་ཆུབ་ཀྱི་སེམས་དེ་གཙུག་ཏོར་ལས་འབྱུང་བ་རྡོ་རྗེ་ནོར་བུར་རྫོགས་པར་འགྱུར་རོ། །དགའ་བྲལ་ཆགས་པས་ཆ་བཅོམ་པ་ནི་ཆ་བསགས་པ་དེ། རྡོ་རྗེའི་རྩེ་མོ་ལ་ལྷུང་བར་འགྱུར་རོ། །དེ་ནས་བཅོམ་པ་སྟེ་ཆགས་བྲལ་གྱི་རྫོགས་པ་ཉིད་སླར་ཡང་དེ་བཞིན་དུ་འབྱུང ་སྟེ། སླར་ཡང་ནོར་བུར་རྫོགས་པར་འགྱུར་རོ། །ཆགས་བྲལ་བཅས་པས་ཆ་བཅོམ་པ་ཡིན་གྱི། ལུས་ཅན་རྣམས་ཀྱི་ཡེ་ཤེས་བཅོམ་པ་ནི་མ་ཡིན་ཞེས་པའོ། །ཡེ་ཤེས་བཅོམ་ན་འཆི་བ་ཁོ་ནའོ། །རྫོགས་པའི་སྒྲ་ཡི་དོན་གསུངས་པ། འདི་ཞེས་བྱ ་བ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་ཏེ། དེ་རྫོགས་པའི་སྒྲས་བརྗོད་དོ། །བདེ་བ་ཆེན་པོའི་རང་བཞིན་རྣམ་པར་བསྟན་པ་ལས་གཞན་མ་དངོས་པོའི་མཛའ་ནི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་བསྐྱེད་དང་སྡུད་པའི་བྱེད་པ་པོ་ནི་སྐྱེ་བ་དང་འགགས་པའི་མཚན ་ཉིད་དོ། །དེ་ཉིད་གསལ་བར་བྱ་སྟེ། སྲིད་ནས་ཤེས་བྱ་བ་ལ་སོགས་པ་སྟེ། རང་ཕྱོགས་གཉིས་ལ་ནི་དཀར་པོ་དང། ནག་པོ་དག་གོ་།བསྒྲོད་པ་གཉིས་ལ་བྱང་དང་ལྷོ་དག་གོ་།འདི་ནི་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །གཡོ་བ་མེད་པར་རྫོགས་པ་ནི། །གསང་བའི་པདྨའི་སྟེང ་དུ་ས་རྣམས་ཀྱིས་ཡོངས་སུ་རྫོགས་པའོ། །ཉི་ཁྲི་ཞེས་པ་ལ་སོགས་པ་སྟེ་དོན་རྣམ་པར་བཤད་པ་ནི། ཕྱོགས་གཉིས་ནི་གཡོན་པ་དང་གཡས་པའི། །ལུག་དང་ཁྱུ་མཆོག་ལ་སོགས་པ་ཁྱིམ་བཅུ་གཉིས་ཀྱི་མཚན་ཉིད་དོ། །མནན་པ་སྟེ་འགགས་པ་ནི། །བདེན་དོན་རྣམ་པ་བཅུ་གཉིས ་ལྡན་ཏེ། ས་བཅུ་གཉིས་ཐོབ་པའོ། །རྣམ་པ་བཅུ་དྲུག་མི་འགྱུར་པ་ནི་འཁོར་བ་པའི་ཆ་བཅུ་དྲུག་ཟད་བའོ། །གཉིས་སུ་མེད་པའི་མཆོག་ནི། །ལས་ཀྱི་རླུང་འགྲོ་བ་དང་བྲལ་ཞིང་རྟོག་པ་མེད་པའོ། །དོན་གཅིག་གཉིས་སུ་མེད་པའི་ཆོས་ནི། དེ་དག་དོན་གཅིག་པ་སྟེ། ཕྱོགས་གཉིས་མེད ་པའི་ཕྱིར་རོ། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པ་ནི་དབང་གི་སྐད་ཅིག་བཞི་པའོ། །མཚན་ཡང་དག་པར་བརྗོད་པ་ལས། དེ་དག་གསུངས་པ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི ་ཆོས་འཛིན་པ་ཞེས་སོ། །མ་འདྲེས་པ་ནི་རྙོག་པ་མེད་པ་སྟེ། །ཕྱོགས་གཉིས་མེད་པའི་ཕྱིར་རོ། །བཟུང་བའི་སེམས་དང་འཛིན་པའི་སེམས་གཅིག་ཏུ་བལྟ་བར་བྱའོ། །ཇི་ལྟར་ཞེས་པ་ཉེ་བར་བསྟན་པ་སྟེ། ཆུ་ཀླུང་གི་ཆུ་རྣམས་རྒྱ་མཚོར་རབ་ཏུ་ཞུགས་ན་དེར་མཉམ་པ་ཉིད་དུ་འགྱུར་རོ། ། ་དེ་བཞིན་དུ་དངོས་པོའི་ཚོགས་འདི་ནི། ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་རྣམས་མི་འགྱུར་བ་སྟེ་རྣམ་པ་ཀུན་ལྡན་གྱི་གཟུགས་སུ་མཉམ་པ་སྟེ། མཚུངས་པའི་མི་འགྱུར་བར་འགྱུར་རོ། །དེ་ཉིད་སླར་ཡང་དཔེ་ཡིས་མཚུངས་པ། ཁམས་ཀྱི་ཚོགས་འདི་ནི་ལྕགས་ལ་སོགས་པ་རྣམས ་རོ་ཡིས་དངུལ་ཆུའི་ཟོས་པས་ཇི་ལྟར་རོ་ཉིད་དུ་འགྱུར་ཏེ། དེ་དག་མཚུངས་པར་འགྱུར་རོ། །ཇི་ལྟར་ཡང་རུང་སྟེ་གོ་དྲ་བ་ལ་སོགས་པས། ས་ལ་སོགས་པའི་ཁམས་ཀྱིས་ཚོགས་ཟོས་པས་ས་བོན་གྱི་རང་བཞིན་ཉིད་དུ་འགྱུར་རོ། །དེ་ཡང་འབྲས་བུའི་དུས་སུ་སྟེ། འབྲུ་སྐྱེ་བའི་དུས་སུ་ང ་རྒྱལ་མེད་པ་སྟེ་ཀུན་བརྗོད་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་དངོས་པོའི་ཚོགས་ཀྱང་ནི་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཅན་རྣམས་མཆོག་ཏུ་མི་འགྱུར་བས། ཟོས་ན་སྟེ་རྣམ་པ་ཐམས་ཅད་པའི་གཟུགས་སྒྲིབ་པ་མེད་པར་བྱས་ན། མཆོག་ཏུ་མི་འགྱུར་ཉིད་དུ་འགྱུར། །རྣམ་པ་ཐམས་ཅད ་པའི་རང་བཞིན་འཛིན་པར་འགྱུར་རོ། །ཞེས་པའི་དོན་ཏོ། །དུག་གི་དཔེས་བདེ་བས་ཁྱབ་པ་ཉིད་གསུངས་པ། མཆེ་བ་ཞེས་པ་ལ་སོགས་པ་སྟེ། རྫོགས་པའི་གནས་སྐབས་ན་ཁྱབ་པ་ཉིད་འགྱུར་བའི་དུག་ནད་པས་སོའི་རྩེ་མོ་མཆེ་བའི་ཤུལ་དུ་ཚོར་བ་སྡུག་བསྔལ་དུ་མི་རིག་སྟེ། ་གཞན་དཱུང་སྟེ་ལུས་ཀྱི་གནས་འགའ་ཞིག་དུ་རིག་པ་ཡང་མ་ཡིན་ནོ། །ཡུལ་གཟུགས་ལ་སོགས་པ་རྣམས་དབང་པོའི་སྒོ་མིག་ལ་སོགས་པ་རྣམས་ཀྱི་ཚོར་བའང་མ་ཡིན་ནོ། །དེ་བཞིན་དུ་སེམས་ནི་རྫོགས་པའི་ཆ་གྱུར་ན་སྟེ། ཁྱབ་པ་ཉིད་དུ་གྱུར་པས་རྣལ་འབྱོར་པའི་དམ་པའི་བདེ་བ་རྡོ་རྗེ་ནོར་བུར ་མྱོང་བ་མིན་ཞིང། གཞན་དུ་མིན་ཏེ་ཡུལ་རྣམ་དབང་པོའི་སྒོ་རྣམས་ཀྱིས་མ་ཡིན་ཞེས་པའོ། །འཁོར་ལོ་སྡོམ་པར་གསུངས་པ། ཀུན་དུ་ཕྱག་དང་ཞབས་ལ་སོགས། །ཀུན་དུ་དབུ་དང་སྤྱན་དང་ཞལ། །ཀུན་དུ་ཐོས་ལྡན་འཇིག་རྟེན་ན། །ཐམས་ཅད་ཁྱབ་སྟེ་རྣམ་པར་བཞུགས་ཤེས་སོ། ། ་ཕྱོགས་གཅིག་ཏུ་གནས་པའང་བ་སྤུའི་ཁུང་བུ་དང་ཚིགས་ཀྱི་མཐར་ཐུག་པར་གནོན་ཏོ་ཞེས་པའོ། །བཅུད་དང་ལྕགས་ཀྱི་དཔེས་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཕྱོགས་གཅིག་ན་ནི་རྡོ་རྗེ་ནོར་བུའོ། །འདོད་ཆགས་མེས་གདུངས་ན་ནི། །གཏུམ་མོ་འབར་བས ་གདུངས་ནའོ། །བག་ཆགས་ནི་ཆགས་པ་ལ་སོགས་པའི་མཚན་ཉིད་དོ། །ཇི་ལྟར་རྡོ་ལ་ནོར་བུ་ཆེན་པོས་རེག་ཅིང་གདུངས་པས་དེ་འོད་གསལ་བར་འགྱུར་རོ། །དེ་བཞིན་དུ་མི་འགྱུར་བའི་བདེ་བས་རེག་པ་ལས་བདེ་བ་ཉིད་དུ་འགྱུར་པར་རྣམ་པར་ངེས་སོ། །དོན་དམ ་པ་ནི་དམ་པའི་བདེན་པའི་ཡེ་ཤེས་ཀྱི་དངོས་པོ་སྟེ། རང་བཞིན་ནི་རྟོག་པར་ཡང་སྨོས་ཅི་དགོས་སོ། །རྟག་པར་བྱ་བ་དང་སེམས་ལ་ཀུན་ཏུ་འབིགས་པ་ནི་བློ་བུར་བའི་དྲི་མས་གཡོགས་པ་ལ་ཡིན་གྱི། དེ་ཁོ་ནར་མ་ཡིན་ནོ་ཞེས་པའི་དོན་ཏོ། །བློ་བུར་བའི་དྲི་མ་འདི་ནི་སེམས་ལ་མདོ།། ་དེ་ནས་སེམས་ལ་སྐྱེ་བ་ལ་ཕྱིས་སྐྱེ་ན་དེ་དག་དོན་མེད་དོ། །ཞེས་གསུངས་པ། སེམས་ཀྱི་གནས་སྐབས་ལས་ཡུན་རིང་པོར་ཏེ་ཕྱི་སྐྱེ་བར་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ནས་སེམས་མ་གཏོགས་པ་ལ་སྐྱེ་ན། དེའི་དོན་གསུངས་པ། སེམས་ལ་མ་གཏོགས་སྐྱེ་བ་འང་མིན ་ཞེས་སོ། །ཅི་སེམས་ལ་མི་ཟད་པ་ཉིད་ཀྱི་གནས་སམ་ཞེ་ན། གསུངས་པ། སེམས་ལ་ཟད་མེད་གནས་པ་མེད། ཅེས་སོ། །གལ་ཏེ་ཞེས་པ་ལ་སོགས་པས། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་སྟེ། ཚིགས་སུ་གཅད་པ་གཉིས་ནི་གོ་བློའོ། །འདིར་ཟངས་མའི་དཔེས་ཁོང་དུ་ཆུད ་བྱ་སྟེ། འདིར་གལ་ཏེ་ཟངས་མ་ལ་དྲི་མ་བློ་བུར་བྱུང་བ་ཡིན་ན་དེའི་ཚེ་སླར་ཟངས་མ་དྲི་མ་དང་བྲལ་བར་འགྱུར་རོ། །གང་ཡང་ཡུན་རིང་པོའི་དྲི་མ་ཕྱིས་ཟངས་མ་ལས་འབྱུང་ན། དེའི་ཚེ་དེའི་དྲི་མ་གང་དུ་ཅི་ལས་འབྱུང་བར་འགྱུར། དེ་ནས་ཟངས་མ་གཏོགས་པ་ལ་སྐྱེ་ན། དེའི་ཚེ་ནམ ་མཁའ་ཨི་མེ་ཏོག་ལས་ཀྱང་སྐྱེ་བར་འགྱུར་རོ། །དེ་ནས་ཟངས་མ་ལ་མི་ཟང་བ་ཉིད་ཀྱི་གནས་ན། དེའི་ཚེ་གྲུབ་པའི་བཅུད་ཀྱིས་ཀྱང་གཞན་དུ་བསྒྱུར་བར་མི་ནུས་སོ། །དེའི་ཕྱིར་འདི་དག་ཐམས་ཅད་རིག་པར་མི་འགྱུར་རོ། །དེའི་ཕྱིར་འདི་ནི་འདོར་དོན་བདེན་པ་སྟེ་ཟངས་མ་དང་ལྷན་ཅིག ་ཏུ་སྐྱེས་པའི་དྲི་མ་འདི་ཡང་བཅུད་ཀྱི་སྦྱོར་བ་ཉམས་པར་འགྱུར་ཏེ། སྔར་ཡང་མེད་ལ་ཕྱིས་ཀྱང་མེད་ཅིང། དེ་དག་དང་བྲལ་བ་འང་མ་ཡིན་ཞེས་པའོ། །དེ་བཞིན་དུ་སེམས་ཀྱང་བལྟ་བར་བྱ་སྟེ། དེ་བཞིན་ཞེས་པ་ལ་སོགས་པའོ། །བློ་བུར་བའི་སྒྲ་ཇི་ལྟར་ཁོང་དུ་ཆུད་པར་བྱ། ་ཞེ་ན་བརྗོད་པར་བྱ་སྟེ། ཀུན་ནས་ཀུན་ཏུ་འགྲོ་བའི་དང་ཚུལ་ནི་བློ་བུར་པའོ། །དག་གི་དཔེ་ལས་འདས་པ་ཉིད་མི་འགྱུར་བ་གསུངས་པ། སྨྲ་མི་ནུས་ཤེས་པ་ལ་སོགས་པ་སྟེ། ལང་འཚོ་མའི་བདེ་བ་ཐོབ་པ་ནི་དང་ཁོ་ནས་རིག་གོ་།ཏིང་ངེ་འཛིན་བྲལ་བ་ཡིས་ནི་སྟོང་པ་ཉིད་ཀྱིས་ཏིང་ངེ་འཛིན ་དང་བྲལ་བས་སོ། །བདེ་བ་མིན་པའི་རྒྱུའོ། །འཕོ་བ་ཉིད་འཁོར་བའི་རྒྱུའོ། །ཞེས་སོ་སོར་རྟོག་པར་བྱ་སྟེ། འཕོ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་བཤད་པའི་རིམ་པས་སོ། །སེམས་ཅན་རྣམས་ནི་ཆགས་བྲལ་བྱུང་བ་ཡིས་སོ། །གཞན་དུ་ཞེས་པ་ནི། གལ་ཏེ་དེ་རྣམས་ཆགས་པ ་དང་བྲལ་བར་གྱུར་པ་མ་ཡིན་ན། དེའི་ཚེ་རྣམ་པ་གཞན་གྱིས་དེ་རྣམས་ཀྱི་སྲིད་པ་སྟེ་འཁོར་བ་མེད་དོ། །དེ་བས་ཤེས་པ་རྒྱུད་དེ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །ངག་གང་ཞིག་ཅེས་པ་འཕོ་བའི་བདེ་བ་རྣམ་པར་སྤངས་པས་སོ། །འདོད་ཅན་ཞེས་བྱ་བ་ལ་སོགས་པས་མི་འགྱུར་བའི་བདེ ་བ་ལ་འབར་བར་གསུངས་པ། སྡུག་བསྔལ་ནི་ཆགས་པ་དང་བྲལ་བའི་མཚན་ཉིད་དོ། །རྟེན་ནི་བྱང་ཆུབ་ཀྱི་སེམས་ཏེ་འཕོ་བ་ཐོབ་པར་གྱུར་པ་ལས་རྟེན་བྱེད་ནི་བདེ་བའི་རང་བཞིན་ནོ། །བདེ་བའི་རང་བཞིན་གྱིས་བྱང་ཆུབ་ཀྱི་སེམས་ཆགས་བྲལ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འཕོ་བའི ་བདེ་བ་སྤང་བར་བྱ་ཞེས་གསུངས་པ་དང་སྦྲེལ་ལོ། །དྲི་མ་དང་བྲལ་བའི་གནས་སྐབས་གསུངས་པ། མི་འགྱུར་ཞེས་པ་ལ་སོགས་པ་སྟེ། མི་འགྱུར་བ་ལས་སྐྱེས་པའི་སྐུ། །མཛོད་སྤུའི་འཁོར་ལོ་སྟེ། སྨིན་མའི་དབུས་སུ་སོན་པ་ལས། ཨཱ་ལི་ཀཱ་ལི་གཡོན་པ་དང་གཡས ་པ་སྟེ། མཉམ་པར་སྦྱོར་བ་ནི་མཚུངས་པར་དབུས་མར་རྒྱུ་བ་ཉིད་དང་ཧཱུཾ་གི་ཡི་གེ་ལ་སོགས་པས་དབུས་མར་རབ་འབབ་གདན་དུ་མི་འདོད་དོ། །དེ་དག་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་སློབ་དཔོན་པདྨ་དཀར་པོའི་ཞབས་ཀྱི་རབ་ཏུ་སྤྲོས་པའི་ཕྱིར་ན་འདིར ་རྒྱས་པར་མི་བྱའོ། །དེ་ནི་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གསུངས་པ། གཟུངས་ཤེས་བྱ་བ་ལ་སོགས་པ་སྟེ་སྟོང་པ་སྟེ་ནམ་མཁའ་ལས་བྱུང་བའི་གཟུགས་རྣམ་པ་ཐམས་ཅད་པའི་མཚན་ཉིད་ནི་རྒྱུ་སྟེ་བྱེད་པའོ། །མི་འགྱུར་བའི་གཟུགས་ལས་སྐྱེས་པ་གང ་ཡིན་པའི་བདེ་བ་དེ་འབྲས་བུའོ། །འབྲས་བུ་དེ་འཛག་པ་མེད་པའི་བདེ་བས་རྒྱུ་སྟེ་གཟུགས་ཀྱི་མཚན་ཉིད་ལ་རྒྱས་གདབ་པ་ནི་ཡང་དག་པར་འབྲེལ་པའོ། །རྒྱུ་ཡིས་ཏེ་དེ་ལྟ་བུ་བྱུང་བས་རྒྱས་གདབ་པ་ནི་འཛག་པ་མེད་པའི་བདེ་བ་ཆེན་པོ་ལའོ། །སྟོང་པ་ཉིད ་དང་སྙིང་རྗེ་དེ་གཉིས་ཀྱི་མཚན་ཉིད་གསུངས་པ། སྟོང་ཉིད་ཅེས་པ་ལ་སོགས་པ་སྟེ་སྟོང་པ་ཉིད་ཀྱི་གཟུགས་འཛིན་པའི་སེམས་ནི་རྒྱུའོ། །འབྲས་བུ་ནི་སྙིང་རྗེ་མི་འགྱུར་བ་འཛིན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་འདི་དག་དབྱེར་མེད་པ་གཅིག་ཏུ་གྱུར་པ་ཉིད་ནི། བྱང་ཆུབ་ཀྱི ་སེམས་དེ་འཕོ་བ་མེད་པར་བརྗོད་དོ། །གཞན་དུ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྐྱེས་པ་ནི་འགྱུར་ཞིང་ཟག་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་དག་ཀྱང་ཆད་པ་དང་འཁོར་བ་དང་བྲལ་ལོ་ཞེས་གསུངས་པ། མྱ་ངན་འདས་དང་ཞེས་པ་ལ་སོགས་ཏེ། མྱ་ངན་ལས་འདས་པ་སྟེ ་གསོག་གི་རང་བཞིན་དང་བྲལ་བའི་གཟུགས་སོ། །འཁོར་བ་སྟེ་འགྱུར་བའི་བདེ་བའི་མཚན་ཉིད་ལས་འདས་པ་ཟག་པ་མེད་པའི་བདེ་བ་ཆེན་པོ་མི་འགྱུར་བའོ། །དེ་ཉིད་ནི་མི་འགྱུར་བ་དང་གཟུགས་དག་གི་སྦྱོར་བ་གཉིས་མེད་གཞན་ནི་ཕུལ་དུ་བྱུང་བའོ། །དེ་ཉིད་གསུངས་པ། ་རྟག་དང་ཆད་ལས་ངེས་པར་གྲོལ། །ཞེས་སོ། དེ་དག་ཉིད་རབ་ཏུ་དབྱེ་བ་གཞན་གྱིས་རབ་ཏུ་གསལ་བར་བྱ་སྟེ། གཟུགས་ནི་རྣམ་པ་ཐམས་ཅད་པའི་རང་གི་སེམས་ཀྱི་སྣང་བ་ལ་དངོས་པོ་མེད་པ་སྟེ་ཆད་པ་མིན་ནོ། །ཅིའི་ཕྱིར་ན་དངོས་མེད་ལས་བྱུང་མཚན་ཉིད་ཕྱིར་རོ། །མི་འགྱུར་བ ་སྟེ་འཛག་པ་མེད་པའི་བདེ་བ་ལ་དངོས་པོ་མེད་དེ་ཅིའི་ཕྱིར། དངོས་པོ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར་རོ། །སོ་སོར་སྣང་བའི་ཡིད་ཀྱི་རང་བཞིན་གྱི་གཟུགས་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་དག་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་དག་ཡང་དག ་པར་སྦྱོར་བ་སྟེ། མཚུངས་པ་ནི་རྡོ་རྗེའི་རྣལ་འབྱོར་ཏེ་དེ་ཡང་གཉིས་སུ་མེད་པ་མི་འགྱུར་བའོ་ཞེས་སོ། །དེས་ན་དེ་ཉིད་གཟུགས་དང་གཟུགས་མིན་ཞེས་པ་ལ་སོགས་པས་བཤད་པར་བྱ་སྟེ། པྲ་ཕབ་པ་ལ་ནི་མེ་ལོང་ལ་དམིགས་པའི་ཡིད་ཀྱི་ལུས་ནི་གཟུགས་ཀྱི་མཚན ་ཉིད་མ་ཡིན་ཏེ། རྡུལ་ཕྲ་རབས་ཀྱི་རྫས་ཚོགས་པ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། ཉེ་བར་དམིགས་པའི་ཡིད་གཞོམ་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གཟུགས་ནི་སྲིད་པར་ཏེ་འཁོར་བར་འགྲོ་བ་མ་ཡིན་ནོ། །འགྱུར་བ་མེད་པ་ནི་མྱ་ངན་ལས་འདས ་པ་སྟེ། ཆད་པར་འགྲོ་བ་མ་ཡིན་ནོ། །ཕན་ཚུན་འཁྱུད་པ་ཞི་བ་སྟེ། དབང་པོའི་རྣམ་འགྱུར་མེད་ཅིང་རྣམ་འགྱུར་དང་བྲལ་བའི་ཕྱིར་རོ། །འདི་ཉིད་མ་ནིང་གི་གོ་འཕང་དུ་བརྗོད་དོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ་འགྲོ་བ་མ་ལུས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དཔེར་ན་ཟླ ་བ་ལ་ཟླ་བའི་བསིལ་བའི་འོད་ཟེར་གྱི་འཁྱུད་ལ་ཟླ་བས་ཀྱང་བསིལ་བའི་འོད་ཟེར་ལ་འཁྱུད་དོ། །འདི་དག་ཐ་དད་པ་ཉིད་ཀྱང་མ་ཡིན་པ་དེ་བཞིན་དུ་གཟུགས་དང་མི་འགྱུར་བ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དོན་དམ་པར་འབྲས་བུ་རྒྱུ་ཡིས་བྱས་པ་མིན་པར་གསུངས་པ། ་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ནི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིན་ནོ། །རྒྱུ་ལས་ནི་འདྲ་བ་ལས་མ་སྐྱེས་པ་ནི་མ་བྱུང་བའོ། །གང་ཡང་ཤེས་རབ་རྒྱུ་ལས་འབྲས་བུ་འབྱུང་ནི་ཤེས་རབ་ལས་སྐྱེས་པ་ཞེས་མངོན་པར་བརྗོད་དེ། དེ་དག་དེ་དག ་ཀྱང་རྒྱུ་སྐྱེས་མིན་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་སསྤར་ནི་མི་འགྱུར་ཏེ། ཅིའི་ཕྱིར་ན་ཤེས་རབ་རྒྱུ་ལས་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་དེ་སྲིད་དུ་རྒྱུ་ལས་སྐྱེས་པ་ཤེས་རབ་ཏུ་འགྱུར་ན་དེའི་ཚེ་དེ་དག་འབྱུང་ཡང་འབྲས་བུ་ཤེས་རབ་བསྐྱེད་པ་ཞེས་རྗེས་སུ ་འབྱུང་ངོ། །དེ་དག་མོ་ཤམ་བུ་མོའི་སྦྱོར་བ་ཡིས། །རྨི་ལམ་བདེ་བར་འགྱུར་བ་ལྟར། །ཞེས་པ་ལ་སོགས་པས་བཤད་པར་བྱའོ། །དེ་ཕྱིར་ནི་རྒྱུ་དེའི་ཕྱིར་རོ། །གང་འགྱུར་བ་མེད་པའི་ཡེ་ཤེས་དེ་ནི་ཤེས་རབ་ཡེ་ཤེས་ཏེ་རྒྱུ་ལས་མ་སྐྱེས་པའོ། །དེའི་ཕྱིར་ཡང། འབྲས་བུ ་དང་ནི་རྒྱུ་ཡིས་ནི། །ཕན་ཚུན་རྒྱུ་ཡི་བཏབ་པ་ཞེས་གང་གསུངས་པ་དེ་དག་ཏུ་འགྱུར་བ་མིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་དང་ཞེས་གསུངས་ཏེ། གང་ཕྱིར་རྒྱུ་དང་འབྲས་བུ་ཀུན། །དེ་ནི་རྟེན་ཅིང་འབྲེལ་བར་འབྱུང། །ཡེ་ཤེས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ ་མ་ཡིན་ཡང། །དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཕན་ཚུན་རྒྱས་བཏབ་པའི་གཟུགས་ནི། མ་སྐྱེས་པ་དང་མ་འགགས་པའོ། །ཆད་པའི་རང་བཞིན་ལ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། །རྫས་དང་བྲལ་བ་རྣམ་པ་ཀུན་ནས་སོ། །ཤེས ་རབ་ནི་སྔར་གསུངས་པའོ། །སྐྱེས་པ་གང་མཆོག་ཏུ་འགྱུར་པ་མེད་པ་དེ་རྒྱུ་དང་འབྲས་བུ་ལས་རྣམ་པར་གྲོལ་བའོ། །ཕན་ཚུན་རྒྱུ་ཡིས་བཏབ་པ་མེད། ཅེས་པའོ། །ཤེས་པའི་རྣམ་པ་ལས་ལྡོག་པའི་ཕྱི་རོལ་ལས་སྲིད་པ་མ་ཡིན་པའི་ཕྱིན་རང་གི་སེམས་ཁོ་ན་ཁམས ་གསུམ་པའི་རྣམ་པ་དེ་དག་ཏུ་དམིགས་སོ། །ཤེས་གསུངས་པ། མ་སྐྱེས་པ་དང་ཞེས་པ་ལ་སོགས་པ་སྟེ། ཕྱི་ཡི་ཤེས་བྱས་འབྱེད་པའི་ཕྱིར་ནི་ཕྱི་ཡི་ཤེས་བྱ་ཐ་དད་དུ་བྱེད་པའོ། །གལ་ཏེ་ཐབས་དང་ཤེས་རབ་ཐ་དད་མེད་དོ་ཞེས་བརྗོད་པ་དེ་ཡང་དམ་པའི་དོན་དུ ་མེད་དོ་ཞེས་གསུངས་པ། ཐབས་མིན་ཤེས་རབ་ཀྱང་མིན་ཏེ། །ཐ་དད་དུ་གྱུར་པའི་ཕུང་པོར་ཡོད་ན། གང་གི་དེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་འགྱུར་ཏེ། དེའི་གནས་སྐབས་རྣམ་པར་མ་ཤེས་པའི་ཕྱིར་རོ། །ལྷན་སྐྱེས་ཤེས་བྱ་བ་ཡང་ལྷག་པའི་ཤེས་རབ ་དང་ལྷན་ཅིག་ཏུ་སྐྱེས་བ་ཉིད་དུ་བརྗོད་པར་བྱའོ། །ཀུན་ནས་ཀུན་ཏུ་ཡོངས་སུ་རྫོགས་པ་ནི་དྲི་མ་དང་བྲལ་བའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་རྣམས་དང་བྲལ་བའོ། །གོས་པ་མེད་ནི་ལག་པ་ལ་སོགས་པས་རེག་པ་མེད་པའི་ཕྱིར་རོ། །བཟུང་བ་དང ་འཛིན་པ་སྤངས་པའི་ཕྱིར་ཡུལ་དང་དབང་པོ་སྤངས་པའོ། །ཐམས་ཅད་ལ་ཁྱབ་པའི་ཕྱིར་ཀུན་དུའོ། །རྣམ་པ་ཐམས་ཅད་ཤེས་པའི་ཕྱིར་ཡང་དག་ཀུན་ལ་གནས་སོ། །འདི་རྣམས་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མི་ཆོད་མི་ཤིག་སྤངས་པའོ། །སྐྱེ་བ་མེད་ཅིང་འགག་པ ་མེད་པའི་ཕྱིར་རང་བྱུང་ངོ། །དོན་ཆེན་ནི་འགྲོ་བའི་དོན་བྱེད་པའི་ཕྱིར་རོ། །མཆོག་ཏུ་མི་འགྱུར་བ་ནི་དབང་པོ་ལས་འདས་པའི་ཕྱིར་རོ། །འདོད་ཆགས་ཆེན་པོ་ནི་ལུས་མེད་རྡོ་རྗེ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་སེམས་དཔའ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད ་དགའ་བར་མཛད་པའི་ཕྱིར་རོ་སྟེ། ཤེས་རབ་མེད་ན་འདོད་ཆགས་ཆེན་པོ་མེད་པའི་ཕྱིར་རོ། །ཉོན་མོངས་ཟད་མཛད་ནི་གཡོན་པ་དང་གཡས་པ་སྟེ། དགྲ?་ཆེ་བ་ནི་དེ་དག་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་དེ་ཉིད་ཞེ་སྡང་ཆེན་པོའོ། །སྲིད་པ་གསུམ་ནི་འདོད་པ་དང ་གཟུགས་དང་གཟུགས་མེད་པ་སྟེ། གཅིག་པ་ནི་ར་མཉམ་པ་ཉིད་དོ། །དེ་བཞིན་དུ་རེ་ཤིག་ཡེ་ཤེས་ཀྱི་རང་བཞིན་བཤད་ནས་ཡེ་ཤེས་ཅན་གྱི་རང་བཞིན་རྣམ་པར་བཤད་པའི་ཕྱིར་གསུངས་པ། མཆོག་ཏུ་ཞེས་པ་ལ་སོགས་པའོ། །ཤེས་རབ་ནི་བློའོ། །ཁམས་གསུམ་པ་ལ ་ཁྱབ་པའི་ཡེ་ཤེས་ཉིད་ནི་མི་འགྱུར་བའོ། །དེ་རྣམས་དང་བཅས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་དོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བས་རིགས་དྲུག་ཡོངས་སུ་དག་པའི་དོན་གསུངས་པ། རྣམ་པ་དྲུག་པོ་ཞེས་པ་ལ་སོགས་པ་སྟེ། འགྱུར ་པ་མེད་པ་ཉིད་ཡེ་ཤེས་ཏེ་མི་འགྱུར་ཡེ་ཤེས་དང། ཚོར་བ་དང་རྣམ་ཤེས་དང་གཟུགས་དང་འདུ་བྱེད་དང་འདུ་ཤེས་སོ། །ཕུང་པོ་དེ་རྣམས་ཀྱི་རིམ་པ་ཇི་ལྟ་བར། ཁམས་དང་སྐྱེ་མཆེད་རྣམས་ཀྱི་རིགས་དེ་རྣམས་སོ་ཞེས་གསུངས་སོ། །ཡེ་ཤེས་བྱ་བ་ལ་སོགས་པའོ། །ཁྲོ་བོའི ་རྒྱལ་པོ་ནི་དུས་ཀྱི་འཁོར་ལོའོ། །རིགས་དྲུག་པོ་ནི་ཡོངས་སུ་དག་པས་གདོང་དྲུག་གོ་།ཡིད་ལ་སོགས་པ་རྣམས་ཡོངས་སུ་དག་པའི་ཕྱིར་མིག་དྲུག་གོ་།སྒྲ་ལ་སོགས་པ་རྣམས་ཡོངས་སུ་དག་པའི་ཕྱིར་ལག་དྲུག་གོ་།ཟླ་བ་ཞེས་པ་ནི་རྒྱལ་པོ་ཟླ་བ་བཟང་པོ་ལ་འབྲོང་པའོ། །འདི་ཉིད ་ནི་དབང་གི་སྒྲུབ་པ་སྟེ་མཆོག་ཏུ་མི་འགྱུར་སྒྲུབ་པའི་ཐབས་བཤད་པའོ། །མདོར་བསྡུས་ནི་ཡང་དག་པར་བསྡུས་པའོ། །མཆོག་ཏུ་མི་འགྱུར་སྒྲུབ་པ་ནི་གཞན་སྒྲུབ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཡང་རྩ་དང་རིགས་སུ་ཡང་དག་ལྡན་ཏེ། རྟོག་པ་མེད་པའི་ལྷའི་རིགས་དང ་ཡང་དག་པར་ལྡན་ནོ་ཞེས་པའོ། །ཡང་དག་བླ་མའི་ངེས་པའི་དབང་ལས་དབང་བསྐུར་ཉེ་བར་བསྟན་པའི་བཀའ་འགྲོལ་ལམ་གྱིས་ཚུལ། །ཡང་དག་ལམ་ལ་གནས་པ་རྣམས་ཀྱིས་མཚུངས་མེད་གོ་འཕངས་རྟོགས་བྱེད་རྨོངས་པའི་ཕུང་པོ་འཇོམས། །འདི་ནི་བདག ་གིས་བྱས་ལས་ཐོབ་པ་གང་དེའི་ལེགས་བྱས་བྱང་ཆུབ་ས་བོན་མ་ལུས་པ། །དེ་ནི་འཇིག་རྟེན་བདེ་གཤེགས་གོ་འཕངས་རྟོགས་ཤིང་ཉི་ཟླ་འགགས་པའི་ལམ་དུ་འཇུག་པར་ཤོག་།གལ་ཏེ་བཀའ་འགྲེལ་བྱ་བ་ཡང། །མངོན་ཤེས་མེད་པས ་མ་ཡིན་ཉིད། དེ་ལྟའང་བདག་གི་འདི་དྲན་ནས། །བྲིས་ལ་བདག་ལ་ཉེས་པ་མེད། །དབང་མདོར་བསྟན་པའི་བཀའ་འགྲེལ་རྫོགས་སོ།། །།འདིའི་གཞུང་ཚད་ཤལོ་ཀ་སུམ་བརྒྱ་དྲུག་ཅུའོ། །སྐད་གཉིས་སྨྲ་བ་ཐར་ལོའི་བཀའ་དྲིན་དང། རྡོ་རྗེ་རྒྱལ་མཚན་བླ་མས ་རབ་བསྐུལ་ནས། བུ་སྟོན་ཁ་ཆེས་གུས་པའི་བློ་ཡི་བསྒྱུར། །ཉེས་པའི་ཚོགས་རྣམས་མཁས་རྣམས་བཟོད་པར་མཛོད། །རྒྱ་དཔེ་གཉིས་ལ་གཏུགས་ནས་དག་པར་བདོག། །།`་།།དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་འགྲེལ་པ་རྡོ་རྗེའི་ཚིག་འབྱེད་ཅེས་བྱ་བ་བཞུགས་སོ། ། ་