| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཤྲཱི་པ་ར་མཱརྠ་སེ་བ། བོད་སྐད་དུ། དཔལ་དོན་དམ་པའི་བསྙེན་པ། དཔལ་དུས་ཀྱི ་འཁོར་ལོ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ལ་ནི་ཡེ་ཤེས་ཉིན་མོར་བྱེད་པ་ཡི། །དཔལ་ལྡན་ཤཱཀྱའི་སེང་གེ་བྱམས་པའི ་མགོན་པོ་དང། །འཇམ་དབྱངས་བཅས་པ་ཡིད་བཞིན་ནོར་དང་གྲགས་པ་དང། །རྡོ་རྗེ་འཛིན་པ་རྣམས་ལ་སྤྱི་བོས་ཕྱག་འཚལ ་ཏེ། །ལྟ་བ་དྲུག་གི་གཞུང་མང་རྟོག་གེ་ལ་སོགས་ཀྱིས། །བློ་དམན་མི་རྣམས་ཀྱིས་ནི་གང་ཞིག་བརྟག་པར་དཀའ་བས་ཏེ། ། ་མདོར་བསྡུས་པས་ནི་འཇིག་རྟེན་ལུགས་ནི་སྤངས་ནས་སུ། །དོན་དམ་བསྙེན་པ་དེ་ནི་བདག་གིས་བཤད་པར་བྱ། ། ་འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་དམ ་པ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །གང་ལས་ཁྱབ་འཇུག་བདེ་འབྱུང་དྲག་པོ ་ཟླ་བ་དང། །ཉི་མ་རྒྱུ་སྐར་སྒྲ་གཅན་གཟའ་སོགས་གྱུར་པ་ཡི། །རྡོ་རྗེ་སེམས་དཔའ་ཡབ་དེ་དག་ནི་རྣམ་སྤངས་ཏེ། །རྨོངས་པས ་འཇིག་རྟེན་མེས་པོའི་ལམ་ལ་ལེན་པར་བྱེད། །འཇིག་རྟེན་ངག་གི་ངེས་པ་ཚད་མས་དམན་པ་སྟེ། །ལྟ་བའི་ཆོས་ཀྱི་དབྱེ་བདག་གི་རྣམ་པ་མང། །རིག་བྱེད ་རྟོགས་པར་དཀའ་ཞིང་དྲན་པ་ཐ་དད་པས། །འཇིག་རྟེན་འདིར་ནི་མཁས་པ་རྣམས་ཀྱིས་གང་ཞིག་འཛིན། །ཐམས་ཅད་མཁྱེན་པ་ཡིས་ནི་གསུངས་པའི་དོན ་གཞན་ལ། །ལུས་མང་པོ་ཡིས་དེ་ནི་གཞན་དུ་འཆད་པར་བྱེད། །ལྟ་བ་དྲུག་ཏུ་གནས་པ་བླ་མར་རབ་གྲགས་པ། །ཁམས་ནི་རབ་ཏུ་རྒྱས་དང་མཉམ་པ ་གཉིད་ལོག་ཁམས། །བླ་མའི་ཞལ་གྱིས་དམན་པ་དག་གིས་རྒྱུད་ཐོས་ཟེར། །མངོན་པར་དབང་བསྐུར་མི་འགྱུར་ལམ་ནི་མ་ཐོབ་པར། །རྡོ་རྗེ་སློབ་དཔོན་གོ ་འཕང་ཆེན་པོ་འདིར་བྱེད་དེ། །སྐྱེ་བོ་རྨོངས་པ་འདི་ལ་ཅི་ཞིག་སྤྱད་པའོ། །ནོར་འདོད་བརྐམ་པས་མངོན་པར་དབང་ནི་སྐུར་བར་བྱེད། །རང་གི་དཀྱིལ་འཁོར ་རྡུལ་ཚོན་དག་གིས་བྲི་བྱེད་དེ། །རྡོ་ཡི་རང་བཞིན་འདོད་པའི་རྟགས་ལ་མཆོད་པར་བྱེད། །འབར་བའི་ཐབ་ཁུང་དུ་ནི་མར་ལ་སོགས་པ་སྲེག་།ོཾ་ཡིག ་ཧཱུཾ་ཡིག་ཅེས་ནི་འདོད་པའི་སྔགས་ཡིན་ཏེ། །གཞན་ལ་ཕན་པ་རུ་ནི་འདི་ཉིད་བརྗོད་པ་ཡིན། །བློ་གྲོས་ཉམས་པ་ཡིས་ནི་འདི་དག་མི་ཤེས་ཏེ། །གང་ཞིག་སྒྲ་ཙམ་དག ་ནི་དེ་ཉིད་སྔགས་སུ་འགྱུར། །ངང་པའི་རྒྱལ་མེད་མཚོ་ཡི་པདྨའི་ལྟེ་བ་ནི། །གཡོ་ཅན་བྱ་དཀར་དག་ནི་ཤིན་ཏུ་མཛེས་པར་འགྱུར། །ཉ་ཡི་རིགས་ལ་དེ་ནི་གསོད ་པས་ག?་པ་ལྟར། །བླ་མ་ངན་པ་འགྲོ་བ་རྣམས་ལ་དེ་བཞིན་ནོ། །པདྨའི་སྙིང་པོ་ལྟར་ནི་མགྲིན་པ་བརྡུངས་ནས་སུ། །གཡོ་ཅན་རྐང་པ་ཡ་གཅིག་གིས་ནི་གནས་པ ་སྟེ། །ཆུ་སྐྱེས་འདིས་ནི་ཉ་རྣམས་འཁྲུལ་པ་བྱེད་པ་ལྟར། །བླ་མ་ངན་པ་འགྲོ་བ་རྣམས་ལ་བྱ་དཀར་བཞིན། །ཇི་ལྟར་ཟློས་གར་མཁན་གྱི་གར་གྱི་ངོ་བོ་བསྒྱུར། ། ་འཁོར་བ་ལྷ་ཡི་དབང་པོའི་གཟུགས་སུ་བྱེད་པ་ལྟར། །ལམ་དག་མེད་དང་ནོར་ལ་འདོད་ཅིང་བརྐམ་པ་ཡིས། །དེ་བཞིན་དབང་ལ་རྒྱལ་བའི་ཅོད་པན་འཆིང་བར་བྱེད། །འདོད་ལ་ལྷག་ཞེན་ཆང་གིས་དབང་གི་བག་མེད་ཅིང།། ་འགྲོ་བའི་སེམས་དང་བཅས་ཤིང་རྫས་ལ་མང་དུ་ཞེན། །བདེན་པ་མ་ཡིན་སྨྲ་ཞིང་བུ་རྣམས་བསླུ་འདོད་པ། །བླ་མ་དེ་ཡིས་སྡུག་བསྔལ་སྟེ་རབ་ངོ་མཚར་མེད། །འཁོར་བའི་སྡུག་བསྔལ་མེ་དག་གིས་ནི་གདུངས་པ ་ཡིས། །རབ་རིབ་མིག་གིས་བླ་མ་དག་གིས་གཟུང་བྱས་པ། །ཤིན་ཏུ་གདུང་བ་གཞོམ་ཕྱིར་ལམ་ཆེན་གནས་པ་ཡི། །གཉིད་ལོག་སྦྲུལ་གྱི་དུག་གིས་འཁྲུལ་པ་བཞིན་དུའོ། །ཆོས་ལ་ཞེན་དང་མྱ་ངན་འདས་པའི ་བདེ་བ་ལ། །རབ་ཞེན་སེམས་ལྡན་རྨོངས་པའི་སྐྱེ་བདུ་མ་ལ། །ཡོངས་སུ་བརྟགས་ན་དམྱལ་བའི་མེ་ནི་སྟེར་བ་པོ། །བླ་མ་ངན་པ་ཅི་ཡི་ཕྱིར་ན་བསྟེན་པར་བྱེད། །འཁོར་བ་ངང་ནི་མྱ་ངན་འདས་པའི་དངོས་ཉམས་པ། ། ་ཤེས་དང་ངེས་ཞུགས་སྙིང་རྗེ་ལ་སོགས་ཐ་མི་དང། །དབང་པོ་བྲལ་ཞིང་རྟོག་པ་རྟག་པར་རུ་ནི་དང། །གཉིས་སུ་མེད་ཅིང་ཀུན་འགྲོ་ངེས་པར་ཞི་བ་ཉིད། །དེ་ཡང་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་དཔལ།། ་དེ་ཉིད་འཇིག་རྟེན་མགོན་དང་དཔལ་ལྡན་འཇམ་པའི་དབྱངས། །དེ་ནི་ཐུགས་ཀྱི་རྡོ་རྗེ་རྡོ་རྗེ་མཁའ་འགྲོ་དཔལ། །དེ་ནི་མི་འགྱུར་འགྱུར་མེད་རྣལ་འབྱོར་གྱིས་ནི་བགྲོད། །དེ་ནི་དབང་ཕྱུག་ཁྱབ་འཇུག་དག་དང་མེས? ་པོ་སྟེ། །བདུན་སོགས་འཇོམས་མེད་བདེ་གཤེགས་རྒྱལ་དབང་པོ། །གྲགས་པ་དེ་ནི་ཐུབ་པ་ཤཱཀྱ་སེང་གེ་དཔལ། །དེ་ནི་སངས་རྒྱས་ཐམས་ཅད་དཔལ་ལྡན་དུས་འཁོར་ལོ། །སྤྲུལ་པ ་འདི་ལྟར་ཞི་བདེ་ནི་བླ་མ་དཔལ། །རབ་ཏུ་སྦས་པའི་སངས་རྒྱས་བདེ་སྟེར་ས་གཞི་ལ། །བདུད་ཀྱི་དགྲ་གཅིག་སྐྱེས་འགྲོ་ཡིན་རྩི་ལག་གཅིག་།བླ་མ་དམ་པ་བསྟེན་པ་རྣམས་ལ་ཡིད་བཞིན་ནོར། ། ་སྲིད་པའི་བསམ་གཏན་ཆགས་ཉམས་བསྒོམ་པ་པོ། །ཆགས་ཆེན་འདོད་ཆགས་ཆེན་པོ་ལ་ནི་ཐུགས་བཅིངས་པ། །དབང་པོ་གཉིས་བདེ་སྦྱོར་ཞིང་བརྟུལ་ཞུགས་ཆེན་པོ་ཅན། །ཕྱག་རྒྱ་དག་ལ་སྦྱོར ་ཡང་ཆགས་པ་ཉམས་མི་མངའ་། །ཉི་ཟླ་དག་གི་ལམ་ལ་རྣལ་འབྱོར་ཉམས་པ་དང། །ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ཀྱིས་རབ་ཏུ་ཞུགས། །དཔག་མེད་བདེ་བའི་བདུད་རྩི་བཏུང་ལ་ཆགས་པ་སྟེ། ། ་སྡིག་འཕྲོག་རྡོ་རྗེ་འཛིན་པ་དེ་ནི་བླ་མ་དཔལ། །བུ་བཟངས་དག་ནི་རྣམ་པར་སྤངས་ནས་ཚོལ་མི་བྱེད། །བདེ་བར་འོངས་པ་སྦྱིན་པ་རུ་ནི་མི་གཏོང་པ། །རྙེད་པའི་དོན་ལ་སོགས་པ་རུ་ནི་འདོད་མ་ཡིན། ། ་རྙེད་པའི་ནོར་ནི་ཉེ་བར་ལོངས་ནི་སྤྱོད་མཛད་པ། །བླ་མེད་རྒྱུད་ཀྱི་གསུང་ནི་ཡང་དག་སྟོན་པའོ། །ཡོན་ཏན་ལྡན་པའི་སྲས་རྣམས་ལ་ནི་འཁོར་བ་འཛོམས། །རང་ལུས་ཚངས་པའི་འཇིག ་རྟེན་ནས་ནི་ཀུན་ཏུ་སྟོན། །དེ་ནི་བླ་མའི་དཔལ་ཏེ་བླ་མ་དཔལ་གཞན་མིན། །དཔག་མེད་སངས་རྒྱས་ཀྱིས་ནི་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཞུགས་བྱང་ཆུབ་སེམས་དཔའ་རྟག་ཏུ་དེ་ལ་འདུད། །གྲུབ་པ་རྣམས་ཀྱིས་རྡོ་རྗེའི་གླུ་མང་དེ་ལ་ལེན། །སྲིད་པའི་དགོན་པར་ལྷུང་ལ་ལམ་ནི་སྟོན་པ་པོ།། ་འདོད་པ་ཕལ་པར་ཞེན་པ་བླ་མ་དཔལ་མ་ཡིན། །ལེགས་ལོངས་ནོར་ལ་ཞེན་པ་བླ་མ་དཔལ་མ་ཡིན། །སྐྱེས་བུ་མཁས་པ་སྨོད་བྱེད་དཔལ་ལྡན་བླ་མ་མིན། །སེམས་ཅན་སྙིང་བརྩེ་རྣམ་སྤངས་དཔལ་ལྡན་བླ་མ་མིན། །དགེ་འདུན་དཀོར་ལ་རབ་སྤྱོད་དཔལ་ལྡན་བླ་མ་མིན། །ནོར་མེད ་སློབ་མ་འདོར་བ་དཔལ་ལྡན་བླ་མ་མིན། །བསྒོམས་ཟིན་ལས་རྣམས་སྟེར་བ་དཔལ་ལྡན་བླ་མ་མིན། །བུ་བཟངས་ཁ་སྡོམས་བྱེད་པ་དཔལ་ལྡན་བླ་མ་མིན། །བུ་བཟངས་དེ་ཉིད་སྦེད་པ་དཔལ་ལྡན་བླ་མ་མིན། །བུ་བཟངས་སླུ་བར་འདོད་པ་དཔལ་ལྡན་བླ་མ་མིན། །བུ་བཟངས་ཡུན ་རིངས་ཁྲོ་བ་དཔལ་ལྡན་བླ་མ་མིན། །བུ་བཟངས་སྤོང་བར་འདོད་པ་དཔལ་ལྡན་བླ་མ་མིན། །ཡེ་ཤེས་དབང་གིས་ཁེངས་བཅས་དཔལ་ལྡན་བླ་མ་མིན། །རྫས་ཀྱི་དབང་གིས་རབ་དགའ་དཔལ་ལྡན་བླ་མ་མིན། །ཕྲན་ཚོགས་ཁྱིམ་དུ་བསྟི་འདོད་དཔལ་ལྡན་བླ་མ་མིན། །རྒྱལ་སྲིད ་སྡེ་ལ་རབ་བཞུགས་དཔལ་ལྡན་བླ་མ་མིན། །རང་གི་མགྲིན་པར་སྐུད་འཆང་དཔལ་ལྡན་བླ་མ་མིན། །ཁྱབ་འཇུག་དབྱུ་གུ་འཆང་བ་དཔལ་ལྡན་བླ་མ་མིན། །ཐལ་བས་ལུས་ལ་བྱུགས་པ་དཔལ་ལྡན་བླ་མ་མིན། །རལ་པ་སྦྱངས་དང་སྐྲ་བྲེགས་དཔལ་ལྡན་བླ་མ ་མིན། །མགོ་བོའི་ཐོད་པ་འཆང་བ་དཔལ་ལྡན་བླ་མ་མིན། །གཅེར་བུ་དང་ནི་སྐྲ་འབལ་དཔལ་ལྡན་བླ་མ་མིན། །དབེན་པའི་དབང་གིས་རབ་དགའ་དཔལ་ལྡན་བླ་མ་མིན། །ལུས་ལ་དམར་པོའི་གོས་གྱོན་དཔལ་ལྡན་བླ་མ་མིན། །པུས་འཁྱུད་རབ་ཏུ་འཆིང་བ་དཔལ ་ལྡན་བླ་མ་མིན། །བསྔགས་བཟློས་བགྲང་ཕྲེང་ཅན་ནི་དཔལ་ལྡན་བླ་མ་མིན། །ཆང་གི་དབང་གི་བག་མེད་དཔལ་ལྡན་བླ་མ་མིན། །སྲོག་ཆགས་རྣམས་ལ་སེམས་སྡང་དཔལ་ལྡན་བླ་མ་མིན། །བདེ་བའི་དབང་གིས་རབ་དགའ་དཔལ་ལྡན་བླ་མ་མིན། །སྡུག་བསྔལ ་དབང་གིས་གདུངས་པ་དཔལ་ལྡན་བླ་མ་མིན། །ཐར་པའི་ལམ་ལ་བག་མེད་དཔལ་ལྡན་བླ་མ་མིན། །ལམ་ལས་ཉམས་པའི་སེམས་ལྡན་དཔལ་ལྡན་བླ་མ་མིན། །ཀུ་འགྲོ་ཆོས་ནི་ཉམས་པ་དཔལ་ལྡན་བླ་མ་མིན། །རང་དབང་སྡུག་བསྔལ་བྱེད་པ་དཔལ ་ལྡན་བླ་མ་མིན། །མཁར་གསིལ་ལྷུང་བཟེད་ལག་འཆང་དཔལ་ལྡན་བླ་མ་མིན། །བླ་གབ་མེད་པའི་རྣལ་འབྱོར་དཔལ་ལྡན་བླ་མ་མིན། །ཤིང་གི་དྲུང་ན་གནས་པ་དཔལ་ལྡན་བླ་མ་མིན། །སྡུག་བསྔལ་སྟེར་བའི་ཕྱག་དར་དཔལ་ལྡན་བླ་མ་མིན། །དུས་སུ་ཟ་བའི་དགེ་སློང་དཔལ ་ལྡན་བླ་མ་མིན། །སྐྱེ་བོ་མེད་པའི་རྫོང་ནས་དཔལ་ལྡན་བླ་མ་མིན། །བྲག་ཕུགས་རྣམས་སུ་རབ་ཞུགས་དཔལ་ལྡན་བླ་མ་མིན། །གང་ཞིག་ཡོན་ཏན་རིན་ཕུང་དང་ལ་ལྡན་བླ་མ་དེ། །གང་ཞིག་སྲིད་པའི་སྐྱོན་འཇོམས་དཔལ་ལྡན་བླ་མ་དེ། །གང་ཞིག་སྙན་པའི་ངག་སྨྲ་དཔལ་ལྡན་བླ་མ་དེ། ་གང་ཞིག་ལམ་བཟང་སྟོན་པའི་དཔལ་ལྡན་བླ་མ་དེ། །གང་ཞིག་དམྱལ་བའི་མེ་འཇོམས་དཔལ་ལྡན་བླ་མ་དེ། །གང་ཞིག་སྲིད་པའི་ཕར་སྒྲོལ་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་གཉེན་ཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་མིག་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག ་འགྲོ་བའི་རྗེ་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་ཟླ་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་སྐྱེ་འགྲོའི་ཉི་གཅིག་དཔལ་ལྡན་བླ་མ་དེ། གང་ཞིག་བདེ་གཤེགས་རྗེ་རིགས་དཔལ་ལྡན་བླ་མ་དེ། །གང་ཞིག་མི་ཟད་ལམ་སྟོན་དཔལ་བླ་མ་དེ། །གང་ཞིག་མགྲིན་པར་ཐོས ་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་མི་འགྱུར་དབུས་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་ཡོན་ཏན་རྡུལ་ལུས་དཔལ་ལྡན་བླ་མ་དེ། །གང་ཞིག་རྒྱལ་བའི་སྤྱོད་འཆིང་དཔལ་ལྡན་བླ་མ་དེ། །གང་ཞིག་ལུས་ཀྱི་གོ་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་སྐྲ་འབལ་བ་ཡི་དཔལ་ལྡན ་བླ་མ་དེ། །གང་ཞིག་སྲིད་གདུག་གཅེར་བུ་དཔལ་ལྡན་བླ་མ་དེ། །གང་ཞིག་དུས་གོས་འཛིན་པའི་དཔལ་ལྡན་བླ་མ་དེ། །གང་ཞིག་བདུད་རྩིའི་འཐུང་ཆགས་དཔལ་ལྡན་བླ་མ་དེ། །གང་ཞིག་དམ་ཚིག་ལ་ཞུགས་དཔལ་ལྡན་བླ་མ་དེ། །གང་ཞིག་ལུས་སྲུང་འདོད་པའི་དཔལ་ལྡན་བླ ་དེ།། གང་ཞིག་རླུང་གི་?་ལྡན་དཔལ་ལྡན་བླ་མ་དེ། །གང་ཞིག་རྒྱལ་བའི་ཤིང་དྲུང་དཔལ་ལྡན་བླ་མ་དེ། །གང་ཞིག་བརྟུལ་ཞུགས་སྣོད་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་བདེ་བའི་ཁྲོད་འཛིན་དཔལ་ལྡན་བླ་མ་དེ། །མི་ཟད་དུས་ཟའི་དཔལ་ལྡན་བླ་མ་དེ། །གང་ཞིག་ནམ་མཁའ་ཨི་གནས་ཞུགས་དཔལ་ལྡན་བླ་མ་དེ། ་གང་ཞིག་ནམ་མཁའ་ཕུགས་ཞུགས་དཔལ་ལྡན་བླ་མ་དེ། །གང་ཞིག་སེམས་ཅན་མཉམ་སེམས་དཔལ་ལྡན་བླ་མ་དེ། །འཇིགས་མེད་དག་གསུམ་སྟེར་བ་བླ་མ་དཔལ་གང་དེ། །དཔལ་ལྡན་བླ་མ་དེ་ནི་ཅི་ཕྱིར་བསྟེན་མི་བྱ། །དཔལ་ལྡན་བླ་མ་དེ་ནི་ཅི་ཕྱིར་མཆོད་མི་བྱ། །དཔལ་ལྡན་བླ་མ་དེ་བཅི?་ཕྱིར ་?་བྱ། །མལ་སྟན་བཞོན་པ་བྲན་ཁོལ་ཞོ་ཆས་འཚོ་རྣམས་དང། །ཡན་ལག་བཟང་པོ་བུ་མོ་མཛེས་མ་རྣམས་དང་ནི། །ཆུང་མ་སྙིང་སྡུག་བུ་དང་རྩ་ལག་བཅས་པ་དང། །མ་ལུས་པ་ཡིས་ཀྱང་ནི་བདེ་བ་སྟེར་བ་ལའོ། །སཱ་ལུའི་ཟན་དང་ཤ་དང་དྲི་ཞིམ་མར་དག་དང། །བཟ?་དང་བཅད ་བ?་སྦྱིན་པ་ཡིད་འོངས་མང་པོ་དང། །གཏམ་པོ་ལ་དང་ག?་ཁ་བཤལ་བཟང་པོ་དང། །གླ་རྩིལ་སོགས་ལའི་བདུད་མང་དགྲ་ལའོ། །རབ་ཏུ་འཆང་བའི་དོ་ཤལ་ནོར་བུ་རྣ་ཆ་དང། །སྐེ་རགས་དང་བཅས་རྐང་གདུབ་ཡན་ལག་སྲུང་དང་ནི། །ཅོད་པན་དང་བཅས་དཔུང་རྒྱུན་རྐེ་ནོར་བཟང་སོགས ་དང། སྣ་ཚོགས་ན་བཟའ་ཡིས་ནི་སྡུག་བསྔལ་མང་འཇོམས་ལའོ། །བྱུག་པ་དང་ནི་གུར་གུམ་ཙནདན་ལྔ་སོགས་པ། ། ཀ་རུ་ནག་སི་ཧཱ་ལ་སོགས་སྤོས་དང་ནི། །ཙམ་པ་ཀ་མཆོག་ལ་སོགས་དྲི་ཞིམ་མེ་ཏོག་དང། །རིན་ཆེན་མར་མེས་ལམ་ནི་མི་ཉམས་ལའོ། །རྩོད་ལྡན་དབང་གིས་བླ ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་པ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་?་ལེགས་དཔྱད་ནས་།བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་བའོ། །རྡོ་དང་ཤིང་གི་རང་བཞིན་སངས་རྒྱས་རྣམས་ཀྱིས་ནི། །སྐྱེ་བ་འབུམ་ཕྲག་གིས་ནི་ཐར་པ་མི་སྟེར་རོ། །སྐྱེ་བ་འདི་ཉིད་དུ ་?་གང་ཞིག་བརྟག་པ་ནི། །བླ་མ་།སྟེན?་པ་ཡིས་ནི་བདེ་བ་སྟེར་བར་མཛད། །སྤུན་དག་ཆུང་མ་སྙིང་སྡུག་གྲོགས་པོ་མགོན་པོ་དང། །བླ་མ་དག་དང་མཚུངས་པའི་ཕ་མ་ཡོད་མ་ཡིན། །སྐྱེ་བ་འདི་ཉིད་དུ་ཡང་སྡུག་བསྔལ་འཇོམས་པ་ཡི། །རྡོ་རྗེ་འཛིན་འཛིན་པའི་དཔལ་བཟངས་དག་གིས་སྟེར་པའོ། །ཤིན་ཏུ ་རྣམ་པར་དག་པའི་བློ་ཡིས་བསྟེན་བྱ་ཡིས། །ཇི་ལྟར་གྱི་དུས་སྡུག་བསྔལ་སྟེར་བར་མིན་བའོ། །མ་དག་སེམས་ཀྱིས་བསྟེན་པས་སྡུག་བསྔལ་འགྱུར་བ་སྟེ། །དཔེར་ན་རིམས་ནད་རྒྱས་པ་ལ་ནི་མར་གྱི་བཏུང་བ་བཞིན། །འདི་ལྟར་བདེན་པའི་དོན་དུ་བླ་མས་མ་བྱས་པས། ཉམS ་པའི་སེམས་ཀྱིས་སྡུག་བསྔལ་མང་དུ་སྟེར་བར་བྱེད། །ཤིང་ལས་རིང་དུ་ལྟུང་བའི་སྡུག་བསྔལ་མཆོག་མིན་པས། །འདོད་པའི་འབྲས་བུ་སྔོན་དུ་བོར་བ་མཆོག་ཡིན་ནོ། །ལྟོས་འགྲོའི་དུག་ནི་གྱུར་དུ་ཁྱབ་པ་དག་དང་ནི། །གདོང་ལྔ་པ་དང་ངེས་པར་གླང་པོ་ཆེ་དང་ནི། །ཁྲོ་བོ་ཆེན་པོའི་གཤིན་རྗེ་ཁ་ནི ་མཆོག་ཡིན་ཀྱི། །གདུག་པའི་སློབ་མས་བླ་མ་ལ་ནི་བརྟེན་པ་མིན། །དཔལ་ལྡན་བླ་མའི་ཞབས་ལ་བརྟེན་པར་འདོད་པ་དེ། །རབ་ཏུ་ཁྲོས་པས་སྐྱེ་བ་བརྒྱ་དུ་མི་འདོད་པའོ། །དེ་ཕྱིར་རང་གི་བློ་ཡིས་དབྱད་ནས་ནི། །བསྟེན་པར་བྱ་ཡི་ཁྲོ་?་ནི་མི་བྱའོ། །རྡོབ་དང་ནི་ཤིང་གི་རང ་བཞིན་གཟུགས་བརྙན་གྱི་།དེ་ལ་ཕ་རོལ་ཞེན་པས་འདིར་ནི་མཆོག་བྱེད་ཅིང་།གང་ཞིག་སེམས་དང་བཅས་པས་ཡོན་ཏན་རྒྱ་མཚོ་ཡི། །བླ་མ་ཆེན་པོ་ཡོངས་སུ་སུན་འདོད་ཏེ། །དུ་མའི་བདུད་དང་དམྱལ་བའི་མེ་ནི་སྐྱོང་བ་དང། །བགེགས་དང་ལོག་འདྲེན་རྣམས་ཀྱིས་རྟག་ཏུ་དེ ་བཟུང་སྟེ། །སེམས་བཅས་བསལ་བ་རྒྱལ་བའི་དབང་བོ་སྤངས་ནས་ནི། །གང་ཞིག་སེམས་མེད་པ་ལ་རབ་ཏུ་མཆོད་བྱེད་དོ། །འཇམ་པའི་དཔལ་ནི་དང་པོའི་སངས་རྒྱས་ཡིན་པ་ལ། །སྟོན་པ་གཞན་དག་རྣམས་ལ་མཆོད་པ་མཛད་པ་ནི། །ཅི་ཕྱིར་ཞེན་སེམས་ཅན་གདུལ་བའི ་དོན་ཡིན་གྱི། །གཞན་དུ་ཐར་པ་ལ་ནི་འདོད་ཅིང་ཆགས་པས་མིན། །དེ་བཞིན་བླ་མས་འདོད་བའི་རྟགS་ནི་བཀོད་ནས་སུ། །མི་ཤེས་འཇིག་རྟེན་རྣམས་ཀྱི་བསོད་ནམས་རྒྱུ་རུ་ནི། །ཕྱག་མང་བ་དང་མཆོད་པ་དག་ཀྱང་མཛད་པ་སྟེ། །འོན་ཀྱང་མྱ་ངན་འདས་བའི་ལམ་ལ ་ཆགས་པ་མིན། །ཆུང་མ་བུ་དང་རྩ་ལག་མང་པོའི་སྡེ་རྣམས་དང། །སོ་བོ་ནོར་དང་རྒྱལ་སྲིད་དགྲ་མེད་ཕྱོགས་དང་ནི། །གྲུབ་པ་ཉིད་དང་དབང་པོ་དྲང་སྲོང་དང་བཅས་པ། རེ་ཤིག་ལུས་པོ་འདི་ནི་མི་རྟག་པ་ཉིད་དོ། །ཁམས་གསུམ་རྣམ་པ་བརྟན་དང་གཡོ་བ་ནི། །ཅུང་ཞིག་མི ་བཟད་བ་ནི་གལ་ཏེ་འདིར་མཐོང་དང། །གང་ཞིག་དངོས་པོའི་གཟུགས་ནི་མི་ཤིགས་ཡོད་འགྱུར་ན། །འདི་རྣམས་དག་ལ་གཏི་མུག་ཆེད་དུ་ཆགས་པར་གྱིས། །ཇི་སྲིད་འཆི་བདག་རབ་ཏུ་མ་སད་བར་དུ་ནི། །དེ་སྲིད་དུ་ནི་ཁྱོད་ཀྱིས་ལུས་འདི་སྲུང་བར་གྱིས། །འདི་ནི་རབ་ཏུ་སད་ན་ཁྱོད་ཀྱིས་བསྲུངས་ན་ཡང། །ལུས ་ནི་ངེས་པ་རུ་ནི་ཅེ་སྤྱད་རྣམས་ལ་སྟེར། །དེ་བཞིན་ཆུང་མ་དང་ནི་བུ་དང་རྩ་ལག་དང། །གྲོགས་དང་མགོན་པོ་དག་ལ་སྐྱབས་སུ་སོང་ན་ཡང། །འབར་བ་ལ་སོགས་པ་ལ་དུས་ཀྱིས་བྱིན་པས་ན། །དབང་པོ་ལ་སོགས་ཀྱི་ནི་བསྲུང་བར་ནུས་མ་ཡིན། །གྲུབ་པ་དང་ནི་དྲང་སྲོང་ལྟ་ཡི་དབང་པོ ་དང?་དཔག་མེད་བགྲང་དུ་མེད་པ་དེ་ཡིས་ཟད་པར་ཁྲིད། །ཡེ་ཤེས་མེ་ནི་ཇི་སྲིད་མཐོང་བར་མ་གྱུར་པར། རང་གི་ལས་དག་སུ་ཞིག་གིས་ནི་བཟློག་པར་འགྱུར། །འདི་དག་ཐམས་ཅད་མི་རྟག་འདོད་པ་མ་ཡིན་ཏེ། །ཡེ་ཤེས་བདུད་རྩི་བླ་མའི་ཞལ་ནི་འདོད་པའོ། །གཉིས་པོ་འདི་ལས་བདེ་དང ་སྡུག?་བསྔལ་རབ་ཏུ་སྐྱེད། །ངེས་པར་ལེགས་པར་བརྟགས་ན་ཅི་ཞིག་ལེན། །འཁོར་བའི་རྫོང་དག་ཏུ་ནི་འཁྱམ་པའི་རང་བཞིན་ཅན། །ཇི་སྲིད་རང་གི་ལུས་ལ་མཆོད་པར་བྱེད་པ་བས། །མྱ་ངན་ལས་འདས་བདེ་བ་མ་ལུས་སྟེར་མཛད་པ། །དེ་སྲིད་དེ་ནི་བླ་མར་ཅི་ཡི་ཕྱིར་མི་བྱེད། །རང་གིས ་དམིགས་པའི་ནོར་རྣམས་ཀུན་ཀྱང་བྱིན་ནས་ནི། །དམྱལ་བའི་མེ་སྟེར་བུ་ག་ལེན་པར་བྱེད། །སངས་རྒྱས་ཡན་ལག་བཟང་མོ་འཁྱུད་པ་སྟེར་མཛད་གང། །ཅི་ཕྱིར་བཟང་མོ་དེ་ནི་བླ་མ་ལ་མི་འབུལ། །སོ་བ་དང་ནི་ནོར་རྣམས་ཡིད་དུ་འོང་བ་དང། །ཡན་ལག་བཟང་མོ་དག་ནི་བསོད ་ནམས་སྟོབས་ལས་འགྱུར། །སྡིག་པ་དག་གི་དབང་གིས་ཡུན་རིངས་བསགས་པ་ཡི། །རབ་ཏུ་འབད་དེ་བསྲུང་བར་བྱས་ཀྱང་ཉམས་པར་འགྱུར། །དེ་ཕྱིར་ཁྱད་པར་འཕགས་ཤིང་ཡིད་དུ་འོང་བ་ཡི། །སྐྱེ་བ་དུ་མ་རུ་ནི་བདེ་བ་སྟེར་བྱེད་པ། །གང་ལ་ངེས་པར་ཕུལ་བས་རབ་ཏུ་འགྱུར ་བ་ཡི། ནོར་རྣམས་ཀུན་གྱིས་བླ་མའི་ཞལ་ལ་དབུལ་བར་བྱ་བྱིན་པའི་ནོར་རྣམས་འབྲས་བུ་དག་ཏུ་འགྱུར་བ་ནི། །ཤིན་ཏུ་རྣམ་དགས་ལ་ས་བོན་བཏབ་པ་བཞིན། །དེ་རྣམས་རབ་ཏུ་མ་བྱིན་འབྲས་བུ་མེད་པ་ནི། །དཔེར་ནས་བཟང་དག་ལ་ས་བོན་མ་བཏབ་པར། །ས་བོན་མ་བཏབ་ཞིང ་ལ་འབྲུ་ཡི་ཆེད་དུ་ནི། །རྨོངས་པ་ཤིན་ཏུ་ཉོན་མོངས་པར་ནི་བྱེད་པ་ལྟར། །བླ་མ་ལ་ནི་ནོར་མ་ཕུལ་བ་དེ་བཞིན་དུ། །འཛིན་པར་འདོད་པ་དག་ནི་ས་ལ་འཁྱམ་པར་བྱེད། །ནོར་ལ་འདོད་ཅིང་བརྐམ་པས་ཞིང་གི་ལས་ལ་ནི། །རྟེན་དང་ཆོང་དང་རིག་པ་དག་ནི་འཛིན་པར་བྱེད། །དེ ་ལྟར་ན་ཡང་བཀྲེན་པའི་དུས་ནི་དུ་མ་རུ། །མྱུང་བ་དག་ཏུ་འོངས་ནས་སྡིག་ཅན་ལ་ནི་གནས། །ཉོན་མོངས་མ་གཏོགས་འབྲུ་དང་གསེར་དང་ཆུང་མ་དང། །བསོད་ནམས་མང་བྱེད་པ་ལ་བསམ་མི་ཁྱབ་པར་འགྱུར། །གྲུབ་པ་ཉིད་དང་དབང་པོ་དྲང་སྲོང་མཆོག་རྣམས་དང། །དགྲ་མེད་རྒྱལ ་སྲིད་ས་གཞིའི་བདེ་བ་སྟེར་པའོ། །ཁམས་གསུམ་དག་ན་གང་དག་བདེ་བ་ཅུང་ཟད་ནི། །མ་ལུས་དེ་ནི་བླ་མ་དགྱེས་པའི་སྟོབས་ཀྱིས་སོ། །བཀྲེས་དང་ནད་དང་དམྱལ་བའི་མེ་ཡི་སྡུག་བསྔལ་ནི། །མི་བཟད་དེ་ནི་མི་དགྱེས་པ་ལས་བྱུང་བ་ཡིན། །བླ་མའི་དྲིན་གྱིས་འདོད་པའི་དངོས་གྲུབ ་འགྱུར་བ་ནི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་མེད་རྒྱུད་གསུངས་པ། །དེ་ནི་མ་དགྱེས་པ་ཡིས་དམྱལ་བར་འཇུག་པ་ཡི། ཚིག་འདི་ཉིད་ནི་དེ་དང་དེའི་རྒྱུད་ལ་གནས། །ཡོན་ཏན་དམ་པས་གང་བར་བླ་མའི་ཐུགས་ཤེས་ནས། །འཁོར་བའི་རྒྱུ་རུ་གང་རྣམས་ཀྱིས་ནི་དོར་བར་བྱེད། །གྲངས ་མེད་བསྐལ་པར་བདེ་བ་ཉམས་པ་དེ་རྣམས་ནི། །རྡོ་རྗེ་མེ་ཡིས་སྨིན་པའི་དམྱལ་བ་དག་ཏུ་འཚེད། །བླ་མ་དམ་པ་སླུ་བར་བྱེད་དང་སྡིག་སོགས་གང། །སློབ་མ་འབའ་ཞིག་རྣམས་ནི་དེ་རུ་མི་འཚེད་ཀྱི། །དེ་བཞིན་བླ་མ་ཡང་ནི་ཞེན་པའི་དབང་གིས་ཉམས། །ཆགས་པ་ལ་སོགས ་འབར་བའི་མེ་ལ་རབ་ཏུ་འཇུག། བླ་མ་དང་ནི་སློབ་མ་ངེས་པར་རྣམ་པར་ཉམས། །རང་རང་སྡུག་བསྔལ་འདི་ནི་གཉིས་ཀའི་?་མོད་ངོ། །དེ་བས་བླ་མ་སློབ་མ་འདི་རུ་ཉམས་པ་ནི། །རང་གི་བློ་ཡིས་རིང་དུ་ཡོངས་སུ་སློང?་བར་བྱེད། །སྨྱོན་པ་རྡོ་རྗེའི་སེན་མོ་གདོང་པ་ལྔ་པ་དང། ། ་རྐང་བརྒྱད་ཁྲོ་བོའི་གདོང་ལ་མཆེ་བ་དང་ལྡན་དང། །ཤིན་ཏུ་ཁྲོ་བའི་གདེངས་ཀ་འཛིན་པ་མཆོག་ཡིན་གྱི། །ལམ་ཉམས་བླ་མ་སློབ་མ་དག་ནི་འདི་ལྟར་མིན། །བླ་མ་ལྟུང་བ་ལས་ནི་སློབ་མ་མེ་ལྟུང་བ། །སློབ་མ་ལྟུང་བ་ཡིས་ནི་བླ་མ་ཡང་མི་ཉམས། །ཤིང་གི་ཡལ་གེ་མཐོན ་པོར་འཛེག་པ་དག་ལས་ནི། །གང་ཞིག་ལྟུང་བར་གྱུར་པ་དེ་ནི་འཆི་བར་འགྱུར། །བླ་ན་མེད་པའི་རྒྱུད་ལས་ལྟུང་བ་བཞི་ཡིས་ནི། །རྩ་བ་དང་བཅས་དངོས་གྲུབ་དག་ནི་འཕྲོག་པར་བྱེད། །དཔག་མེད་བསྐལ་པ་རུ་ནི་བདེ་བ་རྣམ་པར་ཉམས། །ལས་དན་ལ་གནས་དབང་བསྐུར་སློབ་མ་རྣམས་ལ་གསུང། །བླ་མའི ་སེམས་སུན?་པ་ཡིས་ལྟུང་བ་གཅིག་ཡིན་ཏེ། །བཀའ་ནི་ཡོངས་སུ་སྤངས་པའི་དབང་ལས་གཉིས་པའོ། །སྤུན?་ལ་རབ་ཏུ་ཁྲོས་ནས་སྨྲ་བ་གསུམ་པ་སྟེ། །བྱམས་པ་ཡོངས་སུ་སྤངས་པའི་དབང་གིས་བཞི་པའོ། །དཔལ་ལྡན་བྱང་ཆུབ་སེམས་སྤངས་དབང་གིས་མངའ་ཞེས་བྱ། །གྲུབ་པའི་མཛའ་ ་ལ་སྐྱོན་བཟུང་བས་ནི་དྲུག་པ་སྟེ། །སྔགས་པ་མིན་ལ་ཕེབས་པར་སྨྲ་བས་རི་ཞེས་བྱ། །ཕུང་པོ་སོ་སོར་ཉོན་མོངས་བྱེད་པ་བརྒྱད་བ་ཡིན། །དག་པའི་ཆོས་ལ་མ་དང་པས་ནི་གཟའ་ཞེས་བྱ། །གདུག་པ་དང་བཅས་བྱམས་པ་བཟུང་བས་ཕྱོགས་ཞེས་སོ། །དམ་པའི་ཆོས་ལ་ཀུན་རྟོག་དབང་གིS ་དྲག་པོ་ཞེས། །དག་པའི་སེམས་ཅན་སུན་འབྱིན་པ་ཡིས་ཉི་མ་སྟེ། །དམ་ཚིག་བསྟེན་པར་མ་བྱས་པ་ཡིས་ཡན་ལག་མེད། །བུད་མེད་རྣམས་ལ་བཤུད་བ་ཡིས་ནི་བཅུ་བཞི་ཡིན། །འདི་རྣམས་དག་ནི་ཡོངས་སུ་སྤང་བར་བྱས་ནས་ནི། །འདོད་པའི་བློ་ཡིས་བླ་མ་ལ་ནི་བསྟེན་པར་བྱ། ། ་འདོད་ཆགS་ལ་སོགས་པ་དང་མི་ཤེས་དབང་གིས་ན། །བག་མེད་སློབ་མ་རྣམས་ནི་གལ་ཏེ་ལྟུང་འགྱུར་ན། །སླར་ཡང་རབ་ཏུ་གནས་པར་བྱ་ཕྱིར་དབང་ཉིད་ནི། །ཕྱིར་བཟློག་པ་ལ་འདི་ནི་ངེས་པར་བྱ་བའོ། །དབང་བདུན་བསྐུར་བ་རྣམས་ལ་ཟློག་པ་ཡོད་པ་སྟེ། །མི་ཤེས་དབང་གིས་གསང ་བ་ལ་ནི་རྒྱལ་མན། །ཤེས་རབ་མངོན་པར་དབང་བསྐུར་བ་ལ་ལྡོག་མེད་དེ། །དཔེར་ན་མི་ཡི་བདག་ཕོ་སྩལ་དུ་ཤི་བཞིན་ནོ། །ལྟ་མོ་རེ་རེའི་རྒྱལ་བའི་སྔགས་ནི་བརྗོད་བ་ལྟ?། །སྟོང་ཕྲག་སུམ་ཅུ་རྩ་དྲུག་པོ་ནི་ངེས་བྱ་ཞིང། །བཟླས་པ་དག་གི་མཛའ་དུ་ཆོགས་ཀྱིས་ཚིམ་པར་བྱ། ། ་ཐུན་མོང་སྐྱོན་གྱིས་ཀྱང་ནི་ཆད་པ་འདི་ཉིད་ཡིན། །ཇི་ལྟར་རང་གི་ནུས་པས་བླ་མ་ལ་ནི་ཡོན། །ཕུལ་ནས་རང་གི་རིགས་སུ་ཐུན་མོངས་པ་རུ་འགྱུར། །དེ་ཡི་སེམས་ཀྱི་རྟེན་དག་ཤེས་པར་བྱས་ནས་ནི། །ལྷག་པ་འམ་ནི་ཉུང་བར་བླ་མས་ངེས་པར་སྦྱིན། །ཆགས་དང་བཟླས་པ་འམ་ནི ་མཆོད་པ་དག་གིས་ཏེ། །དེ་རྣམས་ལ་ནི་བླ་མ་དག་པར་རབ་སྦྱིན་བྱ། །ཤིན་ཏུ་རིང་བའི་ཤིང་ལས་རིང་བོར་ལྷུང་གྱུར་པའི། །ལུས་བོ་ལ་ནི་རྐང་པས་བརྡོག་པར་མི་བྱའོ། །དེ་དག་རྣམས་ཀྱི་སེམས་ལ་སྐྱོན་ནི་རྗེས་གནས་པ། །འདི་རྣམས་ཆད་པ་ཅི་ཞིག་སངས ་རྒྱས་ཀྱིས་མཁྱེན་ཏེ། །དེ་ལྟར་ན་ཡང་རྨོངས་པས་རབ་སད་བྱ་བའི་ཕྱིར། །ཆད་པ་སྦྱིན་གྱི་འདི་ནི་ཆད་པ་མ་ཡིན་ནོ། །གང་ཞིག་སེམས་ལ་གནས་པའི་མ་ལུས་མཁྱེན་པ་ཡི། །རྗེ་མོ་དང་བཅས་བདེ་བར་གཤེགས་པས་འཆད་པ་སོལ། །དགེ་དང་མི་དགེ་ལས་ཀྱི་འབྲས་བུ་དེ ་རྣམས་ལ། །ཆད་པ་གང་སྟེར་བླ་མ་འདིར་ནི་གང་ཞིག་ཡིན། །དཔྱིད་ཟླ་འབྲིང་པོའི་དཀར་པོའི་ཕྱོགས་ཀྱི་ཆ་ལ་ནི། །དཔལ་ལྡན་དཀྱིལ་འཁོར་དེ་ནི་ལེགས་པར་བྲིས་ནས་སུ། དྲེ་མོ་ཟེར། བླ་མས་མངོན་པར་དབང་བསྐུར་རྣམ་བདུན་སྦྱིན་བྱ་ཞིང། །དཔལ་ལྡན་བསྟན་པའི ་དོན་དུ་འཁོར་ལོ་མཆོད་པར་བྱ། །མཆོད་པ་མེད་པས་ངེས་པར་དུས་ཀྱི་འཁོར་ལོ་ནི། །བསྟན་པ་དག་ནི་དག་པའི་ལོ་འདི་མ་ཡིན་ནོ། །གལ་ཏེ་གང་ཞིག་སྐལ་ལྡན་ཐོས་འདོད་སློབ་མ་ནི། །འཁོར་ལོའི་མཆོད་པ་བཅུ་གཉིས་དག་ནི་དེ་ཡིས་བྱ། །ཇི་ལྟར་བུ་བཟངས?་ཀྱིས་ནི ་བག་མ་བླང་བའི་རྒྱུར། །རང་གི་བ་ལ་ནམ་ཡང་གསོལ་བ་མི་འདེབས་ཏེ། །ཡོན་ཏན་དང་བཅས་དུས་ལ་བབ་པའི་བུལ་ནི། །ཕ་ཉིད་ཀྱིས་ནི་བགམའི་བྱ་བ་ཤེས་པར་བྱེད། །དེ་བཞིན་སློབ་མ་རྣམས་ཀྱིས་བླ་མེད་དབང་གི་ཕྱིར། བླ་མ་ལ་ནི་ནན་གྱིས་གསོལ་བ་མི་གདབ ་པོ། བདག་གི་སློབ་མ་སྐལ་བ་ལྡན་ནམ་མི་ལྡན་པའི། །རྣམ་པར་དག་པའི་དེ་ཉིད་དེ་ལ་དེ་ཡིས་ཤེས། །རྣམ་པར་དག་པའི་སློབ་མ་དེ་ནི་མེད་པ་ལ། །རྫོགས་པའི་བྱང་ཆུབ་རྒྱུ་རུ་དབང་བསྐུར་རིན་པོ་ཆེ། །རང་གི་ངག་གིས་ཀུན་ནས་རྣམ་པར་དག་པ་འདི། །མཆོད་བ་མེད་ནའང ་བླ་མ་ཡིས་ནི་སྦྱིན་པར་བྱ། །ཆགས་པས་མངོན་པར་ཁེངས་པའི་ང་རྒྱལ་ཅན་དང་ནི། །ཆགས་པས་བག་མེད་གཡོ་ཅན་གྱི་ནི་མི་ལ་ནི། །གང་ཞིག་རྒྱལ་བའི་བཀའ་ཡིས་ཐར་པའི་འབྲས་བུ་སྟེར། །བླ་མའི་ཞལ་གྱིས་དེ་ཉིད་བྱིན་ལམ་བྱིན་པའོ། །གང་གི་ཡིད་ཀྱི་རང་བཞིན ་གང་གིས་ཤེས་ན་ནི། །སྟོན་པ་དེ་ཡིས་དེ་ལ་རང་གི་ཞལ་སྦྱིན་ནོ། །གང་ཞིག་དག་པའི་སློབ་མའི་རང་བཞིན་ཤེས་པ་ཡི། །མངོན་ཤེས་དང་ལྡན་བླ་མ་གང་ཡང་ཡོང་མ་ཡིན། །མ་དག་པ་ཡི་སེམས་ལ་བླ་མའི་འདོད་པའི་ཞལ། །རིམས་ནང་རབ་རྒྱས་རྣམས་ལ་མར་གྱིས ་བཏུང་བ་བཞིན། །བྱིན་ནས་རང་གི་ལུས་ལ་འཆི་བ་ཆེན་པོར་བྱེད། །བདེ་བ་འཁྲུལ་པའི་བཞིན་དུ་བློ་གྲོས་ཉམས་པ་ལ། །གང་ཞིག་སངས་རྒྱས་གཟུགས་བརྙན་མཉམ་པའི་བདེ་བའི་རྒྱུར། །རང་གི་སེམས་ནི་སོ་སོར་སྣང་བ་ཙམ་དུ་བསྒོམ། །དམྱལ་པའི་སྡུག་བསྔལ ་སྟེར་བ་དེ་ཉིད་ནི། །རང་གི་སེམས་ཀྱི་སྐྱོན་གྱིས་བདུད་དུ་སྐྱེ་བྲར?་འགྱུར། །རྡོ་རྗེ་དག་གིས་སྤྲུལ་པའི་གཟུགས་རྣམས་དུ་མ་ནི། །སྡིག་པའི་སྟོབས་ཀྱིས་ཁྱད་པར་དུ་ནི་རྒྱུད་པ་སྟེ། །གཤིན་རྗེའི་གནས་ནི་གདུག་པའི་འཁོར་གྱིས་ཡོངས་གང་བ། །གཤིན་རྗེ་ཁྲོས་པས་རྡོ་རྗེའི་མེ ་ནི་སྨིན་པའོ། །དེ་ཕྱིར་བླ་མ་དང་ནི་རྒྱལ་བའི་དབང་པོ་གཟུགས། །རྣམ་པར་མ་དག་བློ་ཡིས་བསྟེན་པར་མི་བྱའོ། །དཔེར་ན་རྒྱལ་པོའི་དབྱུག་པ་འཛིན་པའི་འཁོར་རྣམས་ཀྱིས། །དགའ་དང་ཁྲོ་བས་བདེ་དང་སྡུག་བསྔལ་སྟེར་བ་བཞིན། །མ་དག་སེམས་ཀྱིས་འདི་ནི་ཤི་བར་གྱུར ་པ་ན། གཤིན་རྗེ་ཁྲོ་བོའི་གདོང་པ་རབ་ཏུ་གཏུམ་པ་དང། །རྡོ་རྗེ་མེ་ནི་སྨིན་པ་མི་བཟད་མཐོང་ནས་ནི། །ཉོན་མོངས་ཁ་ཡིས་ཧ་ཧའི་སྒྲ་ནི་སྨྲ་བར་བྱེད། །སྔོན་དུ་བསགས་པའི་ལས་ཀྱིས་འབྲས་བུ་རབ་ཏུ་རྒྱས། །ཁྱོད་ཀྱི་འདིར་ནི་ངེས་པར་ལོངས་སྤྱོད་པ་རུ་གྱིས། །བླ་མ་ལ་སོགས ་འགྱོད་པར་བྱས་དང་བག་མེད་དང། །སྡང་བ་ཁྱོད་ཀྱིས་ང་ཡིས་བཀའ་ལ་ཅི་ཞིག་བྱེད། །འདོད་པའི་བློ་གྲོས་དཔལ་ལྡན་རྡོ་རྗེ་ཅན་གྱིས་ནི། །མི་བཟང་དམྱལ་བའི་སྡུག་བསྔལ་ལུང་ལས་མ་གསུངས་སམ། །སྡིག་པའི་སྟོབས་ཀྱིས་རབ་ཏུ་ཁྱབ་པ་དག་ཏུ་འགྱུར། །སྡང་པ ་ཁྱོད་ནི་ཅི་ཡི་ཕྱིར་ན་སྡིག་པ་བྱེད། །སྲིད་པའི་སྡུག་བསྔལ་གྱིས་དམན་སློབ་མ་རྣམ་དག་པ། །གང་གི་བཀའ་ཡིས་ཐར་པའི་གོ་འཕང་འགྲོ་བར་འགྱུར། །རབ་ཞི་རྡོ་རྗེ་འཛིན་པའི་དཔལ་ལྡན་བླ་མ་དེ། འཁོར་བའི་རྒྱུ་རུ་ཁྱོད་ཀྱིས་ཀྱང་ནི་འདོར་བྱེད་དམ། །གཤིན་རྗེའི ་བཀའ་ཡིས་ཁྲོ་བོའི་འཁོར་རྣམས་ཀྱིས་བཟུང་སྟེ། །རབ་ཏུ་འདར་ཞིང་གཤིན་རྗེ་མེ་རབ་གཏུམ་པ་ཡི། །སྨིན་པར་ཞུགས་ཤིང་སོགས་ལེ་དང་ནི་རྩེ་གསུམ་གྱིས། །བློ་གྲོས་རྣམ་པར་ཉམས་ལ་གཅོད་དང་འབིགས་པར་བྱེད། །སློབ་མ་དམུས ་ལོང་དེ་ནི་འདི་རུ་ངོ་མཚར་མེད། །མིག་དང་བཅས་པའི་བླ་མ་ལོང་བ་ངོ་མཚར་ཆེ། །རྒྱུད་རྣམས་ཐོས་ནས་ནོར་དང་འདོད་ཆགས་ལ་ཞེན་པ། །དེ་ལ་ཡང་ནི་ངེས་པར་སྟོན་པའི་ཞལ་མེད་དོ། །རྒྱལ་སྲིད་དཔལ་ནི་མ་ལུས་རྣམ་པར་སྤངས་ནས་སུ། །དཔག་མེད་སངས ་རྒྱས་རྣམས་ཀྱིས་བྱང་ཆུབ་ཡང་དག་བསྟེན། །སྐལ་ལྡན་ཡོན་ཏན་རྣམས་ཀྱི་དེ་ནི་ངེས་པར་ལྟག། དེ་བས་རྒྱལ་བ་རྣམས་ཀྱིས་ནམ་ཡང་མི་འདོར་རོ། །བདེ་བ་རྣམ་པར་མ་མཉམས་ཐར་པའི་དཔལ་དེ་ནི། །བོར་ནས་ཡན་ལག་བཟང་པོ་བོར་ནས་ན་ཆུང་དག་ལ་མོས། ་སྔོན་དུ་བསགས་པའི་ལས་ནི་ངེས་པར་དྲག་པོ་སྟེ། །གང་གིས་བདུད་རྩི་བོར་ནས་དུག་ནི་འཐུང་བར་བྱེད། །གཞན་དག་རྣམས་ནི་བུད་མེད་ལུས་ཀྱི་འདོད་ཆགས་ཞེན། །ལུས་པོ་སྤྱིན་པར་བྱས་ནས་ནོར་ནི་འཛིན་པར་བྱེད། །ཤིན་ཏུ་བསོད་པའི་ཟས་ལ་ཞེན་པའི་ཉ ་བཞིན་དུ། །སྐད་ཅིག་བདེ་བའི་རྒྱུ་ཡིས་རབ་ཏུ་ཉམས་པར་འགྱུར། །བྲམ་ཟེ་གང་གི་རང་གཟུགས་པགས་པའི་རང་བཞིན་གྱིས། །དགའ་མ་ལ་ནི་སོ་སོར་བརྟེན་པའི་དོན་དག་ཏུ། །འཇུག་དོགS་དག་ཏུ་སོང་ནས་སླར་ཡང་འོངས་ནས་ནི། །གཟུགས་བརྙན་འདོད་མ་དེ་ནི ་མཛེས་མ་མོས་པ་མེད། །དེ་བཞིན་དུ་ནི་རྒྱལ་བའི་སྤྲུལ་པའི་སྐུ་དག་ལ། །འཇུག་དགས་ལ་བརྟེན་རང་གི་དོན་འདོད་དུ་མ་དང། །འཁོར་བའི་བདེ་བ་སོ་སོར་ཞེན་ཅིང་དོན་དུ་སྟེར་ཟེར་ཆགས་པ་ཅན། །བསྟན་པའི་རྟག་ལ་གུས་བྱེད་རྣམས་ཀྱིས་མཆོད་མི་བྱེད། གཞན་དག་ཀྱང་ནི་འདོད ་པའི་དངོས་གྲུབ་དག་ལ་ཞེ་ན། །བྲི་ཡ་གང་དང་ནྱ་གྲོ་དྷ་འོག་གང་གི་གནས། །འཇིགས་བྱེད་རི་དང་འཇུག་ངོགས་དང་ནི་གཞན་དག་ལ། །ལམ་ལས་རྣམ་པར་ཉམས་པ་རྣམས་ནི་ལྟུང་བར་འགྱུར། །བྲམ་ཟེ་རྣམས་ལ་རང་ནོར་མ་ལུས་བྱིན་ནས་ནི། །ཉི་མ་ཟླ་བ་གཟའ་ཡིས་ཟིན་པར་ལྷུང ་བར་བྱད། །ཐུབ་པར་དཀའ་བའི་བདུད་ཀྱི་ཚོགས་ཀྱིས་རྣམ་པར་རྨོངས། འཁོར་བའི་འབྲོག་ཏུ་ལམ་ནི་རྣམ་པར་ཉམས་པ་ཡིན། །མི་རྣམས་གང་ཞིག་བླ་མ་དམ་པའི་ཞལ་དམན་པས། །མི་བཟད་འཁོར་བའི་སྡུག་བསྔལ་རྣམ་པར་བརྣག་བཟོད་ཅིང། །ལམ་ངན་ཡང་དག་འདྲེས་པའི་དབང ་གིས་རྣམ་ཉམས་ཏེ། །དཔེར་ན་དགོན་པར་ཞུགས་པའི་དེད་དཔོན་དང་མཚུངས་སོ། །དེས་ན་བླ་མ་ཐར་པའི་ལམ་ནི་སྟེར་བ་པོ། །སློབ་མ་ཡིས་ནི་ཤིན་ཏུ་གུས་པས་བསྟེན་བྱ་སྟེ། །ཆུང་མ་དང་ནི་བུ་དང་གཡོ་བ་མ་ལུས་དང། །ལུས་དང་ངག་དང་ཡིད་ནི་གཡོ་བ་མེད་པས་སོ། །ཐུན་མཚམས་གསུམ་དུ ་ཤིན་ཏུ་རྣམ་པར་དག་པ་ཡིས། །ཁ་དང་ལག་བརྐང?་པ་དག་ནི་ཁྲུས་བྱས་ཏེ། །མེ་ཏོག་ཡང་དག་བླངས་ནས་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པར་བྱ། །བླ་མའི་ཞབས་ཀྱི་ཆུ་སྐྱེས་མེ་ཏོག་གིས་མཆོད་ཅིང། །ཤིན་ཏུ་གུས་པས་སྤྱི་བོ་ལག་པས ་ཕྱག་བྱའོ། །བླ་མའི་ཞལ་ནས་བཀའ་ནི་རབ་ཏུ་ཐོས་ནས་སུ། །སལ་འཁོད་དེ་རང་གི་ཁྱིམ་དུ་འགྲོ་བར་བྱ། །བླ་མ་དག་གི་སྤྱན་སྔར་རྐང་པ་བརྐྱང་བ་དང། །གདུག་པའི་ཁ་ཡིས་རབ་ཏུ་བརྗོད་པ་དག་དང་ནི། །གཡན་པ་འཕྲུག་དང་ཙུག་དང་ནི་བཞད་གད་དང། །སྐྱེ་བུ་གཞན་གྱི་སྐྱོན་བརྗོད ་གཏམ་ནི་མི་བྱའོ། །ལམ་བཟང་ཤེས་པ་སྔོན་དུ་འགྲོ་བར་མི་བྱ་སྟེ། །གནང་བ་བླངས་ནས་མི་ཤེས་པ་ལ་འགྲོ་བར་བྱ། །བླ་མས་བྱིན་པ་ལག་པ་གཉིས་ཀྱིས་བླང་བྱ་ཞིང། །རང་གིས་འབུལ་ན་སྤྱི་བོ་ཡིས་ནི་ཕྱག་བྱའོ། །བླ་མ་འགྲོན་ནས་བྱོན་འདིར་ཤིན་ཏུ་གུས་པ་ཡིས། །ཕྲག་དོག་ཡོངས་སུ ་སྤངས་པའི་རྒྱུ་དུ?་སྡུག་པ་ནི། །བདེ་བ་སྟེར་བའི་དོན་དུ་དགའ་བར་བྱས་ནས་ནི། །རང་གི་ཕྱག་རྒྱ་རབ་ཏུ་སྦྱངས་ཏེ་དབུལ་བར་བྱ། །ཇི་ལྟར་རང་གི་སེམས་ནི་སྐྱོ་བར་མི་འགྱུར་བར། །མ་འོངས་པ་རུ་དེ་ནི་ཡོངས་སུ་སྨིན་པར་བྱ། །སེམས་ནི་རབ་ཏུ་སྐྱོ་བས་དམ་ཚིག་ཉམས་པ་ཉིད། །ཉམས་པའི་དབང ་གིས་དམྱལ་བ་དག་ཏུ་རབ་ཏུ་འཇུག། དེ་བཞིན་བུའི་ཆུང་མ་བུ་མོ་སྲིང་མོ་དང། །རྒྱུག་མོ་ལ་སོགས་དང་ནི་རིགས་ལྡན་ཁྱོ་མེད་མ། །མཉམ་པའི་བདེ་བའི་དོན་དུ་བློ་རྒྱས་སློབ་མ་ཡིས། །རིམ་གྱིས་དེ་རྣམས་ཡོངས་སུ་སྦྱིན་པར་བྱ། །དག་ཅིང་བཞི་ལྡན་ཁྱོ་མེད་རྣམས་དང་རིགས་ལྡན ་མ། །བླ་མའི་ཞབས་གཉིས་ལ་ནི་མ་ལུས་དབུལ་བྱ་ཞིང། །དབང་བདུན་གྱིས་ནི་མངོན་པར་དབང་ནི་བསྐུར་རྣམས་ལ། །ཇི་ལྟར་རྗེས་སུ་མཐུན་པའི་ཆགས་པའི་དོན་དུའོ། །དེ་བཞིན་འདིར་ནི་རིགས་ལྡན་ཁྱོ་མེད་བསྟེན་བྱ་བ། །ཇི་ལྟར་ཆགས་པS་མངལ་དུ་འཛིན་པར་མི་འགྱུར ་བྱ། མངལ་ནས་འདོད་མི་སྐྱེ་བོའི་ཁ་ན་མ་ཐོབ། །སྐྱེ་བོའི་ཁ་ན་མ་ཐོས་འཇིག་རྟེན་ཕ་རོལ་ཉམས། །ཆགས་པ་འདོད་ཅིང་གཏི་མུག་དབང་དུ་གྱུར་པ་ལ། །དེ་ཕྱིར་ཁྱོ་མེད་རིགས་ལྡན་དག་ནི་སྦྱིན་མི་བྱ། །ཁྲོ་བའི་སེམས་དང་བཅས་ཤིང་ཆང་མི་ཐུན་པ་དང། །དད་ཚུལ་མི་ཤེས་པ་དང ་ནོར་ནི་མེད་པ་ལ། །ནོར་གྱིས་རྙེད་སླ་འགག་པ་མེད་པའི་སྨད་འཚོད་མ། །བསོད་ནམས་མང་པོའི་རྒྱུ་རུ་དེ་རྣམས་སྦྱིན་པར་བྱ། །རྟག་པའི་དངོས་གྲུབ་རྒྱུ་རུ་ཡང་དག་གསན་བ་ནི། །སློབ་དཔོན་ཆེན་པོའི་གོ་འཕང་གནས་ལ་དབུལ་བར་བྱ། །བཟའ་བཅའ་ཡོན་ཏན་བརྒྱད་འགྱུར་མར ་མེས་འབྲས་བུ་སྟེར། །མར་མེ་བརྒྱད་འགྱུར་ཤིན་ཏུ་རྣམ་པར་དག་པའི་ཆང། །ཆང་གི་བརྒྱད་འགྱུར་ན་ཆུང་མ་ལ་རབ་སྦྱོར་ཏེ། །དེ་ཕྱིར་འདོད་པའི་སྦྱིན་པ་ངེས་པར་ཁྱད་པར་འཕགས། །བཟའ་བཅའ་ཤ་དང་ཆང་ལྡན་ཕྱག་རྒྱ་བཟང་མོ་དང། །དཀོན་བརྙེད་པ་རྟག་པར་བླ་མ་ལ་དབུལ་བྱ། །མལ ་སྟན་དག་དང་ན་བཟའ་དང་ནི་བྱུག་པ་དང། །ཁྱད་པར་འཕགས་པ་རང་གི་རྗེ་ལ་དབུལ་བར་བྱ། །དངོས་གྲུབ་དག་ལ་ཆགས་པས་བླ་མའི་སྤྱན་སྔ་རུ། །བློ་གྲོས་རྒྱས་པ་རྣམས་ཀྱིས་ངན་པ་རང་གི་བླང། །རང་གི་ཁྱིམ་ན་བཞུགས་པའི་ཕྱག་རྒྱ་མེད་པ་ན། །རང་གི་ཕྱག་རྒྱལ་ནི་བརྟེན་པར་མི ་བྱའོ། །ཤེས་རབ་དབང་གིས་མངོན་པར་དབང་ནི་བསྐུར་རྣམས་ལ། །དཔལ་ལྡན་སྟོན་པ་རུ་ནི་ཡང་དག་གནས་རྣམས་ཀྱིས། །ཆང་རྣམས་ངེས་པར་ཤེས་རབ་རང་བཞིན་ཡིན་པས་ན། །ཤེས་རབ་རྣམ་པར་དམན་པས་འདིར་ནི་བཏུང་མི་བྱ། །བཏུང་བའི་བརྟུལ་ཞུགས་དོན་དུ་དག་རུང་མ་དག ་རུང། རང་གི་འཁོར་ལོ་ལ་ནི་ཕྱག་རྒྱ་བཟུང་བར་འགྱུར། །རྒྱལ་བ་མཆོག་གིས་དབང་བསྐུར་ཏིང་འཛིན་དོན་དག་ལས། །དབང་གི་དོན་དུ་ཤིན་ཏུ་རྣམ་པར་དག་པའི་སེམས། །ཡན་ལག་དཀར་ཞིང་བཅུ་གཉིས་ལོ་ལོན་གཞོན་ནུ་མ། །དེ་བཞིན་གཤན་དག་སྐྱེ་བོའི་ལོ་ནི་ཉི་ཤུ་མ། །དམ ་ཚིག་ལྡན་ཞིང་བུམ་བཙས་པ་བཟུང་བྱ་སྟེ། །དབང་གི་དོན་དུ་བླ་མ་དག་གིས་བཀའ་སྩལ་པ། །སྡང་དང་ནད་པ་སྐལ་པ་ངན་དང་མདུལ་དང། །ཁེངས་ཤིང་རྫས་ལ་བསྐམ་པ་དང་ནི་རྩོད་འདོད་དང། །བླ་མར་མི་གུས་གཟན་དག་ལ་ནི་སུན་འདོན་མ། །འཇིགས་པ་སྟེར་པ་མོ་དེ་སྦྲུལ་བཞིན་སྤང་བར་བྱ། །ཏིང་འཛིན་?་རུ་མཉམ ་པའི་བདེ་བ་སྟེར་མཛད་མ། །དམ་ཚིག་ལ་ཞུགས་རྒན་པའི་བུད་མེད་མཆོག་ཡིན་གྱི། །གང་ཞིག་སྡུག་བསྔལ་སྟེར་ཞིང་མཉམ་པའི་བདེ་འཇོམས་མ། །དམ་ཚིག་རབ་དམན་བུ་མོ་གཞོན་ནུ་མ་ཉིད་མ་ཡིན་ནོ། །མཁྲིས་པའི་རིམས་ལ་ཁྲིས་པས་ཞི་བར་བྱེད་པའོ། །རྒུན་འབྲུམ་ལ་སོགས་མེད་པའི་སྔོན་བུ་མཆོག ་ཡིན་གྱི། །རབ་ཏུ་ཞི་བའི་ཁྲོས་པ་སྐྱེད་པ་བྱེད་པའོ། །སྨིན་པ་མངར་བ་དྲི་ཞིམ་ཏལ་མ་ཡིན་ནོ། །སློབ་མས་རང་གི་ཕྱག་རྒྱ་བླ་མར་ཕུལ་བ་ནི། །དེ་ནི་ཏིང་ངེ་འཛིན་གྱི་རྗེས་སུ་ཆགས་བྱས་ལ། །སླར་ཡང་བླ་མས་སློབ་མ་ལ་ནི་དེ་སྦྱིན་བྱ། །གཞན་དག་དུ་ནི་སློབ་མའི་སྐྱེ་བོས་བསྟེན་བྱ་མིན། །གང་ཡང་སློབ ་མའི་ཡན་ལག་བླ་མས་མ་གནང་བ། །རྟག་པར་སློབ་མ་རྣམས་ཀྱིས་སྤྱི་བོས་དེ་ལ་འདུད། །རྟག་པའི་དངོས་གྲུབ་འདོད་པས་བླ་མའི་བཀའ་ཡིས་ནི། །མཉམ་པའི་བདེ་བ་སྟེར་མཛད་བསྟེན་བྱ་བསྟེན་མི་བྱ། །ཕྱག་རྒྱ་རབ་ཏུ་སྦྱོར་ལ་རྣམ་པར་བདེ་བས་ནི། །དམྱལ་བའི་སྡུག་བསྔལ་འཇོམས་པར་བྱེད ་པ་ཐོབ་འགྱུར་ཏེ། །སྐྱེ་བ་འདི་རུ་རང་གི་ལུས་ཀྱི་བདུད་འཇོམས་པར། །འགྱུར་བ་དེ་ནི་འདི་རུ་ཤིན་ཏུ་ངོ་མཚར་ཆེ། །གང་རྣམས་དྲིན་གྱིས་དངོས་གྲུབ་བཟང་པོར་འགྱུར་བ་དང། །གང་རྣམས་དྲིན་གྱིས་ཡང་དག་རྫུ་འཕྲུལ་འགྱུར་བ་དང། །གང་རྣམས་དྲིན་གྱིས་བདེ་བ་རབ་ཏུ་སྐྱེབ་དང། །གང་རྣམས ་དྲིན་གྱིས་སྲིད་བའི་མེ་ལས་གྲོལ་བར་འགྱུར། །ཕྱག་རྒྱ་དེ་རྣམས་ཀུན་ལ་རབ་ཏུ་མང་དུ་མཆོད། །ཕྱག་རྒྱ་དེ་རྣམས་ཀུན་ནི་མང་དུ་བསྟེན་པར་བྱ། །ཕྱག་རྒྱ་དེ་རྣམས་ཀུན་ལ་མང་དུ་ཚིམ་པར་བྱ། །ཕྱག་རྒྱ་དེ་རྣམས་ཀུན་ལ་མང་དུ་ཕྱག་བྱ་ཞིང། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་ཡུམ་ཡིན་ཏེ། ་ཕྱག་རྒྱ་དེ་རྣམས་ཀུན་ནི་ཐུབ་བའི་ལྕམ་མོ་ཡིན། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་སྲས་མོ་སྟེ། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་ཚ་མོའོ། །ཕྱག་རྒྱ་དེ་རྣམས་ཀུན་ནི་བདེ་གཤེགས་ཐུགས་བསྡུད་མ། །ཕྱག་རྒྱ་དེ་རྣམས་ཀུན་ནི་བུ་རྣམས་བདེ་སྟེར་མ། །ཕྱག་རྒྱ་དེ་རྣམས་ཀུན་ནི་དགྲ་རྣམས་འཇིགས་ ་སྟེར་མ། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་རྡོ་རྗེའི་ཁྱིམ། །ཕྱག་རྒྱ་དེ་རྣམས་ཀུན་ལ་རང་གི་བླ་མ་བས། །ལྷག་པར་མཆོད་ཅིང་སྤྱི་བོ་ཡིས་ནི་ཕྱག་བྱ་ཞིང། །ཇི་ལྟར་རང་གིས་ནུས་པས་འོད?་གནས་པ་ན། །བུ་བཟངས་རྣམས་ཀྱིས་ནམ་ཡང་དོར་བར་མི་བྱའོ། །འདོད་ཆགས ་གང་ཉིད་ཀྱིས་ནི་སེམས་ཅན་ལྟུང་བྱེད་པའི། །དེ་ཉིད་ཀྱིས་ནི་རྣལ་འབྱོར་ཕ་རོལ་འགྲོ་བར་འགྱུར། །གང་ཞིག་དུག་ཉིད་ཀྱིས་ནི་སེམས་ཅན་འཆི་བྱེད་དེ། །དུག་སྔགས་ཤེས་པས་དེ་ཉིད་ཀྱིས་ནི་ནང་འཇོམས་བྱེད། །དཔལ་ལྡན་ཚངས་པར་སྤྱོད་པ་བུད་མེད་ལ་སྦྱོར་བ། །བླ་ན་མེད་པའི་རྒྱུད་ལས ་དོར་བར་མ་གསུངས་སོ། །དུག་གི་དེ་ཉིད་སྨྲ་བས་དུག་གི་བཟང་པོ་ཟ། །འོན་ཏེ་མ་ཟོས་ན་ནི་གྲགས་པར་མི་འགྱུར་རོ། །གཉིད་ལོག་པ?་དང་སངས་པ་དུག་ནི་མི་ཤེས་པར། །དཔེར་ན་བུ་ཡི་ལུས་ལ་སྦྲུལ་གྱིས་མཆེ་བ་བཏབ། །དེ་བཞིན་དུ་ནི་ཡིད་བཞིན་ནོར་བུ་བྱང་ཆུབ་སེམས། །དེ ་ཉིད་མེད་ལ་བུད་མེད་བྷ་གའི་སྦྲུལ་གྱིས་བཏབ། །སྔཌ་དབང་པོ་ཟོས་ཟེར་པ་རྣམས་ལ་འཕོ་བའི་སྐད་ཅིག་ཞི་བྱེད་མིན། །སྐྱེ་བ་དུ་མའི་མཛའ་རུ་སྡུག་བསྔལ་སྟེར་བའོ། །འཆི་མེད་གདེངས་ཀའི་དུག་གི་མཆེ་བ་ལངས་པ་ན། །རབ་ཏུ་ཁྲོས་པས་ཇི་ལྟར་ཞི་བར་འགྱུར། །ཇི་ལྟར་རྡོ་བའི་གོས་ནི་མེ ་ཡིས་གདུངས་པ་ན། །ཞུ་བར་འགྱུར་གྱི་ཐལ་བ་རུ་ནི་མི་འགྱུར་རོ། །དེ་བཞིན་ཆུ་སྐྱེས་སྦྱོར་བས་མཆོག་གི་བྱང་ཆུབ་སེམས། །རྩོལ་ལྡན་རྣམས་ལ་འདི་ནི་རང་བཞིན་གྱིས་དག་འགྱུར། །མེ་དང་དངུལ་ཆུ་དག་ནི་རྟག་པར་དགྲ་ཉིད་དོ། །མེ་མེད་པ་ཡིས་ཀྱང་ནི་དུལ་ཆུ་མི་འཆིང་སྟེ། །འདུལ ་ཆུབ་བཅིངས་པ་ཡིས་ཁམས་རྣམས་འབིགས་མི་འགྱུར། །ཁམས་རྣམས་མ་?་ཡིས་གསེར་དུ་འགྱུར་བ་མིན། །གསེར་དུ་མ་གྱུར་བ་ལས་རྫས་ནི་མི་འཕེལ་ལོ། །ནོར་གྱིས་རྣམ་པར་དམན་བས་ཡུལ་གྱི་ལོངས་སྤྱོད་མེད། །ལོངས་སྤྱོད་མ་གཏོགས་སྡུག་བསྔལ་རྒྱུན་མི ་འཆད་པ་རུ། །བཅུད་ལེན་སྨྲ་བ་རྣམས་ཀྱི་ལུས་ལ་འགྱུར་བའོ། །བུད་མེད་སྐྱེ་གནས་དང་སྦྱོར་?་བ་མེད་པ་ཡིས། །དེ་བཞིན་གཉིས་པོ་ཡང་ནི་དགྲ་ཆེན་ཉིད་ཡིན་ནོ། །སྦྱོར་བ་མ་གཏོགས་གཡོ་བའི་སེམས་ནི་མི་འཆིང་སྟེ། །སེམས་མ་བཅིངས་པ་ཡིས་ནི་ལུས་ལ་འབིགས?་པ་མེད། ་མ་ཕུག་པ་ཡིས་ལུས་ལ་དག་པའི་སྤྱོད་པ་མེད། །མ་དག་སྤྱོད་པ་ཡིས་ནི་བདེ་བ་མི་སྟེར་རོ། །བདེ་བ་མ་གཏོགས་འགྲོ་དྲུག་སྡུག་བསྔལ་མི་བཟད་པར། །བག་མེད་པ་ཡིས་སྔགས་པ་ངན་པ་རྣམས་ལ་འགྱུར་བའོ། །བུད་མེད་སྦྱོར་བ་དམན་པས་ཐར་པའི་བདེ་བ་མེད། །བུད་མེད་སྦྱོར་བ་དམན་ཀྱང ་སྲིད་མེའི་སྡུག་བསྔལ་མེད། །དེ་བས་རང་གི་བློ་ཡིས་ལེགས་པར་དཔྱད་ནས་ནི། །སྔགས་བ་གང་ལ་མོས་པ་ཡང་ནི་བླང་བར་བགྱིས། །ཤིང་ལས་མེ་དང་ཆུ་ཡང་ཆུ་ཤེལ?་དག་ལས་སོ། །ཞོ་ལས་མར་དང་རྡོ་བ་ལས་ནི་ལྕགས་ཀྱི་རིགས། །བུད་མེད་སྐྱེ་གནས་སྦྱོར་ལས་བདེ་བ་མ་ཉམས་པར།། ་སྐལ་ལྡན་རྣམས་ཀྱིས་སྦྱོར་བས་དེ་ནི་བླང་བར་གྱིས། །རྒྱུད་ཀྱི་ཐོག་མ་དབུས་མཛའ་ལ་གནས་འདོད་པ་ནི། །དགེ་བར་གསུངས་པ་ཡིན་ནི་ཞལ་ཉིད་དོ། །སྦས་པའི་ཡིད་བཞིན་ནོར་བུ་བརྟག་པར་དཀའ་བ་ནི། །བླ་མ་དམ་པ་སླུ་བ་པོ་ཡིས་ཟིན་མི་འགྱུར་རྡོ་རྗེ་བསླང་བདག་ནི་དང་པོར་གསུངS ་པ་སྟེ། རྡོ་རྗེ་མེ་ལ་སྲོག་ཞུགས་པས་ནི་གཉིས་པའོ། །དཔལ་ལྡན་མི་འགྱུར་བྱང་ཆུབ་སེམས་ནི་གསུམ་པ་ཡིན། །འདི་དག་ཉིད་ནི་དགེ་བའི་བརྟུལ་ཞུགས་ཆེན་པོའོ། །འདི་ལྟར་ཉམས་པའི་བདེ་བ་དགེ་བ་མ་ཡིན་ཞིང། །འདི་ལྟར་བསྟན་བཅོས་ཚག་ནི་དགེ་བ་མ་ཡིན་ནོ། །འདི་ལྟར ་གཙུག་ལག་ཁང་གནས་དགེ་བ་མ་ཡིན་ཏེ། །འདི་ལྟར་ལུས་ལ་སྡུག་བསྔལ་དགེ་བ་མ་ཡིན་ནོ། །མྱ་ངན་འདས་པའི་བདེ་ལ་རབ་ཏུ་ཆགས་པ་རྣམས། །གང་ཞིག་འདོད་ཆགས་བྲལ་བ་འདིར་ནི་ཆགས་པར་འགྱུར། །འདོད་ཆགས་རབ་ཏུ་སྤངས་པས་དེ་ནས་ངེས་པར་ནི། །ཆགས་པ ་དང་བྲལ་སྦྱོར་བ་ཡང་ནི་རིང་དུ་འགྱུར། །ཐབས་ཀྱིས་ལག་ཏུ་ཡང་ནི་རྡོ་རྗེ་དྲིལ་བུ་དང། །ཅི་ཕྱིར་ཤེས་རབ་ལག་ཏུ་རྡོ་རྗེ་འདི་ཞེ་ན། །བདུད་རྣམས་གཞོམ་པའི་ཕྱིར་དང་བདེ་བ་བསྟེན་ཕྱིར་ཏེ། །ཚུལ་ཁྲིམས་འཛིན་པས་མཚན་མ་ཤེས་པར་མི་འགྱུར་རོ། །རྒྱལ་པོ་བཅུ་བས་ལྷག་པའི ་ཡོན་ཏན་རེག་སློང་སྟེ། །དགེ་སློང་བཅུ་བས་ལྷག་པའི་ཡོན་ཏན་བསྔགས་པ་བཟང། །དཔལ་ལྡན་ཚངས་པར་སྤྱོད་དང་ཏིང་ངེ་འཛིན་དང་ནི། །བྱམས་པ་ལ་སོགས་དང་ནི་དེ་ཉིད་ངེས་པས་སོ། །དཔག་མེད་བསྐལ་པར་ཐེག་པ་ངན་པའི་བློ་གྲོས་ཀྱིས། །སྦྱིན་པ་ལ་སོགས་ཕྱིན་ཞིང་བརྟུལ ་ཞུགས་སྤྱད་ན་ཡང། །བདེ་གཤེགས་རབ་འཁྲུངས་ས་འདིར་རྒྱལ་པོ་དགེ་སློང་དག། གནས་འདི་ལ་ནི་འདི་ལྟར་རབ་ཏུ་མ་ཞུགས་སོ། །ཉན་ཐོས་ཐེག་པ་ཉིད་ནི་ཐེག་པ་མ་ཡིན་ཏེ། །རང་རྒྱལ་འདི་ལྟར་རྒྱལ་བའི་ས་ནི་མིན་པར་གསུངས། དཔལ་ལྡན་རྡོ་རྗེའི་ཐེག་པ་རྒྱལ་བའི ་ཐེག་པ་ཉིད། །དེ་ཡང་གཉིས་ལས་ཐེག་པ་བར་དང་ཐ་མར་བྱེད། །དེ་ཕྱིར་བླ་ན་མེད་པའི་ཐེག་པ་བོར་ནས་ནི། །འདོད་པའི་བླ་མེད་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །དཔེར་ན་བུག་བཅས་གྲུ་ཡིས་རྒྱ་མཚོའི་ཕ་རོལ་ཏུ། །རིན་ཐང་མེད་པའི་ནོར་བུའི་ཕྱིར་ནི་མི་བགྲོད་དོ། །རང་དོན་ལ་ཞུགས ་འདོད་ཆགས་ཀྱིས་ནི་བག་མེད་པ། །སློབ་མ་རང་གི་ཆུང་མ་ཇི་སྲིད་མ་ཕུལ་བ། །དེ་སྲིད་རྒྱལ་བའི་ཕྱག་རྒྱ་བླ་མས་གསོལ་ལམ་མཆི། །རྣམ་པར་ཉམས་པའི་བློ་ཡིས་འདི་དག་མི་ཤེས་སོ། །རྣོན་པོ་ཡིས་ནི་གསེར་དང་ཤེལ་གྱི་རིན་པོ་ཆེ། །སྨྱུག་མ་ཡིས་ནི་གོར་ཤི་ཤའི་ཙན་དན་ཏེ།། ་ཕྲན་ཚེགས་རང་གི་ཆུང་མ་ཡིས་ནི་སངས་རྒྱས་ཡུམ། །དེ་ཡིས་རབ་ཏུ་རྙེད་ན་འདི་རུ་ཅི་ཞིག་སྐྱོན། །ལམ་བཟངས་བཏང་ནས་དགོན་པ་དག་ཏུ་འཇུག་བྱེད་ཅིང། །བདེ་བ་བཟང་པོ་བཏང་ནས་སྡུག་བསྔལ་ལེན་པར་བྱེད། །ེ་མ་བློ་གྲོས་ཕྱིན་ཅི་ལོག་གི་སྐྱེ་བོ་རྣམས། །དབང་པོ་ལ ་སོགས་ཀྱིས་ཀྱང་སྟེན་བར་མི་ནུས་པ། །དཔག་མེད་བསྐལ་པའི་བར་དུ་མི་འགྱུར་བདེ་བ་ནི། །བླ་མ་དམ་པ་བསྟེན་པ་རྣམས་ཀྱིས་ཐོབ་པར་འགྱུར། །ཡང་ན་ཐོབ་ནས་འདི་ལྟར་ཉམས་པར་མི་འགྱུར་ཏེ། །ངེས་པར་མ་བསྟེན་ལྷག་མ་དང་བཅས་རྣམ་པར་ཉམས། །སེམས་ཀྱི་བག ་མེད་དབང་གིས་དམྱལ་བའི་སྡུག་བསྔལ་ཏེ། །སེམས་ཀྱི་དྲིན་ཀྱིས་ཀྱང་ནི་ཐར་པ་བདེ་བའོ། །རྨི་ལམ་གཟུགས་བརྙན་དེ་ནི་སུ་ཞིག་གིས་བྱས་ཏེ། །བདེ་བ་དང་ནི་སྡུག་བསྔལ་གང་གི་དྲིན་གྱིས་ཐོབ། །བདུད་ནི་རང་གི་སེམས་ཏེ་བདུད་གཞན་ཡོང་མ་ཡིན། །དེ་བཞིན་གཤེགས ་པ་དེ་ཡང་བདེ་གཤེགས་གཞན་ན་མེད། །བདུད་རྣམས་བཅོམ་ཞིང་རྣམ་པར་རྒྱལ་བའི་ཐུབ་པ་ནི། །སེམས་ཀྱིས་སེམས་དག་སོ་སོ་རུ་ནི་ཟད་པ་ཉིད། །སེམས་ལ་ཆུང་ཟད་སྲིད་པ་གང་ཞིག་ལེན་པ་མིན། །དོར་བ་མ་ཡིན་འཕེལ་ཞིང་འགྲིབ་པ་ཡང་མ་ཡིན། །སེམས་ལ་སེམས ་ཉིད་སོ་སོར་སྣང་བ་ཙམ་དུ་ནི། །ཁམས་གསུམ་པ་ནི་དངོས་པོ་སྟོང་བས་གནས་པར་འགྱུར། །ངོ་བོ་མེད་པས་སྟོང་པར་ངོ་བོ་ཉིད་ཀྱི་སྟོང། །འཁོར་བ་མྱ་ངན་ལས་འདས་པའི་གནས་ལ་རབ་ཏུ་ཞུགས། །ཤེས་རབ་ལུས་ལྡན་སྙིང་རྗེ་དང་ནི་ཐ་མི་དང། །བྱང་ཆུབ་སེམས་ཉིད་དེ་ནི་ཡོངས་སུ་བསྒོམ ་པར་བྱ། ཤེས་རབ་ཡན་ལག་བྲལ་ཞིང་སྙིང་རྗེས་ཐ་དང་ན། །མྱ་ངན་འདས་པའི་གནས་ལ་ནམ་ཡང་འགྲོ་བ་མིན། །ཤེས་རབ་ལ་ཞུགས་སྙིང་རྗེ་རྣམ་པར་སྤངས་པ་ནི། །རིན་ཆེན་སེམས་ནི་རྟག་པ་ལ་ནི་རབ་མི་གནས། །ཤེས་རབ་རྣམ་ཐར་ཡིན་ལ་ཐབས་ནི་སྙིང་རྗེའོ། །དེ ་གཉིས་དབུས་སུ་གཉིས་སུ་མེད་པ་གསུངས་པ་སྟེ། །རྒྱལ་བའི་བཞུགས་གནས་བདེ་བ་དམ་པ་དཔག་མེད་པ། །འཁོར་བ་ལས་ནི་གྲོལ་འགྱུར་སྨོན་ལམ་ཙམ་ཡིན་ནོ། །འཇུག་པའི་སེམས་དང་སྨོན་པ་ཡིས་ནི་སེམས་ཉིད་དང། །དབྱེ་བ་ཅུང་ཞིག་དག་ནི་དེ་གཉིས་དག་ལ་ཡོད ་འགྲོ་བར་གནས་པ་དང་ནི་འགྲོ་བ་ཉིད་ཡིན་ཏེ། །གང་ཡང་བྱེ་བྲག་དག?་ནི་སེམས་ཀྱི་དབང་ཉིད་དོ། །འཁོར་བའི་བདེ་བ་སྨོན་པ་ཡི་ནི་སེམས་ཡིན་ཏེ། །དཔག་མེད་བསྐལ་བ་རུ་ནི་གཞན་གྱི་དོན་གྱི་ཕྱིར། །མ་ཉམས་བདེ་བ་འཇུག་པ་ཡི་ནི་སེམས་ཡིན་ལ། །མྱ་ངན་འདས་པའི་མཐར་ཐུག་དེ ་བཞིན་བདག་གི་དོན། །དཔག་མེད་རྒྱུ་རུ་དགེ་སློང་གིས་ནི་གང་ཞིག་བསྲུངས། །བདེ་བ་འདོད་པ་བདེ་ཕྱིར་གང་ཞིག་ཚོལ་བར་བྱེད། །དེ་གཉིས་དབུས་སུ་གཉིས་མེད་སྦྱོར་བ་རིན་པོ་ཆེ། །གང་ཞིག་ལེན་པ་དེ་ནི་མི་ཟད་ཡང་དག་ཞུགས། །སེམས་ཅན་བསམ་པའི་དབང་གིས་བསྡུས ་རྒྱུད་ལས་གསུངས་པའི། །ལག་པའི་ཕྱག་རྒྱ་བཅིང་བར་མི་བྱ་ཞེས་སུ་གྲགས། །དེ་ཉིད་མྱང་འདས་འབྲས་བུ་རབ་ཏུ་སྟེར་མཛད་མ། །ཤེས་རབ་ལ་སོགས་རྒྱུད་ལས་རྒྱལ་བ་རྣམས་ཀྱིས་གསུངས། །འདོད་ལུས་མ་ལ་ཆགས་པར་ཞེན་པ་འདོད་ཅན་དང། །དགེ་སློང་སྒྱིད་ལུག་ཅན ་ནི་གཙུག་ལག་ཁང་གནས་པ། །བདེ་བ་ཡི་ནི་དོན་དུ་གང་ཞིག་ལས་བྱེད་པ། །དེ་ལ་རིགས་བས་རྒྱལ་བ་རྣམས་ཀྱི་རྡོ་རྗེའི་ཚིག་།སྐྱོན་དང་བཅས་པའི་ཕྱག་རྒྱ་དེ་ནི་ཡོངས་སྤངས་ལ། །ཕྱག་རྒྱ་བཟང་མོ་བདེ་བའི་དོན་དུ་བཟུང་བར་བྱ། །དེ་མེད་ན་ནི་ལག་པའི་སྦྱོར་བའི་ཕྱག་རྒྱ ་སྟེ། སྐྱེ་བོ་རྣམས་ལ་རང་དབང་ཡིད་བཞིན་ནོར་བུ་མཚུངས། །གང་ཞིག་སེམས་ལ་རྗེས་གནས་མཉམ་པའི་བདེ་སྟེར་དང། །ཉས་སྐྱོན་དང་བྲལ་སྲིད་བསྡུག་བསྔལ་འཇོམས་བྱེད་མ། །དུ་མའི་རྣམ་པའི་ཡུལ་གྱིས་ཐ་དད་མ་ཡིན་པ། །དེ་འདིར་སྐྱེ་བོ་མཁས་པས ་ཅི་ཕྱིར་འདོར་བར་བྱེད། །གང་དག་སུ་ཞིག་འདོད་པའི་ན་ཆུང་བཟང་མོ་ནི། །དགའ་བས་རྒྱལ་བའི་རྡོ་རྗེ་མཆད་པར་སྟེར་བྱེད་མ། །བདེ་བ་མ་ཉམས་དེ་ལ་བྱང་ཆུབ་བར་དུ་ནི། །རྡོ་རྗེ་འཛིན་པ་དུ་མ་ཡང་དག་མཆོད་པར་བྱ། །ཕྱོགས་གཅིག་དུ་ནི་དམ་ཚིག་དག་ལ་རབ་ཞུགས་མ། །སྐལ ་ལྡན་བདག་གོ་ཞེས་ནི་སྐུལ་ཞིང་སྨྲ་བྱེད་དེ། །འདོད་པའི་དངོས་གྲུབ་རྒྱུ་རུ་རྡོ་རྗེ་མཆོད་མི་བྱེད། །ཉམས་པའི་སེམས་དེ་དམྱལ་བ་རུ་ནི་རབ་ཏུ་འགྲོ། །ལོ་ནི་བཅུ་གཉིས་ལོན་པའི་བུ་མོ་དཀར་མོ་ཉིད། །ཤིན་ཏུ་རྣམ་དག་སེམས་ལྡན་སློབ་མས་རྙེད་ནས་ནི། །ཤིན་ཏུ་གུས་བས་ལེགས་པར་མཆོད ་པ་ཉིད་བྱས་ལ། །བླ་མེད་དབང་ཕྱིར་བླ་མ་ལ་ནི་དབུལ་བར་བྱ། །སྟོན་པ་དེ་ཡིས་དེ་དང་ལྷན་ཅིག་དབང་སྟེར་ཏེ། །སློབ་མ་ལ་ནི་བླ་མེད་བྱང་ཆུབ་རྒྱུ་དུ་སྟེ། །ཤེས་རབ་དབང་བསྐུར་བླ་མའི་ཞལ་དང་ལྡན་པ་ཡི། །བཞི་པ་གཞན་ཡང་དེ་དགྱེས་པ་ཡིས་སྟེར་བ་མཛད། །བླ་མའི་དྲིན་དག་གིས ་ནི་སྨིག་རྒྱུ་ལ་སོགས་པའི། །ཁྱད་པར་འཕགས་པའི་ལམ་ལ་རབ་ཏུ་འཇུག་པར་འགྱུར། །ཡན་ལག་དྲུག་གི་སྦྱོར་བས་རྒྱལ་དབང་གཟུགས་བརྙན་དང། །ཕྱག་རྒྱ་རབ་ཏུ་སྦྱོར་བས་རྣམ་དག་བདེ་བ་ལ། །ཡན་ལག་བཟང་མོ་ཆགས་པ་ལ་ནི་རབ་ཏུ་ཞེ་ན། །གཙོ་བོ་བསྒྲུབ་པར་བྱ་ཕྱིར་དེ་ནི ་བཙལ་བར་བྱ། །ཕྱོགས་གཅིག་གནས་ལ་རྣམ་པ་སྣ་ཚོགས་དུ་མ་ཡིས། །དངོས་གྲུབ་སྟེར་མ་དེ་ནི་མང་དུ་མཆོད་པར་བྱ། །གཙང་ལ་རྣམ་པར་དབེན་པའི་ས་ཡི་ཕྱོགས་དག་དང། །རྒྱལ་བ་འམ་ནི་ཞི་བའི་བདེ་འབྱུང་གནས་དག་ཏུ། །རྟག་པར་རྒྱལ་བ་མཆོད་ཕྱིར་དྲི་ཆེན་དྲི་ཆུ་དང།། ་ཆུ་ལ་སོགས་པ་རྣམས་ཀྱིས་བྱུག་པ་བྱས་ནས་ནི། །སྙིང་ག་ལྟེ་མགྲིན་དཔྲལ་བ་སྤྱི་གཙུག་གསང་བ་ལ། །རིགས་ཀྱི་ལྷ་མོ་རྣམས་ནི་རབ་ཏུ་དགོད་པར་བྱ། །དེ་བཞིན་མིག་ལ་སོགས་པ་རིགས་ནི་དྲུག་པ་སྟེ། །སྟོང་པ་ལ་སོགས་ས་བོན་སྣ་ཚོགས་རིམ་པས་སོ། །དེ་བཞིན་མཆོད་པ་ལྔ ་སོགས་རྣམས་ཀྱིས་མཆོད་བྱས་ལ། །དེ་ནས་ཆུ་སྐྱེས་སུ་ནི་རྡོ་རྗེ་རབ་ཏུ་གཞུག། ཡན་ལག་དྲུག་གི་སྦྱོར་བས་སྨིག་རྒྱུ་ལ་སོགས་པ། །ཡེ་ཤེས་དག་གིས་མེ་ནི་རབ་ཏུ་བཞེངས་པར་བྱ། །རིམ་གྱིས་རྣལ་འབྱོར་སྟོབས་ཀྱིས་ཁྱད་པར་འཕགས་པའི། །རྒྱལ་བ་ནམས་ནི་ཤེས་རབ་མེ་ཡིས་རབ་ཏུ་བསྲེག། དེ་རྣམས ་རབ་བསྲེགས་ཟླ་བའི་གཟུགས་ནི་བཞུ་བ་ལས། །བདུད་རྩི་དབང་པོ་གང་འཛག?་དེ་ནི་རྡོ་རྗེ་ཅན། །དེ་ནི་དབང་གི་དུས་སུ་ཤིན་ཏུ་རྣམ་དག་ཟློས། །ཐིག་ལེ་གསུམ་གྱི་མཛའ་རུ་སྐད་ཅིག་གཅིག་ལ་ཉིད། །ཤེས་རབ་མེད་ཀྱང་འདི་ལྟར་རི་བོང་ཅན་བཞུ་ལས། །གསུམ་པ་ཁྱད་པར་དགའ་བའི་མཛའ་རུ་ཀུན ་ནས་བཙལ་བར་བྱ། །འགྲོ་བའི་མགོན་གཅིག་སྟོན་པ་གཞན་ནི་ཡོད་མ་ཡིན། །ཁམས་གསུམ་དག་ན་བདེ་བ་ཁྱད་འཕགས་གཞན་ནི་མེད། །བདེ་བ་མཉམ་སྟེར་དངོས་གྲུབ་གཞན་ནི་ཡོད་མ་ཡིན། །ལུས་བསྲུང་དོན་དུ་སྲུང་བ་གཞན་ནི་ཡོད་མ་ཡིན། །འདིར་ནི་དཀྱིལ་འཁོར་དག་དང་སྐུ་གཟུགས་དཀྱིལ ་འཁོར་མེད། །ལག་པའི་ཕྱག་རྒྱ་བྱ་བ་དང་ནི་གདན་རྣམས་མེད། །སྔགས་དང་གཏོར་མ་སྦྱིན་སྲེག་ཆོག་རབ་གནས་དང། །གཤེགས་སུ་གསོལ་བ་རྣམ་པའི་ཆོས་ལ་མེད། །རང་བཞིན་གྱིས་དག་འགྲོ་བ་ཡི་ནི་རྗེ་དཔོན་གཅིག། ཤེས་རབ་མེ་ཡིས་གལ་ཏེ་རབ་ཏུ་བསླངས་པས་ན། །ཏིང་འཛིན་མེད་ཟེར་སྣོད? ་དེ་ཡི་ཕྱི་ནས་རང་གི་ལུས་པོ་ལ་ནི་བདུད་སྟོབས་བཞི། །དེ་ཉིད་གཅིག་པུ་ཡིས་ནི་ཉམས་པར་མཛད་པ་ཡིན། །ཇི་སྲིད་དེ་མ་བཞེངས་པར་བདེ་བ་སྟེར་བ་མེད། །རབ་ཏུ་བཞེངས་པས་འདོད་ཆགས་བྲལ་ཉིད་འགྱུར་བ་ཡིན། །གཉིས་སུ་མེད་པའི་ལམ་གཅིག་འདི་ནི་དཀའ་བ་སྟེ། །མ་ལུས ་སེམས་ཅན་རྣམས་ནི་ལམ་གཉིས་དག་པས་འགྲོ། །མ་བསྡམས་དབང་གིས་བརྒྱ་ལ་ཟིན་པར་མ་གྱུར་ན། །ཆུ་སྐྱེས་སྙིང་པོར་དཔལ་ལྡན་བྱང་ཆུབ་སེམས་ལྷུང་འགྱུར། །ཕྱག་རྒྱའི་སེམས་ནི་ཤིན་ཏུ་རྣམ་དག་ཤེས་བྱས་ནས། །དེ་ནས་ཆུ་སྐྱེས་ཕྱི་རོལ ་རང་གི་ཁས་བཟུང་བྱ། །མདོག་ཕྱག་རྒྱའི་ཆུ་སྐྱེས་ལ་གནས་རང་གི་སེམས། །མ་ཉམས་རྣམས་ཀྱིས་མཚོར་མིང་མ་ཆོས་སུ་?་བཟུན?་བྱ། ཞེས་སྣོད་མེད་ཀྱིས་བཟུང་བྱ། །མྱང་བའི་དོན་དུ་རྣམ་པར་ཉམས་པའི་བདུད་རྩི་གང། །དཔལ་ལྡན་སྔགས་པ་རྣམས་ལ་འཆི་བ་ཉམས་པར་བྱེད། །བུད་མེད་སྐྱེ་གནས ་སྦྱོར་བའི་དབང་གིས་རང་གི་སེམས། །གང་ཞིག་སྐྱེས་བུ་རྣམས་ཀྱི་འགྱུར་པ་མི་འགྱུར་ལ། །རྒྱལ་བས་མཆོད་པ་ཐུགས་རྗེ་ཆེ་ལྡན་རེ་རྣམས་ཀྱི། །ཞབས་གཉིས་དག་ལ་མགོ་བོ་ཡིས་ནི་ཕྱག་བགྱིའོ། །ན་ཆུང་མ་ལ་སྦྱོར ་བས་དཔལ་ལྡན་བྱང་ཆུབ་སེམས། །གང་ཞིག་བདག་དང་གཞན་གྱི་དོན་དུ་བསྲུང་མཛད་ཅིང། །ཉིན་དང་མཚན་དུ་བདག་དང་གཞན་གྱི་དོན་མཛད་པའི། །དེ་རྣམས་ཞབས་ཀྱི་པདྨ་ལ་ནི་ཕྱག་བགྱིའོ། །སངས་རྒྱས་ཉིད་ཀྱི་བདེ་བ་དཔག ་མེད་ཐོབ་ན་ཡང། །སེམས་ཅན་རྣམས་ཀྱི་དོན་ཕྱིར་འདོར་བར་མཛད་གྱུར་ཅིང། །འཁོར་བའི་ནང་དུ་རབ་ཏུ་འཇུག་པའི་དཔའ་བོ་སྟེ། །དེ་རྣམས་ཞབས་ཀྱི་པདྨར་སྤྱི་བོས་ཕྱག་འཚལ་ལོ། །ཉིན་དང་མཚན་དུ་བསམ་གཏན་སྟོབས་ཀྱི ་རིམ་པ་ཡིས། །གང་རྣམས་རང་གི་སེམས་ནི་རྩ་དབུས་གནས་པར་འགྱུར། །མཛའ་ཡིས་གཟུགས་ལས་ཤིན་ཏུ་རྣམ་པར་དག་པའི་སྐུ། །དེ་ནི་རྒྱལ་བ་རྣམས་ཀྱི་རྡོ་རྗེ་རྩེ་གཅིག་པའོ། །ཐད་པའི་བདེ་རྒྱུ་དང་པོ་ཡིས་ནི་སངས་རྒྱས་ལ།། ་གཉིས་མེད་དེ་ནི་དཔལ་ལྡན་བླ་མའི་ཞལ་ཉིད་དོ། །མངའ་བདག་དུ་ཀི་འཁོར་ལོ་ཁམས་གསུམ་ལ་གནས་པ། །མི་འགྱུར་ཐིག་ལེ་སྦྱོར་བས་ཡང་དག་ཐོབ་པར་འགྱུར། །ཇི་ལྟར་གཞོན་ནུ་མའི་མེ་ལོང་ནང་དུ་ནི། །མ་མཐོང་མཐོང ་ལྟའི་པྲ་ཏི་སེ་ནའི་དོན་ལྟ་བྱེད། །དེ་བཞིན་འདས་དང་མ་འོངས་ད་ལྟར་བྱུང་བ་ནི། །དེ་ཉིད་རིག་པའི་རྣལ་འབྱོར་པ་ཡིས་ནམ་ཁར་མཐོང། །མངོན་སུམ་དག་ཏུ་གཟུགས་ནི་དངོས་པོ་སྟོང་པའི་ཕྱིར། །དངོས་པོ་དང་ནི་དངོས་མེད་དེ་རུ་མེད་པ ་ཡིན། །སྒྱུ་མ་རང་ནི་རྨི་ལམ་རྫུ་འཕྲུལ་མཚུངས་པ་ནི། །དེ་ལ་འབྲས་བུ་ཡོད་ཅིང་དངོས་པོ་མེད་པའོ། །རྒྱུ་དང་འབྲས་བུ་རྗེས་སུ་མཚུངས་པའི་འབྲས་བུ་ནི། །མ་སྐྱེས་ཆོས་རྣམས་ལ་ནི་སྐྱེས་པ་མཐོང་བར་འགྱུར། །རྣམ་པ་ཀུན་ལྡན་ཀུན ་ནས་རྣམ་པར་དག་པ་དང། །དབང་པོ་ཐམས་ཅད་དང་ལྡན་ཀུན་གྱི་སྙིང་ཁར་གནས། །ཇི་ལྟར་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དག་གིས། །སེམས་ཅན་བསམ་པའི་དབང་གིས་ཀུན་ནས་འདོད་རྫོགས་བྱེད། །དེ་བཞིན་བསམ་པའི་དབང་གིས ་རྫོགས་པ་དེ་ཉིད་ནི། །ཤིན་ཏུ་རྣམ་པར་དག་པའི་ཆོས་ལས་སྐྱེ་བ་འགྱུར། །སྟོང་པ་ཡིས་ནི་རྒྱུ་ལས་གསལ་བར་རྒྱུ་ཡིས་ནི། །རང་གི་སྟོང་པ་ལ་ནི་ངེས་པར་རྒྱས་གདབ་སྟེ། །ཕྱི་དང་ལུས་པོ་དག་དང་གཞན་རྣམས་གཅིག་ཏུ་སྟེ། །ལྟ་བ་དྲུག ་ལ་གནས་དང་གཞན་རྣམས་སླུ་བར་བྱེད། །མི་འགྱུར་ལམ་ཉམས་རང་གི་དོན་ལ་གནས་པ་ཡི། །མཁས་པ་རྣམས་ཀྱིས་དེ་ཉིད་དུ་མའི་གཞུང་གིས་བརྟགས། །ཚངས་པའམ་ནི་སེང་གེ་མཆོག་གི་དབང་ཕྱུག་གམ། །དེ་བཞིན་བྱེད་པོ་ཡིས ་ནི་ཆོས་ནི་གང་སྨྲས་པ། །རིག་བྱེད་མཛའ་དག་གྲུབ་མཛའ་ཨི་གཞུང་དང་ངེས་ཚིག་གི་།མདོར་བསྡུས་དེ་ཉིད་འདི་རུ་རྣམ་པར་དཔྱད་པར་བགྱི། །གལ་ཏེ་སྐྱེ་དགུ་རྣམས་ལ་སྐྱེད་བྱེད་གཅིག་ཉིད་འདིར། །ཇི་ལྟར་རིགས་དག་འདི་ནི་རྣམ་པ་བཞི་རུ་འགྱུར།། ་ཚད་མ་དང་ནི་དཔེ་དང་ཚུལ་གྱི་དབྱེ་བ་ཡིས། །ཡོངས་སུ་བརྟགས་ན་རྣམ་པར་མཐུན་པར་མི་འགྱུརོ། །ཕ་གཅིག་དག་ལ་ངེས་པར་བུ་ནི་བཞིར་གྱུར་ན། །བུ་དེ་རྣམས་ལ་ངེས་པར་རིགས་ནི་གཅིག་ཡིན་ནོ། །དེ་ལྟར་མཆོག་ཏུ་འདོད་ལས་སྐྱེས་པའི ་མི་རྣམས་ཀྱི། །རིགས་ཀྱི་རྣམ་པ་བཞི་རུ་རིགས་པ་ཡོད་པ་མ་ཡིན། །ཇི་ལྟར་ཨུ་དུམ་བ་རའི་ཤིང་ལས་སྐྱེས་པའི་འབྲས་བུ་ནི། །རྩ་བ་དབུས་དང་རྩེ་མོ་ལས་བྱུང་གང་ཞིག་རྣམས། །གཟུགས་དང་རྣམ་པར་རེག་བྱ་རོ་རྣམས་འདྲ་བ་སྟེ། །དེ་བཞིན་ཁ་ཉིད ་ལ་སོགས་གནས་ནི་གཅིག་ཏུ་འགྱུར། །ཁ་ལས་སྐྱེས་པ་རི་འོང་འོད་ཟེར་དཀར་མ་ཡིན། །དཔུང་པ་ལས་སྐྱེས་ཉིད་བྱེད་ཤར་དང་འདྲ་བ་མིན། །བརླ་ནས་སྐྱེས་པ་ལྡོང་རོས་ཁ་དོག་དང་འདྲ་མིན། །རྐང་པ་ལས་སྐྱེས་མིག་སྨན་ཆེན་པོ་གནག ་འདྲ་མིན། །གཉིས་སྐྱེས་ཐམས་ཅད་ཡེ་ཤེས་རིགས་མིན་རྒྱལ་རིགས་ནི། །རྒྱལ་པོའི་རིགས་ལས་སྐྱེས་པས་དཔའ་བོ་རྣམས་མ་ཡིན། །རྗེའུ་རིགས་ཐམས་ཅད་ཕུན་སུམ་ཚོགས་དང་ལྡན་པ་ཡིན། །འཇིག ་རྟེན་དུ་ནི་དམངས་རིགས་ལས་ཆེན་མི་བྱེད་དོ། །ཁམས་ཀྱི་དབྱེ་བས་བདེ་དང་སྡུག་བསྔལ་དངོས་པོ་དང། །ལུང་དང་རིགས་པས་བསོད་ནམས་ཚོགས་དང་སྡིག་པ་དང། །སྐྱེ་དང་འཇིག་རྟེན་མཉམ་པ་ཉམས་སུ་མྱོང་བ་སྟེ། །མི ་རིགས་རྣམ་པ་བཞི་ནི་དེ་ལྟར་འགྱུར་བའོ། །རྫོགས་ལྡན་དུས་སུ་རིགས་ཀྱི་དབྱེ་བ་ཡོད་མ་ཡིན། །སུམ་ལྡན་འཇུག་པ་གཙོ་བོ་དང་ནི་འཁོར་འགྱུར་རོ། །དུས་གཉིས་ལ་ནི་དངོས་པོ་ཉམས་པར་མི་འགྱུར་ཏེ། །གང་ཞིག་གཉིས་ལྡན ་དུས་སུ་རིགས་དང་རིགས་མིན་ཉིད། །དེ་དང་སེར་སྣ་རྒྱུ་དང་དྲེགས་པ་ང་རྒྱལ་དང། །ཆགས་པ་ཞེ་སྡང་གིས་ནི་རིགས་ནི་ལྡོག་པར་འགྱུར། །རིགས་རྣམས་བྱས་ནས་རྣམ་པ་སྣ་ཚོགས་འགྱུར་བ་སྟེ། །གཞན་ནི་རིགས་དང་རིགས ་འབྱུང་ཁ་དོག་མེད། །བྱེད་པ་པོ་ཡི་རང་ལུས་རིམ་པ་ཇི་ལྟ་བ། །ཁ་ཉིད་དང་ནི་དཔུང་པ་བརླ་དང་རྐང་པ་ལས། །བྲམ་ཟེ་རྒྱལ་རིགས་རྗེའུ་དམངས་རིགས་སྐྱེས་གྱུར་ན། །ཕྱུགས་དང་ཐ་མ་ལས་སྐྱེས་དེའི་གང་ནས་བྱུང། །ཚངས ་པའི་ཁ་ཉིད་ལས་སྐྱེས་བྲམ་ཟེ་གྲགས་པ་ན། །བྲམ་ཟེ་མོ་ཡང་གནས་དེ་ཉིད་ལས་ཡིན་ནམ་ཅི། །གལ་ཏེ་འདི་དག་སྐྱེ་གནས་གཅིག་ལས་སྐྱེས་གྱུར་ན། །མིང་པོ་དང་ནི་སྲིད་མོ་བག་མར་རིགས་མ་ཡིན། །གལ་ཏེ་ཡིན་ན ་ཀླ་ཀློའི་སྐྱེ་བོ་འཇུག་པར་འགྱུར། །ཀླ་ཀློ་འཇུག་པར་གྱུར་ན་རིགས་ནི་ཉམས་པས་ཏེ། །རིགས་ཟད་ན་ནི་དམྱལ་བར་སྡུག་བསྔལ་མི་བཟད་པ། །རང་གི་རིགས་ནི་འཛིན་ཕྱིར་དེ་དག་ལ་འགྱུར་རོ། །དེ་ལྟར་དཔུང་བརླ་རྐང་པ་ལས ་བྱུང?་རྣམས་ལ་ནི། །གང་ཞིག་རང་གི་རིགས་ནི་འཛིན་ཕྱིར་ལྡོག་པར་འགྱུར། །དེ་ཕྱིར་དྲང་སྲོང་རིགས་ནི་བག་མའི་དུས་དག་ཏུ། །འཇིག་རྟེན་ཕ་རོལ་འཇིགས་པས་རྟག་པར་བྱེད་པའོ། །དུམ་སྣ་ཚོགས་རིགས་དང་རྣམ་པར་སྟོང་ཕྲག་པ། །བག་མ ་ལེན་པའི་དུས་སུ་རྣམ་པར་བརྟག་པར་བྱེད། །གང་ཕྱིར་དྲང་སྲོང་རིགས་ནི་བརྟག་པར་བྱེད་པར་འགྱུར། །དེ་ཕྱིར་མཆོད་འདོད་ལུས་ལས་རིགས་ནི་མ་ཡིན་ནོ། །ཡེ་ཤེས་ཀྱིས་ནི་རིགས་དང་རྫུ་འཕྲུལ་གྲུབ་པ་དང། །དེ་བཞིན་ཁྱད་པར་དབང ་ཕྱུག་ཉིད་དུ་འགྱུར་བ་སྟེ། །དེ་ཕྱིར་ཡེ་ཤེས་ཆེ་འདི་རྣམ་པར་དག་པ་ཡིན། །གཞན་དུ་ན་ནི་རང་གི་རིགས་འགྱུར་མིན། །ཚངས་མིན་སྐྱེ་བའི་གནས་ནི་དྲང་སྲོང་རྒྱས་སོགས་པ། །སྐྱེ་གནས་བྲམ་ཟེའི་གོ་འཕང་རབ་ཏུ་ཞུགས་པར ་འགྱུར། །དེ་ཕྱིར་དཀའ་ཐུབ་བཟང་པོ་དོར་ནས་རིགས་ཀྱིས་ནི། །རྣམ་པར་དག་པའི་ལམ་ནི་སྟེར་བར་མི་འགྱུར་རོ། །པདྨ་དང་ནི་རིན་པོ་ཆེ་དང་མུ་ཏིག་དང། །འདབ་དང་རི་བོ་དང་ནི་ཐོད་པའི་སྦྱོར་ལས་འབྱུང། །དེ་ཉིད་རྣམས་ནི་མ་ལུས་འཇིག ་རྟེན་མཆོད་གནས་འགྱུར། །དེ་རྣམས་སྔོན་གྱི་སྐྱེ་གནས་ལས་ནི་མ་ཡིན་ནོ། །ཁ་ལས་ཆོས་ནི་སྟོན་པར་བྱེད་ཅིང་སྒྲོགས་བྱེད་པས། །དེ་ཕྱིར་བྲམ་ཟེ་རྣམས་ནི་ཁ་ལས་སྐྱེ་བར་འགྱུར། །རྒྱལ་རིགས་རྣམས་ནི་དཔུང་པས་འཁྲུག་པར་བྱེད་པ་སྟེ།། ་དཔུང་པ་ད་དག་ལས་ནི་དེ་རྣམས་སྐྱེ་བར་འགྱུར། །བརླ་ཡི་སྟོབས་ཀྱིས་རྗེ་རིགས་སྐྱེ་བོ་འགྲོན་པོར་བྱེད། །དེ་ཕྱིར་དེ་རྣམས་དེ་ལས་སྐྱེས་པར་གྱུར་པའོ། །རྐང་པའི་རྩ་བར་བརྟེན་པར་བྱེད་པར་གྲགས་པ་ཡིས། །དེ་ཕྱིར་རྐང་པ་ལས་ནི་དམངས་རིགས་སྐྱེ ་བར་འགྱུར། །དེ་ཕྱིར་གཞན་རྣམས་རིགས་ཀྱི་དབྱེ་བ་བཅོ་བརྒྱད་ཡིན། །རང་གི་ལས་ཀྱི་རང་བཞིན་ལས་ཀྱི་ངོ་བོར་སྐྱེས། །འཇིག་རྟེན་གསུམ་དུ་ལས་ཀྱི་མཐུ་ནི་སྟོབས་དང་ལྡན། །གང་ཕྱིར་བྲམ་ཟེ་ཡང་ནི་དམངས་རིགས་ཉིད་དུ་འགྱུར། །སྒོག་སྐྱེ་ ་དག་དང་བཙོད་དང་བཟའ་མིན་ཟོས་པ་དང། །ཆད་འཐུངས་ནས་ནི་དམངས་རིགས་གནས་སུ་འགྱུར་བ་སྟེ། །དཀའ་ཐུབ་བྱས་ནས་སླར་ཡང་བྲམ་ཟེ་དེ་ཉིད་དུ། །འགྱུར་དེ་དེ་ཕྱིར་དཀའ་ཐུབ་ཁྱད་པར་ཅན་ཡིན་ནོ། །གྲོག ་མ་དང་ནི་ར་རི་དྭགས་དང་སྣ་མཚན་དང། །རྒྱས་པ་ལ་སོགས་དྲང་སྲོང་གཞན་རྣམས་རབ་གྲགས་པ། །ཚངས་པའི་སྐྱེ་གནས་མིན་ལས་ཀྱང་ནི་དེ་རྣམས་སྐྱེས། །དཀའ་ཐུབ་ཁྱད་པར་དག་གི་དྲང་སྲོང་རྣམས་སུ་འགྱུར། །དེ་ཕྱིར་རང་གི ་རིགས་ཀྱི་དག་དང་མ་དག་པ། །དོན་དམ་པ་ཡིས་རྒྱུ་ཡིས་གང་ཡང་མེད་པར་འགྱུར། །ཞེ་སྡང་དབང་གིས་རིགས་འདི་རབ་ཏུ་འབྱུང་བ་སྟེ། །རང་དོན་འདོད་པའི་བྲམ་ཟེས་ནོར་གྱི་དོན་དུ་བྱས། །དག་པའི་བྲམ་ཟེ་མོ་གང་བདག་པོའི་བརྟུལ ་ཞུགས་ཅན། །སྐྱེས་བུ་གཞན་མ་ལ་ནི་དེ་ཡིས་བསྟེན་པར་བྱེད། །དེ་ཡི་བུ་ནི་འདི་རུ་བྲམ་ཟེར་གྱུར་པ་སྟེ། །དེ་ཕྱིར་རིགས་ནི་ཇི་ལྟར་རིམ་པས་མ་ཡིན་ནོ། །ལུས་འདིའི་སྔ་མའི་རིགས་ཀྱི་ཐལ་བ་གཞན་ཡིན་ལ། །ལས་ཀྱི་དབང་ལས ་ཕ་ཡི་སྲོག་ཀྱང་གཞན་ཡིན་ཏེ། །གཞན་དུ་ལུས་དང་སྲོག་ངག་གི་ནི་རིགས་དག་ཀྱང། །བུ་དང་བཅས་པ་སུ་ཞིག་གིས་ནི་འབྱིན་པར་བྱེད། །གཞན་དུ་རིགས་ཀྱང་གལ་ཏེ་ཕ་ཡིས་ཡིན་ན་ནི། །ཕ་ཡི་ཕ་གང་དེ་ནི་མེས་བོའི ་ཡིན་པར་འགྱུར། །དེ་ལྟར་འགྲོ་བ་འདི་དག་ཐམས་ཅད་རང་གི་རིགས། །གཉིས་སྐྱེས་རྣམས་ལ་དྲང་སྲོད་རིགས་གཞན་ཡོད་མ་ཡིན། །སྔོན་པ་བདུན་ཡང་རི་དགས་དག་དང་དུར་པ་དང། །རང?་བ་དེ་རྣམས་གཉིས་སྐྱེས་སུ་ཡང ་སླར་བྱུང་འགྱུར། །གང་ཕྱིར་སྐྱེ་བ་གཞན་དུ་སྲོག་ནི་ལས་དབང་གིས། །ཡིན་པ་དེ་ཕྱིར་ནང་ན་དྲང་སྲོང་རིགས་མེད་དོ། །གཉིས་སྐྱེས་ཚིམ་ན་ནམ་མཁའ་དང་ནི་ས་ཡི་གནས། །གང་ཡིན་དེར་ནི་ཤི་བ་ཆིམ་པར་མངོན་པར་འདོད།། ་?་པ་དག་ཀྱང་མ་ཞུའི་དབང་ལས་བག་མེད་པ། །ཕ་ཡི་བག་མེད་དུ་འགྱུར་འདི་ནི་ངོ་མཚར་རོ། །གལ་ཏེ་གཉིས་སྐྱེས་དང་ནི་ཕོ་རོག་གིས་ཟན་ཟོས། །ཤི་བའི་ཕ་ནི་ཕ་རོལ་དུ་ནི་ཚིམ་པར་བྱེད། །དགེ་བ་དང་ནི་མི་དགེ་བ་མི་རྒྱུ།། ་མཚན་དེས། །ཕ་དེ་ཉིད་ཀྱི་སྔོན་དུ་བསགས་པ་ཉམས་པར་འགྱུར། །རང་གིས་བྱིན་པ་རང་ཉིད་ཀྱིས་ནི་ཐོབ་འགྱུར་ཏེ། །གཞན་མ་རྣམས་ཀྱི་སྦྱིན་པ་བསྔོས་པའི་བློ་ཡིས་མིན། །བདེ་བར་གཤེགས་པས་རང་གི་དོན་དུ་རང་ཤ་ནི། ་སྦྱིན་མིན?་དེ་བཞིན་དུ་ཡང་དེ་རྣམས་དེས་གྲོལ་ཕྱིར། །ཐམས་ཅད་མཁྱེན་པ་རྣམས་ཀྱིས་གཞུང་ཀུན་རྣམས་ལས་ནི། །སྲོག་གཅོད་ཀྱིས་མགྲོལ་བ་ཡོད་ཕ་མ་ཡིན་ནོ། །མཆོད་སྦྱིན་ལ་ནི་སྲོག་བཅད་དེ་བཞིན་སྨྲ་བྱེད་པ། །ེ ་མ་གཉིས་སྐྱེས་རྣམས་ཀྱིས་མི་ཤེས་གནས་ཡིན་ནོ། །མཆོད་སྦྱིན་ལ་ནི་བསད་ཅིང་བསོད་པ་གང་ཡང་མེད། །འཇིག་རྟེན་བསད་བྱ་ལྷ་རུ་ངེས་པར་འགྲོ་མེད་དེ། །སྙིང་རྗེ་དང་ནི་ངེས་པར་ཞི་བ་དང་བྲལ་བའི། །གཉིས་སྐྱེས་སྐྱོན་ཅན ་རྣམས་ཀྱི་ཚིག་འདི་ཡིན་པར་འགྱུར། །དབུལ་པོའི་སྡུག་བསྔལ་དང་ནི་འདོད་པ་དང་བྲལ་ནས། །རང་གི་རྩ་ལག་གྲོགས་པོ་ཡིད་འོང་བུ་དང་ཚ?། །དེ་རྣམས་བདེ་བར་འདོད་དང་བདེ་འགྲོ་འདོད་པ་ན། །གལ་ཏེ་ཚིག་འདི་བདེ་ན་ཡིན་དེ ་རྣམས་སྲེག་པར་བྱེད། །བུ་དང་རྩ་ལག་སྟོབས་མེད་ལ་སོགས་ཤི་གྱུར་ན། །དུ་འབོད་ནས་ནི་དུར་ཁྲོད་དག་ཏུ་ཕྱིན་པ་དང། །ཤི་བ་རྣམས་ལ་གང་གི་ཆུ་དང་ཟན་སྦྱིན་ནོ། །རྨོངས་པ་དེ་ཡིས་ཇི་ལྟར་མ་སྐྱེས་ལ་སོགས་བསོད། ་ཨ་ཤྭ་ཏ་ཐ་ལ་བརྟེན་དང་ཏིལ་སྣོད་སྦྱིན་པ་དང། །བ་ལ་རེག་པ་དང་ནི་བྲམ་ཟེ་ཚིམ་པ་དང། །གང་གཱའི་ཆུ་དང་བྷ་ར་ཏ་ནི་ཐོས་པ་སྟེ། །འདི་རྣམས་ཀྱིས་ནི་གལ་ཏེ་སྡིག་ཉམས་བྱེད་འགྱུར་ན། །མཁའ་འགྲོ་ཡིས་ནི་ཨ་ཤྭཏ་ཐ ་ལ་བརྟེན་པར་བྱེད། །ཏིལ་མཁན་གྱིས་ནི་ཏིལ་གྱི་སྣོད་ནི་སྦྱིན་པ་སྟེ། །བསྐྱོབ་བེའུ?་ཡིས་པ་ལ་རེག་པར་བྱེད་པ་དང། །མཁས་མིན་དག་ཀྱང་གཉིས་སྐྱེས་རྣམས་ལ་སྟོན་མོ་སྟེ། །གངྒཱའི་ཆུ་ནི་རུས་སྦལ་དང་ནི་ཉ་ཡིས་འཐུངས། །མ་སྐྱེས ་པ་ཡིས་བྷ་ར་ཏ་ཡིས་གྲགས་པ་ཐོས། །དེ་རྣམས་ལ་ནི་སྔོན་བསགས་ལས་ཀྱི་འབྲས་བུ་མེད། །དྲན་པའི་ཚད་མ་ཡིས་ནི་དཀའ་ཐུབ་ཉམས་འགྱུར་མིན། ། ཤྭཏ་ཐ་ལ་བརྟེན་དང་ཏིལ་སྣོད་སྦྱིན་པ་གང། །བ་ལ་རེག་དང་གཉིས་སྐྱེས་ཚིམ་པ་ཅི་ཡིན་དང ་གང་གའི་ཆུ་དང་བྷ་ར་ཏ་ནི་ཐོས་པ་ཅི། །ལམ་ནི་ཉམས་པར་གྱུར་པས་འདི་ཉིད་མི་ཤེས་སོ། །ཡོན་ཏན་འཕེལ་བ་ཡུལ་གྱིས་རྒྱས་པར་འགྱུར་བ་ཡིས། །གང་ལ་སྟེང་དང་འོག་ཏུ་ལྕུག་མ་རྒྱས་པར་འགྱུར། །མིའི་འཇིག་རྟེན་དུ་ནི་ལས་ཀྱིས་བཅིངས་པ་ཡི།། ་འོག་ཏུ་རྩ་བ་རྣམས་ནི་ཚུགས་པར་བ་སྟེ། །དེ་བཞིན་གཟུགས་མེད་གང་ལ་ཉེ་བར་ཐོབ་པ་མེད། །ཐོག་མ་མེད་ལ་ཐ་མ་མེད་ཅིང་བར་གནས་མེད། ། ཤྭཏ་ཐ་ཤིང་དེ་ལ་ངེས་པར་བརྟེན་པ་ནི། །ཀླུ་དོན་འབྲས་བུ་ལས་ནི་རྒྱས་པར་བཤད་པའོ། །ཏིལ་ནི ་སེམས་ཅན་ཡིན་ཞིང་སྣོད་ཉིད་སྣོད་ཡིན་ཏེ། །ཤིང་རྣམས་རབ་ཏུ་སྦྱིན་པ་ཏིལ་སྣོད་སྦྱིན་པའོ། །བ་ནི་ལྷ་ཡི་མིག་ཡིན་རེག་པ་སྣང་བ་སྟེ། །བ་ལ་རེག་པ་ཉིད་དུ་ངེས་པར་བརྗོད་པར་འགྱུར། །གཉིས་སྐྱེས་མེ་སྟེ་སྲོག་ཆགས་ཚོགས་ཀྱི་ལུས་ལ་ནི། །ཚིམ་པར ་བྱེད་པ་དེ་ནི་གཉིས་སྐྱེས་ཚིམ་པའོ། །གངྒཱའི་ཆུ་ཉིད་ཟླ་བའི་བདུད་རྩི་བཏུང་བ་སྟེ། །སེར་སྣ་ཟད་པ་བྷ་ར་ཏ་ནི་ཐོས་པའོ། །ཕྱི་མའི་ཚེ་ཡི་རྒྱུ་རུ་སྒྲ་མཁན་གྱིས་ཀྱང་ནི། །རིག་བྱེད་མ་ལུས་ཡི་གེ་ཁ་ཏོན?་བྱེད་པར་འགྱུར། །དྲན་པ་དང་ནི་རིག་བྱེད་གཞུང་གི་སྣ་ཚོགས་པ།། ་མི་ཤེས་དབང་གིས་འབྲས་མེད་མགྲིན་བསྐམས་པར་བྱེད། །རིག་བྱེད་ཚད་མ་དང་ནི་དྲན་པ་ཚད་མ་སྟེ། །འདི་ཉིད་ཚིག་ནི་ཤིན་ཏུ་འགལ་བའི་ཕྱོགས་ཡིན་ནོ། །དམ་པའི་ཆོས་ལས་གསུངས་པའི་ཚིག་ནི་ཚད་མ་སྟེ། །རྒྱལ་བའི་གསུད་ནི་འདི་ཉིད་རྣམ་པར་དག་པའོ། ་ནུབ་ཕྱོགས་སིན་དྷུའི་ཡུལ་དུ་གཉིས་སྐྱེས་རྣམས་ཀྱིས་ནི། །ཐོད་པ་ཅན་དང་དམངས་རིགས་དག་གི་ཟན་ཟ?་རུ། །རི་བཅས་ཡུལ་དུ་བ་ལང་ཤ་དང་མ་ཧེ་དང། །དེ་བཞིན་དུ་ཡང་ཆད་ནི་གཙང་མར་བསྟན་པ་ཡིན། །གཽ་ཏ་མ་ལ་སོགས་ཡུལ་དུམ་ཧེའི་ཤ་གཙང་བར།། ་མཁལ་སོགས་ཡུལ་དུ་རྟ་ཤ་ལ་སོགས་བསྟན། །ན་ཏྲལ་སོགས་དང་ནི་མ་ཁ་སོགས་ཡུལ་དུ། །མ་ཧེ་ཤ་དང་ཕག་ཤ་བཟའ་བར་མི་རུང་ངོ། །མགུལ་ཁ་ལ་སོགས་ཡུལ་དུ་མ་སོགས་བཟུང་བ་ནི?། ཁུལ?་སོགས་པ་རྣམས་ལ་གཙང་མར་བཤད་པ་ཡིན། །གང ་གིས་ཡུལ་དེ་དག་ཏུ་འདོད་པའི་དངོས་གྲུབ་ནི། །དེ་ཉིད་བྱས་ན་མི་རྣམས་ལ་ནི་སྐྱོན་མེད་དོ། །གལ་ཏེ་གཉིས་སྐྱེས་རྣམས་ནི་དྲན་པའི་ཚིག་ངག་གིས། །ལྟུང་འགྱུར་དེ་ལྟ་ན་ནི་དེ་རྣམས་རང་ཡུལ་དུ། །དྲན་ཚིག་སྐྱོན་གྱིས་ཆར་ཐན་དུ་ནི་ཇི་ལྟར་འགྱུར། །དེ་ལྟར ་དེ་རུ་གཉིས་སྐྱེས་ཚེ་ལ་དྲན་པ་ནི། །ཡུལ་གྱི་ཐ་སྙད་ཀྱིས་ནི་ཚད་མ་མ་ཡིན་ནོ། །ཐུབ་པ་རྣམས་ཀྱིས་ལོ་རྒྱུས་ཆོས་ཀྱང་གང་བསྟན་པ། །དེ་ནི་བདེན་ནམ་བརྫུན་པ་རྣམ་པར་དཔྱད་པར་བགྱི། །རབ་བརྟན་དག་དང་ས་བསྲུངས་དང་ནི་གཡུད་དྲུང་དང། །མེ་ཏོག་སོགས ་དང་ལྷ་མོ་དང་ནི་དཔལ་མོ་དང། །ཟླ་བ་བདུད་རྩི་འོ་མའི་རྒྱ་མཚོ་སྲུབས་པ་ལས། །འདི་རྣམས་འབྱུང་ཞེས་ལོ་རྒྱུས་ཀྱིས་ཚིག་ཡིན་ནོ། །གལ་ཏེ་སྟོབས་ལྡན་རྒྱལ་སྲིད་དུ་ནི་ཟླ་བ་འདི། །བྱུང་ན་ལོང་བའི་འཐབ་མོའི་དུས་སུ་ཡོད་མ་ཡིན། །ཟླ་བ་མེད་ནས་གཞི་ལ་ནི ་ཟླ་ཚེས་དང། །ཚེས་ལ་ཟླ་བའི་ཆ་ལྔ་ཇི་ལྟར་ཡིན་ཏེ་འདིར། །སྔོན་དུ་ཟླ་དང་རལ་པ་འཛིན་པའི་དབང་ཕྱུག་གིས། །ཟླ་བ་ལ་ནི་ཞེན་པས་ལོང་བ་བསད་པ་ཡིན། །ཕྱི་ནས་དུས་ཀྱི་དབང་གིས་སྟོབས་ལྡན་བསྐྱེད་པ་སྟེ། །དེ་ནས་ལྷ་དབང་རྣམས་ཀྱིས་རྒྱ་མཚོ་སྲུབས་པ ་ཡིན། གལ་ཏེ་བརྫུན་གྱི་ལོ་རྒྱུས་ཀྱི་ནི་ཚིག་རྣམས་ཀྱིས། །ཆོས་རྒྱུར་དེ་ལྟ་ན་ནི་བདེན་ཚིག་ཅི་ཞིག་བྱ། །སྲོག་གཅོད་མཐུ་ཡིས་གལ་ཏེ་མཐོ་རེས་འགྱུར་ན་ནི། །གཞན་ལ་ཕན་པས་དེ་ལྟར་དམྱལ་བར་འགྱུར་བ་ཡིས། །ལོ་རྒྱུས་ཆོས་རྣམས་དང་ནི་དྲན་པ་མཁས་རྣམས ་ཀྱིས། །རྣམ་པར་དཔྱད་པར་བྱས་ནས་བརྫུན་དུ་གྱུར་པ་སྟེ། །དེ་ཕྱིར་ཆོས་དེ་མི་ཤེས་བྱིས་པ་བྲམ་ཟེས་བྱས། །རང་གི་ཕྱིས་བཞིན་དུ་རྣམ་པར་མི་དཔྱད་དོ། །གལ་ཏེ་རིག་བྱེད་འདི་ནི་མཁའ་བཞིན་མ་བྱས་པ། །ཇི་ལྟར་འདི་ནི་ཁ་ལས་འདོན་པར་བྱེད་པ ་ཡིན། ནོར་དང་ཆགས་པ་ཞེན་པའི་བྲམ་ཟེ་རྣམས་ཀྱིས་ནི། །མགྲིན་པ་ཆུ་དང་རྐན་སོགས་ཀྱིས་ནི་ནན་ཏན་བྱེད། །གལ་ཏེ་རིག་བྱེད་སྔ་མ་ཡིན་ན་ཡུལ་སྐད་མེད། །སྔོན་དུ་ཡུལ་སྐད་ཡིན་ན་རིག་བྱེད་ཐོག་མར་མེད། །གལ་ཏེ་རང་འབྱུང་ཡིན་ན་ཁ་ལས་མ་སྐྱེས ་ཏེ། གལ་ཏེ་ཐམས་ཅད་ཁྱབ་ན་ཀུན་གྱིས་འདོན་པར་འགྱུར། །ན་དྷའི་ཤིང་དང་སྣ་ཚོགས་འབྲུ་དང་མར་དང་ཟན། །བདེ་བའི་དོན་དུ་འབར་བའི་ཐབ་དུ་སྲེག་པར་བྱེད། །ཤ་ཟ་བའི་མེ་ནི་ཤིན་ཏུ་སྐྲག་པར་བྱེད། །མེ་ལྷ་འདི་དག་ལ་སོགས་མི་འདོད་ཚིག ་ཡིན་ནོ། །བུད་མེད་པས་ནི་མཐོ་རིས་གནས་སུ་མི་འགྲོ་ན། །འཇིག་རྟེན་གྲགས་པའི་ཚད་མ་གལ་ཏེ་འདིར་འགྱུར་ཏེ། །ནེ་རྩོལ་སོགས་གཞན་ཡང་གཞོན་ནུའི་དུས་སུ་ནི། །དཀའ་ཐུབ་བྱས་ནས་ཚངས་པའི་གནས་སུ་ཞུགས་པར་གྱུར། །རིགས་བྱེད་ལས་ནི་གཞན ་བཤད་དྲན་པའི་ཚིག་ནི་གཞན། །རྣལ་འབྱོར་རིག་པ་ཡིས་ནི་གཅིག་ཉིད་མི་འགྱུར་རོ། །རིག་བྱེད་ཚིག་ནི་རྣལ་འབྱོར་བགྱིས་བསྟེན་ཐར་པ་སྟེ། །འཁོར་བའི་འབྲས་བུ་ངེས་པར་དྲན་པས་སྟེར་བ་ནི། །འཁོར་བས་བཅིངས་པའི་འཁྱམ་པར་འཇུག་པར་གྱུར ་པ་སྟེ། །དེ་ཕྱིར་དྲན་པའི་སེམས་ནི་འདི་ཉིད་འདོད་མ་ཡིན། །སྡུག་བསྔལ་འཕྲོག་བྱེད་ཐར་པའི་གོ་འཕང་ཞུགས་པར་འགྱུར། །ཡེ་ཤེས་བདུད་རྩི་དཔལ་ལྡན་བླ་མའི་ཞལ་འདོད་དོ། །དེ་ལྟར་དཔལ་ལྡན་བླ་མའི་ཞལ་དམན་བློ་ངན་ནི། །གཉིས་སྐྱེས་རྣམས ་ལ་ཀུན་ནས་ལམ་ནི་ཉམས་པར་འགྱུར། །མི་ཤེས་པ་ཡི་དབང་གིས་སྲོག་བཅོད་བྱས་ནས་ནི། །རང་རིག་ང་རྒྱལ་དབང་གིས་དམྱལ་བར་ཞུགས་པར་འགྱུར། །ཚངས་པ་དང་ནི་དབང་ཕྱུག་ཁྱབ་འཇུག་གཟུགས་གཅིག་འདིར། །དྲག་པོས་ཅི་ཕྱིར་ན ་ཚངས་པའི་མགོ་བོ་གཅོད། །གལ་ཏེ་དྲག་པོ་སྡིག་མེད་འཇིག་རྟེན་གྲགས་པས་ན། །ཅི་ཕྱིར་ཐོད་པ་བོར་ནས་དེ་ནི་དག་པར་འགྱུར། །དྲག་པོ་ཕྱག་དང་འདི་ནི་གཙང་མ་མ་ཡིན་ལ། །གལ་ཏེ་བསོད་ནམས་རྒྱུ་དུ་རིག་པར་མི་བྱེད་ཅིང། །དེ་ཉིད་སྤྱི་བོ་ནས་ནི་ལྷུང་འགྱུར་གཙང་བ་ན།། ་གངྒཱའི་ཆུ་ཡིས་ཅི་ཡི་ཕྱིར་ན་ཁྲུས་འདི་བྱེད། །ཡན་ལག་སྣ་ཚོགས་པ་ནི་ཁྲུས་ལ་སྦྱར་བ་ཡིས། །ནམ་མཁའ་ལས་ནི་འགྲོ་བས་ལ་ལྟུང་བར་འགྱུར། །འདོད་པའི་རྒྱུ་དུ་གངྒཱའི་ཆུ་ལ་གང་ཞུགས་པ། །རྨོངས་པ་དེ་ནི་དེ་དུ་འགྲོ་བ་གང་ན་རིགས། །ཁྱབ་འཇུག་ལུས་ལ ་དཔལ་མོ་རང་དབང་གལ་ཏེ་འགྱུར། །རཱ་མས་ཅི་ཕྱིར་དེ་རུ་སྡུག་བསྔལ་ཐོབ་པར་འགྱུར། །ཀུན་མཁྱེན་ཁྱབ་འཇུག་གལ་ཏེ་འཇིག་རྟེན་གྲགས་པ་ན། །བུད་མེད་བྲལ་བའི་དབང་གིས་ཅི་ཕྱིར་ཕྱུགས་རྣམས་འགྲོ། །གང་གིས་ས་ལ་རྐང་པ་གསུམ་དུ་བྱས་པ་ན། །ཚུལ་དེ ་ཡིས་ཅི་ཕྱིར་ཟམ་པ་བཅིང་བར་བྱེད། །གང་གི་ལྟེ་བ་ན་གནས་མ་ལུས་སྲིད་གསུམ་ན། །དེ་ཡི་རང་གི་ཆུང་མ་ཅིའི་ཕྱིར་འཕྲོག་པར་འགྱུར། །འདི་དག་ལ་སོགས་དུ་མ་རྣམ་པ་སྟོང་ཕྲག་གིས། །ཚིག་རྣམས་ཀྱིས་ནི་མི་རྣམས་སྡུག་བསྔལ་སྟེར་བར་བྱེད། །རྣམ་པར ་དཔྱང་ན་དོན་?་མེད་པར་གྱུར་པའོ། །གཉིས་སྐྱེས་རིགས་ཀྱི་ང་རྒྱལ་དབང་གིས་ཡང་དག་བསྟན། །དང་པོ་ཕས་ནི་རབ་ཏུ་སྐྱེ་བར་བྱེད་པ་དང། །ཕྱི་ནས་མས་ནི་མངལ་གྱི་དབང་གིས་གྲགས་པར་འགྱུར། །དེ་ལྟར་མངལ་ནས་སྐྱེས་པའི་ངེས་པས་གཉིས་སྐྱེས་འགྱུར། །གཞན ་དུ་ན་ནི་དམངས་རིགས་དབང་གིས་མི་མ་ཡིན།། མངལ་ནས་སྐྱེས་པས་བྱིས་པ་དང་ནི་ལྟན་ཅིག་ཏུ། །མངལ་གྱི་ནང་ནས་ཚངས་པའི་སྐུད་པ་བྱུང་བ་མིན། །དེ་རྣམས་ལ་ནི་ཆོག་འདི་ཉིད་བྱས་ནས་སུ། །གཉིས་སྐྱེས་མིང་གི་རྒྱུ་རུ་མགྲིན་པར་རབ་ཏུ་མིན། །གཉིས་སྐྱེས་ཉིད་གཅིག ་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན། །ཆོ་ག་བྱས་བའི་སྐུད་པས་གཞན་མར་གྱུར་པ་ནི། །གཉིས་སྐྱེས་མ་ལུས་རྣམས་ལ་ཅོ་འདྲའི་དོན་དུ་སྟེ། །རྨོངས་པའི་བསམ་པ་སྣ་ཚོགས་ཨེམ་ངོ་མཚར་ཆེ། །ཁྱབ་འཇུག་དེ་ཉིད་བློ་ཡིས་རབ་ཏུ་འཇུག་པ་གཞན། །ཤིང་ལས་སྐྱེས་པའི ་དབྱུག་པ་འཛིན་པར་བྱེད་བ་ཡིས། །དགུན་ལ་སོགས་པའི་དུས་ཀྱི་མཚན་མོའི་མཛའ་དུ་ནི། །འདར་བ་དང་ལྡན་ཆུ་ཡིས་ཁྲུས་ནི་བྱེད་པ་སྟེ། །གྲང་བས་འཛིན་དང་རབ་ཏུ་འདར་བའི་ལུས་ལ་ནི། །བསམ་གཏན་དང་ནི་སྔགས་བཟླས་བཟང་པོ་དེ་རུ་གང། །དཔེར་ན་གདུག ་པའི་སྤྲུལ་ནི་ཁྱིམ་དུ་ཞུགས་པ་ཡི། །མུན་པས་བཀབ་པ་དེ་རུ་བསམ་པ་མེད་པ་ལྟར། །ལུས་དང་ངག་དང་སེམས་ནི་དབྱུག་པ་གསུམ་ཡིན་ཏེ། །སེམས་ནི་འདུས་པར་བྱ་བ་དབྱུག་པ་གཅིག་ཡིན་ནོ། །དཔལ་ལྡན་ཚངས་བའི་གཟུགས་ནི་མཛའ་མེད་གཅིག་པུ་སྟེ། །ཚུལ ་ཞུགས་པའི་དབྱུག་པ་ཅན་གྱིས་མི་འཛིན་ནོ། །ཞིབ་བས་ཀྱང་ཐལ་བས་ལུས་པོ་བྱུག་བར་བྱེད། །ཁྲུས་ཀྱི་མཛའ་རུས་གཉིས་དབང་པོ་བློ་ཡིན་ཏེ། །བདེ་བའི་དོན་དུ་རལ་པའི་ཁུ་ཚུར་རྟག་ཏུ་འཛིན། །འདོད་པའི་མེ་ཏོག་རྣམས་ཀྱིས་རྡོ་ཉིད་མཆོད་པར་བྱེད། །གཞན་མ ་ཐོད་པ་རྣམས་དང་མགོ་བོ་འཛིན་པ་དང། །ལུས་ལ་མིའི་དུས་པས་རྒྱན་རྣམས་བྱེད་པ་སྟེ། །དཔལ་ལྡན་དངོས་གྲུབ་རྒྱུ་དུ་དུར་ཁྲོད་འཁོར་བར་བྱེད། །མི་ཤེས་དབང་གིས་བློ་ངན་ལ་ནི་འགྲུབ་པ་གང། །གདོང་ནག་དང་ནི་དེ་བཞིན་ཕྱུགS་བདག་གཞན་མ་ཡིན། །གཅེར་བུ ་དང་ནི་རལ་བ་རིང་པོ་སྐྲ་བྲེགས་པ། །སློབ་པ་འཁོར་ནས་ཞི་བར་རབ་ཏུ་འགྲོ་བར་འདོད། །ཐར་པའི་གོ་འཕང་གྲུབ་ནས་འགྲོ་བར་འགྱུར་མིན་ནོ། །གཞན་མ་རྣམས་ཀྱང་གཅེར་བུ་དང་ནི་སྐྲ་བྱུང་དང། །གསོ་དང་བཅས་པ་ཡན་ལག་ཐམས་ཅད་དྲི་མས་བྱུགས། །བཀྲེས་དང་སྐོམ་པས ་འཛིན་པ་བློ་ངན་འཆི་བར་འགྱུར། །ཐར་པའི་ལམ་ལས་ནམ་ཡང་འགྲོ་བར་མི་འགྱུར་རོ། །གཞན་མ་རྣམས་ཀྱིས་དབྱར་གྱི་དུས་སུ་ཤིང་དྲུང་པ། །སོས་ཀ་དང་ནི་དཔྱིད་ཀྱི་དུས་སུ་ཚད་པ་ཅན། །དགུན་གྱི་དུས་སུ་བླ་གབ་མེད་པའི་རྣལ་འབྱོར་པ། །དོན་དམ་པའི་རྒྱུ་དུ་སྡུག་བསྔལ་ཆེན་པོ ་བྱེད། གཅེར་བུ་པ་ལ་ཀུན་ནས་སེངྒེའི་ཁྲི་དང་ནི། །མགོ་བོའི་སྐྲ་རྣམས་ཕྱུང་བ་ལ་ནི་གདུགས་གསུམ་དང། །དྲི་མས་བྱུག་ལ་སྔོན་དུ་མྱ་ངན་མེད་ཤིང་ལས། །ལྷ་ཡི་མེ་ཏོག་འབབ་པ་རིགས་པ་མ་ཡིན་ནོ། །གཞན་མ་ཡང་ནི་མགོ་སྤུ་བྲེགས་པའི་དགེ་སློང་ཉིད། །དུར? ་སྨྲིག?་འཛིན་ཅིང་འདོད་པའི་ལྷ་ཁང་གནས་པར་བྱེད། །ཏིང་ངེ་འཛིན་གྱིས་དམན་པ་ནོར་ནི་སོགས་བར་འདོད། །ཏལ་སྟེང་ནས་?་བཞིན་ཟད་བར་འགྱུར་བའོ། །གཞན་མ་རྣམས་ཀྱང་རིགས་ཀྱི་གནས་སུ་རབ་ཞུགས་ནས། །བདུད་རྩི་ལྔ་ལ་སོགས་པ་མང་པོ་ཟ་བར་བྱེད། །སྙིང་རྗེ ་རང་བྲལ་མཉམ་པའི་བདེ་བས་དམན་པ་དང། །འཇིག་རྟེན་འགལ་བ་རྣམས་ལ་ཡང་དག་སྤྱོད་པར་བྱེད། །སྐྱེ་བ་བདུན་པའི་མི་ནི་ངེས་པར་ཕྱུགས་ཡིན་ཏེ། །དེའི་བདུད་རྩིས་མི་ལ་དངོས་གྲུབ་མྱུར་བར་སྟེར། །རིགས་ཀྱི་ལུང་ལས་རུལ་པའི་དྲི་ནི་གཙང་བ་སྟེ། །འཇིགས ་པར་བྱེད་པ་རྣམས་ལ་བསྟན་པར་མི་བྱའོ། །གཞན་ཡང་ཞི་བའི་རྒྱུ་རུ་རྣམ་པ་སྣ་ཚོགས་པས། །དགོད་བ་དང་བཅས་རྣལ་འབྱོར་འཛིན་པར་བྱེད་པ་སྟེ། །རབ་མཆོག་ཡན་ལག་དང་ལྡན་རྣམས་ལ་ཞེ་སྡང་དང། །ཆགས་པ་དང་ལྡན་རྒྱུ་རུ་དཔལ་ལྡན་ཚངས་སྤྱོད ་བྱེད། ?་ལམ་དུ་ཡང་གང་ཞིག་བུད་མེད་སྦྱོར་ལ་ཞེན། །དཔལ་ལྡན་ཚངས་པའི་དཀའ་ཐུབ་ཅན་དེ་ཇིལྟར་ན། །དཔེར་ན་མར་གྱི་གོང་བུ་འབར་བའི་མེ་ཡིས་ནི། །སྐད་ཅིག་ཙམ་གྱིས་ཞུ་བ་ཉིད་དུ་འགྱུར་བཞིན་ནོ། །དེ་ལྟར་བླ་མ་དམ་པའི་ཞལ་དང་དམན་གླེན་པ ་ཡིས། །སྡུག་བསྔལ་མང་པོ་སྟེར་བའི་ལམ་ནི་འཛིན་པར་བྱེད། །བདེ་བའི་རྒྱུ་རུ?་ཡང་ནི་བསོད་ནམས་ཀྱིས་དམན་པ། །དམྱལ་བ་རྣམས་ཀྱི་མེ་ལ་ཉལ་ས་ཚོལ་བར་བྱེད། །རང་གི་སེམས་ལ་སྡུག་བསྔལ་འདི་ནི་འཕེལ་འགྱུར་ན། །སྐྱེ་བ་དུ་མ་རྒྱ་ཡིས་བདེ་བ་སྟེར་མི ་འགྱུར། །ཞིང་རྣམས་ལ་ནི་ཇི་ཚོའི་ས་བོན་བཏབ་པ་ལས། །ས་ལུའི་ས་བོན་ཁྱད་པར་ཅན་དུ་མི་འགྱུར་རོ། །ཚངས་བའི་ཤིང་ལས་ཆུ་ཤིང་འབྲས་བུ་འགྱུར་པ་མིན། །མ་ཡ་ལས་ནི་བུ་རམ་ཤིང་དང་ཆུ་ལས་མར་ཉིད་མིན། །དུག་ལས་བཅུད་ལེན་ཁྱད་པར་ཅན་དུ ་འགྱུར་བ་མེད། །རང་གི་སེམས་ལས་སྡུག་བསྔལ་ལས་ནི་བདེ་འགྱུར་མིན། །སེམས་ལས་སྡུག་བསྔལ་ས་བོན་ཡང་དག་བཏབ་པ་ན། །སྐྱེ་བ་དུ་མ་རྣམས་ལ་འཕེལ་བར་འགྱུར་བ་ཡིས། །དེ་ཕྱིར་རྣམ་དག་རྣམས་ཀྱིས་རྣམ་པར་དཔྱད་ནས་ནི། །མཉམ་པའི་བདེ་བ་ཉམས ་པ་ཡོངས་སུ་དོར་བྱ་ཞིང། །སྲོག་ཉིད་ཤི་ནས་ཕྱི་ནས་སྐྱེ་བ་མེད་པ་ནི། །རིགས་ཅན་གཞན་རྣམས་ཉམས་པར་གྱུར་པས་སྟོན་བྱེད་ཅིང། །གལ་ཏེ་དེ་ལྟར་ཡིན་ན་ཅི་ཕྱིར་དྲག་པོ་ཡིས། །འཆི་བར་གྱུར་པ་རྣམས་ཀྱིས་ཞི་གནས་འཇུག་གང་བྱེད། །གཞན་རྣམས་གྱིས་ཀྱང་མཐོ་?་བདེ ་བའི་རྒྱུ་རུ་ནི། རང་གི་ལིང་གའི་རྩེ་མོའི་ལག་པ་གཅོད་པར་བྱེད། །ཉིན་མོའི་མཛའ་དང་མཚན་མོའི་སྟེང་དུ་བཟའ་བ་ནི། །ངེས་པར་སྟག་གཟིར་རྣམས་ཀྱིས་བྱེད་པར་འགྱུར་པའོ། །རང་གི་ལས་ཀྱིས་ཤི་བར་གྱུར་བའི་ཕྱུགས་རྣམས་ཀྱིས། །དེ་ཡི་ཤིན་ཉེ་བར་སྤྱོད་?་མི ་བྱེད་དོ། །སྲོག་བཅད་རབ་ཏུ་བྱས་ནས་དེ་ཉིད་ཟ་བྱེད་དེ། །གཞན་དུན་ནི་མི་རྣམས་ཐོ་རིས་འགྲོ་བ་མེད། །འདི་ལ་སོགས་པ་འགལ་བ་དུམ་?་སྟེགས?་པ། །ངན་པ་རྣམས་ཀྱི་སེམས་ལ་སྡུག་བསྔལ་ཤིང་རྣམས་ཀྱི། །རྩ་བ་བསྐལ་པ་དུ་མ་རྣམས་སུ་བཅིངས་པ ་ནི། སངས་རྒྱས་ཀྱིས་ཀྱང་དབྱུང་བར་ནུས་པ་མ་ཡིན་ནོ། །ཐོག་མེད་གཙོ་བོ་ཡོན་ཏན་བདག་ཉིད་རང་བཞིན་དང། །ང་རྒྱལ་དང་ནི་བློ་གྲོས་ཡིད་བཅས་འབྱུང་བ་དང། །ལས་ཀྱི་དབང་ཡོད་ན་ནི་དཔལ་ལྡན་ཡུལ་དབང་པོ། །འདི་དག་གཞན་མ་རྣམས་ཀྱིས་ཡོངས་སུ ་བརྟག་པར་བྱེད། །ལྟ་བ་རྣམས་ལ་བརྟེན་པའི་དུ་མའི་གཞུང་རྣམས་དང། །མིང་གི་རབ་ཏུ་དབྱེ་བས་མཁས་པ་མང་རྣམས་ཀྱིས། །གང་ཞིག་རིག་བྱེད་མཛའ་དང་གྲུབ་མཛའ་གཞན་རྣམས་ནི། །ནོར་འདོད་རྒྱུ་རུ་དེ་ཉིད་རྣམས་ནི་བརྗོད་པར་བྱེད། །ོཾ་བྷུར་བྷུ་ཝ:སྭ ་ནི་འདི་རུ་གང་ཡིན་དང། །ས་ཝེ་ཏོར་བ་རེ་ཎྱེ་དང་བྷ་ར་གོ་དེ་བ་དང། །སྭ་དྷི་མ་ཧི་གང་ཡིན་དྷེ་ཡ་ཡོན་དང། །པྲ་ཙོ་ཏ་ཡ་གང་ཡིན་ངེས་པར་རིག་བྱེད་ཚིག་།ོཾ་ཡིག་སྔགས་ནི་མཆོག་ཏུ་ལྷ་ཡི་མེ་ཡིན་ཏེ། །བྷུ་ནི་ངེས་པར་ས་ཡིག་བྷ་ཝ་འཇིག་རྟེན་གསུམ། །ས་ཡིག་ཐར་པ ་ཡིན་ཏེ་ས་ནི་དྲག་པོ་ཡིན། །ཝོ་ཏེ་ཞེས་ནི་ཚངས་པ་ཝ་རེ་ཎྱ་ནི་ལྷ་མིན་དགྲ། །བྷ?་གོ་ཞེས་ནི་ཆུ་ཡིན་དེ་བ་འདིར་ནི་དབང་པོར་བརྗོད། །སྭ་དྷི་ཞེས་ནི་བདག་ཡིན་མ་ཧི་སྲོག་གི་རླུང། །དྷེ་ཡ་ཞེས་ནི་དེ་བཞིན་བདག་གི་གོ་འཕང་བརྗོད། །ཡོན་ཞེས་ནི་རྟག་པར་རྒྱུ་བ་ཆེན་པོའོ། །བྲ ་ཙོ་ཏ་ཡ་ཞེས་ནི་དེ་ཉིད་རབ་ཏུ་བསྐུལ། །བེ་ཏི?་ནི་ཉམས་པས་འཇིག་རྟེན་ཕ་རོལ་འགྱུར། །ག་ཡ་ཏྲི་ནི་མཉམས་སྲིད་པ་འབྱུང་བར་འགྱུར། །དེ་ལྟར་ཕྱིར་གྱུར་ནང་གི་གནས་སུ་དེ་བཞིན་ནོ། ། པོ་འདོད་པ་ཆེན་པོ་སྲིད་ལས་འབྱུང་གནས་སྟོན། །འདི་དག་ལ་སོགས་པ་ཡིས་ནང་གི་ཐུན ་འཚམས་འགྱུར། །ཟླ་དང་ཉི་མའི་དབུས་སུ་ཉིན་དང་མཚན་མོ་ནི། །སྦོག?་དང་ཐུར་སེལ་ལ་གནས་དབུས་སུ་ཡིན་པ་སྟེ། །འཁོར་བའི་སྡུག་བསྔལ་འཕྲོག་བྱེད་དག་པའི་ཐུན་མཚམས་སྟེ། །ཉི་མ་ནུབ་དང་དེ་བཞིན་ཤར་ལས་གཞན་མ་ཡིན། །ཕྱི་རོལ་གླེན་པ་རྣམས་ལ་གསང ་བའི་དོན་དུ་ནི། །སེམས་ཅན་བསམ་པའི་དབང་གིས་མེས་པོས་བཤད་པའོ། །ོཾ་ཡིག་ས་བོན་ཞེས་ནི་ངེས་པར་སྐུ་རྡོ་རྗེ། །བྷུ་ནི་གསུང་གིས་རང་བཞིན་བྷ་བ་ཐུགས་ཉིད་དོ། །དོན་དམ་པའི་རྒྱུ་ཕྱིར་ས་ཡིག་ཡེ་ཤེས་ཏེ། །འཇིག་རྟེན་གསུམ་པོ་དེ་ཉིད་ཐུབ་པ་བཟང་པོའི་གཞུང།། ་དྲག་པོ་སྣང་བ་མཛའ་ཡས་མེས་པོས་བཤད་པའོ། །ོཾ་ཡིག་ས་བོན་ཞེས་ནི་ངེས་པར་སྐུ་རྡོ་རྗེ། །བྷུ་ནི་གསུང་གིས་རང་བཞིན་བྷ་བ་ཐུགས་ཉིད་དོ། །དོན་དམ་པའི་རྒྱུ་ཕྱིར་ས་ཡིག་ཡེ་ཤེས་ཏེ། །འཇིག་རྟེན་གསུམ་པོ་དེ་ཉིད་ཐུབ་པ་བཟང་པོའི་གཞུད།། ་ཏུ་གྲགས། །དེ་བཞིན་དྷེ་ཡ་ཞེས་ནི་མཆོག་ཏུ་མཱ་མ་ཀཱི། །ཡོན་ཞེས་ནི་རྒྱལ་བ་རྣམས་ཀྱི་སྒྲོལ་མར་གསུངས། །པྲ་ཙོ་ད་ཡ?་ཞེས་ནི་ཕ་རོལ་ཕྱིན་པར་གྲགས། ། པོ་འདོད་ཆེན་ཞེས་ནི་འགྲོ་བའི་ཐབས་ཡིན་ནོ། །དེ་དག་སྙོམས་པར་ཞུགས་པ་ཐུན་མཚམས་ཐ་དད་མིན། །རྡོ་རྗེ་པདྨའི ་དབུས་སུ་སོ་སོར་ཕྱག་འཚལ་འགྱུར། །ཆོས་ཀྱི་འབྱུང་གནས་ཤེས་ནི་འོ་མའི་རྒྱ་མཚོར་གསུངས་དེ་ཡིད་དབུས་སུ་པདྨ་ཆུ་སྐྱེས་དེ་ཉིད་དོ། །གང་ཞིག་ཟླ་བའི་གདན་ནི་གནམ་ལྡིད?་དེ་ཉིད་དོ། །གང་ཞིག་ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་དེ་ཉིད་དོ། །ཡང་དག་དགུག་པ་རྒྱལ་ཀ་ག་ཏེ ་མུག་རྡོ་རྗེ་སྟེ། །སོ་སོར་སྣང་བ་དག་པ་འདོད་ཆགས་རྡོ་རྗེའི། ས།གང་ཞིག་མི་འདུས་ཞེས་ནི་ང་རྒྱལ་རྡོ་རྗེ་སྟེ། །མི་འགགས་ཆེན་པོ་ཞེས་ནི་ཕྲག་དོག་རྡོ་རྗེ། །གྲགས་མ་ཞེས་ནི་རླུང་ཡིན་འབར་མ་དཔལ་མོ་སྟེ། །རྒྱལ་མཆུ་ཡིན་རྣམ་པར་རྒྱལ་མ་འཛིན་པའོ། །མཛའ་མེད་དཔལ་མོ་ ་ཞེས་ནི་རྡོ་རྗེ་དབྱིངས་མཆོག་ཡིན། །ཡན་ལག་དྲུག་བྲེ་?་ནི་དབང་པོ་རྣམས་ལ་དགོད། །ཆོས་ཀྱི་འབྱུང་གནས་ལ་གནས་པདྨའི་དབུས་སུ་སྟེ། །གང་ཞིག་ཟླ་བའི་གདན་ནི་ཁྱུ་མཆོག་དེ་ཉིད་དོ། །དབང་ཕྱུག་གདོང་བ་ལྔ་ནི་རྡོ་རྗེ་སེམས་དཔའ་སྟེ། །ཆུ་སྐྱེས་ལྟ་བར་ནི ་གཞན་དག་གནས་པའོ། །ཆོས་དང་དེ་བཞིན་འདོད་མ་ཡེ་ཤེས་གསུམ་པ་སྟེ། །ཆགས་པ་དང་བྲལ་དབང་ཕྱུག་ཉིད་ནི་འདི་ལྟར་ལྔ། །དབུས་དང་མཚམས་རྣམས་དག་ལ་སྟོང་པའི་ཚུལ་གྱིས་ནི། །གཞན་དག་གནས་ཤིང་གེ་སར་རྩེ་མོར་གཞན་མའོ། །གཡོ་བ་མོ་དང་ཕྲ་མོ་གཞན ་ཡང་དྲག་མོ་དང། །དགེ་མ་ལ་སོགས་གཞན་མ་བདེ་འབྱུང་ནུས་པ་གང། །དུ་བ་ལ་སོགས་མ་ལུས་ཕ་རོལ་ཕྱིན་པ་སྟེ། །དེ་བཞིན་གཞན་ནི་པདྨའི་འདབ་དང་དབུས་སུའོ། །དབུས་སུ་དབང་ཕྱུག་ཆེ་དང་ཤར་དུ་སྐྱེས་བུ་སྟེ། །གཡས་སུ་ཟད་མིན་མ་དང་གནོད་སྦྱིན་ཉིད་ནི་གཡོན་དུའོ།། ་ནུབ་ཏུ་དེ་མ་ཐག་སྟེ་ཕུད?་ལྔ་རྣམ་དག་ཡིན། །རྣམ་པར་ཤེས་པ་སྔོན་དུ་ངེས་པར་རིག་པར་བྱ། །ས་ནི་ལྡོག་མ་ཡིན་ཏེ་ཆུ་ནི་རབ་གནས་མ། །མེ་ནི་རིག་མ་ཡིན་ཏེ་རླུང་ནི་ཞིམ་སྟེ། །མཚམས་ཀྱི་འདབ་མ་རྣམས་ལ་མཆིད་པར་བྱ་བར་འགྱུར། །ནམ་མཁའ་ཨི་ཁམས་ནི་ངེས་པར་བདེ་བར ་གནས་མའོ། །དེ་ལྟར་གཞན་མ་རྣམས་ཀྱང་སྣ་ཚོགས་རྣམ་པ་ཡིས། །ལུས་དང་དབང་པོ་ལ་སོགས་གཞན་དག་མཆོད་པར་འགྱུར། །མིང་གི་རབ་ཏུ་དབྱེ་བས་དེ་ཉིད་དངོས་པོ་མང། །ཕྱི་དང་ལུས་པོ་དང་ནི་གང་ཞིག་གཞན་དུ་གནས། །ཁམས་སོགས་དེ་ཉིད་རྣམས་ཀྱིས་སོ་སོར་མཆོད་པར་བྱ།། ་ཚངས་པ་མོ་ནིས?་ཡིན་ཆུ་ནི་དྲག་མོ་སྟེ། །མེ་ནི་གཞོན་ནུ་མར་འགྱུར་རླུང་ནི་ནག་མོའོ། །སྟོང་པ་ཕག་མོ་ཡིན་ཞིང་ཟླ་དང་ཉི་མ་མི། །དབང་པོ་ལྷ་མིན་པདྨ་འཛིན་དང་པདྨའོ། །ཡེ་ཤེས་ཤེས་ནི་འཇིགས་བྱེད་ཞི་བ་ཉིད་ཡིན་ནོ། །རྣམ་ཤེས་སྤྱན་ནི་འཇིགས་བྱེད་མ་སྟེ་ངེས་པར་ཡིན། །འབར ་བ་དང་ནི་ཕྲ་མོ་རྣམ་པར་རྒྱལ་མ་དང། །བཟང་དང་ཕུན་སུམ་དྲི་མེད་གཞན་དང་དོན་ཡོད་མ། །གློག་གི་འོད་ཟེར་དང་ནི་བདེ་ཀུན་ཉི་མ་ནི། །སྔོན་དུ་རབ་ཏུ་དབྱེ་བ་ཡིས་ཀྱང་རིག་པར་བྱ། །དབང་པོ་རྣམས་ལ་དབང་པོ་དྲུག་པོ་དགོད་པ་འདིར། །དོན་དམ་པའི་རྒྱུ་ཡིས་མཆོད་པར་འགྱུར་བའོ།། ་ས་དང་ཆུ་མེ་རླུང་དང་སྟོང་པ་ཟླ་བ་དང། །ཉི་མ་དང་ནི་བདག་ཉིད་ཞི་བའི་རྣམ་བརྒྱད་ཡིན། །རྣམ་པ་དུ་མ་ལས་ཀྱང?་རྣམ་པ་བརྒྱད་པོ་ནི། །མི་ཤེས་དབང་གིས་གླེན་པ་རྣམས་ཀྱིས་རབ་ཏུ་བརྟགས། །འདི་དག་ལ་སོགས་ཐམས་ཅད་རྣམ་པ་སྣ་ཚོགས་ནི། །རྣལ་འབྱོར་གྲོ་འཕང་མི་ཤེས་པ་ཡིས་བྱས་པའོ། །དེ ་ཤེས་གང་གི་སོ་ནུས་པའི་བྷ་ག་ཞེས་བྱར་བསྟན། །རྣམ་པ་གསུམ་དུ་འདོད་ཅིང་ཡིག་གསུམ་རྩ་གསུམ་ལ། ། ཛ་བུ་ཀ་ཞེས་བྱ་བཞི་པོ་དེ་ཉིད་དེ། །དེ་ལྟར་དེ་ནི་ཤིན་ཏུ་ཐིམ་པའི་ཡུལ་གཅིག་གོ། དེ་དབུས་ལིང་ག་གནས་ཤིང་ཐོག་མའི་གཟུགས་ཡིན་ཏེ། །ཐིག་ལེ་ནཱ་དད་ཡི་སྙིང་དབུས ་ཡང་དག་གནས། །དགའ་བའི་ཚུལ་དུ་དྲི་མེད་ཞི་བ་སྟེ། །དེ་ཡི་སྟེང་དུ་ཐོག་མ་འཁྲིག་པ་དང་པོའོ། །ཡང་དག་ལྷུང་བའི་ཚུལ་གྱིས་འདོད་པ་རྣམས་ཀྱང་བྱེད། །སྐལ་ལྡན་བྷ་ག་ཞེས་བྱ་དེ་ལ་ཕྱག་འཚལ་ལོ། །དེ་ལ་བཞི་པོ་དག་དང་གཞན་ཡང་ལྔ་པོ་དང། །དེ་བཞིན་དུ་ནི་དྲུག་དང་བཞི་དང ་ལྔ་པོ་དང། །གསུམ་པོ་ཕྱི་རོལ་དང་ནི་ལུས་ཀྱི་དབུས་སུ་སྟེ། །རིགས་ཀྱི་རྫོགས་པ་མ་ལུས་པ་ནི་འདི་ཡིན་ནོ། །ཕྱི་རོལ་རིགས་ཀྱི་ཆེད་དུ་བཞི་པོ་དུས་ཀྱི་མེ། །ཉི་མ་དག་དང་སྒྲ་གཅན་དང་ནི་ཟླ་བར་བཤད། །ས་ལ་སོགས་པ་ལྔ་པོ་ཡིན་ཏེ་དྲུག་པོ་ནི། །བཀྲ་ཤིས་ལ་སོགས་ཡིན་ཏེ ་དེ་བཞིན་བཞི་པ་ནི། །ས་ལ་རབ་ཏུ་དབྱེ་བས་བཞི་པོ་བཤད་པའོ། །གཟུགས་ལ་སོགས་པ་ལྔ་པོ་འདི་ཉིད་བརྗོད་པ་ཡིན། །བར་དུ་གསུམ་པོ་དག་ནི་ཡོན་ཏན་གསུམ་ཡིན་ཏེ། །བྷ་གའི་དཀྱིལ་དུ་ཕྱི་མོ་མ་ལུས་དོན་ཡིན་ནོ། །རིགས་ནི་ཡང་དག་སྐྱེ་ཕྱིར་ཐོག་མར་བཞི་པོ་ནི། །དགའ་བ ་དང་ནི་རྣམ་ཤེས་རྡུལ་དང་ས་བོན་ནོ། །རུས་པ་ལ་སོགས་འབྱུང་བ་ལས་སྐྱེས་ལྔ་པོ་ཡིན། །དྲུག་པོ་མིག་ལ་སོགས་ཏེ་དེ་ནས་བཞི་པོ་ནི། །ལག་པ་དང་ནི་རྐང་པ་བཟུང་སྟེ་ལྔ་པོ་ནི། །སོར་མོ་ལྔ་ཉིད་རྣམས་ཏེ་གསུམ་པོ་གང་ཞིག་ནི། །རྐང་པ་དང་ནི་ལག་པའི་སོར་མོའི་ཚིགས ་གསུམ་མོ། །རབ་ཏུ་དབྱེ་བ་འདི་ནི་རིགས་ཀྱི་སྐྱེ་མདོ་ལས། །བཞི་པའི་དབྱེ་བ་འདི་རུ་བརྒྱད་པོ་གཉིས་ཡིན་ཏེ། །ལྔ་པོ་མཆོག་གི་དེ་རྣམས་ཉི་ཤུ་ལྔ་ཡིན་ནོ། །དྲུག་པོ་ལ་ནི་སུམ་ཅུ་རྩ་དྲུག་ཅེས་སུ་གྲགས། །གཞན་ཡང་བཅུ་གཉིས་དེ་རྣམས་བཞི་པོའི་དབྱེ་བས་སོ། །ལྔ་པོའི་དབྱེ་བ་འདི་རུ ་ཉི་ཤུ་ཡིན་པ་སྟེ། །གསུམ་པོ་ལ་ནི་དབྱེ་བ་དྲུག་ཅུར་བཤད་པའོ། །རིགས་ཀྱི་རིམ་པ་གཅིག་གིས་ཉུང་བ་བདུན་ཅུ་བརྒྱད། །དེ་ཉིད་བསྡུས་པ་རུ་ནི་ཉི་ཤུ་རྩ་བདུན་ཏེ། །ཕྱི་དང་ལུས་པོ་ལ་ནི་རྣམ་པར་དཔྱད་ནས་ནི། །རིགས་ཀྱི་ལམ་ལ་གནས་པ་རིག་ནི་བླང་བར་གྱིས། །འདི་དག ་ལ་སོགས་ཐམས་ཅད་རྣམ་པ་སྣ་ཚོགས་ནི། །རྣལ་འབྱོར་གོ་འཕང་མི་ཤེས་རྟག་པར་གནས་པ་དང། །ལོངས་སྤྱོད་དུམ་ལ་ནི་འདོད་པ་ཅན་རྣམས་ཀྱིས། །བསོད་ནམས་རྒྱུ་རུ་ཡང་ནི་ཡང་དག་སྟོན་པར་བྱེད། །བསོད་ནམས་མཛའ་རུ་སླར་ཡང་སྡིག་པ་ཉིད་ཡིན་ཏེ། །སྡིག་པའི ་མཛའ་རུ་ཡང་ནི་བསོད་ནམས་ཉིད་ཡིན་ནོ། །ཐམ་པ་ཡི་དུས་སུ་འཁོར་ལོ་འདིར་བསྐོར་ཏེ། །ས་ལ་ཉིན་མོ་དང་ནི་མཚན་མོ་བཞིན་དུའོ། །ཡུལ་ལས་བྱུང་བའི་སྡིག་དང་བསོད་ནམས་གང་ཞིག་ནི། །གང་གིས་རབ་ཏུ་སྤངས་ན་སྐད་ཅིག་གིས་སྲེག་བྱེད། །དེ་ཕྱིར་ཡེ་ཤེས་ཆེན་པོའི ་མེ་ནི་མ་ཉམས་པ། །མཉམ་པའི་བདེ་བའི་རྒྱུ་དུ་བསྟན་པར་བྱ་བའི། །ཐམས་ཅད་མཁྱེན་པ་གཅིག་ཡིན་བླ་མ་གཅིག་ཡིན་ཏེ། །དེ་བཞིན་ཡེ་ཤེས་གཅིག་ཡིན་སྲིད་?་མཐར་པ་གཅིག། གཅིག་མིན་རྒྱུ་དུ་ཡང་ནི་རྣལ་འབྱོར་ཉམས་པ་ཡིས། །རང་དང་གཞན་གྱི་དོན་ཉམས ་བྱེད་པའི་འཁྲུག་པར་བྱེད། །ཇི་ལྟར་སངས་རྒྱས་མཐུ་ཡིས་བདག་གི་ལྟ་བ་ནི། །ཞི་འགྱུར་དེ་བཞིན་མེ་རྣམས་ལ་ནི་འགྱུར་བར་ཤོག་ཐམས་ཅད་དུ་ནི་དུ་མའི་ལམ་ལ་བརྟེན་པ་ཡི། སེམས་ནི་རྒྱལ་བའི་ཐུགས་རྗེ་ཆེན་པོར་འགྱུར་བར་ཤོག་དཔའ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ ་པདྨ་དཀར་པོས་མཛད་པ་རྫོགས་སོ།། །ཁ་ཆེའི་པཎྚི་ཏ་ཟླ་བའི་མགོན་པོས་བསྒྱུར་ནས་གཏན་ལ་ཕབ་པའོ། །འདི་ལ་འགྱུར་བྱང་གཅིག་ཀྱང་འགྱུར་མི་འདྲ་བ་གཉིས་ཡོད་པ་ལས། འདི་ཉིད་འགྱུར་ཅུད་བདེ་བར་སྣང་ངོ།། །། ་