| Wylie | e-texts based on the ACIP/ALL Input |
text in 2 volumes
volume 1 - volume 2 -
རྒྱ་གར་སྐད་དུ། བི་མ་ལ་པྲ་བྷཱ་ནཱ་མ་མཱུ་ལ་ཏནྟྲ་ནུ་སཱ་རི་ཎཱི་དྭཱ་ད་ཤ་སཱ་ཧ་སྲི་ཀ་ལ་གྷུ་ཀཱ་ལ་ཙཀྲ་ཏནྟྲ་རཱ་ཛ་ཊཱི་ཀཱ།
་བོད་སྐད་དུ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ
་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །
་སྲིད་གསུམ་སྐྱེ་དང་འཇིགས་པ་མེད། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །
་རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར
་མེད་བདེ་བ་དང་ལྡན་བཞད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་སྐྱེ་མཛད་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང
་དག་རིག་།ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །སངས་རྒྱས་སེང་གེའི
་ཁྲིར་བཞུགས་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྲིད་པ་གསུམ་གྱིས་མཆོད། །དེ་ཉིད་གཅིག་པུ་སྐུ་ཡི་རབ་ཏུ་དབྱེ་བས་རྣམ་པ
་བཅུ་དྲུག་སྲིད་མེད་སྲིད་པར་གནས། །ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་བྱང
་ཆུབ་སེམས་ནི་རྒྱལ་པོའི་རྡོ་རྗེའི་ཚིག་གྱུར་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་སྐུ་ནི་རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་དང་དེ་བཞིན
་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ཡང་ཉིན་བྱེད་སྐུ་དང་པདྨའི་འདབ་མ་རྒྱས་པའི་སྤྱན། །རྣམ་པར་ཐར་དང་སྐུ་གསུང་ཐུགས་ཆགས་སྲིད
་འདས་འབྱོར་པ་རྣལ་འབྱོར་དག་པ་ཤེས་རབ་དང། །ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ལ་འདུད། །ཡེ
་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས། །ལེགས་དག་རྣམ་དག་འགྱུར་བ་མེད། །སེམས་ནི་མཚན་མེད་ཡེ་ཤེས་ཀྱིས། །ལེགས་དག་གཉིས་མེད་ཚེས་བདག
་ཉིད། །ངག་ནི་སྨོན་མེད་ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་བཟད་སྒྲ། །དེ་བཞིན་མངོན་པར་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་དྲི་མ་མེད། །ཤེས
་རབ་ཐབས་ཀྱིས་བདག་ཉིད་སྦྱོར། །དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན། །དེ་བཞིན་གཤེགས་པ་རྡོ་རྗེ་སེམས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །དམ་ཚིག་སེམས
་དཔའ་གསུང་བ་གང། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཛའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །
་ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས
་གཅིག་སྦྱོར་སྡོམ་པ་དང། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་སྟུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང། །
་ཡེ་ཤེས་སེམས་དང་ངག་དང་ལུས། །གནས་གཞིར་ཡང་དག་མི་གནས་ཏེ། །ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས
་པ་མིན། །རྣམ་རྟོག་སྒོམ་པ་ལས་འདས་པ། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཐབས
་དང་ཤེས་རབ་བདག་ཉིད་སྦྱར། །ེ་བཾ་ཡི་གེ་དེ་ལ་འདུད། །ཕྲ་རབ་རྡུལ་གྱིས་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐྱེད
་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཱ་ལི་ཀཱ་ལི་སྙོམས་འཇུག་དང། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང། །འགྱུར་བ་མེད་ལས་འཁྲུངས་པའི
་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་རྒྱས་པའི་སྤྱན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི
་གདན་བཞུགས་པ། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་གསོལ་དེ་ལ་འདུད། །དག་དང་ཡེ་ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་དམ་ཚིག་ཐུགས་དང་ཆོས་ནི་གཅིག་ཏུ་སྦྱོར། །གསུང་དང་ལོངས་སྤྱོད་རྫོགས
་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་རྣལ་འབྱོར་ཏེ། །ཤེས་དང་ཤེས་བྱ་གཉིས་མེད་སྲིད་འདས་འབྱོར་པ་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །རྡོ་རྗེའི་རྣལ་འབྱོར
་ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ལ་འདུད། །ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཆོད་དབྱེར
་མེད་འདོད་པར་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་འདུད། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང། །ཟླ་ཉིད་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད
་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་ཞིག་དཔག་མེད
་བདེ་གཤེགས་རྣམས་ཀྱི་རྟེན་ཅིང་བསྟན་པ་དང། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་ཀུན་གྱིས་ཡང་དག་བརྗོད་གྱུར་པའི། །འགྱུར་མེད་མཆོག་གི་བདེ་བ་རྣལ
་འབྱོར་དེ་ནི་དུས་ཀྱི་འཁོར་ལོར་བླུན་པོ་བདག་བརྗོད་འདོད། །མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་པོ་འགྲོ་སྟེ་འདབས་ཆགས་གཞན་པ་འགྲོ་བ་མིན་ནམ་ཅི། །གང་དུ་རང་གི་ལུས་ལ་སྲིད་པ་མཛའ་
་དག་སྔགས་བཅས་པ། །གསལ་བར་ཨ་ལི་ཐིག་ལེ་འཛིན་པའི་རྒྱལ་བའི་དབང་པོས་གསུངས། །ཆུ་གཏེར་ཆེན་པོ་དེར་ནི་རྒྱལ་བའི་སླད་དུ་རབ་ཞུགས་པ། །དེ་ལ་གལ་ཏེ་ཕ་རོལ་བདག་ཕྱིན་རྒྱལ་བའི་མཐུ་ཡིན་ནོ། །གང་ཕྱིར་གསང་བདག་ལ་གསུང
་མཆོག་གི་དང་པོའི་སངས་རྒྱས་ལས། །སྟོབས་བཅུ་པ་ཡིས་བསྡུས་པའི་རྒྱུད་ནི་སྔོན་དུ་ལུང་བསྟན་པ། །དེ་ཕྱིར་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་འདི་ཀ་ལཱ་ཕར། །འཇམ་དཔལ་གྱིས་ནི་ཐུབ་པ་མཛའ་དག་རྣམས་ལ་ངེས་པར་བསྟན། །འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ། །
་ཟླ་བ་བཟང་པོས་བྲིས་པ་གང། །ཐེག་པ་ཀུན་དོན་གསལ་བྱེད་དེ། །པདྨ་དཀར་པོ་བདག་གིས་ནི། །རྩ་བའི་རྒྱུད་ཀྱི་རྗེས་འཇུག་ཅིང། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཏེ། །རྡོ་རྗེའི་ཚིག་འབྱེད་དང་བཅས་པ། །བསྡུས་པའི་རྒྱུད་ལ་བྲི་བར་བྱ། །རྒྱལ་བས་གསུངས
་པའི་ཆོ་གས་དབང་མཆོག་བླངས་ནས་རྒྱུད་འདི་འམ་ནི་བསྡུས་པ་ཡིས། །རྒྱུད་རྒྱལ་མ་ལུས་ཐོས་ནས་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པས། །ཁེངས་དང་ལོངས་སྤྱོད་འབྱོར་པ་དུ་མ་བཏང་ནས་སེམས་ནི་བླ་མར་གཏང་བྱ་སྟེ། །སངས་རྒྱས
་ཉིད་ཀྱི་སླད་དུ་གཙོ་བོའི་འགྲེལ་བཤད་གཞན་ཕན་སྤྱོད་པ་མཉན་པར་བྱ། །མངོན་ཤེས་མེད་གང་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་བརྟན་བཅོས་དུ་མ་ཡིས། །རྣམ་རྟོག་ཆོས་ཀྱི་སྙིང་དང་མཁས་པ་ཉིད་ཀྱི་དྲེགས་ལྡན་འགྲེལ་བཤད་ཆེན་པོ་དག་།བྱེད
་པ་དེ་ནི་གླང་ཆེན་ལོང་བ་མྱོས་བཞིན་དགྲ་ཡིས་རྒྱུ་ནི་བརྒྱལ་བའི་སླད། །གང་གནས་དེ་ཡིས་རང་གི་རྒྱུད་ནི་ཉམས་བྱེད་འདི་ནི་རྟག་ཏུ་བདུད་ཀྱི་གཉེན། །མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་རྒྱལ་བདག་གསུང་ནི་མི་ཤེས་དང་ཚུལ
་རྟག་ལོངས་པས། །ཐེག་མཆོག་འགྲེལ་བཤད་བྱས་ཏེ་ལོང་བ་བཞན་དག་ལྷུང་དུ་བཅུས་ནས་དམྱལ་བར་རབ་འཇུག་པ། །འགྱོད་པ་དང་ནི་སྲོག་གཅོད་ལ་སོགས་མི་དགེའི་ལས་ལ་བུད་མེད་བདེ་བས་སེམས་དྲངས་ཤིང། །དཔལ
་ལྡན་ཤེས་རབ་བདེ་ཉམས་རྡོ་རྗེའི་ཚིག་བཅོམ་ཕྱི་ཡི་ལོངས་སྤྱོད་དག་གིས་ཟིལ་མནན་པའོ། །སྟོན་པ་ཉིད་ཀྱིས་རྒྱལ་བདག་བདེ་སྟེར་རྡོ་རྗེ་ཐེག་པར་གང་ཞིག་ལུང་བསྟན་མཛའ་དག་ནི། །འགྲེལ་བཤད་དག་དང་བསྡུ་བ་མཛད་པ་རྡོ་རྗེ་མཆོག་འཛིན་བདག་འདྲའི
་བྱང་ཆུབ་སེམས་དཔའ་སྟེ། །དེ་དག་འདིར་ནི་ལྷ་དང་ལག་འགྲོ་མི་རྣམས་སྨིན་པའི་དོན་དུ་སངས་རྒྱས་མཐུ་སྨྲ་ལ། །གང་དག་མངོན་ཤེས་ལྔ་མེད་དེ་དག་བདག་ཅག་རྒྱལ་དབང་ཡིན་ཞེས་བདེན་པ་མིན་པར་སྨྲ། །མ་འོངས་དུས་ན་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད
་སྣ་ཚོགས་བླ། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་དང་ཕྲད་དབང་གིས་ལོག་པ་འབྱུང་འགྱུར་ཏེ། །རྟོག་གེ་ལ་གཏད་དེ་ཡིས་འདོད་པའི་ཡུལ་ལ་ལམ་ནི་སྟོན་པར་བྱེད་པ་གང། །དེ་དག་ཉིད་ཀྱི་བློ་ངན་སྐྱོན་ནི་འཇོམས་བྱེད་འགྲེལ་བཤད་བདག་གིས་བྲི་བར་བྱ། །ཆགས
་བྲལ་མེད་པའི་འདོད་ཆགས་མཛའ་ཡས་ཆུ་ལ་ཞེ་སྡང་སྦྲུལ་དང་ཆུ་སྲིན་དཀྲིགས། །གཏི་མུག་ཀློང་ནི་རབ་མང་འགྲོ་འོང་ནོར་དང་དཔལ་ལ་བརྐམ་པའི་རྦ་རླབས་ཅན། །འགྱོད་སོགས་བསོད་པ་ལ་སོགས་ལས་ཀྱི་རྟ་གདོང་འཁོར་མོ་སྒྲ་དྲག་སྲིད་པ་ཡི། །ཆུ་གཏེར་ལ་ནི
་དཔལ་ལྡན་རྡོ་རྗེ་ཐེག་པའི་འགྲེལ་བཤད་རྟག་ཏུ་མཉན་པ་སྟེ། །ཤེས་རབ་རླུང་གི་དར་གྱིས་མྱུར་འགྲོ་མྱང་འདས་ཕ་རོལ་དོན་གཉེར་ཆེན་པོ་རྣམས། །དམ་པའི་བདེ་བས་མྱུར་དུ་རྒལ་བར་བྱེད་སླད་དེ་ནི་ལམ་གྱི་འདྲེན་མ་དང། །ཉོན་མོངས་བདུད་ཚོགས་འཇོམས་པ་མཁས་པའི
་ཡང་དག་ཡེ་ཤེས་ཡིད་བཞིན་ནོར་བུ་སྟེ། འཇིག་རྟེན་གསུམ་གྱི་བདག་པོ་ཉིད་སྟེར་འདི་ནི་ཀུན་ཏུ་སྟོན་པར་བྱེད་པའོ། །གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན
་མོ་སྟེ། །དེ་བོར་སངས་རྒྱས་ཉིད་སླད་ནོར་ལ་ཆགས་ཤིང་འཁྱོགས་པའི་སྙིང་ལྡན་བརྟགས་མ་དང། །གང་གི་སྟེན་བྱེད་རྣམ་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་བ་ཐོབ་པར་བྱེད། །འདོད་ཆགས་ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །སྡང
་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་སྨོངས་ཏེ། །མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག་།དེ་ཡི་སེམས་ལ་ཅོ་འདྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །ཀུན་མཁྱེན་ལམ་དོན་གཉེར་བ
་རྩམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག་།སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་གཞན་ལ། །ལུང་སྟོན་དག་ལ་ལྷ་ཀླུས་བཀོད་པའི་སྒྲ་སོགས
་རྩོད་པ་དོན་གཉེར་རྣམས་ཀྱི་གཞན། །ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང་རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་སྟེ། །དད་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམ་དག་ཚིག་ལ་སྟོན
་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་ཤེས་ལ། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པས། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང། །གང་ཞིག་འགྲོ་བ་དག་ལ་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །མཆོག
་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་འདི། །རང་གི་ཕྱག་རྒྱ་ཆེན་མོར་རྒྱལ་བས་གསུངས། །ཤེས་རབ་འགྲོག་ལ་གང་གིས་དཀར་པོ་ཟབ། །དེའི་བདེ་བ་ཅི་ཡིས་འཕེལ་བར་འགྱུར། །དཔྱིད་དང
་འགྲོགས་ལ་མེ་ཏོག་མ་རྒྱས་པ། །ལྷུང་བ་ཙུ་ཏའི་འབྲས་བུ་ཅི་ཡིས་འབྱུང། །གང་གི་འགྱུར་མེད་མ་ཐོབ་སྡུག་བསྔལ་ཅན། །དེ་ནི་འགྱུར་བ་དང་བཅས་བདེ་བ་ཚོལ། །ཐམས་ཅད་ཆུ་ནི་ཚོལ་བྱེད་ཙཱ་ཏ་ཀ་།སྐོམ་པར་གྱུར་ཀྱང་ས་ལ་གནས་པ་མིན། །འཁོར་བ་ཡི་ནི་བདེ་བ
་མི་རྟག་པ། །འཐོབ་པ་མིན་ཡང་རྨོངས་ཆེན་ཚོལ་བར་བྱེད། །ཡང་དག་རྒྱལ་སྲིད་བདེ་བ་ཐོབ་པ་ཡང། །ཐར་པའི་དོན་དུ་མཁས་པས་འདོར་བར་བྱེད། །ཇི་ལྟར་ལོ་ཡི་མཚམས་སུ་རྒྱ་ལམ་ན། །རི་དགས་ཟས་ཅན་འཁྲིག་པའི་བདེ་བ་ཚོལ། །རྡོ་ཡི་བྱེ་མ་དག་གི་ཁ་ཟས
་ཅན། །ཕུག་རོན་རྣམས་ནི་རྟག་ཏུ་བྱེད་པ་སྟེ། །ལན་ཅིག་རྟག་ཏུ་ཁུ་བ་ལྷུང་བའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་འོད་ལྡན་ལ། །རྨི་ལམ་སད་པ་དག་ལས་མཛག་ཕྱིར་རོ། །ཇི་ལྟར་གཉིད་ལོག་ལ་ཡང
་སྤྲུལ་གྱི་ནི། །ས་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། །ཁུ་བ་སྡུད་པ་མེད་ཕྱིར་སྟོབས་མེད་མའི། །སྐྱེ་གནས་དེ་ཡིས་ཉམས་བར་བྱེད་པའོ། །ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ནི། །མེ་ཡི་སྲེགས་པ་ཉིད་ཀྱི་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱི་དམ་པ་ཡི། །སེམས
་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། །ཇི་ལྟར་དངུལ་ཆུ་མེ་ཡི་རེག་པ་ལས། །འབྲོས་པར་བྱེད་ཀྱི་གཡོ་བ་མེད་མི་འགྱུར། །དེ་བཞིན་ཐབས་དང་བྲལ་བའི་ཁུ་བ་ནི། །རྟག་ཏུ་སྐྱེ་གནས་རེག་པ་དག་ལས་སོ། །ཇི་ལྟར་གཡོ་བ་དེ་ཡང་སྨོན་སོགས་ཀྱི། །སྟོབས་ཀྱི་མེ་དང་ཡང་དག
་ཕྲད་བས་འཆིང། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་དག་དང་ཡང་དག་ཕྲད་པས་སོ། །ཇི་ལྟར་མེ་ནི་ཤིང་ལ་རྟགས་ནས་ཀྱང། །བཅད་དང་དབྱེ་བའི་ཐབས་ཀྱི་མི་མཐོང་སྟེ། །གཙུབས་ཤིང་གཙུབས་སྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ
་དག་ཀྱང་མཐོང་གྱུར་པ། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། །དེ་ཉིད་དེ
་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡིས་རབ་ཏུ་དབྱེ་བ་ཅན། །ལམ་དང་བྲལ་བ་འཐོབ་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །
་དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡིད་མིན། །དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་དག་གིས་དབུ་མར་འཕབ་པ་དང། །རིག་མའི་རྟུལ་ཞུགས་དག་གིས་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཞུ་བ་སྟེ། །ལམ་འདི་དག་གིས་སངས་རྒྱས་རྣམས་ཀྱི་ནི། །བདེ
་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པ་འམ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །གཟུགས་ལ་སོགས་པར་རྡོག་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ཏེ
་འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག་།གང་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡིས། །སློབ་མ་དག་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ལམ་བཟང་རིན་ཆེན་འདི་ནི་བག་མེད་ཀྱི། །སེམས
་ཅན་གཞན་པ་དག་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་ཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང། །གཉེན་འདུན་ཐིབས་པོའི་ནང་དུ་ཞུགས་པ་ཡི། །ལམ
་བཟང་རིན་ཆེན་དག་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང། །རྫུན་དང་ཚིག་རྩུབ་དག་དང་ཕྲ་མ་དང། །འཁྱལ་པར་གྱུར་པའི་ཚིག་དང་བརྣབ་སེམས་དང། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་དང། །ཡོད་པའི་སྡིག་དང་ཉེ་བར་སྡིག་པ་དང། །
་གསོད་ཁུ་དབང་པོ་མངོན་པར་ཞེན་པ་སྟེ། །ཆོམ་རྐུན་ལྔ་པ་ལྔ་པོ་འདི་དག་གིས། །རིན་པོ་ཆེ་ཡི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་དག་གིས། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང། །རྒྱལ་བར
་གྱུར་པ་ཉིད་ལ་འཕྲོག་པར་བྱེད། རང་ཉིད་ཀྱིས་ནི་ཡོངས་སུ་མ་བརྟགས་པར། །རིན་ཐང་ཆེན་པོར་གྱུར་པ་ཡིན་མ་ཡིན། །ཤེས་པར་བྱ་ཕྱིར་གཡོན་ཅན་གཞན་ལ་སྟོན། །དེ་ཡི་ཚིག་གིས་རིན་ཆེན་འདོད་པར་བྱེད། །གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ
་ཡོངས་སུ་རྟོག་དུ་བཞུགས། །དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་རྣམས་དང། །ཕ་དང་མ་དང་བུ་མོ་སྲིད་མོ་དང། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་དག་གིས
་བདུད་ནི་གེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་ཆེན་དག་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་བཏང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །དཔའ་བོའི་རིམ་པ་དག་བྱིན་བརླབ་པ་ཡི། །རིམ་པ
་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པོ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །མཚམས་མེད་ལྔ་པོ་དག་ནི་བྱས་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད
་དག་ལ། །རྒྱལ་བའི་དབང་པོས་ཡང་དག་བཟུང་བར་འགྱུར། །དཔའ་བོའི་རིམ་པ་ཕྱི་རོལ་ལ་མིན་ཏེ། །ལུས་ལ་སྲོག་ཟད་ཉིད་ལ་འདི་གསུངས་སོ། །བདག་བྱིན་བརླབ་པ་དག་ནི་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་གྱུར་པའི་མཚན། །འཁོར་བའི
་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་པའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག་།ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །སྡིག་པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་དག་དེ་ཉམས
་བྱེད། །དེ་བཞིན་རྣལ་འབྱོར་དག་གིས་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། །གཉིས་མེད་གཡོ་བ་མེད་དང་རིག་མེད་དང། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་པ་མེད་པ་དང། །ཡེ་ཤེས
་དང་ནི་སེམས་དཔའ་ཀུན་ཏུ་བཟང། །ཉོན་མོངས་མེད་དང་ཉོན་མོངས་ཆེན་པོ་དང། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །སྙིང་རྗེ་དང་ནི་སྟོང
་ཉིད་སྐུ། །དུས་ནི་ཀུན་རྫོབ་གཟུགས་ཅན་མ། །སྟོང་ཉིད་འཁོར་ལོ་ཞེས་བརྗོད་དེ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །འདི་ཡི་དཔལ་ནི་མྱུར་ཐོབ་སླད། །རྟག་ཏུ་རྣལ་འབྱོར་མ་རྣམས་ཞབས། །རྣལ་འབྱོར་གང་ཞིག་བསྒོམ་པ་དེའི། །བགེགས
་ནི་རྟག་ཏུ་ཉམས་པར་འགྱུར། །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང། །ཆུ་གཏེར་འཁྲུག་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས
་དང་རྡོ་རྗེ་ལྟུང་དང་ནོར་ཉམས་རྣམས། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །གླང་ཆེན་ཤིང་རྟ་རྟ་དང་རབ་ཏུ་མང་བའི་མི་མཆོག་ཐམས་ཅད་ལུས་ལ་གོ་བགོས་ཤིང། །ལག་ལ་མདུང་དང་འཁོར་ལོ་རལ་གྲི་མདའ
་གཞུ་དགྲ་རྣམས་ཀྱིས་ནི་གཡུལ་དུ་འཇོམས་བྱེད་པ། །འཆི་སྟེར་དྲག་པོའི་གཟུགས་ཅན་ཕྱོགས་དང་མཚམས་སོན་དགྲ་སྟེ་ཐམས་ཅད་རང་གི་མཚོན་གྱིས་ནི། །བཅོམ་ལྡན་རྒྱལ་བའི་གྲགས་པ་གང་ཞིག་རྣལ་འབྱོར་མ་རྣམས་ཞབས་དྲན་བྱེད་པས་ཀུན་ནས
་འཐོབ། །ཀུན་ནས་སེང་གེའི་སྒྲ་སྒྲོགས་ཤིན་ཏུ་རྣམ་པར་འགྱུར་བའི་གཞི་ལྡན་མཆེ་བ་རྣོན་པོ་གཙིགས། །རྔ་མ་གཡོ་ཞིང་སྡེར་མོ་གུག་ལ་བརྟན་པས་གླང་ཆེན་མྱོས་པའི་གླད་པ་རབ་ཏུ་འགེམས། །རབ་ཁྲོས་ཉི་མ་འཆར་ཀའི་མིག་ཅན་རོ
་འཛིན་རལ་གྲི་གཡོ་བའི་གསོད་འདོད་རལ་པ་ཅན། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འབྲོག་དྲན་པ་དེ་ལ་རིང་དུ་འགྲོ་བར་འགྱུར། །མདོག་སྔོ་མིག་ནི་སེར་སྐྱ་འགྲམ་པ་གཉིས་པོ་མྱོས་པའི་ཆུ་བོ་རབ་ཏུ་མང་བས་གང། རྣམ
་མང་ལྗོན་པ་མཆོག་རྣམས་རྩད་ནས་འབྱིན་ཅིང་རབ་ཏུ་གྲུགས་བྱེད་འབྲུག་བཞིན་སྒྲ་དག་སྒྲོགས། །ལག་པས་བཅིང་བ་བྱས་ནས་སོ་ཡི་རྩེ་མོ་དག་གིས་འབྱེད་བྱེད་རབ་མཆོག་གླང་པོའི་བདག་།གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས
་འཕྲོག་དྲན་པ་དེ་ཡི་ལུས་ནི་གཏོང་བར་བྱེད། །ཀུན་ནས་མེ་ལྕེ་རབ་འབར་ཕྱོགས་དང་མཚམས་སུ་དུ་བ་ཀུན་གྱིས་མུན་པ་ཆེན་པོ་གཏིབས། །གྲོང་དང་དགོན་པ་དུས་ཅིག་སྲེག་ཅིང་སྐར་མདའ་ལྟུང་བ་བཞིན་དུ་མེ་སྟག་སྤྲོ་བར་བྱེད། །
་སེམས་ཅན་རྣམས་ལ་དུས་ཀུན་དུ་ནི་པཱ་ཆི་གའི་འཇིགས་བྱེད་ཕྱོགས་ཀུན་ཁྱབ་པར་གྱུར་པའི་མེ། །གང་གི་རྣལ་འབྱོར་མ་རྣམས་ཁབས་དག་འཇིགས་འཕྲོག་དྲན་པ་དེ་ལ་བསིལ་པ་ཉིད་དུ་འགྱུར། །ཁྲོས་ཤིང་མིག་སྨན་སྔོན་པོའི་མདོག་དང
་འཁྱོག་པོར་བགྲོད་པའི་ལུས་ཅན་དྲག་པོའི་ཕུགས་སྒྲ་སྒྲོགས། །མཆེ་བ་འཁྱོག་པོ་ལྕེ་གཉིས་དད་ལྡན་འཆི་བའི་འཇིགས་བྱེད་རླུང་གི་གཟུགས་ཅན་རབ་ཏུ་གཏུམ། །དྲག་པོའི་མིག་དང་གེ་དང་ཀ་གསལ་བྱས་ཡང་དག་ཕྲད་པ་ཟ་པར་བྱེད་པའི་གདེངས་ཅན་དབང།།
་གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོགས་དྲན་པ་དེ་ལ་རབ་ཏུ་ཉམས་པར་འགྱུར། །སྡང་བའི་སེམས་ལྡན་ལག་པའི་མཐིལ་ན་གཞུ་དང་རྣ་བའི་བར་དུ་མངའ་བཀད་མདུང་དང་ནི། །འཁོར་ལོ་རལ་གྲི་ལག་ཐོགས་ཕྱོགས་དང་མཚམས་སུ་གནས
་པས་དམ་པའི་ལམ་གྱི་ས་བཀག་ནས། །དགོན་པར་ལམ་འགྲོན་སྐྱེ་བོ་རྒྱུ་བ་དང་ཕྲད་འཇོམས་བྱེད་དྲག་པོའི་མིག་ཅན་ཆོམ་རྐུན་པ། །གང་གི་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་རིང་བ་ཉིད་དུ་འགྱུར། །ལག་པ་དག་ནི་ཞགས
་པས་བཅིངས་ཤིང་རྐང་པའི་པདྨ་ཟུང་ནི་ལྕགས་སྒྲོག་དག་གིས་གཏམས། །དགེ་བའི་ཆུ་དང་བྲལ་བས་ལྕེ་དང་མགྲིན་པ་ཆུ་སྐམས་ལུས་པོ་སྐེམ་ཞིང་བགྲེས་པས་བཟིང། །ཉིན་མཚན་དུས་སུ་རྗེ་བོ་ཁྲོས་པའི་བཀའ་ཡིས་ཀུན་དུ་སྲུང་མ་རྣམས་ཀྱིས་སྲུང
་བྱེད་པ། །གང་གི་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡང་དེ་ལས་གྲོལ་བར་འགྱུར། །ཆུ་གཏེར་གཞོན་པ་ལ་ཞོན་མཛའ་ཡས་དྲག་པོའི་རླུང་གི་ཆུ་ཡི་གཏེར་ནི་འཁྲུག་བྱེད་ཅིང། །ཀུན་ཏུ་འཁོད་བར་བྱེད་ལ་ཆུ་གཏེར་ཆོམ་རྐུན
་ཆུ་སྲིན་ཉ་ཡི་རིགས་ཀྱིས་བཀག་གྱུར་ཏེ། །མེ་ཡི་ཏིལ་མར་གདུག་པས་འཕངས་པ་མེ་ཡི་ཆར་ཆེན་ཀུན་ནས་རྒྱུན་དུ་འབབ་པ་ལ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་བྲན་པ་དེ་ཡང་ན་ལས་ཕ་རོལ་འགྲོ། ཕཊ་ཅེས་འཇིགས
་རུང་སྒྲ་སྒྲོགས་ཁ་ནས་མེ་འབར་ལག་ན་གྲི་གུག་དང་ནི་ཐོད་པ་ཐོགས། རོ་ལངས་གདུག་པའི་སེམས་ལྡན་ཕྱོགས་བཅུའི་དཀྱིལ་འཁོར་དག་ལ་ཡང་དག་གནས་ཤིང་འཇིགས་པར་བྱེད། བཀྲེས་པས་གཟིར་ཏེ་ཤ་དག་ཟ་ཞིང་མི་ཁྲག་ལ་དགའ་ལུས་སྐམས་གོས་དང་བྲལ་བ
་དུས་དེ་གང་གི་རྣལ་འབྱོར་མ་རྣམས་ཞབས་དག་འཇིག་འཕྲོག་དྲན་པ་དེ་ལ་སྲུང་བར་བྱེད་པར་འགྱུར། །ཉིན་བཞིན་འཁུན་ཞིང་སོར་མོའི་རྩེ་མོ་ཟླུམ་པོ་ཉམས་ཏེ་སྣ་དང་མཆུ་དང་རྣ་བ་ཉམས། །གདོང་དང་མགྲིན་པ་རྐང་ལག་དག་གི་རྨ་རྣམས་ལས་ནི་རྣག་རུལ་མང་པོ་དྲག་དང
་ཏུ?་ལག་།རུལ་པའི་དྲི་པའི་མཐུ་ལས་གཉེན་པ་ཤེས་ཚོགས་ཀྱི་ཤི་བའི་ལུས་བཞིན་ཡོངས་སུ་བཏང་གྱུར་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་བཟང་དྲན་བྱེད་ནས་ཀྱིས་བཏང་ཞིང་འདོད་དང་ལྡན་པར་འགྱུར། །འབར་བཅས་མཆེ་གནོན་གདེངས་ཅན་འབྲོག་བྱ
་ཤ་བ་དྷ་དང་སྟག་དང་གླང་ཆེན་གདོད་ལྡན་ཞིང། །ལག་ན་འཁོར་ལོ་རལ་གྲི་མདའ་དང་རྩེ་གསུམ་ལྕགས་ཀྱུ་རྡོ་རྗེ་ཐོགས་པས་ཕྱོགས་ཀུན་ཏུ། །བྱང་ཆུབ་བསམ་གཏན་གཅིག་གཞོལ་མཆོག་བདེ་ལ་གནས་སྒྲུབ་པ་པོ་བསྡིགས་དང་དཔོའི་ཕོ་ཉ་གང། །དེ་དག་རྣལ་འབྱོར་དབང
་ཕྱུག་མ་ཞབས་གང་གིས་རང་ཡིད་ལ་བྱེད་དེ་ལ་ཉམས་པར་འགྱུར། །དབྱར་ནི་ནགས་ནས་གྲོང་གི་བར་དུ་འདམ་རྫབ་ཀྱིས་གང་ལམ་དག་ལ་ཡང་ཁུར་ཁྱེར་ཞིང། །དགུན་ནི་གོས་དང་བྲལ་བས་ཁ་བའི་ལམ་དུ་བགྲོད་ཅིང་ཡུལ་གཞན་དག་ཏུ་འང་འགྲོ་བར་བྱེད། །སོ་ག་ཆུ་མེད
་འཇིགས་བཅས་མྱ་ངན་ལམ་དུ་ཉི་མའི་འོད་ཟེར་གྱིས་གདུངས་དབུལ་པོ་གང། །རྣལ་འབྱོར་མ་རྣམས་ཞབས་བཟང་སྒོམ་བྱེད་སྡུག་བསྔལ་དེ་དག་གིས་བཏང་འདོད་དང་ལྡན་པར་འགྱུར། །མཆན་ཁུང་མིག་དང་རྣ་བ་སྣ་དང་ཁ་ལུས་བརྗོད་པ་དག་ལས་མི་བཟང་དྲི
་འབྱུང་ཞིང། །བུད་མེད་ཀུན་དང་བྲལ་བས་དུས་ཀུན་ཏུ་ནི་དགའ་བའི་བདེ་བ་དང་བྲལ་སྐལ་ངན་ཏེ། །མི་དགེ་འབྲས་བུའི་དབང་གིས་རྟག་ཏུ་བུད་མེད་སྡང་བར་གྱུར་པ་གང་ལ་དེ་དག་ཀུན། །རྣལ་འབྱོར་མ་རྣམས་ཞབས་ནི་བདེ་བ་མཆོག་སྦྱིན་བསྒོམས་པས་བསྐལ་བཟང་ཁ
་དོག་གཟུགས་ཅན་འགྱུར། །འཁུས་ཕྱིར་གཡོག་འཁོར་དང་ལ་མི་དབང་འཁྲུགས་ཏེ་འཇིགས་པའི་གཤིན་རྗེ་ལྟ་བུར་མཛའ་ཅིག་ཏུ། །གསོད་པ་ལ་ཞེན་འཆི་བའི་འཇིགས་པ་བྱེད་པའི་སྡེ་རྣམས་ཡང་དག་མྱུར་དུ་སྐུ་ལ་བྱེད་པ། །རྣལ་འབྱོར་མ
་རྣམས་ཞབས་ནི་འཇིག་རྟེན་གསུམ་པོ་ཀུན་གྱི་མགོན་དག་རང་ཡིད་ལ་བསྒོམས་པས། །དེ་དག་རྣམས་ཀྱིས་དེ་ཡང་རབ་ཏུ་ཞི་ཞིང་འདོད་པ་ཐམས་ཅད་སྦྱིན་པས་མཆོག་སྦྱིན་འགྱུར། །གང་དག་འགའ་ཞིག་ཏུ་ནི་ནམ་མཁའ་ལས་རྡོ་རྗེ་རབ་ལྟུང་བུད་མེད་འགྲོགས་ལས
་རྟག་པར་ཡང། །སྐྱེ་དང་སྐྱེ་བ་གཞན་སླད་འཆི་དང་རྒྱལ་དང་ཆགས་བྲལ་སླར་ཡང་བྱེད་པས་རྣལ་འབྱོར་མའི། །དཔལ་ལྡན་ལས་དང་ཡེ་ཤེས་མཆོག་གི་ཆུ་སྐྱེས་ལ་གནས་རྡོ་རྗེའི་ཞབས་དག་བསྒོམས་པ་ཡིས། །དེ་དག་རྣམས་ཀྱི་དེ་ཡང་རབ་ཞི་འཆིལ
་ཉིད་འགྱུར་སླར་ཡང་སྐྱེ་བ་ལྡན་པ་མིན། །གང་དག་ཉིན་དང་མཚན་མོར་བུད་མེད་འགྲོགས་ལ་རྣམ་པར་ཆགས་པས་ནོར་ཀུན་ཉམས་འགྱུར་ཞིང། །སྐྱེ་བ་གཞན་གྱི་བག་ཆགས་བགོས་པའི་སེམས་ལས་དེ་ནི་སླར་ཡང་མང་པོ་རབ་འབྱུང་བས། །ཤེས་རབ
་རྣལ་འབྱོར་མ་རྣམས་དག་གི་མི་མཉམ་མཉམ་པའི་ཞབས་ནི་སྣ་ཚོགས་གཟུགས་ཅན་གང། །རྒྱལ་བ་མཆོག་གིས་མཆོད་ཅིང་བསྟོད་པ་བསྒོམས་པས་དེ་ནི་ནོར་ཀུན་ཉམས་པར་མི་འགྱུར་རོ། །སེར་སྐྱ་ལུག་དང་ཀུན་འདར་མ་སྟེ་ཉི་ཟླ་སྒྲ་གཅན་ལམ་གསུམ
་བགྲོད་རྣམས་རྣལ་འབྱོར་མ། །དངོས་དང་དངོས་མེད་རབ་ཉམས་མཉམ་བགྲོད་ཞབས་དེ་དག་ནི་དེ་དག་རྣམས་ཀྱི་ཡེ་ཤེས་སྐུ། །དེ་ཡི་ལྷན་སྐྱེས་བདེ་བའི་གོ་འཕང་འགྱུར་མེད་ཅིག་འདི་དེ་དག་དེ་ཉིད་གང་གིས་དྲན། །དེ་ཡི་སྐྱེ་བ་འདི་ལ་མ་ལུས་འཇིགས
་འཕྲོག་འདིར་བརྗོད་འབྲས་བུ་མྱུར་དུ་འབྱུང་བར་འགྱུར། །དཔལ་ལྡན་རྣལ་འབྱོར་མ་རྣམས་དག་གིས་རྡོ་རྗེ་ནོར་བུའི་ཁྱིམ་ནི་གནས་ཏེ་དེར་འཇུག་ལམ། །ཉོན་མོངས་མེད་ཅིང་བདུད་ཉམས་སྔོན་དུ་རྒྱལ་བས་གསུངས་པའི་བསྟོད་པ་བདག་གིས་འདིར་བརྗོད་དོ། །
་སྐྱེས་བུ་གང་དག་བདུད་ཀྱིས་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་དག་རྣམས་ཀྱིས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་མིན་འོང་གྱུར་ཅིག་།ངུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་པའི་བདེ་བའི་གོ་འཕང་བསྒོམས་ནས་དེ
་ནི་དུས་འཁོར་ལོ། །སུམ་ཅུ་རྩ་གཉིས་མཚན་གྱི་ཡན་ལག་འགྲོ་བའི་བླ་མ་ཆོས་ཀྱི་འཁོར་ལོ་འདི་ལ་གནས། །ལྷ་གནས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱི་ཞབས་ཀྱི་པདྨ་ལ་གཏུགས་ཤིང། །དམ་པའི་ལམ་ནི་སྟོན་བྱེད་ཉིན་མོར་བྱེད་པ་བཞིན
་དུ་མུན་པ་ཐམས་ཅད་འཇོམས་པར་འགྱུར། །ལྷ་ཀླུ་མི་དང་ལྷ་མིན་དབང་པོའི་ཅོད་པན་དག་གིས་ཞབས་པད་ལ་གཏུགས་གང། །ཡང་དག་ཡེ་ཤེས་ཉིན་བྱེད་འགྲོ་བ་གསུམ་གྱི་དཔལ་ལྡན་ཆོས་ཀྱི་འཁོར་ལོར་གནས། །བདུད་དང་ཉོན་མོངས་རི་དྭགས་རབ་གཏུམ་གསོད་བྱེད
་དཔལ་ལྡན་ཤཱཀྱ་སེང་གེ་དེའི། །རྟག་ཏུ་འགྲོལ་བརྩེ་དང་དེ་ཡི་ཤེས་རབ་ཀྱིས་བསྐུལ་འགྲེལ་བཤད་བདག་གིས་བྲིས། །ཀཱ་ཡིག་ལས་ནི་སྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །དུས་ནི་འགྱུར
་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །འདི་ནི་དཔལ་ལྡན་དུས་འཁོར་ལོ། །རྡོ་རྗེ་རྣལ་འབྱོར་ཐམས་ཅད་ནས། །བདེན་པ་གཉིས་ལ་གནས་པ་འདི། །མངོན་པར་བརྗོད
་པའི་རྗོད་བྱེད་འགྱུར། །བདེ་བར་གཤེགས་པས་ལུང་བསྟན་ཅིང། །འཇམ་དཔལ་གྱིས་ནི་སྐུལ་གྱུར་པ། །འཇིག་རྟེན་མགོན་པོ་བདག་གིས་ནི། །རྒྱུད་འདིའི་འགྲེལ་བཤད་བྲི་བར་བྱ། །བྱིས་པ་མཁས་པ་རྨོངས་རྣམས་ལ། །རྒྱུད
་ཀྱི་གསད་པའི་གསལ་བྱེད་དེ། །མ་ཡི་བུ་ལ་ཕན་པ་བཞིན། །ལུས་ཅན་ཐམས་ཅད་བདེ་དོན་དུའོ། །རྡོ་རྗེ་སེམས་དཔའ་ལམ་མཆོག་ནི། །གང་གི་རྣལ་འབྱོར་པས་རིག་བྱེད། །དེ་ཕྱིར་དྲི་མ་མེད་པའི་འོད། །འགྲེལ་བཤད་འདི་ནི་མྱུར་དུ་དྲི། །བསྡུས་པའི་རྒྱུད
་ཀྱི་རྒྱལ་བོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལས་བདུད་དང་བགེགས་མཛའ་དག་ཉམས་པར་བྱེད་པ། མཆོག་གི་འདོད་པའི་ལྷ་དང། དམ་པའི
་ལམ་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། །།འདིར་དང་པོར་རེ་ཞིག་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་བརྗོད་བྱ་དང་བརྗོད་བྱེད་དང་འབྲེལ་པ་ལ་སོགས་པ་དང་བསྡུས་པའི་རྒྱུད་ལ་སོགས་པ་ལུང་བསྟན་པ་བརྗོད་པར་བྱ
་སྟེ་།ཕྱི་ནས་བསྡུས་པའི་རྒྱུད་ལ་དགོས་པ་དང། དགོས་པའི་དགོས་པ་ལ་སོགས་པ་ཡང་ངོ། །འདི་ལ་དང་པོར་རེ་ཞིག་བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་པ་དང། དགོས་པ་དང་དགོས་པའི་དགོས་པ་རྣམས་མངོན་པར་གཟིགས་ནས། གདུལ་བྱའི་སྐྱེ་བོ
་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ། བདེ་བ་ཆེན་པོའི་གནས་མཆོག་གི་དང་པོའི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་སངས
་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་དང་ལྷ་དང་ཀླུ་དང་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཁམས་གསུམ་པས་ཞབས་ཀྱི་པདམོ་ལ་ཕྱག་བྱས་པ། ཁམས་གསུམ་གྱི་འཁོར་ལོ་སྒྱུར་བ། མཆོག་གི་དང་པོའི་སངས་རྒྱས་རིགས་མེད
་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ། ཟླ་བ་བཟང་པོས་གསོལ་བ་བཏབ་པར་གྱུར་པ་ཡིས། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ། རིགས་མེད་པ་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན
་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པ། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ། སངས་རྒྱས་རིན་ཆེན་ཟ་མ་གཏོག་ཁ་འབྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། རྫོགས་པའི་བྱང་ཆུབ་པ་རྣམ་པ་བཞི་དང
་རྡོ་རྗེ་རྣམ་པ་བཞི་ཡོངས་སུ་དག་པ། སྐུ་བཞི་དང། རིགས་དྲུག་དང། བདེན་པ་བཅུ་གཉིས་དང། དེ་ཁོ་ན་ཉིད་བཅུ་དྲུག་དང། སྟོང་པ་ཉིད་བཅུ་དྲུག་དང། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཀྱིས་བརྗོད་པར་བྱ་བ་རྗོད་པར་བྱེད་པ། དབང་སྐུར་བ་འཇིག་རྟེན་པའི་བཅུ་དང། འཇིག་རྟེན་ལས
་འདས་པའི་བཅུ་གཅིག་པ་རབ་ཏུ་གསལ་བར་བྱེད་པ་ལས་ཀྱི་ཕྱག་རྒྱ་དང། ཡེ་ཤེས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་མོ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རབ་ཏུ་གསལ་བར་བྱེད་པ། འཇིག་རྟེན་གྱི་ཁམས་དང། ནང་དང། མངོན་པར་དབང
་བསྐུར་བ་དང། སྒྲུབ་ཐབས་དང་ཡེ་ཤེས་དེ། ལེའུ་ལྔའི་བདག་ཉིད་དང། བརྟག་པ་ལྔའི་བདག་ཉིད་ནི། མི་ལ་སོགས་པའི་སེམས་ཅན་མཛའ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་བསྟན་ཏོ། །དེ་ལས་བསྡུས་པའི
་རྒྱུད་ཡང་དག་པར་སྡུད་པར་བྱེད་པ་ལ་འཇམ་དཔལ་དང། མ་འོངས་པའི་དུས་སུ་ཚངས་པའི་དྲང་སྲོང་རྣམས་གདུལ་བར་བྱ་བའི་དོན་དུ་འགྲེལ་བཤད་བྱེད་པ་ལ་བདག་དང། རྒྱུད་སྟོན་པའི་དོན་དུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་གཞན་རྣམས་དང། ཤམ་བྷ་ལའི
་ཡུལ་ལ་སོགས་པ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་དམ་པའི་ལམ་ཐོབ་པ་ལ་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །འདིར་རྡུལ་ཕྲ་རབ་འདུས་པ་སྔོན་དུ་འགྲོ་བ་ནི་འཇིག་རྟེན་གྱི་ཁམས་སོ། །འཇིག་རྟེན་གྱི་ཁམས་སྔོན
་དུ་འགྲོ་བ་ནི་སེམས་ཅན་རྣམས་སོ། །སེམས་ཅན་སྔོན་དུ་འགྲོ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བའོ། །མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་གོམས་པས
་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །འཇིག་རྟེན་པའི་དངོས་གྲུབ་སྔོན་དུ་འགྲོ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་དང་སྐྱེ་བ་སྔ་མའི་སྟོང་པ་ཉིད་དང་སྙིང་རྗེ་ཀུན་རྫོབ་དང་དམིགས་པ་མེད་པའི་བག་ཆགས
་ཀྱི་སྟོབས་ཀྱིས་རྡུལ་ཕྲ་རབ་འདུས་པ་ལས་འདས་ཤིང། དཀྱིལ་འཁོར་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའོ། །དེ་བས་ན་དང་པོར་འཇིག་རྟེན་གྱི་ཁམས་ཀྱི་རྟོག་པའོ། །དེ་ནས་ནང་གི་བརྟག་པའོ།
་དེ་ནས་དབང་བསྐུར་བའི་བརྟག་པའོ། །དེ་ནས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་བརྟག་པའོ། །དེ་ནས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒྲུབ་པའི་བརྟག་པ་སྟེ། དེ་ལྟར་ན་རིམ་པ་ཇི་ལྟ་བ་བཞིན་རྒྱུད་ཀྱི་རྒྱལ་པོ་ནི་བརྟག་པ་ལྔའམ་ལེའུ་ལྔའི་བདག་ཉིད་དོ།།
་འདིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དང་པོའི་སངས་རྒྱས་རིགས་མེད་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་བརྗོད་པར་བྱའོ། །དེ་ཡང་ལེའུ་ལྔ་པོ་འདིའི་ངོ་བོ་ཉིད་ཀྱི་གནས་ཏེ། དང་པོར་རེ་ཞིག་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ། །ཐམས
་ཅད་མཁྱེན་པ་ཞེས་པ་ལ་སོགས་པ་སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང། གནས་བརྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། འཁོར་ཆེན་པོ་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། གསོལ་བ་འདེབས་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང། རྡོ་རྗེའི
་རྣལ་འབྱོར་བརྗོད་པར་བྱ་བ་དང། རྗོད་པར་བྱེད་པ་དང། དགོས་པའི་དགོས་པ་ལ་སོགས་པ་ཞུས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། སྟོང་པ་ཆེན་པོ་ཡི་གེ་ལྔ་ལ་སོགས་པ་དང་སྣ་ཚོགས་འབྱུང་བ་དང་དཀྱིལ་འཁོར་དང་དབང་བསྐུར་བ་གསོལ་བ་འདེབས་པའི
་ངོ་བོ་ཉིད་ཀྱིས་གནས་པ་དང། སྟོན་པ་པོའི་ལམ་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང། འཇིག་རྟེན་གྱི་ཁམས་དང། གཟའ་དང། རྒྱུ་སྐར་དང། སེམས་ཅན་དང་སྔགས་དང་སྲོག་ལ་སོགས་པ་འབྱུང་བ་དང་སྡུད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། རླུང་ལ
་སོགས་པའི་དཀྱིལ་འཁོར་དང་རྒྱ་མཚོ་དང་གླིང་དང་རིའི་གྲངས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། སྲིད་པ་སུམ་ཅུ་རྩ་གཅིག་གི་ངོ་བོ་ཉིད་ཀྱིས་གནས་པ་དང། འཁོར་ལོ་སྒྱུར་བ་ཆེན་པོ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཤིན་ཏུ་ཕྲ་བའི་དབུགས
་ལ་སོགས་པ་ཉིན་མོའི་ཚད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། འཇམ་དཔལ་ལུང་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། གྲུབ་པའི་མཛའ་དང། བྱེད་པའི་སྐར་རྩིས་ཀྱིས་ངོ་བོ་ཉིད་ཀྱིས་གནས་པ་དང། དབུ་མའི་རྩའི་དབུགས་རྣམས་ལས་གཟའི་རྐང་པ་དང།
་རྒྱུ་སྐར་གྱི་རྐང་པ་སྐྱེ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཁྱིམ་བཅུ་གཉིས་ཀྱི་གནས་པས་ས་འཁོར་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། དབྱངས་འཆར་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། སྒྲ་གཅན་ལ་སོགས་པ་སའི་སྟོབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང།
་རྗོད་འཆོམས་པ་དང་བསྲུང་བའི་འཁྲུལ་འཁོར་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང། འཁོར་ལོས་སྒྱུར་བས་དུམ་བུ་བཅུ་གཉིས་སུ་འཁོར་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཀླ་ཀློའི་ཆོས་བཅོམ་ནས་སངས་རྒྱས་ཀྱི་ཆོས་རབ་ཏུ་འཇོག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང།
་སེམས་ཅན་མཛའ་དག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་འདས་པའི་དངོས་གྲུབ་ལམ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། འཇམ་དཔལ་དང། འཇིག་རྟེན་དབང་ཕྱུག་སྔོན་བདུན་དང་ཕྱི་རྒྱབ་མར་སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ
་དང། འཁོར་ལོ་སྒྱུར་བ་ཆེན་པོ་ལ་སོགས་པ་རིགས་ལྡན་གྱི་མཐར་ཐུག་པར་མི་རྣམས་མཆོག་གི་ཚེའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལའོ།། །།དེ་ནས་ནང་གི་ལེའུ་ལ། དང་པོར
་མངལ་འཛིན་པ་དང་སྡུད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། རྡུལ་དང་ཁུ་བ་དང་ཀུན་གཞི་རྣམ་པར་ཤེས་པ་ཡང་དག་པར་སྦྱོར་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཟླ་བ་སོ་སོ་རེ་རེ་ཞིང་མངལ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཉ་ལ་སོགས་པ་གནས
་སྐབས་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་དང། སྐུ་བཞི་དང་རྡོ་རྗེ་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། རྫོགས་པའི་བྱང་ཆུབ་བཞིས་མངལ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང། རྩ་སྟོང་ཕྲག
་བདུན་ཅུ་རྩ་གཉིས་དང། ཚིགས་ཀྱི་གནས་སུམ་བརྒྱ་དྲུག་ཅུ་དང། ཁམས་དྲུག་དང། རོ་དྲུག་དང། དབང་པོ་དྲུག་དང། ཡུལ་དྲུག་དང། ལས་ཀྱི་དབང་པོ་དྲུག་དང། ཡུལ་དྲུག་དང། རྣམ་པར་ཤེས་པ་དྲུག་དང། འདུ་བྱེད་དྲུག་དང། ཚོར་བ
་དྲུག་དང། འདུ་ཤེས་དྲུག་དང། གཟུགས་དྲུག་དང། ཡེ་ཤེས་དྲུག་དང། འཁོར་ལོ་དྲུག་དང། དཀྱིལ་འཁོར་དྲུག་སྟེང་དང་འོག་གི་ངོ་བོ་ཉིད་ཀྱིས་གནས་པ་དང། ལྟེ་བའི་ཆུ་སྐྱེས་ལ་སོགས་པའི་འདབ་མ་དང། སྣ་བུག་དག་ལ་གཡོན་དང་གཡས་ཀྱི་དཀྱིལ་འཁོར
་ཕུང་པོ་ལྔ་དང་ཁམས་ལྔ་འབབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། དབུ་མ་ལ་རྒྱུད་མཛའ་དག་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། སྲོག་ལ་སོགས་པ་རླུང་གི་བྱ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་ངོ་བོ་ཉིད
་ཀྱིས་གནས་པ་དང། ཉི་མ་དང་ཟླ་བ་དང་མེའི་འཆི་ལྟས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། ལས་ཀྱི་རྣམ་པར་སྨིན་པས་འགྲོ་བ་དྲུག་ཏུ་སྐྱེ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། རྩ་ལ་སོགས་པ་གཟའ་རྐང་པ་འཆད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། དབུ་མར
་ཞུགས་པའི་དགའ་བ་ལ་སོགས་པ་རྣམས་ཀྱི་འཆི་ལྟས་ཀྱི་འཆི་བ་སླུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཕྱི་རོལ་འཇིག་རྟེན་པའི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། ལྟ་བ་ཐམས་ཅད་རྗེས་སུ་དཔག་པས་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ
་དང། སེམས་ཅན་སྣ་ཚོགས་ཀྱི་འདོད་པ་དང་རྗེས་སུ་མཐུན་པར་ཆོས་རབ་ཏུ་བཞག་པའི་ངོ་བོ་ཉིད་ཀྱི་གནས་པ་ཞེས་བྱ་བ་ནི་ནང་གི་ལེའུ་ལའོ།། །།དེ་ནས་དབང་གི་ལེའུ་ལ། དང་པོར་བླ་མ་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང།
་མཆོག་དང་འབྲིང་དང་ཐ་མའི་སློབ་མ་ཡོངས་སུ་བརྟགས་ཏེ་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ལས་རབ་འབྱམས་བསྒྲུབ་པ་ལ་གྲོང་ལ་སོགས་པའི་ཕྱོགས་ཀྱི་ཆ་དང། ས་ལ་སོགས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གནས་པ་དང། ཐབས་ཁུང་དང། སྦྱིན་སྲེག
་གི་རྫས་དང། བགྲང་འཕྲེང་དང། གདན་དང། ཕུར་བུ་དང། བུམ་པ་དང། རྡུལ་ཚོན་དང། ཐིག་སྐུད་དང། འཁྲུལ་འཁོར་དགོད་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། ས་ཡོངས་སུ་བཟུང་བ་དང། དཀྱིལ་འཁོར་བྲི་བ་དང། དེ་ཉིད་བཅུ་ཡོངས་སུ་ཤེས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང
་འཇིག་རྟེན་པ་དང་འཇིག་རྟེན་པ་ལས་འདས་པའི་དབང་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཐམས་ཅད་རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང། དམ་ཚིག་གི་འཁོར་ལོ་འདུས་པ་དང། དམ་ཚིག་གི་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། རིགས་གསུམ་ཅུ
་རྩ་དྲུག་གི་ལྷ་མོའི་ཕྱག་རྒྱ་དང། ལྟ་སྟངས་དང་མཚན་དང་དམ་ཚིག་གི་བརྡ་དང་རིགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་སུ་གསོལ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཆུ་བོ་ཆེན་པོ་ལ་སོགས་པ་དང་རང་རང་གི་ཁྱིམ་དུ་རྡུལ་ཚོན
་དང་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ། མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། དཔལ་ལྡན་བླ་མ་དབུལ་བ་ཐམས་ཅད་ཀྱིས་མཉེས་པའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་བྱ་བ་ནི་དབང་གི་ལེའུ་ལའོ།། །།དེ་ནས་སྒྲུབ་ཐབས་ཀྱི་ལེའུ་ལ། དང་པོར་སྲུང་བའི་འཁོར
་ལོ་ལ་སོགས་པ་དང། གདོད་དག་པ་དང། རང་གི་སྙིང་གའི་ཟླ་བའི་ས་བོན་གྱི་འོད་ཟེར་རྣམས་ལས་དེ་བཞིན་གཤེགས་པ་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། བླ་ན་མེད་པའི་མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། སྐྱབས་སུ་འགྲོ་བ་གསུམ
་དང། བདག་ཉིད་དབུལ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལམ་བསྟེན་པ་དང། སྟོང་པ་ཉིད་ལ་དམིགས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། བསྐྱེད་པའི་རིམ་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང། ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ལ་སོགས
་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། ཕྱི་རོལ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། མཆོད་སྦྱིན་ལ་སོགས་པ་དང་རིག་བྱེད་ཀྱི་མཛའ་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་ཡན་ལག་དྲུག་གི་སྦྱོར་བ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངོ་བོ་
་ཉིད་ཀྱིས་གནས་པ་དང། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། མངོན་སུམ་དང་ལྐོག་དུ་གྱུར་པའི་སེམས་བསྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་བྱ་བ་ནི་སྒྲུབ་ཐབས་ཀྱི་ལེའུ་ལའོ།། །།དེ་ནས་ཡེ་ཤེས་ཀྱི
་ལེའུ་ལ། དང་པོར་ལུས་ཀྱི་རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང། སྐུ་དང་གསུང་དང་ཐུགས་དང་རིགས་དྲུག་གི་ལྷའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཨ་ལ་སོགས་པ་དང་ཀ་ལ་སོགས་པ་སྔགས་ཀྱི་རིགས
་དྲུག་གི་ངོ་བོ་ཉིད་ཀྱིས་གནས་པ་དང། ཐབས་དང་ཤེས་རབ་ཀྱི་རྒྱུད་སུམ་ཅུ་རྩ་དྲུག་གི་ངོ་བོ་ཉིད་ཀྱིས་གནས་པ་དང། ཐབས་དང་ཤེས་རབ་དང་བྱ་བ་དང་རྣལ་འབྱོར་རྗེས་སུ་རིག་པ་དང་སྡོམ་པ་ཆེན་པོ་དང་འཁོར་ལོས་སྒྱུར་བ་དྲུག་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་དབང་བཞི
་པ་མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། བྱང་ཆུབ་ཀྱི་སེམས་བསྟེན་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། ཤེས
་པ་དང་ཤེས་བྱ་རྣམ་པ་ཀུན་གྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། ལུས་དང་ངག་དང་སེམས་ཀྱི་བྱ་བ་ཐམས་ཅད་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྟན་པའི་ངོ་བོ་ཉིད
་ཀྱིས་གནས་པ་དང། སངས་རྒྱས་གྱི་ཞིང་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ནམ་མཁའ་ཨི་ཁམས་ལ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། སངས་རྒྱས་ཀྱི
་ཞིང་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། སངས་རྒྱས་ཀྱི་ཞིང་རྡོ་རྗེར་བྱིན་གྱིས་བརླབས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་ཆོས་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་བཅུད་དང་བཅུད་ལེན་པ་ལ
་སོགས་པ་ལུས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། མཆོག་ཏུ་མི་འགྱུར་བའི་བདེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཆོས་ཡང་དག་པར་བསྡུ་བ་དང། རྩིས་ཀྱི་མིང་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང། ཡི་གེ་ལྔ་དང་ཡི་གེ་དྲུག
་གི་སྟོང་པ་ཆེན་པོ་དང་ཐིག་ལེ་སྟོང་པ་ལ་བསྟོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལེའུ་ལའོ།། །།དེས་ན་རིམ་པ་འདིས་གསུངས་པའི་ཕྱིར་ལེའུ་ལྔའི་ངོ་བོ་ཉིད་ཀྱིས་གནས་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་འདིར་བརྗོད་པར་བྱའོ། །འདིར་སྟོན་པར
་བྱེད་པའི་ལེའུའི་ཚོགས་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །བརྗོད་བྱ་རྗོད་བྱེད་འདི་དག་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱིས་མཚན་ཉིད་ནི་འབྲེལ་བ་སྟེ། བརྗོད་པར་བྱ་བ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལེའུ་ལྔའི་ངོ་བོ་ཉིད་ཀྱིས་ཞུགས་པ་ཡིན་ལ། རྗོད་པར་བྱེད་པ་ནི་དུས་ནི་འཁོར་ལོ་རྗོད་པར་བྱེད་པ
་ལེའུ་ལྔའི་བདག་ཉིད་དོ། །ཡང་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ནི་བརྗོད་པར་བྱ་བ་ཡིན་ལ། རྗོད་པར་བྱེད་པ་ནི་དང་པོའི་སངས་རྒྱས་རྗོད་པར་བྱེད་པའོ། །ཞེས་བྱ་བ་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བའོ། །དེ་ནས་དཀྱིལ་འཁོར་དུ་ཞུགས་པ་ལས་འཇིག་རྟེན་པའི་དབང
་སྦྱིན་པས་བསོད་ནམས་ཀྱི་ཚོགས་ཀྱི་དོན་བྱེད་པ་ནི་དགོས་པའོ། །ཤེས་རབ་ཆེན་པོ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་སྦྱིན་པས་རིགས་མེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་བྱེད་པ་ནི་དགོས་པའི་དགོས་པ་སྟེ། བརྗོད་བྱ་ལ་སོགས་པའི་མཚན
་ཉིད་འདི་དག་ཉིད་མངོན་པར་གཟིགས་ནས། གདུལ་བྱའི་སྐྱེ་བོ་དེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་ཤེས་བྱ་བ་ལ། ངེས་པ་ནི་ཉན་ཐོས་པའི་མཆོག་གི་སྡོམ་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྟེ་དེ་དང་བྲལ་བ་ནི་ངེས
་པ་དང་བྲལ་བའོ། །དེ་དག་གི་རང་གི་སེམས་ཀྱི་བསམ་པ་ནི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །དེ་བཞིན་དུ་དབང་པོ་གཉིས་ཀྱིས་བདེ་བ་ཆེན་པོ་འདོད་པ་ནི་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་སྟེ། རང་གི་སེམས་ཀྱི་བསམ་པ་འདིས་སྐྱེ་བ་འདི་ལ་སངས་རྒྱས་ཉིད
་ཀྱི། འབྲས་བུ་རབ་ཏུ་སྟེར་བ་ཞེས་བྱ་བ་ནི་སྐྱེ་བ་འདིའི་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །
་འདིར་ལྷ་ལ་སོགས་པ་རྣམས་ལ་ཡང་མིའི་སྐྱེ་བ་ཐོབ་ནས་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་གཏེར་བར་འགྱུར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་དང་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི
་གང་ཟག་ལའོ། །ཞེས་པ་སྟེ། རྣམ་པ་གཞན་དུ་ལས་ངན་པ་དང་ལྡན་པའི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་མ་ཡིན་ནོ། །ཞེས་བྱ་བ་དེ་བཞིན་གཤེགས་པའི་ངེས་པའོ། །ཅིས་ཏེ་སྔགས་ཀྱི་ཐེག་པ་འདིར་སངས་རྒྱས་བཅོམ་ལྡན
་འདས་ཀྱིས་གསུངས་པ་ནི་འདི་ལྟ་སྟེ། གདོལ་བ་སྨྱིག་མ་མཁན་སོགས་དང། །མཚམས་མེད་ལྔ་རྣམས་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། ཞེས་པ་ཡིན་ནོ་ཞེ་ན། བཅོམ་ལྡན་འདས་ཀྱི་གསུང་འདི་ནི་བདེན
་ཏེ། སྐྱེ་བ་འདི་ལ་སྔར་མཚམས་མེད་པ་ལྔ་ལ་སོགས་པ་མི་གཟད་པའི་ལས་གང་བྱས་པ་དེ་དག་སྔགས་ཀྱི་ཐེག་པ་འདིར་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱིས་བཅོམ་ནས། མི་དགེ་བ་གློ་བུར་བ་བཞན་མི་འཇུག་པར་བྱ་བའི་ཕྱིར། །རྡོ་རྗེ
་ཆོས་འབྱུང་གི་ཁང་པར་བདུད་བཞི་དང་བགེགས་ཀྱི་དགྲ་འཇུག་པའི་སྒོ་རྣམས་ལ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང། བཏང་སྙོམས་ལ་སོགས་པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒོ་གླེགས་བཅུག་ནས། །དེ་ཉིད་དུ་རྡོ་རྗེ་སེམས་དཔའ་དང་ཕྱག་རྒྱ་ཆེན
་པོ་དང། ལྷན་ཅིག་ཏུ་བསྒྲུབས་ཏེ་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པ་བཞེད་ཀྱི། སྔགས་ཀྱི་ཐེག་པར་ཞུགས་པའི་རྗེས་ལ་མཚམས་མེད་པ་ལྔ་ལ
་སོགས་པ་མི་བཟད་པའི་ལས་བྱེད་པ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་དག་པར་བཞེད་པ་མ་ཡིན་ནོ། །འདིར་ཐེག་པ་གསུམ་ག་ལ་ཡང་བཅོམ་ལྡན་འདས་ཀྱི་གསུང་ནི་ཐོག་མར་དགེ་བ། བར
་དུ་དགེ་བ། ཐ་མར་དགེ་བ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། སྔགས་ཀྱི་ཐེག་པ་ལ་ཞུགས་པའི་རྗེས་ལ་སྡིག་པ་བྱས་དང་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པ་མ་ཡིན་ནོ། །འོ་ན་སྔགས་ཀྱི་ཐེག་པ་འདིར
་རྣལ་འབྱོར་པ་རྣམས་ཀྱིས་ཤ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ། དེ་ཉིད་ཀྱང་རྟག་ཏུ་སྲོག་བཅད་པ་ལས་འབྱུང་སྟེ། སྲོག་གཅད་པ་མེད་པར་ནི་འགའ་ཞིག་གི་ཚེ་སྲིད་དོ། །གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མི་འབྱུང་ངོ། །དེའི་ཕྱིར་ཟ་བ་པོ་དང་གསོད
་པ་པོ་དག་སྲོག་གཅོད་པར་འགྱུར་རོ། །འདིར་ཡང་ཉི་མ་སོ་སོར་སྔགས་པས་དམ་ཚིག་བཞི་བྱའོ། ཞེས་པ་ནི་དེ་བཞིན་གཤེགས་པས་ངེས་པའོ་ཞེ་ན། དེ་ནི་བདེན་ཏེ། རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ། རྒྱུ་དེའི་ཕྱིར
་རྣལ་འབྱོར་བ་རྣམས་ཀྱི་མཚན་མ་མེད་པ་དང་ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱིས་གང་བཟའ་བ་མ་ཡིན་པ་དང། གང་གཙོད་བ་མ་ཡིན་པ་གོ་ཀུ་ལ་སོགས
་པ་རང་གི་ལས་ཀྱིས་ཤི་བ་དང། གཡུལ་དུ་ལས་ངན་པ་འམ་རང་གི་སྐྱོན་གྱི་ཆོམ་རྐུན་ལ་སོགས་པས་གསང་བ་དེ་དག་ཐམས་ཅད་རྣལ་འབྱོར་བས་བཟའ་བར་དེ་བཞིན་གཤེགས་པས་གསུངས་སོ། །རྫས་ཀྱིས་ཉོས་པ་ནི་མ་ཡིན་ཞིང་པ་མེད་ལ་སོགས་པ་དང
་མཆོད་སྦྱིན་ལ་སོགས་པའི་བྱ་བ་ལ་གསང་བ་ཡང་མ་ཡིན་ཏེ། མཚན་མ་དང་བཅས་པའི་ཤ་བཟའ་ཨོ་ཞེས་ནི་དེ་བཞིན་གཤེགས་པས་མ་གསུངས་སོ། །ཡང་གང་ཞིག་ཉི་མ་སོ་སོར་དམ་ཚིག་བྱ་བ་དེ་ནི་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པ་ལྔ
་ལྔ་དང། རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་རི་ལུ་ཡུངས་ཀར་ཀྱི་ཚད་ཙམ་ཉི་མ་སོ་སོར་དམ་ཚིག་བསྟེན་པའི་དོན་དུ་བྱའོ། །རྟག་པར་ཁ་ན་མ་ཐོ་བ་མེད་པའི་ཆང་དང་བུད་མེད་ནི་བསྒོམ་པའི་སླད་དུ་རྨོངས་པ་མེད་པའི་ཆོས་ཀྱིས་གསུངས
་སོ། །རྩ་བའི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ལྷ་དང་རང་འཇིགས་ཕ་མེས་དང། །འདོད་གྲུབ་དོན་དང་བཙོང་ཕྱིར་ཡང། །གདུལ་ཀ་སྡིག་པ་བྱེད་རྣམས་ཀྱིས། །གནོད་བྱེད་མིན་པའི་སེམས་ཅན་བསད། །དེ་ཡི་ཤ་དེ་ཉོ་བ་དང།།
་ཟ་འདོད་ཁ་ན་མ་ཐོ་བཅས། །མ་བླངས་སྣོད་དུ་ལྷུང་གྱུར་པ། །དེ་ཉིད་ཁ་ན་མ་ཐོ་མེད། །སྲོག་ཆགས་ཅིག་གི་ཤ་དག་ནི། །མང་པོ་རྣམས་ཀྱིས་ཐོས་པ་མཆོག་།སྲོག་ཆགས་དུ་མའི་ཤ་དག་ནི། །ཡིད་སྐྱེས་གཅིག་གིས་ཟོས་པ་མིན། །སྙིང་རྗེ་སྐྱེད་དེ་དེ
་ཉིད་ལས། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །རྣལ་འབྱོར་ལྡན་པས་བཟའ་བྱ་བ། །ཁ་ན་མ་ཐོ་མེད་གཞན་མིན། །རིགས་སུ་འཛིན་པ་གཞོམ་པའི་ཕྱིར། །རྟག་ཏུ་བཟའ་དང་བཏུང་བ་དང། །རིགས་མིན་མངོན་བགྲོད་རྡོ་རྗེ་ཅན། །དེ་ཉིད་གཟིགས་པ་དག
་གིས་གསུངས། ཞེས་པའོ། །དེ་ལྟར་གསུངས་པའི་རིམ་པས་ངེས་པ་དང་བྲལ་བ་རྣམས་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་རྒྱུད་ཀྱི་རྒྱལ་པོའོ། །སངས་རྒྱས་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང།
་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་པ་སྟེ། དེ་སྟེར་བ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །བདེ་བ་ཆེན་པོའི་གནས་ཞེས་པ་ནི། བདེ་བ་ཆེན་པོའི་གནས
་ཆོས་ཀྱི་དབྱིངས་ནམ་མཁའ་ཨི་མཚན་ཉིད་ཅན། དོག་བ་མེད་པའི་ཆོས་འབྱུང་འཇིག་རྟེན་གྱི་དཔེ་ལས་འདས་པ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་བདེ་བ་ཆེན་པོའི་གནས་སོ། །མཆོག་གི་དང་པོའི་སངས་རྒྱས་རྡོ་རྗེ་དབྱིངས་གྱི་དཀྱིལ་འཁོར་ཆེན་པོར
་ཞེས་པ་ནི། རིགས་མེད་པ་ཤེས་པ་དང་ཤེས་བྱ་གཅིག་ཏུ་འདྲེས་པར་གྱུར་ཅིང། གཅད་དུ་མེད་ལ་དབྱེར་མེད་པ། རྣམ་པ་ཐམས་ཅད་དུ་དབྱིངས་ཀྱི་མཚན་ཉིད་མེ་ལོང་གི་པྲ་ཕབ་པ་དང་མཚུངས་པ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེར་རོ། །
་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་ནི། རྡོ་རྗེ་སེང་གེའི་ཁྲི་ཟླ་བ་དང། ཉི་མ་དང་མེའི་དཀྱིལ་བཅད་དུ་མེད་ཅིང་དབྱེར་མེད་པ་འམ། ཨེའི་ཡི་གེ་ནམ་མཁའ་ཨི་ཁམས་ནི་རྡོ་རྗེ་སེང་གེའི་ཁྲིའོ། །དེ་ལ་བཞུགས་པ་ནི་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་སྐུ་དང་གསུང
་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཝཾ་ཡིག་སྟེ། རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་དེ་ཡིས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་དང་ལྷ་དང་ཀླུ་དང་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཞེས་པ། སངས་རྒྱས
་ནི་མི་བསྐྱོད་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་ཀུན་ཏུ་བཟང་པོ་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོ་ནི་གཙུག་ཏོར་ལ་སོགས་པའོ། །ལྷ་ནི་དབང་ཕྱུག་ལ་སོགས་པའོ། །ཀླུ་ནི་མཛའ་ཡས་ལ་སོགས་པའོ། །ལྷ་མོ་ནི་རྡོ་རྗེ་དབྱིངས་ནི་དབང་ཕྱུག
་མ་ལ་སོགས་པ་དང། ཆོས་ཀྱི་དབྱིངས་མ་ལ་སོགས་པ་དང། ཤིན་ཏུ་སྔོན་མོ་ལ་སོགས་པ་དང། ཙར་ཙཱི་ཀ་ལ་སོགས་པ་དང། གཽ་རཱི་ལ་སོགས་པ་དང། ཁྱི་གདོད་མ་ལ་སོགས་པ་སྟེ། དེ་དག་གི་འདུས་པ་ནི་ཚོགས་སོ། །དེ་ཡིས་ཡོངས་སུ
་བསྐོར་བ་ནི། ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྟེ། ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཡིས་སོ། །ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་ཞེས་པ་ལ། ཁམས་གསུམ་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད
་པ་སྟེ། དེ་དག་གི་གང་གི་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་དེ་ནི་ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་སྟེ། ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་དེ་ཡིས་སོ། །ཁམས་གསུམ་པའི་འཁོར་ལོས་སྒྱུར་བ་ཞེས་པ་ནི། གང་གི
་ཆོས་ཀྱི་འཁོར་ལོ་ཁམས་གསུམ་དུ་གཅིག་ཅར་རབ་ཏུ་འཁོར་བ་དེ་ནི་ཁམས་གསུམ་པའི་འཁོར་ལོས་སྒྱུར་བ་སྟེ། ཁམས་གསུམ་པའི་འཁོར་ལོས་སྒྱུར་བ་དེ་ཡིས་སོ། །མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ལ། མཆོག་གི
་དང་པོའི་སངས་རྒྱས་ནི་སྐད་ཅིག་གཅིག་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་འགྱུར་བ་མེད་པའི་བདེ་བ་ནི་མཆོག་ཡིན་ལ། དེ་ཡིས་དང་པོར་སངས་རྒྱས་པ་ནི་མཆོག་གི་དང་པོའི་སངས
་རྒྱས་ཏེ། མཆོག་གི་དང་པོའི་སངས་རྒྱས་དེ་ཡིས་སོ། །རིགས་མེད་པ་ཞེས་པ་ལ། རིགས་ནི་ཤེས་རབ་དང་ཐབས་ཀྱིས་བདག་ཉིད་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱིས་ཆོས་ཏེ། རིགས་དེ་གང་གིས་སྤངས་པ་དེ་ནི་རིགས་མེད་པ་སྟེ། རིགས་མེད
་པ་དེ་ཡིས་སོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་པ་ལ། བཅོམ་ལྡན་ནི་བདུད་དང་ཉོན་མོངས་པ་བཅོམ་པའི་ཕྱིར་བཅོམ་པ་དང། དབང་ཕྱུག་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་ཚོགས་ཏེ། བཅོམ་པ་དེ་འདི་ལ་ལྡན་པའི་ཕྱིར
་བཅོམ་ལྡན་ནོ། །དུས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་མཚན་ཉིད་དེ། དེ་ཡིས་གང་གི་ལུས་ཕུང་པོ་དང་ཁམས་ལ་སོགས་པ་སྒྲིབ་པ་མེད་པའི་འཁོར་ལོར་བསྐྱེད་པ་དེ་ནི་དུས་ཀྱི་འཁོར་ལོའོ། །གཞན་ཡང་ཡི་གེ་སོ་སོ་རེ་རེ་སྟེ། ཀཱ
་ཡིག་གིས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །རིམ་པ་ནི་ལུས་ལ་སོགས་པའི་ཐིག་ལེ་རྣམས་འཕོ་བ་ཡིན་ལ། དེ་ལྷན་ཅིག་སྐྱེས་པའི་བདེ་བས་བཅིངས་པ
་ནི་ཀཱ་ལ་ཙཀྲ་སྟེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཡིས་སོ། །ཟླ་བ་བཟང་པོས་གསོལ་བ་བཏབ་པར་གྱུར་པ་ཡིས་ཞེས་པ་ནི། འདི་ནི་ཟླ་བ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པའི་ཕྱིར་ཟླ་བ་བཟང་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད
་ཀྱི་ཉན་པ་པོར་གྱུར་བ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་དོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ཐ་དད་པ་གང་གིས་དེ་བཞིན་གཤེགས་པས་ཆོས་གསུངས་པ་རྣམས་ཡང་དག་པར་སྡུད་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉན་པ་པོར་གྱུར་པའི་གསང་བའི
་བདག་པོ་སྟེ། གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས་མཆོག་ཏུ་གྱུར་པ་རྡོ་རྗེའི་ཐེག་པའོ། །དེའི་ཡང་དག་པར་སྡུད་པ་པོ་ཡིན་པས་ན་བདག་པོ་སྟེ། གསང་བའི་བདག་པོའོ། །དེ་བཞིན་དུ་ཕྱི་རོལ་དུ་ནི་འཇིག་རྟེན་གྱི་བདེན་པས་གསང་བའི
་སྒྲ་གནོད་སྦྱིན་རྣམས་ཏེ། དེ་དག་གི་བདག་པོ་ནི་གསང་བའི་བདག་པོའོ། །རོ་ལྡན་ན་གནས་པ་ནི་ཕྱི་རོལ་དུ་རོའི་སྒྲས་སྲོག་ཉམས་པ་ཤི་བའི་ཚོགས་སོ། །དེ་འདི་ལ་ཡོད་པའི་ཕྱིར་རོ། །ལྡན་ཏེ་དུར་ཁྲོད་ཀྱི་སའོ། །དེ་ནས་གནོད་སྦྱིན་ཆེན་པོ་སེམས་ཅན
་རྣམས་ལ་རྣམ་པར་ཐོ་འཚམ་ཞིང་བགེགས་དུ་མ་བྱེད་པ་པོ་དག་ཡོད་ལ། དེ་དག་གསོད་པར་བྱེད་པ་པོ་ནི་རོ་ལྡན་ན་གནས་པ་སྟེ། ནགས་ཀྱི་རི་དགས་ཀྱི་བདག་པོ་ཞེས་པ་བཞིན་དུ་རོ་ལྡན་ན་གནས་པ་གནོད་སྦྱིན་ཆེན་པོ་རྣམས་ཀྱི་བདག་པོའོ། །ནང་དུ་ནི་རོ་ཞེས
་པ། དབུགས་འབྱུང་བ་དང་འཇུག་པ་སུམ་སྟོང་དྲུག་བརྒྱས་དམན་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་འགོག་པའོ། །དེ་འདི་ལ་ཡོད་པ་ནི་ཆོས་ཀྱི་སྤྲིན་གྱི་ས་སྟེ། དེ་ལ་གནས་པ་ནི་རོ་ལྡན་ན་གནས་པའོ། །བདུད་དང་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི
་སྒྲིབ་པའི་གནོད་སྦྱིན་རྣམས་གསོད་པར་བྱེད་པ་ནི་གནོད་སྦྱིན་གྱི་བདག་པོ་སྟེ། དེ་བཞིན་གཤེགས་པས་ཆོས་ཀྱི་སེངྒེའི་སྒྲ་དང་སེམས་ཅན་སོ་སོའི་སྒྲ་དག་གིས་བསྟན་པའི་ཆོས་རྣམས་རབ་ཏུ་སྟོན་པར་བྱེད་པ་པོ་སྤྲུལ་པའི་སྐུ་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་གསོལ་བ་བཏབ
་པར་གྱུར་པ་དེ་ཡིས་སོ། །མཆོག་གི་དང་པོའི་སངས་རྒྱས་ཤེས་པ་ནི། བརྗོད་བྱ་མཆོག་གི་དང་པོའི་སངས་རྒྱས་རྗོད་པར་བྱེད་པའི་ཕྱིར་ཏེ། བརྗོད་བྱ་འདི་རྗོད་པར་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སོ། །དུས་ཀྱི་འཁོར་ནི་བརྗོད་བྱ་དུས
་ཀྱི་འཁོར་ལོ་བརྗོད་པར་བྱེད་པའི་ཕྱིར་དུས་ཀྱི་འཁོར་ལོའི་རྗོད་པར་བྱེད་དོ། །སྟོང་ཕྲག་བཅུ་གཉིས་པ་ཞེས་པ་ནི། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་གསུམ་གྱི་ཡི་གེའི་ཚོགས་ཏེ། ཡི་གེ་སུམ་ཅུ་རྩ་གཉིས་པ་རྗེས་སུ་བསྔགས་པ་སྟོང
་ཕྲག་བཅུ་གཉིས་ཡོད་པ་ནི་སྟོང་ཕྲག་བཅུ་གཉིས་པའོ། །རིགས་མེད་པ་ཞེས་པ་ནི། བརྗོད་བྱ་རིགས་མེད་པ་བརྗོད་པར་བྱེད་པའི་ཕྱིར་རོ། །འདིར་རིགས་ནི་ཤེས་རབ་ཀྱི་ཕྱོགས་དང་ཐབས་ཀྱི་ཕྱོགས་ཏེ། ཕྱོགས་སྤངས་པ་གང་གི་ཕྱིར་རིགས་དེ་མེད་པའི་རྒྱུད་དེ་ནི་རིགས་མེད
་པ་ཤེས་རབ་དང། ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཅེས་རྒྱལ་བས་གཉིས་སུ་མེད་པར་གསུངས་སོ། །བརྗོད་པར་བྱ་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྒྱུད་ཀྱི་རྒྱལ་པོ་འདི་ལ་ཐབས་དང་ཤེས་རབ་ཀྱི་ཕྱོགས་ཐ་དད་ན། ཐབས་དང་ཤེས་རབ་ཀྱི་བདག་ཉིད
་ཅན་གྱི་བརྗོད་པར་བྱ་བ་མེད་པར་འགྱུར་རོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་བརྗོད་པར་བྱ་བ་མེད་ན། གཉིས་སུ་མེད་པའི་ཡེ་ཤེས་མེད་པར་འགྱུར་རོ། །གཉིས་སུ་མེད་པའི་ཡེ་ཤེས་མེད་ན་སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་རོ། །སངས་རྒྱས་ཉིད་མེད་ན་འཁོར
་བ་པའོ། །འདིར་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་འབྲེལ་པ་མེད་པར་ཐབས་ཀྱི་མིང་ཅན་རྣལ་འབྱོར་གྱི་རྒྱུད་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཉིས་སུ་མེད་པ་དང་རྣལ་འབྱོར་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་དུ་མི་འགྱུར་རོ། །རྣལ་འབྱོར་གྱི་སྒྲ་ནི་ཐབས་ཀྱི
་དོན་རྗོད་པར་བྱེད་པ་འམ། ཤེས་རབ་ཀྱི་དོན་རྗོད་པར་བྱེད་པ་ཡང་མ་ཡིན་ཏེ། རྣལ་འབྱོར་གྱི་སྒྲ་ནི་ཐབས་དང་ཤེས་རབ་ཀྱི་དོན་རྗོད་པར་བྱེད་པའོ། །དེ་བཞིན་དུ་ཡང་གསུངས་པ། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུ་དག་གི་མིན། །
་ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས་ཞེས་སོ། །དེའི་ཕྱིར་རྒྱུད་གང་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་བརྗོད་པར་བྱ་བ་ཡང་པའི་རྒྱུད་དེ་ནི་དོན་དམ་པར་ཤེས་རབ་ཀྱི་རྒྱུད་ཀྱང་མ་ཡིན་ལ། ཐབས་ཀྱི
་རྒྱུད་ཀྱང་མ་ཡིན་ནོ། །འཇིག་རྟེན་གྱི་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་ལས་ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་དབང་པོ་བརྟུལ་པའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་སོ། །དེ་བཞིན
་དུ་རྣལ་འབྱོར་མའི་མིང་ཅན་ལ་ཡང་ངོ། །འདིར་འདི་ལ་རྣལ་འབྱོར་གྱི་དང་ཚུལ་ཡོད་པའི་ཕྱིར་རྣལ་འབྱོར་པའོ། །དེ་བཞིན་དུ་རྣལ་འབྱོར་མ་ཡང་ངོ། །དེའི་ཕྱིར་གཞན་ལ་བལྟོས་པ་ཉིད་ལས་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་མའི་རྒྱུད་དུ་ཡང་འགྱུར་རོ། །དེས་ན་དོན་དམ་པའི་བདེན་པས་ཐབས
་དང་ཤེས་རབ་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་རིགས་མེད་པ་དུས་ཀྱི་འཁོར་ལོའོ། །རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པ་ཞེས་པ་ནི་དང་པོའི་སངས་རྒྱས་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཇི་ལྟར་མཚན་ཡང་དག་པར
་བརྗོད་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དང་གསུང་བར་འགྱུར་བ་དང། གསུངས་པ་དེ་བཞིན་དུ་དང་པོའི་སངས་རྒྱས་ཀྱང་ངོ། །དང་པོའི་སྒྲས་ནི་ཐོག་མ་དང་ཐ་མ་མེད་པའི་དོན་ཏོ། །ཐོག་མ་མེད་པའི་དུས་སུ་ཐོག་མ
་མེད་པའི་སངས་རྒྱས་ཀྱིས་བསྟན་པ་དང་སྟོན་པར་འགྱུར་བ་དང། སྟོན་པ་སྟེ་དེ་བཞིན་གཤེགས་པ་མར་མེ་མཛད་དང། ཤཱཀྱ་ཐུབ་པ་འབའ་ཞིག་གིས་གསུངས་པ་ནི་མ་ཡིན་ནོ། །འདིར་ཕྱག་ན་རྡོ་རྗེས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང
་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་ཡང་གསུངས་པ་གང་ཡིན་དང། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་འདིར། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང། །དཔག་མེད་དགྱེས་པ་རྣམ་དག་གིས། །གང་ཡང་ཡང་དག་གླུར་བླངས་པ། ཞེས་གསུངས་སོ། །མཚན་ཡང་དག་པར
་བརྗོད་པ་གསོལ་བ་འདེབས་པའི་ཚིག་འདིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ནོ། །འདིར་འདུས་པ་ལས། དེ་བཞིན་གཤེགས་པ་མར་མེ་མཛད་ནས་ཤཱཀྱ་ཐུབ་པའི་བར་དུ་དེ་བཞིན་གཤེགས་པ་གང་གིས་ཀྱང་སྔགས་ཀྱི་ཐེག་པ
་མ་གསུངས་སོ། ཞེས་པ་གང་ཡིན་པ་དེ་ནི། དེའི་ཚེ་དེའི་དུས་ན་ཞེས་པ་སྟེ། འཕགས་པའི་ཡུལ་དུ་ཆོས་སྟོན་པའི་དུས་ན། རིགས་བཞིའི་མངོན་པའི་ང་རྒྱལ་དང་ལྡན་ཞིང་སྐལ་བ་མེད་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་འཕགས་པའི
་ཡུལ་དུ་འཁོར་རྣམས་ལ་མ་བསྟན་ཏེ། དུས་གཞན་དུ་ཡུལ་གཞན་གྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལ་ཡང་མ་བསྟན་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་འདིའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཐེག་པ་གསུམ་སྟོན་པར་བྱེད་པ་པོ་ཡིན་ནོ། །རྣམ་པ
་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་ཏེ། །རྡོ་རྗེའི་ཐེག་པ་སྟོན་པར་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཐེག་པ་གསུམ་སྟོན་པར་བྱེད་པ་པོ་དང། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང
་སྟོན་པར་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པའོ།། །།རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ་ཞེས་པ་ནི། རྡོ་རྗེ་ཐེག་པ་འདིར་སེམས་ཅན་གྱི
་བསམ་པའི་དབང་གིས། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལ་རྡོ་རྗེའི་ཚིག་ཏུ་སྦས་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །བཞི་པ་ནི་གསུམ་པ་མ་ཡིན་ཏེ་བཞི་པ་ཞེས་གསུངས་པའི་ཕྱིར་རོ་དེ་ཡང་དེ་བཞིན་ནོ་ཞེས་གསུངས་པའི
་ཕྱིར་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གསུང་འདིའི་ཕྱིར་རྡོ་རྗེའི་ཚིག་ཏུ་སྦས་པ་ཡིན་ནོ། །རྒྱུད་ཀྱིས་རྒྱལ་པོ་ཐམས་ཅད་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བ་མ་ཡིན་ཞིང། བླ་མ་རྒྱུད་པའི་རིམ་པས་རྟོགས་པར་བྱ་བ་ཡིན་ཏོ། །རྒྱུད་ནི། རྒྱུད་གཞན
་དག་གིས་རྟོགས་པར་བྱ་ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །སྔགས་ཀྱི་ཚུལ་འདི་ལ་རྡོ་རྗེའི་ཚིག་རྣམ་པ་གཉིས་ཏེ། གཅིག་ནི་འཇིག་རྟེན་པའི་ཀུན་རྫོབ་ཡིན་ལ་གཉིས་པ་ནི་དོན་དམ་པའོ། །དེ་དག་ལས་འཇིག་རྟེན་ཀུན་རྫོབ་གྱི་རྡོ་རྗེའི་ཚིག་ནི
་གསོད་པ་ལ་སོགས་པའི་ལས་ལ་དམ་ཚིག་གྲུབ་པ་སྟེར་བར་བྱེད་པའོ། །དོན་དམ་པའི་བདེན་པའི་རྡོ་རྗེའི་ཚིག་ནི་བཞི་པ་དེ་ཡང་དེ་བཞིན་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །དང་པོའི་སངས་རྒྱས་འདི་ལ་རྡོ་རྗེའི་ཚིག་དེ་དག་ཉིད་རབ་ཏུ་གསལ་བར
་བསྟན་པ་དང་བཤད་པ་དང་རབ་ཏུ་བཤད་པ་བདག་གིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །འདི་ཉིད་བསྒྲུབ་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པ་མཚན་མའི་ལམ་རབ་ཏུ་གསལ་བར་མཛད་དེ། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། ཉི་མ་གཅིག་ནི་ཡོངས་སུ
་བརྟག་ཅེས་པས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར། མཆོག་གི་དང་པོའི་སངས་རྒྱས་ལ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་ཡིན་གྱི། བླ་མ་རྒྱུད་པའི་རིམ་པས་འོངས་པ་མ་ཡིན་ལ། བླ་མའི་བཀའ་ཡིས་བྱིན་གྱིས
་བརླབས་པ་ཡང་མ་ཡིན་ནོ། །ལམ་འདི་ལ་ཡང་ཉིན་དང་མཚན་མོར་ཡིད་ཆེས་པ་ཡོད་དེ། ཉི་མ་ཅིག་ནི་ཡོངས་སུ་བརྟག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་སྔགས་ལ་སོགས་པའི་སྒྲུབ་ཐབས
་ཉི་མ་གཅིག་གིས་རྣལ་འབྱོར་པས་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་ནོ། །མཚན་མ་ཡང་རྣམ་པ་གསུམ་སྟེ། དང་པོའི་མཚན་མ་དང། བར་མའི་མཚན་མ་དང། ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་དང། སྦྱོར་བ་ཡན
་ལག་དྲུག་གི་སྐུ་རྫོགས་པའི་འགྱུར་བ་མེད་པ་སྐད་ཅིག་ཐོབ་པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང། མངོན་པར་ཤེས་པ་ལྔ་དང། མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང། འཇིག་རྟེན
་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི་སངས་རྒྱས་ཉིད་དང། རྡོ་རྗེ་འཆང་ཉིད་དེ། མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །རྡོ་རྗེའི་ཚིག་ལ
་སོགས་པ་མཚན་མ་སྔོན་དུ་འགྲོ་བ་ཅན་འདི་དག་རབ་ཏུ་གསལ་བར་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ཕྱིར་རྒྱུད་ནི་རྒྱུད་གཞན་ཚོལ་བ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི
་ཚིག་མངོན་དུ་གྱུར་པའོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་པ་ལ། སངས་རྒྱས་རིན་ཆེན་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཡིན་ལ། ཟ་མ་ཏོག་ནི་རྡོ་རྗེ་དང་པདྨ་སྟེ་སངས་རྒྱས་རིན་ཆེན་ཟ་མ་ཏོག་གོ་།དེ་ཉིད་རྒྱུད་ཀྱི་རྒྱལ་པོ་གང་གིས་ཁ་འབྱེད་པ་དེ་ནི
་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ་ཞེས་པ་ལ། འཇིག་རྟེན་པའི་བདེན་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་རྟོག་པ་བསྒོམ་པ་བསྐྱེད་པའི་རིམ་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར
་བྱེད་པའོ། །འཇིག་རྟེན་ལས་འདས་པའི་བདེན་པ་ནི་དུ་བ་ལ་སོགས་པའི་མཚན་མ་དང་རྣམ་པར་མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །རྫོགས་པའི་རིམ་པ་ནི་ལྷན་ཅིག་སྐྱེས་པ་རྣམ་པར་མི་རྟོག་པ་སྟེ། རྣམ
་པ་ཐམས་ཅད་དུ་ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ཀྱི་རྟོག་པ་དང་བྲལ་བའོ། །བདེན་པ་འདི་དག་ལ་བདེན་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བསྟེན་པ་སྟེ་ལམ་གཉིས་ཀ་སྟོན་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་པ
་བཞི་དང་རྡོ་རྗེ་བཞིས་ཡོངས་སུ་དག་པ་ཞེས་པ་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང། རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་དང། རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་དང། སྒྱུ་འཕྲུལ་དྲ་བས་མངོན
་པར་རྫོགས་པར་བྱང་ཆུབ་པ་སྟེ། འདི་རྣམས་ཀྱིས་ཡོངས་སུ་དག་པ་ནི་མངལ་སྐྱེས་སྐྱེད་པའི་རིམ་པ་དང་དུ་བ་ལ་སོགས་པ་སྐུ་རྫོགས་པའི་རིམ་པས་སོ། །དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་བཞིས་ཡོངས་སུ་དག་པའོ། །སྐུ་བཞི་དང། རིགས་དྲུག་དང། བདེན
་པ་བཅུ་གཉིས་དང། དེ་ཁོ་ན་ཉིད་བཅུ་དྲུག་དང། སྟོང་པ་ཉིད་བཅུ་དྲུག་དང། སྙིང་རྗེ་བཅུ་དྲུག་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དང། ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཀྱི་ལམ་རབ་ཏུ་གསལ་བར་བྱེད་པ་ཞེས་པ་ལ། སྐུ་བཞི་ནི་དག
་པ་དང། ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པ་རྣམས་མངལ་སྐྱེས་རྣམས་ཀྱི་བཞི་པ་དང། ཤིན་ཏུ་གཉིད་ལོག་པ་དང། རྨི་ལམ་དང་སད་པའི་གནས་སྐབས་ཀྱི་མཚན་ཉིད་ཅན་ཏེ། དེ་དག་ཀྱང་སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བྲལ་བའོ། །རིགས་དྲུག་ནི་མི་འགྱུར
་པའི་བདེ་བ་ཡེ་ཤེས་ཀྱི་ཁམས་དང། རྣམ་པར་ཤེས་པ་ནམ་མཁའ་ཨི་ཁམས་དང། འདུ་བྱེད་རླུང་གི་ཁམས་དང། ཚོར་བ་མེའི་ཁམས་དང། འདུ་ཤེས་ཆུའི་ཁམས་དང། གཟུགས་སའི་ཁམས་ཏེ། མངལ་སྐྱེས་རྣམས་ཀྱི་རིགས་དྲུག་སྒྲིབ་པ་དང་བཅས་པ་ཡིན་ལ།
་སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བྲལ་བའོ། །བདེན་པ་བཅུ་གཉིས་ནི། མ་རིག་པ་དང། འདུ་བྱེད་དང། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒ་ཤི་སྟེ། མངལ
་སྐྱེས་རྣམས་ཀྱི་བདེན་པ་བཅུ་གཉིས་ནི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བྲལ་བའོ། །འཕོ་བ་བཅུ་གཉིས་ཀྱི་སྲོག་གི་དབྱེ་བས་སྲོག་གི་རླུང་རྒྱུ་བའི་ཕྱིར་མངལ་ནས་སྐྱེས་པ་རྣམས་ཀྱི་སྒྲིབ་པ་དང་བཅས་པའོ། །ཡན་ལག་བཅུ་གཉིས་འགགས
་པའི་ཕྱིར་སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། །དེ་ཁོ་ན་ཉིད་བཅུ་དྲུག་ནི། སྤྲུལ་པའི་སྐུ་དང། སྤྲུལ་པའི་གསུང་དང། སྤྲུལ་པའི་ཐུགས་དང། སྤྲུལ་པའི་ཡེ་ཤེས་དང། ལོངས་སྤྱོད་རྫོགས་པའི་སྐུ་དང། ལོངས་སྤྱོད་རྫོགས་པའི་གསུང་དང། ལོངས་སྤྱོད
་རྫོགས་པའི་ཐུགས་དང། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང། ཆོས་ཀྱི་སྐུ་དང། ཆོས་ཀྱི་གསུང་དང། ཆོས་ཀྱི་ཐུགས་དང། ཆོས་ཀྱི་ཡེ་ཤེས་དང། ལྷན་ཅིག་སྐྱེས་པའི་སྐུ་དང། ལྷན་ཅིག་སྐྱེས་པའི་གསུང་དང། ལྷན་ཅིག་སྐྱེས་པའི་ཐུགས་དང། ལྷན་ཅིག
་སྐྱེས་པའི་ཡེ་ཤེས་ཏེ། དགའ་བ་དང། མཆོག་དགའ་དང། ཁྱད་པར་གྱི་དགའ་བ་དང། ལྷན་ཅིག་སྐྱེས་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུ་དྲུག་མངལ་སྐྱེས་རྣམས་ཀྱི་ནི་སྒྲིབ་པ་དང་བཅས་ལ་ཡིན་ཏེ། ཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འདོར་བའི་ཕྱིར་རོ། །སངས་རྒྱས་རྣམས
་ཀྱི་ནི་སྒྲིབ་པ་དང་བྲལ་བ་ཡིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཉིད་བཅུ་དྲུག་ཅེས་པ་ནི། ནག་པོའི་ཕྱོགས་དང་ཉི་མ་དང་ཤེས་རབ་བོ། །སྙིང་རྗེ་བཅུ་དྲུག་ཅེས་པ་ནི། དཀར་པོའི་ཕྱོགས་དང། ཟླ་བ་དང་ཐབས་སོ། །སྟོང་པ་ཉིད་ལ་དབྱེ་བ་གསུམ
་སྟེ་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དོ། །དེ་ལ་སྟོང་པ་ཉིད་ནི་ཕུང་པོ་ལྔ་སྟོང་པ་ཉིད་དེ་ནག་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔའོ། །ཆེན་པོ་སྟོང་པ་ཉིད་ནི་ཁམས་ལྔ་སྟོང་པ་ཉིད་དེ། དྲུག་པ་ལ་སོགས་པ་ཚེས་ལྔའོ། །དོན་དམ་པ་སྟོང་པ་ཉིད་ནི
་དབང་པོ་ལྔ་སྟོང་པ་ཉིད་དེ་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔའོ། །དེས་ན་གནམ་སྟོང་གི་མཐར་ཐུག་པ་ཚེས་བཅོ་ལྔ་ནི་སྟོང་པ་ཉིད་བཅོ་ལྔའོ། །གནམ་སྟོང་གི་མཛའ་དང་དཀར་པོའི་ཚེས་གཅིག་གི་དང་པོའི་དབུས་སུ་བཅུ་དྲུག་པ་རྣམ་པ་ཐམས་ཅད་སྟོང་པ་ཉིད་དོ། །དེ་བཞིན་དུ་སྙིང་རྗེ་རྣམ་པ
་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང། ཆོས་ལ་དམིགས་པ་དང་དམིགས་པ་མེད་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔའོ། །ཆོས་ལ་དམིགས་པ་ནི་དྲུག་པ་ལ་སོགས་པའི་ཚེས་ལྔའོ། །དམིགས་པ་མེད་པ་ནི་བཅུ་གཅིག་ལ
་སོགས་པ་ཚེས་ལྔ་སྟེ། ཉའི་མཐར་ཐུག་པའོ། །ཉའི་མཛའ་དང་ནག་པོའི་ཚེས་གཅིག་འཇུག་པའི་དང་པོའི་དབུས་སུ་སྙིང་རྗེ་བཅུ་དགུ་པའོ། །འདི་དག་གཅིག་པ་ཉིད་ནི་སྟོང་པ་ཉིད་ནི་བཅུ་དྲུག་དང། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་སྟེ། དེའི་རྗོད་པར་བྱེད་པའོ། །
་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བ་ཞེས་པ་ལ། རེ་ཞིག་འཇིག་རྟེན་པ་ནི། ཆུ་དང་ཅོད་པན་དང། དར་དཔྱངས་དང། རྡོ་རྗེ་དྲིལ་བུ་དང། བརྟུལ་ཞུགས་ཆེན་པོ་དང། མིང་དང། རྗེས་སུ་གནང་བ་དང། བུམ་པ་དང། གསང་བ་དང། ཤེས་རབ་ཡེ
་ཤེས་ཏེ། མངལ་ནས་སྐྱེས་པ་རྣམས་ཀྱིས་འཇིག་རྟེན་ཀུན་རྫོབ་ཀྱི་དབང་བཅུ་ནི་ལུས་དང་ངག་དང་སེམས་དང་ཡེ་ཤེས་དང། ཁམས་དང་ཕུང་པོ་དང། སྐྱེ་མཆེད་དང་ལས་ཀྱི་དབང་པོ་ལ་སོགས་པ་ཡོངས་སུ་དག་པར་བྱའོ། །འཇིག་རྟེན་ལས་འདས་པ་བཅུ་གཅིག་པ་ནི། བཞི་པ་དེ་ཡང་དེ་བཞིན
་ནོ་ཞེས་པའི་ངེས་པས། ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་མཚན་ཉིད་བླ་མའི་ཞལ་ལས་ལུས་དང་ངག་ལ་སོགས་པ་སྒྲིབ་པ་མེད་པ་ཉིད་ཀྱིས་སྦྱོང་བར་བྱེད་པའོ། །ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་པ་ལ། ལས་ཀྱི་ཕྱག་རྒྱ་ནི་ནུ་མ་དང་སྐར
་ལྡན་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའོ། །ཕྱག་རྒྱ་ཆེན་མོ་ནི་རྣམ་པར་རྟོག་པ་དང་བྲལ་བ་པྲ་ཕབ་པའི་རང་བཞིན་ཅན་ནོ། །འདི་རྣམས་ཀྱི་དངོས་གྲུབ་ནི་རྣམ་པ་གསུམ་སྟེ། འདོད་པ་ན་སྤྱོད་པ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་པོ། །གཟུགས་ཀྱི་སྲིད་པའི་དངོས
་པོའི་མཚན་ཉིད་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་པོ། །དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་རྣམས་ཀུན་གྱི་མཆོག་དང་ལྡན་པ་ནི་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་པོ། །སྐུ་བཞི་ལ་སོགས་པ་འདི་དག་གི་འཇིག་རྟེན་དང་འཇི་རྟེན་ལས་འདས་པའི་ལམ་རབ་ཏུ་གསལ་བར་བྱེད་པ
་ནི་མཆོག་གི་དང་པོའི་སངས་རྒྱས་སོ། །དེ་ལྟར་བརྗོད་པའི་རིམ་པས་འཇིག་རྟེན་གྱི་ཁམས་དང། ནད་དང། དབང་དང། སྒྲུབ་ཐབས་དང། ཡེ་ཤེས་ཏེ་ལེའུ་ལྔའི་བདག་ཉིད་དམ་བརྟག་པ་ལྔའི་བདག་ཉིད་མི་ལ་སོགས་པའི་སེམས་ཅན་མཛའ་དག་གིས་ཡང་དག་པར་རྫོགས་པའི
་སངས་རྒྱས་ཉིད་ཐོབ་པའི་ཕྱིར་ཡང་དག་པར་བསྟན་ཏོ། །ཞེས་པ་ནི་ཡང་དག་པའི་རྣམ་པ་སྟེ་རྡོ་རྗེའི་ཚིག་ཏུ་སྦས་པའི་རྣམ་པས་ནི་མ་ཡིན་ནོ། །མཆོག་གི་དང་པོའི་སངས་རྒྱས་འདི་ལས་བསྡུས་པའི་རྒྱུད་ཡང་དག་པར་སྡུད་པར་བྱེད་པ་ལ་འཇམ་དཔལ་དང། མ་འོངས་པའི་དུས
་སུ་ཚངས་པའི་དྲང་སྲོང་རྣམས་གདུལ་བར་བྱ་བའི་དོན་དུ་འགྲེལ་བཤད་བྱེད་པ་ལ་བདག་དང། རྒྱུད་སྟོན་པར་བྱེད་པ་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་དང། ཤམྦྷ་ལའི་ཡུལ་ལ་སོགས་པ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས
་ཅད་ཐེག་པ་ཆེན་པོའི་ལམ་ཐོབ་པ་ལ་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །ཞེས་པ་ནི་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་འདི་ལས་བསྡུས་པའི་རྒྱུད་ཡང་དག་པར་སྡུད་པར་བྱེད་པ་ལ་འཇམ་དཔལ་དེ་བཞིན་གཤེགས
་པས་ལུང་བསྟན་ཏོ། །མ་འོངས་པའི་དུས་སུ་གྲོང་ཁྱེར་ཀཱ་ལ་པར་གནས་པའི་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་གདུལ་བར་བྱ་བའི་དོན་དུ་བསྡུས་པའི་རྒྱུད་ཀྱི་འགྲེལ་བཤད་བྱེད་པ་ལ་འཇིག་རྟེན་དབང་ཕྱུག་བདག་ཀྱང་ལུང་བསྟན་ལ། གཞན་ཁྲོ་བོའི
་རྒྱལ་པོ་དང། བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་གསུམ་པོ་དག་ཀྱང་ངོ། །གྲོང་ཁྱེར་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་སྤྲུལ་པའི་སྐུ་བསྡུས་པའི་རྒྱུད་སྟོན་པར་བྱེད་པ་པོས་ཐེག་པ་ཆེན་པོའི་ལམ་ཐོབ་པར་བྱེད་པ་ལུང་བསྟན་ཏོ། །ཐེག་པ་ཆེན
་པོའི་ལམ་ནི་འཇམ་དཔལ་གྱི་རྡོ་རྗེའི་རིགས་ཀྱི་བུམ་པ་དང། གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ། དེ་ཐོབ་པར་བྱེད་པ་ལ་ནི་ཐེག་པ་ཆེན་པོའི་ལམ་ཐོབ་པར་བྱེད་པ་ལའོ། །བུམ་པ་དང་གསང་བ་དང། ཡེ་ཤེས་ཀྱི་དབང་བསྐུར་བ་འདི་ལས་རིགས་ཐམས་ཅད
་རིགས་གཅིག་ཏུ་འགྱུར་རོ། །རིགས་དེ་འདི་ལ་ཡོད་པའི་ཕྱིར་རིགས་ལྡན་ནོ། །དེའི་རིགས་ནི་རིགས་ལྡན་གྱི་རིགས་ཏེ། སྔགས་པ་མཛའ་དག་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བའི་ཕྱིར་རོ། །ཞེས་བྱ་བ་ངེས་པའི་དོན་ཏོ། །དེ་ལྟར་འཇམ་དཔལ་གྲགས་པ་ནི། རིགས་ལྡན་དུ་
་ལུང་བསྟན་ཅིང།། གྲགས་པ་འདིའི་རིགས་ལ་འཇིག་རྟེན་དབང་ཕྱུག་བདག་རིགས་ལྡན་གཉིས་པར་ལུང་བསྟན་ཏོ། །དེ་བཞིན་དུ་རིམ་པ་ཇི་ལྟ་བ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་དང། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ
་གསུམ་པོ་རྣམས་ཏེ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དེ་དག་གི་བར་བར་དུ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ལུང་བསྟན་པ། སྤྲུལ་པའི་སྐུ་ཡི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་རྒྱལ་པོར་གྱུར་པ། སེམས
་ཅན་མཛའ་དག་ལ་དེ་བཞིན་གཤེགས་པའི་ཆོས་རབ་ཏུ་སྟོན་པར་མཛད་པ། ཀླ་ཀློ་ལ་སོགས་པའི་ཆོས་ངན་པ་འཇོམས་པར་མཛད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ་མངོན་པར་ཤེས་པ་ལྔ་ལ་སོགས་པ་དབང་ཕྱུག་གི་ཡོན་ཏན
་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་འདི་ལས་བསྡུས་པའི་རྒྱུད་ཡང་དག་པར་(སྡུད་པར)་བྱེད་པ་ལ་འཇམ་དཔལ་དང། འགྲེལ་བཤད་བྱེད་པ་ལ་བདག་དང། ཆོས་སྟོན་པ་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ལུང་བསྟན་ཏོ། །བསྡུས་པའི་རྒྱུད་ཀྱི
་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་པ་མངོན་པར་གཟིགས་ནས་བཅོམ་ལྡན་འདས་ཀྱི་བརྒྱུད་བསྟན་པའི་མདོར་བསྡུས
་ཏེ་གཉིས་པའོ།། །།ད་ནི་འདིར་སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་པ་ཡང་བརྗོད་པར་བྱའོ། །གལ་ཏེ་ན་སྔ་མ་དང་ཕྱི་མར་རྒྱུད་ཀྱི་འགྲེལ་བཤད་མ་ཐོས་པའི་ཚིག་འབྱུང་བར་འགྱུར་ཏེ། རྡོ་རྗེའི་ཐེག་པ་འདི་ལ་རོ་ལྡན་ན། །གནས་པའི
་གནོད་སྦྱིན་གྱི་བདག་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་དང་ཡང་དག་པར་སྡུད་པར་བྱེད་པ་པོ་མ་ཡིན་ནམ། ཇི་ལྟར་ཤམྦྷ་ལའི་ཡུལ་ཀ་ལཱ་པའི་གྲོང་གི་བདག་པོ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ
་མའི་མངལ་ནས་བྱུང་བ་རྒྱལ་པོ་ཟླ་བ་བཟང་པོ་གསོལ་བ་འདེབས་པ་པོར་འགྱུར། རྒྱུད་གཞན་འགའ་ཞིག་ཏུ་ཡང་མ་ཐོས་ཤིང་ལུང་བསྟན་པ་མེད་པའི་ཕྱིར་ཕན་ཚུན་སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་འགྲེལ་པ་འགལ་ལོ་ཞེ་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར
་སྔགས་ཀྱི་ཐེག་པ་ལ་མངལ་ནས་བྱུང་བ་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་པོར་མི་འགྱུར་རོ་ཞེས་གང་འགའ་ཞིག་གིས་བརྗོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་དས་ཀྱང་མངལ་ནས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ཐེག་པ་འདི
་ལ་གལ་ཏེ་མངལ་ནས་བྱུང་བ་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་པོ་དང། སྡུད་པ་པོར་མི་འགྱུར་ན། དེའི་ཚེ་ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པ་ཤཱཀྱ་ཐུབ་པ་ཐམས
་ཅད་མཁྱེན་པ་སྟོན་པ་པོར་མི་འགྱུར་ཏེ། མངལ་ནས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཡང་འགའ་ཞིག་གིས་སྨྲས་པ། དེས་སྔར་བདུད་བཅོམ་པ་བྱས་ཤིང་བྱང་ཆུབ་བསྐྱེད་དེ། དེ་ནས་ཐམས་ཅད་མཁྱེན་པ་ཆོས་སྟོན་པར་བྱེད་པ་པོར་གྱུར་ཏོ། །མྱ་ངན་ལས་འདས་པའི་རྗེས
་ལ་ཡང་མངལ་དུ་འཇུག་པ་མེད་དོ་ཞེས་པའི་ཚིག་ལས་ནི། ཤིན་ཏུ་འགལ་བ་སྟེ། །རང་མ་གྲུབ་པར་གཞན་གྱི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་རོ། །འདིར་དང་པོར་སངས་རྒྱས་ཉིད་མེད་ན་ལྷ་དང་མི་དང་ལྷ་མ་ཡིན་གྱི་ནང་ནས་གང་གིས་ཀྱང་བདུད་འཇོམས་པར་མི་བྱེད་དོ། །དང
་པོར་མངོན་པར་རྫོགས་པར་སངས་རྒྱས་པར་ཡང་མི་བྱེད་དེ། སྒྲིབ་པ་ཐམས་ཅད་མེད་པ་ཡིན་པའི་ཕྱིར་རོ། །ཅིག་ཅར་ཡང་མི་བྱེད་དེ། གང་གི་ཚེ་བདུད་ཡོད་པ་དེའི་ཚེ་སངས་རྒྱས་ཉིད་མ་ཡིན་ཏེ། སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །གང་གི་ཚེ་སངས་རྒྱས་ཉིད་ཡིན
་པ་དེའི་ཚེ་བདུད་མེད་དེ་སེམས་སྒྲིབ་པ་དང་བྲལ་བའི་ཕྱིར་རོ་ཞེས་པ་ལས་གཞན་པ་ཅི་ཡོད། །ལས་ཀྱི་ས་འདིར་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་བུད་མེད་ཀྱི་མངལ་ནས་སྐྱེས་པ་གཞན་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད
་ཅུ་དང། མཛོད་སྤུ་སུམ་ཅུ་རྩ་གཉིས་སུ་ཡོངས་སུ་འཁྱིལ་བ་དང། མངོན་པར་ཤེས་པ་དྲུག་དང་ལྡན་པ་མ་ཡིན་ནོ། །དེའི་ཕྱིར་བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་འདི་འཁོར་བའི
་བག་ཆགས་དང་བྲལ་བའི་སེམས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། ཞེས་པ་རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ། དེ་ཉིད་ནི་འཁོར་བའི
་བག་ཆགས་དང་བྲལ་བའོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །འདིར་ཕྱི་རོལ་ཏུ་སངས་རྒྱས་ཀྱིས་བདུད་བཅོམ་པ་གང་ཡིན་པ་དེ་ནི་རྨི་ལམ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང
་པ་ཡིན་ནོ། །དོན་དམ་པར་དེ་བཞིན་གཤེགས་པའི་ཐུགས་ནི་ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ། །འདིར་སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་འཇུག་པ་ནི་འཁོར་བ་པ་རྣམས་ཀྱི་བརྗོད་པར་བྱ་བ་མ་ཡིན་ནོ། །འཇིག་རྟེན
་དབང་ཕྱུག་བདག་སེམས་ཅན་གྱི་དོན་ལ་དམྱལ་བར་ཞུགས་པའི་དུས་སུ་གཤིན་རྗེའི་ཕོ་ཉ་རྣམས་དང། གཤིན་རྗེའི་རྒྱལ་པོས་བསྟོད་པ་བརྗོད་པ། གང་ཞིག་སྲིད་པའི་འཆིང་བ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་དུ་སྲིད་པ་འཛིན། །དེ་ནི་སྟོང་པའི་དོན་དག་སྟོན
་མཛད་དུས་ལས་ལས་ཀྱི་འབྲས་བུ་གཏོང་མ་ཡིན། །སེམས་ཀྱི་དྲི་མ་ཡང་དག་ཡེ་ཤེས་མེས་བསྲེགས་རྟག་ཏུ་ཡང་དག་བརྩེ་བས་བརླན། །མཛད་སྤྱོད་བརྟག་མིན་སེམས་ཅན་དོན་ལ་དགེ་བའི་སངས་རྒྱས་དེ་ལ་བདག་ཅག་འདུད། ཅེས་པའོ། །དེའི་ཕྱིར
་སེམས་ཅན་གྱི་དོན་གྱི་དོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངལ་དུ་འཇུག་པ་འམ་དམྱལ་བར་གཤེགས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་རྣམ་པར་བརྟག་པར་མི་ནུས་སོ། །ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབས་པ་ས་བཅུའི་དབང་ཕྱུག་དབང་བཅུ་ཐོབ
་པའི་བྱང་ཆུབ་སེམས་དཔའ་གཅིག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སྐུ་དུ་མ་དག་གིས་བྱང་ཆུབ་སེམས་དཔའ་ཨི་གདུལ་བྱ་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་སྟོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དུ་མ
་ནི་མ་ཡིན་ནོ། །དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང། མི་འཇིགས་པ་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་སངས
་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྒྱུ་མའི་སྤྲུལ་པའི་སྐུ་སྒྲིབ་པ་དང་བྲལ་བ་མཛའ་ཡས་པ་མཛའ་ཡས་པ་དག་གིས་སེམས་ཅན་མཛའ་ཡས་པ་མཛའ་ཡས་པ་དག་གིས་སྐད་མཛའ་ཡས་པ་དང། །
་མཛའ་ཡས་པ་དག་གི་གསོལ་བ་འདེབས་པ་པོ་སྣ་ཚོགས་ཀྱིས་གསོལ་བ་བཏབ་པ་ན། སེམས་ཅན་ཐམས་ཅད་ཀྱི་སྐད་ལ་རབ་ཏུ་འཇུག་པ་ཐམས་ཅད་མཁྱེན་པའི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་མཛད་དེ། ཐམས་ཅད་མཁྱེན
་པ་དེ་དུ་མ་ནི་མ་ཡིན་ནོ། །དཔེར་ན་སྒྱུ་མའི་སྐྱེས་བུ་ཆེན་པོ་འགའ་ཞིག་གིས་སྒྱུ་མའི་གཟུགས་དུ་མ་སྤྲུལ་ཏེ། དེའི་སྤྲུལ་པའི་གཟུགས་དེ་དག་གིས་ཤིང་རྣམས་རྩ་བ་ནས་འབྱིན་པར་བྱེད་ཅིང། རིའི་རྩེ་མོ་ཡང་སྐྱོད་པར་བྱེད་པ་ལ། ལྷ་ཆེན་པོའི་གཟུགས་ལྟ་བུ་དང
་ཁྱབ་འཇུག་ལྟ་བུས་ལྷ་བྱིན་ལ་སོགས་པ་འཆིང་བར་བྱེད་དེ། སྒྱུ་མའི་སྐྱེས་བུ་ཆེན་པོ་དེ་དུ་མ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྱུ་མའི་སྤྲུལ་པའི་སྐུ་དག་གིས་སྲིད་པ་གསུམ་དུ་སེམས་ཅན་གྱི་དོན་མཛད་པའོ། །དེས་ན
་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་སྔར་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་པ། འཕགས
་པའི་ཡུལ་ལུམ་བི་ནི་ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པ་ནི་གཞོན་ནུ་དོན་གྲུབ་ཡིན་ལ། ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཡང་ཤམ་བྷ་ལའི་ཡུལ་ཀ་ལཱ་པའི་གྲོང་དུ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ
་མའི་མངལ་ནས་འཁྲུངས་པ་ཟླ་བ་བཟང་པོའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་ཞིང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པའི་དོན་དུ་ས་བཅུ་གཉིས་མངོན་སུམ་དུ་མཛད་ནས་ཤཱཀྱ་ཐུབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཕྱག་ན
་རྡོ་རྗེ་ནི་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་གདུལ་བྱ་རྣམས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་ཕྱིར་རྒྱལ་པོ་ཟླ་བ་བཟང་པོ་གྱུར་ཏོ། །སངས་རྒྱས་དང་བྱང་ཆུབ
་སེམས་དཔའ་འདི་གཉིས་སྤྲུལ་པའི་སྐུ་འམ་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འབྲེལ་པ་ཡིན་ཏེ། སྔ་མ་དང་ཕྱི་མ་འགལ་བ་མེད་པའི་ཕྱིར་རོ། །ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོ་དེས་སེམས་ཅན་ཐམས་ཅད་ཀྱིས
་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པོ། །དེ་བཞིན་གཤེགས་པས་ཀྱང་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་ཤམྦྷ་ལ་ལ་སོགས་པའི་ཡུལ་རྣམས་ཀྱི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས
་ཀྱི་སེམས་རྣམ་པར་དག་བ། སྐལ་བ་དང་ལྡན་པ་ཉིད་དུ་གནས་པ་གཟིགས་ནས་རྡོ་རྗེའི་ཚིག་ཁ་མ་ཕྱེ་བ་མེད་པ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཡང་དག་པར་བསྟན་ཏོ། །མ་འོངས་པའི་དུས་སུ་ཚངས་པའི་དྲང་སྲོང་བྱེ
་བ་ཕྲག་ཕྱེ་དང་བཞི་དང་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཡོངས་སུ་སྨིན་པར་གཟིགས་ནས་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་བཅུ་གཉིས་པ་འདི་ལས་བསྡུས་པའི་རྒྱུད་བྱེད་པ་དང། རྩ་བའི་རྒྱུད་ཀྱི་རྒྱལ་པོ་སྟོན་པར་བྱེད་པ་དང། རྡོ་རྗེའི་རིགས་ཀྱི་དབང་བཅུ་རབས
་རིགས་ཐམས་ཅད་རིགས་གཅིག་ཏུ་བྱེད་པ་ལ་འཇམ་དཔལ་གྲགས་པ་རིགས་ལྡན་དུ་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །འགྲེལ་བཤད་བྱེད་པ་པོ་པདྨ་དཀར་པོ་དག་ཀྱང་རིགས་ལྡན་གཉིས་པར་ལུང་བསྟན་ཏོ། །དེའི་འོག་ཏུ་བདག་གི་ཕྱི་ནས་གཤིན་རྗེ་མཐར་བྱེད་ལ
་སོགས་པ་རྣམས་ལུང་བསྟན་ཏོ། །འདིར་བཅོམ་ལྡན་འདས་ཀྱིས། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམ་བྷ་ལ་ཞེས་བྱ་བར་འབྱུང། །འདི་ཡི་སྒྲོལ་མ་ལྷ་མོ་ཆེ། །སྲས་ནི་པད་འཛིན་འཇིག་རྟེན་དབང
་བདག་གི་ཤཱཀྱའི་རིགས་རྒྱུད་ལས། །བྱུང་བ་ཟླ་བཟངས་ཁྱོད་རིགས་ལའོ། །སྨྲ་མཁས་རྡོ་རྗེའི་རིགས་དང་ལྡན། །གྲགས་པས་རྡོ་རྗེའི་རིགས་ལ་ནི། །རིགས་བཞི་རིགས་གཅིག་བྱས་གང་དེ། །རིགས་ལྡན་ཚངས་པའི་རིགས་ཀྱི་མིན། །འདི་སྐད་བདག་གིས་ཐོས
་པ་འདིས། །དྲང་སྲོངས་རྣམས་ལ་ཆོས་བསྟན་ན། གཞན་ལས་ཐོས་ཕྱིར་ཀུན་མཁྱེན་མིན། །ཞེས་པའི་རྩོད་པ་འབྱུང་བར་འགྱུར། །རྣམ་པར་གང་དང་གང་དག་གིས། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །རྣམ་པ་དེ་དང་དེ་དག་གིས། །ཆོས་ནི་བསྟན་པར་བྱ་བ་ཡིན། །སྒྲ
་དང་སྒྲ་ཉམས་དག་གིས་ཆོས། །རྣལ་འབྱོར་པ་ནི་འབད་པས་འཛིན། །ཡུལ་གྱི་སྒྲ་ཡིས་དོན་རྙེད་པ། །དེ་ལ་བསྟན་བཅོས་སྒྲ་ཡིས་ཅི། །ཇི་ལྟར་ས་ལ་རིན་ཆེན་མིང། །དབྱེ་བ་ཐ་དད་ཐ་དད་ནི། །ཡུལ་དང་ཡུལ་གྱི་དབང་གིས་བརྗོད། །རིན་ཆེན་དབྱེ་བ་འགར་ཡང་མེད། །དེ
་བཞིན་བདག་གིས་དག་པའི་ཆོས། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས། །སེམས་ཅན་བསམ་པའི་དབང་གིས་མིང། །སྣ་ཚོགས་ཐ་དད་ཐ་དད་བརྗོད། །དེས་ན་སྙིང་པོ་དོན་བསྡུས་འདི། །ཐམས་ཅད་མཁྱེན་སོགས་བདག་འདོད་དོ། །ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི
་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །འགྲེལ་བཤད་བྱེད་པ་པད་དཀར་འཛིན། །རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །ཟླ་བ་ལྷ་དབང་གཟི
་བརྗིད་ཅན། །ཟླ་བས་བྱིན་དང་ལྷ་དབང་ཕྱུག་།སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །གྲགས་པ་པད་དཀར་རིམ་པས་སོ། །འདས་པའི་གྱལ་པོ་ཉི་མའི་འོད། །དེ་ནི་བགེགས་སྒྲའི་སྤྲུལ་པའི་སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་སྙིང་གཤིན་རྗེ་མཐར་བྱེད་དང། །སྒྲིབ་པ་ཐམས
་ཅད་རྣམ་སེལ་དང། །རྨུགས་བྱེད་ཁེངས་བྱེད་རིམ་པ་སྟེ། །ནམ་མཁའ་ཨི་སྙིང་པོ་འཇམ་དབྱངས་དང། །འཇི་རྟེན་མགོན་པོ་གོ་རིམས་བཞིན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །བདེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་དག་རིམ་པ་ཡིས། །རིགས
་ལྡན་རིགས་ལས་འབྱུང་བར་འགྱུར། །གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོའི་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་ཕྱག་དམར་དང། །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང
་ཤིན་ཏུ་བཟང། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཛའ་ཡས་དང་ནི་ས་སྐྱོང་དང། །དཔལ་སྐྱོང་སེང་གེ་རྣམ་བར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཛའ་ཡས
་རྣམ་རྒྱལ་རིགས་ལྡན་དང། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཉི་མའི་ཤིང་རྟ་ལ་སོགས་ཀྱི། །སྨྲ་མཁས་སྟོན་པ་འབྱུང་འགྱུར་གང། །
་དེ་ཡིས་ཟླ་བཟང་རྩ་རྒྱུད་ལ། །ཁྱོད་ནི་སྡུད་པར་བྱེད་པ་སྟེ། །འདིར་ནི་སེམས་ཅན་ཡོངས་སྨིན་བྱེད། །ཁྱོད་ཉིད་འགྲེལ་བཤད་བྱེད་པའོ། །འཇམ་པའི་རྡོ་རྗེ་བསྡུས་རྒྱུད་ལ། །འགྲེལ་བཤད་བྱེད་པ་པད་འཛིན་རང་ཞེས་གསུངས་སོ། །རྩ་བའི་རྒྱུད་ལས་ཇི་ལྟར་གསུངས་པའི་རིམ་པས
་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་ལུང་བསྟན་པ་རྣམས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་འཁོར་ལོས་སྒྱུར་བ་སྔགས་ཀྱི་ཚུལ་སྟོན་པར་བྱེད་པ་པོར་དེ་བཞིན་གཤེགས་པས་ལུང་སྟན་ཏོ། །དེ་བཞིན་གཤེགས་པའི་ངེས་པ་དེའི་ཕྱིར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག
་བཅུ་གཉིས་པ་དང་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ཡང་ཤམ་བྷ་ལ་ལ་སོགས་པའི་ཡུལ་གྱི་སྐད་གཞན་གྱིས་གླེག་བམ་ལ་བྲིས་ནས་རྒྱལ་པོ་ཟླ་བ་བཟང་པོས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ལ་རབ་ཏུ་བསྟན་ཏོ། །དེ་དག་ཉིད་དེ་ལ་མོས་པ་རྣམས་ཀྱིས
་མཉན་ཅིང་ཀླགས་ཏེ། རང་གི་སེམས་ལ་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་ཏོ། རྒྱུད་བསྟན་པའི་དུས་དེ་ནས་ལོ་གཉིས་པ་ལ་སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུའི་སླད་དུ་དཀྱིལ་འཁོར་གྱི་འཁོར་ལོ་དང་རྫུ་འཕྲུལ་བསྟན་ནས་སྤྲུལ་པའི་སྐུ་ཡིས་གང་ནས
་བྱོན་པ་དེ་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་གཤེགས་སོ། །དེ་ནས་ལྷ་དབང་གིས་ལོ་བརྒྱའི་བར་དུ་རྒྱུད་སྟོན་པ་མཛད་དོ། དེ་བཞིན་དུ་གཟི་བརྗིད་ཅན་དང། ཟླ་བས་བྱིན་དང། ལྷའི་དབང་ཕྱུག་དང། སྣ་ཚོགས་གཟུགས་དང། ལྷའི་དབང་ལྡན་གྱིས
་ཀྱང་ངོ། །ནམ་མཁའ་ཨི་སྙིང་པོའི་སྤྲུལ་པའི་སྐུ་ལྷའི་དབང་ལྡན་འདིའི་ལྷ་མོ་སྣ་ཚོགས་ཡུམ་གྱིས་མངལ་དུ་འཇམ་དཔལ་རྒྱལ་པོ་གྲགས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་སེང་གེའི་ཁྲི་དེ་ལ་ལོ་བརྒྱའི་བར་དུ་ཆོས་བསྟན་ཏོ། །དེ་ནས་ལོ་བརྒྱ་རྫོགས་པའི་རྗེས་ལ་དེ་བཞིན
་གཤེགས་པས་ལུང་བསྟན་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དྲང་སྲོང་རྣམས་ཡོངས་སུ་སྨིན་པའི་དུས་སུ་གཟིགས་ཤིང། མངོན་པར་ཤེས་པ་ལྔའི་སྟོབས་ཀྱིས་ཡང་དག་པའི་ལམ་ཐོབ་པར་མཁྱེན་ནས་ངེས་པ་སྟེར་བར་བཞེད་པའི་རྒྱལ་པོ་གྲགས་པས་ཐམས
་ཅད་བོས་བར་གྱུར་ཏོ། །ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་ན་མ་ལ་ཡའི་སྐྱེད་མོས་ཚལ་གྱི་རྒྱར་དཔག་ཚད་བཅུ་གཉིས་པ་ཀ་ལཱ་བའི་གྲོང་དང་མཉམ་པའོ། །དེའི་ཤར་ཕྱོགས་ན་ཉེ་བའི་ཡིད་ཀྱིས་མཚོ་རྒྱར་དཔག་ཚད་བཅུ་གཉིས་པའོ། །ནུབ་ཕྱོགས་ན་པདྨ་དཀར་པོའི
་མཚོ་ཚད་དེ་དང་འདྲ་བའོ། །མཚོ་དེ་གཉིས་ཀྱི་བར་ན་མ་ལ་ཡའི་སྐྱེད་མོས་ཆལ་ལོ། །མ་ལ་ཡའི་སྐྱེད་མོས་ཚལ་གྱི་དབུས་ན་རྒྱལ་པོ་ཟླ་བ་བཟང་པོས་མཛད་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། །རིན་པོ་ཆེ་ལྔའི་རང་བཞིན
་ལྷ་དང་ལྷ་མོའི་བདག་ཉིད་ཡོངས་སུ་གྲུབ་པ་གྲུ་བཞི་པ། རྒྱར་ཁྲུ་བཞི་བརྒྱ་ཡོད་པ། ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞི་དང་དུར་ཁྲོད་བརྒྱད་ཀྱི་བརྒྱན་པ། རབ་ལྔས་བསྐོར་བ། ཕྱི་རོལ་དུ་ས་ལ་སོགས་པའི་དཀྱིལ་འཁོར་བཞི་དང
་རྡོ་རྗེ་ཕྲེང་བས་བརྒྱན་པ་སྟེ། རྡོ་རྗེ་ཕྲེང་བའི་མཐར་ཐུག་པའི་རྒྱར་ནི་ཁྲུ་བརྒྱད་བརྒྱ་པའོ། །སྐུའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་དབུས་སུ་གྲུ་བཞི་པ་ནི་གསུང་གི་དཀྱིལ་འཁོར་ཏེ། གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞིས་བརྒྱན་པ། ར་བ་ལྔས་བསྐོར་བའོ། །གསུང
་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ། གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞིས་བརྒྱན་པ། ར་བ་གསུམ་གྱིས་བསྐོར་བའོ། །དེའི་ཕྱེད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྟེ། ཀ་བ་བཅུ་དྲུག་གིས་ཉེ་བར་མཛེས་པའོ། །དེའི་ཕྱེད་ཀྱི་པདམོ་འདབ་མ་བརྒྱད་པ་སྟེ།
་པདྨའི་སུམ་ཆ་ནི་ལྟེ་བའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་རྣམས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དོ་ཤལ་དང་དོ་ཤལ་བྱེད་པ་དང་ཡང་དག་པར་ལྡན་པ། རིན་པོ་ཆེའི་སྣམ་བུ་དང། ཁ་ཁྱེར་དང། བ་ཀུ་ལི་དང་བཅས་པ། མེ་ལོང་དང་ཟླ་བ་ཕྱེད
་པ་དང། དྲིལ་བུས་རྣམ་པར་མཛེས་པའོ། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱིས་ཁང་པ་དེར། དཔོའི་ཟླ་བའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་རྒྱལ་པོ་གྲགས་པས་ངེས་པ་བྱིན་པ་ནི། །ཀྱེ་ཉི་མའི་ཤིང་རྟ་ལ
་སོགས་པའི་ཚངས་པའི་དྲང་སྲོང་རྣམས་བདག་གི་ཚིག་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་བྱེད་པ་ཉོན་ཅིག་།ནག་པའི་ཟླ་བའི་ཉ་འདི་ལ་རིགས་བྱེད་ཀྱི་གཞུང་གི་ངེས་པ་སྐྱོང་བར་བྱེད་པ་ཁྱེད་རྣམས་ལ་བདག་གིས་བསྟན་པ་སྦྱིན་པར་བྱའོ། །དེ་བས་ན་ཁྱེད་ཀྱིས་ཡུལ
་སྣ་ཚོགས་པ་གཞན་གྱི་རིགས་དང་ལྡན་པའི་བྲམ་ཟེ་གང་ཡིན་པ་དེ་དག་ཐ་དད་དུ་བྱས་ཏེ་བདག་ལ་བསྟན་པར་བྱའོ། །ཚིག་དེའི་ཡུལ་སྣ་ཚོགས་ཀྱིས་སྤྱོད་པ་ཐོད་པར་བྱ་བ་དང། བ་ལང་གི་ཤ་དང། མ་ཧེའི་ཤ་ཟ་བ་དང། ཆང་འཐུང་བ་དང། མ་ལ་སོགས་པ་ལེན
་པའི་ཡུལ་གྱི་ཐ་སྙད་ཕན་ཚུན་འགལ་བ་དག་གིས་རྣམ་པར་དཔྱད་པ་ན་དེ་དག་ཐམས་ཅད་ཀྱང་ལྷུང་བར་འགྱུར་རོ། །དེ་ལྟར་དེ་དག་འགལ་བར་གཟིགས་ནས་རྒྱལ་པོ་གྲགས་པས་གསུངས་པ། འདིར་བདག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི
་ཁང་པ་འདིར་གཞུག་པར་བྱ་ཞིང། ཁྱེད་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པར་བྱའོ། །གཞན་ཡང་བདག་གིས་བཀས་ཁྱེད་རྣམས་ཀྱིས་རྡོ་རྗེའི་རིགས་དང་ལྷན་ཅིག་ཏུ་བཟའ་བ་དང་བཏུང་བ་དང་བག་མ་བླངས་པའི་འབྲེལ་བ་དག་ཀྱང་བྱའོ། །
་ཅི་སྟེ་ཁྱེད་རྣམས་བདག་གི་བཀའ་མི་བྱེད་པ་དེ་ལྟ་ན། བདག་གི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོར་ལ་གང་དང་གང་དུ་ཁྱེད་ཅག་མོས་པ་དེར་ཁྱེད་རྣམས་སོང་ཞིག་།རྣམ་པ་གཞན་དུ་ན་ལོ་བརྒྱད་བརྒྱ་འདས་པའི་རྗེས་ལ་ཁྱེད་ཀྱི་བུ་དང་ཚའོ་ལ་སོགས
་པས་ཀླ་ཀློའི་ཆོས་དར་བར་བྱས་ནས། ཤམ་བྷ་ལ་ལ་སོགས་པའི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་ཀླ་ཀློའི་ཆོས་སྟོན་པར་བྱེད་པར་འགྱུར་རོ། །ཀླ་ཀློའི་ལྷ་བི་ཥི་མི་ལ་ལའི་སྔགས་ཀྱིས་ཕྱུགས་ཀྱི་སྐེ་གྲི་གུག་གིས་བཅད་དེ། དེ་ནས་ལྷའི་སྔགས་ཀྱིས་བསད་པའི་ཕྱུགས
་དེ་རྣམས་ཀྱི་ཤ་ཟ་བར་བྱེད་ཅིང། །རང་གི་ལས་ཀྱིས་ཤི་བ་རྣམས་ཀྱི་ཤ་ཟ་བར་མི་བྱེད་པར་འགྱུར་རོ། །ཆོས་དེ་ཡང་ཁྱེད་ལ་ཚང་མ་སྟེ། མཆོད་སྦྱིན་དོན་དུ་ཕྱུགས་བདག་སྤྲོས། ཞེས་པའི་གཞུང་གི་ཚིག་ལས་སོ། །ཀླ་ཀློའི་ཆོས་དང་རིག་བྱེད་ཀྱི་ཆོས་དག་ལ་ཁྱད
་པར་མེད་དེ། སྲོག་གཅོད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཀྱི་རིགས་ཀྱི་བུ་དང་ཚ་བོ་ལ་སོགས་པ་རྣམས་ཀྱི་ཀླ་ཀློ་དེ་དག་གི་གཟི་བྱིན་དང། གཡུལ་དུ་བདུད་ཀྱི་ལྷ་འཇུག་པ་ཡང་མཐོང་ནས་མ་འོངས་པའི་དུས་ལོ་བརྒྱད་བརྒྱ་འདས་པ་ན་ཀླ་ཀློར་འགྱུར་རོ། །
་དེ་དག་ཀླ་ཀློར་གྱུར་པ་ན་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་རིགས་བཞི་ལ་སོགས་པ་ཐམས་ཅད་ཀྱང་ཀླ་ཀློར་འགྱུར་ཏེ། སྐྱེ་བོ་ཆེན་པོ་གང་ནས་བགྲོང་པ་དེ་ནི་ལམ་མོ་ཞེས་ཚངས་པའི་དྲང་སྲོང་གིས་སྨྲས་པའི་ཕྱིར་རོ། །འདིར་ཀླ་ཀློའི་ཆོས་དང་རིགས
་བྱེད་ཀྱི་ཆོས་ལ་ཡང་ལྷ་དང་ཕ་མེས་ཀྱི་དོན་དུ་སྲོག་གཅད་པར་བྱས་པ་ཡིན་ལ། རྒྱལ་རིགས་ཀྱི་ཆོས་ལ་ཡང་ངོ། །ལྷ་དང་ཕ་མེས་ཚིམ་བྱས་ནས། །ཤ་ཟོས་སྐྱོན་གྱི་ཆ་ཡོད་མིན་ཞེས་དང། དེ་བཞིན་དུ། གང་ཞིག་གདུག་ལ་གདུག་སྤྱོད་པ། །
་དེ་ལ་སྐྱོན་ནི་མ་མཐོང་ངོ། ཞེས་བྲམ་ཟེས་སྨྲས་པའི་ཕྱིར་རོ། །དེ་ལྟར་རིག་བྱེད་ཀྱི་ཆོས་ཚང་མར་བྱས་ནས་ཀླ་ཀློའི་ཆོས་ཡོངས་སུ་འཛིན་པར་འགྱུར་ཏེ། རྒྱུ་དེས་ན་མ་འོངས་པ་ན་ཀླ་ཀློའི་ཆོས་མི་འཇུག་པར་བྱ་བའི་ཕྱིར་ཁྱེད་རྣམས་ལ་བདག་གིས་ངེས་པ
་བྱིན་ནོ། །དེ་བས་ན་ཁྱེད་རྣམས་ཀྱི་བདག་གི་བཀའ་བཞིན་བྱའོ་ཞེས་སོ། །རྒྱལ་པོ་གྲགས་པའི་གསུང་ཆད་པ་དང། བཅས་པའི་བཀའ་དེ་སྐད་བརྗོད་པ་འདིས་མགོར་ཐོག་ལྷུང་བ་བཞིན་གྱུར་པའི་ཚངས་པའི་དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཀྱེ་ཉི
་མའི་ཤིང་རྟ་ཁྱོད་ཀྱི་མིའི་དབང་པོ་གྲགས་པ་ལ་བདག་ཅག་ནི་རིགས་བྱེད་ལས་བཤད་པ་རིགས་ཀྱི་ཆོས་དོར་ནས་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བའི་ཆོས་ལ་མི་འཇུག་སྟེ། དེ་བས་བདག་ཅག་ཁྱོད་ཀྱི་བཀའ་ཡིས་ཤཱི་ཏ་དང། ཁ་བ་ཅན་གྱི་ལྷོ། ལང་ཀའི་གླིང
་གི་བྱང། འཕགས་པའི་ཡུལ་དུ་འགྲོ་བ་མཆོག་གོ་ཞེས་ཞུ་བ་མཛོད་ཅིག་ཅེས་སོ། །ཚངས་པའི་དྲང་སྲོང་དེ་དག་གིས་ཚིག་གིས་ཉི་མའི་ཤིང་རྟས་མིའི་དབང་པོ་གྲགས་པ་ལ། ཀྱེ་རྒྱལ་པོ་ཆེན་པོ་མཆོག་གི་རྒྱལ་པོ། དབང་ཕྱུག་དམ་པ། སྐྱེས་བུ་ཆེན་པོའི་མཚན
་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ཅུའི་ཡན་ལག་ཡོངས་སུ་རྫོགས་པ། དཔལ་ཤཱཀྱའི་རིགས་ཀྱི་ཐིག་ལེ་མཆོག་གི་ཐུགས་རྗེ་ཅན། །རང་རང་གི་རིགས་ཀྱི་ཆོས་ལ་ཞུགས་པ་རྣམས་ལ་ཐུགས་རྗེ་མཛོད་ཅིག། ཅི་སྟེ་བདག་ཅག་གིས་གདོན་མི་ཟ་བར་ཁྱོད་ཀྱི་བཀའ་
་བཞིན་བྱ་བ་ཡིན་པ་དེ་ལྟ་ན། བདག་ཅག་རྡོ་རྗེའི་རིགས་ཀྱི་དབང་བསྐུར་ལ་འཇུག་པར་མི་བགྱི་སྟེ། ཁྱོད་ཀྱི་བཀའ་ཡིས་ཆུ་བོ་ཤཱི་ཏའི་ལྷོ། ཁ་བ་ཅན་དང་ལང་ཀའི་གླིང་གི་བར། འཕགས་པའི་ཡུལ་དུ་འགྲོ་བ་མཆོག་གོ་ཞེས་ཞུས་སོ། །དེ་ནས་ཉི་མའི་ཤིང་རྟའི
་ཚིག་གིས། རྒྱལ་པོ་གྲགས་པས། ཁྱེད་རྣམ་ཤམ་བྷ་ལའི་ཡུལ་ནས་མྱུར་དུ་བྱུང་ལ་སོང་ཞིག། གང་གིས་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལམ་ཡོངས་སུ་བཏད
་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་བྱིན་བརླབས་ཀྱིས་ཡང་དག་པའི་ཡེ་ཤེས་ཀྱི་ལམ་འཐོབ་པར་འགྱུར་རོ་ཞེས་སྨྲས་སོ། །རྒྱལ་པོ་གྲགས་པའི་བཀའ་དེ་ཡིས། ཀ་ལཱ་པའི་གྲོང་ནས་ངེས་པར་གྱུར་བའི་ཚངས་པའི་དྲང་སྲོང་དེ་དག་ཐམས་ཅད་ཉི་མ་བཅུ་པ་ལ
་ནགས་ཚལ་གྱི་ནང་དུ་རབ་ཏུ་ཞུགས་སོ། །ནགས་ཚལ་གྱི་ནང་དུ་རབ་ཏུ་ཞུགས་པ་དེ་དག་ཐམས་ཅད་རྒྱལ་པོ་གྲགས་པས་མངོན་པར་ཤེས་པ་ལྔའི་སྟོབས་ཀྱིས་མཁྱེན་ཏེ། ཇི་ལྟར་ཚངས་པའི་དྲང་སྲོང་འདི་དག་འཕགས་པའི་ཡུལ་དུ་སོང་ན་གྲོང
་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་མི་གཟད་བའི་སེམས་དང་ལྡན་པར་འགྱུར་ཏེ། འདིར་རྒྱུ་གང་ཞིག་རྡོ་རྗེའི་ཐེག་པར་གསུངས་པ་ཡང་དག་པའི་ཡེ་ཤེས་ཀྱི་ལམ་མ་ཡིན་པའི་རྒྱུ་དེ་ཡིས་དྲང་སྲོང་ཐར་པ་དོན་དུ་གཉེར་བ་འདི་དག་ཐམས
་ཅད་དཔལ་རྒྱལ་པོ་གྲགས་པའི་འཇིགས་པས་རང་གི་གནས་ཡོངས་སུ་བཏང་སྟེ། རང་གི་གཉེན་བཤེས་གཟུང་ནས་འཕགས་པའི་ཡུལ་དུ་སོང་ངོ་ཞེས་རྒྱལ་རིགས་ལ་སོགས་པའི་སྐྱེ་བོ་རྣམས་སེམས་དཔར་བྱེད་ཅིང་བསྐལ་བ་ངན་པར་འགྱུར་ཏེ། ཟབ་པ་དང
་རྒྱ་ཆེ་བའི་ཆོས་ཀྱི་སྣོད་ལ་སེམས་ལེགས་པ་དང་མི་ལྡན་པའི་ཕྱིར་རོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་ཀྱི་བསམ་པ་མཁྱེན་ནས། མིའི་དབང་པོ་གྲགས་པས་ཁྱབ་འཇུག་དང་ཚངས་པ་དང། དྲག་པོའི་རིགས་ཐམས་ཅད་རྨོངས་པར་བྱེད་པ་ཞེས
་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དང་ལྷ་ཡི་བྱིན་གྱིས་བརླབས་ཀྱི་དྲང་སྲོང་དེ་དག་ཐམས་ཅད་ནགས་ཚལ་དེ་ཉིད་དུ་རྨོངས་པར་གྱུར་པ་དང། ནགས་ཚལ་དེ་ན་གནས་པའི་རི་ཁྲོད་པ་ལ་སོགས་པ་རྣམས་ཀྱིས་དྲང་སྲོང་ཐམས
་ཅད་བཅིངས་ནས་སླར་ཡང་དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་ཁྱེར་འོངས་ཏེ། མིའི་དབང་པོ་གྲགས་པའི་ཞབས་ཀྱི་དྲུང་དུ་དོར་བ་དང་རབ་ཏུ་སད་དེ། །མིའི་དབང་པོ་གྲགས་པ་དང། དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དང་མ་ལ་ཡའི་སྐྱེད་མོས་ཚལ་མཐོང་བར
་གྱུར་ཏོ། །དེ་མཐོང་བ་ན་ཡ་མཚན་ཐོབ་ནས། ཨེ་མའོ་འདི་ནི་ངོ་མཚར་ཆེ་སྟེ། བདག་ཅག་རབ་ཏུ་སད་པར་ནགས་ཚལ་ཆེན་པོ་ནས་དཀྱིལ་འཁོར་གྱི་ཁང་བ་ཆེན་པོར་སུ་ཡིས་ཁྱེར་ཏེ། འོངས་ཤེས་པའི་ཚིག་འདི་སྨྲས་སོ། །ཚངས་པའི་དྲང་སྲོང་རྣམས
་ཀྱིས་ཚིག་དེ་ལྟ་བུ་འདི་རྒྱལ་པོ་གྲགས་པའི་བློན་པོ་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ནས་སྨྲས་པ། ཀྱེ་ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་རྣམས་ཡ་མཚན་པར་མ་བྱེད་ཅིག་།རྒྱལ་པོ་གྲགས་པ་འདི་ནི་ཕྱོགས་ཅིག་པ་མ་ཡིན་ཏེ། ཁྱེད་རྣམས
་རྗེས་སུ་གཟུང་བའི་དོན་དུ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གོ་།དེའི་ཕྱིར་འདིའི་ཞབས་ལ་སྐྱབས་སུ་སོང་ལ། རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ལམ
་དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་སོ། །དེ་ནས་རྒྱ་མཚོའི་བློ་གྲོས་ཀྱི་ཚིག་དེ་དང། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྣམས་རབ་ཏུ་སད་དེ་ཚིག་འདི་སྨྲས་པ། ལེགས་སོ་ལེགས་སོ་རྒྱ་མཚོའི་བློ
་གྲོས་ཁྱོད་ཀྱི་ཚིག་གང་གིས་བདག་ཅག་གི་སེམས་རབ་ཏུ་སད་པར་གྱུར་ཏོ། །དེའི་ཕྱིར་ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། སེམས་ཅན་མཛའ་དག་གིས་སྐྱེ་བ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་སླད་དུ་རྒྱུད་ཀྱི་རྒྱལ་པོ
་དུས་ཀྱི་འཁོར་ལོ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ལམ་དབང་བསྐུར་བར་གསོལ་བ་གདབ་པར་བགྱིའོ་ཞེས་སོ། །དེ་སྐད་སྨྲས་ནས་དྲང་སྲོང་དེ་རྣམས་ཀྱིས་ཚངས་པའི་རིགས་ཀྱི་རྒྱལ་པོ་ཉི་མའི་ཤིང་རྟ་ལ་བོས་ཏེ། ཀྱེ་ཉི་མའི་ཤིང
་རྟ་ཁྱོད་ནི་རིག་བྱེད་ལ་སོགས་པའི་བསྟན་བཅོས་ཀྱི་གླེགས་བམ་གཅིག་ཏུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་ཀྱི་གཞལ་བྱ་འཛིན་པའི་ཐུགས་ཅན་ནོ། །དེས་ན་བདག་ཅག་གིས་གསོལ་བ་འདེབས་པའི་ཚིག་རྒྱལ་པོ་གྲགས
་པ་ལ་གསོལ་བ་གདབ་པར་བྱོས་ཤིག། བདག་ཅག་ཀྱང་མཎྜལ་སྔོན་དུ་འགྲོ་བ་ཅན་གྱིས་སྐྱབས་སུ་སོང་སྟེ། ཐམས་ཅད་ཀྱིས་གསོལ་བ་གདབ་པར་བགྱིའོ། །དེ་ནས་ཚངས་པའི་དྲང་སྲོང་གི་ཚིག་དེས་ཉི་མའི་ཤིང་རྟས་རིན་ཆེན་གསེར་གྱི་རང་བཞིན་མེ
་ཏོག་རྣམས་ཀྱི་མཎྜལ་བྱས་ནས། མིའི་དབང་པོ་གྲགས་པའི་ཞབས་ཀྱི་དྲུང་དུ་རིན་པོ་ཆེའི་མེ་ཏོག་གི་སྙིམ་པ་གཏོར་ཏེ། པུས་མོ་གཉིས་ས་ལ་གཙུགས་ཤིང་ལག་པ་གཉིས་སྤྱི་བོར་སོན་པས་ཚངས་པའི་དྲང་སྲོང་རྣམས་དང་ཐབས་ཅིག་ཏུ
་གྲགས་པའི་ཞབས་ལ་ཕྱག་འཚལ་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཤིང་ཐལ་མོ་སྦྱར་བ་དཔྲལ་བར་བཀོད་དེ་མིའི་དབང་པོ་གྲགས་པ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་གོང་དུ་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ཉིད
་ལ་སངས་རྒྱས་ཉིད་ཐོབ་པར་ལུང་སྟོན་ཅིང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་བདེ་བས་ཡང་དག་པར་བསྡུས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པ་ལུང་སྟོན་པ། རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་བསྟན་དུ་གསོལ། དེ་བཞིན་གཤེགས་པས
་རྒྱལ་པོ་ཟླ་བ་བཟང་པོ་ལ་བསྟན་པའི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་གང་ཡིན་པ་དེ་ཉིད་གཞུང་ཉུང་ངུ་ཡིས་དང་པོའི་སངས་རྒྱས་རྒྱུད་ཀྱི་རྒྱལ་པོ་བསྡུས་པ་འདི་ཡང་དག་པར་བསྡུ་བ་མཛད་ནས་ཚངས་པའི་དྲང་སྲོང་རྣམས་ལ་སྟོན་པས་བསྟན་དུ་གསོལ
་ཞེས་སོ། །དེ་ནས་ཉི་མའི་ཤིང་རྟས་གསོལ་བ་བཏབ་པ་གསན་ནས། ཚངས་པའི་དྲང་སྲོང་རྣམས་ཀྱིས་མོས་པའི་སེམས་ཀྱི་དབང་གི་ཕྱིར། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་བསྡུས་པ་ཡང་དག་པར་མཛད་པ་པོ་ཉིད་ཀྱིས
་ཕྲེང་བ་འཛིན་པའི་ཚིགས་སུ་བཅད་པ་ཐམས་ཅད་མཁྱེན་པ་སྟོན་པ་པོ་ལ་སོགས་པ་ཡང་དག་སྡུད་པར་བྱེད་པ་དག་གིས་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་དོ། །སྒྲ་བཟང་པོ་སྨྲ་བ་དེ་དག་རྣམས་ཀྱིས་སྒྲ་བཟང་པོ་ལ་ཞེན་པ་སྤང་བའི་སླད་དུ་དོན་ལ་རྟོན་པ་ཉིད་ལ
་བསྟེན་ཏེ། ཚིགས་སུ་བཅད་ཚིགས་སུ་བཅད་པ་ཁ་ཅིག་ཏུ་ཟུར་ཆག་གི་སྒྲ་དང། ཚིགས་སུ་བཅད་པ་ཁ་ཅིག་ཏུ་གཅོད་མཚམས་ཉམས་པ་དང། ཁ་ཅིག་ཏུ་རྣམ་དབྱེ་མེད་པའི་ཚིག་དང། ཁ་ཅིག་ཏུ་དབྱངས་དང་གསལ་བྱེད་ཕྱིས་པ་དང། ཚིགས་བཅད
་ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུ་དང། ཐུང་ངུ་ལ་ཡང་རིང་པོ་དང། ཁ་ཅིག་ཏུ་ལྔ་པའི་དོན་ལ་བདུན་པ་དང། བཞི་པའི་དོན་ལ་དྲུག་པ་དང། ཁ་ཅིག་ཏུ་གཞན་གྱི་ཚིག་ཅན་གྱི་དབྱིངས་ལ་བདག་ཉིད་ཀྱི་ཚིག་དང། བདག་ཉིད་ཀྱི་ཚིག་ཅན་ལ་གཞན་གྱི་ཚིག་དང། ཁ
་ཅིག་ཏུ་གཅིག་གིས་ཚིག་ལ་མང་པོའི་ཚིག་དང། མང་པོའི་ཚིག་ལ་གཅིག་གི་ཚིག་དང། ཁ་ཅིག་ཏུ་ཕོའི་རྟགས་ལ་མ་ནིང་གི་རྟགས་དང། མ་ནིང་གི་རྟགས་ལ་ཕོའི་རྟགས་དང། ཁ་ཅིག་ཏུ་རྐན་ལས་བྱུང་བ་ཤ་ཡིག་ལ་སོ་དང་སྤྱི་བོ་ལས་བྱུང་བ་དང
་ཁ་ཅིག་ཏུ་སྤྱི་བོ་ལས་བྱུང་བ་ལ་སོ་དང་རྐན་ལས་བྱུང་བ་དང། ཁ་ཅིག་ཏུ་སོ་ལས་བྱུང་བ་ལ་རྐན་དང་སྤྱི་བོ་ལས་བྱུང་བ་སྟེ། དེ་ལྟ་བུ་གཞན་ཡང་རྒྱུད་སྟོན་པའི་མན་ངག་གི་རྗེས་སུ་འབྲང་བར་བྱ་བའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས། ཟླ་བཟང
་སངས་རྒྱས་ཐམས་ཅད་དང། །བླ་མ་རྣམས་ཀྱི་སློབ་མ་ཡིས། །ཆུང་མ་བུ་མོ་བུ་སྡུག་དང། །རྟག་ཏུ་འདོད་པའི་དངོས་པོ་དངུལ། །དྲི་ནི་ས་ལ་འབྱུང་བ་སྟེ། །ཆུ་ལ་གཟུགས་དང་མེ་ལ་རོ། །རླུང་རེག་འགྱུར་བ་མེ་ལ་སྒྲ། །ནམ་མཁའ་ཆེ་ལ་ཆོས་ཀྱི་དབྱིངས། །
་དྲི་དང་སྤོས་སོགས་མར་མེ་དང། །བཟའ་དང་བཏུང་སོགས་གོས་རྣམས་ཀྱིས། །རྟག་ཏུ་ཕྱག་རྒྱ་མཆོད་བྱས་ཏེ། །དམ་པའི་བུ་ཡིས་བླ་མར་དབུ་ལ་ཞེས་གསུངས་ཏེ། དེ་ལྟ་བུ་ལ་སོགས་པའི་སྒྲ་ཟུར་ཆག་གཞན་ཡང་རྣལ་འབྱོར་པས་ལུང་ཀླགས་པ་ལས
་རྟོགས་པར་བྱའོ། །དེ་བཞིན་དུ་འགྲེལ་བཤད་ལ་ཡང་སྒྲ་བཟང་པོའི་མངོན་པའི་ང་རྒྱལ་ཉམས་པར་བྱ་བའི་སླད་དུ་བདག་གི་དོན་ལ་སྟོན་པ་ཉིད་ལ་རྟེན་བྲི་བར་བྱ་སྟེ། རྣམ་པ་གང་དང་གང་གིས་རིགས་དང་རིག་པ་དང་སྒྲ་བཟང་པོའི་མངོན་པའི་ང་རྒྱལ
་ཟད་པར་འགྱུར་བའི་རྣམ་པ་དེ་དང་དེས་དོན་ལ་རྟེན་པ་ཉིད་ལ་བརྟེན་ཏེ་ཡུལ་གྱི་སྐད་གཞན་དང་སྒྲའི་བསྟན་བཅོས་ཀྱི་སྐད་གཞན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐར་པའི་དོན་དུ་ཆོས་སྟོན་ཏོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་
་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱིས་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་དང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་འགྲེལ་པའི་མདོར་བསྡུས་ཏེ་གསུམ་པའོ།། །།
་ད་ནི་འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་པོ་གྲགས་པ་དང། ཉི་མའི་ཤིང་རྟའི་སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་ལ་སོགས་པའི་གླེལ་པ་ལ་སོགས་པས་རྒྱུད་ཀྱི་རྒྱལ་པོ་རྣམ་པར་རྒྱས་པར་བྱ་སྟེ། འདིར་དཔལ་ལྡན་དུས་ཀྱི་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་ཁང་པའི
་ཤར་གྱི་སྒོ་དང་ཉེ་བར། ནོར་བུ་རིན་པོ་ཆེའི་ཁྱམས་ཆེན་པོར་རིན་པོ་ཆེའི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་པ། ལྷ་དང་ལྷ་མ་ཡིན་དང་ཀླུའི་སྤྲུལ་པའི་སྐུ། རྒྱལ་པོའི་རིགས་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་སྐྱེས་པ། རིན་པོ་ཆེའི་ཅོད་པན་ཆེན་པོ་བཅིངས་པ
་གྲོང་བྱེ་བ་བྱེ་བའི་བདག་པོ་རྣམས་ཀྱིས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ། ཉི་མའི་ཤིང་རྟས་གསོལ་བ་བཏབ་པའི། མིའི་དབང་པོ་གྲགས་པས་ཉི་མའི་ཤིང་རྟ་ལ་འདི་གསུངས་སོ། །ཉི་མའི་ཤིང་རྟ་ཁྱོད
་ཚངས་པའི་དྲང་སྲོང་གི་རིགས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལམ་ཐོབ་པར་བྱ་བའི་སླད་དུ་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་དམ་པའི་དངོས་པོ་ཉན་པར་འདོད་ཅིང་ཡང་དག་པར་བརྩོན
་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ། །ཁྱོད་ཀྱི་འདི་ལེགས་པ་དེ་བས་ན་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་དམ་པའི་དངོས་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དུས་ཀྱི་འཁོར་ལོའི་རྣལ་འབྱོར
་ཁྱོད་ཀྱིས་དྲིས་བ་དེ་ཐམས་ཅད་བདག་གིས་བསྟན་པར་བྱའོ། །སྡུད་པར་བྱེད་པ་པོ་རྒྱལ་པོ་གྲགས་པ་བདག་གིས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་བཟང་པོ་སྟོན་པ་པོ་དང་གསོལ་བ
་འདེབས་པ་པོ་འབྲེལ་པས་ཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་ཡང་དག་པར་བསྡུས་ཏེ། རྒྱུད་གྱི་རྒྱལ་པོ་ཆེན་པོ་ལས་ཕྱུང་བ་སྔོན་དུ་ལུང་བསྟན་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དམ་པའི་དངོས་པོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཁྱོད་ཀྱིས་ཀྱང་རྩེ་གཅིག་པའི
་ཡིད་ཀྱིས་ཉོན་ཅིག་ཅེས་སོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གྱིས་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པས་མཆོག་གི་དང་པོའི་སངས་རྒྱས་ལས་དེ་བཞིན་གཤེགས་པས་ལུང་བསྟན་པ་སྟོན་པ་པོ་ལ་སོགས་པ་ཡང་དག་པར་སྡུད་པའི་ཚིགས་སུ་བཅད་པ་དང
་པོ་གསུངས་པ། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པ་ལྷ་མཆོག་རྣམས་ཀྱིས་བདུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ
་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། །རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ་མི་རྣམས་གྲོལ་བའི་དོན་དུའོ། །རྒྱུད་ཀྱི་རྒྱལ་པོ་འདིར་སྟོན་པ་པོ་ལ་སོགས་པ་རྣམས་བསྡུ་བའི་དོན་དུ་ཚིགས་སུ་བཅད་པ་དང་པོ
་འདི་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་སོ། །འདིར་སྟོན་པ་པོ་ལ་སོགས་པ་རྣམས་ནི། སྟོན་པ་པོ་དང། གནས་དང། འཁོར་ཆེན་པོ་དང། གསོལ་བ་འདེབས་པ་པོ་དང། ཆོས་བསྟན་པ་དང་དགོས་པ་དང་དགོས་པའི་དགོས་པའོ། །འདི་རྣམས་ལ་རེ་ཞིག་སྟོན
་པ་པོ་བསྡུ་བ་ནི། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་ཞེས་པའི་ཡི་གེ་ཉི་ཤུ་རྩ་གསུམ་པོ་འདིས་བཅོམ་ལྡན་འདས་ཀྱིས་སྟོན་པ་པོ་བསྡུ་བ་མཛད་དོ། །སེང་གེའི་ཁྲི་ལ་བཞུགས་ཞེས
་པའི་ཡི་གེ་ལྔ་པོ་འདིས་གནས་བསྡུ་བ་མཛད་དོ། །པ་ལྷ་མཆོག་རྣམས་ཀྱིས་བདུད་ལ་ཞེས་པའི་ཡི་གེ་བདུན་པོ་འདིས་འཁོར་ཆེན་པོ་བསྡུ་བ་མཛད་དོ། །རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ
་བཞག་ནས་ཞུས་པ་ནི་ཞེས་པའི་ཡི་གེ་ཉི་ཤུ་རྩ་བརྒྱད་པོ་འདིས་གསོལ་བ་འདེབས་པ་དེ་བསྡུ་བ་མཛད་དོ། །རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་འཕྲེང་ལྡན་པའི་ཨ་འདུས་ལ་སྟེ་ཞེས་པའི་ཡི་གེ་བཅུ་བཞི་པོ་འདིས་ཆོས་བསྟན་པ་བསྡུ་བ་མཛད་དོ།
་མི་རྣམས་གྲོལ་བའི་དོན་དུའོ། །ཞེས་པའི་ཡི་གེ་བདུན་པོ་འདིས་དགོས་པ་དང་དགོས་པའི་དགོས་པ་བསྡུ་བ་མཛད་དེ། དེ་ལྟར་ན་ཡི་གེ་བརྒྱད་ཅུ་རྩ་བཞི་པོ་འདི་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་སྟོན་པ་པོ་དང་གནས་དང་འཁོར་ཆེན་པོ་དང་གསོལ་བ་འདེབས་པ
་པོ་དང་ཆོས་བསྟན་པ་དང་དགོས་པ་དང་དགོས་པའི་དགོས་པ་རྣམས་དེ་བཞིན་གཤེགས་པས་ལུང་བསྟན་པའི་བཅོམ་ལྡན་འདས་འཇམ་དཔལ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས་ཕུང་སྟེ། བསྡུ་བ་མཛད་དོ། །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཐོས་པ
་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བཞུགས་པའི་གནས་ངེས་པར་བསྟན་པ་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། ཇི་ལྟར་རྒྱུད་ཀྱི་རྒྱལ་པོ་འདི་ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་འདི་སྐད་བདག་གིས་ལ་སོགས
་པ་དང་བྲལ་བར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན་པ་ཡིན། འདི་སྐད་བདག་གིས་ཐོས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་མེད་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་མ
་ཡིན་ནོ་ཞེས་མིང་དང་ཚིག་ལ་སྟོན་པ་ལ་བརྟེན་པ་འགའ་ཞིག་གི་ཚིག་འདིར་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་མིང་དང་ཚིག་ལ་སྟོན་པ་ལ་བརྟེན་པ་དག་གིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས
་ཐོས་པ་ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བཞུགས་པའི་གནས་ངེས་པར་བསྟན་པར་དེ་བཞིན་གཤེགས་པས་གསུངས་པར་གང་བརྗོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཆོས་སྟོན་པ་པོ། །དོན་ལ་སྟོན་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང།
་སྡུད་པར་བྱེད་པ་པོ་རྣམས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་གཞན་གྱིས་ཡང་དག་པར་སྡུད་པར་བྱེད་པའི་ཕྱིར་རོ། །འདིར་གལ་ཏེ་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་ལེགས་པར་སྦྱར་བའི་ཚིག་མགྲིན་པ་དང་རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པ་ཉི་ཚེ་བས
་དེ་བཞིན་གཤེགས་པ་ཆོས་སྟོན་པར་བྱེད་པ་དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་ཡང་དེ་བཞིན་གཤེགས་པས་བསྟན་པ་དང་སྡུད་པ་པོས་ཀྱང་བྲི་བར་མི་ནུས་ཏེ། ཉི་ཚེ་བ་ལེགས་པར་སྦྱར་བའི་ཚིག་གཅིག་པུ་ཡིན་པའི་ཕྱིར་རོ། །འདིར
་སྤྲུལ་པའི་སྐུ་མཛའ་ཡས་པ་མེད་པའི་ཕྱིར་མཛའ་ཡས་པ་མེད་པའི་ཕྱིར་མཛའ་ཡས་པ་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཛའ་ཡས་པ་མཛའ་ཡས་པའི་སེམས་ཅན་རྣམས་ཀྱི་སྒྲ་དག་གིས་ཅིག་ཅར་ཆོས་སྟོན་པ་ཡང་མེད་པར་འགྱུར་རོ། །ཆོས་ཀྱི
་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་བྱེད་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ་དེ་ལྟར་ཡང་མ་ཡིན་ནོ། །འདིར་སངས་རྒྱས་ཚད་མེད་པ་དང། ཆོས་ཚད་མེད་པ་དང། དགེ་འདུན་ཚད་མེད་པར་དེ་བཞིན་གཤེགས་པས་གསུངས
་པ་འདིའི་ཕྱིར། སྟོན་པ་པོ་ཐམས་ཅད་མཁྱེན་པ་གཅིག་མ་ཡིན་ནོ། །ཐམས་ཅད་མཁྱེན་པའི་སྐད་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་དོན་སྟོན་པར་བྱེད་པ་གཅིག་མ་ཡིན་ནོ། །བཞུགས་པའི་གནས་ངེས་པར་བསྟན་པ་གཅིག་མ་ཡིན་ནོ། །དེ་བཞིན་གཤེགས
་པའི་གསོལ་བ་འདེབས་པ་པོ་ཉན་ཐོས་ཀྱི་དགེ་འདུན་གཅིག་མ་ཡིན་གྱི། འདིར་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་དུ་མ་དང་ཐམས་ཅད་མཁྱེན་པའི་སྐད་དུ་མ་དང་བཞུགས་པའི་གནས་དུ་མ་དང་གསོལ་བ་འདེབས་པ་པོ་དུ
་མ་དང། ཆོས་བསྟན་པ་དུ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པས་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་མགྲིན་པ་དང། རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པ་ལྷའི་སྐད་ཅིག་བུས་རྒྱུད་ཐམས་ཅད་བསྟན་པ་མ་ཡིན་ནོ། །འདིར་དང་པོ་རེ་ཞིག
་ཉན་ཐོས་ཀྱིས་ཚུལ་སྡེ་སྣོད་གསུམ་ལ་སོགས་པ་ལ་མ་ག་དྷའི་སྐད་ཀྱིས་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཨི་ཏྱ་པི་སོ་བྷ་ག་བཱ་སམྱ་ཀསཾ་བུདྡྷོ་བིཛཛཱ་ཙ་ར་ཎ་སཾ་པ་ན(རྒྱུད་འགྲེལ་དུ་ཆུ་བོ་ཤཱི་ཏའི་བྱང་ཙམ་པ་ཀའི་ཡུལ་དུ་གྲོང་བྱེ་བའི་སྐད་ཀྱིས་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཨ་ཀ་རུཥ་ཁུཥྞུ་ཀ་ག་གཎ་ཀུ། (འདི་ལྟར་ཡང་དེ་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་རིག་པ། བླ་ན་མེད་པ།)་ཛིཎ་མ
་ཀ་བི་ཛི་རི་ཊ་ཀུ། དུ་དུ་རུ་པ་ཀ་ཞེས་པ་ལ་སོགས་པས་ཆོས་བསྟན་ཏོ། །དེ་བཞིན་དུ་རུ་མ་ཀ་མའི་བྱང་སུར་མའི་ཡུལ་དུ་གྲོང་བྱེ་བའི་སྐད་ཀྱིས་ཆོས་(ཟེར་བ་འདུལ)་སྟོན་པ་ནི་འདི་ལྟ་སྟེ། ཨ་ཀ་མ་ཡ་སད། བ་ལ་ད་དད་ཏ་བི་རཊ། མི་ནི་ཀཱ་ཀུ
་ཊ་བ་ར་དང། ཛི་གི་ཏི་པ་ར་དཏ། ཅེས་པ་ལ་སོགས་པས་ཆོས་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ཡུལ་དུ་མའི་ཡུལ་གྱི་སྐད་ཀྱིས་ཐེག་པ་གསུམ་སྟོན་པར་བྱེད་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ལེགས་པར་སྦྱར་བའི
་སྐད་ཅིག་པུས་མ་ཡིན་ནོ། །དེས་ན་སྡུད་པར་བྱེད་པ་པོ་རྣམས་ཀྱི་ལེགས་པར་སྦྱར་བའི་སྐད་ཀྱིས་བྲིས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་ཀྱི་རྒྱལ་པོ་རྣམས་ལ་ཡང་ཁ་ཅིག་ཏུ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་བཞུགས་པའི་གནས་ངེས་པར
་བསྟན་ཏེ། ཁ་ཅིག་ཏུ་ནི་མ་ཡིན་ནོ། །དང་པོར་རེ་ཞིག་དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་ལྔ་པ་དང། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་ཞེས་པ་ལ་སོགས་རྒྱུད་ཀྱི་རྒྱལ་པོ་དུ་མར་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བཞུགས་པའི
་གནས་ངེས་པར་བསྟན་ཏོ། །ལ་ལར་ནི་མ་ཡིན་ཏེ། དང་པོར་རེ་ཞིག་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་དང། རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་དང། མངོན་པར་བརྗོད་པ་འབུམ་པ་ཆེན་པོ་ལས་ཏེ། དེ་བཞིན
་དུ་རྒྱུད་ཀྱི་རྒྱལ་པོ་དུ་མ་རྣམས་ལ་ཡང་ངོ། །རྩ་བའི་རྒྱུད་ཀྱི་རྒྱལ་པོ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་དེ་ནས་ཕྱུང་བའི་སྡུས་པའི་རྒྱུད་རྣམས་ལ་ཡང་ཁ་ཅིག་ཏུ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བསྟན་ལ། ཁ་ཅིག་ཏུ་ནི་མ་ཡིན་ནོ། །འདིར་དཔལ་འདུས
་པར་བཅོམ་ལྡན་འདས་ཀྱིས། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། ཞེས་གནས་ངེས་པར་བསྟན་པས་གསུངས་སོ། །དེ་བཞིན་དུ་སྒྱུ
་འཕྲུལ་དྲ་བ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་ཏོ། །དེ་བཞིན་དུ་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་ལ་ཡང་བཞུགས་པའི་གནས་ངེས་པར་བསྟན་ཏོ། །འདིར་མཆོག་གི
་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ། ཉི་མའི་སྐུ་གང་མི་བཟད་པ། །དཔལ་ལྡན་པད་འདབ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ།།
་སྐུ་གསུང་ཐུགས་དང་ཆགས་པའི་བདག་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །མི་ཕྱེད་རྡོ་རྗེའི་རྣལ་འབྱོར་འདི། །དུས་ཀྱི་འཁོར་ལོ་མི་འགྱུར་བ་དེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིགས་མེད་པ།། ཀུན་ནས་རྡོ་རྗེ་སྐལ་བཟང་ཉིད། །ཀུན་ནས་སྣ་ཚོགས་སྡོམ་པ་སྡེ།།
་བདེན་དོན་རྣམ་པ་བཅུ་གཉིས་དང། །དེ་ཉིད་རྣམ་པ་བཅུ་དྲུག་འཛིན། །ཞེས་པ་ལ་སོགས་པ་མཆོག་གི་དང་པོའི་སངས་རྒྱས་ལས་བཞུགས་པའི་གནས་ངེས་པར་བསྟན་པ་གསུངས་སོ། །དེ་བཞིན་དུ་རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་ལས་བཅོམ
་ལྡན་འདས་ཀྱིས། རྡོ་རྗེ་མཁའ་འགྲོའི་པདྨར་གནས། །ལྷག་པའི་ལྷ་ནི་གཅིག་པོ་འདི། །ལྷན་སྐྱེས་དགའ་བའི་གཟུགས་ཀྱིས་ནི། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་པ་ལ་སོགས་པས་རྣལ་འབྱོར་རྗེས་སུ་རིག་པ་ལས་བཞུགས་པའི་གནས་ངེས་པར
་བསྟན་པ་གསུངས་སོ། །དེ་བཞིན་དུ་མངོན་པར་བརྗོད་པ་འབུམ་པ་ལས་བཅོམ་ལྡན་འདས་ཀྱིས། ཕོ་ཉ་ཀུན་གྱི་གསང་བ་ལ། །སེམས་དཔའ་ཀུན་གྱིས་བདག་ཉིད་གནས། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་ཨི་བདེ་བ་ཆེ
་ཞེས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་གསུངས་ཏེ། དེ་ཡང་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །དེ་བཞིན་དུ་གསོལ་བ་འདེབས་པ་པོ་ནི་དཔལ་འདུས་པ་ལས། དེ་ནས་ཕྱག་ན་རྡོ་རྗེ་དེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབ
་པར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྒྱུད་ཐམས་ཅད་ཀྱིས་བླ་ན་མེད་པ། སངས་རྒྱས་ཐམས་ཅད་ཀྱི་དཔལ་འདུས་པ་སངས་རྒྱས་ཐམས་ཅད་མངོན་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། ཞེས་པ་དེ་ལྟ་བུ་ལ་སོགས་པས
་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་བོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལ་ཕྱག་ན་རྡོ་རྗེ་གསོལ་བ་འདེབས་པ་པོ་སྟེ། མཚན་ཡང་དག་པར་བརྗོད་པ་ལས་རབ་ཏུ་གྲགས་སོ། །འདིར་མཆོག་གི་དང་པོའི་སངས་རྒྱས་ལ་གསོལ་བ་འདེབས་པ་པོ་ནི། སེམས་ཅན་ཉོན་མོངས
་གཞིལ་བའི་སླད། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །བཅོམ་ལྡན་འདས་ཀྱིས་བསྐུལ་གྱུར་པས། སྟོན་པའི་ཞབས་ཀྱིས་པདྨ་གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །སླར་ཡང་སྙིམ་པ་རིན་ཆེན་བཅས། །པུས་མོ་གཉིས་ནི་སར་བཙུགས་ཤིང། །སྤྱི་བོ
་ཡིས་ཀྱང་ཕྱག་འཚལ་ཏེ། །དེ་ནས་པུས་མོ་གཡས་པ་ཡི། །ལྷ་ང་ས་ལ་བཙུགས་ནས་ནི། །དཔྲལ་བར་ཐལ་མོ་སྦྱར་བྱས་ཏེ། །མི་བདག་གསོལ་བ་འདེབས་པར་བྱེད། །རྒྱུད་རྣམས་ཀུན་གྱིས་བླ་ན་མེད། །དང་པོའི་སངས་རྒྱས་རྟག་ཏུ་ནི། །དངོས་གྲུབ་ཕུན་ཚོགས
་མཚན་ཉིད་ཅན། །ཱ་ལི་ཀཱ་ལི་ལེགས་ལྡན་དཔལ། །དུས་འཁོར་འདི་ལ་རྣལ་འབྱོར་ནི། །སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །སྐད་ཅིག་བཞི་ཡི་རྣམ་དབྱེ་ཅན། །དེ་ཉིད་བཅུ་དྲུག་དབྱེ་བ་ཡིས། །ཐ་དད་ཐིག་ལེ་བཞི་འཛིན་པ། །སྟོང་དང་ཡེ་ཤེས
་ཐིག་ལེ་དང། །མཆོག་དང་རྡོ་རྗེ་འཛིན་པ་ཆེ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག། ཕྱི་དང་ལུས་དང་གཞན་ལ་ཡང། །སངས་རྒྱས་ལྷ་དང་ལྷ་མིན་ཉིད། །དེ་བཞིན་རང་བཞིན་རྣམས་ལ་ནི། །སྐྱེས་བུ་ཉི་ཤུ་ལྔ་པ་གཞན། །ལུས་ལ་སྣ་ཚོགས་ཆད
་དང་གང། །འཇིག་རྟེན་གསུམ་པོ་འབྱུང་བའི་རྒྱུ། །ལྷ་དང་ལྷ་མིན་ལོངས་སྤྱོད་པ། །ཇི་བཞིན་གསལ་བར་འདི་དག་ཀུན། །མ་ལུས་སྟོན་པས་བཤད་དུ་གསོལ། ཞེས་པ་དེ་ལྟ་བུ་ལ་སོགས་པས་མཆོག་གི་དང་པོའི་སངས་རྒྱས་ལ་རྒྱལ་པོ་ཟླ་བ་བཟང་པོས་གསོལ
་བ་བཏབ་བོ། །དེ་བཞིན་དུ་རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་ལས་སྣ་ཚོགས་གཟུགས་ཅན་མས། དཔལ་ལྡན་སྣ་ཚོགས་གཟུགས་ཅན་མས། །རྡོ་རྗེ་འཇིགས་བྱེད་ལ་བཏུད་ཞུས། །རྣལ་འབྱོར་རྗེ་སུ་རིགས་པའི་རྒྱུད། །རྡོ་རྗེ་སེམས་དཔའ་ཨི་མཆོག་བདེ་ཅི་ཞེས་པ་ལ
་སོགས་པས་རྣལ་འབྱོར་རྗེས་སུ་རིག་པ་ལ་གསོལ་བ་གདེབ་པ་གསུངས་སོ། །དེ་བཞིན་དུ་མངོན་པར་བརྗོད་པ་འབུམ་པ་ལ་རྡོ་རྗེ་ཕག་མོས་སྲིད་གསུམ་བདག་ཉིད་ཧེ་རུ་ཀར། །རྡོ་རྗེ་ཕག་མོས་ཕྱག་འཚལ་ཏེ། །མངོན་པར་བརྗོད་པ་འབུམ་པའི་རྒྱུད། །རྡོ་རྗེ་སེམས
་དཔའ་ཨི་མཆོག་བདེ་ཅི། ཞེས་པ་ལ་སོགས་པས་མངོན་པར་བརྗོད་པ་འབུམ་པ་ལ་གསོལ་བ་གདབ་པ་གསུངས་སོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་ལ་ཡང་གསོལ་བ་འདེབས་པ་རྣལ་འབྱོར་པས་ཤེས་པར་བྱའོ། །བཅོམ་ལྡན་འདས་མཛའ་ཡས
་པའི་ཆོས་སྟོན་པ་པོ་ཉིད་ཡིན་པ་འདིའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བཞུགས་པའི་གནས་ངེས་པར་བསྟན་ཅེས་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རང་བཞིན
་ཐམས་ཅད་མཁྱེན་པའི་སྐད་མེད་པར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་ཅིག་པུ་འདི་ཡིས་ཡིན་ན། སངས་རྒྱས་ཀྱང་ཉི་ཚེ་བར་འགྱུར་རོ། །འཕགས་པའི་ཡུལ་འདིར་སྒྲ་སྨྲ་བ་པོ་མུ་སྟེགས་པ་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མཐོང་ནས། ཇི
་ལྟར་བྲམ་ཟེ་དང་ཁྱབ་འཇུག་པ་དང་ཞི་བ་པ་ལ་སོགས་པ་རྣམས་ཀྱི་འདོད་པའི་ལྷ་ཚངས་པ་དང་ཁྱབ་འཇུག་པ་དང་དྲག་པོ་ལ་སོགས་པ་རྣམས་ལེགས་པར་སྦྱར་བ་སྨྲ་བ་པོ་ཡིན་པ་དེ་བཞིན་དུ་བདག་ཅག་གི་འདོད་པའི་ལྷ་སངས་རྒྱས་དང་བྱང་ཆུབ
་སེམས་དཔའ་རྣམས་ལེགས་པར་སྦྱར་པ་སྨྲ་བ་པོ་ཡིན་ནོ། །ཞེས་པ་ནི་སངས་རྒྱས་པ་བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་སྟེ། འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་མཁྱེན་པའི་སྐད་མེད་པར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་འདི་ཡིས
་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པར་བྱེད་པ་པོ་དང། ཡང་དག་པར་སྡུད་པར་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷའི་སྐྱེ་བ་དང་འབྲེལ་བའི་ཉི་ཚེ་བས་མ་ཡིན་ཏེ། སེམས་ཅན་སྣ་ཚོགས
་ཀྱིས་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། །སྔགས་ཀྱིས་ཚུལ་འདི་ལ་ཨེ་ཝཾ་ཉིད་མིང་མ་ཡིན་ཏེ། དངོས་པོ་ཅིག་ལ་ཡང་མིང་དུ་མའོ། །མིང་མང་པོ་ཉིད་ཀྱི་ཕྱིར་མིང་ཅིག་ཁོ་ན་གཙོ་བོ་མ་ཡིན་ཏེ། མིང་ཐམས་ཅད་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི
་ཕྱིར་རོ། །དཔེར་ན་བུད་མེད་དང་མི་མོ་དང་ན་ཆུང་མ་རྣམས་ལས་བུད་མེད་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ནུ་མ་དང་སྐྲར་ལྡན་པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་དང། གསང་བ་དང། པདྨ་དང། ཆོས་འབྱུང
་དང། ནམ་མཁའ་ཨི་ཁམས་དང། བདེ་བ་ཆེན་པོའི་གནས་དང། སེངྒེའི་ཁྲི་དང། བྷ་ག་དང། གསང་བའི་མིང་རྣམས་ཀྱི་ནང་ནས་ཨེ་ཡིག་གཅིག་པོ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །
་དེ་བཞིན་དུ་ཝཾ་ཡིག་དང། བདེ་བ་ཆེན་པོ་དང། ཆགས་པ་ཆེན་པོ་དང། ལྷན་ཅིག་སྐྱེས་པ་དང། མཆོག་ཏུ་མི་འགྱུར་བ་དང། ཐིག་ལེ་དང། དེ་ཉིད་དང། ཡེ་ཤེས་དང། རྣམ་པར་དག་པའི་སེམས་ཀྱི་མིང་རྣམས་ཀྱི་ནང་ནས་ཝཾ་ཡིག་གཅིག་བུ་གཙོ་བོའི
་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་འགྱུར་བ་མེད་པའི་བདེ་བ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་དང། ཝཾ་ཡིག་དག་གིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང། ཆོས་ཐམས་ཅད་ལ་དམིགས
་པ་མེད་པའི་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོ་དོག་པར་བྱེད་པའི་ཕྱིར། ཨེ་ཝཾ་གི་ཡི་གེ་དང། རྡོ་རྗེ་སེམས་དཔའ་དང། བྱང་ཆུབ་ཀྱི་སེམས་དང། དུས་ཀྱི་འཁོར་ལོ་དང། དང་པོའི་སངས་རྒྱས་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང། རྣལ་འབྱོར་དང
་ཤེས་རབ་དང་ཤེས་བྱའི་བདག་ཉིད་དང། གཉིས་སུ་མེད་པ་དང། ཐོག་མ་དང་ཐ་མ་མེད་པ་དང། ཞི་བ་དང། འདུས་པ་དང། སྡོམ་པ་སྟེ། དེ་ལྟ་བུ་ལ་སོགས་པའི་མིང་དུ་མ་རྣམས་ཀྱིས་རྣལ་འབྱོར་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྣལ
་འབྱོར་རིགས་མེད་པ་རྟོགས་པར་བྱའོ། །འདིར་འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་རྒྱལ་གྱི་དང་པོར་ཨེ་ཡིག་དང་ཝཾ་ཡིག་བཅོམ་ལྡན་འདས་ཀྱིས་ངེས་པའི་ཚིག་གི་ཚུལ་གྱིས་ངེས་པར་བསྟན་ཅིང་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་རྒྱུད་ཀྱི་དང་པོར་བྲིས
་པ་གང་ཡིན་པ་དེ་ནི་ལྷ་རྣམས་ལྷའི་སྐད་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་སླད་དུའོ། །དེའི་ཕྱིར་འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་ཡི་གེ་གཉིས་པོ་འདི་དབྱེ་བར་ནི་མི་འདོད་དེ། ཡི་གེ་གཉིས་པོ་འདི་བཅོམ་ལྡན་འདས་ཀྱིས་རྐན་ལ་སོགས་པས་མ་གསུངས
་པ་ཡང་མ་ཡིན་ལ། སྡུད་པར་བྱེད་པ་པོ་རྣམས་ཀྱིས་མ་ཐོས་པར་བྲིས་པར་ཡང་མ་ཡིན་ནོ། །དེའི་ཕྱིར་ཡི་གེ་གཉིས་པ་འདིའི་ངེས་པའི་དོན་བརྗོད་པར་བྱ་སྟེ། དང་པོར་ཨ་ཡིག་ནམ་མཁའ་ཨི་ཁམས་དང་གསང་བའི་པདྨའོ། །དེའི་འོག་ཏུ་རྣམ་པར་གཅད་པ་ཉི་མ་དང
་རྡུལ་ལོ། །དེའི་འོག་ཏུ་ཨ་ཡིག་སྒྲ་གཅན་དང་རྣམ་པར་ཤེས་པ་བདེ་བས་བྱིན་གྱིས་བརླབས་པའོ། །དེའི་འོག་ཏུ་རྗེས་སུ་ང་རོ་ཟླ་བ་དང་ཁུ་བའོ། ། ཡིག་ནམ་མཁའ་ཨི་ཁམས་དང་སྒྲ་གཅན་རྣམ་ཤེས་འདི་གཉིས་ཀྱི་བར་དུ་རྣམ་པར་བཅད་པ་ཉི་མ་དང་རྡུལ་ནི་ཨུ་ཉེས
་འཐོབ་སྟེ། དེའི་ཕྱིར་རྣམ་པར་བཅད་པ་ཉི་མ་དང་རྡུལ་ཨུ་ཉིད་ཐོབ་པར་གྱུར་པ་ན་དོན་དམ་པའི་བདེན་པ་ལས་ཡོན་ཏན་མེད་དོ། །ཡོན་ཏན་མེད་པའི་ཕྱིར་ཡ་ནར་བསྒྱུར་བར་འགྱུར་ཏེ། ཕྱི་མའི་ཨ་ཡིག་སྒྲ་གཅན་དང། རྣམ་པར་ཤེས་པ་དང
་ལྷན་ཅིག་ཝ་ཉིད་དོ། །རྗེས་སུ་ང་རོ་ཟླ་བ་དང་ཁུ་བ་དང་ཡང་དག་པར་སྦྱར་ཏེ། དེའི་ཕྱིར་ཝཾ་ཡིག་གོ་།དེ་བཞིན་དུ་དང་པོའི་ཨ་ཡིག་ནམ་མཁའ་ཨི་ཁམས་དང་གསང་བའི་པདྨ་ནི་བདུན་པའི་མཛའ་ཅན་ཏེ། ཨ་ཡིག་ཕ་རོལ་གྱི་ཨི་ཡིག་དང་ལྷན་ཅིག་ཡོན་ཏན་དང
་ལྡན་པར་འགྱུར་ཏེ། དེའི་ཕྱིར་ཨེ་ཡིག་གོ་།ེ་ཡིག་ནམ་མཁའ་ཨི་ཁམས་རྟེན་འདིའི་དབུས་སུ་ཝཾ་ཡིག་རྣམས་པར་བཅད་པ་དང། ཨ་ཡིག་དང་རྗེས་སུ་ང་རོ་དང། ཉི་མ་དང་སྒྲ་གཅན་དང་ཟླ་བ་དང་རྡུལ་དང་ཀུན་གཞི་རྣམ་པར་ཤེས་པ་དང་ཁུ་བའི་བདག་ཉིད་རྟེན་པ
་ཡིན་པར་ཕྱི་དང་ལུས་དང་གཞན་ལ་ཡང་རྟོགས་པར་བྱའོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །སངས་རྒྱས་ཀུན་གྱི་བདེ་བ་ལེན། །ཝཾ་ཡིག་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས
་ཀྱི་རྣལ་འབྱོར་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་གཅད་པས་རྡུལ་ཉི་གསུང། ། ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །
་སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་དག་ལ་གནས་ཞེས་སོ། །རྒྱུད་འདི་ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་སླད་དུ་དེ་བཞིན་གཤེགས་པས་འདུས་པ་ལ
་སོགས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་གསུངས་སོ། །དངོས་པོ་གང་ཞིག་དཔལ་འདུས་པ་ལ་སོགས་པར་ཨེ་ཝཾ་ཞེས་པའི་མིང་འདིས་བརྗོད་པའི་དངོས
་པོ་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་གསང་བ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པས་བསྟན་ཏོ། །དེ་ཡང་བླ་མའི་མན་ངག་ལས་རྒྱུད་དང་རྒྱུད་གཞན་དུ་དགོངས་པའི་སྐད་ཀྱིས་རྟོགས་པར་བྱའོ། །འདིར་རྩ་བའི
་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་འདི་མཛའ་དྲུག་མཚན་ཉིད་དོ། །བཅོམ་ལྡན་འདས་ཀྱིས་གསུང་འདིའི་ཕྱིར་མིང་གཅིག་ནི
་གཙོ་བོ་མ་ཡིན་ནོ། །སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། །དང་པོར་རེ་ཞིག་རྒྱུད་ལས་ཡིད་ཆེས་པ་དང། །དེ་ནས་བླ་མ་ལས་ཡིད་ཆེས་པ་དང། དེ་ནས་བདག་ཉིད་ལས་ཡིད་ཆེས་པ་སྟེ།
་ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །རྣམ་པ་གཞན་དུ་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས
་བུ་སྟེར་བ་བྱེད་པ་པོར་མི་འགྱུར་ཏེ། སློབ་མའི་དད་པ་དམན་པ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ། །འདིར་རྒྱུད་དང་རྒྱུད་གཞན་དུ་བཅོམ་ལྡན་འདས་ཀྱི་དམ་བཅའ་བ་མཛད་དེ། རྣམ་པར་རྟོག་པ་དང་བྲལ་བའི
་སེམས་སུ་བྱས་ནས་ཉི་མ་གཅིག་མཚན་མ་ཡོངས་སུ་བརྟགས་པར་བྱའོ། །གལ་ཏེ་རྒྱུད་ནས་གསུངས་པའི་ཆོ་ག་དང། བླ་མའི་མན་ངག་གི་སློབ་མ་ཡིད་ཆེས་པར་མ་གྱུར་བ་དེ་ལྟ་ན་བཅོམ་ལྡན་འདས་རྫུན་གསུང་བར་འགྱུར་རོ། །ཅི་སྟེ་བླ་མའི་རྒྱུད་ནས་གསུངས
་པའི་ཆོ་གས་སློབ་མ་ལ་ལམ་སྟེར་བ་པོར་མ་གྱུར་བ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་བརྫུན་དུ་མི་འགྱུར་ཏེ། བླ་མས་ལམ་ཡོངས་སུ་མི་ཤེས་པའི་ཕྱིར་དང། ཕྱིན་ཅི་ལོག་དང་རྣམ་པར་མ་དག་པའི་ལམ་བསྒོམ་པ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །
་འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་པའི་མཚན་མ་ཉི་མ་གཅིག་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད
་ཀྱི་རྒྱལ་པོ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཞལ་གསུམ་པ་བརྗོད་པར་བྱ་བའོ། །རིགས་བཞིའི་བདག་ཉིད་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞལ་བཞི་པ་བརྗོད་པར་བྱ་བའོ། །རང་བཞིན་གྱི་རིགས་གཅིག་དང་ལྷན
་ཅིག་རིགས་བཞི་བདག་ཉིད་ཅན་གྱི་རྒྱུད་དང། བརྗོད་པར་བྱ་བར་འགྱུར་རོ། །དེ་བཞིན་དུ་རིགས་ལྔའི་བདག་ཉིད་རང་བཞིན་གྱི་རིགས་གཅིག་དང། ལྷན་ཅིག་རིགས་དྲུག་གི་བདག་ཉིད་དུ་འགྱུར་རོ། །འདིར་རིགས་བཞིའི་བདག་ཉིད་ཀྱི་རྒྱུད་ལ་རིགས
་བཞིའི་བདག་ཉིད་བརྗོད་པར་བྱ་བ་སྟེ། ཉི་མ་དང། ཟླ་བ་དང། སྒྲ་གཅན་དང། དུས་མེ་དང། རྡུལ་དང། ཁུ་བ་དང་སེམས་དང་ཡེ་ཤེས་གཅིག་ཏུ་སྦྱོར་བའོ། །འདིར་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ལས།
་ཚིགས་སུ་བཅད་པ་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་གསུམ་གྱི་རྡོ་རྗེའི་རྣལ་འབྱོར་གསལ་བར་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་ཉི་མ་སྣང་པ་སྟེ། རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས
་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང། །ཆེ་བ་སངས་རྒྱས་རིག་སྔགས
་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །འགྱུར་མེད་མཆོག་སྟེ་རྣམ་པར་དག་ཅེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རིགས་བཞིའི་བདག་ཉིད་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་བདག
་ཉིད་ཅན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའོ། །དེ་ལྟར་ཕུང་པོ་དང་ཁམས་ཀྱི་དབྱེ་བས་རིགས་ལྔའི་བདག་ཉིད་དེ། དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ
་ཟླུམ་བརྟུལ་ཤུགས་ཆེན་པོ་འཆང། །ཚངས་པར་སྤྱད་པའི་བརྟུལ་ཞུགས་མཆོག་ཅེས་སོ། །དེ་བཞིན་དུ་ཕུང་པོ་དང་ཁམས་ཀྱི་དབྱེ་བས་རིགས་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་དང། དེ་བཞིན་དུ་ཞལ་གྱིས་དབྱེ་བས་རིགས་བརྒྱའི་བདག་ཉིད་ཀྱང་བཅོམ་ལྡན་འདས
་ཀྱིས་ཆོས་ཀྱིས་དབྱིངས་རྣམ་པར་དག་པའི་མཛའ་ཨི་ཚིགས་སུ་བཅད་པའི་རྐང་པ་དང། ལྷན་ཅིག་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པའི་ཚིགས་སུ་བཅད་པ་དང་པོ་གསུངས་པ། འདི་ལྟ་སྟེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག
་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་རྒྱ་པ་ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར། རྒྱུད་དང་རྒྱུད་གཞན་དག་ཏུ་བརྗོད་པར་བྱ་བ་ནི། ཞལ་གསུམ་པ་དང། ཞལ་བཞི་པ་དང། ཞལ
་ལྔ་པ་དང། ཞལ་དྲུག་པ་དང། ཞལ་བརྒྱ་པར་རྟོགས་པར་བྱའོ། །འདིར་འདུས་པ་ལ་སོགས་པར་གནས་གང་ཞིག་བཅོམ་ལྡན་འདས་ཀྱི་ཨེ་ཡིག་གིས་གསུངས་པའི་གནས་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པར་གསང་བ་ལ་སོགས
་པའི་སྒྲ་ཡིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བརྗོད་པར་བྱ་བ་རྡོ་རྗེ་སེམས་དཔའ་གང་ཞིག་ཝཾ་ཡིག་གིས་གསུངས་པ་དེ་ཉིད་བདེ་བ་ཆེན་པོའི་སྒྲ་ཡིས་གསུངས་སོ། །དེ་ལྟར་གསུངས་པའི་རིམ་པས་རིགས་བཞིའི་བདག་ཉིད་དང། རིགས་དྲུག
་གི་བདག་ཉིད་ཅན་མཆོག་གི་དང་པོའི་སངས་རྒྱས་ལ། རིགས་བཞིའི་བདག་ཉིད་དང། རིགས་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་གསུམ་གྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི།
་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའོ། །འདིར་སེང་གེའི་ཁྲི་ཡི་སྒྲ་ཡིས་ནམ་མཁའ་ཨི་ཁམས་རྣམ་པ་ཐམས་ཅད་པ་སྟེ། སེང་གེའི་ཁྲི་དེ་ལ་བཞུགས་པ་ནི། སེང་གེའི་ཁྲི་ལ་བཞུགས་པའོ། །སངས་རྒྱས
་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །རྣལ་འབྱོར་ཞེས་པ་ནི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བའོ། །རྣལ་འབྱོར་འདི་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་བཞིས་ཡང་དག་པར་བརྗོད་པ། འདི
་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང། ། ནི་ཡིག་འབྲུ་ཀུན་གྱི་མཆོག་།དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་ཏེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་།ཚིག་ཀུན
་རབ་ཏུ་གསལ་བར་བྱེད། ཅེས་པ་ལ་སོགས་པ་ནས། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག་།ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་།ཅེས་པའི་མཐར་ཐུག་པས་རྒྱུད་ཀྱི་རྒྱལ
་པོ་ཐམས་ཅད་ལ་བརྗོད་པར་བྱ་བ་འདི་ཆུང་ངུ་དང་འབྲིང་དང་ཆེན་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་དོ། །དེ་བཞིན་དུ་སྟོང་པ་ཡེ་ཤེས་པ་ལ་སོགས་པ་ཡི་གེའི་བཅུ་བཞིས་རིགས་དྲུག་གི་བདག
་ཉིད་བརྗོད་པར་བྱ་བ་དེ་ཉིད་མཚན་ཡང་དག་པར་བརྗོད་པའི་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ་ལས་ཀྱང་ཚིགས་སུ་བཅད་པ་གཉིས་པས་ཡང་དག་པར་བསྡུས་ཏེ་གསུངས་པ་འདི་ལྟ་སྟེ། གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི
་གེ་མེད། །སྟོད་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་།ཅེས་སོ། །དེ་ནས་མིང་མཛའ་ཡས་པ་དག་གིས་ཆོས་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ནི་དེ
་བཞིན་གཤེགས་པས་གསུངས་པ་ཡིན་ལ། གསང་བ་པ་ཞེས་པ་ལ་སོགས་པ་དང། ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་བསྟན་པ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་བྱ་བ་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱ་སྟེ།
་རང་གི་གྲུབ་པའི་མཛའ་དང། གཞན་གྱི་གྲུབ་པའི་མཛའ་ལ་སྐྱོན་འཛིན་ན་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །དེའི་ཕྱིར་རྒྱུད་གཞན་ལ་སྔ་མ་དང་ཕྱི་མའི་འབྲེལ་པ་ཤེས་ནས་ཡོན་ཏན་དང་སྐྱོན་རྟོགས་པར་བྱའོ། །རྣམ་པ་གཞན་དུ་ན་གདུག་པའི་སློབ་དཔོན་དེ
་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ་ཡུལ་དང། དབང་པོའི་ཉེ་བར་ལོངས་སྤྱོད་པ་ལ་ཆགས་ཤིང་རྫུན་དུ་སྨྲ་བ་རྣམས་མ་མཐོང་བའི་སྐྱོན་གཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པ་ལུང་དང་རིགས་པ་དམ་པས
་སྔ་མ་དང་ཕྱི་མའི་འགལ་པ་ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན་ཏོ། །འདིར་འགའ་ཞིག་ལ་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་སངས་རྒྱས་བཅོམ་ལྡན
་འདས་མ་ཡིན་ནམ། མིང་གཉིས་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་རོ། །སངས་རྒྱས་ཞེས་པ་ཟློས་པའི་ཚིག་འདི་བཅོམ་ལྡན་འདས་ཀྱིས་ཅིའི་དོན་དུ་གསུངས་ཤེས་པའི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་ཐམས་ཅད
་མཁྱེན་པ་གང་ཡིན་པ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་ཚིག་འདི་ནི་བདེན་ཏེ། འོན་ཀྱང་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བརྟགས་པས། དེ་དག་གི་ཐམས་ཅད
་མཁྱེན་པ་ཉིད་གསལ་བར་བྱ་བའི་སླད་དུ་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་གསུངས་ཏེ། ཁམས་གསུམ་པ་འདི་ནི་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་གང་ཞིག་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས
་སྟོན་པར་བྱེད་པ་པོ་ཐམས་ཅད་མཁྱེན་པ་གཞན་ནི་མེད་དོ། །འདིར་དེ་དག་གི་ནང་ན་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་སྐད་ཀྱིས་སྟོན་པར་བྱེད་པ་པོའི་ཐམས་ཅད་མཁྱེན་པ་ཅིའི་ཕྱིར་མེད་ཅེ་ན། བརྗོད་པར་བྱ་སྟེ། ཁྱབ་འཇུག་དང་དྲག
་པོ་ལ་སོགས་པ་རྣམས་འགྲོ་བ་དྲུག་གི་འཁོར་བ་འདིའི་ལྷའི་སྐྱེ་བར་སྐྱེས་པ་ཉིད་ཀྱི་ཕྱིར་དང། སངས་རྒྱས་བཅོམ་ལྡན་འདས་འཁོར་བའི་ཕ་རོལ་གྱི་མཐར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པས་མཚན་ཡང་དག་པར་བརྗོད་པའི་ཆོས
་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་གསུམ་པས་གསུངས་པ་འདི་ལྟ་སྟེ། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས
་རྣམས་འཇོམས་པ་ཞེས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་སངས་རྒྱས་ཞེས་པ་ཟློས་པའི་ཚིག་ཏུ་མི་འགྱུར་རོ། །ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་ཀྱི་སྐུ་མ་ཡིན་ནམ། བཅོམ་ལྡན་འདས་ཀྱི་ཡེ་ཤེས
་སྐུ་ཞེས་ཟློས་པ་ཅིའི་དོན་དུ་གསུངས་ཤེ་ན། དེ་ཉིད་བརྗོད་པར་བྱ་སྟེ། འདིར་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་སྐུ་ཞེས་པ་དེ་ནི་བདེན་ཏེ། འོན་ཀྱང་སངས་རྒྱས་གཞན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡང་ཡོད་བས། དེ་དག་གི་ཡང་དག
་པར་རྫོགས་པའི་སངས་རྒྱས་ཉིད་གསལ་བར་བྱ་བའི་སླད་དུ་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སྐུ་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། །འདིར་ཉན་ཐོས་དང། རང
་སངས་རྒྱས་ཀྱི་ནང་ན་ཡེ་ཤེས་སྐུ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ནི་འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་འགའ་ཡང་མེད་ཅེ་ན། བརྗོད་པར
་བྱ་སྟེ། འདིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་ཕྱིར་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ལྷག་མ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་མཚན
་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་གཅིག་པས་གསུངས་པ། འདི་ལྟ་སྟེ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང། །ནམ་མཁའ་ཨི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང། །ཁྱབ་བདག
་རིན་ཆེན་ཀུན་གྱི་མཆོག་ཅེས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སྐུ་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། །གང་ཡེ་ཤེས་སྐུ་ཡིན་པ་དེ་ཉིད་མི་ཤེས་པའི
་མུན་པ་འཇོམས་པར་བྱེད་པའི་ཕྱིར་ཉིན་མོར་བྱེད་པའི་སྐུ་མ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་ཉིན་མོར་བྱེད་པའི་སྐུ་ཞེས་བཟློས་པ་ཅིའི་དོན་དུ་གསུངས་ཞེས་འགའ་ཞིག་སྨྲ་བར་འགྱུར་བ་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་གང་ཡེ་ཤེས་སྐུ་ཡིན་པ་དེ་ཉིད
་མི་ཤེས་པའི་མུན་པ་འཇོམས་པར་བྱེད་པའི་ཕྱིར་ཉིན་མོར་བྱེད་པའི་སྐུའོ། །ཞེས་པའི་ཚིག་འདི་ནི་བདེན་ཏེ། འོན་ཀྱང་སངས་རྒྱས་པ་གཞན་རྣམ་པར་ཤེས་པར་སྨྲ་བ་ཡང་ཡོད་པས། དེ་དག་གི་རྣམ་པར་ཤེས་པའི་ཆོས་ཉིད་གསལ་བར་བྱ་བའི་སླད་དུ།
་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཉིན་མོར་བྱེད་པའི་སྐུ་ཟློས་པ་གསུངས་སོ། །འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ
་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ནི་འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་འགའ་ཡང་མེད་ཅེ་ན། བརྗོད་པར་བྱ
་སྟེ། འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་རྣམ་པར་ཤེས་པའི་ཆོས་ལ་གནས་པའི་ཕྱིར་དང། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཉིད་ཕྱིར་རོ། །དེ་ལྟར་ཡང་དེ་བཞིན་གཤེགས
་པས་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་པས་གསུངས་པ་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས
་གྲུབ། །དུས་གསུམ་སངས་རྒྱས་སྐུ་འཆང་བ་ཞེས་སོ། །དེའི་ཕྱིར་ཡེ་ཤེས་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། །འདིར་འགའ་ཞིག་ལ་རྒྱུད་གྱི་བརྗོད་པར་བྱ་བ་ཡེ་ཤེས་ཀྱི་སྐུ་གང་ཡིན
་པ་དེ་ནི་གཟུགས་ཅན་མ་ཡིན་ལ། པདྨའི་འདབ་མ་རྒྱས་པའི་སྤྱན་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་ནམ། ཅིའི་དོན་དུ་པདྨའི་འདབ་མ་རྒྱས་པའི་སྤྱན། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཤེས་པའི་བསམ་པ་འབྱུང་བར་འགྱུར་བ་དེའི་ཕྱིར་བརྗོད་པར
་བྱ་སྟེ། འདིར་བྱིས་པའི་སྐྱེ་བོ་དག་གིས་པདྨའི་འདབ་མ་རྒྱས་པའི་སྤྱན་རྒྱུད་ཀྱི་བརྗོད་པར་བྱ་བ་གཟུགས་ཅན་དུ་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདིར་ངེས་པའི་དོན་དུ་པདྨའི་སྒྲ་ཡིས་ནམ་མཁའ་ཨི་ཁམས་བརྗོད་དོ། །པདྨ་ནམ་མཁའ་ཨི་ཁམས་དེ་ལ་པདྨའི་འདབ
་མ་རྣམས་བཞིན་དུ་རིགས་བརྒྱ་རིང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི་སེམས་ཅན་བསྟན་པའི་ཆོས་རྣམས་ཉི་ཚེ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་མ་ཡིན་ནོ། །མིའི་ཡུལ་འདིར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་ཡིན་པའི་རྒྱུ་གང་གིས་མོས
་བ་སྣ་ཚོགས་པའི་སེམས་ཅན་རྣམས་ལ་སྣ་ཚོགས་པའི་སྐད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པར་བྱ་བར་མི་ནུས་པ་དེས་ན་མིའི་ཡུལ་འདིར་རྗེའུ་རིགས་དང། དམངས་རིགས་ལ་སོགས་པ་སྐྱེ་གནས་དམན་པར་སྐྱེས་པ་རྣམས
་ཀྱིས་རིག་བྱེད་བཀླག་པ་དང། རབ་ཏུ་བྱུང་བ་དབྱིག་པ་འཛིན་པ་ཡང་མི་བྱའོ་ཞེས། རྗེའུ་རིགས་དང་དམངས་རིགས་ལ་སོགས་པ་དགག་པ་བྱས་སོ། །སྒྲ་གཅིག་པུ་ལེགས་པར་རབ་ཏུ་སྦྱར་བས་མཐོ་རིས་སུ་འདོད་པ་འཇོའོ། །ཞེས་པ་ནི་ལོག་པའི་ང་རྒྱལ་གྱི་ཟིལ་གྱིས
་ནོན་པ་རྣམས་ཀྱིས་བསམ་པ་སྟེ། ཐམས་ཅད་མཁྱེན་པའི་སྐད་མེད་པའི་ཕྱིར་རོ། །མིའི་འཇིག་རྟེན་འདིར་གལ་ཏེ་དམངས་རིགས་ལ་སོགས་པའི་མི་ཐམས་ཅད་ཀྱིས་རིག་བྱེད་དང་ཀླུ་དང་གྲུབ་པའི་མཛའ་དང་རྟོག་གེ་དང། བསྟན་བཅོས་ལ་སོགས་པ་རིག་པར་གྱུར
་པ་དེ་ལྟ་ན་བྲམ་ཟེ་རྣམས་ལ་སུ་ཞིག་གུས་པར་བྱེད་པར་འགྱུར་ཏེ། རིག་པ་དང་ཆོས་དང་ཡེ་ཤེས་ཐུན་མོང་བར་ཡོངས་སུ་ཤེས་པའི་ཕྱིར་དང། ཁྱིམ་པ་འཁོར་ལོངས་སྤྱོད་ལ་ཆགས་པ་ཐམས་ཅད་དང་བྲམ་ཟེ་རྣམས་ཡོན་ཏན་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བར
་ཤེས་ནས། རྫས་ལ་ཆགས་པའི་དྲང་སྲོང་གདུག་པ་རྣམས་ཀྱི་ཀླུ་དང་གྲུབ་པའི་མཛའ་དང་སྔོན་གྱི་རབས་ལ་སོགས་པའི་ཆོས་རྣམས་ལེགས་པར་སྦྱར་བའི་སྐད་ཀྱིས་གླེགས་བམ་ལ་བྲིས་ཤིང། རིག་བྱེད་ཀྱང་ཁ་ཏོན་གྱིས་ཀླགས་པར་བྱའོ། ཞེས་པའི་ངེས
་པ་བྱས་པ་ནི་ཐམས་ཅད་ཤེས་པར་མི་སྟོན་པའི་བསམ་པས་བྱིས་པའི་སྐྱེ་བོ་རྣམས་རྨོངས་པ་ཆེན་པོ་སྐྱེད་པར་བྱེད་པ་སྟེ། འདིར་སྔོན་གྱི་དུས་ན་རིག་བྱེད་དང། ཀླུ་དང་གྲུབ་པའི་མཛའ་དང། སྔོན་གྱི་རབས་ཀྱི་ཆོས་རྣམས་གླེགས་བམ་ལ་བྲིས་པར་མ
་གྱུར་བ་ན། སྡོམ་བརྩོན་རྣམས་ཀྱིས་ཁ་ལ་གནས་སོ། །དེ་ནས་སྙིགས་མ་ལྔའི་དུས་ཀྱིས་དབང་གིས་ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་སྡོམ་བརྩོན་རྣམས་ཀྱི་གླེགས་བམ་ལ་བྲིས་སོ་ཞེས་སོ། །འདིར་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་བསྟན
་པའི་ཆོས་ཉི་ཚེ་བ་སེམས་ཅན་ཐམས་ཅད་ལ་གཙེ་བ་དང་བྲལ་བ། འཁོར་བའི་སྡུག་བསྔལ་སྟེར་བར་བྱེད་པ། ལོག་པའི་ང་རྒྱལ་བསྐྱེད་པར་བྱེད་པ། རིགས་སུ་སྨྲ་བ་མངོན་པར་ཁེངས་པར་བྱེད་པ་དག་ལ་སངས་རྒྱས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ།།
་ཁམས་གསུམ་པོ་འདིར་ཐམས་ཅད་མཁྱེན་པའི་ཐམས་ཅད་མཁྱེན་པའི་སྐད་ཀྱིས་བསྟན་པའི་ཆོས་གང་ཡིན་པའི་སྡུད་པར་བྱེད་པ་པོ་དག་གི་སེམས་ཅན་སྣ་ཚོགས་པའི་སྐད་ཀྱིས་གླེགས་བམ་ལ་བྲིས། རིག་བྱེད་ལ་མོས་པ་འཇིག་རྟེན་པའི
་དོན་སྟོན་པར་བྱེད་པ། ཐེག་པ་གསུམ་གྱི་དོན་སྟོན་པར་བྱེད་པ། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང། དོན་དམ་པའི་བདེན་པས་བསྟན་པ་ནི་སེམས་ཅན་ཐམས་ཅད་ཀྱིས་ཉན་པ་དང། བརྗོད་པའི་སླད་དུ་ཡང་སྟེ། དེ་ལ་མོས་པའི་སེམས་ཅན
་རྣམས་ཀྱིས་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་སྟོན་པར་བྱེད་པ་དེ་དག་ཉན་པར་བྱེད། ཀློག་པར་བྱེད། འདོན་པར་བྱེད། འཆང་བར་བྱེད། གཞན་དག་ལ་ཡང་རྒྱ་ཆེར་ཡང་
་དག་པར་རབ་ཏུ་སྟོན་པར་བྱེད། རབ་ཏུ་གནས་པར་བྱེད། མེ་ཏོག་སྣ་ཚོགས་དང། སྤོས་སྣ་ཚོགས་དང། དྲི་སྣ་ཚོགས་དང། ཕྱེ་མ་སྣ་ཚོགས་དང། གོས་སྣ་ཚོགས་དང། མེ་ལོང་སྣ་ཚོགས་དང། དྲིལ་བུ་སྣ་ཚོགས་དང། བ་དན་སྣ་ཚོགས་དང།
་རྔ་ཡབ་སྣ་ཚོགས་དང་གདུགས་སྣ་ཚོགས་དང། བླ་བྲེ་སྣ་ཚོགས་དང། མུ་ཏིག་གི་དོ་ཤལ་སྣ་ཚོགས་དང། མར་མེ་སྣ་ཚོགས་དང། རིན་པོ་ཆེའི་བརྒྱན་སྣ་ཚོགས་ཀྱི་མཆོད་པར་བྱེད་དེ། མཆོད་པ་བྱས་ནས་དེ་དག་ལ་ཡན་ལག་ལྔས་ཕྱག་འཚལ་བར
་བྱེད་དོ། །དེ་ལྟར་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་གཞན་ལ་ཕན་པར་བྱེད་པ་དེ་དག་ནི་མོས་པའི་དབང་གི་གཞན་ལ་ཕན་པར་བྱེད་པའི་སླད་དུ་དེ་དག་དེ་བཞིན་གཤེགས་པས་རིགས་དང་རིགས་མ་ཡིན་པའི་དབང་གིས་འགའ་ཞིག་ལ་ཡང་བསྒྲུབ
་པ་དང་བཀག་པ་མེད་དེ། ད་ལྟ་ཡང་ནུབ་པར་མ་གྱུར་ཏོ། །རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི་།དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་འཕགས་པའི་ཡུལ་འདིར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར
་གྱུར་པ་ན། སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པ་སྡེ་སྣོད་གསུམ་མ་ག་དྷའི་སྐད་ཀྱིས་སོ། །མདོ་སྡེ་ནི་སིན་དྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང། སྔགས་ཀྱི་ཚུལ་ནི་ལེགས་པར
་སྦྱར་བའི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་ནི་ལེགས་པར་སྦྱར་བའི་སྐད་དང། ཐ་མལ་པའི་སྐད་དང། ཟུར་ཆག་གི་སྐད་དང། ལེགས་པར་སྦྱར་བ་མ་ཡིན་པ་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས
་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །པཱ་ར་སི་ཀའི་ཡུལ་དུ་པཱ་ར་སི་ཀའི
་སྐད་ཀྱིས་སོ། །ཆུ་བོ་ཤཱི་ཏའི་བྱང་དུ་ཙམ་པ་ཀའི་ཡུལ་གྱི་སྐད་དང། སྤྲེའུའི་ཡུལ་གྱི་སྐད་དང། གསེར་ཞེས་བྱ་བའི་ཡུལ་གྱི་སྐད་ཀྱིས་སོ། །དེ་བཞིན་དུ་ཆུ་བོ་སྔོན་པོའི་བྱང་དུ་རུག་མ་ཞེས་བྱ་བའི་ཡུལ་གྱི་སྐད་དང། སུ་རཾ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར
་གྲོང་བྱེ་བ་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ཡུལ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་བྲིས་སོ། །དེ་བཞིན་དུ་དུམ་བུ་བཅུ་གཉིས་དང། མཐོ་རིས་དང་མི་ཡུལ་དང་ས་འོག་རྣམས་སུ་སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་བྲི་སྟེ། ཉན
་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ཀྱི་ཐེག་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང། ཐེག་པ་ཆེན་པོ་གསང་སྔགས་རྒྱུ་དང་འབྲས་བུའི་བདག་ཉིད་དེ། སྡུད་པར་བྱེད་པ་པོ
་སྣ་ཚོགས་ཀྱིས་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུའོ། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས་ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་བྲིས་པའི་ལུང་དང་རིགས་པ་འདིས་རྣམ་པར་དཔྱད་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད
་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་གྱི། ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན་དེ
་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང། མཆོད་པར་བྱ་བ་དང། བཀུར་བར་བྱ་བ་ཡིན་ནོ། །མཁས་རྣམས་ཡོན་ཏན་ལ་གུས་ཏེ། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལའང་གུས་པ་གང། །དེ་བླུན་མི་དགེའི
་ལས་ལས་སྐྱེས། །སེམས་ཅན་རྣམས་ལ་ཕན་པའི་ཆོས། །ཐ་མལ་རྣམས་ཀྱང་སྟོན་པར་བྱེད། །མཁས་པ་བདག་གིས་དགའ་མི་དགེས། །སེམས་ཅན་རྣམས་ལ་འཚེ་བ་སྟོན། །མ་ཡང་སྲིན་མོའི་འཇིག་རྟེན་ན། །རང་གི་བུ་ལ་བཟའ་བར་སེམས། །གང
་ཞིག་བུ་ལ་བརྩེ་མེད་པ། །དེ་ལ་སྐྱེ་བོ་གཞན་ལྟ་ཅི། །མཆོད་སྦྱིན་ལ་སོགས་ཆོས་ཀྱི་རྒྱུ། །གང་ལ་ཕ་མ་གསོད་པར་ནི། །རང་དོན་ལྷུར་ལེན་བྲམ་ཟེས་བརྗོད། །དེ་ལ་གཞན་ནི་ཅི་ཞིག་གཏམ། །དེའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་ལ་ཐམས་ཅད
་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་ཐམས་ཅད་མཁྱེན་པ་སྐད་ཐམས་ཅད་ཀྱིས་སྟོན་པ་པོ་ཡིན་ལ། དེ་བཞིན་དུ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ནི་གསོལ་བ་འདེབས་པ་པོ་དང་སྡུད་པ
་པོ་ཡིན་པར་རབ་ཏུ་གྲགས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས། རྒྱུད་ཀྱི་རྒྱལ་པོ་སྟོན
་པ་པོ་དང་གསོལ་བ་འདེབས་པ་པོ་བསྒྲུབ་པའི་མདོར་བསྡུས་ཏེ་བཞི་པའོ།། །།ད་ནི་རྡོ་རྗེའི་རྣལ་འབྱོར་བསྡུ་པ་བརྗོད་པ། རྣལ་འབྱོར་དཔལ་ལྡན་དུས་འཁོར་ཞེས་པ་ལ་སོགས་པ་སྟེ། སྔགས་ཀྱི་ཚུལ་འདི་ལ་འཇིག་རྟེན་དང་འཇིག
་ལས་འདས་པའི་བདེན་པ་ལ་ཡང་དག་པར་བརྟེན་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་རྒྱུད་གཞན་དག་ཏུ་དོན་རྣམ་པ་གཉིས་ངེས་པར་བསྟན་ཏེ། གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱི་ཡིན་ལ། གཉིས་པ་ནི་དོན་དམ་པས་སོ། །དེ་ལ་གང་འཇིག
་རྟེན་ཀུན་རྫོབ་ཀྱིས་བསྟན་པ་དེ་ནི་དྲང་བའི་དོན་ཡིན་ལ། གང་དོན་དམ་པས་བསྟན་པ་དེ་ནི་ངེས་པའི་དོན་ཏོ། །དོན་རྣམས་གཉིས་པོ་འདི་སློབ་མ་རྣམས་ཀྱིས་བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་ཐམས་ཅད་ལ
་བརྗོད་པར་བྱ་བ་རྣམ་པ་གཉིས་ཏེ། གཅིག་ནི་འཇིག་རྟེན་ཀུན་རྫོབ་ཡིན་ལ། །གཉིས་པ་ནི་དོན་དམ་པས་སོ། །གང་འཇིག་རྟེན་ཀུན་རྫོབ་ཀྱི་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་ཀྱི་མཚན་ཉིད་ཅན་ནོ། །གང་དོན་དམ་པའི
་བདེན་པས་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་དང་བྲལ་བའོ། །འདི་དག་ལས་གང་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བསྟན་པ་དེ་ནི་ཕྱི་དང་ནང་ལ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱི་ཡོངས་སུ་བརྟགས་པའི
་ཆོས་འཇིག་རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས
་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འབོད་པའི་དོན་གྱི་འབྲས་བུ་སྟེ། འབྲས་བུ
་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །སེམས་འདི་ཉིད་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱིས་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས
་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངོ་བོ་ཉིད་ཀྱིས་སྐུ་ཞེས་གསུངས་སོ། །དེ་བཞིན་དུ་མངོན
་པར་རྟོགས་པའི་རྒྱན་གྱིས་ཚིག་ལེའུ་བྱས་པ་ལས། མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང། །དེ་བཞིན་གཞན་པའི་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག
་བརྗོད་ཅེས་སོ། །བཅོམ་ལྡན་འདས་དེ་ཉིད་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང། ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ། སྲིད
་པ་ཡང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ། སངས་རྒྱས་རྣམས་ཀྱིས་འདུས་པ་དང། ལྷ་མོ་རྣམས་ཀྱིས་སྡོམ་པ་ཡང། ཡེ་ཤེས་ཀྱི་སྐུ་འདི་དང་ལྷན་ཅིག་རོ་མཉམ་པ་ཉིད་དོ། །ཞེས་པ་ངེས་པའི་དོན་ཏོ། །འདིར་རྣལ་འབྱོར་པ་རྣམས
་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་མཉམ་པར་བྱ་བའི་སླད་དུ། རྡོ་རྗེའི་རྣལ་འབྱོར་རིས་མེད་པ། རྟག་པ་དང་ཆང་པ་སྤངས་པ། འཇིག་རྟེན་པའི་དཔེ་ལས་འདས་པ། ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ། གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པ
་བཞིན་རང་གི་སེམས་ཀྱིས་མ་བརྟགས་པ། མངོན་སུམ་དུ་མཐོང་བ། ཡིད་ཆེས་པའི་དོན་ཅན་རྣམ་པ་ཐམས་ཅད་པ། ནམ་མཁའ་ལས་བྱུང་བ། ཀུན་ཏུ་བཟང་པོ། །དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ། ལྷན་ཅིག
་སྐྱེས་པའི་དགའ་བ། གཏན་ཚིགས་དང་དཔེ་སྤངས་པ་འདིའི་དཔེར་དངོས་པོ་དང་དངོས་པོ་མེད་པ་གཅིག་ཉིད་འགྱུར་ཏེ། ཆོས་མི་མཐུན་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་པའི་དཔེ། བུམ་པ་དང་ཆོས་མི་མཐུན་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་ནི་མེད་པ་ཐམས་ཅད
་ཀྱིས་མེད་དོ། །དེ་བཞིན་དུ་ནམ་མཁའ་ཨི་མེ་ཏོག་དང་ཆོས་མི་མཐུན་པའི་ཕྱིར་བུམ་པ་ནི་དངོས་པོ་ཐམས་ཅད་ཀྱི་ཡོད་དོ། །ཞེས་འདི་གཉིས་ཕན་ཚུན་ཆོས་མི་མཐུན་པའི་ཕྱིར་དཔེར་འགྱུར་རོ། །དེ་བཞིན་དུ་ཆད་པ་དང་ཆོས་མི་མཐུན་པའི་ཕྱིར་སྲིད་པ་ནི་དངོས་པོ་ཐམས་ཅད་ཀྱིས
་ཡོད་དེ། །སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །ཆད་པའི་སྒྲས་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པའི་མཚན་ཉིད་དོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པས་དཔེར་བུམ་པ་དང་ནམ་མཁའ་ཨི་མེ་ཏོག་འདི་གཉིས་གཅིག
་པ་ཉིད་དུ་འགྱུར་ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །བུམ་པ་དང་ནམ་མཁའ་ཨི་མེ་ཏོག་འདི་དག་འཇིག་རྟེན་པའི་ཀུན་རྫོབ་ཏུ་གཅིག་པ་ཉིད་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །གང་གིས་གང་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང། གང་མེད་པ་དེ་ནི་ཡོད་པར་མི་འགྱུར་ཏེ།
་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་སོ། །གང་གིས་ཡོད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེས་མེད་པའི་མཚན་ཉིད་དུ་མི་འགྱུར་རོ། །གང་གིས་མེད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེས་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ། འགལ
་བའི་ཕྱིར་རོ། །འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུའི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ
་ཡིན་ཏེ། སྟོང་པ་ལ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང་སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་ཏེ་འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར། སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ། རྟག་པ་དང་ཆད་པའི
་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དོན་དམ་པའི་བདེན་པས་གཉི་གའི་སེམས་དག་ཆོས་མི་མཐུན་པའི་ཕྱིར་ཡོད་པ་དང། མེད་པ་ལས་འདས་པའི་དངོས་པོ་དང་དངོས་པོ་མེད་པ་ཟད་པ་རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ། དེ་བཞིན
་གཤེགས་པའི་གསུང་རིས་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི
་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། ཞེས་སོ་དེ་བཞིན་དུ་རྒྱུད་གཞན་དག་ཏུ་ཡང་དེ་བཞིན་གཤེགས་པས་རྡོ་རྗེའི་རྣལ་འབྱོར
་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་གསུངས་སོ། །རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ། དམ་པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི། འདོད་པའི་སྲིད
་པ་ལ་མི་གནས་གཟུགས་ཀྱི་སྲིད་པ་ལ་མི་གནས། གཟུགས་མེད་པའི་སྲིད་པ་ལ་མི་གནས། འདོད་པའི་མྱ་ངན་ལས་འདས་པ་ལ་མི་གནས་གཟུགས་ཀྱི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་མེད་པའི་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། སྲིད
་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །གཉི་ག་ལ་ཡང་མི་གནས་པ་སྟེ། ཕན་ཚུན་འགལ་བའི་ཕྱིར་རོ། །སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་མ་ཡིན་ཏེ། གྲིབ་མ་དང་ཉི་མ་བཞིན་ནོ། །དཔེར་ན་མེ་ནི་གཙུབ་སྟན་ལ་ནི
་གནས། གཙུབ་ཤིང་ལ་མི་གནས། སྐྱེས་བུའི་ལག་པའི་རྩོལ་བ་ལ་མི་གནས་པ་དེ་བཞིན་དུ་རྡོ་རྗེའི་རྣལ་འབྱོར་ཡང་ཕྱི་དང་ནང་དང་གཞན་ཐམས་ཅད་ལ་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ
་ནི་མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་སྐད་ཅིག་སྟེ། སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ནི་དབུགས་ཀྱི་གྲངས་ཀྱི་མཛའ་ཇི་སྲིད་པར་སྐད་ཅིག་ཐམས་ཅད་རྣམ་པར་བསྒོམ་པ་པོ་ཡིན་ནོ། །དེ་ནས་རྫོགས་པའི་སྐད་ཅིག་དེ་ལ་མངོན་པར
་རྫོགས་པར་སངས་རྒྱས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འདིར་རྫོགས་པའི་སྐད་ཅིག་གང་ལ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་དེ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ
་མེད་པ་སྟེ། །རིས་མེད་པའི་ཕྱིར་རོ། །འདིར་སྐད་ཅིག་གང་ལ་ཆོས་རྣམས་སྐྱེ་བར་འགྱུར་བའི་སྐད་ཅིག་དེ་ལ་གནས་པ་དང་འཇིག་པ་མེད་དོ། །འདིར་སྐད་ཅིག་གང་ལ་གནས་པར་འགྱུར་བའི་སྐད་ཅིག་དེ་ལ་འཇིག་པ་དང་སྐྱེ་བ་མེད་དོ། །འདིར་སྐད་ཅིག་གང་ལ
་ཆོས་ཐམས་ཅད་འཇིག་པར་འགྱུར་པའི་སྐད་ཅིག་དེ་ལ་སྐྱེ་བ་དང་གནས་པ་མེད་དོ། །དེ་ལྟར་ནི་རིམ་པ་ཇི་ལྟ་བ་བཞིན་ཆོས་ཐམས་ཅད་སྐད་ཅིག་སྐྱེ་བ་དང། སྐད་ཅིག་གནས་པ་དང། སྐད་ཅིག་འཇིག་པར་མི་འགྱུར་རོ། །ཅིག་ཅར་ཡང་མི་སྲིད་དེ། ཆོས
་ཐམས་ཅད་དུས་གཅིག་ཏུ་ཡོད་པ་ལ་སྐྱོ་བ་དང་གནས་པ་དང། འཇིག་པའི་སྐད་ཅིག་རྣམས་གཅིག་པ་ཉིད་མ་ཡིན་ནོ། །ཅི་སྟེ་རིམ་པ་ཇི་ལྟར་བར་སྐྱེ་བའི་སྐད་ཅིག་ལས་གནས་པའི་སྐད་ཅིག་དང། གནས་པའི་སྐད་ཅིག་ལས་འཇིག་པའི་སྐད་ཅིག་དང
་འཇིག་པའི་སྐད་ཅིག་ལས་སྐྱེ་བའི་སྐད་ཅིག་འབྱུང་ངོ། །ཞེ་ན་འདི་ཉིད་དོན་དམ་པའི་རིགས་པས་མི་འཐད་དེ། འདིར་སྐད་ཅིག་སྔ་མ་འགགས་པ་ལས་སྐད་ཅིག་གཞན་མི་འབྱུང་ཞིང་དེ་བཞིན་དུ་འགགས་པ་ལས་ཀྱང་མི་འབྱུང་ངོ། །དཔེར་ན་ས་བོན་མ་ཉམས
་པ་ལས་མྱུ་གུ་མི་འབྱུང་ཞིང་ཉམས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ། །དེ་ལྟར་ན་དོན་དམ་པར་ཡོད་པའི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་གཅིག་མེད་དེ་གཅིག་དང་དུ་མ་འགལ་བའི་ཕྱིར་རོ། །འདིར་སྐད་ཅིག་ཐམས་ཅད་རྣམ་པར་སྒོམ་པ་པོ་སྐད་ཅིག
་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་ཤེས་པ་གང་ཡིན་པ་དེ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་བསྒོམ་པ་པོ་དང་པོར་མཆོག་ཏུ་མི་འགྱུར་པའི་བདེ་བའི་སྐད་ཅིག་གིས་མངོན་པར
་རྫོགས་པར་སངས་རྒྱས་ཏེ། དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ། གཅིག་དང་དུ་མ་དང་བྲལ་བ། མཆོག་གི་གཉིས་སུ་མེད་པ་སྟེ། དོན་དམ་པར་ཡོད་པ་དང། མེད་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།
་ཇི་སྲིད་དུ་འཇིག་རྟེན་པའི་སེམས་ཡོད་པ་དེ་སྲིད་དུ་ཆོས་རྣམས་གཅིག་དང་དུ་མས་རྣམ་པར་དཔྱོད་དེ་སྐད་ཅིག་མའི་སེམས་སྣང་བའི་ཕྱིར་རོ། །གང་གི་ཚེ་སེམས་སྐད་ཅིག་གི་ཆོས་དང་བྲལ་བ་དེའི་ཚེ་རང་བཞིན་མེད་པ་ཞེས་བརྗོད་དོ། །དེའི་ཕྱིར་རང་བཞིན
་མེད་པའི་ཕྱོགས་ན་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་གསུངས་སོ། །ཕྱོགས་ཞེས་བྱ་བ་ནི། དངོས་པོ་དང། དངོས་པོ་མེད་པ་དང། ཡོད་པ་དང། མེད་པ་དང། ཡིན་པ་དང་མ་ཡིན་པ་དང། གཅིག་དང། གཅིག་མ་ཡིན་པ་དང། རྟག་པ་དང་ཆད
་པ་དང། སྲིད་པ་དང། མྱ་ངན་ལས་འདས་པ་དང། གཟུགས་དང། གཟུགས་མ་ཡིན་པ་དང། སྒྲ་དང་སྒྲ་མ་ཡིན་པ་དང། སྐད་ཅིག་དང། སྐད་ཅིག་མ་ཡིན་པ་དང། ཆགས་པ་དང། ཆགས་པ་མ་ཡིན་པ་དང། ཞེ་སྡང་དང། ཞེ་སྡང་མ་ཡིན་པ་དང།
་གཏི་མུག་དང། གཏི་མུག་མ་ཡིན་པ་ཞེས་པ། དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ། ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་འདི་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ།
་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །དེ་ཉིད་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པའི་དབང་གི་རྣམ་པ་བཅུ་དྲུག་ཏུ་ཡང་སོ་སོར་སྣང་སྟེ། དགའ་བ་དང། མཆོག་དགའ་དང། ཁྱད
་པར་གྱི་དགའ་བ་དང། ལྷན་ཅིག་སྐྱེས་པའི་དབྱེ་བས་རྣམ་པ་བཞི་སྟེ། དེ་ནས་སྐུའི་དགའ་བ་དང། གསུང་གི་དགའ་བ་དང། ཐུགས་ཀྱི་དགའ་བ་དང། ཡེ་ཤེས་ཀྱི་དགའ་བ་དང། དེ་བཞིན་དུ་སྐུའི་མཆོག་གི་དགའ་བ་དང། གསུང་གི་མཆོག་གི
་དགའ་བ་དང། ཐུགས་ཀྱི་མཆོག་གི་དགའ་བ་དང། ཡེ་ཤེས་ཀྱི་མཆོག་གི་དགའ་བ་དང། དེ་བཞིན་དུ་སྐུའི་ཁྱད་པར་གྱི་དགའ་བ་དང། གསུང་གི་ཁྱད་པར་གྱི་དགའ་བ་དང། ཐུགས་ཀྱི་ཁྱད་པར་གྱི་དགའ་བ་དང། ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བ་དང། དེ
་བཞིན་དུ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལྟ་བུའི་དེ་ཉིད་རྣམ་པ་བཅུ་དྲུག་གང་གི་ཚེ། རྣལ་འབྱོར་པས་རིག་པ་དེའི
་ཚེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཉིད་ཁོ་ན་ལ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ། དེའི་འོག་ཏུ་ཆོས་ཀྱི་སྐུ་དང། དེའི་འོག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་དང། དེའི་འོག་ཏུ་སྤྲུལ་པའི་སྐུའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི
་གསུང་དང་ལྷན་ཅིག་སྐྱེས་པའི་ཐུགས་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་དེ་བཞིན་དུ་ཆོས་ཀྱི་གསུང་དང། ཆོས་ཀྱི་ཐུགས་དང། ཆོས་ཀྱི་ཡེ་ཤེས་དང། ལོངས་སྤྱོད་རྫོགས་པའི་གསུང་དང། ལོངས་སྤྱོད་རྫོགས་པའི་ཐུགས་དང། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང།
་སྤྲུལ་པའི་གསུང་དང། སྤྲུལ་པའི་ཐུགས་དང། སྤྲུལ་པའི་ཡེ་ཤེས་ཏེ་དེ་ལྟར་དེ་ཉིད་རྣམ་པ་བཅུ་དྲུག་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ལྷག་པར་མོས་པའི་དབང་གིས་རབ་ཏུ་སྣང་སྟེ། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ
་པར་དག་པ། ཡེ་ཤེས་རྡོ་རྗེ་ཐམས་ཅད་མཁྱེན་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ཆོས་ཀྱི་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ། ཡེ་ཤེས་སྐུ། ཤེས་རབ་དང་ཐབས་ཀྱི
་བདག་ཉིད་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ། གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ། ཤེས་རབ་དང་ཐབས་ཀྱིས་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ།།
་དེ་ཉིད་སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ། སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དེ། དེ་ལྟ་བུའི་རྡོ་རྗེའི
་རྣལ་འབྱོར་རྣམ་པ་བཞི་པོ་འདི་སངས་རྒྱས་ལ་ཕྱག་ན་རྡོ་རྗེས་ཞུས་སོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ། ཡེ་ཤེས་རྡོ་རྗེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཐམས་ཅད
་མཁྱེན་པ་སྟེ། ཐམས་ཅད་གཟིགས་པ་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ། ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད། ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་སྐུ་སྟེ་མཆོག
་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར། སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ། གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ། མཛའ་ཡས་པ་མཛའ་
་ཡས་པའི་སེམས་ཅན་གྱི་སྐད་ཀྱི་ཅིག་ཅར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ།
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་པདྨ་འདབ་མ་རྒྱས་པའི་སྤྱན་ཏེ། མཛའ་ཡས་པ་མཛའ་ཡས་པའི་སྤྲུལ་པའི་སྐུ་དག་གིས་ཅིག་ཅར་རྣམ་པར་ཐམས་ཅད་ཀྱི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་གཅིག་གིས་མངོན
་པར་རྫོགས་པར་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ། དོན་ཐམས་ཅད་གཟིགས་པའོ། །རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་མཆོག་ཏུ་མི་འགྱུར་པའི་བདེ་བའོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས
་པ་ནི་གསུང་རྡོ་རྗེ་སྟེ་བདེན་པའི་དོན་རྣམ་པ་བཅུ་གཉིས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས། ཆོས་སྟོན་པ་པོའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་སྟེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཛའ་ཡས་པའི་སྒྱུ་འཕྲུལ་དྲ་བ་དག་གིས་སྤྲོས་པའི་སྐུའོ།
་འདིར་སེམས་ཀྱི་རྡོ་རྗེ་རྣམ་པ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། ཟློག་པར་དཀར་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བསྒོས་པ་བྷ་ག་དང་དབང་པོའི་བདག་ཉིད་བཞི་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས
་ཅད་མཁྱེན་པ་ཞེས་པའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་སྐུ་ཞེས་པའོ། །སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི
་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཉིན་མོར་བྱེད་པའི་སྐུ་ཞེས་པའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་པའོ། །རྡོ་རྗེའི་རྣལ་འབྱོར་འདི་ཡེ་ཤེས་ཀྱི
་ལེའུར་རྒྱ་ཆེར་བརྗོད་པར་བྱ་སྟེ། འཇིག་རྟེན་ཁམས་ཀྱི་ལེའུ་འདིར་ནི་མདོར་སྟན་པ་ཙམ་ཞིག་བསྟན་ཏོ། །དེ་ལྟར་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་བདག་ཉིད་ཀྱི་རྣལ་འབྱོར་ཞུས་ཏེ་དཔལ་ལྡན་དུས་འཁོར་རྒྱུད་ཀྱི་རྒྱལ་པོ་ལའོ། །ཇི་ལྟར་གྱུར་པ་ལ་ཞེ
་ན། ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ། ཀ་ཕྲང་ལྡན་པའི་ཨ་འདུས་ཞེས་པ་ཀའི་ཕྲེང་བ་ནི་ཀ་ཕྲེང་སྟེ་ཀ་ཡིག་ལ་སོགས་པ། གསལ་བྱེད་ཀྱི་ཕྲེང་བའོ། །ཀ་ཡིག་གསལ་བྱེད་ཐམས་ཅད་ཀྱི་གཙོ་བོར་རིགས་པར་བྱ་སྟེ། དང་པོར་བསྟན་པ་འམ་རྡུལ་གྱི་ངོ་བོ
་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཨའི་འདུས་པ་སྟེ། ཨ་འདུས་ཏེ། དབྱངས་ཀྱི་ཚོགས་པ་ཞེས་བརྗོད་དོ། །འདིར་ཀའི་ཕྲེང་བ་ནི། ཀ་ཁ་ག་གྷ་ང། ཙ་ཚ་ཛ་དྷ་ཉ། ཊ་ཋ་ཌ་ཌཧ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། སཉཔ་ཥ་ཤཐྐ་ཞེས་པ་ནི་ཀའི་ཕྲེང་བ་སྟེ
་གསལ་བྱེད་ཀྱི་ཕྲེང་བའོ། །འདིར་ཨའི་འདུས་པ་ནི། ཨ་ཨཱ་ཨི་ཨའི་རི་རཱི་ཨུ་ཨའུ་ལི་ལཱི། ཨོཾ་ཨ(རྒྱུད་འགྲེལ་ཨ་འདུས་འདི་ལ་ཀ་ཕྲེང་དང་ལྡན་པའི་ཕྱིར་ཀ་ཕྲེང་དང་ལྡན་པ་སྟེ། ཀ་ཕྲེང་ལྡན་པའི་ཨ་འདུས་དུས་ཀྱི་འཁོར་ལོའི་རྗོད་པར་བྱེད་པ་ཨ་ལ་སོགས་དང་ཀ་ལ་སོགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣལ་འབྱོར་གྱི་རྒྱུད་དང་པོའི་སངས་རྒྱས་རིགས་མེད
་པ་དེ་ལ། དུས་ཀྱི་འཁོར་ལོའི་བརྗོད་པར་བྱ་བ་རྡོ་རྗེའི་རྣལ་འབྱོར་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་གནས་པའི་དང་པོའི་སངས་རྒྱས་ནི་ཟླ་བ་བཟང་པོ་ཞུས་ཤེས་པ་ཆོས་བསྟན་པ་བསྡུས་པའོ། །ད་ནི་དགོས་པ་དང་དགོས་པའི་དགོས་པ་བསྡུ་བ་བརྗོད་པ། མི་རྣམས
་གྲོལ་བའི་དོན་དུའོ། །ཞེས་པ་སྟེ། མི་རྣམས་དགྲོལ་བའི་དོན་ནི་དང་པོ་རེ་ཞིག་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པ་སྟེ། བསོད་ནམས་ཀྱི་ཚོགས་དང་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་སྒོམ་པའི་སྟོབས
་དང་བྱིན་གྱིས་བརླབ་པ་སྒོམ་པའི་སྟོབས་དང། དཔའ་བོའི་རིམ་པ་དང་བྱིན་གྱིས་བརླབ་པའི་རིམ་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ཡང་དགོས་པའོ། །དེ་ནས་གོང་ནས་གོང་དུ་དགོས་པའི་ཡང་དགོས་པ་ནི་དགོས་པའི་དགོས་པ་སྟེ། འདིར་ནམ་མཁའ་ཨི་ཁམས
་ལ་རྣམ་པར་རྟོག་པ་མེད་པའི་སེམས་དང་དུ་བ་ལ་སོགས་པའི་མཚན་མས་ཕྱག་རྒྱ་ཆེན་པོ་རྣམ་པ་ཀུན་སྣ་ཚོགས་པའི་ངོ་བོ་ཉིད་ཀྱི་སྒོམ་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་?སྒྱུར་ཐབས་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གིས་མི་རྣམས་ཀྱི
་སྐྱེ་བ་འདི་ལ་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དེ། དགོས་པ་དང་དགོས་པའི་དགོས་པ་བསྡུས་པའོ། །མཆོག་གི་དང་པོའི་སངས་རྒྱས་ཀྱི་རྣལ་འབྱོར་འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱི་བསྟན་ཏོ། །ད་ལྟར་བྱུང་བ་རྣམས་ཀྱི་སྟོན་ཏོ། །མ་འོངས
་པ་རྣམས་ཀྱི་སྟོན་པར་འགྱུར་ཏེ། འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དང། འདས་པ་དང། ད་ལྟར་བྱུང་བ་དང། མ་འོངས་པའི་ཚེའི་འཁོར་རྣམས་ཀྱིས་སོ། །མཛའ་ཡས་པ་མཛའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཛའ་ཡས་པ་མཛའ་ཡས
་པའི་སེམས་ཅན་རྣམས་ལ། མཛའ་ཡས་པ་མཛའ་ཡས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཉིད་ཀྱི་སླད་དུ་ཡང་དག་པར་བསྟན་ཏེ། །སྟོན་ཏོ། །སྟོན་པར་འགྱུར་རོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི
་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྟོན་པ་པོ་ལ་སོགས་པ་བསྡུས་པའི་མདོར་བསྡུས་ཏེ་ལྔ་པའོ།། །།ད་ནི་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པ། བཅོམ་ལྡན་འདས་འཇམ་དཔལ
་གྱི་སྤྲུལ་པའི་སྐུ་མའི་དབང་པོ་གྲགས་པས། མཆོག་གི་དང་པོའི་སངས་རྒྱས་ལས་དེ་བཞིན་གཤེགས་པས་ལུང་བསྟན་པ་ཟླ་བ་བཟང་པོས་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་གཉིས་པས་གསུངས་པ། སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག
་མཆོག་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ཡང། །ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་ལ་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད
་དང། །དཀྱིལ་འཁོར་དང་ནི་དབང་སྟེ་འདི་དག་སྐབས་གསུམ་པ་དང་མིའི་བླ་མས་ཡང་དག་བཤད་དུ་གསོལ། །འདིར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔ་དང་ཐིག་ལེ་སྟོང་པ་ཡི་གེ་དྲུག་དང། རིགས་དྲུག་ལ་སོགས
་པའི་དོན་བསྡུས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་འདི་བདག་གིས་དགྲོལ་བར་བྱའོ། །འདིར་དང་པོར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་སྟོང་པ་ཞེས་པ་ལ་སོགས་པ་རྒྱུད་ཀྱི་སྦས་པའི་དོན་རབ་ཏུ་གསལ་བར་བྱས་ན་འཆད་པར
་འགྱུར་པ་བྱིས་པའི་བློ་ཅན་རྣམས་ཀྱིས་རྟོགས་བའི་བར་འགྱུར་རོ། །དེས་ན་དང་པོར་འགྲེལ་བཤད་ལས་མདོར་བསྡུས་པས་བརྗོད་པར་བྱའོ། །འདིར་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་མཐོང་བ་དང་མ་མཐོང་བའི་དངོས་པོ
་ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་མ་ཡིན་པ་དང། ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་རྣམས་རབ་ཏུ་སྟོན་ཏོ། །མེད་པ་དང་ཡོད་པ་དང། དངོས་པོ་མ་ཡིན་པ་དང་དངོས་པོ་ཡིན་པ་ཐམས་ཅད་ལ་ཡང་མིང་སྔོན་དུ་འགྲོ་བས་ཐ་སྙད་བྱེད་དེ་ནམ་མཁའ་ཨི
་མེ་ཏོག་ལ་སོགས་པ་དང་བུམ་པ་ལ་སོགས་པ་བཞིན་ནོ། །འདིར་ནམ་མཁའ་ཨི་མེ་ཏོག་གི་མིང་གིས་བསྟན་པའི་དངོས་པོ་མེད་པ་ནི་དངོས་པོ་མ་ཡིན་ནོ། །དེ་བཞིན་དུ་བུམ་པའི་མིང་གིས་བསྟན་པའི་དངོས་པོ་མེད་པའི་མཚན་ཉིད་མ་ཡིན་ཏེ། རང
་གི་མིང་གིས་བརྗོད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་རྣམས་སུ། བསྟན་བཅོས་ཀྱི་མིང་དང། ཡུལ་གྱི་མིང་དང། སྔགས་ཀྱི་ཡི་གེའི་མིང་དང། ཡི་གེ་རེ་རེའི་མིང་རྣམས་ཀྱི་དངོས་པོ་གང་དག་དེ་བཞིན་གཤེགས་པས་ངེས་པར་བསྟན
་ཅིང་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་བྲིས་པ་དེ་དག་ཐམས་ཅད་རྣལ་འབྱོར་པ་རྣམས་ཀྱིས་དྲང་བའི་དོན་དང་ངེས་པའི་དོན་གྱི་རྟོགས་པར་བྱའོ། །འདིར་གཅིག་དང་དངོས་པོ་མེད་པ་ལ་ཡང་མིང་སྣ་ཚོགས་ཏེ། དེའི་ཕྱིར་དངོས་པོ་གཅིག་ལ་ཡང་མིང
་སྣ་ཚོགས་ཀྱིས་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱི་མིང་གི་རྣམ་པར་རྟོགས་པར་མི་བྱ་སྟེ། བླ་མ་དམ་པས་ཉེ་བར་བསྟན་པ་གསེར་བཞིན་ཡོངས་སུ་བརྟགས་པ་ནི་དོན་ལ་སྟོན་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །འདིར་སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ
་མཆོག་མཆོག་རྡོ་རྗེ་འཛིན་པ་ཞེས་པའི་ཡི་གེ་བཅུ་བཞི་པོ་འདིས་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱི་ཁམས་དྲུག་གི་སྐྱེས་བུ་ཆེན་པོའི་གང་ཟག་བསྡུས་པ། འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་དང། རྣམ་པར་ཤེས་པའི་ཕུང་པོ་དང
་ཡེ་ཤེས་ཀྱི་ཁམས་དང། ནམ་མཁའ་ཨི་ཁམས་དང། ཡིད་དང། རྣ་བ་དང། སྒྲ་དང། ཆོས་ཀྱི་དབྱིངས་དང། མཆོག་གི་དབང་པོ་དང། བྷ་ག་དང། དྲི་ཆུ་འཛག་པ་དང། ཁུ་བ་འཕོ་བ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་ཉིད་དང་རོ་མཉམ་པ་ཉིད་དང།
་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ལ་སྟོང་པ་ཞེས་བརྗོད་དོ། །ཐམས་ཅད་དངོས་པོ་མེད་པ་ནི་མ་ཡིན་ཏེ། རྣལ་འབྱོར་པས་རང་རིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་རྒྱལ་བ་རྣམས་ཀྱིས་གཞོམ་དུ་མེད་པར་གསུངས་ཏེ། གཞོམ་དུ་མེད་པ་འདིའི་མིང་གི་མཚན
་མ་ནི་ལྷོ་དང་བྱང་དང་ཤར་དང་ནུབ་ཀྱི་དབུས་སུ་གྲི་གུག་གི་རྣམ་པ་རི་མོ་ཙམ་བརྗོད་དུ་མེད་པ་སྟེ། སྟོང་པ་ཆེན་པོའི་ཡི་གེ་དང་པོའོ། །དེའི་འོག་ཏུ་ཡེ་ཤེས་ཀྱང་ཞེས་པ་སྟེ། འདིར་ཀྱང་ཡིག་ནི་སྡུད་པའི་དོན་དུ་བསྟན་ཏེ། སྡུད་པའི་དོན་གོ་བར་བྱེད་པའི
་ཕྱིར་རོ། །ཡེ་ཤེས་ཞེས་པའི་མིང་འདིས་སྟོང་པ་གསུམ་པ་ཞེས་པ་རྟོགས་པར་བྱ་བ་འདི་ལྟ་སྟེ། ཚོར་བའི་ཕུང་པོ་དང། མེའི་ཁམས་དང། མིག་དང་རོ་དང། ལག་པ་དང། འགྲོ་བ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང
་གཅིག་ཏུ་འདྲེས་བར་གྱུར་པ་ཉིད་ནི་ཡེ་ཤེས་ཏེ། སྟོང་པ་ཆེན་པོ་ཡི་གེ་གསུམ་པའོ། །འདིའི་མིང་གི་མཚན་མ་ནི། དབུས་མ་གཞོམ་དུ་མེད་པའི་མཚན་མའི་ལྷོ་རུ་ཐིག་ལེ་གཉིས་ཏེ་བརྗོད་དུ་མེད་པའོ། །ཐིག་ལེ་ཞེས་པའི་མིང་འདིས་སྟོང་པ་བཞི་པ་རྟོགས
་པར་བྱ་སྟེ། སྔ་མའི་ཀྱང་ཡིག་གེའི་ཕྱིར་རོ། །འདི་ལྟ་སྟེ། འདུ་ཤེས་ཀྱི་ཕུང་པོ་དང། ཆུའི་ཁམས་དང། ལྕེ་དང་གཟུགས་དང། རྐང་པ་དང་ལེན་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་དང། རོ་མཉམ་པ་ཉིད་དང། གཅིག་ཏུ་འདྲེས་པར
་གྱུར་པ་ཉིད་ནི་ཐིག་ལེ་སྟེ། སྟོང་པ་ཆེན་པོ་ཡི་གེ་བཞི་པའོ། །འདིའི་མིང་གི་མཚན་མ་ནི་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེ་གཅིག་སྟེ་བརྗོད་དུ་མེད་པའོ། །མཆོག་མཆོག་རྡོ་རྗེ་འཛིན་པ་ཞེས་པ་ནི་མཆོག་དང་མཆོག་དང་རྡོ་རྗེ་འཛིན་པ་ནི།
་མཆོག་མཆོག་རྡོ་རྗེ་འཛིན་པ་སྟེ། གཅིག་ཟླས་དབྱེ་བའི་ཕྱིར་རོ། །སྔར་གྱི་ཀྱང་ཡིག་ལས་གསུམ་པོ་འདི་སྟོང་པའི་མིང་དུ་འགྱུར་རོ། །མཆོག་དང་པོའི་མིང་གིས་སྟོང་པ་གཉིས་པ་ཞེས་བརྗོད་པ། འདི་ལྟ་སྟེ། འདུ་བྱེད
་གྱི་ཕུང་པོ་དང། རླུང་གི་ཁམས་དང། སྣ་དང། རེག་བྱ་དང། ངག་གི་དབང་པོ་དང། བཤང་བ་འཛག་པ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་ཉིད་དང། རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ནི་མཆོག་སྟེ་སྟོང་པ་ཡི་གེ་གཉིས
་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ཤར་དུ་དབྱིག་པའི་རྣམ་པ་རི་མོ་ཙམ་བརྗོད་དུ་མེད་པའོ། །མཆོག་གཉིས་པའི་མིང་གིས་སྟོང་པ་ལྔ་པ་ཞེས་བརྗོད་པ་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང། སའི་ཁམས་དང། ལུས
་ཀྱི་དབང་པོ་དང། དྲི་དང། བཤང་ལམ་དང་བརྗོད་པ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་དང། རོ་མཉམ་པ་ཉིད་དང། གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ནི་མཆོག་སྟེ། སྟོང་པ་ཡི་གེ་ལྔ་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ
་གཞོམ་དུ་མེད་པའི་ནུབ་ཏུ་ཐོང་བའི་རྣམ་པ་བརྗོད་དུ་མེད་པའོ། །དེ་ལྟར་བརྗོད་པའི་རིམ་པས་གཅིག་ཏུ་འདྲེས་པར་གྱུར་པ་ལྔ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔ་པ་ཝ་ཡིག་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་རྡོ་རྗེ་བརྗོད་དོ། །འདིར་དབྱངས་ཀྱི་མིང་ཅན་བརྗོད་དུ
་མེད་པའི་ཡི་གེ་ལྔ་ནི་འདི་ལྟ་སྟེ། དབུས་སུ་ཨ་ཡིག་སྟོང་པ་གྲི་གུག་གི་རྣམ་པའོ། །ལྷོར་རི་ཡིག་སྟོང་པ་ཐིག་ལེ་གཉིས་སོ། །བྱང་དུ་ཨུ་ཡིག་སྟོང་པ་ཐིག་ལེ་གཅིག་གོ་།ཤར་དུ་ཨེ་ཡིག་སྟོང་པ་དབྱུག་པའི་རྣམ་པའོ། །ནུབ་དུ་ལི་ཡིག་སྟོང
་པ་ཐོང་པའི་རྣམ་པ་སྟེ། དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བ་རྣམས་ཤེས་པར་བྱའོ། །དེ་ལྟར་ཝཾ་ཡིག་སྟོང་པ་ཡི་གེ་ལྔ་པ། དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས
་འདས་པ། པྲ་ཕབ་པའི་རང་བཞིན་དང་མཚུངས་པ་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་ཡེ་ཤེས་དང་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པའི་དབྱངས་རྣམས་ནི། འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་ཨཾ། རྣམ་པར་ཤེས་པའི་ཕུང་པོ་ཨ་ཡེ་ཤེས
་ཀྱི་ཁམས། ཨ(རྒྱུད་འགྲེལ་དང་བྲལ་བ་སྟེ། གྲི་གུག་གི་རྣམ་པའི་མིང་གི་མཚན་མས་རྟོགས་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ཨི། རླུང་གི་ཁམས་ཨའི། སྣ་བའི་དབང་པོ་ཨེ། རེག་བྱ་ཨི། ངག་གི་དབང་པོ་ཡ། བཤང་བ་འཛག་པ་ཡཱ། འདི་དག་སྒྲིབ་པ་དང
་བྲལ་བ་ཤར་དུ་དབྱུག་པའི་རྣམ་པའི་མཚན་མས་རྟོགས་པར་བྱའོ། །ཚོར་བའི་ཕུང་པོ་རི། མེའི་ཁམས་རཱི། མིག་གི་དབང་པོ་ཨར། རོ་ཨཱར། ལག་པའི་དབང་པོ་ར། འགྲོ་བ་རཱ། འདི་དག་སྒྲིབ་པ་དང་བྲལ་བ་ལྷོར་ཐིག་ལེ་གཉིས་ཀྱི
་མཚན་མས་རྟོགས་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ཨུ། ཆུའི་ཁམས་ཨའུ། ལྕེའི་དབང་པོ་ཨོ། ཡུལ་གཟུགས་ཨཽ། རྐང་པའི་དབང་པོ་ཝ། ལེན་པ་ཝཱ། འདི་དག་སྒྲིབ་པ་དང་བྲལ་བ་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེའི་མཚན་མས
་རྟོགས་པར་བྱའོ། །གཟུགས་ཀྱི་ཕུང་པོ་ལི། སའི་ཁམས་ལཱི། ལུས་ཀྱི་དབང་པོ་ཨལ། ཡུལ་དྲི་ཨཱལ། བཤང་ལམ་གྱི་དབང་པོ་ལ། བརྗོད་པ་ལཱ། འདི་དག་སྒྲིབ་པ་དང་བྲལ་བ་ནུབ་ཏུ་ཐོང་པའི་རྣམ་པའི་མཚན་མས་རྟོགས་པར་བྱའོ། །
་འདི་དག་ནི་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པ་དབྱངས་དང་ཡོན་ཏན་དང་འཕེལ་བ་དང། ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བའོ། །གང་དུ་ཕུང་པོ་རྣམས་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པར་གྱུར་པ་དེར་ཕུང་པོའི་གནས་སུ་རོ་དྲུག་བཟུང
་བར་བྱ་སྟེ། སྒྱུར་བ་དང་བསྐ་བ་དང་ཁ་བ་དང་ཚ་བ་དང་མངར་བ་དང་ལན་ཚྭ་རྣམས་སོ། །ོཾ་ཨ་ཨི་རི་ཨུ་ལི་ཞེས་པ་རོ་དྲུག་སྟེ། ལྷག་མ་ནི་བརྗོད་པའི་ཆོ་གས་སོ། །སྟོང་པ་ཆེན་པོ་ཡི་གེ་ལྔ། སུམ་ཅུ་རྩ་དྲུག་གི
་བདག་ཉིད་དེ་རྒྱལ་བ་རྣམས་ཀྱི་རྡོ་རྗེར་བརྗོད་དེ། དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི། ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ། །འདི་ལྟ་སྟེ། རྣམ་པར་ཤེས་པའི་ཕུང་པོ
་དང་ནམ་མཁའ་ཨི་ཁམས་དང་རྣ་བ་དང་ཆོས་ཀྱི་དབྱིངས་དང་བྷ་ག་དང། ཁུ་བ་འཕོ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་སྟེང་དུ་འདིའི་མིང་གི་མཚན་མ་ཀ་སྡེའི་བདག་ཉིད་ཀ
་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ། ཐིག་ལེ་སྟོང་པ་དང་པོའོ། །འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས་དང་སྣ་དང་རེག་བྱ་དང་ངག་དང་བཤང་བ་འཛག་པ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ཤར་གྱི
་མཚན་མའི་ཤར་དུ་འདི་ཡིས་མིང་གི་མཚན་མ་ཙ་སྡེའི་བདག་ཉིད་ཙ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་གཉིས་པའོ། །ཚོར་བའི་ཕུང་པོ་དང་མེའི་ཁམས་དང། མིག་དང་རོ་དང་ལག་པ་དང་འགྲོ་བ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ
་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ལྷོའི་མཚན་མའི་ལྷོར་འདིའི་མིང་གི་མཚན་མ་ཊ་སྡེའི་བདག་ཉིད་ཊ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ། ཐིག་ལེ་སྟོང་པ་གསུམ་པའོ། །འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དང། ལྕེ་དང་གཟུགས
་དང། རྐང་པའི་དབང་པོ་དང་ལྡན་པ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །བྱང་གི་མཚན་མའི་བྱང་དུ་འདིའི་མིང་གི་མཚན་མ་པ་སྡེའི་བདག་ཉིད་པ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ
་བཞི་པའོ། །གཟུགས་ཀྱི་ཕུང་པོ་དང། སའི་ཁམས་དང་ལུས་ཀྱི་དབང་པོ་དང། དྲི་དང་བཤང་ལམ་དང་བརྗོད་པ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ནུབ་གྱི་མཚན་མའི་ནུབ་ཏུ་འདིའི་མིང་གི་མཚན་མ་ཏེ་སྡེའི་བདག་ཉིད་ཏེ
་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོན་པ་ལྔ་པའོ། །ཡེ་ཤེས་ཀྱི་ཕུང་པོ་དང། ཡེ་ཤེས་ཀྱི་ཁམས་དང། ཡིད་དང་སྒྲ་དང་མཆོག་གི་དབང་པོ་དང། དྲི་ཆུ་འཛག་པ་སྟེ་འདི་རྣམས་བྲལ་བ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །
་དབུས་མ་གཞོམ་དུ་མེད་པའི་མཚན་མའི་འོག་ཏུ་འདིའི་མིང་གི་མཚན་མ་ས་སྡེའི་བདག་ཉིད་ས་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ། ཐིག་ལེ་སྟོང་པ་དྲུག་པའོ། །དེ་ལྟར་ན་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཆོས་འབྱུང་རྡོ་རྗེ་འཛིན་པ་ཨེ་ཡིག་སྟེ། སྟོང་པ་ཉིད
་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་ནོ། །འདིར་ཕུང་པོ་དང་ཁམས་ལ་སོགས་པའི་གསལ་བྱེད་རྣམས་ནི།། །།ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛཧ་ཉ། ཊ་ཋ་ཌ་ཌཧ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། སཉཔ་ཥ་ཤཐྐ།
་ཏ་ཡ་ར་ཝ་ལ་ཀྵ་ཞེས་པ་སྟེ། དབྱངས་དང་གསལ་བྱེད་འདི་ཨདག་གི་ཡང་ཐུང་ངུ་དེང་རིང་པོའི་དབྱེ་བས་ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བ་ཤེས་པར་བྱའོ། །ལུས་ཀྱི་དབྱེ་བས་ཕུང་པོ་དང་དབང་པོ་ནི་དབྱངས་དང་གསལ་བྱེད་ཐུང་ངུའི་ཆོས་རྣམས་ཡིན་ལ།
་ཁམས་དང་ཡུལ་ནི་དབྱངས་དང་གསལ་བྱེད་རིང་པོའི་ཆོས་རྣམས་སོ། །རོ་དྲུག་དང་ཁམས་ཀྱི་རྣམ་པར་འབྱུང་བའི་དབྱེ་བས་ཁམས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་དང། ཕུང་པོ་དྲུག་དབང་པོ་དྲུག་གི་དབྱེ་བས་ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་འདི་ལྟ་སྟེ། རོ་དྲུག
་དང། ཁམས་དྲུག་དང། དབང་པོ་དྲུག་དང། ཡུལ་དྲུག་དང། ལས་ཀྱི་དབང་པོ་དྲུག་དང། ལས་ཀྱི་དབང་པོའི་ཡུལ་དྲུག་ནི་རོ་དྲུག་དང་ཁམས་ཀྱི་རྣམ་པར་འགྱུར་བའོ། །རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་དང། དེ་བཞིན
་དུ་འདུ་བྱེད་དྲུག་དང། ཚོར་བ་དྲུག་དང། འདུ་ཤེས་དྲུག་དང། གཟུགས་ཀྱི་ཕུང་པོ་དྲུག་དང། ཡེ་ཤེས་ཀྱི་ཕུང་པོ་དྲུག་ནི་ཕུང་པོའི་རྣམ་པར་འགྱུར་བའོ། །འཆད་པར་འགྱུར་བར་རྒྱ་ཆེར་བརྗོད་པར་བྱ
་སྟེ། ལེའུ་དང་པོ་འདིར་ནི་མདོར་སྡུས་པ་ཙམ་ཞིག་ཉེ་བར་བསྟན་ཏོ། །འདིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཀྱི་ཚོགས་ཏེ་ཁུ་བ་དང་ཟླ་བ་ཞེས་བརྗོད་དོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་གསལ་བྱེད་ཀྱི་ཚོགས་ཏེ་རྡུལ་དང་ཉི་མ་ཞེས་བརྗོད་དོ། །འདིར
་ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་ཡིག་སྟེ་པདྨའོ། །རྡོ་རྗེ་དང་པདྨ་འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ནི་མཆོག་གི་བདེ་བ་དང་ཡེ་ཤེས་དང་ཁུ་པའོ། །སེམས་དཔའ་ནི་རྣམ་པ་ཐམས་ཅད་པ་དང་ཤེས་རབ
་ཀྱི་གཟུགས་དང། ཤེས་བྱ་དང། ཉི་མ་དང། ཡེ་ཤེས་དང་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་དང། སྒྲིབ་པ་དང་བྲེལ་བ་དང། གཅིག་ཏུ་འདྲེས་པར་གྱུར་པ་དང། དེ་ཉིད་དང་འགྲོ་བའི་དོན་བྱེད་པ་པོ་ཡིན་ནོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས
་གཅིག་ཏུ་སྦྱོར་བ་འདི་ཉིད་ཞལ་བཞིའི་རྒྱུར་འགྱུར་ཏེ། ཡེ་ཤེས་ནི་ནུབ་ཀྱི་ཞལ་སེར་པོའོ། །རྣམ་པར་ཤེས་པ་ནི་ཤར་གྱི་ཞལ་ནག་པོའོ། །ཟླ་བ་དང་སྐུ་ནི་བྱང་གི་ཞལ་དཀར་པོའོ། །ཉི་མ་དང་གསུང་ནི་ལྷོའི་ཞལ་དམར་པོའོ། །ཟླ་བ་དང་ཉི་མ་འདི་དག
་ནི་གཙོ་བོ་དང། ཕལ་པའི་དབྱེ་བས་ཁམས་དྲུག་དྲུག་ཏུ་རྟོགས་པར་བྱ་སྟེ། དེ་དག་ཀྱང་ས་དང་ཆུ་དང་མེ་དང་རླུང་དང་རོ་དང་རོ་ཆེན་པོའི་ཆ་ཤས་སོ། །འདི་རྣམས་ལ་ཁུ་བ་ལས་བྱུང་བ་གསུམ་དང། བྱུང་བ་མ་ཡིན་པ་གསུམ་སྟེ། ཆུའི་ཁམས
་དང། རླུང་གི་ཁམས་དང་རོའི་ཁམས་ཏེ། ཁམས་འདི་དག་ནི་ཁུ་བ་ལས་བྱུང་བའོ། །རོའི་ཁམས་ནི་ནམ་མཁའ་ཨི་ཁམས་ཀྱི་མིང་ངོ། །རྡུལ་ལས་བྱུང་བ་གསུམ་དང་བྱུང་བ་མ་ཡིན་པ་གསུམ་སྟེ། སའི་ཁམས་དང། མེའི་ཁམས་དང་རོ་ཆེན
་པོའི་ཁམས་ཏེ། ཁམས་འདི་དག་ནི་རྡུལ་ལས་བྱུང་བའོ། །འདིར་རོ་ཆེན་པོ་འདི་ཡེ་ཤེས་ཀྱི་ཁམས་ཀྱི་མིང་ངོ། །ཁམས་ལྷག་མ་དག་ནི་ཁུ་བ་དང་རྡུལ་ལས་བྱུང་བའོ། །དེ་ལྟར་ཟླ་བ་དང་ཉི་མ་དག་ལས་བྱུང་བའི་ཁམས་གསུམ་པོ་རྣམས་ནི་རིམ་པ་ཇི་ལྟ
་བ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ལུས་དང་ངག་དང་སེམས་སུ་འགྱུར་ཏེ། ཟླ་བའི་ཁམས་རྣམས་ཐབས་ཀྱི་ལུས་དང་ངག་དང་སེམས་དང་ཉི་མའི་ཁམས་རྣམས་ཤེས་རབ་ཀྱི་ལུས་དང་ངག་དང་སེམས་ཏེ་ཁུ་བ་དང་རྡུལ་ལས་བྱུང་བའི་རྒྱུའི་ཕྱིར་རོ། །ཁམས
་འདི་དག་ནི་དབང་པོ་དྲུག་ལ་སོགས་པ་རྣམས་ཀྱི་རིགས་དྲུག་གོ་།དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་ནི་ངོ་བོ་ཉིད་ཀྱི་རིགས་དང། ལྷན་ཅིག་རིགས་བཞིར་འགྱུར་རོ། །སྐུ་གསུམ་སྐུ་བཞིར་འགྱུར་རོ། །གནས་སྐབས་གསུམ་གནས་སྐབས་བཞིར
་འགྱུར་རོ། །དེ་བཞིན་དུ་ཁམས་ལྔའི་རིགས་ནི་ཡེ་ཤེས་ཀྱི་ཁམས་དང། ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ཕུང་པོ་ལྔའི་རིགས་ནི་ཡེ་ཤེས་ཀྱི་ཕུང་པོ་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །བུ་མོ་ལ
་ལོ་བཅུ་གཉིས་དང། སྐྱེས་པ་ལ་ལོ་བཅུ་དྲུག་གིས་ཏེ། བུ་མོ་ལ་རྡུལ་གྱི་དུས་ཇི་སྲིད་པར་རིགས་གསུམ་དང་རིགས་ལྔར་རིག་པར་བྱའོ། །སྐྱེས་པ་ལ་ཁུ་བ་འཕོ་བའི་དུས་ཇི་སྲིད་པར་རིགས་གསུམ་དང་རིགས་པར་བྱའོ། །ཡེ་ཤེས་ཀྱི་ཁམས
་བྱུང་བའི་དུས་ནས་འཆི་བའི་བར་དུ་གཉི་ག་ལ་རིགས་བཞི་དང་རིགས་དྲུག་གོ་།དེ་བཞིན་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རིགས་གསུམ་དང་རིགས་ལྔ་ཉིད་རང་བཞིན་གཅིག་དང་རིགས་བརྒྱའོ་ཞེས་སོ། །ད་ནི་རིགས
་ཀྱི་རིགས་ཅན་བརྗོད་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །འདིར་སངས་རྒྱས་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་དྲུག་གོ་།ལྷ་དང་ལྷ་མིན་ཡང་ཞེས་པའི་ཡང་ཡིག་གིས་བྱང་ཆུབ་སེམས་དཔའ་ཡིད་ཀྱིས་དབང་པོ་ལ
་སོགས་པ་དྲུག་དང་དེ་བཞིན་དུ་ཁམས་དྲུག་དང། ཡུལ་དྲུག་དང། དེ་བཞིན་དུ་ཁྲོ་བོ་དྲུག་ལས་ཀྱི་དབང་པོ་དྲུག་དང། ཁྲོ་བོའི་ལྷ་མོ་དྲུག་།ལས་ཀྱི་དབང་པོ་བྱ་བ་དྲུག་གོ་།ལྷ་ནི་ལག་པ་དང་རྐང་པའི་ཚིགས་བཅུ་གཉིས
་ལ་འཆད་པར་འགྱུར་བ་རྣམས་ཏེ། དེ་བཞིན་དུ་རྣལ་འབྱོར་མ་ཙར་ཙི་ཀཱ་ལ་སོགས་པ་བརྒྱད་དོ། །ལྷ་མིན་ནི་ཀླུའི་རྒྱལ་པོ་རྣམས་དང། ལྷ་མོ་ཁྱི་གདོང་མ་ལ་སོགས་པ་རྣམས་སོ། །ད་ནི་མུ་སྟེགས་པ་རྣམས་འཇུག་པར་བྱ་བའི་ཕྱིར་རང་བཞིན་དང་སྐྱེས
་བུ་བརྗོད་པར་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་རྒྱུད་གཞན་ལས་གསུངས་པ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །རང་ཉིད་བྱེད་པོ་རང་འཕྲོག་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་པ་བརྫུན་པ་སྟེ། དོན་དམ
་པར་བྱེད་པ་པོ་དང་འཕྲོག་པ་པོ་མེད་དོ། །མུ་སྟེགས་བྱེད་རྣམས་ཀྱི་ཡོངས་སུ་བརྟག་པའི་ཆོས་རང་བཞིན་དང་སྐྱེས་བུ་ལ་སོགས་པ་གཞན་ཡང་ངོ། །འདིར་མུ་སྟེགས་པ་རྣམས་ཀྱི་རང་བཞིན་ཉི་ཤུ་རྩ་བཞིའི་བདག་ཉིད་དང་སྐྱེས་བུ་ཉི་ཤུ་རྩ
་ལྔ་པའོ། །དེ་ལ་རྩ་བའི་རང་བཞིན་ནི་རྣམ་པར་འགྱུར་བ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ། ནམ་མཁའ་ཨི་ཁམས་སོ། །ཆེན་པོ་ལ་སོགས་པ་བདུན་ནི་རང་བཞིན་དང་རྣམ་པར་འགྱུར་བ་སྟེ། ས་དང
་ཆུ་དང་མེ་དང་རླུང་དང་ཡིད་དང་བློ་དང་ང་རྒྱལ་ལོ། །རྣམ་པ་བཅུ་དྲུག་ནི་རྣམ་པར་འགྱུར་བ་སྟེ། དབང་པོ་ལྔ་དང། ཡུལ་ལྔ་དང། ལས་ཀྱི་དབང་པོ་ལྔ་དང། མཆོག་གི་དབང་པོ་སྟེ། རང་བཞིན་དང་རྣམ་པར་འགྱུར་བ། ཉི་ཤུ་རྩ་བཞིའོ།
་འདིར་སྐྱེས་བུ་འདི་ཁྱབ་བྱེད་ཉིད་ཡིན་པའི་ཕྱིར། རང་བཞིན་ཡང་མ་ཡིན་པ་རྣམ་པར་འགྱུར་བ་ཡང་མ་ཡིན་ཏེ། ངོ་བོ་ཉིད་དང་བྲལ་བའོ། །ཕྱི་དང་ལུས་དང་གཞན་ལ་ཡང་ཉི་ཤུ་རྩ་ལྔའི་བདག་ཉིད་གྲུབ་སྟེ། ཕྱི་རོལ་ཏུ་ཁམས་ལྔ
་དང། སྒྲ་གཅན་དང་ཉི་མ་དང་ཟླ་བ་ཞེས་པ་ནི་རང་བཞིན་བརྒྱད་དོ། །བཀྲ་ཤིས་ལ་སོགས་པ་གཟའ་ལྔ་ནི་དབང་པོ་ལྔ་དང་ཡུལ་ལྔ་དང། ས་ལ་སོགས་པ་རྣམས་ཀྱི་རོ་དྲུག་ནི་རྣམ་པར་འགྱུར་བ་བཅུ་དྲུག་སྟེ། ཁ་ཅིག་ནི་དབང་པོ་ལ་སོགས་པ་རྣམས་དང
་འཚོ་བའི་ལུས་དྲུག་ཅེས་སོ། །དེ་བཞིན་དུ་ལུས་ལ་སྣ་ཚོགས་ཚད་ནི་ནང་གི་ལེའུར་བརྗོད་པར་བྱའོ། །སྲིད་པ་གསུམ་གྱི་བཀོད་པ་ཞེས་པ་ལ། འདིར་ཕྱི་རོལ་ཏུ་སྲིད་པ་གསུམ་ནི་འཇིག་རྟེན་གྱི་ཁམས་ཡིན་ལ། ནང་དུ་མིའི་ལུས་ཀྱི་ཁམས་སོ། །
་དེའི་བཀོད་པ་འཆད་པར་འགྱུར་པའི་རིམ་པས་བཤད་དུ་གསོལ། ཞེས་བྱ་བའི་ངེས་པའོ། །ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང། ཞེས་པ་ནི། འདིར་ལྷ་རྣམས་ཉིན་མོ་ལོངས་སྤྱོད་ལ། ལྷ་མ་ཡིན་རྣམས་མཚན་མོ་ལོངས་སྤྱོད་དེ། དེ་བཞིན་དུ་བྱང
་དུ་བགྲོད་བ་དང། ལྷོར་བགྲོད་པའོ། །དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མིའི་བླ་མས་འདི་དག་ཡང་དག་བཤད་དུ་གསོལ་ཞེས་པ་ལ། འདིར་འཇིག་རྟེན་གྱི་བདེན་པས་ཚོན་དང་ཐིག་གདབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དང། དོན
་དམ་པའི་བདེན་པས་ནམ་མཁའ་ཨི་ཁམས་ལ་ཐིག་གདབ་པ་དང་བྲལ་ཞིང་ཚོན་དགྱེ་བ་དང་བྲལ་བ། ཁ་དོག་དང་ཕྱག་དང་དབྱིབས་དང་གཟུགས་ཀྱི་ལྷ་རྣམ་པར་རྟོག་པས་བསྒོམ་པའི་སེམས་དང་བྲལ་བ་རྣམ་པ་ཐམས་ཅད་པ་མེ་ལོང་གི་པྲ་ཕབ་པ་ལྟ་བུ
་བཤད་དུ་གསོལ་ཞེས་པའོ། །དེ་བཞིན་དུ་འཇིག་རྟེན་པའི་དབང་ནི་ཆུ་དང་ཅོད་པན་དང་དར་དབྱངས་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་ཆེན་པོ་དང་མིང་དང་རྗེས་སུ་གནང་བ་སྟེ་བདུན་ནོ། །དེ་བཞིན་དུ་གོང་མ་ནི་བུམ་པ་དང་གསང་བ་དང་ཤེས
་རབ་ཡེ་ཤེས་སོ། །འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་ནི་བཞི་པ་སྟེ། ཐམས་ཅད་ཡང་དག་པར་བཤད་དུ་གསོལ། དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་ཡུལ་འདིར་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག
་འབྱུང་བར་འགྱུར་ཏེ། ཕྱུག་པོ་རྫས་ཀྱི་མངོན་པར་ཁེངས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་རྫས་ཀྱི་དོན་དུ་ཆོས་འཚོང་བར་བྱེད་པར་འགྱུར་བ་དང། རྫས་ལ་ཆགས་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་སྟེར
་པར་འགྱུར་བ་དང། དང་པོ་རྒྱལ་པོ་ལ་སོགས་པའི་སྔག་གཞུག་པ། ཕྱི་ནས་བླ་མར་འགྱུར་བ་དང། རྫས་ཀྱི་དམན་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་བཏང་ཞིང་སེམས་ཅན་སྐལ་བ་དང་ལྡན་པར་གྱུར་པ་གཞན་རྣམས་ལ་ཡང་འཇིག་རྟེན
་ལས་འདས་པའི་དབང་མི་སྟེར་པར་འགྱུར་བ་དང། དེ་དག་རྣམས་ལ་ཉོན་མོངས་པ་སྐྱེད་པར་འགྱུར་བ་དང། རྫས་ཀྱི་དབང་གིས་གདུག་པའི་སེམས་ཅན་རྣམས་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང། གཞན་ཡང་རྡོ་རྗེའི་ཚིག
་མི་ཤེས་པ་ཕན་ཚུན་རྩོད་པར་བྱེད་པར་འགྱུར་བ་དང། མཁས་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་དོན་མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་འགྲེལ་བཤད་བྱེད་པར་འགྱུར་བ་དང། བདུད་ཀྱི་རིགས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན
་པར་འགྱུར་བ་དང། སངས་རྒྱས་ཀྱི་ཡེ་ཤེས་དབང་པོ་གཉིས་ལས་སྐྱེས་པའི་བར་བྱིས་པའི་བློ་ཅན་རྣམས་ལ་སྟོན་པར་འགྱུར་བ་དང། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་སྟེ། དེ་ཡང་དེ་བཞིན་ནོ། །ཞེས་པའི་སྒྲ་རྒྱུ་དང་འབྲས་བུ
་དབྱེ་བ་མེད་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་གསུམ་པའི་ཡེ་ཤེས་སངས་རྒྱས་ཀྱི་ཤེས་སུ་སྨྲ་བར་འགྱུར་བ་དང། འཕགས་པའི་ཡུལ་གང་དུ་མཁས་པའི་མངོན་པའི་ང་རྒྱལ་གྱིས་གླེགས་བམ་མཐོང་ནས་དབང་བསྐུར་མེད་པར་རྡོ་རྗེ་ཐེག
་པ་སྟོན་པ་པོ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་ལྟར་མ་འོངས་པའི་དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱི་འཇུག་པ་གཟེགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་དང་རྒྱུད་གཞན་ཐམས་ཅད་དུ་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་པོར
་མ་མཛད་དེ། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་རྣམས་སུ་བཞི་པ་ཤེས་རབ་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཤིན་ཏུ་སྦས་ཤིང་རྩ་བའི་རྒྱུད་འགའ་ཞིག་ལ་རབ་ཏུ་གསོལ་ལོ། །རྩ་བའི་རྒྱུད་མཆོག་གི་དང་པོའི་སངས
་རྒྱས་འདི་དག་བསྡུས་པའི་རྒྱུད་ལ་ཡང་བཞི་པ་ཤེས་རབ་ཡེ་ཤེས་རབ་ཏུ་གསལ་ཞིང་ཕྱག་རྒྱ་ཆེན་པོ་སྒོམ་པ་དུ་བ་ལ་སོགས་པའི་ལམ་ཡང་རབ་ཏུ་གསལ་བ་རྡོ་རྗེ་སློབ་དཔོན་རྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་སྟེ། དཔེར་ན་སྔགས་ཀྱི
་ལྷ་དང། ཕྱི་རོལ་གྱི་དངོས་གྲུབ་བསྒྲུབ་པའི་ཐབས་དང་དཔའ་བོའི་རིམ་པ་དང། རང་བྱིན་གྱིས་བརླབ་པའི་རིམ་པ་ཡང་བླ་མ་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་བཞིན་ནོ། །རྣམ་པར་དག་པའི་རིམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར
་བར་བྱེད་པ་པོ་མཆོག་གི་དང་པོའི་སངས་རྒྱས་ལ་རབ་ཏུ་གསལ་བར་གླེགས་བམ་དུ་བྲིས་ཏེ། ཆུ་བོ་ཤཱི་ཏའི་བྱང་དུ་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་སེམས་ཀྱི་ལྷག་པར་མོས་པ་མཁྱེན་ནས་བཅོམ་ལྡན་འདས་ཀྱིས་བསྟན་ཅིང
་ཕྱག་ན་རྡོ་རྗེས་གླེགས་བམ་ལ་བྲིས་སོ། །མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་བ་གང་ཡིན་པ་ངེས་ན་སྔགས་ཀྱི་ཐེག་པའི་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང
་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་བསྟན་ཏོ། །དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེ་ཡིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག
་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་པ་པ
་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང། ཐར་པའི་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས
་མཉན་པར་བྱའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དཀྱིལ་འཁོར་དང་དབང་ལ་སོགས་པའི་བསྡུས་པའི་མདོར་བསྡུས་ཏེ་དྲུག
་པའོ།། །།ད་ནི་སྡུད་པར་བྱེད་པོ་འཇམ་དཔལ་གྱིས་ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་པས་མཆོག་གི་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱི་ལན་གྱི
་ཚིག་ཡང་དག་པར་བསྡུས་པ་དེ་ཉིད་བདག་གིས་དགྲོལ་བར་བྱའོ། །ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་ཞེས་པ་ལ་ཟླ་བ་བཟང་པོ་ནི་བོད་པ་སྟེ། ཀྱེ་ཟླ་བ་བཟང་པོ་ཁྱོད་ལ་བདག་མགུའོ། །གང་ལས་ཅིའི་ཕྱིར་ཞེ་ན། གང་ཞིག་ཁྱོད་ཀྱི་དྲིས་པ་དུས་ཀྱི
་འཁོར་ལོའི་རྣལ་འབྱོར་འདི་ནི་རབ་མཆོག་ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཤེས་པ་མ་ཡིན་པས། དེའི་ཕྱིར་བདག་མགུའོ། །འདིར་རབ་མཆོག་ལྷ་རྣམས་ནི་རྒྱལ་ཆེན་བཞིའི་རིས་ལ་སོགས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད
་ཀྱི་མཐར་ཉེ་བར་སོན་པ་རྣམས་སོ། །མི་ནི་འཁོར་ལོས་སྒྱུར་བ་ལ་སོགས་པའོ། །སྲིན་པོ་ནི་བདེན་བྲལ་ལ་སོགས་པའོ། །ལྷ་མིན་ནི་གཞན་གྱིས་མི་ཐུབ་པ་ལ་སོགས་པའོ། །ཀླུ་ནི་མཛའ་ཡས་ལ་སོགས་པའོ། །ཆགས་བྲལ་ནི་འཕགས
་པ་ཀུན་དགའ་བོ་ལ་སོགས་པའོ། །ཐུབ་མཆོག་ནི་དྲང་སྲོང་མེ་སྦྱིན་ལ་སོགས་པ་སྟེ། འདི་དག་གི་རིགས་རྣམས་ཀྱིས་སོ། །རབ་མཆོག་ལྷ་དང་མི་ལ་སོགས་པ་འདི་རྣམས་ཀྱི་ཤེས་པ་མ་ཡིན་པ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་མྱ་ངན་ལས
་འདས་པ་ལ་སོགས་འཛིན་མའི་ཐར་ཐུག་ཅེས་པ་གང་གིས་དང་པོ་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་དང་མཛའ་འཛིན་མ་ས་སྟེ། དབུས་སུ་མ་བརྗོད་པ་ཉིད་ལས་ནམ་མཁའ་དང་རླུང་དང་མེ་དང་ཆུའི་ཁམས་སོ། །ནམ་མཁའ་ལ་སོགས་པའི་ཁམས་འདི་དག
་ནི་ཁྱབ་པར་བྱ་བ་སྟེ། ཁྱབ་པར་བྱེད་པ་ནི་ཡེ་ཤེས་ཀྱི་ཁམས་སོ། དེ་ལྟར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་པས་རྣལ་འབྱོར་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཨི་ཁམས
་དང་ནི། །རྣམ་ཤེས་ཁམས་དྲུག་པར་བརྗོད་པ། །སྐྱེས་བུ་ཆེན་པོའི་གང་ཟག་གོ་།ཞེས་སོ། །ཚིག་གི་བགྲོད་པ་དང་བཅས་ཤེས་པ་ལ། ཚིག་ནི་རྣམ་པ་གཉིས་ཏེ། ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་ནོ། །དེ་དག་གི་བགྲོད་པ་ནི་ཚིག་གི་བགྲོད
་པ་སྟེ། མགྲིན་པ་དང་རྐན་དང་སྤྱི་བོ་དང་མཆུ་དང་སའི་གནས་རྣམས་ལས་དབྱངས་དང་གསལ་བྱེད་རྣམས་བརྗོད་པའོ། །བགྲོད་པ་དེ་དང་བཅས་པ་ནི་སྔགས་ཀྱི་བརྡ་ཡིས་རབ་ཏུ་བརྗོད་པའོ། །འདིར་སྔགས་ཀྱི་བརྡའ་ནི་རྣམ་པ་གཉིས་ཏེ།
་གཅིག་ནི་བསྔགས་ཀྱི་བརྡ་ཡིན་ལ། གཉིས་པ་ནི་དེ་ཁོ་ན་ཉིད་ཀྱི་བརྡའོ། །དེ་ལ་སྔགས་ཀྱི་བརྡ་ནི་རབ་ཏུ་བརྗོད་པ་སྟེ། འཇིག་རྟེན་པའོ། དེ་ཁོ་ན་ཉིད་ནི་དམ་པའི་དོན་ཅན་ཚིག་ཏུ་བརྗོད་པ་སྤངས་པའོ། །གང་དུ་རབ་ཏུ་བརྗོད་པའི་བརྡའ་ཡིན
་པར་དེར། ཨོཾ་ཨཱ(རྒྱུད་འགྲེལ་བཅུ་དྲུག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང། ། ནི་ཡིག་འབྲུ་ཀུན་གྱི་མཆོག་།དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་
་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་།ཚིག་ཀུན་རབ་ཏུ་གསལ་བར་བྱེད། ཅེས་པ་དང། ཡང་དེ་ཉིད་ཀྱི་ཏིང་ངེ་འཛིན་དྲ་བའི་ལེའུ་ལས། གསང་སྔགས་སྐྱེ་གནས་ཡི་གེ་མེད། །གསང
་སྔགས་ཆེན་པོ་རིགས་གསུམ་པ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ཅེས་སོ། །དེ་ཁོ་ན་ཉིད་དམ་པའི་དོན་ཅན་གྱི་གསང་སྔགས་ཀྱི་ཐེག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ལྟར་མྱ་ངན་ལས་འདས་པ་ཡེ་ཤེས
་ཀྱི་ཁམས་གཞོམ་དུ་མེད་ཅིང་བརྗོད་དུ་མེད་པ་སྟེ། བརྗོད་དུ་མེད་པའི་དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་ཅན་ནོ་ཞེས་སོ། །ནམ་མཁའ་ཨི་ཁམས་ལ་སོགས་པའི་སྔགས་ཀྱི་བརྡ་རབ་ཏུ་བརྗོད་པའི་མཚན་ཉིད་ཅན་མགྲིན་པ་ལ་སོགས་པ་ནས་བརྗོད
་པའི་ཆོས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདིར་ཨ་ཀུ་ཧ། རྣམ་པར་བཅད་པ་ནི་མགྲིན་པ་ལས་སོ། །ི་ཙུ་ཡ་ཤ་ནི་རྐན་ལས་སོ། །རི་ཏྲུ་རཱ་ཥ་ནི་སྤྱི་བོ་ལས་སོ། །ུ་པུ་ཝ་ཉཔ་ནི་མཆུ་ལས་སོ། །ལི་ཏུ་ལ་ས་ནི་སོ་ལས་སོ། །
་དེ་བཞིན་དུ་གནས་གཉིས་པ་དང། གནས་གསུམ་པ་དང། གནས་བཞི་པ་དང། གནས་ལྔ་པའི་སྔགས་ཏེ། བརྩེགས་པའི་རྣམས་ཀྱང་རབ་ཏུ་བརྗོད་པའི་བརྡས་རིག་པར་བྱའོ། །མིང་གི་རང་བཞིན་ཅན་དེ་དག་ཐམས་ཅད་ཀྱང་འཇིག་རྟེན
་པའི་དངོས་གྲུབ་སྒྲུབ་པའི་སླད་དུ། མིང་ཅན་གྱི་དངོས་པོ་རྣམས་གོ་བར་བྱེད་པའོ། །དེ་ཁོ་ན་ཉིད་ཀྱི་བརྡ་ཚིག་ཏུ་བརྗོད་པ་སྤངས་པ་དམ་པའི་དོན་ཅན་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་སྤངས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ
་སྒྲུབ་པའི་སླད་དུ་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱིས་རྒྱལ་པོ་ཐམས་ཅད་ལས་ངེས་པར་བསྟན་ཏོ། །སྦྱོར་བ་འདི་མཛའ་དག་ནི་ལུས་དབུས་སུ་སྟེ། དཀྱིལ་འཁོར་དག་དང་དབང་ནི་འཆད་པར་འགྱུར་བའི་རིམ་པས་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པ་མེད
་པའི་གནས་ཐོབ་པར་བྱ་བའི་སླད་དུ། བདག་གིས་བཤད་པར་བྱ་ཡིས་མིའི་བདག་པོ་བཟང་པོ་ཉོན་ཅིག་ཅེས་པ་སྟེ། བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་བསྡུས་པའི་མདོར་བསྟན་པའོ། །ད་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་བསྡུས་པ། སྡུད་པར
་བྱེད་པ་པོ་འཇམ་དཔལ་གྱིས་མཆོག་གི་དང་པོའི་སངས་རྒྱས་ལས། དུས་ཀྱིས་སྟོང་པ་རྣམས་ལས་ཤེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པས་བསྟན་པ་བདག་གི་དགྲོལ་བར་བྱའོ། །སྔགས་ཀྱི་ཚུལ་འདི་ལ། སྔགས་པ་ནི། (ཐེག་པ་གསུམ་གྱི་དེས་?་པ།།)་ཐེག་པ་གཅིག
་གི་འབྲས་བུར་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཐེག་པ་གསུམ་གྱི་དགོངས་པ་མི་ཤེས་པ་དེ་ནི་དུས་ལས་ཐམས་ཅད་མཁྱེན་པའི་ལམ་ལས་ཉམས་པར་འགྱུར་རོ། །སྔགས་ཀྱི་ཐེག་པ་ལ་ལྡེམ་པོར་དགོངས་པའི་སྐད་གཞན
་མི་ཤེས་པས་སྲོག་གཅོད་པ་ལ་སོགས་པ་དང། ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་ཉེ་བར་ལོངས་སྤྱོད་པ་བྱས་པ་དང། རྟག་པ་དང་ཆད་པའི་ཕྱོགས་བཟུང་བས་ཕྱི་རོལ་གྱི་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པར་གྱུར་ནས། སློབ
་དཔོན་གྱི་ཆས་ཀྱི་དཀོན་མཆོག་གསུམ་ལ་ཅོ་དྲིས་ནས་དམྱལ་བར་འགྲོ་བར་འགྱུར་རོ། །འདིར་འཇིག་རྟེན་ཕ་རོལ་དང་འཇིག་རྟེན་འདིའི་དོན་དུ་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའི་རྒན་པོ་བཞི་སྟེ། དེ་དག་ལས་ཡེ་ཤེས་ཀྱི་རྒན་པ་ནི།
་མངོན་པར་ཤེས་པ་ཐོབ་པ་དང། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་རྡོ་རྗེ་སློབ་དཔོན་དགེ་སློང་ངམ། ཁྱིམ་པ་མཆོད་པར་འོས་པ་དགེ་སློང་བཅུ་དང་མཉམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་མེད་ན་དཀའ་ཐུབ་ཀྱིས
་རྒན་པ་ནི་ངུར་སྨྲིག་འཛིན་པ་སྟེ། ངུར་སྨྲིག་འཛིན་པ་རྣམས་ལས་ལོ་དང། སྔགས་པ་རྣམས་ལས་དབང་གིས་རྒན་པ། ཁྱིམ་པའི་སློབ་དཔོན་རྣམས་ཀྱི་རྟག་ཏུ་ཕྱག་བྱ་བ་སྟེ། དཀའ་ཐུབ་ཀྱི་རྒན་པའི་ཕྱིར་དང། ཁྱིམ་པ་རྣམས་ལ
་མངོན་པར་ཤེས་པ་མེད་ཕྱིར་རོ། །ཐོས་པས་རྒན་པ་ནི། མཁས་པ་མཆོད་པར་འོས་པ། བསྟན་པ་གསལ་བར་བྱེད་པ། ཕས་ཀྱི་རྒོལ་བ་བདུད་ཀྱི་རིགས་རྣམས་འདུལ་བར་བྱེད་པ་སྟེ། འདི་དག་ནི་འཇིག་རྟེན་ཕ་རོལ་གྱི་དོན
་དུ་སེམས་ཅན་རྣམས་ཀྱི་མཉེས་པར་བྱ་བའོ། །ནོར་གྱིས་རྒན་པ་ནི་རྒྱལ་པོ་སྟེ། འཇིག་རྟེན་འདིའི་ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཀྱིས་མཉེས་པར་བྱ་བའོ། །དེ་ལྟ་རྒན་པོ་བཞི་ནི་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའོ། །དེའི་ཕྱིར་
་ཐེག་པ་གསུམ་ཤེས་པ་བོ་ནི་དཀའ་ཐུབ་ཀྱིས་རྒན་པ་སྟེ། ཁྱིམ་པ་ལ་ནི་ཇི་སྲིད་དཀའ་ཐུབ་པར་མ་གྱུར་པར་ཉན་ཐོས་ཀྱི་ཐེག་པ་ལས་སོ་སོར་ཐར་པ་མཉན་པའི་སྐབས་མེད་དོ། །དེའི་ཕྱིར་ཁྱིམ་པ་ནི་མངོན་ཤེས་དང། ལྡན་པ་མ་གཏོགས
་པ་རྒན་པོར་མི་འགྱུར་ཞིང། ཁྱིམ་པ་རབ་ཏུ་བྱུང་བ་དང་བྲལ་བ་སྣ་ཚོགས་ཁང་དང་གཙུག་ལག་ཁང་ལ་ཉེ་བར་ལོངས་སྤྱོད་པ་ཡང་བཅོམ་ལྡན་འདས་ཀྱི་ཐེག་པ་གང་དུ་ཡང་མ་གསུངས་སོ། །དེ་བས་ན་ཐེག་པ་གསུམ་ཡོངས་སུ་ཤེས་པར་བྱ་བའི
་སླད་དུ་དང་པོར་བྱེ་བྲག་ཏུ་སྨྲ་བའི་གཞུང་ལ་བརྟེན་ནས། རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཀྱི་འཇིག་རྟེན་གྱི་ཁམས་ཡོད་ཅིང། དེ་བཞིན་དུ་ཁུར་ཁུར་བའི་གང་ཟག་ཡོད་དེ། རྟག་པ་འམ་མི་རྟག་པར་བདག་མི་སྨྲའོ། །ཞེས་བཅོམ་ལྡན
་འདས་ཀྱིས་གསུངས་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་འབྱུང་བ་དང། འགག་པ་དང་ཆགས་པ་དང། འཇིག་པའི་དུས་ཀྱང་རིག་པར་བྱའོ། །དེས་ན་ཆགས་པ་ནི་འབྱུང་བའི་དུས་ཀྱི་དབང་གིས། སྟོང་པ་རྣམས་ལས་ཤེས་པ་ལ
་སྟོང་པ་རྣམས་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྡུལ་ཕྲ་རབ་ཀྱི་ངོ་བོས་རྣམ་པར་གནས་པ། ས་དང་ཆུ་དང་མེ་དང་རླུང་དང་རོའི་རྫས་ཡོན་ཏན་ལྔ་དང་བཞི་དང་གསུམ་དང་གཉིས་དང
་གཅིག་གི་རང་བཞིན་རྣམས་དང། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སྟོང་པ་རྣམས་སོ། །སྟོང་པ་རྡུལ་ཕྲ་རབ་དེ་རྣམས་ལས་འབྱུང་བའི་དུས་ཀྱི་དབང་གིས། རླུང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དེ་རྣམས་ཀྱི་ནང་ནས་དང་པོར་རེ
་ཞིག་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བར་འགྱུར་རོ། །འབྱར་བ་དེ་ལུས་ཡང་ཞིང་གཡོ་བ་ཉིད་དུ་བགྲོད་པ་ནི་རླུང་ཞེས་བརྗོད་དོ། །དེ་བཞིན་དུ་མེའི་རྡུལ་ཕྲ་རབ་རྣམས་ཀུན་ཏུ་འབྱར་བར་གྱུར་པ་རླུང་དང་ལྡན་པའི་གློག་ནི་མེ་ཞེས་བརྗོད་དོ། །
་དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་རྣམས་འདུས་པ་ཀུན་ཏུ་འབྱར་བར་གྱུར་པ་རླུང་དང་མེ་དང་ལྡན་པའི་ཆར་ནི་ཆུ་ཞེས་བརྗོད་དོ། །དེ་བཞིན་དུ་སའི་རྡུལ་ཕྲ་རབ་ཀུན་ཏུ་འབྱར་བ་ནམ་མཁའ་ལ་དབང་པོའི་གཞུང་སྣང་བ་ནི་འཛིན་མ་ཞེས་བརྗོད་དོ། །རོའི་རྡུལ
་ཕྲ་རབ་རྣམས་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པ་སྟེ། དེ་ལྟར་སྟོང་བ་ལྔ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་རྣམས་སུ་འགྱུར་རོ། །ཡང་དག་པར་འཛིན་པ་དང་བསྒྲུབ་པ་དང་དབྱིབས་ཀྱི་རླུང་གི་མཐུ་ལས། གླིང་དང་རི་བོ་རྒྱ་མཚོ་དང། ཞེས
་པ་ལ། གླིང་ནི་བདུན་ནོ། །རི་བོ་ནི་བདུན་ནོ། །རྒྱ་མཚོ་ནི་བདུན་ནོ། །རྒྱུ་སྐར་དང་ནི་ཉི་ཟླ་སྐར་མ་གཟའི་ཚོགས་དང་དྲང་སྲོང་ཞེས་པ་ལ། རྒྱུ་དང་སྐར་ནི་ཉི་ཤུ་རྩ་བདུན་དང་དེའི་འབྲེལ་པ་མཛའ་ཡས་པའོ། །ཉི་ཟླ་ནི་ཟླུམ་པོའི་རྣམ་པའོ། །སྐར
་མ་གཟའི་ཚོགས་ཤེས་པ་ནི་དེ་བཞིན་ཉིད་དུ་སྐར་མའི་རྣམ་པ་ཅན་བཀྲ་ཤིས་ལ་སོགས་པ་རྣམས་སོ། །དྲང་སྲོང་ནི་སྐར་མ་བདུན་ནོ། །ལྷ་དང་འབྱུང་པོ་ཀླུ་རྣམས་དང་ཞེས་པ་ལ། ལྷ་ནི་རྒྱལ་ཆེན་བཞིའི་རིས་ལ་སོགས་པའོ། །འབྱུང་པོ་ནི
་གཞན་གྱིས་མི་ཐུབ་པ་དང་ཡི་དགས་ལ་སོགས་པའི་ཀླུ་ནི་མཛའ་ཡས་ལ་སོགས་པའོ། །དུད་འགྲོའི་སྐྱེ་གནས་རྣམ་པ་བཞི་དང་ཞེས་པ། སྒོ་ང་ལས་སྐྱེས་པ་ནི་ནམ་མཁའ་ལྡིང་ལ་སོགས་པ་སྟེ། རླུང་གི་སྐྱེ་གནས་སོ། །མངལ་ནས་སྐྱེས་པ་ནི་གླང་པོའི
་དབང་པོ་ལ་སོགས་པ་སྟེ་མིའི་སྐྱེ་གནས་སོ། །དྲོད་གཤེར་ལས་སྐྱེས་པ་ནི་སྲིན་པོ་དང་ཕྱེ་མ་ལེབ་དང་གྲོག་སྦུར་ལ་སོགས་པ་སྟེ་ཆུའི་སྐྱེ་གནས་སོ། །བརྫུས་ཏེ་སྐྱེས་པ་ནི་ལྗོན་པ་ལ་སོགས་པ་སྟེ་སའི་སྐྱེ་གནས་སོ། །དེ་བཞིན
་དུ་བརྫུས་ཏེ་སྐྱེས་པ་ཆེན་པོ་ནི་རོའི་སྐྱེ་གནས་སོ། །སྣ་ཚོགས་ས་དང་འོག་ཏུ་ཞེས་པ་ལ། ས་ཞེས་པ་ནི་ལུང་གི་ཚིག་གོ་།སྣ་ཚོགས་ཀྱང་དེ་ཡིན་ལ་ས་ཡང་དེ་ཡིན་པའི་ཕྱིར་སྣ་ཚོགས་ས་སྟེ། གླིང་བདུན་གྱི་རང་བཞིན་དང་དུམ་བུ་བཅུ་གཉིས་ཀྱི
་རང་བཞིན་ནོ། །དེའི་འོག་ནི་སྣ་ཚོགས་སའི་འོག་སྟེ། །ཀླུའི་སྲིད་པ་དང་དམྱལ་བའི་སྲིད་པ་བདུན་ནོ། །སྣ་ཚོགས་ས་དེ་ལ་མི་རྣམས་དང། འོག་དམྱལ་བའི་སྲིད་པར་དམྱལ་བ་རྣམས་ཏེ། ཡང་ཡིག་ནི་བསྡུ་བའི་དོན་ཏོ། །སྟོང་པའི་དབུས་སུ
་ཡང་དག་འབྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོ་ང་སྐྱེས་བཞིན། ཞེས་པ་ནི་འདིར་བསྟན་པ་རྣམས་བསྐྱེད་པ་ལ་ལན་ཚྭ་དང། གཡོ་བ་རྣམས་བསྐྱེད་པ་ལ་སྒོ་ང་དཔེར་འགྱུར་ཏེ། དང་ཞེས་པ་ནི་སྡུད་པའོ། །དཔེར་ན་ཉི་མའི་འོད་ཀྱི་སྦྱོར་བ
་ལས་ལན་ཚྭའི་ཆུའི་རྡུལ་ཕྲ་རབ་རྣམས་ལན་ཚྭ་སྲ་བ་ཉིད་དུ་འགྱུར་བ་དེ་བཞིན་དུ་ལྷུན་པོ་ལ་སོགས་པ་བརྟན་པ་རྣམས་སོ། །དཔེར་ན་ཁུ་བ་ཞུ་བའི་རྡུལ་ཕྲ་རབ་རྣམས་སྒོ་ངའི་དབུས་སུ་གདོང་བའི་ལུས་ལ་སོགས་པའི་ཆ་ཤས་ཉིད་དུ་འགྱུར
་པ་དེ་བཞིན་དུ་གཡོ་བ་སེམས་ཅན་རྣམས་རིག་པར་བྱའོ། །འཇིགས་རྟེན་གྱི་ཁམས་འདིའི་འབྱུང་བ་ནི་ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ། །འཇིག་རྟེན་གྱི་ཁམས་བསྡུས་པའི་མདོར་བསྡུས་ཆེན་པོའོ། །ད་ནི་འཇམ་དཔལ་གྱི་ལུས་དང་ཞེས་པ་ལ
་སོགས་པ་སྔ་མའི་རིམ་པས་བསྟན་པ་རྡོ་རྗེའི་ལུས་བསྡུས་པའི་ཚིགས་སུ་བཅད་པ་ལྔ་པ་བདག་གིས་དགྲོལ་བར་བྱ་སྟེ། ལུས་ཞེས་པ་ནི་ཟླ་བ་སྒྲིབ་པ་དང་བྲལ་བའོ། །ཡེ་ཤེས་ཤེས་པ་ནི་ཉི་མ་སྒྲིབ་པ་དང་བྲལ་བའོ། །ནམ་མཁའ་ཞེས་པ་ནི
་ནམ་མཁའ་ཨི་ཁམས་སྒྲིབ་པ་དང་བྲལ་བ་སྟེ། དེ་བཞིན་དུ་རླུང་གི་ཁམས་དང། མེའི་ཁམས་དང། ཆུའི་ཁམས་དང། སའི་ཁམས་སོ། །བརྟན་པ་ཞེས་པ་ནི་ལྔའི་བདག་ཉིད་བརྟན་པའི་ཁམས་སྒྲིབ་པ་དང་བྲལ་བའོ། །གཡོ་བ་ཞེས་པ་ནི་ཁམས
་དྲུག་གི་བདག་ཉིད་ཀྱི་གང་ཟག་གི་ཁམས་སྒྲིབ་བ་དང་བྲལ་བའོ། །ལྷ་ནི་མཐོང་བ་སྐྱེད་མིན་དག་ཅེས་པ་ནི་ལྷ་ཡང་དེ་ཡིན་ལ་མཐོང་བ་སྐྱེད་མིན་ཡང་ཡིན་པ་དེ་ནི་ལྷ་ནི་མཐོང་བ་སྐྱེད་མིན་ཏེ། གཟུགས་མེད་པའི་སྲིད་པ་རྣམ་པར་ཤེས་པའི
་ང་རྒྱལ་ཙམ་དང་ལྡན་པ། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་པ་བཞིའོ། །དེ་ལྟར་ལུས་ལ་སོགས་པ་རྡོ་རྗེ་ཡེ་ཤེས་ཀྱི་རྟེན་སྲིད་པ་རྣམ་པ་བཅུར་དེ་བཞིན་གཤེགས་པས་གསུངས་པ་རྡོ་རྗེའི་ལུས་ལ་སྔགས་ཀྱི་སྐྱེ
་གནས་ཐིག་ལེ་ལ་སོགས་པ་འབྱུང་བར་འགྱུར་རོ། །མིའི་བདག་པོ་ནི་བོད་པའོ། །འདིར་སྔགས་ཀྱི་སྐྱེ་གནས་ནི་ཟླ་བ་ལས་ཐིག་ལེ་དང། ཉི་མ་ལས་རྣམ་པར་བཅད་པ། ནམ་མཁའ་ཨི་ཁམས་ལས་ཨ་དང། རླུང་གི་ཁམས་ལས་ཨི་དང།
་མེའི་ཁམས་ལས་རི་དང། ཆུའི་ཁམས་ལས་ཨུ་དང། སའི་ཁམས་ལས་ལི་དང། བརྟན་པའི་ཁམས་ལས་གསལ་བྱེད་མ་དང། གཡོ་བའི་ཁམས་ལས་གསལ་བྱེད་ཀྵ་དང། གཟུགས་མེད་པའི་ཁམས་ལས་གསལ་བྱེད་ཧ
་ཡིག་སྟེ། སྔགས་ཀྱི་ཚིག་འདི་དག་གཡོན་བསྐོར་གྱི་དགོད་པར་བྱའོ། །དེ་ལྟར་གསལ་བྱེད་སྔ་མ་གསལ་བྱེད་ཕྱི་མའི་སྟེང་དུ་འགྲོའོ། །ལི་ཡིག་ལ་སོགས་པ་རྣམས་ནི། ཨི་ཀ་ནི་ཨ་ཙ་ལ་ཡ་ཎའོ་ཞེས་པས་ཡ་ཎར་བསྐྱར
་ཏེ་མཛའ་ཨི་ཨ་ཡིག་གིས་ཡང་དག་པར་སྦྱར་རོ། །རྣམ་པར་བཅད་པ་ཟླ་བ་ཕྱེད་པའི་རྣམ་པའོ། །ཐིག་ལེ་ཟླུམ་པོའོ། །ཡེ་ཤེས་རྩེ་མོའི་རྣམ་པའོ། །ཡོན་ཏན་དང་འཕེལ་བ་ལ་སོགས་པའི་སྔགས་རྣམས་ཀྱི་སྔགས་ཀྱི་སྐྱེ་གནས་ནི་འདི་སྟེ།
་ཧ་ཀྵ་མ་ལི་ཨུ་རི་ཨི་ཨ(རྒྱུད་འགྲེལ་ཡིག་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ལ་ཡིག་སཱི་དཀྱིལ་འཁོར་རོ། །དེའི་སྟེང་དུ་མ་ཡིག་ལྷུན་པོ་རྣམ་པ་ལྔའོ། །དེའི་སྟེང་དུ་ཀྵ་ཡིག་པདྨའི་ཚུལ་གྱིས་གཡོ་བའི་ཚོགས་སོ། །དེའི་སྟེང་དུ་གཟུགས་མེད་པའི་ཚོགས་ཧ་ཡིག་གོ་།
་ཧ་ཡིག་ལས་རྣམ་པར་བཅད་པ་ཉི་མ་དང། ཐིག་ལེ་ཟླ་བ་དང་ནཱ་ད་རྡོ་རྗེའི་མཚན་མ་རྩེ་ཅིག་པོ་སྟེ། དེ་ལྟར་རྡོ་རྗེའི་ལུས་དང་འཇིག་རྟེན་གྱི་ཁམས་དང་དཀྱིལ་འཁོར་གྱི་རྣམ་པ་ནི་འཆད་པར་འགྱུར་པས་བཤད་པར་བྱའོ། །དེ་ལྟར
་སྔགས་ཀྱི་སྐྱེ་གནས་འབྱུང་བར་འགྱུར་ཞིང། སླར་ཡང་འདི་ཉིད་དུ་གྲོལ་ཏེ། ཞེས་པ་ནི་སླར་ཡང་སྡུད་པའི་དུས་སུ་འདི་ཉིད་ལ་གྲོལ་བ་སྟེ། ཐིམ་པར་འགྱུར་ཞེས་པའོ། །དེ་ལྟར་གང་གིས་ཡང་དག་རིག་པ་ཞེས་པ་ནི་དེ་ལྟར་བརྗོད་པའི
་རིམ་པས་སྒྲིབ་པ་དང་བྲལ་བ་འདིས་རྡོ་རྗེའི་ལུས་གང་སུ་ཞིག་གིས་རིག་པའོ། །དེ་ནི་ཕྱུགས་མིན་ཞེས་པ་ཕྱུགས་ཏེ་མི་ཤེས་པའོ། །སེམས་ཀྱི་ཀུན་ཏུ་རྟོག་པ་དག་ལས་གྲོལ་ཞེས་པ་ལ། ཀུན་ཏུ་རྟོག་པ་ནི་དཀྱིལ་འཁོར་དུ་བརྟགས་པའི
་ཆོས་ཏེ་དེ་ལས་གྲོལ་བ་ནི་སེམས་ཀྱི་ཀུན་ཏུ་རྟོག་པ་དག་ལས་གྲོལ་བའོ། །རྣམ་པ་བཅུ་པོ་འདི་མདོར་བསྡུས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་སྟོད་པ་ལས་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། རྣམ་པ་བཅུ་པོའི
་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག་།ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག་།དེ་བཞིན་ཉིད་བདག་དག་པའི་བདག་།བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད
་སྨྲས་པ་དེ་བཞིན་བྱེད། །གཉིས་མེད་གཉིས་སུ་མེད་པར་གསུངས། །ཡང་དག་མཛའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། ཅེས་སོ། །རྡོ་རྗེའི་ལུས་བསྡུས་པའི་མདོར་བསྡུས་སོ། །ད་ནི་སྒྲ་གཅན
་འབྱུང་བ་བསྡུས་པའི་ཚིགས་བཅད་དྲུག་པ་གཡོན་གྱི་ཡན་ལག་ཅེས་པ་ལ་སོགས་པ་བདག་གིས་དགྲོལ་བར་བྱ་སྟེ། གཡོན་གྱི་ཡན་ལག་ཏུ་ནི་དཀར་པོ་འབར་བ་ཞེས་པ་ལ་སྔར་བརྗོད་པའི་གཞོམ་དུ་མེད་པ་དབུས་ན་གནས་པ་འཁྱོག་པོ་ཁྱེད
་ཀྱི་མཚན་མའི་མིང་ཅན་གྱི་གཡོན་གྱི་ལག་ཏུ་ཐིག་ལེ་གཅིག་སྟེ། དེ་ཡང་དཀར་པོ་འབར་བ་ཞེས་པ་ཡེ་ཤེས་དཀར་པོའི་འོད་ཟེར་རོ། །འགྲོ་བའི་བདུད་རྩིའི་ཆ་ནི་ཆ་ཤས་ཉིད་དོ། །གཡས་སུ་དམར་པོའི་མདོག་ཅེས་པ་ནི། གཞོམ་དུ་མེད་པ་དེའི་གཡས
་སུ་རྣམ་པར་བཅད་པའི་མཚན་མའི་མིང་ཅན་དམར་པོ་འབར་བ་ཡེ་ཤེས་དམར་པོའི་འོད་ཟེར་རོ། །དེ་དག་གི་ཕྱི་རོལ་གཡོན་དང་གཡས་སུ་ཡང་གྲངས་ཇི་ལྟ་བར་སྒྲ་གཅན་དང་དུས་མེད་པར་འགྱུར་རོ། །དེ་ནས་ཟླ་བ་ཉི་མར་འགྱུར་རོ། །དེ་བཞིན་དུ་གཟའ
་ལག་པ་དང་བཀྲ་ཤིས་དང། པ་སངས་དང་ཕུར་བུ་དང། མཇུག་རིངས་དང་སྤེན་པ་དང་ཆར་དང་གློག་དང་ཆུ་དང་མེ་སྟེ། ཟུང་བདུན་པོ་འཇིག་རྟེན་ལ་ནི་འཇིག་རྟེན་གྱི་ཁམས་ལ་གནས་པ་སྟེ། དེ་ཉིད་ནི་ངེས་པའི་དོན་ཏོ། །འདི་རྣམས་ལ་སྔགས་ཀྱི་ཚིག་ནི་གྲངས
་ཇི་ལྟ་བ་བཞིན་གཡོན་དང་གཡས་སུ། ཨཾ་ཨ(རྒྱུད་འགྲེལ་པ་དང་བྲལ་བ་དཀར་པོ་དང་དམར་པོའི་ཡེ་ཤེས་ཀྱི་འོད་ཟེར་གྱི་རང་བཞིན་གཞོམ་དུ་མེད་པའི་གཡོན་དང་གཡས་ལ་གནས་པ་ནི་གཞོམ་དུ་མེད་པའི་ཡན་ལག་ཡིན་གྱི་གཞན་མ་ཡིན་ནོ། །རྒྱབ་ཏུ་སེར་པོ་ཡང་ཞེས་པ་ལ། ཡང་ཡིག་གིས་ནི་ཡེ་ཤེས་སེར་པོའི
་འོད་ཟེར་རོ་ཞེས་པའི་དོན་ཏོ། །གཞོམ་དུ་མེད་པའི་རྒྱབ་ཏུ་ཐོང་བའི་རྣམ་པའི་མཚན་མའི་མིང་ཅན་ནོ། །དེའི་ཕྱི་རོལ་ནུབ་ཏུ་རྣམ་པ་དང་བཅས་པའི་སེར་པོ་འབར་བའོ། །དེ་ནས་སྐར་མ་ཕྲ་མོ་དང་སྐར་མ་བོན་པོའོ། །དེ་བཞིན
་དུ་ལྷའི་གཞུའོ། །ས་ནི་རྣམ་པ་གཉིས་ཏེ། ས་དང་རྡོ་བའི་གཟུགས་སོ། །དེ་ལྟར་སེར་པོ་འབར་བ་དེ་ནི་རྣམ་པ་བཞི་དང་རྣམ་པ་གཉིས་སུ་འགྱུར་རོ། །སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོར་རྩ་བ་དག་དང་མདུན་དུའོ། །
་ཞེས་པ་ནི་གཞོམ་དུ་མེད་པ་དེའི་སྟེང་དུ་འོད་ཟེར་ལྗང་གུ་སྟེ་ཕྱི་རོལ་ཏུ་སྟོད་པའི་ས་བོན་ལས་བྱུང་བ་སྲོག་གི་རླུང་ངོ། །འོག་ཏུ་འོད་ཟེར་སྔོན་པོ་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་ས་བོན་ལས་བྱུང་བ་ཐུར་དུ་སེལ་བའི་རླུང་ངོ། །མདུན་དུ་འོད་ཟེར་ནག་པོ་སྟེ། ཕྱི་རོལ
་ཏུ་མཉམ་ནས་ཤེས་བྱ་བའི་རླུང་ངོ། །དེ་ནས་གྱེན་དུ་རྒྱུ་བ་དང། །དེ་བཞིན་དུ་ཁྱབ་བྱེད་དང། ཀླུ་དང། རུས་སྦལ་དང་རྩངས་པ་དང། ལྷས་བྱིན་དང། ནོར་ལས་རྒྱལ་བ་སྟེ་རླུང་བཅུའོ། །འདི་དག་ལས་འོག་དང་སྟེང་དུ་ཟུང་གཅིག་སྟེ། ཤར
་དང་ནུབ་ཏུ་ནི་རླུང་དང་ས་ཟུང་བདུན་ནོ། །ནོར་ལས་རྒྱལ་བ་ནི་མ་ནིང་སྟེ། ཤི་བའི་ལུས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །འདི་རྣམས་ལ་སྔགས་ཀྱི་ཚིག་ནི་སྟེང་དང། འོག་ཏུ་ཉ་དཱའོ། །ཤར་དང་ནུབ་ཏུ་གྲངས་ཇི་ལྟ་བས། ཨ་ཨཱ། ཨི་ལཱི།།
་ཨའི་ལཱི། ཨེ་ཨལ། ཨི་ཨཱལ། ཡ་ལ། ཡཱ་ལཱ་ཀྵ་ཞེས་པ་ཟུང་བདུན་ནི་ཤར་དང་ནུབ་ཏུའོ། །སྟེང་འོག་ཟུང་ཅིག་ནི་མུན་པའི་མཐར་རོ། །ཟུང་བདུན་པོ་རྣམས་ནི་ཐུན་འཚམས་བཞིའི་དབྱེ་བས་གཟའ་བདུན་པོ་རྣམས་ཀྱི་ལྷག་པའི་ལྷའོ། །གཟའ་ཉི་མ་ལ་མཚན
་ཕྱེད་ནས་ཤར་ནས་འཆར་བ་ལ་ཨ། ལྷོ་ནས་འཆར་བ་ལ་ཨ(རྒྱུད་འགྲེལ་པ་སངས་ལ་ཡ་ར་ལ་ཝ། སྤེན་པ་ལ་ཡཱ་རཱ་ལཱ་ཝཱ། ཞེས་པ་རིམ་པ་ཇི་ལྟ་བ་བཞིན་གཟའ་བདུན་པོ་རྣམས་ཀྱི་ས་བོན་ནོ། །དབུས་ཀྱི་རྡོ་རྗེའི་སྟེང་དུ་ས་བོན་ཞེས་པ་ནི། སྟེང་དང་འོག་དང་ཤར་དང་ལྷོ་དང་ནུབ་དང་བྱང་གི་ས་བོན་རྣམས་ཀྱི་དབུས་ཀྱི་གཞོན
་ནུ་མེད་པ་གྲི་གུག་གི་རྣམ་པ་རྡོ་རྗེའོ། །དེའི་སྟེང་གི་ས་བོན་རྗེས་སུ་ང་རོ་སྟེ། གཡོན་གྱི་ཡན་ལག་ལ་གང་གནས་པ་དེ་སྟེང་དུ་འགྱུར་རོ། །རང་གི་ནུས་པ་ཡོན་ཏན་ཚོགས་དང་བཅས་པ་འོག་ཏུ་གནས། ཞེས་པ་ནི་རྗེས་སུ་ང་རོའི་ནུས་པ་རྣམ་པར་བཅད
་པའོ། །དེའི་ཡོན་ཏན་ནི་འོད་ཟེར་དམར་པོ་ཡིན་ལ། དེ་དང་བཅས་པའི་ནུས་པ་ནི་ཡོན་ཏན་ཚོགས་དང་བཅས་པ་སྟེ། རྗེས་སུ་ང་རོའི་འོག་ཏུ་ཟླ་བ་ཕྱེད་པ་ནི་རྣམ་པར་གནས་པའོ། །རང་གི་ནུས་པ་ཞེས་པས་མ་གསུངས་པ་ཉིད་ལ་ཤར་དང་ནུབ་ཀྱི
་མཚན་མ་ནི་གཞོམ་དུ་མེད་པའི་རྐང་པ་དང་མགོ་བོ་ལའོ། །དེ་ལྟར་ན་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་རྡོ་རྗེ་སེམས་དཔའ་ཨི་ཡུལ་ལ་ཝཾ་ཡིག་སྟེ། རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་པ་ལ་ཧཾ་ཡིག་གོ་།དེའི་ཕྱི་རོལ་དུ་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཝཾ་ཡིག
་གི་ཕྱོགས་ལ་བརྟེན་ཨེ་ཡིག་ཅེས་བརྗོད་ཅིང་ཧཾ་ཡིག་གི་ཕྱོགས་ལ་སྐྱེ་གནས་ཀྵ་ཡིག་སྟེ་རྡོ་རྗེ་དང་པདྨ་ཡང་ངོ། །ཀུན་ཏུ་ཡེ་ཤེས་དང་ནི་སྟོང་པ་ཞེས་པ་ལ། ཡེ་ཤེས་ཀྱི་སྒྲས་གཞོམ་དུ་མེད་པའི་སྟེང་གི་རྣམ་པར་བཅད་པ་ཟླ་བ་ཕྱེད་པའི་རྣམ་པ་སྟེ། ཀུན
་ཏུ་ཞེས་པ་ནི་ཕྱི་རོལ་གྱི་ཡི་གེ་ཐམས་ཅད་ལ་འགྱུར་རོ། །སྟོང་པ་ནི་ཐམས་ཅད་ལ་ཐིག་ལེའོ། །ཞི་བ་གནས་དང་བཅས་པ་དངོས་པོ་ཀུན་གྱི་རྣམ་པར་གྲོལ་ཞེས་པ་ལ། ཞི་བ་ནི་གཞོམ་དུ་མེད་པའོ། །དེའི་གནས་ནི་ཤར་དང་ནུབ་ཀྱི་མཚན་མ་སྟེ། དེ་དང་བཅས
་པའི་ཞི་བ་དངོས་པོ་ཀུན་གྱི་རྣམ་པར་གྲོལ་བའོ། །དེ་ཉིད་ཀུན་ཏུ་སྟེ་ཕྱི་རོལ་གྱི་ཡི་གེའི་ཆོས་ཐམས་ཅད་ལ་རྐང་པ་དང་མགོར་རླུང་དང་ས་དག་གྲངས་ཇི་ལྟ་བ་བཞིན་ནོ། །མགོའི་སྟེང་དུ་ཆ་དང་ཆའི་སྟེང་དུ་ཐིག་ལེ་དང། ཐིག་ལེའི་སྟེང་དུ་ནཱ་ད
་གཞོམ་དུ་མེད་པ་བརྗོད་པའོ། །འདིའི་སྔགས་ཀྱི་ཚིག་རྣམས་ནི། །ེཾ་ཝཾ་ཀྵཾ་ཧཾ་ཨཾ་ཨཾ། ཨཾ་ཨཱཾ། ཨོཾ་ཨའིཾ། རཾ་རཱིཾ། ལིཾ་ལཱིཾ། ཨུཾ་ཨའུཾ། ཨེཾ་ཨིཾ་ཨ་རཾ་ཨཱ་རཾ། ཨ་ལཾ་ཨཱ་ལཾ། ཨོཾ་ཨཽཾ། ཧཾ་ཧཱཾ། ཡཾ་ཡཱཾ། རཾ་རཱཾ། ལེཾ
་ལཱཾ། ཝཾ་ཝཱཾ་ཀྵཾ། དེ་ལྟར་ཁྱབ་པར་བྱ་བ་སྔགས་ཀྱི་ཚིག་ཐམས་ཅད་ལ་སྟོང་པ་ཆེན་པོ་ཡི་གེ་ལྔ་ཁྱབ་པར་བྱེད་པ་པོར་རིག་པར་བྱའོ། །འདིའི་མདོར་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ།
་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང། །ཆེ་བ་སངས་རྒྱས་རིག་སྔགས་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་ནི་རྣམ་པར་དག་།ཅེས་དང་དེ་བཞིན་དུ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །རྡུལ་མེད་རྡུལ་ཕྲལ
་དྲི་མ་མེད། ཉེས་པ་སྤངས་པ་སྐྱོན་མེད་པ། ཞེས་སོ། །སྒྲ་གཅན་ལ་སོགས་པ་འབྱུང་བ་བསྡུས་པའི་མདོར་བསྡུས་སོ། །ད་ནི་ཨ་སོགས་སུམ་ཅུ་ཞེས་པ་ལ་སོགས་པས། ཟླ་བའི་ཆ་འཕེལ་བ་དང་འགྲིབ་པ་དང་ཉི་མའི་བགྲོད་པས་མཚན་མོ
་དང་ཉིན་མོ་འཕེལ་བ་དང་འགྲིབ་པ་ལ་སོགས་པ་སྡུད་པའི་ཚིགས་བཅད་བརྒྱད་པ་བདག་གིས་དགྲོལ་བར་བྱའོ། ། སོགས་སུམ་ཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་དེ་དག་ཟླ་བའི་ཆ་དང་ཞེས་པ་ནི། ཨ་ཡིག་དང་པོ་ཡིན་པའི་ཨི་ཡིག་ལ
་སོགས་པ་གང་ཡིན་པ་དེ་དག་ཀྱང་ཨ་ལ་སོགས་པ་སྟེ། ཧ་ཡ་ར་ཝ་ལར་ལྡན་ཐུང་ངུ་དང་རིང་པོ་དང་ཡོན་ཏན་དང་འཕེལ་བའོ། །ཧ་ལ་སོགས་པ་ཡ་ཎར་སྒྱུར་བ་ཐུང་ངུ་དང་རིང་པོའི་དབྱེ་བས་སུམ་ཅུར་འགྱུར་རོ། །ཟླ་བའི་ཆ་འཕེལ་བ་དང་འགྲིབ་པའི་རྒྱུར
་གྱུར་པ་དེ་དག་ཀྱང་ཚེས་གཅིག་ལ་སོགས་པ་ལྔའི་དབྱེ་བ་གསུམ་དུ་འགྱུར་རོ། །དགའ་བ་ལ་སོགས་པའི་དབྱེ་བས། དགའ་བ་རྣམ་པ་གསུམ་དང། བཟང་པོ་རྣམ་པ་གསུམ་དང། རྒྱལ་བ་རྣམ་པ་གསུམ་དང། སྟོང་པ་རྣམ་པ་གསུམ་དང། རྫོགས
་པ་རྣམ་པ་གསུམ་སྟེ་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བ་དང། ཆུང་ངུ་དང་འབྲིང་དར་ཆེན་པོའི་དབྱེ་བས་སོ། །འཕེལ་བའི་ཆ་བཅོ་ལྔ་དཀར་པོའི་ཕྱོགས་ལ་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་ངོ་བོས་གནས་པ་རྣམ་པ་གསུམ་མོ། །འདིར་ཚེས་གཅིག་ཨ།
་གཉིས་པ་ཨི། གསུམ་པ་རི། བཞི་པ་ཨུ། ལྔ་པ་ལི། དགའ་བ་དང། བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ནི། ནམ་མཁའ་དང་རླུང་དང། མེ་དང་ཆུ་དང་སའི་ཁམས་རྣམས་གྲངས་ཇི་ལྟ་བ་བཞིན་ཏེ། མུན་པ་གསལ་བ་དང་པོ་ཆུང་ངུའི་ཚད་དོ།
་དེ་ནས་རིམ་པ་གཉིས་པ་ལ་ཡོན་ཏན་གྱི་དབྱེ་བས། དྲུག་པ་ཨ། བདུན་པ་ཨེ། བརྒྱད་པ་ཨར། དགུ་པ་ཨོ། བཅུ་པ་ཨལ། དགའ་བ་དང། བཟང་པོ་དང་རྒྱལ་བ་དང་སྟོང་པ་དང། རྫོགས་པ་ནི་ནམ་མཁའ་དང་རླུང་དང། མེ་དང་ཆུ་དང་སའི་ཁམས
་རྣམས་ཏེ། དང་པོའི་སྡེ་ཚན་གྱི་མུན་པ་གསལ་བ་དང་པོ་ཆུང་ངུའི་ཚད་གང་ཡིན་པ་དེ་འབྲིང་པོའི་ཚད་དུ་གྱུར་པ་དང། རྡུལ་གསལ་བ་ཆུང་ངུའི་ཚད་དོ། །དེ་ནས་སྡེ་མཚན་གསུམ་པ་ཧ་ལ་སོགས་པ་ཡ་ཎར་བསྒྱུར་བ་རྣམས་ཏེ། བཅུ་གཅིག་པ་ཧ། བཅུ
་གཉིས་པ་ཡ། བཅུ་གསུམ་པ་ར། བཅུ་བཞི་པ་ཝ། ཟླ་བ་ཉ་བ་ལ། དགའ་བ་དང་བཟང་པོ་དང་རྒྱལ་བ་དང། སྟོང་པ་དང་རྫོགས་པ་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་ཏེ། གཉིས་པའི་སྡེ་ཚན་གྱི་རྡུལ་འབྲིང
་པོའི་ཚད་དང། དང་པོའི་སྡེ་ཚན་གྱི་མུན་པ་གསལ་བ་ཆུང་ངུའི་ཚད་ནི་ཆེན་པོའི་ཚད་དོ། །འདིའི་དབྱེ་བ་རྣམ་པ་ལྔ་སྟེ། སྙིང་སྟོབས་ཀྱི་དབྱེ་བས་བཅུ་གཅིག་པ་ལ་དང་པོའི་ཚེས་གཅིག་གི་ཆ་ཆེན་པོའི་ཚད་བུ་མོའོ། །བཅུ་གཉིས་པ་ལ་གཞོན་ནུ་མའོ། །
་བཅུ་གསུམ་པ་ལ་ལང་ཚོ་མའོ། །བཅུ་བཞི་པ་ལ་རྒན་མོའོ། །བཅོ་ལྔ་པ་ལ་ཡོངས་སུ་སྨིན་པར་འགྱུར་བའོ། །དེ་ལྟར་ཚེས་གཅིག་གི་ཆ་བཅོ་ལྔ་པ་ལ་ཡོངས་སུ་སྨིན་པར་གྱུར་པ་ནི་རྫོགས་པ་ཞེས་མངོན་པར་བརྗོད་དེ། དེ་ལྟར་དཀར་པོའི
་ཕྱོགས་ལ་ཟླ་བའི་ཆ་འཕེལ་བ་བཅོ་ལྔའི་དབྱེ་བས་ཐ་དད་དོ། །དེའི་མཛའ་ནག་པོའི་ཚེས་གཅིག་གི་དང་པོ་ལ་མུན་པ་འཇུག་པའི་དུས་ནི་བཅུ་དྲུག་པའི་ཆ་ཞེས་བརྗོད་དེ། དེའི་མཐར་དཀར་པོའི་ཚེས་གཅིག་གི་ཆ་ནག་པོའི་ཚེས་གཅིག
་གི་མུན་པ་ལ་འཇུག་པར་འགྱུར་ཏེ། དཀར་པོའི་ཆ་གཉིས་པ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་ནས་གཉིས་པ་ལ་ཡང་གཉིས་པའི་མུན་པ་ལ་འཇུག་པར་འགྱུར། །གསུམ་པ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བཞིན་དུ་དེ་ཡང་ནག་པོའི
་གསུམ་པ་ལ་འཇུག་པར་འགྱུར་ཏེ། དེ་བཞིན་དུ་བཞི་པ་ལ་སོགས་པ་ཆ་བཅོ་ལྔ་པའི་མཐར་ཐུག་པ་ཡོངས་སུ་སྨིན་པ་རྣམས་མུན་པ་ལ་འཇུག་པར་འགྱུར་རོ། །དེ་ནས་གནམ་སྟོང་གི་མཐར་ཆ་དང་པོ་འཆར་བའི་མཚམས་དང་ཆ་བཅུ་དྲུག་པའི་དང
་པོའི་ཆ་ལ་སྒྲ་གཅན་འཇུག་པར་འགྱུར་རོ། །དེ་ལྟར་གཟས་འཛིན་པ་རྣམ་པ་གཉིས་ཏེ། ཉ་ལ་ཆ་རྫོགས་པའི་མཐར་ཟླ་བ་སྒྲ་གཅན་གྱིས་འཛིན་ཞིང། གནམ་སྟོང་ལ་ཆ་དང་པོ་འཆར་བའི་ཐོག་མར་རོ། །འདིར་ནག་པོའི་ཕྱོགས་ལས་ལ
་སོགས་པ་སྡུད་པའི་རིམ་པས་མུན་པ་འཇུག་སྟེ། དེའི་ཕྱིར་སྤྲོ་བའི་རིམ་པས་ཤར་བ་རྣམས་མཛད་དོ། །ནག་པོའི་ཚེས་གཅིག་སའི་མུན་པ་ལ་དཀར་པོའི་ཚེས་གཅིག་ནམ་མཁའ་ཨི་ཁམས་ཀྱི་ཆ་ཞུགས་ཏེ། མུན་པས་སྒྲིབ་པར་འགྱུར་རོ། །
་གཉིས་པ་རླུང་གི་ཆ་ཆུའི་མུན་པས་སྒྲིབ་པར་འགྱུར་རོ། །གསུམ་པ་མེའི་ཆ་མེའི་མུན་པས་སྒྲིབ་པར་འགྱུར་རོ། །བཞི་པ་ཆུའི་ཆ་རླུང་གི་མུན་པས་སྒྲིབ་པར་འགྱུར་རོ། །ལྔ་པ་སའི་ཆ་ནམ་མཁའ་ཨི་ཁམས་ཀྱི་མུན་པས་སྒྲིབ་པར་འགྱུར་ཏེ། དེ་ལྟར་དང
་པོའི་སྡེ་ཚན་ལ་མུན་པ་འཇུག་པ་ཆུང་ངུའི་ཚད་དུ་འགྱུར་རོ། །དེ་ནས་གཉིས་པའི་སྡེ་ཚན་ལ་ཡང་མུན་པས་སྒྲིབ་པའི་བྱ་བ་བརྗོད་པའི་རིམ་པ་སྟེ། སྡེ་ཚན་གཉིས་པ་དེ་ལ་སྡེ་ཚན་དང་པོའི་མུན་པ་ཆུང་ངུའི་ཚད་ནི་གཉིས་པ་འབྲིང་པོའི་ཚད་དོ། །
་དེ་བཞིན་དུ་གསུམ་པའི་སྡེ་ཚན་ལ་ཡང་མུན་པས་སྒྲིབ་པར་བྱ་སྟེ། སྡེ་ཚན་དེ་ལ་ཆུང་ངུའི་ཚད་གཉིས་པའི་སྡེ་ཚན་ལ་འབྲིང་པོའི་ཚད་ནི་གསུམ་པ་ཆེན་པོའི་ཚད་དོ། །དེ་ལ་ཆེན་པོའི་ཚད་ཀྱི་དབྱེ་བས་རྣམ་པ་ལྔ་སྟེ། མུན་པ་ཆེན་པོའི་ཚད་ཀྱི་དབྱེ་བ་བཅུ
་གཅིག་པ་ལ་བྱིས་པའོ། །བཅུ་གཉིས་པ་ལ་གཞོན་ནུའོ། །བཅུ་གསུམ་པ་ལང་ཚོའོ། །བཅུ་བཞི་པ་ལ་རྒན་པོའོ། །གནམ་སྟོང་ལ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བཞིན་དུ་གཉིས་པའི་སྡེ་ཚན་ལ་འབྲིང་པོའི་ཚད་དང་གསུམ་པའི་སྡེ་ཚན་ལ
་མུན་པ་ཆུང་ངུའི་ཚད་ཀྱིའོ། །དེ་ནས་དཀར་པོའི་ཚེས་གཅིག་འོངས་པ་ན་སའི་ཁམས་ཀྱི་མཚན་ཉིད་ཀྱི་མུན་པ་སྨིན་པ་སེལ་བར་འགྱུར་རོ། །གཉིས་པ་ལ་ཆུའི་མུན་པའོ། །གསུམ་པ་ལ་མེའི་མུན་པའོ། །བཞི་པ་རླུང་གི་མུན་པའོ། །ལྔ་པ་ལ
་ནམ་མཁའ་ཨི་ཁམས་ཀྱི་མུན་པའོ། །དེ་ལྟར་ཆ་དང་པོ་ཆུང་ངུའི་ཚད་ས་རྫོགས་པ་ནི་སྨིན་པར་འགྱུར་རོ། །གཉིས་པ་ནི་རྒན་མོའོ། །གསུམ་པ་ལང་ཚོ་མའོ། །བཞི་པ་གཞོན་ནུ་མའོ། །ལྔ་པ་བུ་མོ་སྟེ་དྲུག་པ་ལ་སོགས་པ་ནུབ་པར་གྱུར་པ་རྣམས་གནས་སོ།།
་དེ་ལྟར་ཆུང་ངུའི་སྡེ་ཚན་ལ་ཆ་ཆུང་ངུ་སྨིན་ཡང་ཇི་སྲིད་ནག་པོའི་ཕྱོགས་ལ་གསུམ་པ་ཆེན་པོ་ཚད་སྨིན་པར་མ་གྱུར་པར་མུན་པ་འཇུག་པར་མི་འགྱུར་རོ། །སོ་སོའི་བཅོ་ལྔའི་ཆ་འདི་དག་ནུབ་པར་གྱུར་པ་རྣམས་ཉི་མ་བཅུ་དྲུག་པ་ལ་འཆར་རོ། །ཤར་བ་རྣམས་ཉི་མ་བཅུ་དྲུག་པ
་ལ་ནུབ་པར་འགྱུར་རོ། །དེ་ལྟར་ཨ་སོགས་སུམ་ཅུའི་དབྱངས་ནི་ཟླ་བའི་ཆའི་མིང་སྟེ། དཀར་པོའི་ཆ་རྣམས་དང་མུན་པ་ཞུགས་པ་ཉེ་བར་བཏགས་པས་ནག་པོའི་མིང་ཅན་རྣམས་སོ། །དཀར་པོའི་དང་ནག་པོའི་ཚེས་གཅིག་ལ་སོགས་པ་འདི
་རྣམས་ཀྱི་དབྱངས་ཀྱི་སྔགས་ཀྱི་ཚིག་རྣམས་ནི། ཨཾ་ཨཾ་རིཾ་ཨུཾ་ལཾ། ཨོཾ་ཨེཾ་རཾ་ཨོཾ་ལཾ། ཧཾ་ཡཾ་རཾ་ཝཾ་ལཾ། ལཱ(རྒྱུད་འགྲེལ་ཕྱོགས་ལ་ཟླ་བ་ཐིག་ལེས་བརྒྱན་པ་ཆ་བཅོ་ལྔའི་བདག་ཉིད་དོ། །ནག་པོའི་ཕྱོགས་ལ་ཉི་མ་རྣམ་པར་བཅད་པས་བརྒྱན་པ། ཟླ་བའི་ཆ་བཅོ་ལྔ་སྒྲིབ་པར་བྱེད་པའོ། །ཐུང་ངུ་ནི་ཟླ་བའོ། །རིང་པོ་ནི་ཉི་མའོ། །དེ་བཞིན་དུ
་ཡོན་ཏན་ནི་ཟླ་བའོ། །འཕེལ་བ་ནི་ཉི་མ་སྟེ། ཧ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཉིན་བྱེད་ཀྱང་ཀ་ལ་སོགས་པའི་སྡེ་རྣམས་དབྱངས་དང་བཅས་པ་ཉིན་ཞག་སྟོང་དྲུག་མེའི་ཚད་ཀྱི་སྤྱོད་པར་བྱེད། ཅེས་པ་ནི། འདིར་ཀ་ཡིག་སྡེ་པ་གང་དག
་གི་དང་པོ་ཡིན་པ་དེ་ནི་ཀ་ཡིག་ལ་སོགས་པའི་སྡེ་སྟེ། སྡེ་ཞེས་པ་ནི་ཡི་གེ་ལྔའི་ཚོགས་སོ། །ནམ་མཁའ་ལ་སོགས་པ་དང། ས་ལ་སོགས་པའི་དབྱེ་བས་ལྔར་ཀློག་སྟེ། དབྱངས་ཀྱི་སོགས་ནི་ཐམས་ཅད་དུ་ནམ་མཁའ་ལ་སོགས་པའི་དབྱེ་བས
་ཀློག་གོ་།འདིར་སོ་སོར་སྡུད་པ་ཤེས་པ་ནི། གསལ་བྱེད་ཀླག་པ་ཐམས་ཅད་ལ་འདིར་གསལ་བྱེད་དག་པ་སུམ་ཅུ་སྟེ། ཡ་ཡིག་ལ་སོགས་པ་གཞན་དུ་ཀ་ཡིག་ལ་སོགས་པ་གསལ་བྱེད་ཀླག་པར་མ་བསྡུས་ཤིང། ཨ་ལ་སོགས་པ
་དབྱངས་ཀྱི་སྡེ་ཚན་དུ་ཀླགས་པ་རྣམས་ནི་དབྱངས་ཀྱི་རྣམ་པར་འགྱུར་བའོ། །འདི་ལྟ་སྟེ། ཨ་ཨི་རི་ཨུ་ལི་ཀ་ཨ་ཨེ་ཨར་ཨོ་ཨལ་ཙ། ཧ་ཡ་ར་ཝ་ལ་ཊ་ཅེས་དང། དེའི་འོག་ཏུ། ང་ཉ་ཎ་མ་ནན། གྷ་ཛཧ་ཌཧ་བྷ་དྷདྷ། ག་ཛ་ཌ་བ་དང། ཁ་ཚ
་ཋ་ཕ་ཐཐ། ཀ་ཙ་ཊ་པ་ཏཏ། ཐྐ་ཤ་ཥ་ཝ་སས། ཞེས་པ་སྟེ། དང་པོ་དང་མཛའ་ཀླགས་པ་ལས་སོ། །ཡ་ཡིག་ལ་སོགས་པ་ནི་ཀ་ཡིག་ལ་སོགས་པའི་སྡེ་པའི་ནང་དུ་མི་འགྱུར་ཏེ། རབ་ཏུ་བརྗོད་པས་དབྱངས་ཀྱི་ཆོས་ཅན་ཉིད་ཡིན་པའི
་ཕྱིར་རོ། །དེའི་ཕྱིར་གསལ་བྱེད་ཀྱི་བདག་ཉིད་ནི་སུམ་ཅུ་སྟེ། ཀ་ལ་སོགས་པ་སྡེ་པ་དྲུག་གོ་།ཀ་ཙ་ཊ་བ་ཏ་ས་རྣམས་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ། མགྲིན་པ་དང། རྐན་དང། སྤྱི་བོ་དང།
་མཆུ་དང། སོ་ལས་བརྗོད་པའི་དབང་གིས་སོ། །དྲུག་པ་སོ་སོར་བརྗོད་པ་ལ་ཁམས་ལྔའི་བདག་ཉིད་དོ། །ཀ་ལ་སོགས་པའི་སྡེ་པ་དེ་རྣམས་དབྱངས་དང་བཅས་པ་སྟེ། དབྱངས་ནི་ཨ་ལ་སོགས་པ་ཐུང་ངུ་ལྔ་དང་རིང་པོ་ལྔ་སྟེ། བསྲེས་པ་ནི་བཅུར་འགྱུར་རོ། །
་ཐུང་ངུའི་མཐར་རྗེས་སུ་ང་རོ་ནི་དབྱངས་དྲུག་པའོ། །རིང་པོའི་མཐར་རྣམ་པར་བཅད་པ་ནི་དབྱངས་དྲུག་པའོ། །དེ་དག་ཀྱང་དབྱངས་དང་གསལ་བྱེད་མཚུངས་པར་ལྡན་པས་བརྗོད་པར་བྱ་སྟེ། དབྱངས་དེ་དག་དང་ལྡན་པ་ནི་དབྱངས་དང་བཅས་པའོ། །ཉིན་ཞག་སྟོང་དྲུག
་མེའི་ཚད་ཀྱིས་སྤྱོད་པར་བྱེད། ཅེས་པ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་སྟེ། སྟོང་དྲུག་མེའི་ཚད་དེ་དག་གིས་ཟླ་བ་བཅུ་གཉིས་དང་བགྲོད་པ་གཉིས་སུ་ཡང་འགྱུར་རོ། །ལྷོ་དང་བྱང་གི་བགྲོད་པ་སོ་སོ་ལ་ཉིན་ཞག་བརྒྱ་བརྒྱད་ཅུ་འགྱུར་རོ། །འཕོ་བའི་ཟླ་བའི
་དབྱེ་བས་ཀར་ཀ་ཊ་ལ་སོགས་པ་ལྷོར་བགྲོད་པ་ལ་ནམ་མཁའ་ལ་སོགས་པའི་སྤྲོ་བའི་རིམ་པས་དབྱངས་ཐུང་ངུ་དྲུག་དང་བཅས་པའི་སྡེ་པ་དྲུག་ཉི་མས་ཟླ་བ་དྲུག་གི་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པ་ལ་སོགས་པའི་དབྱེ་བས་དབྱངས་རིངས་པོ་དང་བཅས་པའི
་སྡེ་པ་དྲུག་ཟླ་བ་དྲུག་གིས་བརྗོད་དོ། །གང་དུ་དབྱངས་ཐུང་ངུ་དང་བཅས་པ་སྤྱོད་པ་དེར་མཚན་མོ་འཕེལ་བར་འགྱུར་རོ། །གང་དུ་དབྱངས་རིང་པོ་དང་བཅས་པ་སྤྱོད་པ་དེར་ཉིན་མོ་འཕེལ་བར་འགྱུར་རོ། །འདིར་ལྷོར་བགོད་པ་ནི་ཟླ་བའོ། །བྱང་དུ་བགྲོད
་པ་ནི་ཉི་མའོ། །གསལ་བྱེད་གཅིག་ནི་ཟླ་བའོ། །གསལ་བྱེད་གཉིས་རྩེགས་པ་ནི་ཉི་མའོ། །གསལ་བྱེད་གསུམ་བརྩེགས་པ་ནི་སྒྲ་གཅན་ནོ། །དེ་བཞིན་དུ་དབྱངས་ཐུང་ངུ་ནི་ཟླ་བའོ། །རིང་པོ་ནི་ཉི་མའོ། །ཤིན་ཏུ་རིང་པོ་ནི་སྒྲ་གཅན་ནོ།།
་ཞེས་པ་ནི་ཐམས་ཅད་དུ་ཡིན་ནོ། །དེ་ལྟར་སྒྲ་གཅན་གྱི་ཤིན་ཏུ་རིང་པོ་ཉིད་ལ་མུན་པ་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་བདག་ཉིད་དོ། །འདིར་ཀ?་ཊའི་འཕོ་བའི་ཉིན་ཞག་ལ་སྤྲོ་བའི་དབྱེ་བས་ཀ་སྡེའི་ང་ཡིག་ཨ་ཡིག་དང
་བཅས་པ་ཉི་མས་སྤྱོད་དོ། གཉིས་པ་ལ་ངི། གསུམ་པ་ལ་ངརི། བཞི་བ་ལ་ངུ། ལྔ་པ་ངལི། དྲུག་པ་ལ་ངཾ། དེ་བཞིན་དུ་ཉིན་ཞག་བདུན་པ་དང་པོར་བྱས་ནས་ཉིན་ཞག་བཅུ་གཉིས་པའི་མཐར་གྷ་ཡིག་སྤྱོད་དེ། །ཇི་ལྟར་ས་ཡིག་རྣམ
་པར་སྤྱོད་པ་བཞིན་ནོ། །དེ་བཞིན་དུ་ཉིན་ཞག་བཅོ་བརྒྱད་ཀྱི་མཐར་ཐུགས་ག་ཡིག་དབྱངས་དང་བཅས་པ་སྤྱོད་དོ། །ཉིན་ཞག་ཉི་ཤུ་རྩ་བཞི་པའི་བར་དུ་ཁ་ཡིག་སྤྱོད་དོ། །དེ་བཞིན་དུ་ཉིན་ཞག་སུམ་ཅུ་པའི་བར་དུ་ཀ་ཡིག་དབྱངས་དང་བཅས་པ
་སྤྱོད་དོ། །སྟོང་པའི་ཉིན་ཞག་འགའ་ཞིག་ལ་གཞོམ་དུ་མེད་པའོ། །དེ་བཞིན་དུ་སེང་གེའི་འཕོ་བའི་ཟླ་བོའི་ཉིན་ཞག་སུམ་ཅུ་པོ་རྣམས་ཀྱི་ཉ་ཡིག་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །བུ་མོའི་འཕོ་བའི་ཉིན་ཞག་རྣམས་ཀྱིས་ཎ་ཡིག
་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །སྲང་གི་འཕོ་བའི་ཉིན་ཞག་རྣམས་ཀྱི་མ་ཡིག་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །སྡིག་པའི་འཕོ་བའི་ཉིན་ཞག་རྣམས་ཀྱི་ན་ཡིག་ལ་སོགས་པ་དབྱངས་དང་བཅས་པ་རྣམས
་སྤྱོད་དོ། །གཞུའི་འཕོ་བའི་ཉིན་ཞག་རྣམས་ཀྱི་ཐྐ་ལ་སོགས་པ་དབྱངས་དང་བཅས་པ་རྣམས་སྤྱོད་དོ། །དེ་ལྟར་ན་ལྷོར་བགྲོད་པ་ལ་ཟླ་བ་དྲུག་གི་ཉིན་ཞག་རྣམས་ཀྱིས་སྡེ་པ་དྲུག་དབྱངས་དང་བཅས་པ་གྲངས་བརྒྱ་བརྒྱད་ཅུ་རྣམས་ཟླ་བའི་རང་བཞིན
་མཚན་མོ་འཕེལ་བའི་དབྱེ་བས་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པའི་དབྱེ་བ་ནི་ས་ཡིག་ལ་སོགས་པ་ལུགས་ལས་བཟློག་པས་བརྗོད་དེ། ཆུ་སྲིན་ལ་སོགས་པ་འཕོ་བའི་ཟླ་བའི་ཉིན་ཞག་གི་དབྱེ་བས་སྡེ་པ་དྲུག་དབྱངས་དང་བཅས་པ་ནི། སྡུད་པའི
་རིམ་པས་དབྱངས་རིང་པོ་བཅས་པའི་ཡི་གེ་རྣམས་ཉི་མས་སྤྱོད་དོ། །འདིར་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་ལ་སསཱ(རྒྱུད་འགྲེལ་ཉིན་ཞག་དྲུག་པ་གཞན་རྣམས་ཀྱིས། །ཝཝཱ(རྒྱུད་འགྲེལ་ལུག་དང་གླང་དང་འཁྲིག་བའི་འཕོ་བའི་ཉིན་ཞག་རྣམས་ཀྱི་ཏ་སྡེ་དང་པ་སྡེ་དང། ཊ་སྡེ་དང། ཙ་སྡེ་དང་ཀ་སྡེ་རྣམས་དབྱངས་དང་བཅས་པ་ཉིན་ཞག་བརྒྱ་བརྒྱད་ཅུས་སྤྱོད་དོ། །ཀ་ར་ཀ་ཊའི་འཕོ་བའི་བར་དུ་ཉིན
་མོ་འཕེལ་བ་ཡིན་ལ། ཉིན་མོ་འཕེལ་བ་ནི་ཉི་མ་སྟེ། སྡུད་པའི་ངོ་བོས་རིག་པར་བྱའོ། །འདིར་མཚན་མོ་དང་ཉིན་མོ་འཕེལ་བའི་རང་བཞིན་གྱི་ཡི་གེ་རྣམས་འདི་ལྟ་སྟེ། མཚན་མོ་འཕེལ་བ། ང་ངི་ངརི་ངུ་ངལི་ངཾ། གྷ་གྷི་གྷྲི་གྷུ་གྷལི་གྷཾ། ག་གི་གྲི་གུ
་གླི་གཾ། ཁ་ཁི་ཁྲི་ཁུ་ཁལི་ཁཾ། ཀ་ཀི་ཀྲི་ཀུ་ཀླི་ཀཾ། ཞེས་པ་ནི་ཀར་ཀ་ཊའི་འཕེལ་བའོ། །ཉ་ཉི་ཉརི་ཉུ་ཉལི་ཉཾ། ཛཧ་ཛཧི་ཛཧྲི་ཛཧུ་ཛཧལི་ཛཧཾ། ཛ་ཛི་ཛྲི་ཛུ་ཛལི་ཛཾ། ཚ་ཚི་ཚྲི་ཚུ་ཚལི་ཚཾ། ཙ་ཙི་ཙརི་ཙུ་ཙལི་ཙཾ། ཞེས་པ་ནི་སེང་གེའི་འཕེལ་བའོ། །ཎ་ཎི་ཎརི་ཎུ་ཎལི་ཎཾ། ཌཧ་ཌཧི
་དྷྲི་ཌཧུ་ཌཧལི་ཌཧཾ། ཌ་ཌི་ཌརི་ཌུ་ཌལི་ཌཾ། ཋ་ཋི་ཋྲི་ཋུ་ཋལི་ཋཾ། ཊ་ཊི་ཊརི་ཊུ་ཊལི་ཊཾ། ཞེས་པ་ནི་བུ་མོའི་འཕེལ་བའོ། །མ་མི་མྲི་མུ་མལི་མཾ། བྷ་བྷི་བྷྲི་བྷུ་བྷལི་བྷཾ། བ་བི་བྲི་བུ་བླི་བཾ། ཕ་ཕི་ཕྲི་ཕུ་ཕལི་ཕཾ། པ་པི་པྲི་པུ་པལི་པཾ། ཞེས་པ་ནི་སྲང་གི་འཕེལ་བའོ། །
་ན་ནི་ནརི་ནུ་ནལི་ནཾ། དྷ་དྷི་དྷྲི་དྷུ་དྷལི་དྷཾ། ད་དི་དྲི་དུ་དལི་དཾ། ཐ་ཐི་ཐྲི་ཐུ་ཐལི་ཐཾ། ཏ་ཏི་ཏྲི་ཏུ་ཏལི་ཏཾ། ཞེས་པ་ནི་སྡིག་པའི་འཕེལ་བའོ། །ཐྐ་ཐྐི་ཐྐརི་ཐྐུ་ཐྐལི་ཐྐཾ། ཤ་ཤི་ཤྲི་ཤུ་ཤལི་ཤཾ། ཥ་ཥི་ཥྲི་ཥུ་ཥལི་ཥཾ། ཝ་ཝི་ཝརི་ཝུ་ཝལི་ཝཾ། ས་སི
་སྲི་སུ་སླི་སཾ། ཞེས་པ་ནི་གཞུའི་འཕོ་བ་ལ་སྟེ། ཟླ་བ་དྲུག་གི་ཉིན་ཞག་རྣམས་ཀྱིས་མཚན་མོ་འཕེལ་ཞིང་ཉིན་མོ་མཛད་དོ། །དེ་ནས་ཆུ་སྲིན་ལ་སོགས་པ་ལ་ཉིན་མོ་འཕེལ་བ་ནི། །སསཱ(རྒྱུད་འགྲེལ་སསྲཱི་སསཱི་སསཱ། ཝཝཱ(རྒྱུད་འགྲེལ་དྷྡྷཱུ་དྷྡྷྲཱི་དྷྡྷཱི་དྷྡྷཱ། ནྣཱ(རྒྱུད་འགྲེལ་ཋཋཱ(རྒྱུད་འགྲེལ་གྒཱ(རྒྱུད་འགྲེལ་པ་ལ་དབྱངས་ཐུང་ངུ་དང་ལྡན་པའི་གསལ་བྱེད་དེ། གཉི་ག་ཟླ་བའི་ཆའི་མཚན་ཉིད་དོ། །བྱང་དུ་བགྲོད་པ་ལ་གསལ་བྱེད་གཉིས་བརྩེགས་པ་དབྱངས་རིང་པོ་དང
་ལྡན་པ་སྟེ། གཉི་ག་ཉི་མའི་མཚན་ཉིད་ཡིན་ནོ། །གསལ་བྱེད་གཅིག་དབྱངས་རིང་པོ་དང་ལྡན་པ་ནི་ཟླ་བ་དང་ཉི་མའི་བདག་ཉིད་དུ་འགྱུར་རོ། །དེ་བཞིན་དུ་གསལ་བྱེད་གཉིས་བརྩེགས་པ་དབྱངས་ཐུང་ངུ་དང་ལྡན་པ་ནི་ཉི་མ་དང་ཟླ
་བའི་བདག་ཉིད་དུ་འགྱུར་རོ། །དེ་བཞིན་དུ་དབྱངས་དང་གསལ་བྱེད་ཀྱི་དབྱེ་བས་ཟླ་བ་རྣམ་པ་གཉིས་དང་ཉི་མ་རྣམ་པ་གཉིས་སོ། །དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་དང་ལྡན་པའི་གསལ་བྱེད་རྣམས་རིག་པར་བྱའོ། །ཞེས་པ་ནི་བགྲོད
་པའི་དབྱེ་བས་ཉི་མའི་རྐང་པའི་དབྱངས་ཀྱི་དབྱེ་བས་དང། དབྱངས་ཀྱི་དབྱེ་བ་གཞན་ནམ་མཁའ་ལ་སོགས་པ་དཀྱིལ་འཁོར་ལྔ་འབབ་པ་སུམ་བརྒྱ་དྲུག་ཅུའི་དབྱེ་བས་ཐ་དད་པ་ནི་འཆད་པར་འགྱུར་བར་བཤད་པར་བྱའོ། །འདིའི་མདོར་བསྡུས
་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ
་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་དཀར་པོའི་ཕྱོགས་ལ་ལྔ་པ་དང། བཅུ་པ་དང་ཉིན་ཆགས་པའོ། །ནག་པོའི་ཕྱོགས་ལ་ལྔ
་པ་དང་བཅུ་པ་དང་གནམ་སྟོང་ནི་ཆགས་བྲལ་ལོ། །འདི་གཉིས་ཀྱི་དབུས་རྫོགས་པ་གསུམ་གྱི་འཇུག་དགའ་བྲལ་གྱི་མཐར། སྟོང་པ་ཆེན་པོ་ཡི་གེ་ལྔ། གཅིག་ཏུ་འདྲེས་པར་གྱུར་པའི་རྣལ་འབྱོར་ནི་དེ་བཞིན་གཤེགས་པ
་རྣམས་ཀྱི་ཐུགས་ཏེ། དེའི་ཕྱིར་སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ་ནི་ཟླ་བ་ཆ་བཅུ་དྲུག་པའི་མཐར་སྟོང་པ་ཆེན་པོའོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ནི་གནམ་སྟོང་གི་མཛའ་ཆ་དང་པོ་འཆར་བའི་མཚམས་ཉི་མ་མུན་པ་བཅུ་དྲུག་པའི་མཐར
་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ་།དེ་བཞིན་དུ་སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ནི། སྟོང་པ་ཆེན་པོའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ནི་ཐིག་ལེ་སྟོང་པའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ་།རྡོ་རྗེ་ཟླ་བ་དྲི་མེད་འོད་ནི
་སྟོང་པ་ཆེན་པོ་ཡི་གེ་ལྔའོ། །ཤེས་རབ་དང་ཐབས་ཀྱི་ཆོས་ནི་འཆད་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་བྱ་སྟེ། གསང་སྔགས་སྐྱེ་གནས་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། ཡང་རྒྱ་ཆེར་རོ། །ད་ནི་ཉིན་ཞག་སོ
་སོའི་མཚན་མོ་དང་ཉིན་མོའི་ཆུ་ཚོད་གསུངས་པ། ཧ་སོགས་དབྱངས་རྣམས་དག་ཀྱང་ཆུ་ཚོད་ཅེས་པ་སྟེ། ཧ་ལ་སོགས་པ་དེ་དག་དབྱངས་ཀྱང་ཡིན་པས་ན། ཧ་སོགས་དབྱངས་རྣམས་སོ། །ཀྱང་ཡིག་གིས་གཞན་གསལ་བྱེད་དོ། །
་དེ་དག་དབྱངས་བཅུ་གཉིས་དང་བཅས་པ་ནི་དབྱངས་དྲུག་ཅུར་འགྱུར་རོ། །དེ་ལ་མཚན་མོ་འཕེལ་བ་ལ་དབྱངས་ཐུང་ངུ་དང་ལྡན་པའི་དབྱངས་སུམ་ཅུའི་བདག་ཉིད་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུ་འགྱུར་རོ། །ཉིན་མོ་འཕེལ་བ་ལ་དབྱངས
་རིང་པོ་དང་ལྡན་པ་སུམ་ཅུ་མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་འགྱུར་རོ། །དེ་ལྟར་ཉིན་ཞག་སོ་སོ་ལ་མཚན་མོ་དང་ཉིན་མོ་འཕེལ་བར་རིག་པར་བྱའོ། །འདིར་སྔགས་ཀྱི་ཚིག་རྣམས་ནི་མཚན་མོ་འཕེལ་བ་ལ་སྤྲོ་བའི་རིམ་པ་དང། ཉིན
་མོ་འཕེལ་བ་ལ་སྡུད་པའི་རིམ་པས་འདི་ལྟ་སྟེ། ཧ་ཧི་ཧྲི་ཧུ་ཧལི་ཧཾ། ཡ་ཡི་ཡརི་ཡུ་ཡལི་ཡཾ། ར་རི་རརི་རུ་རླི་རཾ། ཝ་ཝི་ཝརི་ཝུ་ཝལི་ཝཾ། ལ་ལི་ལརི་ལུ་ལླི་ལཾ། ཞེས་པ་མཚན་མོ་སྟེ་བསམ་པའི་དབྱེ་བས་ཤེས་རབ་དང། ལུས་ཀྱི་དབྱེ་བས་ཐབས་སོ། །
་ལླཱ(རྒྱུད་འགྲེལ་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་སོ། །དེ་བཞིན་དུ
་རྡུལ་དང་ཉི་མ་ནི་ཐབས་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་དང། ཤེས་རབ་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་སྟེ། དེ་ལྟར་ཐམས་ཅད་དུ་རྗེས་སུ་རྟོགས་པར་བྱའོ། །ང་ནི་བརྟན་པ་དང་གཡོ་བ་ཁམས་གསུམ་པའི་སྔགས
་གསུངས་པ། ལྷ་མིན་གདེངས་ཅན་འབྱུང་པོའི་སྐྱེ་གནས་དག་ཀྱང་སྔགས་ཞེས་པ། ཞེས་པ་སྟེ། ལྷ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། ལྷ་མ་ཡིན་ཡང་དེའི་ནང་དུ་འདུས་སོ། །མི་དང་གདེངས་ཅན་ནི་རབ་ཏུ་གྲགས་པ་སྟེ།
་རྒྱལ་པོ་དང་མཛའ་ཡས་ལ་སོགས་པའོ། །འབྱུང་པོའི་སྐྱེ་གནས་ནི་སྔར་བརྗོད་པ་རྣམ་པ་བཞིའོ། །བརྟན་པའི་སྐྱེ་གནས་ནི་ལྷུན་པོ་དང་ཤིང་ལ་སོགས་པ་སྟེ། དེ་དག་ཐམས་ཅད་སྔགས་ཀྱི་མིང་གིས་མིང་ཅན་དུ་བྱས་པའི་སྔགས་སུ་འགྱུར
་རོ། །ཁམས་གསུམ་པོ་འདིར་གང་གིས་མིང་གང་ཡིན་པ་དེ་བསྒྲུབ་པའི་སླད་དུ་སྔགས་ཀྱིས་བརྡར་འགྱུར་ཏེ། དང་པོའི་ཡི་གེ་ནི་ཡེ་ཤེས་ཀྱི་ས་བོན་དུ་འགྱུར་ཞིང། །མིང་མཛའ་དག་ནི་བཟླས་བའི་སྔགས་སུ་འགྱུར་རོ། །དོན་སྣ་ཚོགས
་བསྒྲུབ་པའི་སླད་དུ་སེམས་ཅན་མཛའ་ཡས་པའི་མིང་གིས་དབྱེ་བས་སྔགས་མཛའ་ཡས་པར་ཁོང་དུ་ཆུད་པར་བྱའོ། །དཔེར་ན་དགེ་བ་དང་མི་དགེ་བའི་འབྲས་བུའི་དོན་དུ་མིང་གི་ཡི་གེ་དང་པོས་ཁྱིམ་དང། མིང་གི་ཡི་གེ་ཐམས་ཅད་ཀྱིས་ཀྱང
་དབྱངས་དམན་པ་དང། ལྷག་པ་གཡུལ་འགྱེད་པའོ། །དེ་བཞིན་དུ་དང་པོའི་ཡི་གེ་དང་མིང་ཐམས་ཅད་ཀྱིས་ཀྱང་བསྒོམ་པ་དང་བཟླས་པའི་བྱ་བ་འགྲུབ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཁྲུལ་པ་མེད་ཅིང། ནོར་བུ་དང་སྔགས་དང་སྨན་རྣམས
་ཀྱི་མཐུ་རང་གི་སེམས་ཡོངས་སུ་གྱུར་པ་ལས་བྱུང་བ་ནི་བསམ་གྱིས་མི་ཁྱབ་བོ། ། སོགས་ཀ་སོགས་ལྡན་པ་དག་ལས་ཤེས་པ་ལ། ཨ་སོགས་ནི་ཨ་ཡིག་ལ་སོགས་པ་སྟེ་དབྱངས་ཀྱི་ཚོགས་སོ། །ཀ་སོགས་ལྡན་པ་ནི་ཀ་ཡིག་ལ་སོགས
་པ་གསལ་བྱེད་དང་ལྡན་པ་དག་ལས་སོ། །དེ་ལྟར་ནི་བརྗོད་པའི་རིམ་པ་འདིས་སོ། །ཁམས་གསུམ་དག་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ། ངེས་པར་བསྐྱེད་པར་འགྱུར་རོ། །མིའི་བདག་ཅེས་པ་ནི་བོད་པའོ། །ཟླ
་བའི་ཆ་ལ་སོགས་པ་དང། སྣ་ཚོགས་པའི་སྔགས་བསྡུས་པའི་མདོར་བསྡུས་སོ། །ད་ནི་དབྱངས་ནི་ཞེས་པ་ལ་སོགས་པས་དབྱངས་རྣམས་ཀྱི་སྐྱེ་བའི་གནས་ལ་སོགས་པ་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ་བདག་གིས་དགྲོལ་བར་བྱའོ། །
་དབྱངས་ནི་ཀ་ཙ་ཊ་པ་ཏར་ལྡན་ཐྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱི་སྐྱེ་བའི་གནས་ཞེས་པ་ལ། འདིར་དབྱངས་ནི་སྔར་བརྗོད་པའི་ཨ་ཡིག་ལ་སོགས་པ་རྣམས་ཏེ། ཨ་ཨི་རི་ཨུ་ལི་ལྔའོ། །འདི་རྣམས་ཀྱི་སྐྱེ་བའི་གནས་རྣམ་པ་ལྔ
་གྲངས་ཇི་ལྟ་བ་བཞིན་ནོ། །དབྱངས་ཇི་ལྟར་གྱུར་པ་རྣམས་ཀྱི་ཞེ་ན། ཀ་ཙ་ཊ་པ་ཏར་ལྡན་པ་དང་ཐྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱི་ཞེས་པ་སྟེ། གྲངས་ཇི་ལྟ་བ་བཞིན་ཀ་ཡིག་ལ་སོགས་པའི་སྡེ་པ་དང་སྦྱར་བ་དང། ཐྐ་ལ
་སོགས་པ་རྣམས་ཀྱི་ཡི་གེ་སོ་སོ་དང་སྦྱར་བ་ནི་ཐྐ་ཤ་ཥ་ཝ་ས་དང་ཡང་དག་པར་སྦྱར་བ་རྣམས་ཀྱི་སྟེ། སོགས་པ་སྨོས་པའི་ཕྱིར་ཧ་ཡ་ར་ཝ་ལ་དང་ལྡན་པ་རྣམས་ཀྱིའོ། །དེ་ལྟར་ཡང་ཨ་ཀུ་ཧ་རྣམ་པར་བཅད་པ་ནི་མགྲིན་པ་ལས་བྱུང་བའོ། །
་ཨི་ཙུ་ཡ་ཤ་ནི་རྐན་ལས་བྱུང་བའོ། །རི་ཊུ་ར་ཥ་ནི་སྤྱི་བོ་ལས་བྱུང་བའོ། །ུ་པུ་ཝ་ཝ་ནི་མཆུ་ལས་བྱུང་བའོ། །ལི་དུ་ལ་ས་ནི་སོ་ལས་བྱུང་བའོ་ཞེས་སྐྱེ་བའི་གནས་གསུངས་སོ། །མགྲིན་རྐན་སྟེང་གི་ཆ་ཇི་ལྟར་གྱུར་པ་ཞེ་ན། མཁའ་
་རླུང་བསྲེག་བྱ་ལས་སྐྱེས་པའི་གནས་སོ། །མཆུ་དང་སོ་ནི་ཆུ་དང་ས་དག་གི་སྐྱེ་བའི་གནས་སུ་ཨ་ཡིག་ལ་སོགས་པ་རྣམས་གྲངས་ཇི་ལྟ་བ་བཞིན་དུ་སྐྱེ་བ་སྟེ། སྐྱེ་བ་ཞེས་པ་ནི་གནས་དེ་དག་ཏུ་བརྗོད་པ་རྣམས་ཀྱི་སྒྲའི་དོན་རྟོགས་པའོ། །འདིར
་སྔགས་ཀྱི་བཟླས་པའི་ཆོ་ག་བསྒྲུབ་པའི་དོན་དུ་སྐྱེ་བའི་གནས་རིག་པར་བྱ་སྟེ། གཞན་ནི་བསྒོམ་པའི་གནས་ཀྱི་དོན་དུ་ལུས་ཀྱི་འཁོར་ལོའི་དབྱེ་བས་བརྗོད་པ། ཨ་སོགས་རྣམས་ནི་གཙུག་ཏོར་འཁོར་ལོ་སྙིང་མགྲིན་མགོ་བོ་ལྟེ་བའི་འཁོར་ལོ་དག་ལ
་རིམ་པ་སྟེ། ཞེས་པ་ལ་སོགས་ཤེས་པ་ཨ་ཡིག་ལ་སོགས་པ་དབྱངས་རྣམས་ཀྱི་གྲངས་བཞིན་དུ་ནམ་མཁའ་ལ་སོགས་པའི་རིགས་ཀྱི་དབྱེ་བས་གྲངས་བཞིན་དུ་གཙུག་ཏོར་ལ་སོགས་པའི་འཁོར་ལོ་རྣམས་བསྒོམ་པའི་དོན་དུ་སྐྱེ་བའི་གནས་སུ་རིག
་པར་བྱའོ། །འདིར་ཨ་ཀུ་ཧ་རྣམ་པར་བཅད་པ་ནི་གཙུག་ཏོར་གྱི་འཁོར་ལོ་ལ་བསྒོམ་པར་བྱའོ། །ི་ཙུ་ཡ་ཤ་ནི་སྙིང་གའི་འཁོར་ལོ་ལའོ། །རི་ཊུ་ར་ཥ་ནི་མགྲིན་པའི་འཁོར་ལོ་ལའོ། །ུ་པུ་ཝ་ཝ་ཐྐ་ནི་དཔྲལ་བར་འཁོར་ལོ་ལའོ། །ལི་ཏུ་ལ་ས་ནི་ལྟེ
་བའི་འཁོར་ལོ་ལ་བསྒོམ་པར་བྱའོ། །སྣ་ཚོགས་ནི་ཁ་དོག་སྣ་ཚོགས་ལྗང་གུ་སྟེ་གཙུག་ཏོར་གྱི་འཁོར་ལོ་ལའོ། །གནག་པ་ནི་སྙིང་གའི་འཁོར་ལོའོ། །དམར་བ་ནི་མགྲིན་པའི་འཁོར་ལོའོ། །རི་བོང་ཅན་གྱི་མདོག་ནི་དཔྲལ་བའི་འཁོར་ལོའོ། །
་གསེར་འདྲ་ནི་ལྟེ་བའི་འཁོར་ལོའོ། །ཕུང་པོ་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལའོ། །ཞེས་པ་ནི་གྲངས་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའ་ཨི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་གཙུག་ཏོར་གྱི
་འཁོར་ལོའོ། །འདུ་བྱེད་དང་རླུང་གི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་སྙིང་གའི་འཁོར་ལོའོ། །དེ་བཞིན་དུ་ཚོར་བ་དང་མེའི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་མགྲིན་པའི་འཁོར་ལོའོ། །འདུ་ཤེས་དང་ཆུའི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན
་པ་དཔྲལ་བའི་འཁོར་ལོའོ། །གཟུགས་དང་སའི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལྟེ་བའི་འཁོར་ལོ་སྟེ། དེ་ལྟར་ཕུང་པོ་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལའོ། །འཆད་པར་འགྱུར་བ་ལ་ཡན་ལག་དགོད་པར་ལ་སོགས་པ་རིག་པར་བྱའོ། །
་དབྱངས་རྣམས་ཀྱི་སྐྱེ་པའི་གནས་ངེས་པར་བསྟན་པའོ། །དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། འཇིག་རྟེན་གྱི་ཁམས
་བསྡུས་པའི་མདོར་བསྡུས་ཏེ་བདུན་པའོ།། །།ད་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་གསུངས་པ། སྡུད་པར་མཛད་པ་པོ་འཇམ་དཔལ་གྱི
་ཚིགས་སུ་བཅད་པ་བཅུ་པ་ལ་སོགས་པ་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པ་རླུང་གི་མཛའ་ནས་ལྷུང་པོའི་མཚམས་ཞེས་པ་ལ་སོགས་པ་དེ་ཉིད་བདག་གིས་དགྲོལ་བར་བྱའོ། །རླུང་གི་མཛའ་ནས་ལྷུན་པོའི་མཚམས་སུ་དམྱལ་བ་གདེང
་ཅན་གྲོང་ཁྱེར་ལ་ནི་དཔག་ཚད་འབུམ་ཕྲག་གཉིས་ཞེས་པ་ལ། འདིར་འཇིག་རྟེན་གྱི་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་སེམས་ཅན་རྣམས་ལ་གསུངས་ཤིང་རབ་ཏུ་གནང་ངོ། །དོན
་དམ་པར་ནི་འཇིག་རྟེན་གྱི་ཁམས་ལ་ཚད་དང་དཔངས་མེད་དེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་སྡིག་པའི་དབང་གིས་སོ། །འདིར་ཕུག་ཁྲུ་ལྔ་པའི་ཚད་གང་དུ་འདོད་ཆགས་དང་བྲལ་བ་འམ། བྱང་ཆུབ་སེམས་དཔའ་གནས་པའི་ཕུག་དེར། བསོད་ནམས
་དང་ཡེ་ཤེས་བསྟེན་པ་དེའི་མཐུ་དང་རྫུ་འཕྲུལ་གྱི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དེ་དང་བཅས་པ་འོངས་ཤིང་རབ་ཏུ་འཇུག་།དེ་སུས་ཀྱང་མ་བསྐྱེད་ཅིང། ཕུག་དེར་བཞུགས་པའི་འཁོར་ལོས་སྒྱུར་བའི་སྡེ་ཡང་དོག་པ་ཉིད་མ་ཡིན་ནོ། །དོན་དམ་པར
་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །འདིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་གང་ཡིན་པ་དེ་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་ཞེས་གསུངས་པའི་ཕྱིར། འཇིག་རྟེན་གྱི་ཁམས་ཀྱི་ཚད་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་གྱི་དོན
་དང། ལུས་ཀྱི་ཚད་ལུས་ཀྱི་དཀྱིལ་འཁོར་གྱི་དོན་དུ་སྟེ། ལུས་ནི་དཀྱིལ་འཁོར་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟར་ཕྱི་རོལ་ཏུ་འཇིག་རྟེན་པའི་ཚད་ཀྱིས་ལྷུན་པོའི་སྤངས་དཔག་ཚད་འབུམ་ཡིན་པ་དེ་བཞིན་དུ་ལུས་ཀྱི་སྒལ་ཚིགས་
་ཀྱི་དཔངས་ཁྲུ་གང་སྟེ། ཁྲུའི་ཚད་དེས་ལུས་ནི་ཁྲུ་བཞིའོ། །ལྷུན་པོ་དཔག་ཚད་འབུམ་གྱི་ཚད་ཀྱི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཞིའོ། །རྣམ་པ་གཞན་དུ་ན་ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་སུ་མི་འགྱུར་ཏེ། མི་མཉམ་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན
་གྱི་ཁམས་ཀྱི་ཚད་ཀུན་རྫོབ་ཏུ་ཇི་ལྟ་བ་དེ་ལྟར་འགྱུར་དུ་ཆུག་མོད། འདིར་བསྲེག་བཅད་ཅེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི་མ་ཡིན་ཏེ། འོན་ཀྱང་དམ་བཅས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཡུལ་ལ་ཡིན་ནོ། །
་གང་གི་ཕྱིར་འཇིག་རྟེན་གྱི་ཁམས་ལ་ཡུལ་ལ་མཛད་ཀྱི་འདོད་པ་དང། རིག་བྱེད་ཀྱི་གྲུབ་པའི་མཛའ་ཨི་བསམ་པས་རྣམ་པ་སྣ་ཚོགས་པ་དང། ཚངས་པའི་ཡུལ་ས་གཅིག་ནི་དཔག་ཚད་བྱེ་བའི་ཁྱོན་ནོ། །ཞེས་རྫུན་དུ་སྨྲ་བའི་ཕྱིར་ཉི་མའི་ཤིང་རྟ་ལ་སོགས
་པ་ཡོངས་སུ་སྨིན་པར་བྱ་བའི་སླད་དུ་ཚངས་པའི་ཡུལ་སའི་ཚད་དེ་རྣམ་པར་གཞོམ་པའི་དོན་དུ་གཟའ་དང་རྩིས་དང་ཁྱིམ་གྱི་འཁོར་ལོ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་རབ་ཏུ་བཀོད་དོ། །དེའི་ཕྱིར་ཚད་འདི་ལ་སངས་རྒྱས
་པའི་འཐད་མཐོང་ནས་འཁྲུལ་པ་འདི་མི་བྱ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་འབུམ་ཕྲག་སུམ་ཅུ་སོ་དྲུག་ལྷག་པ་དང། ཇི་ལྟར་འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་ཕྲག་བཞིའི་ཚད་དུ་གསུངས། འདིར་བཅོམ་ལྡན་འདས་
་རྫུན་གསུངས་པ་པོ་ཡིན་ནམ་ཅི་ཞེས་པ། འགའ་ཞིག་འདོར་བར་གྱུར་ན་དེའི་ཚིག་མཁས་པ་རྣམས་ཀྱིས་ཁས་བླང་བར་མི་བྱ་སྟེ། སེམས་ཅན་གྱི་བསམ་པའི་དབང་གིས་སོ། །དེ་བཞིན་དུ་ཡང་སེམས་ཅན་མོས་པ་སྣ་ཚོགས་པ། །གྲུབ་མཛའ་སྣ་ཚོགས
་རིག་པ་པོ། །སྣ་ཚོགས་ལམ་ལ་རབ་གནས་པ། །ཤེས་པའི་ང་རྒྱལ་ཁེངས་པ་ཅན། །དེ་དག་རང་གཞན་གྲུབ་མཛའ་ལ། །ཇི་སྲིད་རིག་པ་མ་བསྟན་པ། །དེ་སྲིད་ཁེངས་པ་ཅན་དེ་དག་།ཀུན་མཁྱེན་གྱི་ཡང་དབང་མི་འགྱུར། །སེམས་ཅན་ཕན་ལས
་མི་བདེན་པ། །བསོད་ནམས་ཚོགས་ཀྱི་རྒྱུ་ཡིན་ཏེ། །གཞན་ལ་གནོད་ལས་བདེན་པ་ནི། །མནར་མེད་ལ་སོགས་རབ་ཏུ་སྟེར། །སྟོང་པ་པོ་མིན་ཡི་དགས་ཀྱིས། །ཁྱིམ་ནི་གནས་ནི་རིར་མཐོང་སྟེ། །སྡིག་པ་བྱེད་པ་བདག་གི་ཁྱིམ། །ཁབ་རྩེ་རི
་ཡི་རྣམ་པར་རོ། །ས་འོག་དངོས་གྲུབ་ཐོབ་གྱུར་ཅིང། །ལྷ་མོ་རྣམས་ཀྱི་གྲོང་འགྲོ་བ། །གྲུབ་པ་རྣམས་ཀྱི་རབ་བརྟན་ས། །ཀུན་ནས་བུག་པ་བཅས་པར་མཐོང་ཞེས་གསུངས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད། བཅོམ་ལྡན་འདས
་ཀྱིས་གསུངས་པ་ནི། སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་རབ་ཏུ་གནང་བ་སྟེ། དེ་བཞིན་གཤེགས་པས་མངོན་པར་ཞེན་པས་འཇིག་རྟེན་གྱི་ཁམས་གཟིགས་ནས་བཟུང་བ་དང་འཛིན་པའི་ངོ་བོས་དངོས་པོའི་ཚད
་གསུངས་པ་ནི་འགའ་ཡང་མེད་དོ། །དེ་ལྟར་ཐམས་ཅད་ཡོངས་སུ་མཁྱེན་ནས་དྲང་སྲོང་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཚད་དང་ལུས་ཀྱི་ཚད་དཀྱིལ་འཁོར་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་རླུང་གི་མཛའ་
་ནས་ལྷུན་པོའི་མཚམས་སུ་ཞེས་པ་ནི། ས་དང་ཆུ་དང་མེའི་དཀྱིལ་འཁོར་རྣམས་ཀྱི་འོག་ན་རླུང་གི་དཀྱིལ་འཁོར་ནམ་མཁའ་ཨི་ཁམས་ལ་རྣམ་པར་གནས་ཏེ། རླུང་གི་མཛའ་དེ་ནས་ལྷུན་པོའི་བར་དུ་དམྱལ་བའི་གནས་བདུན་དང་བརྒྱད་པ་ནི
་གདེངས་ཅན་གྱི་གྲོང་ཁྱེར་ཏེ། དམྱལ་བ་གདེངས་ཅན་གྲོང་ཁྱེར་ལ་ནི་དཔག་ཚད་འབུམ་ཕྲག་གཉིས་ཡིན་ནོ། །འདིར་རླུང་གི་དཀྱིལ་འཁོར་སྟོང་ཕྲག་ལྔ་བཅུར་འགྱུར་ཏེ། དྲག་པོའི་རླུང་ཆེན་པོ་དང། མུན་པ་ཆེན་པོ་དེ་ལ་དམྱལ་བའི་གནས
་གཉིས་སྟེང་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་རྩ་ལྔའི་ཆ་སྟེ། རྒྱའི་ཚད་ནི་སའི་དཀྱིལ་འཁོར་གྱི་ཚད་དོ། །དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་དམྱལ་བའི་གནས་གཉིས་ཏེ། མེའི་དམྱལ་བ་གཅིག་དང། དེའི་སྟེང་དུས་མི་བཟང་བའི་དམྱལ
་བའོ། །དེ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་དམྱལ་བ་གཉིས་ཏེ། འདམ་གྱི་ཆུ་འདམ་དང་ཆུ་ཡང་དག་པར་ལྡན་པ་དང། བྱེ་མའི་ཆུ་བྱེ་མ་དང་ཆུ་ཡང་དག་པར་ལྡན་པ་སྟེ་དྲང་བ་ཆེན་པོའོ། །སའི་དཀྱིལ་འཁོར་ལ་གསེག་མ་ཆུའི་དམྱལ་བ་དཔག
་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེའི་སྟེང་དུ་གདེངས་ཅན་གྱི་གྲོང་ཁྱེར་སྟེང་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེ་ཉིད་ལ་ཚད་རྣམ་པ་གཉིས་ཏེ། ཕྱེད་ནི་ལྷ་མ་ཡིན་གྱི་གནས་ཡིན་ལ། ཕྱེད་ནི་ཀླུའི་འཇིག་རྟེན་གྱི་གནས་སོ། །དེ་བཞིན
་དུ་ལུས་ལ་རྐང་པའི་མཐིལ་ནས་རྐེད་པའི་ཁྲུ་གཉིས་ཏེ། ཁྲུ་གཉིས་པོ་དེ་ཉིད་ཆ་བརྒྱད་དུ་བྱས་ནས་ཆ་རེ་རེ་ལ་རིམ་པ་བཞིན་དུ་དམྱལ་བ་དང་གདེངས་ཅན་གྱི་གྲོང་ཁྱེར་རྣམས་རིག་པར་བྱའོ། །ལྷུན་པོའི་ཚད་ནི་འབུམ་ཕྲག་གཅིག་སྟེ། སའི
་དཀྱིལ་འཁོར་དེ་ནས་ལྷུན་པོའི་ཚད་ནི་སྟེང་འོག་ཏུ་དཔག་ཚད་འབུམ་ཕྲག་གཅིག་སྟེ། ལུས་ལ་རྐེད་པ་ནས་མགྲིན་པའི་འོག་གི་བར་དུ་ཁྲུ་གང་ངོ། །དེ་ཉིད་དུ་གཟའི་ཚོགས་རྣམས་འཁོར་ཏེ། གཟའི་ཚོགས་ཀྱི་གནས
་དེ་ནས་སྟོང་ཕྲག་དག་ནི་ཉི་ཤུ་ལྔ་ལྷུན་པོའི་མགྲིན་པ་སྟེ། ལུས་ལ་སོར་དྲུག་གོ་།དེ་ནས་གདོང་ལ་ལྔ་བཅུ་ལྷུན་པོའི་གདོང་མགྲིན་པ་ནས་དཔྲལ་བའི་མཛའ་ཨི་བར་དུ་སྟེ། ལུས་ལ་སོར་བཅུ་གཉིས་སོ། །དེ་ནས་བརྟན་པའི་གོ་འཕང
་གཡོ་མེད་གཙུག་ཏོར་ནི་སྟོང་ཕྲག་ཉི་ཤུ་ལྔ་སྟེ། ལུས་ལ་དཔྲལ་བར་མཛའ་ནས་གཙུག་ཏོར་གྱི་གནས་ཀྱི་བར་དུ་སོར་དྲུག་གི་ཚད་དོ། །དེའི་ཕྱིར་སྟོང་པ་གཅིག་པུར་སྲིད་པ་གསུམ་བྲལ་ཡོན་ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པའོ་ཞེས་པ་ནི།
་འོག་རླུང་གི་དཀྱིལ་འཁོར་དང་སྟེང་གཙུག་ཏོར་དེའི་ཕྱི་རོལ་སྟོང་པ་གཅིག་པུ་སྟེ། རྡུལ་ཕྲ་རབ་སོ་སོའི་ངོ་བོའི་ཁམས་ལྔ་པ་སྟོང་པ་གཅིག་པུའོ། །ནམ་མཁའ་ནི་མ་ཡིན་ཏེ་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་སྟོང་པ་གཅིག་པུར་རྟོགས་པར
་མི་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཀྱི་ཚད་འབུམ་ཕྲག་བཞི་སྟེ། ལུས་ལ་ཁྲུ་བཞིའོ། །ཁྲུ་ཡང་སོར་ཉི་ཤུ་རྩ་བཞིའི་བདག་ཉིད་དོ། །ད་ནི་འདིར་ཞེང་གི་ཚད་གསུངས་པ། རླུང་གི་མཛའ་ནས་རླུང་གི་མཚམས་ལ་འབུམ་ཕྲག
་བཞི་སྟེ། རླུང་ནས་རླུང་གི་མཛའ་ཤར་ནས་ནུབ་ཀྱི་རླུང་གི་དཀྱིལ་འཁོར་གྱི་མཛའ་ཨི་བར་དང། དེ་བཞིན་དུ་ལྷོ་ནས་བྱང་གི་མཛའ་ཨི་བར་རོ། །བརྟན་མི་འཛིན་པའི་གཞི་ལ་གླིང་དང་རི་དང་རྒྱ་མཚོ་རྣམས་ཞེས་པ་ནི། དེ་ནས་རླུང་གི་དཀྱིལ་འཁོར
་གྱི་དབུས་སུ་མེའི་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་དང། དེ་བཞིན་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་ཆུའི་དཀྱིལ་འཁོར་དང། ཆུའི་དཀྱིལ་འཁོར་གྱི་དབུས་སུ་སའི་དཀྱིལ་འཁོར་རོ། །དེ་ཉིད་ནི་བརྟན་པ་འཛིན་མའི་གཞི་སྟེ། དེ་ལ་གླིང་དྲུག
་དང། བཅུ་གཅིག་དང། རྒྱ་མཚོ་དྲུག་གོ། །བདུན་པ་ཆུའི་དཀྱིལ་འཁོར་དང་བཅས་པས་རྒྱ་མཚོ་བདུན་དང། བདུན་པ་འཛམ་བུའི་གླིང་དང་བཅས་པས་གླིང་བདུན་དང། རྡོ་རྗེའི་རི་དང་བཅས་པས་རི་བདུན་ནོ། །རྡོ་རྗེའི་རི་ནི་རྟ་གདོང་གི་མེ་སྟེ།
་ལན་ཚྭའི་རྒྱ་མཚོ་ཆུའི་དཀྱིལ་འཁོར་གྱི་མཛའ་འོག་དང་ཐམ་ཀའི་ཚལ་གནས་སོ། །ས་འཛམ་བུའི་གླིང་ཆེན་པོའི་མཐར་ཕྱོགས་ཐམས་ཅད་དང་འོག་ཏུ་ལན་ཚྭའི་རྒྱ་མཚོ་རྣམ་པར་གནས་སོ། །ལན་ཚྭའི་རྒྱ་མཚོའི་མཛའ་ནས་ལན་ཚྭའི་རྒྱ
་མཚོའི་མཐར་འབུམ་ཕྲག་བཞིའི་ཕྱེད་དེ། བཞི་ཕྱེད་འབུམ་ཕྲག་གཉིས་ཏེ་ཞེས་པ། ལྷུན་པོའི་དབུས་ནས་གཡས་གཡོན་དུ་ལན་ཚྭའི་རྒྱ་མཚོའི་དཀྱིལ་འཁོར་གྱི་མཐར་འབུམ་ཕྲག་གཉིས་ཏེ། གཡས་སུ་འབུམ་ཕྲག་གཅིག་དང། གཡོན
་དུ་འབུམ་ཕྲག་གཅིག་སྟེ། དེ་བཞིན་དུ་ཤར་དང་ནུབ་དང་རླུང་དང་མེ་དང་བདེན་བྲལ་དང་དབང་ལྡན་དུའོ། །ལན་ཚྭའི་ཆུའི་དཀྱིལ་འཁོར་དེ་ལས་གཡས་དང་གཡོན་དུ་མེ་དང་རླུང་གི་དཀྱིལ་འཁོར་འབུམ་ཕྲག་གཉིས་སུ་འགྱུར་རོ། །གཡས་སུ་འབུམ
་ཕྲག་གཅིག་དང། གཡོན་དུ་འབུམ་ཕྲག་གཅིག་སྟེ། ཕྱོགས་ཐམས་ཅད་དུ་དེ་བཞིན་ནོ། །དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་མོར་འཁོར་བ་སྟེ། ཞེས་པ་ནི་དབུས་ན་ལྷུན་པོའོ། །དེ་ཅི་འདྲ
་བ་ཞིག་ཅེ་ན། གང་གི་སྟེང་ན་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་སྐར་མའི་ཕུར་པོ་མཛའ་ཡས་པ་དང་བཅས་པའི་སྐར་བཅས་ཉིན་དང་མཚན་མོར་འཁོར་བའོ། །འདིར་ཚིག་འདི་ལ་རིག་པ་ཅི་ཞིག་ཡོད། གང་གི་ཅི?་བརྗོད་པར་བྱ་བ་ལྷུན་པོ
་གཞན་ཡང་ཡོད་དམ་ཅི་ཞེ་ན། བརྗོད་པ། འདིར་མནདལ་ཡང་ལྷུན་པོའི་མིང་གིས་སྨོས་པ་དེས་ན་མནད་ར་ལས་ཐ་དད་དུ་བྱ་བའི་ཚིག་འདི་རིགས་སོ། །ཆ་དྲུག་ལ་ནི་འབུམ་ཕྲག་གཉིས་གཉིས་ཞེས་པ་ནི་འདིར་བརྗོད་པའི་རིམ་པས
་འོག་དང་སྟེང་དང་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཆ་དྲུག་ལ་སའི་དཀྱིལ་འཁོར་གྱི་དབུས་ནས་འབུམ་ཕྲག་གཉིས་གཉིས་སོ། །སྲིད་གསུམ་མཛའ་དག་ནི། མཐོ་རིས་དང་མི་ཡུལ་དང་ས་འོག་སྟེ། སྲིད་གསུམ་མཛའ་དག་དུས་ཀྱི
་སྦྱོར་བ་དག་ལས་རབ་ཏུ་སྐྱེས། ཞེས་པ། ཆགས་པ་སྐྱེ་བོའི་དུས་ཀྱི་དབང་གིས་ཡང་དག་པར་འཛིན་པ་དང། སྲུབས་པ་དང་དབྱིབས་ཀྱི་རླུང་གི་དུས་ཀྱི་སྦྱོར་བ་དག་ལས་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས
་སྤྱོད་པའི་དོན་དུ་སྐྱེས་སོ། །ད་ནི་འདིར་ཁོར་ཡུག་གི་ཚད་བརྗོད་པ། འཇིག་རྟེན་གྱི་ཁམས་ཀུན་ནས་ཁོར་ཡུག་གི་ཐད་ཀའི་ཚད་ཀྱི་སུམ་འགྱུར་དུ་ཡང་འགྱུར་བ་སྟེ། ཞེས་པ་ནི། འདིར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཐད་ཀའི་ཚད་ཀྱི་སུམ་འགྱུར
་ཁོར་ཡུག་གི་ཚད་དུ་འགྱུར་ཏེ། ལྷུན་པོ་ལ་སོགས་པ་ནས་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་གླིང་དང་རི་དང་རྒྱ་མཚོ་ལ་སོགས་པ་ཐམས་ཅད་ཀྱིའོ། །སའི་ཁོར་ཡུག་འབུམ་ཕྲག་གསུམ་དང་ཞེས་པ་ལ། ས་ཡི་ནི་སའི་དཀྱིལ་འཁོར་གྱི་ཐད
་ཀའི་ཚད་འབུམ་ཕྲག་གཅིག་སྟེ། ཁོར་ཡུག་གི་ཚད་འབུམ་ཕྲག་སུམ་དུ་འགྱུར་རོ། །དེ་བཞིན་དུ་ཆུ་མེ་རླུང་རྣམས་ཀྱིས་ཞེས་པ་ནི། ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྣམས་ཀྱི་རང་རང་གི་དཀྱིལ་འཁོར་གྱི་མཛའ་ནས་རང་རང་གི་དཀྱིལ་འཁོར
་གྱི་མཛའ་ཨི་བར་དུ་ཐད་ཀའི་ཚད་ནི་འབུམ་ཕྲག་གཉིས་དང། འབུམ་ཕྲག་གསུམ་དང་འབུམ་ཕྲག་བཞི་སྟེ། ཁོར་ཡུག་གི་ཚད་ནི་དྲུག་དགུ་ཉི་མ་རིག་པས་སོ། །ཞེས་པ་སྟེ། ཆུའི་དཀྱིལ་འཁོར་ལ་འབུམ་ཕྲག་དྲུག་དང་མེའི་དཀྱིལ་འཁོར་ལ་འབུམ
་ཕྲག་དགུ་དང་རླུང་གི་དཀྱིལ་འཁོར་ལ་ཉི་མ་སྟེ། འབུམ་ཕྲག་བཅུ་གཉིས་སུ་རིམ་པས་རིག་པར་བྱའོ། །མིའི་དབང་པོ་ཕྱི་རོལ་སྲིད་པ་གསུམ་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཅིག་ཉིད་གང་ཡིན་པ། དེ་ནི་ས་ཡི་སྟེང་གི་གནས་སུ་ལུས
་ལ་རང་རང་དག་གི་ཚད་ཀྱི་ཡང་དག་ཁྲུ་གང་ངོ། །ཞེས་པ་ནི་སྔར་རྗོད་པའི་རིམ་པས་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་དཔག་ཚད་འབུམ་ཕྲག་གཅིག་གང་ཡིན་པ་དེ་ཉིད་རང་གི་ལུས་ལ་རང་གི་ཁྲུ་ཡི་ཁྲུ་གང་གི་ཚད་དུ་འགྱུར་རོ། །ད་ནི་ཕྲ་རབ་ཅེས་པ
་ལ་སོགས་པས་རྡུལ་ཕྲ་རབ་ལ་སོགས་པ་རྣམས་ཀྱི་དཔག་ཚད་བརྗོད་དེ། ཕྲ་རབ་བརྒྱད་རྣམས་བདག་གིས་ཕྲ་མོ་འདི་དག་ཅིག་ཅེས་པ་ནི། ཕྲ་རབ་རྡུལ་ཕྲ་རབ་བརྒྱད་ཕྲེང་བར་གནས་པ་དག་གིས་ཕྲ་མོ་གཅིག་སྟེ་ཕྲ་མོ་གཅིག་གི་ཚད་དུ་འགྱུར་རོ། །
་ཕྲ་མོ་འདི་བརྒྱད་རྣམས་ཀྱིས་མི་རྣམས་ཀྱི་སྐྲའི་རྩེ་མོར་འགྱུར་རོ། །སྐྲའི་རྩེ་མོ་འདི་བརྒྱད་ཕྲེང་བར་གནས་པས་སྐེ་ཚེའི་ཚད་དོ། །དེ་རྣམས་ཀྱིས་ཤིག་གི་ཚད་དོ། །དེ་རྣམས་ཀྱི་ནས་ཀྱི་ཚད་དོ། །ལྟོས་འགྲོ་ན་ཤེས་པ་ནི་དེ་བརྒྱད་ཀྱི་སོར་དུ་འགྱུར་རོ། །
་སོར་ནི་ཉི་མ་ནི། ཟུང་གི་ཞེས་པ་ཉི་མ་ནི་བཅུ་གཉིས་ཡིན་ལ། ཟུང་རྣམ་པ་གཉིས་ཀྱི་ཉི་ཤུ་རྩ་བཞི་སྟེ། སོར་མོ་ཉི་ཤུ་རྩ་བཞི་ཕྲེང་བར་གནས་པས་ཁྲུའི་ཚད་དུ་འགྱུར་རོ། །དེ་བཞི་ཡིས་གཞུར་འགྱུར་ཏེ། འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང
་གྲགས་དག་ཏུ་འགྱུར་རོ། །དེ་བཞི་ཡིས་དཔག་ཚད་དུ་འགྱུར་རོ། །དཔག་ཚད་དེ་ཡིས་ལྷ་ཡུལ་ལ་ལྷ་རྣམས་ཀྱི་ཚད་དང། ས་ལ་མི་རྣམས་ཀྱི་ཚད་དང། ནམ་མཁའ་ལ་ཉི་མ་དང་ཟླ་བ་ལ་སོགས་པ་འཁོར་བའི་དོན་དུ་ཚད་ཡིན་ནོ། །ད་ནི་གཟུགས་མེད
་པའི་སྲིད་པ་ལ་སོགས་པ་སུམ་ཅུ་རྩ་གཅིག་གསུངས་པ། དང་པོར་ཆོས་བཟངས་བསྐལ་པ་ཞེས་པ་སྟེ། དང་པོར་ནི་ཐོག་མར་རོ། །ཆོས་བཟངས་ཀྱི་སྒྲས་ནི་གཟུགས་མེད་པའི་སྲིད་པ་ཞེས་བརྗོད་དོ། །བསྐལ་བ་ཞེས་པ་ནི་གང་དུ་ལྟ་རྣམས་ཚེ
་བསྐལ་པར་གནས་པའོ། །གནས་དེ་ནི་ཆོས་བཟངས་བསྐལ་པ་ཞེས་པ་སྟེ། མཐོ་རིས་ཀྱི་སའོ། །ཟུང་ནི་ཟུང་དང་ལྡན་པ་དག་སྟེ། ཞེས་པ་ལ། ཟུང་ནི་གཉིས་ཡིན་ལ། དེ་དག་ཟུང་དང་ལྡན་པ་ནི་བཞི་སྟེ། ཟུང་ནི་ཟུང་དང་ལྡན་པ་དག་སྟེ།།
་ཞེས་པ། གཟུགས་མེད་པའི་སྲིད་པའི་གནས་རྣམ་པ་བཞི་ཞེས་པའི་དོན་ཏོ། །བསྐལ་པ་ཆེན་པོ་གཅིག་དང་བསྐལ་པ་གཉིས་དང་གསུམ་དང། བཞིའི་ཚེའོ་ཞེས་དགོངས་སོ། །རི་རབ་ཀྱི་གཙུག་ཏོར་གྱི་འོག་སྐྲའི་གནས་ཏེ
་ཟད་པར་སྟོང་པ་རྣམ་པ་བཞི་བསྒོམ་པ་རྣམས་ཀྱིའོ། །དེ་བཞིན་དུ་ཚངས་པའི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་དཔྲལ་བའི་གནས་ཏེ། ཟད་པར་རླུང་རྣམ་པ་བཞི་བསྒོམ་པ་རྣམས་ཀྱིའོ། །དེ་བཞིན་དུ་ཚངས་པ་འཇིག་རྟེན་ལས་འདས་པ་ཟུང་ནི་ཟུང
་དང་ལྡན་པ་དག་སྣའི་གནས་ཏེ་ཟད་པར་མེ་རྣམ་པ་བཞི་བསྒོམས་པ་རྣམས་ཀྱིའོ། །དེ་བཞིན་དུ་དཔལ་གྱི་བསྐལ་པ་ཟུང་གི་ཟུང་དང་ལྡན་པ་དག་སྣའི་འོག་ཀོ་སྐོའི་མཐར་ཏེ་ཟད་པར་ཆུ་རྣམ་པ་བཞི་སྒོམ་པ་རྣམས་ཀྱིའོ། །དེ་བཞིན་དུ་དཀར་པོའི་བསྐལ
་པ་ཟུང་ནི་ཟུང་དང་ལྡན་པ་དག་མགྲིན་པའི་གནས་ཏེ་ཟད་པར་ས་རྣམ་པ་བཞི་སྒོམས་པ་རྣམས་ཀྱིའོ། །དེ་ལྟར་ན་གཟུགས་ཅན་རྣམས་ཀྱི་བསྐལ་པ་བཅུ་དྲུག་སྟེ། བསྐལ་པ་བཅུ་དྲུག་ནས་བརྩམས་ནས་བསྐལ་བ་རེའི་བར་གྱི་ཚེའོ། །མགྲིན་པའི་འོག
་དེ་ནས་བརྩམས་ནས་འོག་རླུང་གི་དཀྱིལ་འཁོར་གྱི་མཛའ་ཨི་བར་དུ་འདོད་པའི་སྲིད་པ་བཅུ་གཅིག་སྟེ། ཤིན་ཏུ་དབང་གྱུར་གནས་ནས་འདོད་པ་བཅུ་གཅིག་གོ་ཞེས་གསུངས་ཏེ། འདོད་པ་བཅུ་གཅིག་གིས་དབྱེ་བས་ཐ་དད་དོ། །ཞེས་པའི་དོན་ཏོ། །གཟུགས་མེད
་དག་ནི་ཨ་སོགས་བཞི་པོ་ཧ་འཁྲིག་བྲལ་བ་རྣམས་ཏེ། ཞེས་པ་ནི་འདིར་གཟུགས་མེད་པ་ལ་སོགས་པ་རྣམས་ཀྱི་ས་བོན་གྱི་ཡི་གེ་ནི་ཨ་ཡིག་ལ་སོགས་པའི་དབྱངས་བཞི་སྟེ། དེ་དག་ཀྱང་ཧ་ཡིག་གཉིས་དང་བྲལ་བའོ། །འདི་ནི་སྟོང་པ་དྲུག་ཏུ
་དོགས་པ་མེད་པའི་ཚིག་གོ་།ི་ལ་སོགས་པ་བཅུ་དྲུག་གཟུགས་ཞེས་པ་ནི་འདིར་དབྱངས་བཅུ་དྲུག་པོ་གང་དག་གིས་དང་པོ་ཨེ་ཡིག་ཡིན་པ་དེ་དག་ནི་ཨི་ལ་སོགས་པ་ཞེས་བརྗོད་དེ། ཨི་ལ་སོགས་པ་བཅུ་དྲུག་ནི་གཟུགས་རྣམས་སོ། །ཧ་སོགས་ལ
་མཛའ་ཡང་ནི་འདོད་པ་རྣམ་བཅུར་རབ་ཏུ་གསལ་ཏེ་ཞེས་པ་ནི་དབྱངས་བཅུའི་རྣམ་པར་འགྱུར་པ། །གང་དག་གི་དང་པོ་ཅན་ཡིག་ཡིན་ལ། །མཛའ་ཡིག་ཡིན་པ་དེ་དག་ནི་ཧ་སོགས་ལ་མཛའ་སྐྱེ་འདོད་པ་རྣམ་པ་བཅུར་འགྱུར་རོ། །རབ་ཏུ་གསལ་ཏེ་ལུང་ལས
་གསུངས་པ་ཡོད་པའོ། །གསལ་བྱེད་གཅིག་པ་ཀ་སའོ་ཞེས་པ་ནི། གསལ་བྱེད་ཀ་ཡིག་ལ་སོགས་པ་མཛའ་དག་སོ་སོར་བརྗོད་པས་ཡང་དག་པར་བསྡུས་པ་ནི་ཡི་གེ་གཅིག་པ་ཀ་སར་འགྱུར་ཏེ། །ཀ་དང་ས་རྩེགས་པ་ཀཱ་ཡིག་ག་ཞེས་པའི་དོན་ཏོ།
་དེ་ཡང་འདོད་པའི་སྲིད་པ་བཅུ་གཅིག་པའོ། །སྲིད་པ་སུམ་ཅུ་རྩ་གཅིག་དག་གིས་འདིར་ནི་སྲིད་པ་གསུམ་དུ་འགྱུར་ཞེས་པ་ནི། ཨ་ཡིག་ལ་སོགས་པ་སྲིད་པ་སུམ་ཅུ་རྩ་གཅིག་པོ་འདི་དག་གི་སྲིད་པ་གསུམ་སྟེ། འདོད་པའི་སྲིད་པ་དང་གཟུགས་ཀྱི
་སྲིད་པ་དང་གཟུགས་མེད་པའི་སྲིད་པར་འགྱུར་རོ། །འདིར་སྲིད་པ་སུམ་ཅུ་རྩ་གཅིག་ཅེས་པ་ནི་གཟུགས་མེད་པ་ལ་སོགས་པ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང།
་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང། ཅི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་ཞེས་བྱ་བ་ནི་གཟུགས་མེད་པ་བཞིའོ། །འོག་མིན་ལ་སོགས་པ་གཟུགས་བཅུ་དྲུག་སྟེ། འོག་མིན་དང། ཤིན་ཏུ་མཐོང་པ
་དང། མི་གདུང་བ་དང་མི་ཆེ་བ་དང། འབྲས་བུ་ཆེ་བ་དང། བསོད་ནམས་སྐྱེས་དང། སྤྲིན་མེད་དང། དགེ་རྒྱས་དང། ཚད་མེད་དགེ་བ་དང། དགེ་ཆུང་དང། འོད་གསལ་དང། ཚད་མེད་འོད་དང། འོད་ཆུང་དང། ཚངས་ཆེན་དང
་ཚངས་པ་འདུན་ན་འདོན་དང། ཚངས་རིས་ཞེས་བྱ་བ་ནི་གཟུགས་བཅུ་དྲུག་གོ་།གཞན་འཕྲུལ་དབང་བྱེད་ལ་སོགས་པ་འདོད་པ་བཅུ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་དང། འཕྲུལ་དགའ་དང་དགའ་ལྡན་དང། འཐབ་བྲལ་དང། གསུམ
་ཅུ་རྩ་གསུམ་དང། རྒྱལ་ཆེན་བཞིའི་རིས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་སྟེ། བསྐལ་པ་ཆུང་ངུ་དྲུག་དང། ལྔ་དང་བཞི་དང་གསུམ་དང་གཉིས་དང། གཅིག་གིས་བསྐལ་པའི་ཚེ་དང་ལྡན་པའོ། །འདིར་དེའི་ནང་དུ
་འདུས་པའི་ལྷ་མ་ཡིན་དང། མི་དང་དུད་འགྲོ་དང། ཡི་དགས་དང། དམྱལ་བ་ཞེས་བྱ་བ་ནི་འདོད་པའི་སྲིད་པ་ལྔ་སྟེ། དེ་ལྟར་ན་སྲིད་པ་སུམ་ཅུ་རྩ་གཅིག་གོ་།གཟུགས་མེད་པ་ལ་སོགས་པ་འདི་རྣམས་ཀྱི་མིང་གི་སྔགས་ཨ་ཡིག་ལ་སོགས་པ
་རྣམས་བརྗོད་པའི་རིམ་པས་གྲངས་བཞིན་ནོ། །འདི་ལྟ་སྟེ། ཨ་ཨཱ་ཨོཾ་ཨཱ(རྒྱུད་འགྲེལ་ཟད་པར་ཆུའོ། །ལི་ལཱི་ཨལ་ཨཱལ་ཞེས་པ་ནི་ཟད་པར་ས་སྟེ། ཚུལ་ཁྲིམས་ཀྱི་སྟོབས་དང། ཟད་པར་རླུང་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འོག་མིན་ལ་སོགས་པ་གཟུགས་བཅུ་དྲུག་ཏུ་འགྱུར་རོ། །ཧ་ཧཱ་ཡ་ཡཱ་ར་རཱ་ཞེས་པ་འདོད་པ་ན
་སྤྱོད་པ་དྲུག་ཏུ་སྦྱིན་པའི་སྟོབས་དང་སྔགས་བཟླས་པའི་སྟོབས་ཀྱི་འགྱུར་རོ། །ཝ་ཝཱ་ཞེས་པ་ནི་ལྷ་མ་ཡིན་དང། མི་སྟེ་སྦྱིན་པའི་སྟོབས་ཀྱིས་ལྷ་མ་ཡིན་དང། དགེ་བ་དང་མི་དགེ་བའི་ལས་ཀྱིས་སྟོབས་ཀྱི་མི་འགྱུར་རོ། །ལ་ལཱ་ཞེས་པ་ནི་དུད་འགྲོ
་དང་ཡི་དགས་ཏེ། སྡིག་པ་ཆུང་ངུས་དུད་འགྲོ་དང། སྡིག་པ་འབྲིང་གིས་ཡི་དགས་སོ། །ཀྵ་ཡིག་གིས་དམྱལ་བ་སྟེ། སྡིག་པ་ཆེན་པོར་འགྱུར་རོ། །ཀླུའི་འཇིག་རྟེན་དང་པོར་བསོད་ནམས་ཀྱི་སྟོབས་དང། དམྱལ་བའི་གནས་དང་པོར་སྡིག་པའི
་སྟོབས་ཀྱིས་བསྐལ་བར་ཆུང་ངུའི་ཚེའོ། །དམྱལ་བའི་གནས་གཉིས་པ་དང་གསུམ་པར་བསྐལ་པ་བར་མའི་ཚེའོ། །དམྱལ་བའི་གནས་བཞི་པ་དང་ལྔ་པར་བསྐལ་པ་མཆོག་གི་ཚེའོ། །དམྱལ་བའི་གནས་དྲུག་པ་དང་བདུན་པར་བསྐལ་པ་ཆེན་པོའི
་ཚེའོ། །བརྒྱད་པར་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་ཚེ་སྟེ། དེ་ལྟར་སྲིད་པ་གསུམ་ཅུ་རྩ་གཅིག་གིས་སྲིད་པ་གསུམ་མོ་ཞེས་པའི་དོན་ཏོ། །ཁམས་ཀྱི་དབྱེ་བས་ནི་ཁམས་གསུམ་མོ། །སྲིད་གསུམ་མ་ལུས་ནི་མཐོ་རིས་དང་མི་ཡུལ་དང་ས་འོག་གོ་།འདི་ཡང་སྐུ
་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་འགྱུར་ཏེ། ཨ་སོགས་ཀ་སོགས་རབ་ཏུ་དབྱེ་བ་ལས་ཤེས་པར་བྱའོ། །བསྐལ་པ་ཆུང་ངུའི་ཚད་ནི་མཆུ་དང། ཞེང་ལ་དཔག་ཚད་གཅིག་པའི་དོང་སྟེ། དེ་ཡང་སྐྲའི་རྩེ་མོ་རྣམས་ཀྱིས་ཡོངས་སུ་བཀང་བ
་ལས། ལོ་བརྒྱ་ནི་སྐྲའི་རྩེ་མོ་རེ་རེ་ཕྱུང་བས་གང་གི་ཚེ་སྟོང་པར་གྱུར་པ་དེའི་ཚེ་བསྐལ་པ་ཆུང་ངུའི་ཉིན་ཞག་གཅིག་གོ་།ཉིན་ཞག་དེ་སུམ་ཅུའི་ཚད་ཀྱི་ཟླ་བའོ། །ཟླ་བ་བཅུ་གཉིས་ཀྱིས་ལོའོ། །ལོ་བརྒྱ་ལ་བསྐལ་པ་ཞེས་བརྗོད་དོ། །དེ་བཞིན་དུ་དེའི
་སྡེ་ནི་བསྐལ་པ་བར་མ་སྟེ། བསྐལ་པ་བར་མའི་སྡེ་ཡིས་མཆོག་གི་བསྐལ་པའོ། །དེ་ལྟར་སེམས་ཅན་རྣམས་སྡིག་པའི་དབང་གིས་བསྐལ་པའི་གྲངས་དུ་མར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བར་འགྱུར་རོ། །ལྷ་རྣམས་བསོད་ནམས་ཀྱི
་དབང་གིས་བསྐལ་པ་དུ་མར་མཐོ་རིས་ལ་སོགས་པའི་བདེ་བར་འགྱུར་རོ། །ད་ནི་ཀླུའི་གནས་ལ་སོགས་པ་རྣམས་ཀྱི་མིང་གསུངས་ཏེ། མིང་དེ་ལ་རྩོད་པ་མེད་དོ། །རིན་ཆེན་སྣང་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ་ཞེས་པ་ནི། འདིར
་གནས་གང་ན་རིན་པོ་ཆེ་རྣམས་ཀྱིས། སྣང་བའི་གནས་དེ་ནི་རིན་ཆེན་སྣང་སྟེ། ལྷ་མ་ཡིན་དང་ཀླུའི་འཇིག་རྟེན་དེ་ནས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་ཚད་དེ། རིན་ཆེན་སྣང་དེ་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ། བཤད
་པའི་དོན་ཏོ། །བྱེ་མའི་ཆུ་ཞེས་བྱ་བ་ནི་གཉིས་པའོ། །འདམ་གྱི་ཆུ་ནི་གསུམ་པ་སྟེ། གྲང་བའི་དམྱལ་བ་གཉིས་སོ། །དེའི་འོག་ཏུ་མི་བཟད་པའི་དུ་བ་ནི་བཞི་པའོ། །མེ་ནི་ལྔ་པ་སྟེ་ཚ་བའི་དམྱལ་བ་གཉིས་སོ། །དེ་ནས་འོག་ཏུ་མུན་པ་ནི་དྲུག
་པའོ། །ངུ་འབོད་མུན་པ་ཆེན་པོ་ནི་བདུན་པ་སྟེ། དྲག་པོའི་རླུང་གི་དམྱལ་བ་གཉིས་སོ། །རྡོ་རྗེ་མེ་ལྕེ་དང་བཅས་པ་བརྒྱད་པ་ནི་དང་ཡིག་གིས་ཏེ། རྡོ་རྗེ་ཁབ་རྩེའི་སའི་ཆ་རྟག་ཏུ་རབ་ཏུ་འབར་བའོ། །དམྱལ་བ་ཆེན་པོ་བརྒྱད་པོ
་རྣམས་ནི་ས་འོག་གིའོ། །ལན་ཚྭ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ་ཞེས་པའི་ལན་ཚྭ་ནི་སའི་དཀྱིལ་འཁོར་གྱི་ཕྱི་རོལ་ནའོ། །ཆང་ལ་སོགས་པ་ནི་སའི་སྟེང་ནའོ། །རི་བོ་ནི་བདུན་ཏེ་འོད་སྔོན་མན་དར་རི་ནི་ཥ་ཊ་དང་ནོར་བུའི་འོད
་ཟེར་དྲོ་ཎ་བསིལ་རི་རྡོ་རྗེའོ། །ཞེས་པའི་རྡོ་རྗེ་ནི་ལན་ཚྭའི་རྒྱ་མཚོའི་ཕྱི་རོལ་ནའོ། །ཁ་བ་ཅན་ལ་སོགས་པའི་རི་རྒྱུད་སོ་སོ་ནི་ཆང་ལ་སོགས་པའི་རྒྱ་མཚོ་སོ་སོའི་ཕྱི་རོལ་ན་ཆུའི་ཕྲེང་བ་འཆིང་བ་བཞིན་ནོ། །གླིང་ནི་ཟླ་བ་འོད་དཀར་དག་དང་རབ་མཆོག་ཀུ་ཤ
་དང་ནི་མི་འམ་ཅི་དང་ཁྲུང་ཁྲུང་དང། །དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པ་འཛམ་བུ་མི་རྣམས་གནས་པ་དག་ནི་ལས་ཀྱིས། བདུན་པ་འཛམ་བུའི་གླིང་ཆེན་པོ་ཟླུམ་པོའི་རྣམ་པ་ཞེང་དུ་དཔག་ཚད་འབུམ་ཕྲག་གཅིག་དང་ཁོར་ཡུག་ཏུ་འབུམ
་ཕྲག་གསུམ་ཡོད་པ་གང་དུ་མི་རྣམས་གནས་པ་དེ་ནི་ལས་ཀྱི་ས་དང། དྲུག་ནི་ལོངས་སྤྱོད་ཀྱི་སར་རིག་པར་བྱའོ། །འཛམ་བུ་གླིང་ནི་ལན་ཚྭའི་རྒྱ་མཚོའི་དོགས་ན་སྟེ། ལྷག་མ་ནི་ཆང་ལ་སོགས་པའི་དོགས་ནའོ། །ད་ནི་འཛམ་བུའི་གླིང
་ཆེན་པོ་ལ་གླིང་བཞི་རྣམས་གསུངས་པ། ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོ་ཞེས་པ་ནི་ཤར་དུ་རླུང་གི་དཀྱིལ་འཁོར་གྱི་རང་བཞིན་གྱི་ཤིན་ཏུ་ཟླུམ་པོ་སྟེ་ཟླ་བ་ཉ་བའི་རྣམ་པའོ། །ལྷོ་རུ་མེའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་གྲུ་གསུམ་མོ། །བྱང
་དུ་ཆུའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཟླུམ་པོ་ཕྱེད་པའོ། །ནུབ་ཀྱི་སའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་གྲུ་བཞི་སྟེ། ཆུའི་གཏེར་གྱིས་ཟུར་ཞེས་སོ། །དབུས་སུ་ལྷུན་པོ་སྟོད་པའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཐིག་ལེ་རྣམ་པའོ། །
་རྡོ་རྗེ་མཆོག་གི་རང་བཞིན་དཀྱིལ་འཁོར་རྣམས་ཀྱི་དབུས་སུའོ། །ཞེས་པ་ནི་ཤར་དང་ལྷོ་དང་བྱང་དང་ནུབ་ཀྱི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ལྷུན་པོའོ། །སའི་སྟེང་དུ་དཔག་ཚད་སྟོང་ཕྲག་རྣམས་ནི་རི་དང་ཀླུ་དང་གཟའ་དང་ཕྱོགས་རྣམས་དག་ཏུ་འགྱུར་རོ། །དཀྱིལ
་འཁོར་བཞི་པོ་འདི་རྣམས་ཀྱི་དཔག་ཚད་ཀྱི་ཚད་ནི་གྲངས་བཞིན་དུ་སའི་སྟེང་དུ་རི་ཞེས་པ་སྟོང་ཕྲག་བདུན་ནོ། །ཀླུ་ཞེས་པ་སྟོང་ཕྲག་བརྒྱད་དོ། །གཟའ་ཞེས་པ་སྟོང་ཕྲག་དགུའོ། །ཕྱོགས་ཞེས་པ་སྟོང་ཕྲག་བཅུ་སྟེ། གླིང་བཞི་རྣམས་ཀྱི་དཔག
་ཚད་རིམ་པ་བཞིན་ནོ། །འདིར་གང་ཞིག་ཤར་ཟླུམ་པོ་ཕྱེད་དང་ནུབ་གྲུ་བཞི་ཡིན་པ་དེའི་ཕྱིར་རང་གི་ལུས་རང་བཞིན་གྱི་མདུན་དང་རྒྱབ་རླུང་དང་སའི་རང་བཞིན་དང། གཡོན་དང་གཡས་ཀྱི་ལུས་ནི་ཆུ་དང་མེའི་རང་བཞིན་ནོ། །དེའི་ཕྱིར་དཀྱིལ་འཁོར
་བཞིའི་རྣམ་པ་གླིང་གཞི་རྣམས་ཀྱི་མཚན་ཉིད་དོ། །ད་ནི་ལྷུན་པོ་ལ་སོགས་པ་རྣམས་ཀྱི་རྒྱའི་ཚད་གསུངས་པ། ལྷུན་པོ་ཡི་ནི་སྟེང་གི་རྒྱ་ཤར་དང་ནུབ་དང་བྱང་དང་ལྷོའི་ཆའི་བར་དུ་སྟོང་ཕྲག་ལྔ་བཅུའོ། །ས་གཞི་དག་གི་གནས་ལ་རྒྱར་སྟོང
་ཕྲག་བཅུ་དྲུག་གོ་།སྟོང་ཕྲག་གཅིག་ནི་ཁོར་ཡུག་དག་གི་ཡང་དག་པའི་ཞེད་དོ། །རྭ་ནི་ལྔ་པོ་རྣམ་དག་སྟེང་དང་ས་གཞི་དག་གི་གནས་ལ་ནི་ཕྱིར་སོན་པའོ། །ཕྱོགས་ཀུན་ཏུ་ནི་ཁོར་ཡུག་ཀྱང་ངོ། །དེའི་ཕྱི་རོལ་གླིང་དང་རི་བོ་དག་དང་ཞེས་པ་ནི་ཁོར
་ཡུག་དེའི་ཕྱི་རོལ་རྭ་བཞི་ཁོང་སྐྱིབས་ཀྱི་གནས་སུ་གླིང་དྲུག་དང་མཚོ་དྲུག་དང་རི་དྲུག་སྟེ། དེ་རྣམས་ལས་ཁ་བའི་རི་དང་རྭ་མཉམ་པའོ། །བདུན་པ་ནི་འཛམ་བུའི་གླིང་སྟེ། དེའི་ཕྱི་རོལ་ན་ལན་ཚྭའི་ཆུ་གཏེར་གྱི་དཀྱིལ་འཁོར་དང། ཐམས
་ཅད་ནས་མེའི་དཀྱིལ་འཁོར་དང། རླུང་གི་དཀྱིལ་འཁོར་རོ། །ཆུ་གཏེར་དྲུག་པོ་ཐམས་ཅད་ཀྱང་ཟླ་བ་ཟླ་བ་གཅིག་གི་དམན་པའི་སྟོང་ཕྲག་རེ་རེ་སྟེ་ཞེས་པ་ནི་རྒྱ་མཚོ་དྲུག་སྟེ། རྒྱ་མཚོ་སོ་སོ་ལ་བཅུ་གཅིག་ལྷག་པའི་རྒྱ་ཡིས་དམན་པའི་སྟོང་ཕྲག
་དྲུག་ཏུ་འགྱུར་རོ། །ཞེས་པའི་དོན་ཏོ། །དེ་བཞིན་དུ་གླིང་རྣམས་དྲུག་དང་རི་རྒྱུད་མཆོག་རྣམས་དྲུག་ཉིད་དེ། གླིང་དང་རི་རབ་རྒྱ་མཚོ་བཅོ་བརྒྱད་པོ་འདི་རྣམས་ཚད་མཉམ་མོ། །དེ་ཉིད་ཞིབ་མོར་ནི་སྟོང་ཕྲག་བཅུ་དྲུག་ལས་བཅོ་བརྒྱད
་ཀྱིས་ཐོབ་པའི་ཆས་གསལ་བར་འགྱུར་རོ། །ཟླ་བ་ཟླ་བ་གཅིག་དམན་པ་ཞེས་པ་ནི་རྩེད་གེའི་ཚད་མདོར་བསྡུས་ཏེ་བརྗོད་པའོ། །འདིར་ལྷུན་པོའི་འོག་གི་ཆ་ལ་ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་ཕྲག་བརྒྱད་དང་ཁོར་ཡུག
་ཅིག་གོ་།དཔག་ཚད་སྟོང་ཕྲག་དགུའི་ཕྱི་རོལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་གི་བར་དུ་གླིང་དྲུག་ལ་སོགས་པ་རྣམས་གནས་སོ། །དེའི་ཕྱིར་སྟོང་ཕྲག་བཅུ་དྲུག་ལས་བཅོ་བརྒྱད་ཀྱིས་ཐོབ་པའི་ཆས་ཚང་གསལ་བར་འགྱུར་རོ། །དེའི་ཕྱི་རོལ
་ལྷུན་པོའི་ཕྱོགས་བརྒྱད་དུ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་འཛམ་བུའི་གླིང་ཆེན་པོའི་ཡངས་པ་སྟེ། ཟླུམ་པོའི་རྣམ་པའོ། །དེའི་ཕྱི་རོལ་ཕྱོགས་ཐམས་ཅད་དུ་ལན་ཚྭའི་ཆུ་གཏེར་འབུམ་ཕྲག་ཕྱེད་ཀྱི་ཚད་དུ་འགྱུར་རོ། །སྲིད་པ་གསུམ་པོ་འཛིན་པ
་ཡི་ནི་ཐ་མ་དག་གི་མེའི་དཀྱིལ་འཁོར་དང་རླུང་གི་དཀྱིལ་འཁོར་གྱི་ཚད་དག་དེ་བཞིན་ནོ། །དེ་ལྟར་ན་ལྷུན་པོའི་ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དཔག་ཚད་འབུམ་ཕྲག་གཉིས་གཉིས་སུ་འགྱུར་ཏེ། ལུས་ལ་བྲང་གི་ཕྱེད་ནི་སའི་དཀྱིལ
་འཁོར་རོ། །དཔུང་པ་ནི་ཆུའི་དཀྱིལ་འཁོར་རོ། །ཉེ་བའི་དཔུང་པ་ནི་མེའི་དཀྱིལ་འཁོར་རོ། །ནོར་བུ་འཆིང་བ་ནས་ལག་པའི་མཐར་ནི་རླུང་གི་དཀྱིལ་འཁོར་ཏོ། །དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཀྱི་ཚད་དོ། །ད་ནི་ཚངས་པའི་གནས་དུས་ཀྱི་འཁོར་ལོ་ཞེས
་པ་ལ་སོགས་པ་དུས་ཀྱི་འཁོར་ལོ་དང་ལྷ་དང་ཀླུ་དང་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་ཀྱི་གནས་གསུངས་ཏེ། ཕྱི་རོལ་ཏུ་ཚངས་པའི་གནས་དང། ལུས་ལ་གཙུག་ཏོར་གྱི་ནོར་བུ་ལ་དུས་ཀྱི་འཁོར་ལོ་སྟེ། དེ་ཉིད་ནི་རྒྱལ་བ་མཆོག་གནས་ཡང་དག
་བསྟོད་པ་སྟེ། སངས་རྒྱས་ཐམས་ཅད་དང་བཅས་པ་འདུས་ཤིང་གཅིག་ཏུ་འདྲེས་པར་གྱུར་པ་དང། ལྷའི་ཚོགས་བྱང་ཆུབ་སེམས་དཔའ་དང་ཚངས་པ་ལ་སོགས་པ་རྣམས་ཀྱི་ཡང་དག་པར་བསྟོད་པའོ། །ལྷུན་པོ་ལ་ནི་ཚིག་མདའ་ཚངས་པ་ལ
་སོགས་པ་རྣམས་ཀྱི་ཚོགས་སོ། །ས་གཞིའི་འོག་ན་གནས་པ་ཀླུ་རྣམས་དག་ནི་རིགས་ལྔའི་ཚོགས་སོ། །དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་སྟེ། ཕྱོགས་བརྒྱད་དུ། ས་ཡི་དཀྱིལ་འཁོར་ལ་སོགས་གནས་རྣམས་ཀུན་དང་ཉེ་བའི
་གནས་ཞེས་པ་ལ་གནས་ནི་ཕྱོགས་བཞིར་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་གྱིས་གནས་པ། ཤར་གྱི་ལུས་འཕགས་དང། འཛམ་བུའི་གླིང་ཆུང་ངུ་དང། བྱང་གི་སྒྲ་མི་སྙན་དང། ནུབ་ཀྱི་བ་ལང་སྤྱོད་དོ། །ཉེ་བའི་གནས་ནི་རང་བཞིན་དེ་
་ཉིད་ཀྱི་ཕྱོགས་མཚམས་རྣམས་སུ་སྟེ། མེ་དང་བདེན་བྲལ་དང། དབང་ལྡན་དང། རླུང་གི་ཕྱོགས་སུའོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ནི་རྒྱ་མཚོའི་ཕྱེད་ལའོ། །བདུན་པ་དང་ཉེ་བའི་བདུན་པ་ནི་རྒྱ་མཚོའི་ཕྱེད་གཞན་ལའོ། །འདུས་པ
་ཅན་དང་ཉེ་བའི་འདུས་པ་ཅན་ནི་མེའི་དཀྱིལ་འཁོར་གྱི་ཕྱེད་ལའོ། །ཁང་པ་དང་ཉེ་བའི་ཁང་པ་ནི་མི་ཕྱེད་གཞན་ལའོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལའོ། །དུར་ཁྲོད་ཆེན་པོ་བརྒྱད་ནི་དཀྱིལ་འཁོར་གྱི་མཛའ་ལ་སྟེ།
་དེ་ལྟར་གནས་ལ་སོགས་པ་རྣམས་ས་བཅུ་གཉིས་སུ་རིག་པར་བྱ་སྟེ། ལུས་ལ་ཡང་ས་བཅུ་གཉིས་ནི་ལག་པ་དང་རྐང་པ་དག་གི་ཚིག་བཅུ་གཉིས་སོ། །ད་ནི་ཕྱོགས་སྐྱོང་རྣམས་ཀྱི་གནས་གསུངས་པ། ཤར་དུ་བརྒྱ་བྱིན་ཞེས་པ་སྟེ། ཤར
་དུ་བརྒྱ་བྱིན་ནི་ལྷུན་པོའི་སྟེང་གི་ཤར་ཕྱོགས་སུ་བརྒྱ་བྱིན་ནོ། །མེར་ནི་མེ་ལྷའོ། །གཤིན་རྗེའི་ཕྱོགས་སུ་གཤིན་རྗེའོ། །བདེན་བྲལ་དུ་སྲིན་པོའོ། །ནུབ་ཕྱོགས་སུ་ཆུ་ལྷའོ། །རླུང་དུ་རླུང་ལྷའོ། །ནོར་སྦྱིན་དུ་གནོད་སྦྱིན་ནོ། །འཕྲོག་བྱེད་
་ཀྱི་ཕྱོགས་སུ་དྲག་པོའོ། །སྟེང་གི་ཆར་ཚངས་པའོ། །འོག་ཏུ་ཁྱབ་འཇུག་གོ་།བརྒྱ་བྱིན་ལ་སོགས་པ་འདི་དག་མཚོན་ལྡན་འཁོར་གྱི་སྐྱེ་བོ་དང་བཅས་རང་རང་ཕྱོགས་ནི་སྲུང་ཞིང་སྐྱོང་བ་སྟེ། དེ་དག་རྣམས་ཀྱི་དབུས་སུ་དུས་ཀྱི
་འཁོར་ལོ་རྒྱལ་བ་རྣམས་ཀྱི་སྐྱེད་མཛད་གཞོམ་དུ་མེད་པ་རྡོ་རྗེའི་སྐུ་སྟེ་ཕྱོགས་སྐྱོང་རྣམས་ཀྱི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ད་ནི་ས་དུམ་བུ་བཅུ་གཉིས་ལ་འཁོར་ལོ་བསྒྱུར་བ་ཆེན་པོ་འཁོར་བ་གསུངས་པ། ལྷུན་པོའི་རྒྱབ་ཀྱི་ཕྱོགས་ཞེས་པ་ལ་སོགས
་པ་སྟེ། ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་ཀླ་ཀློ་རྣམས་ཀྱི་རྒྱལ་བར་དཀའ་བ་འཁོར་རོ། །སའི་དུམ་བུ་གང་དུ་དེ་བཞིན་གཤེགས་པའི་ཆོས་ནི་རྣམ་པར་ཉམས་ཤིང་དེ་དག་ལས་བཟློག་པའི་ཆོས་འཇུག་པའི་ས་གཞི་དེར་འཁོར
་ལོ་ཅན་འཁོར་ཏེ། །རྩོད་དུས་ལ་ཆོས་མིན་རབ་ཏུ་འཇུག་པ་དེ་ཉིད་རྩོད་དུས་འཇུག་པ་ཞེས་པའི་དོན་ཏོ། །ཆོས་མ་ཡིན་པའི་བདག་ཉིད་དེ་ཉིད་རྩོད་པའི་དུས་སོ། །དུམ་བུ་གང་དང་གང་དུ་ཀླ་ཀློའི་ཆོས་ཞུགས་པའི་དུམ་བུ་དེ་དང་དེ་ཉིད་དུ་རབ་ཏུ་གྱུར
་པས་བགྲོད་པར་བྱེད་པ་ནི་རབ་ཏུ་བགྲོད་པར་བྱེད་པའོ། །ཀླ་ཀློ་རྣམས་དང་ཀྱང་ཡིག་གིས་ལྷ་མིན་ལ་སོགས་པ་རྣམས་ཀྱང་གཡུལ་དུ་བཅོམ་སྟེ་རང་གི་ཆོས་ལ་ཀླ་ཀློ་ལ་སོགས་པ་དེ་དག་དགོད་པར་བྱས་ནས་མདུན་དུ་རྣམ་པར་རྒྱུའོ་རྫོགས་ལྡན་སུམ
་ལྡན་ཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར་ཞེས་པ་ནི། འདིར་རྫོགས་ལྡན་ལ་སོགས་པ་དུས་བཞི་གཞན་ཏེ། རྫོགས་ལྡན་ཆེན་པོ་ལ་སོགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དུས་བཞི་འདི་ནི་དུས
་ཀྱི་སྦྱོར་བས་འབྱུང་བར་འགྱུར་ཏེ། དུས་ནི་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །དེའི་སྦྱོར་བ་ནི་དུས་ཀྱི་སྦྱོར་བ་སྟེ། མཚམས་བཞིའི་དབྱེ་བས་འབྱུང་བར་འགྱུར་རོ། །དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་པ་དེར་ནི
་རྫོགས་ལྡན་དུ་བགྲོད་དེ། རྫོགས་ལྡན་དུས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་བགྲོད་དོ། །ཞེས་པའི་དོན་ཏོ། །རྒྱལ་པོའི་རྒྱབ་ཏུ་སུམ་ལྡན་ཞེས་པ་ནི་རྒྱལ་པོའི་རྒྱབ་ཏུ་རྫོགས་ལྡན་གྱི་མཐར་ཆོས་ཀྱི་རྐང་པ་གཅིག་མེད་པ་དང།
་གསུམ་ལྡན་གྱི་མཐར་རྐང་པ་གཉིས་མེད་པ་ནི་གསུམ་ལྡན་དུ་འགྱུར་རོ། །རྩོད་པའི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་སྟེ། བསྐལ་པའི་མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ། །གཉིས་ཀྱི་བར་དུ་གཉིས་ལྡན་ནོ་ཞེས་པ་ནི། རྩོད་དུས་དང
་གསུམ་ལྡན་གཉིས་ལྡན་གྱི་བར་དུ་ཆོས་ཀྱི་རྐང་པ་གསུམ་མེད་པའི་གཉིས་ལྡན་ནོ། །དུས་བཞི་པོ་རྣམས་དག་གིས་ལོའི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། རོ་བརྒྱ་ཞེས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ
་གཅིག་གིས་ཚད་དེར་འགྱུར་རོ། །རེ་རེ་དག་གི་ཆད་ནི་དུས་དང་མདའ་ཡིས་བསྒྱུར་བ་ཞེས་པ་ལ་དུས་ནི་བཞིའོ། །མདའ་ནི་ལྔ་སྟེ། ལྔ་བཅུ་རྩ་བཞི་པོ་དེ་དག་གིས་བསྒྱུར་བ་ནི་དུས་དང་མདའ་ཡིས་བསྒྱུར་བའོ། །མི་རྣམས་དག་གིས་ལོ་བརྒྱ་གང
་ཡིན་པའོ། །ཞེས་པ་ལོ་བརྒྱ་བསྒྱུར་བ་བཞི་བརྒྱ་ལྷག་པའི་སྟོང་ཕྲག་ལྔར་འགྱུར་ཏེ། དུས་སོ་སོའི་ཚད་མཉམ་མོ། །ད་ནི་མིའི་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་དབུགས་ཀྱི་ཚད་གསུངས་པ། ཕྲ་དབུགས་ཞེས་པ་ལ་སོགས་པ་སྟེ། ཕྲ
་ཞེས་པ་ནི་མིའི་དབུགས་འཇུག་པ་དང་འབྱུང་བ་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་གྱུར་པའི་ཆ་གཅིག་ནི་ཕྲ་མོའི་དབུགས་ཏེ། དབུགས་དེ་དྲུག་ནི་ལུས་སྐྱེས་སྲིན་པོའི་རིགས་ལ་སོགས་པའི་ཆུ་སྲང་གཅིག་གོ་།ཆུ་སྲང་དྲུག་ཅུ་ནི་ཆུ་ཚོད
་དོ། །ཆུ་ཚོད་དྲུག་ཅུ་ནི་ཉིན་ཞག་སྟེ། ཉིན་ཞག་ཅེས་བྱ་བ་ནི་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་དབུགས་འཇུག་པ་དང་འབྱུང་བ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་དྲངས་སོ། །དབུགས་དེ་དག་འདས་པས་མི་རྣམས་ཀྱི་རང་གི་ཉིན
་ཞག་གོ་།དྷྲུ་རྣམས་ཀྱི་འབྱུང་པོ་ཡི་དགས་རྣམས་ཀྱི་རང་གི་ཉིན་ཞག་སྟེ། དྷྲུ་ཞེས་པ་ནི་མིའི་དབུགས་སུམ་ཅུ་འགྱུར་གྱི་དབུགས་ཏེ། ནག་པོའི་ཕྱོགས་ཉིན་མོ་དང་དཀར་པོའི་ཕྱོགས་མཚན་མོ་ནི་ཡི་དགས་པ་མེས་ལ
་སོགས་པ་རྣམས་ཀྱི་རང་གི་ཉིན་ཞག་གོ་།ཆུ་ཚོད་ཅེས་པ་ནི་མི་རྣམས་ཀྱི་དབུགས་སུམ་བརྒྱ་དྲུག་ཅུ་སྟེ་ལྷ་རྣམས་ཀྱི་དབུགས་གཅིག་གོ་།ཉིན་ཞག་ཅེས་པ་ནི་མི་རྣམས་ཀྱི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ་ལྷ་མིན་རྣམས་ཀྱི་དབུགས
་གཅིག་གོ་།དྷྲུ་ཞེས་པ་ནི་མི་རྣམས་ཀྱི་ལོ་སྟེ། ནུས་པའི་དབུགས་གཅིག་གོ་།ནུས་པ་ཞེས་པ་ནི་འོག་མིན་པའི་སྐྱེ་བའོ། །དུས་བཞི་ཞེས་པ་ནི་མི་རྣམས་ཀྱི་ལོའི་ཚོགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ། གཙོ་བོའི་དབུགས
་གཅིག་གོ་།གཙོ་བོ་ཞེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་སྐྱེ་བའོ། །ཕྲ་དབུགས་དྷྲུ་དང་ཆུ་ཚོད་ཉིན་ཞག་དྷྲུ་དང་དུས་བཞི་དག་ནི་སྟོང་ཕྲག་ཉི་ཤུ་གཅིག་དང་དྲུག་བརྒྱ་རྣམས་ནི་རིམ་པས་ལུས་སྐྱེས་ཕྲ་དང
་མི་དང་འབྱུང་པོ་དང་ལྷ་དང་ལྷ་མིན་རྣམས་དང་ནི། ནུས་དང་གཙོ་བོའི་ཉིན་ཞག་གཅིག་གི་ཚད་དེ་དེ་ལྟར་སྔར་བརྗོད་པའི་རམ་པས་ལུས་སྐྱེས་ལ་སོགས་པ་འདི་རྣམས་ཀྱི་རང་རང་གི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས
་ཉིན་ཞག་དུ་འགྱུར་རོ། །ཚད་འདི་དག་ལས་ནུས་པའི་ཚད་ནི་འོག་མིན་གྱི་ལྷའི་ཚད་དེ་ས་གཞི་དག་ལ་འཁོར་ལོ་ཅན་གྱི་དུས་བཞི་ནུས་པའི་ཚད་དུ་འཇུག་ཅེས་སོ། །དུམ་བུ་དུམ་བུར་ཞི་བའི་གོ་འཕང་འཁོར་ལོ་ཅན་བགྲོད། དུམ་བུ་སོ་སོར་སངས
་རྒྱས་ཀྱི་ཆོས་རབ་ཏུ་བསྐོར་ནས་ཞི་བའི་གོ་འཕང་བདེ་བ་ཆེན་པོའི་གནས་བགྲོད་དོ། །ཉིན་ཞག་གཅིག་ལ་ཉི་མ་བཅུ་གཉིས་སོ། །དུམ་བུ་སོ་སོ་རེ་རེར་འཁོར་ལོ་སྒྱུར་བ་ཆོས་རབ་ཏུ་སྟོན་པ་པོ་ཡང་སོ་སོ་རེ་རེ་སྟེ། ཉིན་ཞག་གཅིག་འཁོར
་ལོས་སྒྱུར་བ་བཅུ་གཉིས་སུ་འགྱུར་རོ། །ནུས་པའི་དབུགས་དང་མི་རྣམས་ཀྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་བཅོ་བརྒྱད་ཀྱི་རེ་རེ་བགྲོད་དེ། དེ་ལྟར་ན་ཆོས་ཀྱི་ཉིན་མོར་བྱེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ལམ་རབ་ཏུ་སྟོན་པའི་ཉི་མ་བཅུ་གཉིས་སོ། །ཕྱི་རོལ་ཏུ་ལོ་ལ་ཕྱི་བཅུ་གཉིས
་ཀྱི་དབྱེ་བས་ཉི་མ་བཅུ་གཉིས་སུ་འགྱུར་རོ། །ད་ནི་ཕྲ་མོ་ལ་སོགས་པ་རྣམས་ཀྱི་དབུགས་ཀྱི་དབྱེ་བས་ཉིན་ཞག་སོ་སོ་ལ་དུས་ཀྱི་དབྱེ་བ་གསུངས་པ། ཕྱོགས་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་ཉིན་ཞག་སོ་སོ་ལ། ཕྱོགས་ཉི
་ཤུ་རྩ་བཞི་དང་ཟླ་བ་མཛའ་དག་ཅེས་པ་ཟླ་བ་བཅུ་གཉིས་དང། དུས་དྲུག་དང་དུས་བཞི་དང། མེ་དུས་ཞེས་པ་དུས་གསུམ་དང། བགྲོད་པ་གཉིས་ཏེ། རྒྱལ་པོ་ལོ་ནི་མཛའ་དག་ཅེས་པ་ནི་འདི་མཛའ་དག་ལོའི་དབྱེ་བར་ཤེས་པར་བྱའོ། །དེ་བཞིན
་དུ་རྗེས་སུ་ཉིན་ཞག་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུའོ། །དུས་སྦྱོར་ཆུ་ཚོད་དག་དང་ཆུ་ཡི་སྲང་རྣམས་ཏེ། དུས་སྦྱོར་ནི་སུམ་བརྒྱ་ཉི་ཤུ་ལྷག་པའི་སྟོང་ཕྲག་བཞིའོ། །ཆུ་ཚོད་ནི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་གྲངས་སོ། །ཆུ
་སྲང་ནི་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་སོ། །འདི་རྣམས་དེ་ལྟར་བགྲོད་པ། ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ལོའི་ཡན་ལག་འདི་དག་དབུགས་ཀྱི་དབྱེ་བས་བགྲོད་དོ། །དེ་ལ་དབུགས་དགུ་བརྒྱས
་ཕྱོགས་སུ་འགྱུར་ཏེ། ཕྱོགས་ཉི་ཤུ་རྩ་བཞིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་སྟོང་བརྒྱད་བརྒྱས་ཟླ་བ་སྟེ། ཟླ་བ་བཅུ་གཉིས་ཀྱི་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་སུམ་སྟོང་དྲུག་བརྒྱས་དུས་ཏེ། དུས་དྲུག་གིས་ཉིན་ཞག་དང
་ལོར་འགྱུར་རོ། །དབུགས་ལྔ་སྟོང་བཞི་བརྒྱས་དུས་སུ་འགྱུར་ཏེ། དུས་བཞི་ཡིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་བདུན་སྟོང་ཉིས་བརྒྱས་དུས་གཅིག་ཏུ་འགྱུར་ཏེ། དུས་གསུམ་གྱི་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་ཁྲི་བརྒྱད
་བརྒྱས་བགྲོད་པར་འགྱུར་ཏེ། བགྲོད་པ་གཉིས་ཀྱིས་ཉིན་ཞག་དང་ལོར་འགྱུར་ཏེ། དེ་ལྟར་ན་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་རང་རང་གི་ཚད་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས། །སོ་སོའི་ཉིན་ཞག་དང་ལོར་འགྱུར་རོ།
་དེ་བཞིན་དུ་དབུགས་དྲུག་ཅུས་ཉིན་མཚན་དུ་འགྱུར་ཏེ། ཉིན་མཚན་སུམ་བརྒྱ་དྲུག་ཅུས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་ལྔས་དུས་སྦྱོར་དུ་འགྱུར་ཏེ། དུས་སྦྱོར་བཞི་སྟོང་སུམ་བརྒྱ་ཉི་ཤུས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས
་གཅིག་གི་ཆུ་ཚོད་དུ་འགྱུར་རོ། །དབུགས་གཅིག་གིས་དྲུག་ཅུའི་ཆས་ཆུ་སྲང་དུ་འགྱུར་རོ། །དབུགས་སུམ་བརྒྱ་དྲུག་ཅུའི་ཆས་དབུགས་སུ་འགྱུར་ཏེ། ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ཉིན་ཞག་དང་ལོར་འགྱུར་ཏེ། །ཆུ་སྲང་སྟོང་ཕྲག་དགུ
་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་ཀྱིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་སྟོང་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་ཉིན་ཞག་དང་ལོར་འགྱུར་རོ། །དེ་བཞིན་དུ་དབུགས་འབུམ་ཕྲག་བདུན
་ཅུ་རྩ་དྲུག་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་ཉིན་ཞག་བརྒྱད་དང་ལོ་བརྒྱར་འགྱུར་རོ། །མཆོག་གི་ཚེ་འདི་ནི་ལས་ཀྱི་དབང་གིས་རང་རང་གི་ཚད་ལས་ལྷག་པ་དང། དམན་པར་འགྱུར་རོ། །རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱིས
་སྟོབས་དང། དཀའ་ཐུབ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་ལྷག་པར་འགྱུར་ཏེ། དབུགས་གཅིག་ཆུ་ཚོད་དུ་འགྱུར་རོ། །སེམས་ཅན་སྡིག་པ་ཅན་རྣམས་ཀྱི་སྡིག་པའི་སྟོབས་ཀྱིས་དམན་པར་འགྱུར་རོ། །འདི་ལུང་དང་རིགས་པ་ངན
་བས་ངེས་པ་ནི་མེད་དེ། འོན་ཀྱང་རིག་བྱེད་དག་ལས་སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་བརྗོད་དོ། །འདིར་མི་རྣམས་ཀྱི་མཆོག་གི་ཚེ་ལོ་བརྒྱའོ་ཞེས་པའི་ཚིག་འདི་ནི་སྤྲོས་པ་སྟེ། རྫོགས་ལྡན་གྱི་དུས་ཀྱི་མི་རྣམས་ཀྱི་ཚེ་འཕེལ
་བའི་དབང་གིས་སོ། །འདིར་ངེས་པའི་དོན་དུ་སྐྱེས་བུའི་སྒྲས་ཉིན་ཞག་སོ་སོ་དང་ལོ་སོ་སོ་བརྗོད་དེ། ཉིན་ཞག་བརྒྱ་དང་ལོ་བརྒྱས་ནང་ནས་ཕྱི་ལའོ། །སླར་ཡང་དབུགས་ཀྱི་འཁོར་གཞན་ལ་འཇུག་པའི་ཕྱིར་སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས
་སོ། །དེ་ལྟར་ནང་དུ་ཉིན་ཞག་བརྒྱ་ཕྲག་གཉིས་ཀྱིས་དུས་བཞི་རྣམས་སུ་འགྱུར་ཏེ། དབུགས་སྟོང་ཕྲག་ཉི་ཤུ་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་གྱིས་སོ། །ཕྱི་རོལ་ཏུ་ནི་ལོ་རྣམས་ཀྱིས་སོ། །དེ་ལྟར་འཁོར་ལོ་གཉི་ག་ཡོངས་སུ་འཁོར
་བས་སྐྱེས་བུ་གཉི་གའི་ཚེ་ཟླ་བ་གཉིས་དང། དུས་གཅིག་གོ་།གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་སྟེ། ལོ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞིས་དཀྱིལ་འཁོར་གཅིག་ཏུ་སྲོག་རབ་ཏུ་འབབ་པོ། །དེ་བཞིན་དུ
་དཀྱིལ་འཁོར་ལྔ་ལ་གཟའ་ཐམས་ཅད་རང་རང་གི་སྐྱེ་བའི་གནས་སྟོང་པ་ལ་འཇུག་གོ་།དེ་ནས་ཡང་རྒྱུ་བ་གཞན་ལ་འཇུག་པས་སྐྱེས་བུ་གཞན་དབུ་མ་ལས་ངེས་པར་འབྱུང་ཞེས་པ་སྟེ། འཆད་པར་འགྱུར་བ་ལ་བརྗོད་པར་བྱའོ། །དཔལ
་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྡུས་པའི་མདོར་བསྡུས་ཏེ་བརྒྱད་པའོ།
་ད་ནི་ལོ་འདི་ནས་ནི་ཞེས་པ་ལ་སོགས་པས་ཤམྦྷ་ལའི་ཡུལ་དུ་འཇམ་དཔལ་འབྱུང་བ་དང། ཀླ་ཀློའི་ཆོས་བྱུང་ནས་སྐར་རྩིས་ཀྱི་གྲུབ་པའི་མཛའ་རྣམ་པར་ཉམས་པ་དང་ཉུང་ངུའི་བྱེད་པ་རབ་ཏུ་འཇུག་པར་དེ་བཞིན་གཤེགས་པས་ལུང་བསྟན
་པ་བདག་གིས་དགྲོལ་བར་བྱའོ། །ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་ཞེས་པ་ལ་ལོ་འདི་ཞེས་པ་ནི་དེ་བཞིན་གཤེགས་པས་ཆོས་བསྟན་པའི་ལོ་སྟེ། ལོ་དེ་ནས་ལོ་དྲུག་བརྒྱ་ན་ཆུ
་བོ་ཤཱི་ཏའི་བྱང་ཤམྦྷ་ལ་ཞེས་བྱ་བའི་ཡུལ་དུ་གྲགས་པ་ཞེས་པ་ནི་ལུང་གི་བརྗོད་པ་སྟེ། འཇམ་དཔལ་གྲགས་པ་ཆེན་པོ་གསལ་བར་འབྱུང་ཞེས་པ་སྤྲུལ་པའི་སྐུ་འཛིན་པར་མཛད་པར་འགྱུར་ཞེས་པའི་དོན་ཏོ། །དེ་ནས
་ཀླུའི་ལོ་བརྒྱ་རྣམས་ཀྱིས་ཤེས་པ་ནི་གྲགས་པ་མྱ་ངན་ལས་འདས་པ་དེ་ནས་ཀླུ་ཞེས་པ་ལོ་བརྒྱད་བརྒྱ་ན་ངེས་པར་ཞེས་པ་ནི་གདོན་མི་ཟ་བར། མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ། ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་མ
་ཁའི་ཡུལ་གྲོང་བྱེ་བས་རྣམ་པར་བརྒྱན་པར་ཀླ་ཀློ་སྟག་གཟིག་རྣམས་ཀྱི་ལྷ་མ་ཡིན་གྱི་ཆོས་རབ་ཏུ་འཇུག་པར་འགྱུར་རོ། །ཀླ་ཀློ་དེའི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱའོ། །གྲུབ་པའི་མཛའ་
་རྣམ་པར་ཉམས་པ་ཞེས་པ་ནི། ཚངས་པ་དང། ཉི་མ་དང་གཅེར་བུ་པ་དང། སྐྲ་ཅན་གྱི་གྲུབ་པའི་མཛའ་སྟེ། འདི་གཞི་རྣམ་པར་ཉམས་པ་ནི་གྲུབ་པའི་མཛའ་རྣམས་རྣམ་པར་ཉམས་པའོ། །མཛའ་དག་ས་གཞི་ལ་ནི་ཞེས་པ
་ལ། མཛའ་དག་ནི་གང་དུ་མུ་སྟེགས་པའི་གྲུབ་པའི་མཛའ་ཞུགས་པ་དེ་མཛའ་དག་གོ་ས་བཞི་ནི་ཆུ་བོ་ཤཱི་ཏའི་ལྷོ་སྟེངས་བཞི་དོར་རོ། །ཤམྦྷ་ལ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་པའི་གྲུབ་པའི་མཛའ་རྣམ་པར་ཉམས་པ་ནི་མ
་ཡིན་ནོ། །དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར་ཞེས་པ་ལ་དུས་ཀྱི་སྦྱོར་བ་ནི་ཀླ་ཀློའི་ཆོས་ཏེ་དེ་ཡིས་གྲུབ་པའི་མཛའ་རྣམས་ལ་སྦྱོར་བ་ལ་ནི་དུས་ཀྱི་སྦྱོར་བ་ལས་འབྱུང་བར་འགྱུར་རོ། །དུས་ཀྱི་སྦྱོར་བ་ལ་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པའོ་གྲུབ
་པའི་མཛའ་རྣམ་པར་ཉམས་པ་དེའི་ཕྱིར་ཉུང་ངུའི་བྱེད་པ་གསལ་ཞེས་པ་ནི་མ་ཡི་ལ་དུའི་ཚིག་སྟེ། དོན་དམ་པར་ནི་མུ་སྟེགས་པ་རྣམས་ཀྱི་ཉུང་ངུའི་བྱེད་པ་ལ་སོགས་པ་གསལ་བ་མ་ཡིན་ནོ། །གང་གི་ཕྱིར་གྲུབ་པའི་མཛའ་རྣམས
་རྣམ་པར་ཉམས་ཞེས་པའི་ཚིག་ཟུར་གྱི་ཕྱིར་རོ། །གལ་ཏེ་བྱེད་པ་ལ་སོགས་པ་གསལ་བ་ཡིན་པ་དེ་ལྟ་ན་གྲུབ་པའི་མཛའ་རྣམས་རྣམ་པར་ཉམས་པ་མེད་དེ། བྱེད་པ་ལས་ཀྱང་གཟའ་གྲུབ་པའི་ཕྱིར་རོ། །བྱང་དུ་བགྲོད་པའི་ཉིན་ཞག་ལ་གྲིབ་མས་ཡོངས
་སུ་བརྟགས་པས་བྱེད་པ་གཞན་ལ་ཡང་ཉི་མ་དག་པ་མ་མཐོང་ངོ། །བྱང་དུ་བགྲོད་པ་ལ་གྲིབ་མ་དག་པ་མེད་ན་ཉི་མའི་ལོངས་སྤྱོད་མ་དག་གོ་།ཉི་མའི་ལོངས་སྤྱོད་མ་དག་པས་ཟླ་བའི་ལོངས་སྤྱོད་མ་དག་སྟེ། དེ་བཞིན་དུ་བཀྲིས་ལ་སོགས་པ་རྣམས
་ཀྱང་ཉི་མའི་ལོངས་སྤྱོད་ལ་སྦྱངས་པར་གྱུར་ན། ཉི་མའི་ལོངས་སྤྱོད་མ་དག་པ་ཉིད་ཀྱི་ཕྱིར་དེ་དག་གི་ལོངས་སྤྱོད་ཀྱང་མ་དག་གོ་།དེ་ལྟར་གཟའི་ལོངས་སྤྱོད་མ་དག་པ་ཉིད་ཀྱི་ཕྱིར་མུ་སྟེགས་པ་རྣམས་ཀྱི་གཟའི་འབྲས་བུ་སྐྱེས་རབས་ལ་སོགས
་པ་རྣམས་དོན་མེད་དོ། །འདིར་གྲུབ་པའི་མཛའ་ལ་གཟའ་རྣམས་ཀྱིས་བགྲོད་པ་བུད་མེད་དང་བྱིས་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ན་བྱིས་པའི་སྐྱེ་བོ་ལ་སོགས་པ་དེ་དག་རྣམས་ཀྱིས་གཟའ་མྱུར་དུ་ཤེས་པར་འགྱུར་རོ། །དེས་ན་ཕྲག་དོག་གི
་ཆ་ལས་སྐྱེས་པའི་མུ་སྟེགས་གདུག་པ་རྣམས་ཀྱིས་གལ་ཏེ་བུད་མེད་དང་བྱིས་པ་ལ་སོགས་པ་ཐམས་ཅད་ཀྱིས་གཟའི་རྒྱུ་བ་ཤེས་པར་གྱུར་པ་དེ་ལྟ་ན། བདག་ཅག་ལ་སུ་ཞིག་གུས་པ་བྱེད་པར་འགྱུར། དེའི་ཕྱིར་གྲུབ་པའི་མཛའ་སྦས་ཏེ
་རྒྱུད་ཀྱི་བྱེད་པ་ལ་སོགས་པ་བྱའོ། །ཞེས་གྲོས་བྱས་ནས། གྲུབ་པའི་མཛའ་རྣམས་སྦ་བ་བྱས་ཤིང། བརྒྱུད་ཀྱི་བྱེད་པ་ལ་སོགས་པ་ལ་གསལ་བར་བྱ་སྟེ། གང་གིས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མི་བཟད་པར་མཐོང་ནས་རིང་དུ་འབྲོས་པར
་བྱེད་ཅིང་སྐར་རྩིས་ཀྱི་མིང་མི་བྱེད་པར་འགྱུར་བ་རྒྱུད་ལ་ཉིན་ཞག་གི་ཚོགས་ཀྱི་ཕུང་པོ་དུ་མ་དང། བྱེད་པ་ལ་ཡང་དལ་བ་དང་མྱུར་བ་ལ་སོགས་པའི་ལས་བཞིའི་སྤྲོས་པ་བྱས་སོ། །དེ་ལྟར་དུས་ཀྱི་དབང་གིས་བྱེད་པ་ལ་ངེས་པ་མི་གསལ
་ཏེ། མི་གསལ་བ་ཉིད་ཀྱི་ཕྱིར་ཉི་མའི་ལོངས་སྤྱོད་མི་དག་གོ་།ཉི་མའི་ལོངས་སྤྱོད་མ་དག་པས་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་མ་དག་པར་འགྱུར་རོ། །འདིར་གདུག་པའི་མུ་སྟེགས་རྣམས་ཀྱིས་གཞན་དག་གིས་མི་ཤེས
་པར་བྱ་བའི་དོན་དུ་བྱེད་པ་ལ་སོགས་པ་བཀོད་པ་གང་ཡིན་པ་དེ་ཉིད་དུས་ཀྱི་དབང་གིས་དེ་དག་གིས་ཡོངས་སུ་མི་ཤེས་པར་འགྱུར་ཏེ། གཞན་ལ་གནོད་པ་བྱས་པའི་ཕྱིར་རོ། །དེའི་ཕྱིར་གཞན་ལ་གནོད་པ་བྱེད་པ་ནི་ཐམས་ཅད་དུ་འགལ་བ་ཡིན
་ནོ། །འདིར་ཉིན་ཞག་སོ་སོ་ལ་གཟའ་རྣམས་ཀྱི་ལོངས་སྤྱོད་བགྲོད་པ་ནི་འཆད་པར་འགྱུར་བ་ལ་བརྗོད་པར་བྱའོ། །ད་ནི་རེ་ཞིག་ཉུང་ངུའི་བྱེད་པ་གསུངས་པ། མེ་མཁའ་རྒྱ་མཚོ་རྣམས་ཞེས་པའོ། །རྒྱུད་ཀྱི་རྒྱལ་པོ་འདི་ལ་ངེས་པ་འདི་མི་རྟག
་པ་སྟེ། ལོ་དྲུག་ཅུའི་མཛའ་སླར་ཡང་ངེས་པ་འགོག་པའི་ཕྱིར་རོ། །འདིར་བྱེད་པ་ལ་ངེས་པ་ནི་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ནི་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ནས
་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱ་ཡིས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བའི་རིགས་ལྡན་རྒྱལ་དཀའ་ཨི་དུས་སོ། །དུས་དེ་ཉིད་ནི་བྱེད་པ་ལ་ངེས་པར་འགྱུར་ཏེ། ཀླ་ཀློའི་ལོ་ལས་སོ། །རབ་བྱུང་ལ་སོགས་འདས་པ་ཞེས
་པ་ནི་ལོ་དྲུག་ཅུ་པོ་གང་དག་གིས་དང་པོ་རབ་བྱུང་ཡིན་པ་དེ་དག་གི་དང་པོར་འབྱུང་ལ་སོགས་པ་དེ་དག་ལས་སོ་སོར་ད་ལྟར་བའི་ལོའི་སྔ་མའི་ལོ་ནི་རབ་བྱུང་ལ་སོགས་འདས་པའོ། །དེ་དག་གསུམ་ལྷག་པའི་བཞི་བརྒྱའི་ཕུང་པོ་ལ་བསྲེས་པ་ནི་ཀླ་ཀློའི་ལོར་རབ་ཏུ་གྲུབ་པར་འགྱུར
་ལོ་གཅིག་དང་པོར་བྱས་ནས། ལོ་དྲུག་ཅུ་ཇི་སྙེད་པ་དེ་སྙེད་ནི་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་སུ་འགྱུར་རོ། །ལོ་དེ་ཉིད་ནི་བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པ་ཡིན་ཏེ། གཟའ་ཉི་མ་བཞིན་ནོ། །གསུམ་ལྷག་པའི་བཞི
་བརྒྱའི་ལོ་ཡི་ཕུང་པོ་ལ་དེ་ཡིས་བསྲེས་པ་ནི་ཀླ་ཀློའི་ལོར་རབ་ཏུ་གྲུབ་སྟེ། ཀླ་ཀློ་ནི་སྦྲང་རྩིའི་བློ་གྲོས་ཏེ། རཧམ་ཎའི་འཇུག་པ་ཀླ་ཀློའི་ཆོས་སྟོན་པ་པོ་ཀླ་ཀློ་སྟག་གཟིག་རྣམས་ཀྱི་བླ་མ་དང་རྗེ་བའོ། །ཀླ་ཀློ་དབང་པོའི་ལོ་ནི་ལག་པ་གདེངས་ཅན་ཟླ
་བས་དམན་པ། བརྒྱད་ཅུ་རྩ་གཉིས་ལྷག་པའི་རྒྱ་ཡིས་དམན་པ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པ་སྟེ། ཤམྦྷ་ལའི་ཡུལ་དུ་རིགས་ལྡན་རྒྱལ་དཀའ་ཨི་དུས་ཀྱི་ལོའོ། །དེ་ཉིད་ནི་ཉུང་ངུའི་བྱེད་པ་ལ་ལོའི་ཚོགས་སོ། །ལྷག་མ་དག་ཀྱང
་ཉི་མས་བསྒྱུར། །བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱ་ཡིས་དམན་པའི་ལྷག་མ་ལོའི་ཚོགས་དེ་ཉིད་ཟླ་བའི་ཚོགས་ཀྱི་དོན་དུ་ཉི་མས་བསྒྱུར་བ་ནི་བཅུ་གཉིས་ཀྱིས་བསྒྲས་པ་སྟེ། ཟླ་བའི་ཚོགས་སུ་འགྱུར་རོ། །ནག་པ་ལ་སོགས་ཟླ་བ་སྲེས་ཏེ
་ཞེས་པ་ནི་ཟླ་བའི་ཚོགས་དེ་ཉིད་ལ་ད་ལྟར་གྱི་ཟླ་བའི་དོན་དུ་ནག་པ་ལ་སོགས་པའི་ད་ལྟར་བའི་ཟླ་བ་རྣམས་ཀྱིས་བསྲེས་པའོ། །འོག་ཏུ་དུས་ཀྱིས་བསྒྱུར་བ་ཞེས་པ་ནི། འོག་དང་སྟེང་གི་ཕུང་པོ་ལ་ཟླ་བའི་ཚོགས་དེ་ཉིད་དེ། འོག
་གི་ཕུང་པོ་ཟླ་བའི་ཚོགས་བྱས་ནས་ལྷག་པའི་ཟླ་བ་བཟུང་བའི་དོན་དུ་དུས་ཀྱིས་བསྒྱུར་བ་ནི་བཞི་ཡིས་བསྒྲེས་པ་ཡིན་ནོ། །མཁའ་མེ་ཟླ་བས་རྣམ་པར་དབྱེ་བས་ནི། འདིར་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ན་ལྷག་པའི་ཟླ་བར
་འགྱུར་ཏེ། གནམ་སྟོང་ལ་ཉི་མའི་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་པར་མི་འགྱུར་རོ། །དེའི་ཕྱིར་ཕུང་པོ་བཞི་ཡིས་བསྒྱུར་བ་ནི་ཆའི་ཕུང་པོར་འགྱུར་རོ། །ཆའི་ཕུང་པོ་བཞི་ཡིས་བསྒྱུར་བར་གྱུར་པ་ན། རྒྱུ་མེད་པ་ན་རྒྱུ་ཅན་ཡང
་མི་འབྱུང་ངོ། ཞེས་པའི་རིགས་པས་བགོ་བར་བྱ་བའི་ཕུང་པོ་བཞི་ཡིས་བསྒྱུར་བར་འགྱུར་རོ། །དེའི་ཕྱིར་བགོ་བར་བྱ་བའི་ཕུང་པོ་ལ་ཆའི་ཕུང་པོས་རྙེད་པ་ནི་འབྲས་བུར་འགྱུར་ཏེ། རྙེད་པ་སྟེང་དུ་བསྲེས་པ་རྙེད་པའི་ལྷག་པའི་ཟླ་བའི་ཚོགས
་དེ་ཉིད་སྟོང་གི་ཕུང་པོའི་ཟླ་བའི་ཚོགས་ལ་བསྲེས་པ་དག་ནི་མིའི་བདག་པོ་ཟླ་བའི་ཚོགས་པ་རྣམ་པར་དག་པར་འགྱུར་ཏེ། ད་ལྟར་གྱི་ཟླ་བ་ལ་ཚེས་སུམ་ཅུའི་རྩིས་ཀྱི་དོན་དུའོ། །ད་ནི་ཟླ་བའི་ངེས་པ་གསུངས་པ། ཟླ་བ་གནས
་གསུམ་གྱུར་པའི་དབུས་མའི་ཕུང་པོ་དག་ལ་གང་གནས་ལག་པ་རྩེ་མོ་ཅན་གྱིས་སྒྱུར་ཞེས་པ་སྟེ། འདིར་ཟླ་བ་དག་པ་གནས་གསུམ་དུ་བྱས་ནས། གང་ཞིག་དབུས་མའི་ཕུང་པོ་ལ་གནས་པའི་ཟླ་བ་དེ་དག་ཟླ་བ་སོ་སོའི་གཟའི་ཆུ་ཚོད་ཀྱི་དོན་དུ་ལག
་པ་རྩེ་མོ་ཅན་གྱིས་བསྒྱུར་བ་ནི་སུམ་ཅུ་རྩ་གཉིས་ཀྱིས་བསྒྱུར་བ་ཡིན་ནོ། །རྩ་བ་དག་ལ་དྲུག་གི་ཆས་རྙེད་ཅེས་པ་ནི། རྩ་བའི་ཕུང་པོ་ལ་དྲུག་གི་ཆས་རྙེད་པ་དབུས་མའི་ཕུང་པོ་ལ་བུ་ལོན་དུ་འགྱུར་རོ། །དེས་དབུས་མའི་ཕུང་པོ་ལ་སྦྱང་བར་བྱ་སྟེ།
་བུ་ལོན་ཡིན་པའི་ཕྱིར་རོ། །སྟེང་འོག་དག་ལ་མིག་དང་སུམ་ཅུའི་ནོར་ནི་བསྲེས་པ་གསལ་བྱ་སྟེ། ངེས་པ་འདི་ནི་མིག་དམར་ལ་སོགས་པ་ནུབ་པར་བྱེད་པ་ལ་འོངས་པ་སྟེ། དེས་ན་ཉི་མ་ལ་སོགས་པ་འཆར་བར་བྱེད་པའི་དོན་དུ་སྟེང་གི
་ཕུང་པོར་གཟའ་གཉིས་ནོར་དུ་འགྱུར་རོ། །འོག་གི་ཕུང་པོར་ཆུ་ཚོད་སུམ་ཅུ་ནོར་དུ་འགྱུར་རོ། །དེའི་ཕྱིར་སྟེང་དང་འོག་ལ་གྲངས་བཞིན་དུ་མིག་དང་སུམ་ཅུ་བསྲེའོ། །དྲུག་ཅུའི་ཆ་དག་གིས་རྙེད་པ་རྩ་བའི་ཆུ་ཚོད་ཀྱི་ཕུང་པོ་ལ་དྲུག་ཅུའི་ཆས་རྙེད
་པ་ནི་གཟའི་ཚོགས་སུ་འགྱུར་ཏེ། ལྷག་མ་ནི་གཟའི་ལོངས་སྤྱོད་ལ་ཆུ་ཚོད་ཀྱི་ཕུང་པོར་འགྱུར་རོ། །སྟེང་དུ་རབ་སྐྱེས་དྲུག་ཅུའི་ཆས་རྙེད་པའི་གཟའི་ཚོགས་དེ་ཉིད་སྟེང་གི་གཟའི་ཕུང་པོ་ལ་རབ་ཏུ་བསྲེས་པ་ཡིན་ནོ། །ཐུབ་པ་མཆོག་རྣམས་དག་གིས
་ཏེ་བདུན་གྱིས་བཅད་པ་སྟེ། རྣམ་པར་ཕྱེ་བར་གྱུར་པའི་ལྷག་མ་དེ་ནི་གཟའི་ཉིད་དོ། །ཟླ་བའི་ངེས་པ་ལ་བཟའ་ནི་སྟེང་དུ་དགོད་པར་བྱ་ཞིང། གཟའི་འོག་ཏུ་ཆུ་ཚོད་ཀྱི་ཚོགས་སོ། །ད་ནི་གཟའི་རྐང་པ་རྣམས་གསུངས་པ། གནས་གཉིས་ཉི་ཟླ་བསྲེས
་པ་ཞེས་པ་སྟེ། གནས་གཉིས་ལ་ཟླ་བའི་ཚོགས་དེ་ཉིད་ཉི་ཟླ་བསྲེས་པ་ནི་བརྒྱ་རྩ་བཅུ་གཉིས་བསྲེས་པ་སྟེ། ཉི་ཟླ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི། གྲུབ་པའི་མཛའ་ལ་ལྟོས་པ་ནི་མ་ཡིན་ནོ། །དུས་དང་ཉི་མས་ཐོབ་པ། འོག་གི་ཟླ་བའི་ཚོགས
་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་ཐོབ་པ་སྟེ། རྙེད་པ་ནི་སྟེང་གི་ཕུང་པོར་ནོར་དུ་འགྱུར་རོ། །སྟེང་གི་ཕུང་པོ་ལ་སྦྱིན་པར་བྱ་སྟེ། ཟླ་བས་སོ་སོ་ལ་ཚོགས་གཉིས་ཀྱི་དོན་དུ་དང་པོ་ལག་པས་བསྒྱུར་ལ་ཕྱི་ནས་སྦྱིན་པར་བྱའོ། །འབྱུང་བ་སྲེས་པ་མཛའ་དག་ཅེས
་བྱ་བ་ནི་བྱེད་པ་ལ་ལྟོས་པའོ། །དུས་དང་ཉི་མས་ཆ་ཐོབ་པ་ནི་གྲུབ་པའི་མཛའ་སྟེ། གང་གི་ཕྱིར་ཟླ་བ་བརྒྱ་ཉི་ཤུ་རྩ་དྲུག་ན་ཚོགས་ཀྱི་གནས་སུ་ཚོགས་གཅིག་ལྷག་པར་འགྱུར་བའི་ཟླ་བའི་རྐང་པའི་དབང་གིས་སོ། །བརྒྱད་དང་གཉིས་ཀྱིས་ཕྱེ་བ་ཚོགས
་ཞེས་པ་ནི་ཉི་ཤུ་རྩ་བརྒྱད་ཀྱི་ཕྱེ་བས་ཚོགས་སུ་འགྱུར་རོ། །གཟའ་བདུན་གྱི་རྐང་པ་ཡིན་པའི་ཕྱིར་ཉི་ཤུ་རྩ་བརྒྱད་ཀྱི་ཆར་འགྱུར་རོ། །ཆ་དེ་ཡིས་ཐོབ་པ་ནི་ཟླ་བ་སོ་སོའི་གཟའི་རྐང་པར་འགྱུར་ཏེ། གཟའི་ཆུ་ཚོད་ཀྱི་འོག་ཏུའོ། །དུས་དང་ཉི་མས
་ཆ་ཐོབ་པའི་ལྷག་མ་ནི་ཚོགས་ཀྱི་ཆ་ཤས་སུ་འགྱུར་ཏེ། ཚོགས་ཀྱི་འོག་ཏུ་བཞག་པར་བྱའོ། །ད་ནི་ཉི་མའི་སྐར་མའི་ངེས་པ་གསུངས་པ། གནས་གསུམ་དབུས་མ་དག་ནི་དབང་ཕྱུག་གིས་བསྒྱུར་ཞེས་པ་སྟེ། ཟླ་བ་དག་པ་དེ་དག་སྟེང་དང་དབུས
་དང་འོག་གི་གནས་གསུམ་དུ་འགྱུར་རོ། །གང་ཞིག་དབུས་མ་ལ་གནས་པའི་ཟླ་བ་དེ་དག་དབང་ཕྱུག་གིས་བསྒྱུར་ཏེ་བཅུ་གཅིག་གིས་བསྒྱུར་རོ། །བཅུ་གཅིག་གིས་བསྒྱུར་བ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཛའ་ལ་ལྟོས་པ་མ་ཡིན་ནོ། །འོག
་མ་དགུ་དང་ཡོན་ཏན་རྣམས་ཀྱི་ཆ་ཐོབ་པར། གཉིས་བསྲེས་ཞེས་པ་ནི་འོག་གི་ཕུང་པོ་ལ་དགུ་དང་ཡོན་ཏན་རྣམས་ཀྱི་སྟེ། སུམ་ཅུ་རྩ་དགུ་རྣམས་ཀྱིས་ཆེ་ཐོབ་པའོ། །གཉིས་སྲེས་ཞེས་པ་ནི་བྱེད་པ་ལ་ལྟོས་པས་བསྲེས་པའོ། །དམན
་པའི་དབུས་མ་ནི་དབུས་ཀྱི་ཕུང་པོ་ལ་དམན་པ་སྟེ་བུ་ལོན་ནོ་ཞེས་པའི་དོན་ཏོ། །ཆུ་ཚོད་དག་གིས་ཐོབ་པར་ནོར་ཏེ་ཞེས་པ་ནི་དབུས་མའི་ཕུང་པོ་ལས་ཆུ་ཚོད་དག་གིས་ཏེ་དྲུག་ཅུས་ཐོབ་པའི་རྙེད་པ་ནི་སྐར་མའི་ཚོགས་ཏེ་སྟེང་གི
་ཕུང་པོ་ལ་ནོར་དུ་འགྱུར་རོ། །དྲུག་ཅུའི་ཆའི་ལྷག་མ་ནི་སྐར་མའི་ཆུ་ཚོད་དུ་འགྱུར་རོ། །ནོར་དེ་ཉིད་སྟེང་གི་ཕུང་པོར་གཉིས་ཀྱིས་ནི། བསྒྱུར་ནས་སྦྱིན་པ་སྐར་མས་བགོས་པ་སྟེ། ཉི་ཤུ་རྩ་བདུན་གྱིས་བགོས་པའི་ལྷག་མའོ། །མི་བདག་ནི་བོད་པ་སྟེ།
་ཕྱི་མའི་སྐར་མ་ལ་སོགས་ལོངས་སྤྱོད་དག་ཏུ་འགྱུར་རོ། །འདིར་སྟེང་དུ་སྐར་མའི་ཚོགས་རབ་འོག་ཏུ་སྐར་མའི་ཆུ་ཚོད་ཀྱི་ཚོགས་སོ། །སླར་ཡང་མ་དག་པ་ལས་ཀྱང་མ་དག་པའི་ཟླ་བའི་ངེས་པ་བྱིས་པ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ
་བཀོད་པ་གཟའ་ལ་གཟའ་ནི་རབ་སྦྱིན་གཟའི་གནས་སུ་གཟའ་གཅིག་སྦྱིན་པར་བྱའོ། །མི་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཏེ། མི་བདག་ཅེས་པ་ནི་དྲུག་ཅུ་སྟེ་མི་བདག་ཉིས་འགྱུར་ཆུ་ཚོད་ནི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཆུ་ཚོད་ཀྱི་གནས་སུ་སྦྱིན་པར་བྱའོ།།
་འོག་ཏུ་ཚོགས་དག་ལ་ཡང་གཉིས་ཞེས་པ་ནི་ཆུ་ཚོད་ཀྱི་འོག་ཚོགས་ཀྱི་གནས་སུ་གཉིས་སྦྱིན་པར་བྱ་བར་འགྱུར་རོ། །སྐར་མའི་གནས་སུ་སྐར་མར་གཉིས་དང། ཆུ་ཚོད་དྲག་པོ་སྐར་མའི་ཆུ་ཚོད་ཀྱི་གནས་སུ་དྲག་པོ་ཞེས་པ་ཆུ་ཚོད་བཅུ་གཅིག
་སྦྱིན་པར་བྱ་བའི་ཕྱིར་དོན་དུ་རབ་ཏུ་གསལ་ཏེ། ཉི་མའི་ལོངས་སྤྱོད་དག་ལ་རབ་ཏུ་སྦྱིན་ཞེས་པ་ནི་སྐར་མ་ལ་སོགས་པའོ། །དེའི་ཕྱིར་ཟླ་བའི་ངེས་པར་འགྱུར་ཏེ། སླར་ཡང་ཟླ་བ་ཟླ་བ་དག་ལ་རབ་ཏུ་སྦྱིན་པར་གསུངས། ཟླ་བའི་ངེས་པ་བྱེད་པ
་ལ་ལྟོས་པའི་དབང་གིས་ཟླ་བ་སོ་སོ་ལ་རབ་ཏུ་སྦྱིན་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་མ་འོངས་པ་ཉིད་ལུང་བསྟན་ཏོ། །ང་ནི་ཟླ་བའི་འོས་པ་ལས་ཚེས་ལ་སོགས་པའི་རྩིས་གསུངས་པ། ཚེས་རྣམས་སྦྱིན་དང་དོར་དང་སླར་ཡང་སྦྱིན
་པ་དག་ནི་གཟའ་དང་ཆུ་ཚོད་རྐང་པ་རྣམས་སུ་སྟེ་ཞེས་པ་སྟེ། འདིར་ཟླ་བ་སོ་སོའི་ངེས་པ་ལ་དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་གཅིག་ནས་བརྩམས་ནས་སུམ་ཅུ་པ་གནས་སྟོང་གི་བར་ཇི་སྙེད་པ་དེ་སྙེད་ཀྱི་ཚེས་རྣམས། སྦྱིན་དང་དོར་དང་སླར་ཡང་སྦྱིན་ཞེས་པ
་ནི་གཟའི་གནས་སུ་སྦྱིན་ཏེ། ཉིན་ཞིག་སོ་སོའི་གཟའི་དོན་དུའོ། །ཆུ་ཚོད་ཀྱི་གནས་སུ་དོར་ཏེ་ཟླ་བའི་ཆས་ཆུ་ཚོད་རེ་དམན་པའི་ཕྱིར་རོ། །ཚོགས་ཀྱི་གནས་སུ་སླར་ཡང་སྦྱིན་ཏེ་ཟླ་བའི་རྐང་པ་རྣམས་ཀྱི་ནོར་དང་བུ་ལོན་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །ཚོགས་ཀྱི
་ཆ་ལ་ཆུ་གཏེར་ཟླ་བས་མཉམ་དང་མི་མཉམ་ཐོབ་པ་དག་ལ་སྦྱིན་དོར་རྐང་པའི་དོན་ཞེས་པ་ནི། ཚོགས་ཀྱི་གནས་སུ་ཚོགས་ལ་ཆུ་གཏེར་ཟླ་བ་སྟེ། བཅུ་བཞིའི་ཆས་མཉམ་པ་ཐོབ་པས་རྐང་པའི་དོན་ནོར་དུ་འགྱུར་རོ། །མི་མཉམ་པ་ཐོབ་པས་རྐང་པའི་དོན་བུ་ལོན
་དུ་འགྱུར་རོ། །འདིར་མཉམ་པའི་ཆ་ནི་གཉིས་ཐོབ་པ་འམ། བཞི་ཐོབ་པ་སྟེ། མ་ཐོབ་པ་ཡང་མཉམ་པའོ། །མི་མཉམ་པའི་ཆ་ནི་གཅིག་ཐོབ་པ་འམ་གསུམ་ཐོབ་པའོ། །དེ་ལས་ལྷག་པའི་ཆ་ནི་མེད་དེ། ཚེས་སུམ་ཅུ་དང་བཅས་པའི་ཚོགས་ཉི་ཤུ་རྩ
་བདུན་ནི་ལྔ་བཅུ་རྩ་བདུན་ལས་ལྷག་པར་མི་འགྱུར་རོ། །དེ་ལས་ཆ་བཅུ་བཞིས་རྣམ་པར་ཕྱེ་བ་ནི་བཞིར་འགྱུར་རོ། །མཉམ་པ་དང་མི་མཉམ་པའི་ཆ་དེས་རྐང་པའི་དོན་སྦྱིན་པ་འམ་དོར་བར་རིག་པར་བྱའོ། །རྐང་པའི་དོན་ཞེས་པ་ནི་ཟླ་བའི་རྐང་པ
་རྣམས་ཏེ། གནས་བཅུ་བཞིར་སྟེང་དང་འོག་གི་རྐང་པ་བདུན་བདུན་བཟློག་པ་ས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་ཐ་དད་པ་རྣམས་སོ། །རྐང་པའི་དོན་དེ་དག་ཀྱང་སྦྱིན་པ་འམ་དོར་བར་འགྱུར་རོ། །སྟོང་ལ་སྟོང་པ་རྣམ་དག་ཅེས་པ་ནི་བཅུ་བཞིའི་ཆའི
་ལྷག་མ་གལ་ཏེ་སྟོང་པར་གྱུར་ན་དེའི་ཚེ། རྐང་པའི་དོན་ཡང་སྟོང་པ་སྟེ། སྦྱིན་པ་དང་དོར་བ་མེད་དོ། །ཞེས་པ་ནི་བྱེད་པ་ལ་རིགས་པའོ། །བཅུ་གསུམ་ཟླ་བའི་རྐང་པར་ལྔ་སྟེ་ཞེས་པ་ནི། ལྷག་མ་རྐང་པ་བཅུ་གསུམ་པའམ་རྐང་པ་གཅིག་པ་མཐོང་ན
་ཆུ་ཚོད་ལྔ་ནོར་ངམ་བུ་ལོན་དུ་འགྱུར་རོ། །དེ་བཞིན་དུ་མིག་དང་ཉི་མ་དག་ལ་ཕྱོགས་ཞེས་པ་ནི་ལྷག་མ་རྐང་པ་གཉིས་པ་འམ་བཅུ་གཉིས་པ་ལ་ཆུ་ཚོད་བཅུ་སྦྱིན་པ་འམ་དོར་བར་འགྱུར་རོ། །བཅུ་གཅིག་པ་དང་མེ་ལ་ཞེས་པ་གསུམ་པ་ལ་ཚེས་ཞེས་བྱ
་སྟེ། ཞེས་པ་བཅོ་ལྔར་འགྱུར་རོ། །རྐང་པ་བཅུ་པ་དང་ཆུ་གཏེར་ཞེས་པ་ཆའི་ལྷག་མ་རྐང་པ་བཞི་པ་མཐོང་ན་ཉི་ཤུར་གཅིག་གིས་དམན་པར་འགྱུར་རོ། །ལྔ་དང་བུག་པ་རོ་ཉི་ཤུ་རྩ་གཉིས་ཞེས་པ་ལྔ་པ་དང་དགུ་པ་ལ་འགྱུར་རོ། །དུས་ཞེས་པ་དྲུག་དང་ནོར་ཞེས་པ་རྐང་པ
་བརྒྱད་པ་ལ་རྒྱལ་བ་སྟེ་ཉི་ཤུ་རྩ་བཞིར་འགྱུར་རོ། །ཆའི་ལྷག་མ་རྐང་པ་བདུན་པ་མཐོང་ན་ཆུ་ཚོད་ཉི་ཤུ་རྩ་ལྔ་མཉམ་པ་ལ་སྦྱིན་པ་དང་མི་མཉམ་པ་ལ་དོར་བར་འགྱུར་ཏེ། ཟླ་བའི་ཆ་འཕེལ་བ་དང་འགྲིབ་པའི་དབང་གིས་སོ། །དེ་ལ་ཉི་མའི་རབ་ཏུ་དབྱེ་བས་གསལ་བྱས
་ཉི་མའི་རྐང་པ་དག་ནི་སྦྱིན་དང་དོར་བར་འགྱུར། ཆོས་ཀྱི་ལོངས་སྤྱོད་དེ་ལ་ཉི་མའི་རྐང་པ་རྣམས་ཉི་མའི་རབ་ཏུ་དབྱེ་བས་འགྱུར་ཏེ། ཉི་མའི་བུ་ལོན་ནི་དེ་ལ་བུ་ལོན་ནོ། །ཉི་མའི་ནོར་ནི་དེ་ལ་ནོར་ཉིད་དོ། །ཞེས་པ་ནི་ཉི་མའི་རབ་ཏུ་དབྱེ་བའོ། །འདིར་ཟླ་བའི་རྐང
་པ་རྣམས་ནི། འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ཅན་ནི་སྔ་མའི་ཆ་དང་གཞན་ལ་ཡང་ཞེས་པ་སྟེ། འབྱུང་དང་ཞེས་པ་ལྔའོ། །སླར་ཡང་འབྱུང་བ་ཞེས་པ་དེའི་འོག་ཏུ་ལྔའོ། །མདའ་ཞེས་པ་དེའི་འོག་ཏུ་ལྔའོ། །རིག་བྱེད་ཅེས
་པ་དེའི་འོག་ཏུ་བཞིའོ། །མེ་ཞེས་པ་དེའི་འོག་ཏུ་གསུམ་མོ། །ལག་པ་ཞེས་པ་དེའི་འོག་ཏུ་གཉིས་སོ། །རི་བོང་ཅན་ཞེས་པ་དེའི་འོག་ཏུ་རྐང་པ་གཅིག་སྟེ། དེ་ལྟར་གནས་བདུན་པོ་དག་ཏུ་རྐང་པ་རྣམས་སོ། །གཞན་གནས་བདུན་པོ་རྣམས་སུ་གཅིག་ལ་སོགས་པ་ལུགས་ལས
་བཟློག་པ་སྟེ། གནས་བཅུ་བཞི་པོ་རྣམས་སུ་རྐང་པ་ལྔའི་བར་དུའོ། །དེ་ལྟར་གནས་བཅུ་བཞི་པོ་རྣམས་སུ་ཟླ་བའི་རྐང་པ་རྣམས་དགོད་པར་འགྱུར་རོ། །ཚོགས་ཀྱི་ཆ་ལ་ཆུ་གཏར་ཟླ་བས་མཉམ་དང་མི་མཉམ་ཐོབ་ལ་རྒྱུ་བ་རྣམས་ནི་སྦྱིན་དང་དོར་ཞེས་པ་ནི། འདིར
་ཡང་ཆ་བཅུ་བཞིའི་ལྷག་མ་མཐོང་བར་གྱུར་པ་ན་མཉམ་པར་ཐོབ་པ་ལ། རྒྱུ་བ་ལྔ་ལ་སོགས་པ་རྣམས་སྦྱིན་ནོ། །མི་མཉམ་པར་ཐོབ་པ་ལ་དོར་རོ་ཞེས་པ་སྟེ། ཆ་བཅུ་བཞིའི་ལྷག་མ་གཅིག་མཐོང་ན་ཆུ་ཚོད་ལྔ་བཟུང་བར་བྱའོ། །གཉིས་པ་ལ་གཉིས་པའི་གནས
་ན་གནས་པ་དང་ལྷན་ཅིག་བཅུའོ། །གསུམ་པ་ལ་གསུམ་པའི་གནས་ན་གནས་པ་དང་ལྷན་ཅིག་བཅོ་ལྔའོ། །བཞི་པ་ལ་བཞི་པའི་གནས་ན་གནས་པ་བཞི་དང་ལྷན་ཅིག་ཉི་ཤུར་གཅིག་གིས་དམན་པའོ། །ལྔ་པ་ལ་ལྔ་པའི་གནས་ན་གནས་པ་གསུམ་དང་ལྷན
་ཅིག་ཉི་ཤུར་རྩ་གཉིས་སོ། །དྲུག་པ་ལ་དྲུག་པའི་གནས་ན་གནས་པ་གཉིས་དང་ལྷན་ཅིག་ཉི་ཤུ་རྩ་བཞིའོ། །བདུན་པ་ལ་བདུན་པའི་གནས་ན་གནས་པ་གཅིག་དང་ལྷན་ཅིག་ཉི་ཤུ་རྩ་ལྔའོ། དེ་ནས་ཟླ་བའི་རྐང་པ་འཕེལ་བ་ཟློག་སྟེ། བརྒྱད་པ་མཐོང་བའི་གྱུར་པ་ན་རྐང
་པ་བརྒྱད་པ་སྔ་མ་བདུན་དང་བཅས་པ་རྣམས་དོར་ཏེ། གཞན་མ་སྤྱད་པའི་རྐང་པ་དྲུག་པོ་རྣམས་ཚོགས་གཅིག་ཏུ་བྱས་ནས་ཆུ་ཚོད་ཉི་ཤུ་རྩ་བཞི་སྦྱིན་པའམ་དོར་བར་འགྱུར་རོ། །དགུ་པ་ལ་རྐང་པ་ལྔ་པོ་རྣམས་ཀྱི་ཆུ་ཚོད་ཉི་ཤུ་རྩ་གཉིས་སོ། །བཅུ་པ་ལ་རྐང་པ
་བཞི་པོ་རྣམས་ཀྱི་ཉི་ཤུར་གཅིག་གིས་མ་ཚང་བའོ། །བཅུ་གཅིག་པ་ལ་རྐང་པ་གསུམ་པོ་རྣམས་ཀྱི་བཅོ་ལྔའོ། །བཅུ་གཉིས་པ་ལ་རྐང་པ་གཉིས་ཕོ་དག་གི་བཅུའོ། །བཅུ་གསུམ་པ་ལ་རྐང་པ་གཅིག་གི་ལྔའོ། །བཅུ་བཞི་པ་ལ་སྟོང་པའོ་ཞེས་པ་ནི་གྲུབ་པའི
་མཛའ་ཨི་ངེས་པའོ། །རྒྱུ་ཞིང་ཡོད་པས་ལྷག་མ་བསྒྱུར་བ་ལས་ནི་དུས་དང་ཉི་མས་ཆ་ཐོབ་དག་ཀྱང་དེ་བཞིན་ནོ་ཞེས་པ་ལ། འདིར་རྒྱུ་ཞིང་ཡོད་པ་ཞེས་པ་ནི་ཚོགས་ཀྱི་འོག་ནས་གནས་པའི་ཚོགས་ཀྱི་ཆ་ཤས་དུས་དང་ཉི་མས་ཆ་ཐོབ་པའི་ལྷག་མ་རྣམས་རྒྱུ་ཞིང
་ཡོད་པ་སྟེ། ཚོགས་ལས་བཅུ་བཞིའི་ཆ་ཡི་ལྷག་མ་རྒྱུ་བའི་རྐང་པ་གང་ཡིན་པ་དེའི་སྔོན་མ་ནི་རྒྱུ་ཞིང་ཡོད་པའི་རྐང་པ་སྟེ་ཚོགས་ཀྱི་ཆ་ཤས་རྣམས་ཡོད་པའི་རྐང་པར་འགྱུར་རོ། །དེར་གཟའ་རབ་ཏུ་ཞུགས་ཏེ་དེའི་ཕྱིར་སྦྱིན་པ་དང་དོར་བའི་དོན་དུ་དེ་གཟུང་
་བར་བྱའོ། །རྐང་པ་དེ་ཡིས་ལྷག་མ་ཚོགས་ཀྱི་ཆ་ཤས་བསྒྱུར་ཏེ། དེ་ལས་བརྒྱ་ཉི་ཤུ་རྩ་དྲུག་གིས་ཆ་ཐོབ་པ་ཡང་དེ་བཞིན་དུ་སྦྱིན་ཏེ། ཐམས་ཅད་སྔར་གྱི་རྐང་པའི་ཆུ་ཚོད་ཀྱི་ཚོགས་པའི་ལྟ་བ་དེ་བཞིན་ནོ། །དེ་ཉིད་ལ་ཉི་མའི་རབ་ཏུ
་དབྱེ་བས་སྔར་བཞིན་དུ་ཉི་མའི་རྐང་པ་རྣམས་སྦྱིན་པའམ་དོར་བར་འགྱུར་རོ་ཞེས་པ་ནི་གྲུབ་པའི་མཛའ་ཨོ། །ད་ནི་ཉིན་ཞག་སོ་སོའི་ཉི་མའི་ལོངས་སྤྱོད་གསུངས་པ། གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་གསལ་བར་ནོར་ཏེ། དེའི་སུམ་ཆ་དག་གིས་སྲེས་པའོ
་ཞེས་པ་ལ། རིག་བྱེད་རྣམས་ཀྱིས་ཚེ་བསྒྱུར་བ་ནི་བསྒྲེས་པ་སྟེ། རིགས་བྱེད་རྣམས་ཀྱིས་ཚེས་བསྒྱུར་བ་ནི་ཉི་མའི་ཆུ་ཚོད་ཀྱི་གནས་སུ་གསལ་བར་ནོར་དུ་འགྱུར་རོ། །བསྒྱུར་བའི་ཚེས་གྲངས་དེའི་སུམ་ཆ་དག་གིས་བསྲེས་པ་ནི་ནོར་ཏེ་ཆུ་ཚོད་ཀྱི་གནས་སུ་སྦྱིན་པར་བྱའོ།།
་དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ་ཉི་མའི་ལོངས་སྤྱོད་དབུས་ནས་སྦྱང་བར་བྱ་ཞེས་པ་ནི། འདིར་ཉི་མའི་རྐང་པ་རྣམ་པར་དག་པར་བྱ་བའི་དོན་དུ་གང་གིས་ཉི་མའི་ལོངས་སྤྱོད་ཉིན་ཞག་སོ་སོ་ལ་རྒྱུ་བའི་ཆུ་ཚོད་དང་ཆུ་སྲང་ལ་སོགས་པ་རྣམས
་ཤེས་པར་བྱེད་པ་ཉི་མའི་སྐྱེ་བའི་ཁྱིམ་སྤྱད་པར་བྱའོ། །རྣམ་པ་གཞན་དུ་ན་བྱེད་པ་ལ་ཉི་མའི་ཉིན་ཞག་སོ་སོ་དག་པ་མེད་དོ། །དེའི་ཕྱིར་ཐ་སྐར་ལ་སོགས་པ་སྐར་མའི་ལོངས་སྤྱོད་ལས་རྒྱུ་སྐར་དྲུག་དང་རྐང་པ་གསུམ་བཅས་ཞེས་པ་ཆུ་ཚོད་བཞི་བཅུ་རྩ་ལྔ་སྟེ།
་ཉི་མའི་རྐང་པ་དག་པར་བྱ་བའི་ཕྱིར་ལུག་ལ་སོགས་པའི་ཁྱིམ་གསུམ་ཡོངས་སུ་སྤང་པར་འགྱུར་ཞིང་ཀར་ཀ་ཊ་སྐྱེས་པའི་ཁྱིམ་དུ་འགྱུར་རོ། །དེའི་ཕྱིར་དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་པུ་ལོན་དག་སྟེ་ཉི་མའི་ལོངས་སྤྱོད་དབུས་ནས་སྦྱང་བར་བྱའོ། །ལོངས
་སྤྱོད་ནི་སྐར་མ་ལ་སོགས་པའི་ལོངས་སྤྱོད་དེ། ཉི་མའི་ལོངས་སྤྱོད་ཐ་དང་དུ་བྱས་ལ།། ལོངས་སྤྱོད་དེའི་དབུས་ནས་སྐར་མའི་གནས་ནས་སྐར་མ་མ་སྦྱང་བར་བྱ་ཞིང། །ཆུ་ཚོད་ཀྱི་གནས་ནས་ཆུ་ཚོད་སྦྱང་བར་བྱའོ། །བྱ་ལ་ལྷག་མ་མིག་དམར་ཇི་བཞིན
་ཞེས་པ་ནི་འདིར་བྱ་བ་ལྷག་མ་རྣམས་མིག་དམར་གྱི་ཇི་ལྟ་བ་དེ་བཞིན་དུ་ཉི་མའི་ཡང་ཤེས་པར་བྱའོ། །འོན་ཀྱང་མིག་དམར་གྱི་རྒྱུ་བའི་རྐང་པ་རྣམས་ཐ་དད་དོ། །ཉི་མ་ཡི་ནི། རོ་དུས་རི་བོང་ཅན་རྣམས་དལ་བའི་ལས་ལ་རྐང་པ་སྟེ། རོ་ཞེས་པ་དྲུག་གོ་།དུས་ཞེས་པ
་དེའི་འོག་ཏུ་བཞིའོ། །རི་བོང་ཅན་ཞེས་པ་དེའི་འོག་ཏུ་གཅིག་སྟེ། ཁྱིམ་གསུམ་ལ་ཕྱེད་སྔ་མའོ། །ཕྱེད་ཕྱི་མ་ནི་ལུགས་ལས་བཟློག་པ་སྟེ། ཁྱིམ་བཞི་པ་ལ་གཅིག་གོ་།ཁྱིམ་ལྔ་པ་ལ་བཞིའོ། །ཁྱིམ་དྲུག་པ་ལ་དྲུག་སྟེ། ཁྱིམ་འདི་དག་གི་ལས་ནི་།
་དལ་བའི་ལས་སོ། །དལ་བའི་ལས་འདི་ལ་ཀར་ཀ་ཊ་ལ་སོགས་པའི་ཁྱིམ་དྲུག་པོ་རྣམས་སུ་དྲུག་པ་འདི་དག་རྐང་པར་འགྱུར་རོ། །གཞན་ནི་མིག་དམར་ལ་བརྗོད་པར་བྱའོ། །ལོངས་སྤྱོད་ཀྱི་ནི་ཆུ་ཚོད་བསྒྱུར་ནས་མདའ་དང་ཡོན་ཏན་ཟླ་བས་ཆ་ཐོབ་ལོངས
་སྤྱོད་དང་བཅས་པ། བགྲོད་པ་འགྲོ་བའི་དབང་གིས་ཉི་མ་ལ་ནི་སྦྱིན་དང་དོན་ཏེ་གཞན་དུ་དག་པ་ཡོད་མ་ཡིན་ཏེ་ཞེས་པའི་ཚིག་འདི་ནི་ངེས་པའི་དོན་ཏེ། ཇི་ལྟར་བཀྲ་ཤིས་ལ་རྒྱུ་བའི་རྐང་པས་ཆུ་ཚོད་བསྒྱུར་ཏེ། དེ་ལས་མདའ་དང་ཡོན་ཏན་ཟླ་བས་ཞེས་པ
་ཁྱིམ་གཅིག་གི་ཆུ་ཚོད་ཀྱི་ཚོགས་ཏེ་བརྒྱ་སུམ་ཅུ་རྩ་ལྔའོ། །མེ་དེ་ཡིས་ཐོབ་པ་ནི་ཆུ་ཚོད་ཀྱི་གནས་སུ་ནོར་དུ་འགྱུར་རོ། །བགྲོད་པ་འགྲོ་བའི་དབང་གིས་བུ་ལོན་དུ་ཡང་འགྱུར་ཏེ། བགྲོད་པ་འགྲོ་བའི་དབང་གིས་ཆུ་སྲིན་ལ་སོགས་པ་ལ་ནོར་དང་ཀར་ཀ་ཊ་ལ
་སོགས་པ་ལ་བུ་ལོན་དུ་འགྱུར་རོ། །གཞན་དུ་བྱེད་པ་ལ་བརྗོད་པའི་ཆོ་གས་ནི་ཉིན་ཞག་སོ་སོ་དག་པ་མེད་དོ། །འདིར་བྱེད་པ་ལ་བརྗོད་པའི་ཆོ་ག་གསུངས་པ། ཉི་མ་ལ་ནི་?་རོ་ཞེས་པ་སྟེ། ཀར་ཀ་ཊ་ལ་བུ་ལོན་ནི་ཕྱོགས་དང་པོ་ལ་དུས་ཞེས་པ་ཆུ་ཚོད་གསུམ
་དང་ཀར་ཀ་ཊའི་ཕྱོགས་གཉིས་པ་ལ་རོ་ཞེས་པ་དྲུག་གོ་།དེ་བཞིན་དུ་སེང་གེ་ལ་སྤྲུལ་ཞེས་པ་བརྒྱད་དང་བཅུའོ། །དེ་བཞིན་དུ་བུ་མོ་ལ་འཕྲོག་བྱེད་དེ་བཅུ་གཅིག་དང་སླར་ཡང་འཕྲོག་བྱེད་བཅུ་གཅིག་གོ། དེ་ནས་སྲང་ལ་དྲག་པོ་ཞེས་པ་བཅུ་གཅིག་དང་ཕྱོགས་ཞེས་པ
་བཅུའོ། །དེ་བཞིན་དུ་སྡིག་པ་ལ་ཀླུ་ཞེས་པ་བརྒྱད་དང་དྲུག་གོ་།དེ་ནས་གཞུལ་མེ་ཞེས་པ་གསུམ་དང་ནམ་མཁའ་ཞེས་པ་སྟོང་པ་བགྲོད་པའི་མཐར་རོ། །དེ་བཞིན་དུ་ཆུ་སྲིན་ལ་སོགས་པ་ལ་ནོར་རོ། ཞེས་པ་ནི་བྱེད་པ་ལས་ཏེ་ཐམས་ཅད་དུ་གྲུབ་པའི་མཛའ་
་ལ་ནི་དགོངས་པ་མ་ཡིན་ནོ། །དེ་ལྟར་ན་ཟླ་བ་འཕོ་བའི་དབྱེ་བ་དག་ལས་ཕྱོགས་ཀྱི་དབྱེ་བས་ཟླ་བ་དྲུག་ནི་ཉིན་མོར་བྱེད་པས་སྤྱོད་དོ། །ད་ནི་ཟླ་བའི་ལོངས་སྤྱོད་གསུངས་པ། ཉི་མ་ལ་བྱིན་ཞེས་པ་སྟེ་ཉི་མའི་ལོངས་སྤྱོད་ལ་ཚེས་གྲངས་བྱིན་ནས་འོག་ཏུ་རོ་ཡིས
་བསྒྱུར་ལ་ཞེས་པ་ནི་ཚེས་གྲངས་དེ་དག་འོག་ཏུ་དྲུག་གིས་བསྒྱུར་བའོ། །གཟའི་ལོངས་སྤྱོད་བསྲེས་པ་དག་ཅེས་པ་ནི། གཟའི་ལོངས་སྤྱོད་ཆུ་ཚོད་ལ་སོགས་པ་རྣམས་བསྲེས་པ་དག་ཆུ་ཚོད་ཀྱི་གནས་ནས་དམན་པར་གྱུར་པ་ནི་རི་བོང་མཚན་མའི་ལོངས་སྤྱོད་དུ
་འགྱུར་རོ། །ཉི་ཟླ་བསྲེས་པ་སྦྱོར་བའོ། །ཉི་མ་དང་ཟླ་བའི་ལོངས་སྤྱོད་བསྲེས་པ་དག་སྦྱོར་བར་འགྱུར་རོ། །བྱེད་པ་དག་ནི་ཚེས་ལ་མིག་གིས་བསྒྱུར་བ་ཟླ་བྲལ་གང་ཞིག་ཅེས་པ་ནི་མིག་སྟེ། གཉིས་ཀྱིས་ཚེས་གྲངས་རྣམས་བསྒྱུར་བ་ལས་གཅིག་དང་བྲལ་བ
་བདུན་གྱི་ལྷག་མ་ནི་བྱེད་པར་འགྱུར་ཏེ། གཟའི་ལོངས་སྤྱོད་ནི་གཟའི་ལོངས་སྤྱོད་དུ་འགྱུར་རོ། །འདིར་ཡན་ལག་ལྔ་ནི་གཟའ་དང་ཚེས་དང་རྒྱུ་སྐར་དང་སྦྱོར་བ་དང་བྱེད་པའོ། །དེ་ལ་གཟའ་ནི། ཉི་མ་དང་ཟླ་བ་དང། མིག་དམར་དང། གཟའ་ལག་དང། ཕུར་བུ་དང། པ
་བསངས་དང། སྤེན་པ་སྟེ་བདུན་ནོ། །ཆེས་ནི་ཚེས་གཅིག་ལ་སོགས་པ་བཅོ་ལྔའོ། །རྒྱུ་སྐར་ནི་མཛའ་སྐར་དང། པྲ་ཉེ་དང། སྨིན་དྲུག་དང། སྣར་མ་དང། མགོ་དང། ལག་དང། ནབས་ས་དང། རྒྱལ་དང་སྐག་དང། མཆུ་དང། གྲེ་དང། དབོ་དང། མེ
་བཞི་དང། ནག་པ་དང། ས་རི་དང། ས་ག་དང། ལྷ་མཚམས་དང། སྣརོན་དང། སྣུབས་དང། ཆུ་སྟོད་དང། ཆུ་སྨད་དང། གྲོ་ཞིན་དང། མོན་གྲེ་དང། མོན་གྲུ་དང། ཁྲུམས་སྟོད་དང། ཁྲུམས་སྨད་དང། ནམ་གྲུ་སྟེ། ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ
་སྦྱོར་བ་ནི་སེལ་བ་དང། མཛའ་པོ་དང། ཚེ་དང་ལྡན་པ་དང། སྐལ་བཟངས་པ་དང། བཟང་པོ་དང། ཤིན་ཏུ་སྐྲངས་དང། ལས་བཟངས་དང། འཛིན་པ་དང། ཟུག་རྔུ་དང། སྐྲངས་པ་དང། འབེལ་བ་དང། ངེས་པ་དང། ཀུན་འཇོམས་དང། དགའ་བ་དང། རྡོ་རྗེ
་དང། གྲུབ་པ་དང། ཤིན་ཏུ་ལྟུང་དང། མཆོག་ཅན་དང། ཡོངས་འཇོམས་དང། ཞི་བ་དང། གྲུབ་པ་དང། བསྒྲུབ་བྱ་དང། དགེ་བ་དང། དཀར་པོ་དང། །ཚངས་པ་དང། དབང་པོ་དང། ཁོན་འཛིན་ཞེས་པ་སྟེ་སྦྱོར་བ་ཉི་ཤུ་རྩ་བདུན་ནོ། །དཀར
་པོའི་ཚེས་གཅིག་གིས་ཕྱེད་ཕྱི་མ་ལ་བྱེད་པ་དང་པོ་པ་པཾ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ། གཱ་ལ་བཾ་དང། ཀཾ་ལཽ་བཾ་མོ། གསུམ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལཾ་དང། ག་ར་ཛཾ་མོ། བཞི་པའི་ཕྱེད་སྔ་མ་དང། ཕྱི་མ་ལ་བི་ན་ཛཾ་དང་བིཥྚིའོ།
་དེ་བཞིན་དུ་ལྔ་པ་ལབ་བཾ་དང། བཱ་ལ་བཾ་མོ། དྲུག་པ་ལ་ཀཽ་ལ་བཾ་དང། ཏཻ་ཏི་ལཾ་མོ། བདུན་པ་ལ་ག་ར་ཛཾ་དང། བ་ནི་ཛཾ་མོ། བརྒྱད་པའི་ཕྱེད་སྔ་མ་ལ་བིཥྚིའོ། །བརྒྱད་པའི་ཕྱེད་ལ་ཕྱི་མ་ལ་ཛཾ་མོ། །དགུ་པའི་ཕྱེད་སྔ་མ་དང། ཕྱི་མ་ལ་བཱ་ལ་བཾ་ངཾ།།?
་ཀཽ་ལ་བཾ་མཾ། །བཅུ་པའི་ཕྱེད་སྔ་མ་དང། ཕྱི་མ་ལ་ཏཻ་ཏི་ལཾ་དང། ག་ར་ཛཾ་མོ། །བཅུ་གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛ་དང་བིཥྚིའོ། །སླར་ཡང་བཅུ་གཉིས་པའི་ཕྱེད་སྔ་མ་དང། ཕྱི་མ་ལ་བ་བཱ་དང། བཱ་ལ་བཾ་མོ། བཅུ་གསུམ་པ་ལ་ཀཽ་ལ་བཾ
་དང། ཏཻ་ཏི་ལཾ་མོ། །བཅུ་བཞི་པ་ལ་ག་ར་ཛཾ་དང། བ་ནི་ཛཾ་མོ། །ཟླ་བ་ཉ་བའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་བ་བཾ་མོ། །ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ཝ་ཝཾ་དང། ཀཽ་ལ་བཾ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ
་ལ་ཏཻ་ཏི་ལཾ་དང། གར་ཛཾ་མོ། །གསུམ་པའི་ཕྱེད་སྔ་མ་ཕྱི་མ་ལ་བ་ནི་ཛ་དང་བིཥྚིའོ། །དེ་བཞིན་དུ་བཞི་པ་ལ་བཾ་དང། བཱ་ལ་བཾ་མོ། །ལྔ་པ་ལ་ཀོ་ལ་བཾ་དང། ཏཻ་ཏེ་ལི་མོ། དྲུག་པ་ལ་ག་རོ་ཛཾ་དང། ཁ་ནི་ཛཾ་མོ། །བདུན་པའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད
་ཕྱི་མ་བཱ་བཾ་མོ། །བརྒྱད་པ་ལ་བཱ་ལ་བཾ་དང། ཀཽ་ལ་བཾ་མོ། །དགུ་པ་ལ་ཏཻ་ཏི་ལཾ་དང་ག་ར་ཛཾ་མོ། །བཅུ་པའི་ཕྱེད་སྔ་མ་དང། ཕྱི་མ་ལ་ནི་ཛཾ་དང་བིཥྚིའོ། །དེ་བཞིན་དུ་བཅུ་གཅིག་པ་ལ་བ་བཾ་དང་བཱ་ལ་བཾ་མོ། །བཅུ་གཉིས་པ་ལ་ཀཽ་ལ་བཾ་དང་ཏཻ
་ཏི་ལཾ་མོ། །བཅུ་གསུམ་པ་ལ་ག་ར་ཛཾ་དང་བ་ནི་ཛཾ་མོ། །བཅུ་བཞིའི་ཕྱེད་སྔ་མ་ལ་བིཥྚི་སྟེ། བྱེད་པ་བདུན་ཡོངས་སུ་ལོངས་སྤྱོད་དོ། །དེ་ནས་ནག་པོའི་བཅུ་བཞིའི་ཕྱེད་ཕྱི་མ་ལ་ཤ་ཀུ་ནིའོ། །གནམ་སྟོང་གི་ཕྱེད་སྔ་མ་ལ་རྐང་བཞིའོ། །ཕྱེད་ཕྱི་མ་ལ་ཀླུའོ
་དཀར་པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལ་ཀཾ་སྟུ་གྷྣ་འོ། །ཕྱེད་ཕྱི་མ་ལ་སླར་ཡང་བ་བཾ་མོ། །དེ་ལྟར་ན་བྱེད་པ་བཅུ་གཅིག་སྟེ་ཡན་ལག་ལྔའི་རིམ་པའོ། །ཐ་སྐར་དང། པྲ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་གོ་།དེ་བཞིན་དུ་རྐང་པ་དགུ་དགུ་ནི
་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོར་རིག་པར་བྱའོ། །མིག་དམར་དང། པ་བསངས་དང། གཟའ་ལག་དང། ཟླ་བ་དང། ཉི་མ་དང། གཟའ་ལྷག་པ་དང། པ་བསངས་དང། ས་སྐྱེས་དང། བླ་མ་དང། སྤེན་པ་དང། ཉི་མའི་བུ་དང།
་ལྷའི་བླ་མ་སྟེ། འདི་དག་གྲངས་བཞིན་དུ་ལུག་ལ་སོགས་པའི་ཁྱིམ་རྣམས་ལ་ཞིང་བདག་གོ་།ད་ནི་མུ་སྟེགས་པ་རྣམས་ཀྱིས་ཁྱིམ་གཟུང་བའི་དོན་དུ་མིང་གི་ཡི་གེ་བརྟགས་པ་བརྗོད་པར་བྱ་སྟེ། འདིར་སྐྱེས་རབས་ཀྱི་དཀྱིལ་འཁོར་དབྱངས་དང་གསལ
་བྱེད་ཡོངས་སུ་མ་ཤེས་པའི་ཕྱིར་དྲང་སྲོང་རྣམས་ཀྱིས་མིང་གི་ཡི་གེ་བརྟགས་ནས་བཀོད་པ་འདི་ལྟ་སྟེ། ཨ་ཨི་ཨུ་ཨེ་ནི་སྨིན་དྲུག་གོ་།ོ་ཝཱ་ཝི་ཝུ་ནི་སྣར་མའོ། །ཝེ་ཝོ་ཀཱ་ཀི་ནི་མགོའོ། །ཀུ་གྷ་པ་ཚ་ན་ལིག་གོ་།ཀེ་ཀོ་ཧཱ་ཧི་ནི་ནཾ་སོའོ། །ཧུ་ཧེ་ཧོ་ཌཱ་ནི
་རྒྱལ་ལོ། །ཌི་ཌུ་ཌེ་ཌོ་ནི་སྐག་གོ་།མཱ་མི་མུ་མེ་མཆུའོ། །མོ་ཊཱ་ཊི་ཊུ་ནི་གྲེའོ། །ཊེ་ཊོ་པཱ་པི་ནི་དཔེའོ། །པུ་ཥ་ཎ་ཋ་ནི་མེ་བཞིའོ། །བེ་བོ་རཱ་རི་ནི་ནག་པའོ། །རུ་རེ་རོ་ཏཱ་ནི་ས་རིའོ། །ཏི་ཏུ་ཏེ་ཏོ་ནི་ས་གའོ། །ནཱ་ནི་ནུ་ནེ་ནི་ལྷ་མཚམས་སོ། །ནོ་ཡ་ཡི་ཡུ
་ནི་སྣརོན་ནོ། །ཡེ་ཡོ་བྷཱ་བྷི་ནི་སྣརུབས་སོ། །བྷུ་དྷ་ཕ་དྷ་ནི་ཆུ་སྟོད་དོ། །བྷེ་བྷོ་ཛཱ་ཛི་ནི་ཆུ་སྨད་དོ། །ཛུ་ཛེ་ཛོ་ཁཱ་ནི་གྲོ་ཞིན་ནོ། །ཁི་ཁུ་ཁེ་ཁོ་ནི་བྱི་བཞིན་ནོ། །གཱ་གེ་གུ་གེ་ནི་མོན་གེའོ། །གོ་ས་སི་སུ་ཤཱ་ཤི་ཤུ་ནི་མོན་གྲུའོ། །ཤེ་ཤོ་ད་དི་ནི་ཁྲུམས་སྟོད་དོ། །དུ
་ཥ་ཤ་ས་ནི་ཁྲུམས་སྨད་དོ། །དེ་དོ་ཙཱ་ཙི་ནི་ནམ་གྲུའོ། །ཙུ་ཙེ་ཙོ་ལ་ནི་ཐ་སྐར་རོ། །ལི་ལུ་ལེ་ལོ་ནི་བྲ་ཉེའོ། །ཞེས་བྱ་བ་ནི་ཁྱིམ་བཅུ་གཉིས་ཀྱི་མིང་གི་དབྱེ་བའི་ཡི་གེ་རྣམས་ཏེ། ཡི་གེ་འདི་དག་གིས་སེམས་ཅན་རྣམས་ཀྱི་ཁྱིམ་ཤེས་པར་བྱ་ཞིང་ངེས
་དགེ་བ་དང་མི་དགེ་བའི་འབྲས་བུ་ཤེས་པར་བྱའོ། །ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཀྱི་བསམ་པ་རིགས་པས་སྟོང་པའོ། །དོན་དམ་པར་དགེ་བ་དང། མི་དགེ་བ་ནི་རང་གི་ལས་ཀྱི་དབང་གིས་ཡིན་ཏེ། དེ་ལྟར་ཡང་གཟའ་ཚེས་རྒྱུ་སྐར་སྦྱོར
་བ་དང། །བྱེད་པ་ཉིད་དང་དུས་སྦྱོར་དང། །གདུག་པའི་གཟའ་སྟེ་འདི་དག་ནི། །བསོད་ནམས་བྱེད་པ་རྣམས་ལ་དགེ་།སྐད་ཅིག་གཅིག་ལ་སྐྱེས་རྣམས་ཀྱི། །སྐྱེས་རབས་ཐ་དང་ཐ་དང་འབྲས། །རང་རང་ལས་ལ་ཉེར་སྤྱོད་པས། །དེ་རྣམས་འབྲས་བུ་གཅིག་པ་མིན།།
་གཡུལ་དང་ནགས་བསྲེགས་པ་དང་ནི། །ཉ་བས་རྒྱ་ནི་བཅིངས་པ་ལ། །གང་གིས་ལུས་ཅན་མང་པོ་རྣམས། །ཅིག་ཅར་དུ་ནི་འཆི་བར་འགྱུར། །ལུས་ཅན་རྣམས་ཀྱིས་བསོད་ནམས་ཀྱིས། །ཚེ་སྟོབས་བརྩོན་འགྲུས་རྫུ་འཕྲུལ་དང། །སྐལ་བཟང་གཟུགས
་ཉིད་སྡིག་པས་ནི། །ཚེ་ཟད་བརྩོན་འགྲུས་རྫུ་འཕྲུལ་ཉམས་ཞེས་གསུངས་སོ། །ཡན་ལག་ལྔའི་བྱེད་པ་མདོར་བསྡུས་པའོ། །ད་ནི་བྱེད་པ་ལ་ལོའི་འཕོ་བའི་དེས་པ་གསུངས་པ། དག་པའི་ལོ་ལ་ཀླུ་བསྲེས་ཞེས་པ་སྟེ། །དག་པའི་ལོ་ནི་བྱེད་པའི་ལོའོ། །ཀླུ
་བསྲེས་ནི་བརྒྱད་བསྲེས་པའོ། །མཁའ་དང་ནམ་མཁའ་ཆུ་གཏེར་གྱིས་བསྒྱུར་ཞེས་པ་ནི་བཞི་བརྒྱས་བསྒྱུར་བ་ཡིན་ནོ། །ཀླུ་བསྲེས་རྣམས་ཀྱིས་སྦྱངས་པ་དག་།ཅེས་པ་ནི་བྱེད་པའི་ལོ་བརྒྱད་བསྲེས་པ་རྣམས་ཀྱིས་སྦྱངས་པ་སྟེ་དམན་པར་བྱས་པའོ། །རི་ཟླ་མེ་ཡིས
་རབ་ཏུ་ཕྱེ་སྟེ། ཞེས་པ་ནི་སུམ་བརྒྱ་བཅུ་བདུན་གྱིས་ཕྱེ་བ་གཟར་འགྱུར་རོ། །ནམ་མཁའ་རོས་བསྒྱུར་ཞེས་པ་ནི་སླར་ཡང་ཆའི་ལྷག་མ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར་ཏེ། རི་ལ་སོགས་པས་ཕྱེ་བ་ནི་ཆུ་ཚོད་དུ་འགྱུར་རོ། །གཉིས་དང
་སུམ་ཅུའི་གཟའ་དང། ཆུ་ཚོད་ངེས་པ་འདིར་ལྡན། ཞེས་པ་འདི་ནི་མིག་དམར་ལ་སོགས་པའི་ངེས་པ་བས་ཉི་མ་ལ་སོགས་པའི་བྱེད་པའི་དོན་ཏོ། །གཟའི་གནས་སུ་གཉིས་སྦྱིན་ཞིང་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་སྟེ། དྲུག་ཅུའི་ཆོས་ཐོབ་པ་ནི་གཟར
་འགྱུར་རོ། །ལྷག་མ་ནི་གཟའི་ཆུ་ཚོད་དུ་འགྱུར་རོ། །གཟའི་གནས་སུ་བདུན་གྱི་ཆའི་ལྷག་མ་གཟའ་སྟེ། ཟླ་བ་དག་ལ་ལོའི་འཕོ་བར་འགྱུར་རོ། ཞེས་པ་ནི་རིགས་པའོ། །ད་ནི་ལོའི་ངེས་པ་ལ་ལུག་ལ་སོགས་པའི་འཕོ་བ་ལ་སྣོན་པར་བྱེད་པ་ལ་སྣོན་བྱེད
་བཅུ་གཉིས་གསུངས་པ། ལུག་སོགས་རྣམས་ཀྱི་སྣོན་བྱེད་དག་ལ་གཟའ་དང་ཆུ་ཚོད་ཅེས་པ་སྟེ། གཟའི་གནས་དང་ཆུ་ཚོད་ཀྱི་གནས་སུ་གཟའ་དང་ཆུ་ཚོད་རིམ་པར་ཡོངས་བཀོར་བཅུ་གཉིས་འདི་དག་སྟེ། ཟླ་བ་རི་འབྱུང་ཞེས་པ་ལ། ཟླ་བ་ནི་གཟའི་གནས
་སུ་གཅིག་གོ་།རི་འབྱུང་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་བདུན་ནོ། །འདིར་ལོའི་ངེས་པ་དང་བཅས་པས་གཟའི་གནས་སུ་གཟའ་གང་བྱུང་བའི་གཟའ་དེ་ཡིས་ལུག་གིས་འཕོ་བར་འགྱུར་ཏེ། ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་གང་བྱུང་བའི་ཆུ་དེ་རྣམས་ཀྱི་སོ་ཞེས
་བྱ་བ་ནི་བྱེད་པའི་རིགས་པའོ། །རིགས་བྱེད་དང་ཞེས་པ་གཉིས་ཀྱི་ཚིག་ནི་སྡེབ་སྦྱོར་གྱི་དབང་གིས་ཏེ། རིག་བྱེད་ནི་གཟའི་གནས་སུ་བཞིའོ། །ཡོན་ཏན་མདའ་སྟེ་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་ཅུ་རྩ་གསུམ་སྟེ་གླང་གི་འཕོ་བ་ལའོ། །རི་བོང་ཅན་ཞེས
་པ་གཟའི་གནས་སུ་གཅིག་གོ་།རི་ཟླ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་བཅུ་བདུན་ཏེ། གསུམ་པ་ལ་ཞེས་པ་ནི་འཁྲིག་པའི་འཕོ་བ་ལའོ། །རིག་བྱེད་ཅེས་པ་ནི་གཟའི་གནས་སུ་བཞིའོ། །མེ་འབྱུང་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གསུམ་སྟེ། ཀར
་ཀ་ཊའི་འཕོ་བ་ལའོ། །ཟླ་བ་ཞེས་པ་གཟའ་ལ་གཅིག་གོ་།མིག་དང་ལག་པ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ཉི་ཤུ་རྩ་གཉིས་ཏེ་སེང་གེ་ལའོ། །དུས་ཞེས་པ་གཟའི་གནས་སུ་བཞིའོ། །རིག་བྱེད་མིག་ཅེས་པ་ཆུ་ཚོད་ཀྱི་གནས་སུ་ཉི་ཤུ་རྩ་བཞི་སྟེ། དྲུག་པ་དག
་ལའོ། ཞེས་པ་བུ་མོའི་འཕོ་བ་ལའོ། །གཟའ་ལ་དྲུག་དང་ཟླ་བ་མངའ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གཅིག་སྲང་གི་འཕོ་བ་ལའོ། །ཟླ་བ་ཞེས་པ་གཟའ་ལ་གཅིག་གོ་།རི་དུས་ཞེས་པ་ཆུ་ཚོད་ཀྱི་གནས་སུ་བཞི་བཅུ་རྩ་བདུན་ཏེ་སྡིག་པའི་འཕོ་བའོ། །
་མེ་ཞེས་པ་གཟའི་གནས་སུ་གསུམ་མོ། །དྲུག་ཟླ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་བཅུ་དྲུག་སྟེ། གཞུའི་འཕོ་བའོ། །རིག་བྱེད་ཅེས་པ་གཟའི་གནས་སུ་བཞིའོ། །རི་དང་འཇིག་རྟེན་ཞེས་པ་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་རྩ་བདུན་ཏེ་ཆུ་སྲིན་གྱི་འཕོ་པ་ལའོ། །གཟའི་གནས
་སུ་དྲུག་གོ་།རིག་བྱེད་སྟོང་པ་དག་ཅེས་པ་ཆུ་ཚོད་ཀྱི་གནས་སུ་བཞི་སྟེ་བུམ་པའི་འཕོ་བ་ལའོ། །སྟོང་པ་ཞེས་པ་གཟའི་གནས་སུ་ཅི་ཡང་སྦྱིན་པར་མི་བྱ་བའོ། །མིག་མདའ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གཉིས་ཏེ་ཉི་མའི་གོ་འཕང་ཉའི་ཁྱིམ་ལ
་སྦྱིན་པར་བྱ་བར་འགྱུར་རོ་ཞེས་པ་ནི་བྱེད་པ་ལ་འཕོ་བའི་ལོངས་སྤྱོད་དུ་ཤེས་པར་བྱའོ། །གྲུབ་པའི་མཛའ་ལ་ནི་འདི་འཕོ་བའི་ལོངས་སྤྱོད་དུ་མི་འགྱུར་ཏེ། གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་གསལ་བར་ནོར་ཏེ། །དེའི་སུམ་ཆ་དག་གི་བསྲེས་པའོ།།
་ཞེས་པ་འདིས་ཟླ་བའི་ནང་དུ་ཆུ་ཚོད་གཅིག་མེད་དོ། །སྤྲོས་པ་ཡིས་ཀྱང་གནས་གསུམ་དབུ་མ་དབང་ཕྱུག་གིས་སྒྱུར་ཞེས་པ་འདི་ཡིས་ཡང་ཉམས་པ་སོ་སོ་ནས་ཉི་མའི་ལོངས་སྤྱོད་གསལ་བར་འགྱུར་རོ། །ལོ་གཅིག་གིས་བར་དུ་ཉི་མའི་དཀྱིལ་འཁོར་གྱི
་ཉིན་ཞག་གི་ཆ་མ་གཏོགས་པར་ཉིན་ཞག་སོ་སོའི་ལོངས་སྤྱོད་དག་པར་འགྱུར་རོ། །སླར་ཡང་ལོ་གཞན་ལ་འཕོ་བའི་ངེས་པ་གཞན་དུ་འགྱུར། །ད་ནས་ནག་པའི་ཟླ་བ་ནས་སླར་ཡང་ནག་པའི་ཟླ་བའི་བར་ལོ་སོ་སོ་ཙམ་ཉི་མའི་ལོངས་སྤྱོད་དག་གོ། དེའི
་ཕྱིར་བྱེད་པའི་ལོ་གཞན་ལ་ལྟོས་ནས་དེས་ཟླ་བ་གཅིག་གི་།ངེས་པ་ཅུང་ཟད་དག་གོ་།དེ་ནས་ཉི་མའི་ཉིན་ཞག་གི་ལོངས་སྤྱོད་ཉིན་ཞག་སོ་སོ་ལ་དབུགས་བཞི་དང་ཆུ་སྲང་གསུམ་མེད་པས་མ་དག་སྟེ། ལོངས་སྤྱོད་ཀྱི་དབང་གིས་བྱང་དུ་བགྲོད
་པ་ནས་བྱང་དུ་བགྲོད་པའི་བར་ལ་ཉིན་ཞག་ལྔ་འཆད་པར་འགྱུར་རོ། །ཟླ་བ་སོ་སོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་འཆད་པར་འགྱུར་རོ། །བྱེད་པ་འཕོ་བའི་དུས་ནས་བྱེད་པ་འཕོ་བའི་དུས་ཀྱི་ཟླ་བ་སོ་སོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་ལྷག་སྟེ་ལོའི་མཚམས་སུ་གཟའ་ལྔ་ལྷག་གོ་།
་འདིར་ཆད་བ་དང་ལྷག་པ་ཇི་ལྟར་ཤེས་ན་བྱང་དུ་བགྲོད་པའི་ཟླ་བ་དང་པོ་ལ་ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མས་ཡོངས་སུ་བརྟག་པར་བྱ་སྟེ། །ཉིན་ཞག་གང་ནས་བརྩམས་ཏེ་ཐུར་མའི་གྲིབ་མ་བྱད་ནས་ལག་པར་གྱུར་པ་དེ་ནི། གཟའ་དེ་དང་ཚེས་དེ་དང
་སྦྱོང་བ་དེ་དང་བྱེད་པ་དེས་ཉི་མ་འཕོ་བའི་ཉིན་ཞག་གོ་།ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་སྐར་མའི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་སུ་བཅོ་ལྔ་ཞེས་པའི་རྩ་བའི་ངེས་པའོ། །ངེས་པ་དེ་ལ་ཉིན་ཞག་སོ་སོར་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་རྣམས
་ཀྱིས་ཐོབ་པ་རབ་ཏུ་བསྲེས་ཏེ། དེ་ནས་སྔར་བརྗོད་པའི་ཆོ་གས་ཉི་མའི་རྐང་པ་རྣམས་སྦྱང་བར་བྱའོ། །རྩ་བའི་རྒྱུད་ལས་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་དང། ཆུ་ཚོད་དང་ཆུ་སྲང་དང་དབུགས་དང་ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པའི་མཐར་གསུངས་པ་འདི
་ལྟ་སྟེ། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །གནས་གཉིས་འོག་མ་གཉིས་ཀྱིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །སྟོང་གི་ཕུང་པོ་ནོར་དུ་སྦྱིན། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ཡི་འོག་ཏུ་ཡང། །སླར་ཡང་ལྷག་མ་དྲུག་ཅུས
་བསྒྱུར། །ཆ་ཐོབ་དེ་ལས་ཀྱང་འོག་སྟེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །དབུགས་ཀྱི་ཚེགས་ཏེ་མི་ཡི་བདག་།དེ་ཡི་ཡང་ནི་འོག་ཏུ་བཞག་།ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། །དབུགས་སུ་བྱས་ནས་རྣམ་གསུམ
་སླད། །འོག་ལ་རི་མཁའ་རིས་ཐོབ་པ། །དབུས་ཀྱི་ཕུང་པོ་ནོར་དུ་སྦྱིན། །དེ་ལ་དྲུག་ཅུ་རྩ་བཞིས་ཐོབ། །སྟེང་གི་ཕུང་པོར་བུ་ལོན་དབྲོག་།ལྷག་མ་འདིར་ནི་ཉིན་ཞག་དང། །ཆུ་ཚོད་ཆུ་སྲང་དག་དང་དབུགས། །འདི་དག་འཁོར་ལོ་ལོངས་སྤྱོད་པས། །ཉི་མའི་དཀྱིལ
་འཁོར་དུ་འགྱུར་རོ། །ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཉི་མའི་དཀྱིལ་འཁོར་ལོངས་སྤྱོད་ཀྱིས། །ཐོབ་པ་ཞག་རའི་ཆུ་ཚོད་དོ། །སླར་ཡང་དྲུག་ཅུས་བསྒྱུར་ཆུ་སྲང། །དྲུག་གིས་བསྒྱུར་ལས་དབུགས་སུ་འགྱུར། །ལོངས་སྤྱོད་འདི
་ནི་ཉི་མ་ཡི། །རྒྱུ་སྐར་ཆུ་ཚོད་སོགས་ལ་སྦྱར། །འགྲོས་ནས་ཉིན་ཞག་སོ་སོར་སླར། །བགྲོད་པར་འགྱུར་གྱི་བར་དུ་སྦྱིན། །བརྗོད་པའི་ལས་ཀྱི་ཆོ་ག་ཡིས། །ཉི་མའི་རྐང་པ་སྦྱང་བར་བྱ། །གཞན་དུ་བྱེད་པའི་ལམ་གྱིས་ནི། །ཉི་མ་རྟག་ཏུ་དག་པ་མེད། །ཉི
་མའི་ལོངས་སྤྱོད་མ་དག་ན། །འདི་ལ་སྦྱངས་པའི་མིག་དམར་སོགས། །རྩ་བ་ཉམས་པའི་ལྗོན་པ་བཞིན། །འདིར་ནི་གསལ་བ་ཉིད་མི་འགྱུར། །ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པས། །ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། །འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད
་ཟླ་བ་རེ་ལོངས་སྤྱོད་བསྲེས་པ་དག་།སུམ་ཅུའི་ཆས་ཐོབ་ཟླ་ལོངས་སྤྱོད། །ཉིན་ཞག་སོ་སོའི་ཆུ་ཚོད་འགྱུར། །ཟླ་བས་ཉིན་ཞག་ཆུ་ཚོད་དང། །ཆུ་སྲང་དབུགས་ནི་གང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། །དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། །ཉིན་ཞག
་སྟོང་ཕྲག་དྲུག་དང་ནི། །དགུ་བརྒྱ་སྒྲ་གཅན་དཀྱིལ་འཁོར་ཏེ། །མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་རྒྱུ་བ་ལས་རབ་གྲུབ། །ཉིན་ཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །དཀྱིལ་འཁོར་གྱི་ནི་རྣམ་པར་དབྱེ། །ཐོབ་པ་དག་ནི་སྐར་མར་འགྱུར། །ལྷག་མ
་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་འཁོར་ཆ་ཡི་ཆུ་ཚོད་དོ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང། །དཀྱིལ་འཁོར་ཆ་ཐོབ་གཟའ་རྣམས་ཀྱིས། །ཉིན་ཞག་སོ་སོར་མི་ཡི་བདག་།དེ་ཉིད་བྱིན་པ་བྱས་ནས་ནི། །བཟའ་ཡིས་རྒྱུ་བས་གཟའ་སྦྱང་བྱ། །གང
་ཚེ་གཟའ་ཡིས་ལོངས་སྤྱོད་དག་།དེ་ཚེ་ཟླ་བའི་ཆ་འཆར་ལ། །བགྲོད་པའི་རི་མོ་ལ་གནས་པ། ཟླ་བའི་ལོངས་སྤྱོད་ཀྱིས་ཤེས་བྱ། །བགྲོད་པས་ཉི་མ་སྤྱད་བྱས་ཏེ། །ལོངས་སྤྱོད་ཆ་གཅིག་ལ་གནས་པའི། །ཟླ་བ་ཉི་མས་སྤྱད་པར
་བྱ། །ཟླ་བས་མིག་དམར་ལ་སོགས་སོ། །ཚིག་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉི་གའི་དབུས་སུ་ནི། ཟླ་བ་ཉི་མ་རྣམ་འཇོམས་པ། །སྒྲ་གཅན་འཇུག་པའི་ཚེས་གྲངས་སོ། །དེ་ལྟར་ཐམས་ཅད་ཡོངས་ཤེས་ནས། །གྲུབ་མཛའ་ཨི་ལོངས་སྤྱོད
་རྣམ་པ་གཞན། །རྣམ་གཞན་ཉུང་ངུའི་བྱེད་ལ་སོགས། །འདི་ལས་མ་དག་རྣམ་པར་སྤངས། ཞེས་སོ། །དེ་ལྟར་བརྗོད་པའི་རིམ་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ལས་གྲུབ་པའི་མཛའ་ཨི་མཚན་ཉིད་གསུངས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ
་པ་ལ་གྲུབ་པའི་མཛའ་རྣམས་རྣམ་པར་ཉམས་ཤེས་པའི་ཚིག་གིས་བསྡུས་ཏེ་རྒྱུད་ལས་གསལ་པོར་མ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདིར་མུ་སྟེགས་པ་རྣམས་ཀྱིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་མཐོང་སྟེ། ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་མཐོང་ནས
་བདག་ཅག་གི་བྱེད་པ་ལ་ཡང་ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་ཡོད་དོ། །ཞེས་རང་གི་བྱེད་པའི་ནང་དུ་འབྲི་བར་འགྱུར་ཏེ། རྒྱུ་དེས་ན་འགྲེལ་བཤད་ལ་ལྟོས་ནས་གསལ་པོར་མ་མཛད་དོ། །ད་ནི་ཉིན་མོ་དང་མཚན་མོ་འཕེལ་བ་དང་འགྲིབ་པ་གསུངས
་པ། ཟླ་དྲུག་འཕེལ་བ་དང་འགྲིབ་པ་ཞེས་པ་སྟེ། གྲངས་བཞིན་དུ་འཕེལ་བ་དང་འགྲིབ་པ་གཉིས་སུ་འགྱུར་རོ། །ཉིན་དང་མཚན་མོ་དག་ཀྱང་ཞེས་པ་ནི་ཉིན་མོ་དང་མཚན་མོ་དག་གོ་།ཉི་མ་རབ་ཏུ་རྒྱུ་བས་སོ་ཞེས་པ་ནི་ཉི་མ་བྱང་དུ་རྒྱུ་བ་དང་ལྟོར་རྒྱུ་བས
་ནི་ཉི་མ་རབ་ཏུ་རྒྱུ་བས་སོ། །ཆུ་གཏེར་སྲོག་དང་ཆུ་སྲང་མེ་ནི་ཉིན་ཞག་སོ་སོའི་དུས་སུ་འཕེལ་འགྲིབ་བགྲོད་པའི་ཡན་ལག་གིས་ཚད་འདི་ནི་ཀཻ་ལ་ཤའི་བྱང་གི་ཆ་ཁ་བ་ཅན་གྱི་བར་དུ་སྟེ། ཉིན་ཞག་སོ་སོ་ལ་དབུགས་བཞི་དང་ཆུ་སྲང་གསུམ་བགྲོད་པའི་ཡན
་ལག་གིས་འཕེལ་ཞིང་འགྲིབ་བོ། །བགྲོད་པའི་ཡན་ལག་ནི་ཕྱེད་དང་བཅས་པའི་བརྒྱད་ཅུ་རྩ་གཉིས་ལྷག་པའི་ཉིན་ཞག་བརྒྱ་སྟེ། བགྲོད་པའི་ཡན་ལག་ཉིན་ཞག་དེ་རྣམས་ཀྱིས་ལྷོ་ཕྱོགས་སུ་མཚན་མོ་འཕེལ་བར་འགྱུར་ཏེ་བྱང་དུ་ཉིན་མོའོ། །ཀཻ་ལ་ཤའི་ལྷོ་ཕྱོགས་ལ
་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ཚད་འདི་ལ་ལྷོར་བགྲོད་པའི་འཕོ་བའི་ཉིན་ཞག་ལ་ཆུ་ཚོད་སུམ་ཅུ་རྩ་དྲུག་གིས་ཉིན་མོར་འགྱུར་ཞིང་ཉི་ཤུ་རྩ་བཞིས་མཚན་མོར་འགྱུར་རོ། །དེ་བཞིན་དུ་བྱང་དུ་བགྲོད་པ་ལ་མཚན་མོ་དང་ཉིན་མའི་ཚད་བཟློག་པས་ཤེས
་པར་བྱའོ། །ད་ནི་སྒྲ་གཅན་རྒྱུ་སྐར་ལ་ལོངས་སྤྱོད་པ་གསུངས་པ། ཟླ་བ་ཞེས་པ་སྟེ་ཟླ་བ་ནི་བྱེད་པའི་ཟླ་བའོ། །མིག་དང་ཉི་མ་བསྲེས་པ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཛའ་ལ་ལྟོས་པ་མ་ཡིན་ནོ། །མིག་དང་ཉི་མ་ཞེས་པ་བརྒྱ་ཉི་ཤུ
་རྩ་གཉིས་བསྲེས་པའོ། །མིག་གིས་རྣམ་བསྒྱུར་ཞེས་པ་ནི་ཕྱོགས་ཀྱི་ཕུང་པོའི་དོན་དུ་གཉིས་ཀྱིས་བསྒྱུར་བའོ། །ཟླ་བའི་ཚོགས་ལ་གཅིག་བསྲེས་ཏེ་ཞེས་པ་ནི་ཉའི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་གཅིག་བསྲེས་པ་དང། གནམ་སྟོང་གི་ལོངས་སྤྱོད
་བྱ་དོན་དུ་ཕྱོགས་གཉིས་བསྲེས་པ་ཕྱོགས་ཀྱི་ཕུང་པོ་རེ་འགྱུར་རོ། །མཁའ་དུས་ཆུ་ཡིས་རབ་ཕྱེ་ཞེས་པ་ནི་སྒྲ་གཅན་གྱི་ཕྱོགས་ཀྱི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་ཀྱི་འཁོར་ལོ་ཕྱོགས་བཞིའི་བརྒྱ་དྲུག་ཅུས་བགོ་སྟེ། མཁའ་དུས་ཆུ་དེས་རབ་ཏུ་ཕྱེ་བའི་ལྷག
་མའི་ཕྱོགས་གང་ཡིན་པ་དེ་དག་ཐུབ་པ་ལག་པས་བསྒྱུར་བར་འགྱུར་རོ། །སྐར་མའི་ལོངས་སྤྱོད་ཀྱི་དོན་དུ་མཁའ་སོགས་ཆ་ཡིས་སྐར་མའོ། །ཞེས་པ་ནི་སྟོང་པ་ལ་སོགས་པ་བཞི་བརྒྱ་དྲུག་ཅུའི་ཆ་ཐོབ་པ་སྐར་མར་འགྱུར་རོ། །སླར་ཡང་ལྷག་མ་ནི་ལྷག་མ
་དྲུག་ཅུས་བསྒྱུར་བ་གང་ཡིན་པ་ལས་ཆ་དེ་ཉིད་ཀྱིས་ཐོབ་པ་ཆུ་ཚོད་དུ་འགྱུར་རོ། །དེ་བཞིན་དུ་དྲུག་ཅུས་བསྒྱུར་བ་ལས་ཆ་དེ་ཉིད་ཀྱིས་ཆུ་སྲང་དུ་འགྱུར་རོ། །དྲུག་གིས་བསྒྱུར་བ་ལས་ཆ་དེ་ཉིད་ཀྱིས་དབུགས་སུ་འགྱུར་རོ། །ཐོབ་པས་དམན་པའི་འཁོར་ལོ་གདོང
་འདིར་མཁའ་དུས་ཆུ་ཡིས་ཐོབ་པའི་སྐར་མ་ལ་སོགས་པ་གང་ཡིན་པ་དེ་དག་གི་འཁོར་ལོ་སྐར་མ་ཉི་ཤུ་རྩ་བདུན་གྱིས་བདག་ཉིད་ལ་དམན་པར་བྱས་པའི་འཁོར་ལོ་ནི་གདོང་དུ་འགྱུར་ཏེ། ཐ་སྐར་ལ་སོགས་པས་གདོང་གི་སྐར་མའི་ལོངས
་སྤྱོད་དུ་འགྱུར་རོ། །མུན་ཅན་ནི་སྒྲ་གཅན་ཏེ། འདི་ལ་མུན་པ་ཡོད་པའི་ཕྱིར་མུན་ཅན་ནོ། །མུན་ཅན་དེའི་མཇུག་མ་དག་ཀྱང་རྒྱུ་སྐར་ཕྱེད་བསྲེས་པའོ། ཞེས་པ་ལ་རྒྱུ་སྐར་ཕྱེད་ནི་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་སྟེ། དེ་དག་གདོང་གི་ལོངས་སྤྱོད་ལ
་བསྲེས་པ་ནི་མཇུག་མ་ཞེས་པ་མཇུག་མའི་ལོངས་སྤྱོད་དུ་འགྱུར་རོ། །ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་ཚོགས་གསུངས་པ། ཟླ་བ་ཞེས་པ་བྱེད་པའི་ཟླ་བའོ། །ཉིན་ཞག་གི་ཕུང་པོའི་དོན་དུ་སུམ་ཅུས་བསྒྱུར
་བས་དེ་དག་ཉིན་ཞག་ཏུ་འགྱུར་རོ། །ཉིན་ཞག་དེ་དག་དེ་ལྟར་བའི་ཟླ་བའི་ཉིན་ཞག་སོ་སོ་དང་བཅས་པ་གནས་གསུམ་དུ་འགྱུར་རོ། །འོག་གི་ཕུང་པོ་ལས་རི་མཁའ་རིས་ཞེས་པ་བདུན་བརྒྱ་བདུན་གྱི་ཆ་ཐོབ་པ་དབུ་མའི་ཕུང་པོར་རྣམ་པར་བསྲེའོ། །དབུ་མའི་ཕུང
་པོ་དེ་ལས་ཀྱང་ཆུ་གཏེར་རོ་དྲུག་ཅུ་བཞིས་ཆ་ཐོབ་པས་དམན་པ་མི་གསལ་ཉིན་ཞག་གོ་།ཁ་ཅིག་ཏུ་ཉིན་ཞག་སོ་སོའི་གཟའ་ལྷག་པས་གསལ་བའི་དོན་དུ་གཟའ་ཅིག་དམན་པར་འགྱུར་རོ། །དེའི་ཕྱིར་གསལ་བའི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །
་ད་ནི་བཀྲ་ཤིས་གསུངས་ཏེ། རི་དུས་གཅིག་གིས་བསྲེས་པ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱིས། གྲུབ་པའི་མཛའ་ལ་ལྟོས་པ་མ་ཡིན་ནོ། །བརྒྱ་དྲུག་ཅུ་རྩ་བདུན་གྱིས་བསྲེས་པ་ནི་རི་དུས་གཅིག་གིས་བསྲེས་པའོ། །གསལ་བའི་ཉིན་ཞག་ཚོགས
་ཏེ་རི་ཀླུ་དུས་ཀྱིས་བགོས་པ་ཡི་ཉིན་ཞག་གི་ཚོགས་དེ་ཡང་མིག་དམར་གྱི་དཀྱིལ་འཁོར་ཉིན་ཞག་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱིས་བགོས་པ་ནི་རི་ཀླུ་དུས་ཀྱིས་བགོས་པའོ། །འདི་ལས་མིག་དམར་གྱི་ཡོངས་སུ་བསྐོར་བ་ཤེས་ནས་ལྷག་མ་སྐར་མས
་བསྒྱུར་ཞེས་པ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་ལས་སླར་ཡང་རི་ཀླུ་དུས་རྣམས་ཀྱིས་ཐོབ་པ་ནི་སྐར་མར་འགྱུར་རོ། །ནམ་མཁའ་རོ་དྲུག་ཅུ་ཡིས་བསྒྱུར་བ་ལས་ཀྱང་རི་ལ་སོགས་པ་རྣམས་ཀྱིས་ཐོབ་པ་ནི་ཆུ་ཚོད་དེ་མིག་དམར་གྱི་ལོངས་སྤྱོད་ལ་ཐོབ་པར་འགྱུར་རོ། །ཆུ་སྲང་ལ་སོགས
་པ་ནི། སྔར་བརྗོད་པའི་ཆོ་གས་སོ། །འདིར་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་གནས་རྣམ་པ་ལྔར་འགྱུར་ཏེ། ཁྱིམ་གྱི་གནས་དང། སྐར་མའི་གནས་དང། ཆུ་ཚོད་ཀྱི་གནས་དང། ཆུ་སྲང་གི་གནས་དང། དབུགས་ཀྱི་གནས་རྣམས་འོག་ནས་འོག་ཏུ་འགྱུར་རོ། དབུགས
་ཀྱི་གནས་སུ་དབུགས་དྲུག་ལས་ལྷག་པ་མི་གནས་ཏེ། དྲུག་གི་ཆས་ཐོབ་པ་ནི་ཆུ་སྲང་ལ་གཞུག་གོ་།ཆུ་སྲང་ནི་དྲུག་ཅུ་ལས་ལྷག་པར་མི་གནས་ཏེ། དྲུག་ཅུའི་ཆས་ཐོབ་པ་ནི་ཆུ་ཚོད་ཀྱི་ཕུང་པོར་གཞུག་གོ་།ཆུ་ཚོད་རྣམས་ཀྱང་དེ་བཞིན་དུ་རྒྱུ་སྐར་གྱི་ཕུང་པོར་གཞུག
་གོ་།སྐར་མ་ནི་ལས་གཉིས་ལ་ཕྱེད་དང་བཅས་པའི་བཅུ་གསུམ་པས་ལྷག་པར་མི་གནས་ཤིང་ཁྱིམ་དྲུག་ཏུ་གནས་སོ་ཞེས་བྱ་བ་ནི་ངེས་པའོ། །ད་ནི་མིག་དམར་དག་ལས་གསུངས་པ། མིག་དམར་ལ་ནི་ཕྱེད་བཅས་དགུ་སྦྱངས་ཞེས་པ་སྟེ། འདིར་མིག་དམར
་གྱི་སྐར་མ་ལ་སོགས་པའི་ལོངས་སྤྱོད་ཐ་དད་དུ་བྱས་ཏེ། མིག་དམར་གྱི་ལོངས་སྤྱོད་གཅིག་ལ་སྐྱེ་བའི་རྐང་པ་བཟུང་བའི་དོན་དུ་སྐར་མ་དགུ་སྦྱད་པར་བྱའོ། །བྱེད་བཅས་ཤེས་པ་ནི་ཆུ་ཚོད་ཀྱི་གནས་ནས་སྤྱད་པར་བྱའོ། །ཐ་སྐར་ལ་སོགས་པའི་སྐར་མའི
་ལོངས་སྤྱོད་ལ་གལ་ཏེ་བུ་ལོན་ལྷག་ན་འཁོར་ལོ་བསྲེས་ལ་རྣམ་པར་སྦྱང་ཞེས་པ་ནི། འདིར་སྐར་མའི་ལོངས་སྤྱོད་ཐ་སྐར་ལ་སོགས་པ་ལ་གདོན་མི་ཟ་བར་བུ་ལོན་སྦྱང་བར་བྱ་སྟེ། གལ་ཏེ་བུ་ལོན་གྱི་ཕུང་པོ་ལྷག་པ་དང་བཅས་ཤིང་ལོངས་སྤྱོད་ཀྱི་ཕུང་པོ་དམན
་པར་གྱུར་ན་དེའི་ཚེ་འཁོར་ལོ་བསྲེས་པ་རྣམ་པར་སྦྱང་ངོ། །འཁོར་ལོའི་སྐར་མ་ཉི་ཤུ་རྩ་བདུན་གྱི་ཚོགས་ཏེ། དེ་དག་བསྲེས་ལ་བུ་ལོན་རྣམ་པར་སྦྱང་ངོ་ཞེས་པའི་དོན་ཏོ། །འཁོར་ལོ་ཕྱེད་ནི་དོར་བར་བྱ་སྟེ་ཞེས་པ་ནི་འདིར་གལ་ཏེ། སྦྱངས་པའི་ལྷག་མ་འཁོར
་ལོ་ཕྱེད་དུ་གྱུར་ན་དེའི་ཚེ་དོར་བར་བྱ་སྟེ། ཕྱེད་པས་ལྷག་པར་གྱུར་ནའང་འདིར་ལྷག་མ་གང་ཡིན་པ་ཕྱེད་པས་ལྷག་པར་འགྱུར་ནའོ། །དོར་བའི་ལྷག་མ་དེ་ནི་རིམ་པ་མིན་པར་འགྱུར་རོ། །གཟའ་ཐམས་ཅད་ཀྱི་དལ་བའི་ལས་ལ་རིམ་པ་མིན
་པས་ནོར་དུ་འགྱུར་ཏེ། རིམ་པས་ནི་བུ་ལོན་ནོ། །སྐར་མ་དྲུག་ཅུས་བསྒྱུར་ཏེ་ཆུ་ཚོད་དག་དང་རབ་ཏུ་ལྡན་པར་གྱུར་པ་ཞེས་པ་ནི་ཆུ་ཚོད་ཀྱི་ཚོགས་ཀྱི་དོན་དུ་རྒྱུ་སྐར་གྱི་ཚོགས་དྲུག་ཅུས་བསྒྱུར་བར་གྱུར་པ་ལ་འོག་ན་གནས་པའི་ཆུ་ཚོད་ཀྱི་ཚོགས་སྟེང་དུ་ལྡན
་པར་འགྱུར་རོ། །འབྱུང་མེ་ཟླ་བས་བགོ་ཁྱིམ་གྱི་རྐང་པའི་དོན་དུ་ཆུ་ཚོད་ཀྱི་ཕུང་པོ་ལ་བརྒྱ་སུམ་ཅུ་རྩ་ལྔས་བགོ་སྟེ། གང་ཐོབ་པ་དེ་ཁྱིམ་གྱི་རྐང་པར་འགྱུར་རོ། །དལ་བའི་ལས་དག་ལ་ཡང་ནོར་དང་བུ་ལོན་དག་ནི་རིམ་པ་མིན་དང་རིམ་པས་སོ། །གྲངས་བཞིན
་དུ་རིག་པར་བྱའོ། །འདིར་ཁྱིམ་རྒྱུ་བའི་རྐང་པ་ནི་དེ་ཉིད་ཅེས་པ་སྐྱེ་བ་ནས་ཁྱིམ་དང་པོ་ལ་ཉི་ཤུ་རྩ་ལྔའོ། །གཉིས་པ་ལ་བཅོ་བརྒྱད་དོ། །གསུམ་པ་ལ་རི་ཞེས་པ་བདུན་ཏེ། ཁྱིམ་སྔ་མ་གསུམ་ལའོ། །དེ་ནས་འཁོར་ལོ་ཕྱེད་ཀྱི་ཕྱེད་གཞན་ལ་ནི་ཁྱིམ
་བཞི་པ་ལ་བདུན་ནོ། །ལྔ་པ་ལ་བཅོ་བརྒྱད་དོ། །དྲུག་པ་ལ་ཉི་ཤུ་རྩ་ལྔའོ། །རབ་ཏུ་གསལ་བར་རོ་རྐང་འཁོར་ལོ་ཕྱེད་ལ་སྟེང་འོག་ཏུ་སྟེ་ཞེས་པའོ། །ལོངས་སྤྱོད་ཀྱི་ནི་ཆུ་ཚོད་བསྒྱུར་ལས་ཞེས་པ་ནི། ཆུ་ཚོད་ཀྱི་ཚོགས་ལས་བརྒྱ་སུམ་ཅུ་རྩ་ལྔའི
་ཆས་ཐོབ་པ་ནི་ཁྱིམ་གྱི་ལོངས་སྤྱོད་དུ་འགྱུར་ཏེ། དེ་ཉིད་རྐང་པ་དྲུག་གི་ནང་ནས་རྐང་བའོ། །དེ་ནས་གཉིས་པ་ནི་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་དེ། ལོངས་སྤྱོད་ལྷག་མ་དེས་ཆུ་ཚོད་ལྷག་མ་བསྒྱུར་བ་ལས། མདའ་དང་ཡོན་ཏན་ཟླ་བས་འཁོར
་ལོ་ཕྱེད་ལས་ཆ་ཐོབ་བོ། །ལོངས་སྤྱོད་ཀྱི་ཆུ་ཚོད་སྒྱུར་བའི་ཕུང་པོ་ལས་བརྒྱ་སུམ་ཅུ་རྩ་ལྔའི་ཆས་ཐོབ་པ་ནི་སྔ་མ་ཕྱེད་ལ་གཟུང་བྱར་འདོད་དེ་རྐང་པའི་དབང་གིས་ཞེས་པ་ནི་གཟའི་ཕྱེད་ཕྱི་མར་མ་བགྲོད་ཀྱི་བར་དུའོ། །དེའི་འོག་ཏུ་དེ་བཞིན་ཕྱི་མ་ཕྱེད
་ལ་དོར་བྱར་འགྱུར་ཞེས་པ་ནི་ལོངས་སྤྱོད་དེ་ཉིད་ཕྱེད་ཕྱི་མ་ལ་དོར་བྱར་འགྱུར་རོ། །ཟོས་པ་ཚོགས་གཅིག་བྱས་ནས་ཞེས་པ་ནི་སྔ་མ་ཕྱེད་ལ་གནས་པ་ལ་གཟའ་རྣམས་ཀྱི་ཁྱིམ་གྱི་དབང་གིས་རྐང་པ་ཟོས་པ་གང་ཡིན་པ་དེ་དག་ཚོགས་གཅིག་ཏུ་བྱས་པ་དང།
་ཕྱི་མ་ཕྱེད་ལ་སྔ་མ་དང་ཕྱི་མ་ཟོས་པ་དོར་ནས་མ་ཟོས་པ་ཚོགས་གཅིག་ཏུ་བྱས་ཏེ། གཟའི་བགྲོད་པའི་དབང་གིས་སྦྱིན་དང། དོར་བ་དག་ཀྱང་ཆུ་ཚོད་ལའོ་ཞེས་པ་ལ། གཟའ་རྣམས་ཀྱིས་བགྲོད་པ་ནི་རིམ་པ་མིན་པ་དང་རིམ་པ་སྟེ། དེའི་དབང་གིས་སྦྱིན་པ
་དང། དོར་བ་ནི་རིམ་པ་མིན་པའི་དབང་གིས་སྦྱིན་པ་དང། རིམ་པའི་དབང་གིས་དོར་བའོ། །ཆུ་ཚོད་ལའོ་ཞེས་པ་ནི་ཆུ་ཚོད་ཀྱི་ཕུང་པོ་དང་གཟའི་ལོངས་སྤྱོད་སྐར་མའི་ཕུང་པོ་ལའོ། ཞེས་བྱ་བ་ནི་བཀྲ་ཤིས་ལ་སོགས་པ་རྣམས་ཀྱི་དལ་བའི་ལས་ཐམས་ཅད་ལ
་ངེས་པ་སྟེ། ཁྱིམ་གྱི་ལས་ཀྱི་ཆོ་ག་སྐྱེ་བའི་རྒྱུ་བ་དག་པའོ། །ད་ནི་མྱུར་བའི་ལས་ཀྱི་ཆོ་ག་གསུངས་པ། དེ་ནས་ཉི་མར་ས་སྐྱེས་རྣམ་པར་སྦྱང་སྟེ་བླ་མ་ཉི་སྐྱེས་དག་ཀྱང་མྱུར་བའི་ལས་ལའོ། ཞེས་པ་སྟེ། དེ་ནས་ནི་དེ་མ་ཐག་ཉིད་ལའོ་སླར་ཡང་ཁྱིམ་གྱི་ལས་ཀྱིས
་རྣམ་པར་དག་པའི་གཟའི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །ཉི་མར་ས་སྐྱེ་རྣམ་པར་སྦྱང་སྟེ་ཞེས་པ་ནི་དལ་བའི་ལོངས་སྤྱོད་ཉི་རྐང་དང་བྲལ་བ་ལས་ཏེ་གཟའི་ལོངས་སྤྱོད་ཐ་དད་དུ་བྱས་ནས་སོ། །དེ་ནས་ཞེས་པ་སྟེ་བླ་མ་ལ་ཡང་སྦྱང་བར་བྱ་ཞིང་ཉི་སྐྱེས་སྤེན་པ
་ཡང་སྦྱང་བར་བྱ་སྟེ། ཀྱང་གི་སྒྲས་མིག་དམར་ཇི་ལྟ་བ་བཞིན་དུའོ། །གང་ལ་ཞེ་ན། མྱུར་བའི་ལས་ལའོ། །དེ་བཞིན་དུ་ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་ལས་གཟའ་ལྷག་གི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། །དཀར་པོ་ལ་ཡང་སྟེ། དཀར་པོའི
་ལོངས་སྤྱོད་ལས་ཀྱང་དཀར་པོའི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། །འདིར་གཟའ་མཐོན་པོ་ཡིས་གཟའ་དམའ་མོ་ལ་རྣམ་པར་སྦྱང་ངོ། །ཞེས་པ་ནི་ངེས་པ་སྟེ། དེ་ནས་ཟླ་སྐྱེས་དང་དཀར་པོ་ལ་ཡང་ཉི་མས་སྦྱང་བར་བྱའོ། །མྱུར་བའི་ལས་ལ་ངེས་པར
་རིམ་པས་ནོར་དུ་འགྱུར་ཞེས་པ་ནི། འདིར་མྱུར་བའི་ལས་ཏེ། འདིར་མྱུར་བའི་བྱ་བ་ལ་རིམ་པས་ནོར་དུ་འགྱུར་རོ། །ངེས་པར་ཞེས་པ་གདོན་མི་ཟ་བར་རོ། །རིམ་པ་མིན་པས་བུ་ལོན་དུ་འགྱུར་རོ། །གཟའ་མཐོན་པོའི་ལོངས་སྤྱོད་དག་པའི་ལྷག
་མ་ལས་འཁོར་ལོ་ཕྱེད་ཡོངས་སུ་དོར་ཏེ་སྦྱངས་པའི་ལྷག་མ་ནི་འདིར་རྐང་པའོ། །གཟའ་མཐོན་པོའི་ལོངས་སྤྱོད་རྣམ་པར་དག་པའི་ལྷག་མའི་སྐར་མ་ནི་གཟའ་རྣམས་ཀྱི་ཉིན་ཞག་གི་ལོངས་སྤྱོད་ཀྱི་དབང་གིས་རྒྱུ་བའི་སྐར་མར་འགྱུར་རོ། །དེ་ཉིད་གཟའ་རྒྱུ་བའི་རྐང་པ
་སྟེ་ཆུ་ཚོད་དུ་མའི་བདག་ཉིད་ཅན་ནོ། །གཟའ་རྒྱུ་རྐང་པའི་ཆུ་ཚོད་དེ་དག་རྣམས་ཀྱི་ལྷག་མའི་ཆུ་ཚོད་བསྒྱུར་དྲུག་ཅུའི་ཆ་ཡིས་ཐོབ་པ་གཟའ་རྒྱུ་རྐང་པ་དག་ལས་གཟུང་བྱ་དང་ནི་འཕྲོག་བྱ་དེ་བཞིན་ཉིད་ཅེས་པ་ནི་སྔ་མ་བཞིན་དུ་ཕྱེད་སྔ་མ་ལ་གཟུང་བར
་བྱ་བ་དང། ཕྱེད་ཕྱི་མ་ལ་དབྲོག་པར་བྱ་བའོ། །ཟློས་པ་དག་ནི་ཚོགས་གཅིག་བྱས་ནས་གཟའ་ཡི་བགྲོད་པའི་དབང་གིས་སྦྱིན་དང་དོར་བ་མཛའ་དག་སྟེ། ཞེས་པ་ནི་འདིར་མྱུར་བའི་ལས་ལ་རིམ་པས་སྦྱིན་པ་དང་རིམ་པ་མིན་པས་དོར་བ་སྟེ། ཕྱེད་སྔ་མ་ལ
་ཟོས་པའི་ཚོགས་དང། ཕྱེད་ཕྱི་མ་ལ་མ་ཟོས་པའི་ཚོགས་ནི་སྔ་མ་བཞིན་ནོ། །ས་སྐྱེས་ལ་ནི་རྐང་པ་རྒྱལ་བ་སོགས་ཏེ་ཞེས་པ་ལ། རྒྱལ་བ་ནི་ཉི་ཤུ་རྩ་བཞིའོ། །དེ་དག་ཀྱང་དང་པོ་ལ་གནས་པ་སྟེ། མ་ནུའི་གནས་ནས་བཅུ་བཞི་ལ་གནས་པའི
་རྐང་པ་བཅུ་བཞི་པོ་གང་དག་གིས་གནས་དང་པོ་ལའོ། །ས་སྐྱེས་ལ་སོགས་པ་ནི་རྐང་པ་རྒྱལ་བ་སོགས་ཏེ་རབ་གསལ་མ་ནུའི་གནས་རྒྱུ་སྐར་གྱི་གནས་བཅུ་བཞི་ལ་མཛའ་དག་གཞག་པར་བྱ་སྟེ། དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི་ནི་རིམ་པས
་ཡོངས་སུ་རྩི་བ་རིག་པར་བྱའོ་མིའི་དབང་པོ་ཞེས་སོ། །ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་དང་དཀར་པོ་ལས་ཉི་མས་རྣམ་པར་དག་པ་ནི་ཟླ་བའི་བུ་གཟའ་ལག་ཏུ་འགྱུར་ཞིང། དཀར་པོ་ལས་རྣམ་པར་དག་པར་གྱུར་པ་ནི་དཀར་པོར་འགྱུར་ཏེ། ཟླ་སྐྱེས་དང་དཀར
་པོའི་ལོངས་སྤྱོད་ལས་སོ། །བཀྲ་ཤིས་རྣམ་པར་དག་པའོ། །ད་ནི་གཟའ་ལག་གསུངས་པ། སྟོང་དང་ནམ་མཁའ་ཟླ་བས་བསྒྱུར་བའི་མཛའ་དག་ཉིན་ཞག་ཚོགས་ལ་ཞེས་པ་སྟེ། སྔར་རྣམ་པར་དག་པའི་ཉིན་ཞག་གི་ཚོགས་མཛའ་དག་བརྒྱ་ཡིས་བསྒྱུར་བ་ནི་སྟོང
་དང་ནམ་མཁའ་ཟླ་བས་བསྒྱུར་བའོ། །མེ་དང་ཉི་མ་རི་ཡིས་དམན་ཞེས་པ་ནི་བརྒྱ་ཡིས་བསྒྱུར་པའི་ཉིན་ཞག་གི་ཚོགས་དེ་ཉིད་བདུན་སྟོང་བརྒྱ་ཉི་ཤུ་རྩ་གསུམ་གྱིས་དམན་པའོ། །རི་ནས་བུག་པ་རི་དང་ཀླུ་ཡིས་བགོ་སྟེ། ཞེས་པ་ལ། རི་ནས་བདུན་ནས་ཏེ། བུག
་པའི་རང་ཀླུ་ཞེས་པ་ནི་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་ཏེ། རང་གི་རྐང་པའི་དཀྱིལ་འཁོར་གྱི་ཉིན་ཞག་རི་ནས་བུག་པ་རི་དང་ཀླུ་དེ་དག་གིས་བགོ་སྟེ། རྣམ་པར་དབྱེའོ། །སླར་ཡང་ལྷག་མ་སྐར་མ་ལ་སོགས་དབྱེ་བས་བསྒྱུར་ཞེས་པ་ནི། དཀྱིལ་འཁོར་གྱི་ཉིན
་ཞག་གི་ཆའི་ལྷག་མའི་ཉིན་ཞག་གི་ཚོགས་སླར་ཡང་བསྒྱུར་ཏེ། སྐར་མ་ལ་སོགས་དབྱེ་བ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་རོ། །སོགས་པའི་སྒྲ་སླར་ཡང་དཀྱིལ་འཁོར་གྱི་ཆའི་ལྷག་མ་དྲུག་ཅུས་བསྒྱུར་ཏེ། དེ་བཞིན་དུ་ཆུ་སྲང་རྣམས་ཀྱི་བསྒྱུར་ཞིང་དབུགས་དྲུག
་གིས་བསྒྱུར་རོ། །རབ་བརྗོད་དཀྱིལ་འཁོར་གྱི་ཉིན་ཞག་གི་ཆ་ཡིས་ཐོབ་པ་ནི་སྐར་མར་འགྱུར་རོ། །སླར་ཡང་ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་དང། དེ་བཞིན་དུ་ཆུ་སྲང་དང་དབུགས་ནི་ཚོབ་པའོ། །ཟླ་སྐྱེས་ལོངས་སྤྱོད་དེ་རྐང་པའི་ལོངས་སྤྱོད་དག་ཏུ
་འགྱུར་རོ། །ཟླ་སྐྱེས་དོར་ཏེ་ཉི་མའི་དབུས་ནས་མི་བདག་བཟང་པོ་མི་བདག་སྐར་མ་ཕྱེད་ཀྱང་ཡང་དག་སྤང་ཞེས་པ་ནི་རི་ལ་སོགས་པའི་དཀྱིལ་འཁོར་གྱིས་ཐོབ་པ་ཟླ་སྐྱེས་ཀྱི་ལོངས་སྤྱོད་གང་ཡིན་པ་དེ་དག་མྱུར་བའི་ལས་ལ་རྣམ་པར་དག་པའི་དོན
་དུ་དོར་ཏེ། དེ་ནས་ཉི་མའི་དབུས་ནས་ཀྱེ་མི་བདག་བཟང་པོ་མི་བདག་སྟེ། བཅུ་དྲུག་དང་སྐར་མ་ཕྱེད་ཀྱང་ཞེས་པ་ཆུ་ཚོད་སུམ་ཅུ་ཉི་མའི་ཆུ་ཚོད་ཀྱི་ལོངས་སྤྱོད་ལས་སོ། །ཅི་སྟེ་བུ་ལོན་དག་པར་མ་གྱུར་ན། དེའི་ཚེ་རྒྱུ་སྐར་གྱི་འཁོར་ལོ་རབ་ཏུ་བསྲེས་ནས
་བུ་ལོན་རྣམ་པར་སྦྱང་བར་བྱའོ། །ཞེས་བྱ་བ་ནི་སྔ་མའི་ངེས་པ་ལས་སོ། །ལྷག་མའི་བྱ་བ་ནོར་དང་བུ་ལོན་དལ་དང་མྱུར་བའི་ལས་ཀྱང་མིག་དམར་ཇི་ལྟ་བཞིན་དུ་འགྱུར་ཞེས་པ་ནི་གོ་བླའོ། །ཟླ་སྐྱེས་རྐང་པ་དལ་བའི་ལས་ལ་བཅུ་རིམ
་སྟེ། ཞེས་པ་ལ་ཟླ་སྐྱེས་ནི་གཟའ་ལག་སྟེ། དལ་བའི་ལས་ལ་ནི་ཁྱིམ་གྱི་ལས་ལ། སྔ་མ་དང་ཕྱི་མའི་གནས་དྲུག་ལ་ཁྱིམ་གྱི་གནས་དང་པོ་ལ་བཅུའོ། །ཁྱིམ་གྱི་གནས་གཉིས་པ་ལ་རི་ཞེས་པ་བདུན་ནོ། །ཁྱིམ་གྱི་གནས་གསུམ་པ་ལ་མེ་ཞེས་པ་གསུམ
་སྟོ། ཕྱེད་སྔ་མ་ལའོ། །དེ་ནས་ཕྱེད་ཕྱི་མ་ལ་ཁྱིམ་གྱི་གནས་བཞི་པ་གསུམ་མོ། །ཁྱིམ་གྱི་གནས་ལྔ་པ་ལ་བདུན་ནོ། །ཁྱིམ་གྱི་གནས་དྲུག་པ་ལ་བཅུ་སྟེ། བཅུ་རི་མེ་ནི་དལ་བའི་ལས་ལ་རྐང་པའོ། །མྱུར་བའི་ལས་ཏེ་རྒྱུ་སྐར་གྱི་ལས་ལ་མི་བདག་ལ
་སོགས་ནི་བཅུ་དྲུག་ལ་སོགས་པ་སྟེ་གནས་བཅུ་བཞི་ལ་རྐང་པ་བཅུ་བཞིར་འགྱུར་རོ། །དེ་དག་ཀྱང་འཆད་པར་འགྱུར་བ་ལ་བརྗོད་པར་བྱའོ། །གཟའ་ལག་ཡོངས་སུ་དག་པའོ། །ད་ནི་ཕུར་བུ་གསུངས་པ། ཉིན་ཞག་ཚོགས་ནི་མཁའ་མཁའ་རོ་དང་མིག་གིས
་དམན་པ་བྱས་ནས་ཞེས་པ་སྟེ། ཉིན་ཞག་ཚོགས་ནི་སྔར་གྱི་ཉིན་ཞག་གི་ཚོགས་ཏེ་བརྒྱ་ཕྲག་ཉི་ཤུ་རྩ་དྲུག་གིས་དམན་པ་བྱས་ནས་སོ། །མཁའ་མཁའ་རོ་དང་མིག་གིས་དམན་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི། གྲུབ་པའི་མཛའ་ལ་ལྟོས་པ
་མ་ཡིན་ནོ། །སོ་མེ་ཆུ་གཏེར་དག་གིས་བགོ་ཞེས་པ་ནི་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་ཀྱིས་བགོ་བའོ། །ལྷག་མ་ནི་བགོས་པའི་ལྷག་མ་སྟེ། སྐར་མས་བསྣུན་པ་ནི་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་ལས་དཀྱིལ་འཁོར་གྱི་ཆས་སྐར་མར་འགྱུར་རོ
་སླར་ཡང་སྔར་བརྗོད་པའི་རིམ་པས་བླ་མའི་ལོངས་སྤྱོད་ལ་ཡང་ཆུ་ཚོད་ལ་སོགས་བར་འགྱུར་རོ། །རྒྱུ་སྐར་ཉི་མ་སྦྱང་སྟེ་ཞེས་པ་ནི་ཕུར་བུའི་ལོངས་སྤྱོད་འདི་ལས་སྐར་མ་བཅུ་གཉིས་སྦྱང་བར་བྱ་སྟེ། བྱ་བ་ལྷག་མ་ནི་མིག་དམར་བཞིན་ནོ། །འཕྲོག་བྱེད་དགུ
་དང་རྩེ་མོ་ཅན་ནི་དལ་བའི་ལས་ལ་རྐང་པའོ། །ཞེས་པ་ནི་སྔར་བཞིན་དུ་ཁྱིམ་གྱི་གནས་དྲུག་ལ་སྟེ་འཕྲོག་བྱེད་ཅེས་པ་བཅུ་གཅིག་གོ་།དེ་ནས་དགུའོ། །དེ་ནས་རྩེ་མོ་ཅན་ཞེས་པ་གསུམ་སྟེ། དེ་བཞིན་དུ་ཕྱེད་ཕྱི་མ་ལ་ཡང་ལུགས་ལས་བཟློག་པས་སོ། །སླར
་ཡང་མྱུར་བའི་ལས་དག་ལ་རྐང་པ་རབ་གསལ་མ་ནུའི་གནས་ཏེ། གནས་བཅུ་བཞི་ལ་ཕྱོགས་རྐང་ལ་སོགས་དེ་དག་གོ་ཞེས་པ་ལ། ཕྱོགས་ཞེས་པ་བཅུ་ལ་སོགས་པ་སྟེ། རྒྱུ་སྐར་རྒྱུ་བའི་རྐང་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ཕུར་བུ་དག་གོ་།ད
་ནི་པ་སངས་གསུངས་པ། ཉིན་ཞག་མཁའ་དང་ཟླ་བས་བསྒྱུར་ཞེས་པ་སྟེ། བཅུ་ཡིས་ཉིན་ཞག་གི་ཚོགས་བསྒྱུར་ནས། ཆུ་གཏེར་ནོར་གྱིས་དམན་པ་ཞེས་པ་བརྒྱད་ཅུ་རྩ་བཞིས་དམན་པར་བྱས་ཏེ། རི་དང་རྒྱལ་བ་མིག་གིས་བགོ་ཞེས་པ་ནི་རྐང་པའི
་དཀྱིལ་འཁོར་གྱི་ཉིན་ཞག་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་གྱིས་ཏེ། མྱུར་བའི་རྐང་པ་དག་པའི་དོན་དུའོ། །ལྷག་མ་སྐར་མས་བསྒྱུར་བ་ལས་ཀྱང་སྐར་མའི་ལོངས་སྤྱོད་སླར་ཡང་ཆུ་ཚོད་ཀྱི་ལོངས་སྤྱོད་མིག་དམར་བཞིན་ཏེ། དེ་བཞིན་དུ་ཆུ་སྲང
་ལ་སོགས་པའི་ལོངས་སྤྱོད་ནི་མྱུར་བའི་ལས་ལ་སྟེ་པ་སངས་ཀྱི་ཡིན་ནོ། །པ་སངས་ཀྱི་དལ་བའི་ལས་ལ་ཡང། རྒྱུ་སྐར་དུས་ནི་ཞེས་པ་རྒྱུ་སྐར་དྲུག་གོ་།ཉི་མ་ལ་སྦྱང་ཞེས་པ་ཉི་མའི་ལོངས་སྤྱོད་ལ་སྟེ། ཐམས་ཅད་དུ་ལྔ་པའི་དོན་ལ་བདུན་པར་རིག་པར
་བྱའོ། །མངའ་དུས་རི་བོང་ཅན་ནི་དལ་བའི་ལས་ལ་རྐང་པ་སྟེ། ཞེས་པ་ནི་སྔ་མ་བཞིན་དུ་ཁྱིམ་གྱི་གནས་དྲུག་ལ་མངའ་ཞེས་པ་ལྔའོ། །དུས་ཤེས་པ་བཞིའོ། །རི་བོང་ཅན་ཞེས་པ་གཅིག་སྟེ། ཕྱེད་སྔ་མ་ལའོ། །དེ་བཞིན་དུ་ཕྱེད་ཕྱི་མ་ལ་ལུགས་ལས་བཟློག
་པས་སོ། །མྱུར་ལ་སྟེ་མྱུར་བའི་ལས་ལ་དེ་ཉིད་ལ་སོགས་དབྱེ་བས་ཞེས་པ་ནི་ཉི་ཤུ་རྩ་ལྔ་ལ་སོགས་པའི་དབྱེ་བ་སྟེ། དེ་ཉིད་ལ་སོགས་དབྱེ་བས་ཤེས་སོ། །རབ་གསལ་མ་ནུའོ་གནས་དག་ལ་སྟེ། ཞེས་པ་རྒྱུ་སྐར་གྱི་རྐང་པའི་གནས་བཅུ་བཞི་ལའོ། །སྦྱིན
་དོར་མིག་དམར་བཞིན་ཞེས་པ་ནི་བཀྲ་ཤིས་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱུ་བའི་རྐང་པ་སྦྱིན་པ་དང་དོར་བར་ཡང་འགྱུར་རོ། །པ་སངས་དག་པའོ། །ད་ནི་སྤེན་པ་གསུངས་པ་མཁའ་མིག་ཀླུ་དང་རིག་བྱེད་ཀྱི་དམན་གསལ་བའི་ཉིན་ཞག་ཚོགས་ནི
་ཞེས་པ་སྟེ། སྔར་གྱི་ཉིན་ཞག་གི་ཚོགས་གསལ་པ་ལ་བཞི་སྟོང་བརྒྱད་བརྒྱ་ཉི་ཤུས་དམན་པ་སྟེ། དམན་པ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི། གྲུབ་པའི་མཛའ་ལ་ལྟོས་པ་མ་ཡིན་ནོ། །དྲུག་རོ་རི་མཁའ་ཟླ་བ་ཡིས་བགོ་ཞིང་ཞེས་པ་ནི་དཀྱིལ་འཁོར
་གྱི་ཉིན་ཞག་ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གི་བགོ་བའོ། །ལྷག་མ་སྐར་མས་བསྒྱུར་བ་ལས་དཀྱིལ་འཁོར་གྱི་ཉིན་ཞག་གི་ཆས་ཐོབ་པ་ནི་སྐར་མར་འགྱུར་ཏེ། དེ་བཞིན་དུ་ཆུ་སྲང་ལ་སོགས་པའི་ལོངས་སྤྱོད་དུ་འགྱུར་རོ། །སྤེན་པ་ཡི་ནི་དོར་བྱ་དག་ཀྱང
་བཅོ་བརྒྱད་དོ། །ཞེས་པ་ནི་སྤེན་པའི་ལོངས་སྤྱོད་ལ་རྒྱུ་སྐར་བཅོ་བརྒྱད་དོར་བར་བྱ་བར་འགྱུར་རོ། །བུ་ལོན་ལྷག་ན་འཁོར་ལོ་བྱིན་ནས་སྦྱང་བར་བྱ་བར་འགྱུར་རོ། །ཞེས་བྱ་བ་ནི་སྔ་མའི་ངེས་པ་སྟེ་སྐྱེ་བའི་སྐར་མ་རྒྱུ་བའི་དོན་དུའོ། །འདིའི་དལ་བའི་ལས་ལ།
་རྐང་པ་ཉི་ཤུ་རྩ་གཉིས་ཚེས་དུས་ཞེས་པ་ནི་ཁྱིམ་གྱི་གནས་དྲུག་ལ་རྐང་པ་རྣམས་ཏེ། ཁྱིམ་དང་པོ་ལ་ཉི་ཤུ་རྩ་གཉིས་སོ། །དེ་ནས་ཚེས་ཞེས་པ་བཅོ་ལྔའོ། །དེ་ནས་དུས་ཞེས་པ་དྲུག་གོ་།དེ་བཞིན་དུ་ཕྱེད་ཕྱི་མ་ལ་ཡང་ཤེས་པར་བྱ་སྟེ། རབ་གསལ་རོའི་གནས
་ལའོ། །ཞེས་གསུངས་པའི་ཕྱིར་རོ། །མྱུར་བའི་ལས་ལ་རོ་ལ་སོགས་ཞེས་པ་ནི་མྱུར་ཏེ། རྒྱུ་སྐར་གྱི་ལས་ལ་གནས་བཅུ་བཞིར་རོལ་སོགས་ནི་དྲུག་ལ་སོགས་པའི་རྐང་པ་རྣམས་སྦྱིན་པ་དང་དོར་བའོ། །དེ་དག་ཀྱང་འཆད་པར་འགྱུར་བ་ལ་བརྗོད་པར་བྱ་སྟེ། གཟའི
་རྐང་པའི་ཚོགས་ལ་རྣམ་པ་ཐམས་ཅད་དོ། །སྤེན་པ་དག་པའོ། །ད་ནི་རྒྱུ་བའི་མཚན་ཉིད་གསུངས་པ། མྱུར་དལ་རྒྱུ་བ་དག་ཀྱང་རིམ་པས་རྐང་པ་བགྲོད་པ་ལ་སྟེ་ཞེས་པ་ནི་མྱུར་བའི་ལས་ལ་ཉི་མའི་དཀྱིལ་འཁོར་ལས་ཤར་བའི་གཟའི་རྐང་པ་བཅུ་བཞིའི་ཆུ
་ཚོད་སྔ་མ་ལོངས་སྤྱོད་པ་ནི་མྱུར་བར་རྒྱུ་བ་ཞེས་བརྗོད་དོ། །རིམ་པ་ཡིས་རྐང་པ་བགྲོད་བར་བྱེད་པའི་ཕྱིར་རིམ་པས་རྐང་པ་བགྲོད་པ་ལ་སྟེ་ཕྱེད་ཕྱི་མ་ལ་གང་ཞིག་ལོངས་སྤྱོད་པ་དེ་ནི་དལ་བར་རྒྱུ་བ་ཞེས་བརྗོད་དོ། །འཁྱོག་པོ་ཉིད་ནི་རིམ་མིན་གྱི་ཞེས་པ་ནི། དེ་ནས
་འཁོར་ལོ་ཕྱེད་ཡོངས་སུ་དོར་བ་ལ་གཟའི་རིམ་པ་མིན་པར་འགྱུར་རོ། །རིམ་པ་མིན་པ་དེ་ཡང་འཁྱོག་པོར་རྒྱུ་བ་ཞེས་བརྗོད་དེ་ཕྱེད་སྔ་མ་ལའོ། །ཕྱེད་ཕྱི་མར་ཡང་ཉི་མ་འགྲོ་བའི་དབང་གིས་གཟའ་རྣམས་ཀྱི་ནི་འབྱུང་བ་ཡང་ཞེས་པ་འབྱུང་བར་རྒྱུ་བ་ཞེས་བརྗོད
་དེ་འཁྱོག་པོ་ཡོངས་སུ་བཏང་བ་ལས་སོ། །འདིར་ཤར་ནས་རིམ་པར་བགྲོད་པ་ཕྱེད་སྔ་མའི་བར་དུ་ནོར་འཕེལ་ལོ། །དེ་ནས་ཕྱེད་ཕྱི་མ་ལ་འཁོར་ལོ་ཕྱེད་ཀྱི་བར་དུ་ནོར་འགྲིབ་བོ། །དེ་ནས་འཁོར་ལོ་ཕྱེད་ཡོངས་སུ་དོར་ནས་རིམ་པ་མིན་པས་ཕྱེད་སྔ་མ་ལ་བུ་ལོན
་འཕེལ་ལོ། །ཕྱེད་ཕྱི་མ་ལ་ཉི་མའི་རྒྱུ་སྐར་ལ་རབ་ཏུ་ཞུགས་ཀྱི་བར་དུ་བུ་ལོན་འགྲིབ་བོ། །དེ་ནས་ནུབ་སྟེ་སླར་ཡང་འཆར་བ་ནི་རིམ་པ་དེ་ཉིད་ཀྱི་རིག་པར་བྱའོ། །སུམ་ཅུ་རྩ་བདུན་ལག་པས་བསྒྱུར་བའི་ཟླ་བ་རྣམས་ཀྱིས་མཇུག་རིངས་དག་ནི་མྱུར་དང་ཁྱོག་པོར
་འགྱུར།། ཞེས་པ་ནི་འདིར་འཇུག་རིངས་མདོར་བརྟན་པའི་རྐང་པ་འདི་ནི་འཆད་པར་འགྱུར་བ་ལ་རྒྱ་ཆེར་བརྗོད་པར་བྱའོ། །གཟའི་སྐབས་སོ། །དེ་ནི་གཟའ་རྣམས་ཀྱི་འཆར་བ་དང་ནུབ་པའི་དུས་གསུངས་པ། གང་དག་སུ་ཞིག་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཞུགས
་གཟའ་དེ་དག་ཀྱང་ངེས་པར་ནུབ་པར་འགྱུར་ཞེས་པ་སྟེ་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་གྱིས་མི་མཐོང་བའི་ཕྱིར་ནུབ་པར་གྱུར་པ་ཞེས་བརྗོད་ཀྱི་གཟའ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །ཉི་མ་བཏང་ནས་འཆར་བར་འགྱུར་ཏེ་ཞེས་པ་ནི་ནུབ
་པར་གྱུར་པའི་གཟའ་དེ་ཉིད་ཀྱི་རང་གི་རྒྱུ་བའི་དབང་གིས་ཉི་མ་བཏང་བར་གྱུར་བ་ན་འཆར་བར་འགྱུར་ཏེ། ཉི་མའི་འོད་ཟེར་གྱི་ཡོངས་སུ་བཏང་བའི་ཕྱིར་རོ། །དེའི་ལམ་ཡང་བགྲོད་པ་འགྲོ་བའི་རྣམ་པར་དབྱེ་བས་སོ། །ཞེས་པ་ནི་འཆར་བའི་གཟའ་དེའི
་ལམ་ཡང་བགྲོད་ལ་འགྲོ་བའི་རྣམ་པར་དབྱེ་བས་སོ། །བགྲོད་པ་དག་གི་རྣམ་པར་དབྱེ་བ་སྟེ། མེའི་དཀྱིལ་འཁོར་ནས་ཀཻ་ལ་ཤའི་བྱང་དུ་གངས་ཅན་གྱི་བར་དང་གངས་ཅན་ནས་ལྷོང་མེའི་དཀྱིལ་འཁོར་གྱི་བར་དུ་ཕྱེད་དང་བཅས
་པའི་ཉིན་ཞག་བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱི་རྣམ་པར་དབྱེ་བ་སྟེ། དེ་ཡིས་ཉི་མའི་བགྲོད་པ་འགྲོ་བའི་རྣམ་པར་དབྱེ་བའོ། །ཉི་མ་འགྲོ་བའི་རྣམ་པར་དབྱེ་བ་དེས་འཆར་བའི་གཟའ་དེ་དག་གི་ལམ་དུ་ཡང་འགྱུར་རོ། །གཡོན་པའི་ལམ་ལ་གནས
་པ་གང་ཡིན་དེ་ནི་ཉི་མ་འགྲོ་བའི་དབང་གིས་གཡོན་ནས་འགྲོ་བ་སྟེ། ཞེས་པ་ནི། འདིར་གཡོན་གྱི་ལམ་ལ་གནས་པ་ནི་ཞི་བའི་གཟའ་ཟླ་སྐྱེས་ལ་སོགས་པ་རྣམས་ཏེ། གཟའ་ལག་དང། པ་སངས་དང། མཇུག་རིངས་རྣམས་ནི་གཡོན་གྱི་ཡན
་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ལ་ནུབ་པའི་དུས་སུ་ཡང་གཡོན་གྱི་ཡན་ལག་ནས་རབ་ཏུ་འཇུག་ཅིང། འཆང་བ་ཡང་གཡོན་གྱི་ཡན་ལག་ནས་སོ། །དེའི་ཕྱིར་གཡོན་པའི་ལམ་ལ་གནས་པའི་གཟའ་གང་ཡིན་པ་དེ
་ནི་དྲག་པོའི་གཟའ་རྣམས་ཀྱི་གཡོན་ནས་འགྲོ་སྟེ། ཉི་མའི་ཇི་ལྟ་བ་བཞིན་ནོ། །གཡས་ལ་གནས་པ་དག་ནི་གཡས་ཀྱི་ཞེས་པ་ལ་འདིར་གཡས་ལ་གནས་པ་ནི་གང་ཞིག་གཡས་ཀྱི་ལམ་ནས་ཉི་མའི་དཀྱིལ་འཁོར་ལ་ནུབ་པར་འགྱུར་བ་སྟེ། བཀྲ
་ཤིས་དང་ཕུར་བུ་དང་སྤེན་པའོ། །དྲག་པོ་ནི་ཞི་པའི་གཟའ་རྣམས་ཀྱི་གཡས་ནས་འགྲོ་སྟེ། གཡས་ཀྱི་ཡན་ལག་ཏུ་ཡང་དག་པར་བྱུང་པའི་ཕྱིར་རོ། །འདིར་མཇུག་རིངས་ནི་གཡོན་གྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་ལུས་ཀྱི་དབྱེ་བས་ཞི
་བའོ། །ཕུར་བུ་ནི་གཡས་ཀྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་ལུས་ཀྱི་དབྱེ་བས་དྲག་པོའོ། །དེ་བཞིན་དུ་སླར་ཡང་གསལ་བར་འདིར་ནི་ཕན་ཚུན་འཐབ་སྟེ་དགྲ་ཡིན་ཕྱིར་ཞེས་པ་ནི་ཞི་བར་དང་དྲག་པོ་གཟའ་ལག་དང་བཀྲ་ཤིས་དག་དང་ཕུར
་བུ་དང་པ་སངས་དག་དང། སྤེན་པ་དང་མཇུག་རིངས་འདི་དག་ཕན་ཚུན་འཐབ་པར་འགྱུར་ཏེ་དགྲ་ཉིད་ཡིན་པའི་ཕྱིར་རོ། །རང་གི་ཞིང་ལ་ཡང་དག་པར་གནས་རྣམས་གལ་ཏེ་དེ་ལ་དགྲ་དག་གྱུར་ན་ངེས་པར་འཐབ་པའོ། །ཞེས་པ་ནི་མིག་དམར་གྱི་རང་གི་ཞིང་ལུག་གི
་ཁྱིམ་དང་སྡིག་པའི་ཁྱིམ་སྟེ་ཞིང་དེ་ལ་མིག་དམར་ཡང་དག་པར་གནས་པ་དེའི་ཚེ་གལ་ཏེ་ཞིང་དེ་ལ་གཟའ་ལག་ལོངས་སྤྱོད་པར་གྱུར་ན་དེའི་ཚེ་ངེས་པར་འཐབ་བོ། །དེ་བཞིན་དུ་གཟའ་ལག་གི་ཞིང་འཁྲིག་པ་དང། བུ་མོར་གལ་ཏེ་མིག་དམར་རྒྱུ་བའི་དབང
་གི་ལོངས་སྤྱོད་པར་གྱུར་པ་དེ་ལྟ་ན་འཐབ་བོ། །དེ་བཞིན་དུ་ཕུར་བུའི་ཞིང་རྒྱུ་དང་ཉ་ལ་གལ་ཏེ་པ་སངས་རྒྱུར་ན་དེའི་ཚེ་ཕུར་བུ་དང་པ་སངས་འཐབ་པོ། །དེ་བཞིན་དུ་པ་སངས་ཀྱི་ཞིང་གླང་དང་སྲང་ལ་ཡང་ངོ། །དེ་བཞིན་དུ་སྤེན་པའི་ཞིང་ཆུ་སྲིན་དང
་བུམ་པ་ལ་གལ་ཏེ་མཇུག་རིངས་གྱུར་ན་དེའི་ཚེ་འཐབ་བོ། །དེ་བཞིན་དུ་རི་བོང་ཅན་གྱི་ཞིང་ཀར་ཀ་ཊ་ལ་གལ་ཏེ་སྤེན་པ་གྱུར་ན་དེའི་ཚེ་འཇུག་རིངས་དང་ལྷན་ཅིག་རྩོད་དེ། མཇུག་རིངས་གཡོན་གྱི་ཡན་ལག་ཏུ་སྐྱེས་པའི་ཕྱིར་རོ། །སྐར་མ་ལ་སྟེ་གཞན་ལ
་འཐབ་པ་མིན་པར་ཞེས་པ་ནི་འདིར་སླར་ཡང་གཟའ་རྣམས་ཀྱི་སྐྱེ་བའི་སྐར་མ་ལ་ལྟོས་ནས་སྐར་མ་ལའོ། །རང་གི་ཞིང་གི་ཁྱིམ་འབའ་ཞིག་ལ་འཐབ་པ་མ་ཡིན་ཏེ། སྐྱེ་བའི་སྐར་མ་ལ་ཡང་དགྲ་དག་འཐབ་པར་འགྱུར་ཏེ། པ་སངས་སྐར་མ་ནབས་སོ
་ལའོ། །བཀྲ་ཤིས་སྐར་མ་མཆུ་ལའོ། །ཕུར་བུ་སྐར་མ་མེ་བཞི་ལའོ། །གཟའ་ལག་སྐར་མ་ལྷ་མཚམས་ལའོ། །སྤེན་པ་སྐར་མ་སྣུབས་ལའོ། །མཇུག་རིངས་སྐར་མ་ཆུ་སྨད་ལའོ། །ཟླ་སྐྱེས་དང་བཀྲ་ཤིས་དག་རང་རང་གི་སྐར་མ་ལ་འཐབ་སྟེ།
་དེ་བཞིན་དུ་པ་སངས་དང་ཕུར་བུ་དག་དང་སྤེན་པ་དང་མཇུག་རིངས་དག་གོ་།རང་རང་གི་སྐར་མ་མ་གཏོགས་པ་སྐར་མ་འམ་ཞིང་གཞན་ལ་འཐབ་པ་མིན་པར་འགྱུར་བར་ངེས་པ་ནི་གདོན་མི་ཟ་བའོ། །སྐར་མ་གཞན་ལ་ཕན་ཚུན་མཚུངས་པ་དག་ཏུ་ལྡན་པར་འགྱུར
་རོ། །དེ་བཞིན་དུ་ཟླ་བའི་རྭ་མཐོ་བ་དང། གལ་ཏེ་ཉི་མ་ཡི་ནི་གཡོན་དུ་ཟླ་བ་ཞུགས་པར་གྱུར་ཅིང་འབྱུང་བ་ཡང་ནི་གཡོན་པ་ཡིས་ཡིན་པར་གྱུར་ན་དེའི་ཚེ་བྱང་གི་རྭ་ནི་མཐོ་བར་འགྱུར་ཏེ། ཁ་ཅིག་ཏུ་ནི་བགྲོད་པའི་དབང་གིས
་ལྷོ་རུ་སྟེ་ལྷོར་བགྲོད་པ་ལའོ། །མུ་གེ་དང་ཆར་མི་འབབ་པ་ལ་སོགས་པའི་རྒྱུ་ལས་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །ད་ནི་སྒྲ་གཅན་རབ་ཏུ་འཇུག་པ་གསུངས་ཏེ། ཚིགས་མཚམས་སུ་ནི་ཉའི་མཚམས་སུ་སྟེ་ཡང་ཡིག་གིས་གནམ་སྟོང་གི་མཚམས
་སུ་ཡང་ངོ། །སྒྲ་གཅན་གདོང་དང་ཟླ་བ་མཉམ་པར་འགྲོ་སྟེ་མངོན་དུ་ཕྱོགས་པར་འཛིན་པ་ཁོ་ནར་འགྱུར་རོ། །འདིར་མངོན་དུ་ཕྱོགས་པ་ནི་ཤར་ཏུ་འཛིན་པའོ། །དེ་ཉིད་སྒྲ་གཅན་འཁོར་བའི་དབང་གིས་ཞེས་པར་བྱ་སྟེ། བྱེད་པ་གཞན་ཐམས་ཅད
་ལ་རབ་ཏུ་གྲགས་པའི་ཕྱིར་འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པ་མ་མཛད་དོ། །གཡོན་དུ་རྒྱུ་བ་དག་ལ་གཡས་མིན་དུ་སྟེ། ཞེས་པ་ནི། གཡོན་དུ་སྒྲ་གཅན་འཁོར་བ་ལ་གཡས་མིན་གཡོན་དུ་ཟླ་བ་འཛིན་པར་འགྱུར་རོ། །ཉི་མའི
་བགྲོད་པའི་དབང་གིས་གཡས་ལ་གཡས་པའི་ཆར་ཞེས་པ་ནི། ཉི་མའི་ལོངས་སྤྱོད་ལས་བྱུང་བ་ཟླ་བའི་བགྲོད་པའི་དབང་གིས་ཏེ་ཉི་མའི་བགྲོད་པའི་དབང་གིས་ཤེས་སོ། །གཡས་ལ་སྟེ་གཡས་སུ་འཁོར་བ་ལ་གཡས་སུ་ཟླ་བ་འཛིན་པར་འགྱུར་རོ། །དེ་ལྟར
་སྒྲ་གཅན་གྱིས་ནི་ཕྱོགས་མཚམས་སུ་འཛིན་རི་བོང་འཛིན་པ་ཞེས་པ་ནི། དེ་ལྟར་བརྗོད་པའི་རིམ་པས་འཁོར་བའི་དབང་གིས་རི་བོང་འཛིན་པ་སྒྲ་གཅན་གྱི་ཕྱོགས་སུ་མཚམས་སུ་འཛིན་ནོ། །འབྱུང་བ་དག་ནི་རྒྱབ་ཏུ་ཡང། ཤར་ལ་སོགས་པ་འཁོར
་ནས་འབྱུང་བ་དག་ནི་ནུབ་ཏུ་འཁོར་བས་རྒྱབ་ཏུ་འཛིན་ནོ། །རྩ་བའི་རྒྱུད་དམ་གཞན་གྱི་བྱེད་པ་གཞན་ལ་ཡང་སྒྲ་གཅན་འཁོར་བ་ལ་སོགས་པ་ཤེས་པར་བྱའོ། །ད་ནི་རྒྱུ་སྐར་གྱི་གོ་ལ་གསུངས་པ། །ཐ་སྐར་ལ་སོགས་ནག་པ་ཕྱེད་དུ་ཉིན་དང་མཚན
་མོ་མཉམ་པའི་དབུས་སུ་གོ་ལའི་རི་མོའོ། །ཐ་སྐར་ལ་སོགས་པ་ནག་པ་ཕྱེད་དང་ནག་པ་ཕྱེད་ལ་སོགས་པ་ནམ་གྲུའི་མཐར་ལུག་དང་སྲང་ལ་སོགས་པ་ཉིན་མཚན་མཉམ་པ་ལ་དབུས་སུ་ཉིན་མཚན་མཉམ་པའི་གོ་ལའི་རི་མོ་སྟེ། ཉི་མ་འཆར་བ་དང་ནུབ་པའི་རྒྱུ་ལས
་ཆུ་ཚོད་སུམ་ཅུ་སུམ་ཅུའི་བདག་ཉིད་ཅན་དུ་འགྱུར་རོ། །གོ་ལ་དེ་ཉིད་ནི་རྒྱུ་སྐར་གྱི་དབྱེ་བས་འགྱུར་ཏེ། རྒྱུ་སྐར་གཡས་དང་གཡས་མིན་དག་ལ་ངེས་པར་སྲིད་པའི་གནས་སུ་ཁྱིམ་གྱི་དབྱེ་བས་ཡང་དག་གནས་ཞེས་པ་ནི། ལས་ཀྱི་ས་འདིར་མི་ཤེས་པའི་དབང་གིས
་གོ་ལའི་གདོང་པ་རྣམ་པ་སྣ་ཚོགས་གནས་ལ་སོགས་པའི་དབྱེ་བ་ཐ་དད་པས་བརྗོད་དོ། །འདིར་གོ་ལ་ལ་གཟའ་བརྒྱད་པོ་དག་གི་མྱུར་བ་དང་དལ་བར་འགྲོ་བའི་དབྱེ་བས་ཁྱིམ་ལོངས་སྤྱོད་པ་ནི་མཉམ་སྟེ། དཔེར་ན་སོ་པ་འཆག་པ་ལ་བ་ལང་ཀ་བ་ལས་རིང་དུ
་འཁོར་བ་གང་ཡིན་པ་དེ་ནི་མགྱོགས་པར་འགྲོ་ཞིང་གོམ་པ་མང་པོ་དག་གིས་བསྐོར་བར་བྱེད་ལ། ཀ་བ་ལ་ཉེ་བར་འཁོར་བ་གང་ཡིན་པ་དེ་ནི་ངེས་པར་འགྲོ་ཞིང་གོམས་པ་ཉུང་ངུས་སྐོར་བར་བྱེད་དེ། དེ་བཞིན་དུ་གཟའ་རྣམས་ཀྱང་རིག་པར་བྱའོ། །ཞེས་གྲག་གོ།
་འཇིག་རྟེན་པའི་འདོད་པ་དང་པོ་རིག་པས་རྣམ་པར་སྤྱད་དེ་འདིར་རང་རང་གི་གྲུབ་པའི་མཛའ་ཨི་བསམ་པའི་དབང་གིས་རྩིས་ཀྱི་ཐ་སྙད་མེད་ཅིང་འདོད་པ་གཅིག་ཏུ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྤྱད་པར་བྱ་སྟེ། འདིར་གོ་ལ་ཉི་མས་ལས་མྱུར་བ་དང
་དལ་བར་འགྲོ་བའི་གཟའ་གང་ཡིན་པ་དེ་དག་ཅི་སྟེང་ནས་སྟེང་དང་འོག་ནས་འགྲོ་ཏུ་གནས་སམ། འོན་ཏེ་གཡོན་གྱི་ཆ་དོར་གཡས་ཀྱི་ཆར་གནས་རྣམ་པ་གཉི་ག་ཡང་འགལ་ཏེ། གལ་ཏེ་ཉི་མ་ལས་འོག་རང་སྟེང་དུ་རྣམ་པར་གནས་ན། དེའི་ཚེ་མྱུར
་བ་དང་རལ་བ་དག་ཕྲད་པར་མི་འགྱུར་ཏེ། རང་གི་གནས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཅི་སྟེ་ཕ་རོལ་གྱི་གྲུབ་པའི་མཛའ་ཨི་སྨྲ་བ་བོས་སྨྲས་པ། འོག་ན་གནས་པའི་སེམས་ཅན་རྣམས་ཀྱི་འོག་ནས་སྟེང་གི་གཟའ། ཕྲད་ཅིང་མཉམ་པར་མི་མཐོང་སྟེ།
་འོག་གི་གཟའ་ཡིས་སྟེང་གི་གཟའ་བསྒྲིབས་པ་ནི་མཉམ་པ་ཉིད་དོ། ཞེ་ན། འདི་ལ་བརྗོད་པ། འདིར་མཉམ་པ་ཉིད་ནི་ཉི་མ་གུང་གི་དུས་ལ་སྟེ། འཆར་བ་དང་ནུབ་པའི་དུས་ལ་ནི་མ་ཡིན་ནོ། །འཆར་བའི་དུས་སུ་གནས་ཐ་དད་པའི་མཐུ་ལས
་སེམས་ཅན་རྣམས་ཀྱི་འོག་དང་སྟེང་དུ་གཟའ་རྣམས་བལྟ་བར་བྱ་བར་འགྱུར་རོ། །དེ་བཞིན་དུ་ནུབ་པའི་དུས་སུ་ཡང་སྟེ་དེ་ལྟར་ཡང་མ་ཡིན་ནོ། །དེ་བཞིན་དུ་གཡས་དང་གཡོན་ལ་གནས་པ་རྣམས་ཀྱང་ཉི་མ་དང་ལྷན་ཅིག་ཕྲད་པ་མེད་དེ་རང་གི་གནས
་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །དེ་ལྟར་ན་གཟའ་རྣམས་ཉི་མའི་དཀྱིལ་འཁོར་ལ་ནུབ་པ་དང། འཆར་བ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་དོན་དམ་པར་གཟའ་རྣམས་ཀྱི་གནས་གཞན་པ་མེད་དོ། །བྱིས་པ་རྣམས་ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པའི་ཚིག
་རིགས་པ་དང་བྲལ་བ་འདི་དག་ཀྱང་སྐྱེ་བོ་ཡེ་ཤེས་པ་རྣམས་ཀྱིས་བཀོད་པ་སྟེ། འདིར་གནས་དང་པོ་ལ་ཟླ་བ་དང། གཉིས་པ་ལ་གཟའ་ལག་དང། གསུམ་པ་ལ་པ་སངས་དང་བཞི་པ་ལ་ཉི་མ་དང། ལྔ་པ་ལ་ས་སྐྱེས་དང། དྲུག་པ་ལ་ཕུར་བུ་དང།
་བདུན་པ་ལ་སྒྲ་གཅན་དང། བརྒྱད་པ་ལ་སྤེན་པ་གནས་སོ་ཞེས་བྱ་བ་ནི་སྲིད་པའོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་ལྷོར་འགྲོ་བ་ཡོད་དེ། དཔེར་ན་ཉི་མའི་རྒྱུ་སྐར་ལོངས་སྤྱོད་པའི་དབང་དང་ཁྱིམ་དྲུག་ལོངས་སྤྱོད
་བའི་དབང་གིས་སྦྱིན་ནོ། །བྱང་དུ་འགྲོ་བ་དང་ལྷོར་འགྲོ་བའི་ཉི་མ་དང་ཕྲད་པ་ལ་གཟའའགའ་ཞིག་ཉི་མའི་སྟེང་དུ་འགྲོ་བ་དང། འགའ་ཞིག་འོག་ཏུ་འགྲོ་བ་ཡང་མེད་དོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་དལ་བར་འགྲོ་བའི་དབང་གིས་གཟའའགའ་ཞིག་ཉི་མའི
་རྒྱབ་ནས་འོང་ངོ། །ཤར་བར་གྱུར་པ་ན་ཟླ་བ་ནི་མདུན་ནས་འགྲོ་སྟེ་མྱུར་བར་བགྲོད་པའི་དབང་གིས་སོ། །གཟའ་ལག་དང་པ་སངས་ནི་རྐང་པའི་དབང་གིས་རེས་འགའ་མདུན་དང་རེས་འགའ་རྒྱབ་ཏུ་ཤར་ནས་བགོད་དོ། །འདི་དག་གིས་བགྲོད་པ་ཡོངས་སུ
་ཤེས་པར་བྱ་བའི་དོན་དུ་ཁྱིམ་གྱི་འགོ་ལ་གསུངས་ཏེ། རྒྱུ་སྐར་གཡས་སུ་གནས་བཅུ་བཞི་དང་གཡས་མིན་དུ་གནས་བཅུ་བཞི་དག་ལ་ཁྱིམ་གྱི་དབྱེ་བས་ཡང་དག་གནས་ཞེས་པ་ནི་ཁྱིམ་རྣམས་ཀྱི་དབྱེ་བ་དང་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཏེ། ཁྱིམ་སོ་སོའི་ཁྱིམ
་གྱི་དབྱེ་བ་དེ་དག་གིས་བྱང་དུ་གོ་ལའི་རི་མོའི་དབུས་སུ་ཐ་སྐར་ལ་སོགས་པ་ནག་པ་ཕྱེད་ཀྱི་བར་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་མོ། །ལྷོ་རུ་ཡང་གོ་ལའི་རི་མོའི་དབུས་སུ་ནག་པ་ཕྱེད་ལ་སོགས་པ་ནམ་གྲུའི་མཛའ་བྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་མོ།།
་གཞུའི་རྣམ་པའི་དུས་ཁྱིམ་དག་ལ་གོ་ལའི་དབུས་ནས་ལྷོར་ནི་མེའི་དཀྱིལ་འཁོར་ལ་གནས་ཤིང་ཞེས་པ་ནི་གཞུའི་རྣམ་པའི་ཁྱིམ་དྲུག་ལ་གོ་ལ་ཉིན་མཚན་མཉམ་པའི་རི་མོའི་དབུས་གནས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཀྱི་རྒྱུ་སྐར་གྱི་འཁོར་ལོ་ལྷོར་གནས་སོ། །
་བྱང་དུ་དེ་ནི་གསིལ་བའི་རི་སྟེ་པད་འདབ་བཟང་པོ་བཞིན་དུ་ཤར་དུ་ལུག་དང་སྲང་སོགས་ལའོ་ཞེས་པ་ནི། ལྷོར་ཁྱིམ་དྲུག་ལ་སོ་སོར་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་གནས་པ་ཇི་ལྟ་བ་བཞིན་དུ་གོ་ལའི་རི་པོ་ལའི་དབུས་ནས་བྱང་དུ་ཁྱིམ་སོ་སོའི་དབྱེ་བས་ཁྱིམ་དྲུག་ལ
་གནས་སོ། །ཤར་དུ་ལུག་དང་སྲང་སོགས་ཏེ་བུ་མོའི་མཐར་ཐུག་པ་ལ་གནས་ཤིང། །དེ་བཞིན་དུ་སྲང་ལ་སོགས་པ་ཉའི་མཐར་ཐུག་པ་ལ་གནས་སོ། །འདིར་ཤར་གྱི་ཕྱེད་དུ་ལུག་གོ་།དབང་ལྡན་དུ་གླང་ངོ། །བྱང་གི་ཕྱེད་དུ་འཁྲིག་པའོ། །སླར་ཡང་བྱང་གི་ཕྱེད་དུ
་ཀར་ཀ་ཊའོ། །རླུང་དུ་སེངྒེའོ། །ནུབ་ཀྱི་ཕྱེད་དུ་བུ་མོའོ། །སླར་ཡང་ནུབ་ཀྱི་ཕྱེད་དུ་སྲང་ངོ། །བདེན་བྲལ་དུ་སྡིག་པའོ། །ལྷོའི་ཕྱེད་དུ་གཞུའོ། སླར་ཡང་ལྷོའི་ཕྱེད་དུ་ཆུ་སྲིན་ནོ། །མེ་རུ་བུམ་པའོ། །ཤར་གྱི་ཕྱེད་དུ་ཉའོ། །ཞེས་པ་ནི་གོ་ལ་ལ་ཁྱིམ་དགོད་པའོ
་འདིར་ལུག་ཤར་བ་ན་ཆུ་སྲིན་ནུབ་པོ། །གླང་ཤར་བ་ན་སྡིག་པ་ནུབ་སྟེ། དེ་ལྟར་ཐམས་ཅད་དུ་ཉིན་མཚན་གྱི་ཤར་བའི་ཁྱིམ་ནས་ཁྱིམ་བདུན་པ་ནི་ནུབ་པར་རིག་པར་བྱའོ། །ད་ནི་འཇིག་རྟེན་སྤྱིའི་ལུགས་ཀྱི་གོ་ལའི་རྒྱ་གསུངས་པ། མེ་ནས་བསིལ་བའི་རི་ཡི་མཚམས
་སུ་དཔག་ཚད་སྟོང་ཕྲག་མཁའ་དང་ནམ་མཁའ་ས་འདང་མངའ་རིའོ། །ཞེས་པ་སྟེ། འདིར་ལྷོ་མེའི་དཀྱིལ་འཁོར་ནས་བྱང་ཁ་བ་ཅན་ཆེན་པོའི་མཚམས་སུ་གོ་ལའི་ཚད་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའོ། །དེ་བཞིན་དུ་ཤར་དང། ནུབ་འཁོར
་བ་ནས་ཏེ། གསལ་བར་ལེའུ་ལྔ་པ་ལས་བརྗོད་པར་བྱའོ། །དབུས་སུ་འཁོར་ལོ་ཕྱེད་ཀྱི་རི་མོ་ཞེས་པ་ནི་ཁྱིམ་གྱི་འཁོར་ལོའི་དབུས་སུ་ཉིན་མཚན་མཉམ་པའི་རི་མོ་སྟེ། དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའི་དབུས་སུ་ཕྱེད་དང་བཅས་པའི་སྟོང་ཕྲག་སུམ་ཅུ་རྩ་བདུན་གྱི
་མཐར་འགྱུར་རོ། །དེ་ལ་བགྲོད་པ་ནི་དབུས་སུ་འཁོར་ལོ་ཕྱེད་ཀྱི་རི་མོ་ཉི་མའི་བགྲོད་པ་དག་ཀྱང་ཞེས་པ་སྟེ། བྱང་གི་སྒྲ་ལས་གཟའ་ཐམས་ཅད་ཀྱི་འཁོར་ལོ་ཕྱེད་ཀྱི་དབུས་ཀྱི་རི་མོ་བགྲོད་པ་ནི་རང་རང་གི་མཉམ་པ་ལས་མཚན་མོ་གཅིག་ཡིན་གྱི། དུས་ཐམས
་ཅད་དུ་ནི་མ་ཡིན་ནོ། །ཕྱི་ནས་གཡས་དང་གཡས་མིན་དག་ཏུ་རྒྱུ་སྟེ་ཞེས་པ་ནི་ཕྱི་ནས་མཉམ་པའི་དུས་ཀྱི་ཉིན་ཞག་ལས་ལྷོར་བགྲོད་པ་ལ་ལྷོར་རྒྱུའོ། །བྱང་དུ་བགྲོད་པ་ལ་བྱང་དུ་རྒྱུའོ། །གཡས་དང་གཡས་མིན་དག་ནི་སྲང་ལ་སོགས་པ་དང་ལུག་ལ་སོགས
་པའོ། །ཉིན་དང་མཚན་མོ་རྒྱུ་སྐར་དབྱེ་བས། རིམ་པ་ཡིས་ལམ་རྣམས་མཁའ་ཀླུ་ཟླ་བ་ཞེས་པ་ནི་ལམ་རྣམས་ཀྱི་གྲངས་བརྒྱ་བརྒྱད་ཅུ་སྟེ། འདོར་ཞིང་ཉིན་དང་མཚན་མོ་དག་ཀྱང་ཇི་སྲིད་བགྲོད་པ་དག་གི་མཐར་ཞེས་པ་ནི་བྱང་དུ་བགྲོད་པ་ནས་ལྷོར་བགྲོད་པའི
་བར་དང། ལྷོར་བགྲོད་པ་ནས་བྱང་དུ་བགྲོད་པའི་བར་དུའོ། །ཉི་མ་རི་བོང་ཅན་གྱི་ཉིན་མཚན་ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་པ་དང་འཕེལ་བ་དྲུག་ཆས་སོ། །ཞེས་པ་ནི། འདིར་དྲུག་ཆས་འགྲིབ་པར་འགྱུར་ཞིང་འཕེལ་བར་འགྱུར་ཏེ། ཆུ་ཚོད་དྲུག་ཅུའི་དྲུག་ཆ
་ཆུ་ཚོད་བཅུས་ཆུ་སྲིན་འཁྲིག་པའི་མཐར་ཐུག་པའི་བར་དུ་མཚན་མོ་འགྲིབ་ཅིང་ཉིན་མོ་འཕེལ་ལོ། །ཀར་ཀ་ཊ་ནས་གཞུའི་མཐར་ཐུག་པའི་བར་དུ་ཉིན་མོ་འགྲིབ་ཅིང་མཚན་མོ་འཕེལ་ཏེ། ངེས་པར་ཉི་མ་རི་བོང་ཅན་ནི་འགྲིབ་དང་འཕེལ་ཞེས་པ་དྲུག་ཆས་སོ། །འདིར
་ཤེལ?་ཤའི་དུམ་བུ་ལ་གྲིབ་མས་ངེས་པ་ནི་འཕགས་པའི་ཡུལ་དུ་མ་ཡིན་ཏེ། འཕགས་པའི་ཡུལ་དུ་བྱང་དུ་བགྲོད་པ་ནས་ལྷོར་བགྲོད་པའི་མཛའ་དང་ལྷོར་བགྲོད་པ་ནས་བྱང་དུ་བགྲོད་པའི་མཐར་གྲིབ་མེའི་ངེས་པའི་དབང་གིས་བཅུའི་ཆས་འགྲིབ་ཅིང་འཕེལ་ལོ།།
་དེ་བཞིན་དུ་བདེ་དང་མི?་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་སུ་དགུ་ཆ་དང་བརྒྱད་ཆ་དང་བདུན་ཆ་དག་གིས་ཤམྦྷ་ལའི་ཡུལ་ལ་ཐུག་པའི་བར་དུ་གྲིབ་མའི་དབང་གིས་འགྲིབ་ཅིང་འཕེལ་བར་རིག་པར་བྱའོ། །ད་ནི་སྟེང་དུ་ཉི་མ་འཁོར་བའི་དབང་གིས་དུམ་བུ
་བཅུ་གཉིས་ལ་སའི་གོ་ལ་གསུངས་པ། གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ། ལུག་ཉི་སྲང་གི་ཉི་མ་ལའོ། ཞེས་པ་སྟེ། སའི་དུམ་བུ་གང་དུ་ལུག་གི་ཉི་མ་ལ་དཔྱིད་ཕྱེད་ཀྱི་ཉིན་མཚན་མཉམ་པར་འགྱུར་ན། སྲང་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར
་རོ། །དེའི་ཕྱིར་དེ་བཞིན་དུ་ལུག་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་ན་སྲང་གི་ཉི་མ་ལ་དཔྱིད་ཀྱི་དུས་ཕྱེད་ཀྱི་ཉིན་མཚན་མཉམ་པར་འགྱུར་རོ། །དེ་བཞིན་ཕན་ཚུན་ལྟོས་པ་ལས་གང་གི་ཕྱིར་སའི་དུམ་བུ་དང་པོ་ལས་རི་ཞེས་པ་སའི་དུམ་བུ་བདུན་པ་ལ་སྟེ་ལྷུན་པོའི་ལྷོ་ནས་བྱང་དང་བྱང་ནས་ལྷོར
་སའི་དུམ་བུ་བདུན་པ་ལ་ཉིན་མཚན་མཉམ་པར་འགྱུར་རོ། །དེའི་ཕྱིར་གཉིས་བརྒྱད་དུམ་བུ་དག་ལ་ངེས་པར་གླང་ལ་གནས་དང་སྡིག་པ་ལ་གནས་དེ་བཞིན་ནོ། །ཞེས་པ་ནི་འདིར་ཇི་ལྟར་སྔར་བརྗོད་པ་ལ་ལྷུན་པོའི་ལྷོ་དང། བྱང་གི་སའི་དུམ་བུར་ལུག་གི
་ཉི་མ་དང་སྲང་གི་ཉི་མ་ལ་ཉིན་མཚན་མཉམ་པར་འགྱུར་བ་དེ་བཞིན་དུ་ཅུང་ཟད་བདེན་བྲལ་གྱི་ཟུར་དུ་གནས་པ་དང་དབང་ལྡན་གྱི་ཟུར་བྱད་ཀྱི་ཚེ་རོ་གནས་པ་ལ་ཡང། ངེས་པ་ཞེས་པ་གདོན་མི་ཟ་བར། ཉི་མ་གླང་ལ་གནས་པ་དང་སྡིག་པ་ལ་གནས་པ
་ལ་དེ་བཞིན་དུ་དཔྱིད་ཕྱེད་དང་སྟོན་ཕྱེད་ཉིན་མཚན་མཉམ་པར་འགྱུར་རོ། །དེ་བཞིན་དུ་བུག་པ་ཞེས་བྱ་དགུ་པ་དང་མེ་གྲངས་ཏེ་གསུམ་པའི་སའི་དུམ་བོར་བདེན་བྲལ་གྱི་ཟུར་གྱི་ཕྱེད་གཞན་ལ་གནས་པ་དང། དབང་ལྡན་གྱི་ཟུར་གྱི་ཕྱེད་ལ་གནས་པར་ཉིན་མཚན
་མཉམ་པར་འགྱུར་ཏེ། ཉི་མའི་འཁྲིག་པ་ལ་གནས་པ་དང་གཞུ་ལ་གནས་པ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །ཕྱོགས་ཀྱི་ཚད་བཅུ་པ་དང་བཞི་པ་དག་ལ་ནི་ལྷུན་པོའི་ཤར་གྱི་སའི་དུམ་བུ་དང་ནུབ་ཀྱི་སའི་དུམ་བུར་ཉིན་མཚན་མཉམ
་པར་འགྱུར་ཏེ། ཉི་མ་ཀར་ཀ་ཊ་ལ་གནས་པ་དག་དང་ཆུ་སྲིན་ལ་གནས་པ་ལ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །ལྔ་པ་ལ་གནས་པ་དང་བཅུ་གཅིག་པ་ལ་ཡང་བདུན་གྱི་སའི་དུམ་བུར་ཉིན་མཚན་མཉམ་པར་འགྱུར་ཏེ། དཔྱིད་ཕྱེད་དང་སྟོན་ཕྱེད་དུ
་འགྱུར་རོ། །སེངྒེ་བུམ་པར་རབ་ཏུ་ཞུགས་པར་གྱུར་པ་ན་སྟེ། ཉི་མ་ལྔ་པ་རླུང་གི་ཟུར་གྱི་ཕྱེད་ལ་གནས་པ་དང་བཅུ་གཅིག་པ་མེའི་ཟུར་གྱི་ཕྱེད་ལ་གནས་པ་ལ་ཉིན་མཚན་མཉམ་པར་འགྱུར་ཏེ། དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །བཅུ་གཉིས
་རོའི་སར་ནི་ཞེས་པ་བཅུ་གཉིས་པ་མེའི་ཟུར་གྱི་ཕྱེད་གཞན་ལ་གནས་པ་དང་རོ་རླུང་གི་ཟུར་གྱི་ཕྱེད་གཞན་ལ་གནས་པ་ལ་སྟེ། ས་ཞེས་པ་ལུང་གི་ཚིག་གོ་།ཉི་མ་ཉ་ལ་གནས་པ་དང་བུ་མོ་ལ་གནས་པ་ལ་ཉིན་མཚན་མཉམ་པ་གཉིས་སུ་འགྱུར་ཏེ
་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །དེ་ལྟར་ས་བཅུ་གཉིས་སུ་ཁྱིམ་བཅུ་གཉིས་ཀྱི་དབང་གིས་ཉི་མ་འཆར་བ་དང་ནུབ་པའི་རྣམ་པར་དབྱེ་བས་ཟླ་བ་བཅུ་གཉིས་དང་དུས་དྲུག་ཏུ་འགྱུར་རོ། །ད་ནི་ཉི་མའི་ཁྱིམ་འཁོར་བའི་དབང་གིས་ས་དུམ་བུ་བཅུ་གཉིས
་སུ་བྱང་དུ་བགྲོད་པ་བཅུ་གཉིས་དང་ལྷོར་བགྲོད་པ་བཅུ་གཉིས་གསུངས་པ། འདིར་ནི་གཡོན་བགྲོད་དུ་འགྱུར་ཞེས་པ་སྟེ། འདིར་ནི་ཞེས་པ་ལྷུན་པོའི་ལྷོའི་སའི་དུམ་བུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷོ་འཛམ་བུའི་གླིང་ཆུང་ངུར་དེ་བཞིན་གཤེགས
་པས་ཆོས་བསྟན་པའི་དབང་གིས་སོ། །དེའི་ཕྱིར་ལྷོའི་སའི་དུམ་བུར་གཡོན་བགྲོད་ཅེས་པ་བྱང་དུ་བགྲོད་པ་སྟེ་ཉི་མ་ཆུ་སྲིན་ལ་གནས་པ་ལའོ། །དེ་བཞིན་དུ་བུམ་པར་ཉི་མས་སའི་དུམ་བུ་གཉིས་པ་ལའོ། །ཉ་ལ་དུམ་བུ་གསུམ་པར་རོ། །མི་རྣམས་ནི
་བགྲོད་པ་དག་ཀྱང་ལུག་གི་ཉི་མས་བཞི་པར་སྟེ། ནུབ་ཀྱི་སའི་དུམ་བུ་ནི་བཞི་པའོ། །འབྱུང་བ་ཞེས་བྱ་ལྔ་པར་ཉི་མ་གླང་ལ་གནས་པར་གྱུར་པས་སོ། །འཁྲིག་པར་ཉི་མ་གནས་པས་ས་དྲུག་པ་ལ་བྱང་དུ་བགྲོད་པར་འགྱུར་རོ། །བདུན་པ་ལྷུན་པོའི་བྱང་དུ་ཡང། ཉི་མ་ཀར
་ཀ་ཊ་ལ་གནས་པས་བྱང་དུ་བགྲོད་པར་འགྱུར་སེང་གེ་ལ་གནས་པས་སའི་དུམ་བུ་བརྒྱད་པར་འགྱུར་རོ། །བུ་མོ་ལ་ཉི་མ་གནས་པས་བུག་པ་སྟེ་སའི་དུམ་བུ་དགུ་པར་རོ། །སྲང་གི་ཉི་མས་སའི་དུམ་བུ་བཅུ་པར་འགྱུར་རོ། །སྡིག་པར་ཉི་མ་ཡིས་དྲག་པོའི་དུམ་བུ་བཅུ་གཅིག
་པ་ལའོ། །གཞུ་ལ་གནས་པ་དུམ་བུ་བཅུ་གཉིས་པར་འགྱུར་ཏེ། མི་རྣམས་བགྲོད་པ་དག་ཀྱང་ཞེས་པ་སྟེ། ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་རྩིབས་བཅུ་གཉིས་ཀྱི་ས་ལ་གནས་པའི་འཇིག་རྟེན་རྣམས་ཀྱི་བྱང་དུ་བགྲོད་པའོ། །དེ་བཞིན་ལྷོར་བགྲོད་དུ་འགྱུར། དེ་ལྟར
་བརྗོད་པའི་རིམ་པས་ལྷོར་བགྲོད་པ་སྟེ། ཉི་མ་བགྲོད་པའི་དབང་གིས་ཀར་ཀ་ཊ་སོགས་ཁྱིམ་རྣམས་དག་ལ་འགྱུར་རོ། །ལྷུན་པོའི་ལྷོའི་འཛམ་བུའི་གླིང་ཆུང་ངུའི་སའི་དུམ་བུ་འདིར་ཀར་ཀ་ཊར་ཉི་མ་གནས་པས་ལྷོར་བགྲོད་པར་འགྱུར་རོ། །དེ་བཞིན་དུ་གཡས
་སྐོར་གྱིས་ཏེ། གཉིས་པར་སེང་གེའི་ཉི་མས་སོ། །གསུམ་པར་བུ་མོའི་ཉི་མས་སོ། །བཞི་པར་སྲང་གི་ཉི་མ་སྟེ། ལྷུན་པོའི་ནུབ་ཏུ་སྟེ་ལྷོར་བགྲོད་པར་འགྱུར་རོ། །ལྔ་པ་ལ་སྡིག་པའི་ཉི་མས་སོ། །དྲུག་པ་ལ་གཞུའི་ཉི་མས་སོ། །བདུན་པ་ལ་ཆུ་སྲིན་གྱི་ཉི་མ་སྟེ། ལྷུན
་པོའི་བྱང་དུའོ། །བརྒྱད་པ་ལ་བུམ་པའི་ཉི་མས་སོ། །དགུ་པ་ལ་ཉའི་ཉི་མས་སོ། །བཅུ་པ་ལ་ལུག་གི་ཉི་མས་སོ། །བཅུ་གཅིག་པ་ལ་གླང་གི་ཉི་མས་སོ། །སའི་དུམ་བུ་བཅུ་གཉིས་པ་ལ་འཁྲིག་པའི་ཉི་མ་སྟེ། ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་འཇིག་རྟེན་རྣམས་ཀྱི
་ལྷོར་བགྲོད་པར་འགྱུར་རོ། །དེ་ནི་སའི་དཀྱིལ་འཁོར་ལ་ཉི་མ་སྟེང་དུ་འགྲོ་བའི་ཚང་གསུངས་པ། སྟེང་དུ་དྲུག་དང་ཀླུ་ཡིས་གྲངས་ཞེས་པ་སྟེ། འདིར་བདུན་པ་སའི་དཀྱིལ་འཁོར་ལས་སྟེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་གི་གྲངས་ནི་ཉི་མའི་གདུང་བྱེད
་དག་ཀྱང་བྱང་དུ་བགྲོད་པ་དག་གི་མཐར་ཏེ། ལྷོར་བགྲོད་པའི་དང་པོ་ལའོ། །རང་རང་གི་དུམ་བུར་ཀར་ཀ་ཊ་ལ་སོགས་པའི་རང་རང་གི་ལྷོར་བགྲོད་པའི་འཕོ་བའི་ཉིན་ཞག་ལ་འགྱུར་ཏེ། དུམ་བུ་བཅུ་གཉིས་པོ་རྣམས་ལ་རིམ་པ་བཞིན་ནོ། །
་དེ་ནས་གཡས་ཕྱོགས་སུ་ཡང་དག་པར་འགྱུར་ཏེ། མི་ཡི་བདག་པོ་སྟོང་ཕྲག་དག་ནི་དྲག་པོའི་གྲངས་ཞེས་པ་ནི་ལྷོར་བགྲོད་པའི་འཕོ་བའི་ཉིན་ཞག་དེ་ནས་གཡས་སུ་བགྲོད་པ་ལ་བྱང་དུ་བགྲོད་པའི་བར་དུ་སྟོང་ཕྲག་བཅུ་གཅིག་ཟད་པར་འགྱུར་ཏེ། ཉི་མའི
་གདུང་བར་བྱེད་པ་ནི་སྟེང་དུ་སྟོང་ཕྲག་བཅུ་རྩ་ལྔར་རིག་པར་བྱའོ། །སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་མདའ་ནི་སྟེ། ལྔ་བརྒྱ་དང་བྲལ་བར་གྱུར་པ་དབུས་ན་གོ་ལའི་རི་མོར་འགྱུར་ཏེ་དཔག་ཚད་ཀྱི་ཚད་དོ། །གོ་ལའི་རི་མོ་དེ་ལས་གང་ཞིག་ཉི་མའི་འཕེལ་བ་དང
་འགྲིབ་པར་འགྱུར་བ་དེ་ནི་མཁའ་མཁའ་མདའ་དང་མདའ་ཞེས་པ་དཔག་ཚད་ལྔ་རྒྱ་ལྷག་པའི་སྟོང་ཕྲག་ལྔ་སྟེ། རི་མོ་ལ་བྱང་དང་ལྷོར་ཉི་མའི་གདུང་བར་བྱེད་པ་སྟེང་དུ་རང་རང་གི་དུམ་བུ་རང་རང་གི་ཁྱིམ་དུ་ལོངས་སྤྱོད་པའི་དབང་གིས་རིག་པར་བྱའོ། །ད་ནི་དུམ
་བུ་བཅུ་གཉིས་ལ་ལྷོ་དང་བྱང་དུ་ཉིན་ཞག་སོ་སོར་ཉི་མ་ཐད་དཀར་འགྲོ་བ་གསུངས་པ། ལན་ཚྭའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེ་ཡི་བར་དུ་འགྲོ་བར་བྱེད་ཅེས་པ་སྟེ། འདིར་རྩིབས་བཅུ་གཉིས་ཀྱི་ས་ལ་དུམ་བུ་སོ་སོ་རེ་རེར་ཁྱིམ་གྱི་དབང
་གིས་ལན་ཚྭའི་རྒྱ་མཚོ་འགོངས་ནས་ལྷོར་བགྲོད་པ་ལ་གནས་པའི་ཉི་མ་མེའི་དཀྱིལ་འཁོར་གྱི་དང་པོའི་བར་རྒྱ་མཚོའི་མཛའ་ཨི་མཚམས་སུ་འགྲོ་བར་བྱེད་དོ། །མེའི་དཀྱིལ་འཁོར་གྱི་མཚམས་དེ་ནས་ཀཻ་ལ་ཤའི་བྱང་དུ་འགྲོ་སྟེ་གངས་ཀྱི་རི་ལ་བྱང
་གི་ལམ་དུ་ཡང་བྱང་བགྲོད་པ་ལ་གནས་པའི་ཉི་མ་ལྷོ་བགྲོད་ཀྱི་དང་པོའི་ཉིན་ཞག་གི་བར་དུའོ། །མདའ་རྣམས་ཆོས་ཀྱི་བསྒྱུར་བ་ཞེས་པ་ལ་མདའ་རྣམས་ཞེས་པ་ལྔའོ། །ཚེས་ཞེས་པ་བཅོ་ལྔ་སྟེ། བཅོ་ལྔ་པོ་དེ་དག་གི་བསྒྱུར་བ་ནི་མདའ་རྣམས་ཚེས
་ཀྱི་བསྒྱུར་བ་ཞེས་པ་སྟེ། བདུན་ཅུ་རྩ་ལྔར་འགྱུར་རོ། །དཔག་ཚད་ཀྱི་གྲངས་སྟོང་ཕྲག་བདུན་ཅུ་རྩ་ལྔ་པོ་ཕྱོགས་ཀྱི་བགྲོད་པ་དག་ལ་ཉིན་མོར་བྱེད་པས་འགྲོ་བར་བྱེད་དེ། གངས་ཅན་ནས་མེའི་བར་དང་མེ་ནས་གངས་ཅན་གྱི་བར་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའི་ནི
་ལྷོ་བགྲོད་ལ་སོགས་པའི་ཕྱོགས་ཀྱི་ཆའོ། །ཕྱོགས་ཀྱི་ཆ་དེ་ཟླ་བ་དྲུག་གི་རིམ་པ་བཞིན་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དག་ལ་བགྲོད་དོ། །ཕྱེད་བཅས་མིག་ཀླུ་ལས་ཐོབ་ཉིན་དང་ཉིན་ལ་འདོར་བ་ཞེས་པ་ནི་ཕྱེད་དང་བཅས་པའི་བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱིས
་ཆ་ཐོབ་པ་ནི་སྟོང་ཕྲག་བདུན་ཅུ་རྩ་ལྔ་ལས་ཉིན་ཞག་སོ་སོར་དཔག་ཚད་རྣམས་ཀྱི་ཕྱོགས་ཆ་ཉི་མས་འདོར་རོ། །དེ་ལྟར་བགྲོད་པ་གཉི་གའི་ལོངས་སྤྱོད་ཀྱི་ཉི་མའི་ཁྱིམ་གྱི་འཁོར་ལོ་དཀྱིལ་འཁོར་གྱི་ཉིན་ཞག་གི་གྲངས་ནི་དྲུག་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱར
་འགྱུར་རོ། །དེ་ལྟར་དུམ་བུ་བཅུ་གཉིས་སུ་ཉི་མ་ཐད་ཀར་བགྲོད་པ་རིག་པར་བྱའོ། །ད་ནི་དུམ་བུ་བཅུ་གཉིས་སུ་འཁོར་བའི་དབང་གིས་ཉི་མ་ཁྱིམ་སོ་སོ་ལ་གནས་པའི་ཟླ་བ་བཅུ་གཉིས་ཀྱི་དབྱེ་བས་གསུངས་པ། ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཛའ་དག་དུས་ཀྱི
་ཚོགས་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད་ཅེས་པ་སྟེ། འདིར་ལུག་ལ་སོགས་པའི་ཁྱིམ་གང་ཡང་རུང་བ་གཅིག་ལ་ཉི་མ་གནས་པས་དུམ་བུ་བཅུ་གཉིས་སུ་དུས་དྲུག་དང་ཟླ་བ་བཅུ་གཉིས་དང་ཕྱོགས་ཉི་ཤུ་རྩ་བཞི་བྱེད་དེ། ཁྱིམ་གྱི་འཁོར་ལོ་འཁོར
་བའི་དབང་གིས་སོ། །འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ་གང་ཡིན་པ་དེ་ནི་བདུན་པའི་ཕྱོགས་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་འགྲོའོ། ཞེས་པའི་རིགས་པས་?་ཁྱིམ
་སོ་སོར་གནས་པའི་དུས་ཀྱི་ཚོགས་ལ་སོགས་པ་མཛའ་དག་སྟེ་ཐམས་ཅད་རིག་པར་བྱའོ། །དུམ་བུ་དུམ་བུ་དག་ཏུ་ཟླ་བར་འགྱུར་ཏེ་ས་གཞི་བཅུ་གཉིས་རྩིབས་རྣམས་ལ་ནི་རིམ་པས་སོ། །ཞེས་བ་ནི་འདིར་ས་གཞི་རྩིབས་བཅུ་གཉིས་པ་ལ་དུམ་བུ་དང།
་དག་ཏུ་ཟླ་བ་སོ་སོར་འགྱུར་རོ། །ཉི་མ་ཁྱིམ་གཅིག་ལ་གནས་པའི་རྣམ་པ་གང་གིས་ཡིན་པ་དེ་ལྟར་བརྗོད་པར་བྱ་སྟེ། འདིར་ཁྱིམ་གཅིག་ངེས་པར་བསྟན་པས་ཁྱིམ་ཐམས་ཅད་རིག་པར་བྱའོ། །ལྷུན་པོའི་ལྷོ་འཛམ་བུའི་གླིང་ཆུང
་ངུ་འདིར་ལུག་ལ་སོགས་པའི་ཁྱིམ་རྣམས་དང། དཔྱིད་ལ་སོགས་པའི་དུས་རྣམས་དང། ནག་པ་ལ་སོགས་པའི་ཟླ་བ་རྣམས་དང། དེ་བཞིན་དུ་ཕྱོགས་རྣམས་ཐམས་ཅད་རབ་ཏུ་གྲགས་སོ། །དེའི་ཕྱིར་ལུག་གི་ཁྱིམ་དེ་ལ་ཉི་མ་གནས་པས་དུམ་བུ
་བཅུ་གཉིས་སུ་དུས་ཀྱི་ཚོགས་ལ་སོགས་པས་ཐམས་ཅད་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱ་སྟེ། ལྷུན་པོའི་ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །མེའི་ཟུར་གྱི་ཕྱེད་དུམ་བུ་གཉིས་པ་ལ་སྣརོན
་གྱི་ཟླ་བ་བྱེད་དོ། །དེ་བཞིན་དུ་མེའི་ཟུར་གྱི་ཕྱེད་གཞན་གྱི་དུམ་བུ་གསུམ་པ་ལ་ཆུ་སྟོད་ཀྱི་ཟླ་བ་བྱེད་དོ། །དེ་བཞིན་དུ་བཞི་པ་ལྷུན་པོའི་ཤར་གྱི་དུམ་བུ་ལ་ཤར་ལུས་འཕགས་པོར་གྲོ་བཞིན་གྱི་ཟླ་བ་བྱེད་དོ། །ལྔ་པ་དབང་ལྡན་གྱི་ཕྱེད་དུམ་པོར
་ཁྲུས་ཀྱི་ཟླ་བ་ཕྱེད་དོ། །དབང་ལྡན་གྱི་ཟུར་གྱི་ཕྱེད་གཞན་ལ་དུམ་བུ་དྲུག་པར་ཐ་སྐར་གྱི་ཟླ་བ་བྱེད་དོ། །ལྷུན་པོའི་བྱང་དུམ་བུ་བདུན་པར་སྨིན་དྲུག་གི་ཟླ་བ་བྱེད་དོ། །རླུང་གི་ཟུར་གྱི་ཕྱེད་ལ་དུམ་བུ་བརྒྱད་པར་མགོའི་ཟླ་བ་བྱེད་དོ། །རླུང་གི་ཟུར
་གྱི་ཕྱེད་གཞན་ལ་དུམ་བུ་དགུ་པར་རྒྱལ་གྱི་ཟླ་བ་བྱེད་དོ། །ལྷུན་པོའི་ནུབ་ཏུ་དུམ་བུ་བཅུ་པར་མཆུའི་ཟླ་བ་བྱེད་དོ། །བདེན་བྲལ་གྱི་ཟུར་གྱི་ཕྱེད་ཀྱི་དུམ་བུ་ལ་དབོའི་ཟླ་བ་བྱེད་དོ། །བདེན་བྲལ་གྱི་ཟུར་གྱི་ཕྱེད་གཞན་གྱི་དུམ་བུ་ལ་ནག་པའི
་ཟླ་བ་བྱེད་དོ། །དེ་བཞིན་དུ་ཟླ་བ་གཉིས་ཀྱི་དུམ་བུ་གཉིས་སུ་དུས་སུ་འགྱུར་རོ། །དུམ་བུ་སོ་སོར་དཀར་པོ་དང་ནག་པའི་ཕྱོགས་ཀྱི་དབྱེ་བས་ཕྱོགས་གཉིས་སུ་འགྱུར་ཏེ། དེ་ལྟར་ན་དུས་དྲུག་དང་ཟླ་བ་བཅུ་གཉིས་དང། ཕྱོགས་ཉི་ཤུ་རྩ་བཞི་པོ་རྣམས་དུམ་བུ་བཅུ་གཉིས
་ལ་འཁོར་ལོའི་རྣམ་པས་འཁོར་བས་ཤེས་པར་བྱའོ། །ལྷོའི་དུམ་བུ་འདིར་ཁྱིམ་བཅུ་གཉིས་ཀྱི་དབང་གིས་འཕོ་བ་ལ་ཟླ་བ་གང་ཞིག་གྱུར་པ་དེ་ནི་འཕོ་བ་གཞན་ལ་གཡས་བསྐོར་གྱི་བདེན་བྲལ་གྱི་ཟུར་དུ་འགྲོའོ། །བདེན་བྲལ་གྱི་ཟུར་ཕྱེད་ན་གནས་པ་ནི་ཟུར་ཕྱེད་གཞན
་དུ་འགྲོའོ། ཟུར་ཕྱེད་གཞན་ན་གནས་པ་ནི་ལྷུན་པོའི་ནུབ་བ་ལང་སྤྱོད་དུ་འགྲོའོ། །ནུབ་བ་ལང་སྤྱོད་ན་གནས་པ་ནི་རླུང་གི་ཟུར་ཕྱེད་དུ་འགྲོའོ། །རླུང་གི་ཟུར་ཕྱེད་ན་གནས་པ་ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་གཞན་ན་གནས་པ་ནི་བྱང་སྒྲ་མི་སྙན་དུ་འགྲོའོ། །བྱང་སྒྲ་མི་སྙན་ན་གནས་པ་ནི་དབང་ལྡན་གྱི་ཟུར་ཕྱེད་དུ་འགྲོའོ། །
་དེ་ན་གནས་པ་ནི་ཟུར་ཕྱེད་དུ་འགྲོའོ། །ཟུར་ཕྱེད་གཞན་ན་གནས་པ་ནི་ཤར་ལུས་འཕགས་པོར་འགྲོའོ། །ཤར་ལུས་འཕགས་པོ་ན་གནས་པ་ནི་མེའི་ཟུར་གྱི་ཕྱེད་ཀྱི་དུམ་བུར་འགྲོའོ། །ཕྱེད་སྔ་མ་ན་གནས་པ་ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་གཞན
་ན་གནས་པ་ནི་ལྷོ་འཛམ་བུའི་གླིང་དུ་འགྲོ་སྟེ། དེ་ལྟར་ཟླ་བ་བཅུ་གཉིས་པོ་རྣམས་འཕོ་བ་སོ་སོའི་དབང་གིས་དུམ་བུ་བཅུ་གཉིས་པོ་རྣམས་སུ་ཡང་དག་པར་རྒྱུ་བར་ཤེས་པར་བྱའོ། །ཚད་གང་དུམ་བུ་གང་དུ་ཉིན་མོའི་དབང་གིས་ཡིན་པ་དེ་ནི་བདུན་པ་དག་ཏུ་མཚན
་མོ་ལ་འགྱུར་རོ། །འདིར་བྱང་དུ་བགྲོད་པའི་འཕོ་བ་ལ་ལྷོའི་དུམ་བུར་ཉིན་མོའི་ཚད་ཉམས་པ་དང། མཚན་མོའི་ཚད་འཕེལ་བ་དེ་ཉིད་བྱང་སྒྲ་མི་སྙན་དུ་སྟེ། སའི་དུམ་བུ་བདུན་དང་ཉི་མ་ཤར་བའི་དབང་དང་ལྷོར་མཚན་མོ་འཕེལ་བའི་དབང་གིས་སོ། །དེའི
་ཚད་ཀྱང་གཞན་དུ་མ་ཡིན་ཏེ། ལྷོ་འཛམ་བུའི་གླིང་དུ་འཆར་བའི་དབང་གིས་དང་བདུན་པར་མཚན་མོ་ཉམས་པའི་དབང་གིས་དེ་ནས་ལྷོ་ལ་འགྱུར་རོ། །དེ་ལྟར་ཐམས་ཅད་དུ་དུམ་བུ་སོ་སོ་ལ་རིག་པར་བྱའོ། །ལམ་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་མའི
་མདུན་དུ་ཉིན་མོ་དང་ནི་རྒྱབ་ཏུ་མཚན་མོའོ། །ཞེས་པ་ནི་འདིར་ཟླུམ་པོའི་ཚད་འབུམ་ཕྲག་དྲུག་སྟེ། ཉི་མ་བགྲོད་པའི་དབང་གིས་ལམ་ཕྱེད་ལ་འབུམ་ཕྲག་གསུམ་ནི་ཉིན་མོ་ཞེས་པ་ཤར་བ་ནས་ནུབ་པའི་བར་རོ། །ནུབ་པ་ནས་འཆར་བའི་བར་ནི་ན་མཚན་མོ་སྟེ་འབུམ
་ཕྲག་གསུམ་མོ། །དེ་ལྟར་ཉིན་མཚན་ལ་རིག་པར་བྱའོ། །ད་ནི་དུམ་བུ་བཅུ་གཉིས་ལ་གནས་པ་རྣམས་ཀྱི་ལྷུན་པོའི་གནས་པ་གསུངས་པ་རིའི་རྒྱལ་པོ་དག་ན་སྐྱེ་བོ་ཐམས་ཅད་ཀྱི་ཡང་བྱང་ནས་གནས་པར་འགྱུར་རོ། །མི
་ཡི་བདག་ཅེས་པ་སྟེ། འདིར་རིའི་རྒྱལ་པོ་ལྷུན་པོ་ནི་དུམ་བུ་བཅུ་གཉིས་ལ་གནས་པའི་སྐྱེ་བོ་རྣམས་ཀྱི་བྱང་དུ་འགྱུར་རོ། །ཉི་མ་འཆར་བ་ཤར་དུ་འགྱུར་ཏེ། ཞེས་པ་ནི་ལྷུན་པོའི་དུམ་བུ་ཐམས་ཅད་ལ་གནས་པ་ཀུན་གྱི་གང་ནས་ཉི་མ་འཆར་བ་དེ་ནི
་ཤར་གྱི་ཕྱོགས་སུ་འགྱུར་ཏེ། ལྷོའི་འཛམྦུ་གླིང་ལ་གནས་པ་རྣམས་ཀྱི་ཤར་ལུས་འཕགས་པོ་ཤར་གྱི་ཕྱོགས་སོ། །ནུབ་བ་ལང་སྤྱོད་པ་རྣམས་ཀྱི་ལྷོ་འཛམ་བུའི་གླིང་ཤར་གྱི་ཕྱོགས་སོ། །བྱང་སྒྲ་མི་སྙན་ན་གནས་པ་རྣམས་ཀྱི་ནུབ་བ་ལང་སྤྱོད་ཤར་གྱི་ཕྱོགས
་སོ། །ཤར་ལུས་འཕགས་པོ་ན་གནས་པ་རྣམས་ཀྱི་བྱང་སྒྲ་མི་སྙན་ཤར་གྱི་ཕྱོགས་ཏེ་ཉི་མ་འཁོར་ཞིང་འཆར་བའི་དབང་གིས་སོ། །དེ་བཞིན་དུ་ཟུར་ན་གནས་པ་བརྒྱད་པོ་རྣམས་ལ་ཡང་ཤེས་པར་བྱ་སྟེ། དུམ་བུ་སོ་སོ་དབྱུ་གུ་ལྔ་ལྔའི་བར་གྱི་ཉི་མ
་འཆར་བར་འགྱུར་རོ། །རི་དང་མཉམ་པ་བགྲོད་པ་དག་དང་ཞེས་པ་ནི་དུམ་བུ་སོ་སོ་རི་དང་མཉམ་པ་ལྷུན་པོ་ལ་མངོན་དུ་ཕྱོགས་པར་ཉི་མ་བགྲོད་པ་ནི་བྱང་དང་ལྷོ་དག་གོ་།དེ་ནི་ནུབ་བ་ནུབ། དེ་བཞིན་དུ་དུམ་བུ་བཅུ་གཉིས་སུ་ཇི་ལྟར་འཆར་བ་ཤར་ཡིན་པ་དེ
་བཞིན་དུ་དེ་ནུབ་པ་ནི་ནུབ་ཏུ་རིག་པར་བྱའོ། །དུས་ནི་གསུམ་སྟེ་སྔ་དྲོ་དང་ཉིན་གུང་དང་ཕྱི་འཕྲེད་དོ། །མཐུན་མཚམས་ནི་བཞི་སྟེ་མཚན་ཕྱེད་ཀྱི་མཐུན་མཚམས་དང། སྔ་དྲོའི་ཐུན་མཚམས་དང། ཉིན་གུང་གི་ཐུན་མཚམས་དང། ཕྱི་འཕྲེད་ཀྱི་ཐུན་མཚམས
་སོ། །ཐུན་ཚོད་ནི་བརྒྱད་དེ་ཉིན་མོ་ལ་བཞི་དང་མཚན་མོ་ལ་བཞིའོ། །ཉིན་དང་མཚན་མོ་དུས་ཀུན་ཏུ་ནི་ཡང་དག་རྒྱུ་བ་རྣམས། དེ་ལྟར་དུས་ལ་སོགས་པ་རྣམས་ཉིན་མཚན་དུས་ཐམས་ཅད་དུ་ཡང་དག་པར་རྒྱུ་བ་ནི། དུམ་བུ་ནས་དུམ་བུར་ལྷུན་པོའི
་ཕྱོགས་རྣམས་སུ་འཁོར་རོ། །རབ་གསལ་ཉི་མའི་ས་ལ་ཞེས་པ་ནི་རྩིབས་བཅུ་གཉིས་པའི་ས་ལའོ། །དུས་སྦྱོར་དབྱེ་བས་ཕྱེ་བར་གྱུར་པ་ཞེས་པ་ལ། དུས་སྦྱོར་ནི་བཅུ་གཉིས་ཏེ། དེ་དག་གི་དབྱེ་བས་ཕྱེ་བར་གྱུར་བའི་དུས་ལ་སོགས་པ་རྣམས་འཁོར་ཏེ། དུས་ནི་དུས་སྦྱོར
་བཞི་བཞིས་འཁོར་རོ། །ཐུན་མཚམས་སོ་སོ་ནི་དུས་སྦྱོར་གསུམ་གྱི་འཁོར་རོ། །ཐུན་ཚོད་སོ་སོ་ནི་དུས་སྦྱོར་ཕྱེད་དང་གཉིས་ཀྱི་འཁོར་རོ། །དེ་བཞིན་དུ་དུས་སྦྱོར་སོ་སོ་ནི་དབྱུ་གུ་ལྔས་འཁོར་རོ། །ཐུན་ཚོད་ཕྱེད་ནི་ཐུན་ཚོད་ཕྱེད་ཀྱིས་འཁོར་རོ། །ཡུད་ཙམ་ནི་ཐུན་ཚོད་ཕྱེད་ཀྱི
་ཕྱེད་ཀྱིས་འཁོར་རོ། །ཆུ་ཚོད་ནི་ཆུ་སྲང་དྲུག་ཅུས་འཁོར་རོ། །ཆུ་སྲང་སོ་སོ་ནི་དབུགས་དྲུག་གིས་འཁོར་ཏེ། དེ་ལྟར་ན་ཉིན་མཚན་དུ་ལུས་ཅན་རྣམས་ཀྱི་དབུགས་ཀྱི་དབྱེ་བ་དང་དུས་སྦྱོར་གྱི་དབྱེ་བས་དུས་རྣམས་འཁོར་ཞིང་བགྲོད་དོ། །ད་ནི་ལྷུན་པོའི་ཕྱོགས་ཐམས
་ཅད་དུ་ཉི་མ་འཁོར་བའི་ཚད་གསུངས་པ། ཆུ་ཚོད་དུས་ལ་དཔག་ཚད་སྟོང་ཕྲག་དྲུག་ནི་རྐང་པ་དང་བཅས་ཉིན་མོར་བྱེད་པ་འགྲོ་བ་སྟེ། ཞེས་པ་སྟེ། ཆུ་ཚོད་དུས་ལ་ཞེས་པ་ནི་དབུགས་སུམ་བརྒྱ་དྲུག་ཅུའི་གྲངས་ཀྱི་དུས་ལའོ། །དྲུག་ནི་རྐང་པ་དང་བཅས་པ་ནི
་དཔག་ཚད་ཉིས་རྒྱ་ལྔ་བཅུ་ལྷག་པའི་སྟོང་ཕྲག་དྲུག་སྟེ། ཁྱིམ་ལ་གནས་པའི་ཉིན་མོར་བྱེད་པ་འདི་ནམ་མཁའ་ལ་འགྲོ་བའོ། །དེའི་ཕྱིར་འཁོར་བའི་ཤུགས་འདི་ནི་ཁྱིམ་གྱི་ཡིན་གྱི། ཁྱིམ་གྱི་གཞི་ལ་གནས་པའི་ཉི་མ་ཡི་ནི་མ་ཡིན་ནོ། །འདིར་ཁྱིམ་གྱི་འཁོར་ལོ
་ནི་གཡས་སྐོར་གྱིས་འཁོར་ཏེ། གཟའ་རྣམས་ནི་ཁྱིམ་དག་ལ་གཡས་མིན་གྱི་རྒྱུའོ། །ཇི་ལྟར་ཁྱིམ་གྱི་འཁོར་ལོ་འཁོར་བ་དེ་བཞིན་དུ་སྒྲ་གཅན་ཡང་ནུབ་ཏུ་མངོན་པར་ཕྱོགས་ནས་རི་རབ་ལ་གཡས་སྐོར་བྱེད་ཅིང་ཡང་དག་པར་རྒྱུའོ། །ཤར་དུ་ཕྱོགས
་པའི་གཟའ་རྣམས་ནི་ལྷུན་པོ་ལ་གཡས་མིན་དུ་སྐོར་བ་བྱེད་ཅིང་ཁྱིམ་གྱི་འཁོར་ལོ་ལ་ཡང་དག་པར་བགྲོད་པར་བྱེད་དོ། །དེ་ལྟར་ན་དོན་དམ་པའི་རིགས་པས་སྒྲ་གཅན་ནི་བསོད་ནམས་དང་ལྡན་པ་ཡིན་ཞིང། ཉི་མ་ལ་སོགས་པ་རྣམས་ནི་གདུག་པ་སྟེ། སྡིག
་པའི་གསང་བརྗོད་དོ། །དྲུག་ཅུ་ལ་ནི་མེ་འབུམ་དག་དང་ཞེས་པ་ནི་ཆུ་ཚོད་དྲུག་ཅུའི་དུས་ཀྱི་ཡུམ་ལ་སྟེ། དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དུས་ལའོ། །མེ་འབུམ་སྟེ་འབུམ་ཕྲག་གསུམ་དང་ལྔ་དང་རི་བོའི་སྟོང་ཕྲག
་ཅེས་པ་ནི་སྟོང་ཕྲག་བདུན་ཅུ་རྩ་ལྔའི་དཔག་ཚད་ཀྱི་གྲངས་འཁོར་ཏེ། ཉིན་དང་མཚན་མོ་དག་ཏུ་ཞེས་པ་ནི་ཉིན་མཚན་དུའོ། །ཉིན་དང་མཚན་མོར་གོ་ལ་ཕྱེད་ལ་མཁའ་མེ་ཆུ་ཚོད་བགྲོད་དེ་ཞེས་པ་ནི་འདིར་ཉིན་མཚན་མཉམ་པའི་འཕོ་བ་ཉིན
་ཞག་ལ་སྔར་བརྗོད་པའི་གོ་ལའི་རི་མོ་ལས། མཁའ་མེ་སྟེ་སུམ་ཅུའི་ཆུ་ཚོད་ཉི་མས་ཉིན་མོ་བགྲོད་ཅིང་སུམ་ཅུའི་ཆུ་ཚོད་མཚན་མོ་བགྲོད་དེ་ཉིན་མཚན་མཉམ་མོ། །ཞེས་པའི་དོན་ཏོ། གོ་ལ་དག་ལ་གཡས་དང་ནི་གཡས་མིན་དག་ཏུ་འགྲིབ་པའི
་འཕེལ་བ་ལྔ་སྟེ་ཞེས་ནི་གོ་ལའི་ཕྱེད་དེ་ལས་གཡས་དང་གཡས་མིན་དག་ཏུ་སྟེ། གཡས་སུ་ཟླ་བ་གསུམ་གྱི་མཚན་མོ་ཆུ་ཚོད་ལྔ་འཕེལ་ལོ། །གཡས་མིན་དུ་ཟླ་བ་གསུམ་གྱིས་ཉིན་མོ་ཆུ་ཚོད་ལྔ་འཕེལ་ལོ། །འདིར་མཚན་མོ་འཕེལ་བས་ཉིན་མོ
་འགྲིབ་པ་དང་ཉིན་མོ་འཕེལ་པས་མཚན་མོ་འགྲིབ་པར་ཤེས་པར་བྱའོ། །ཉིན་ཞག་སོ་སོར་དེ་ནི་དབུགས་ཟུང་ཆུ་སྲང་གསུམ་ཞེས་པ་ནི། འདིར་གཡས་དང་གཡས་མིན་དག་ཏུ་ཟླ་བ་གསུམ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ཉིན་མོ་དང་མཚན་མོ།
་འཕེལ་བ་འམ་འགྲིབ་པ་ནི་དབུགས་གཉིས་དང་ཆུ་སྲང་གསུམ་མོ། །ཚད་འདི་ནི་ཀཻ་ལ་ཤའི་དུམ་བུ་ལ་ཡིན་གྱི། འཕགས་པའི་ཡུལ་ལ་སོགས་པ་ལ་མ་ཡིན་ནོ། །འཕགས་པའི་ཡུལ་དུ་ཡང་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བ་འམ་འགྲིབ
་པར་རིག་པར་བྱ་སྟེ། ཟླ་བ་གསུམ་གྱི་ཉིན་མཚན་མཉམ་པའི་དབུས་ཉིན་མཚན་གྱི་ཚད་སུམ་ཅུར་མཚུངས་པ་ལས་བགྲོད་པའི་དབང་གིས་ཆུ་ཚོད་གསུམ་འཕེལ་བ་འམ་འགྲིབ་པར་རིག་པར་བྱའོ། །ད་ནི་ཀཻ་ལ་ཤིང་དུམ་བུའི་དབྱེ་བས་དུས་སྦྱོར་བཅུ
་གཉིས་འཆར་བའི་དུས་གསུངས་པ། ལུག་གི་དུས་སྦྱོར་ལ་ནི་ཆུ་སྲང་དུ་འགྱུར། ཞེས་པ་སྟེ། འདིར་ལུག་གི་དུས་སྦྱོར་ལ་དང་པོ་ཤར་བ་ནས་དུས་སྦྱོར་ཕྱི་མ་འཆར་བའི་བར་གྱི་དུས་ལ་ཆུ་སྲང་གི་ཚོགས་མཁའ་དགུ་ལྷག་སྟེ་ཞེས་པ་དགུ་བཅུ་ལྷག་པའི་ཉིས
་བརྒྱར་འགྱུར་རོ། །འདི་ལས་དྲུག་ཅུའི་ཆས་ཆུ་ཚོད་བཞི་དང་ཆུ་སྲང་ལྔ་བཅུ་ནི་ལུག་གི་དུས་སྦྱོར་འཆར་བའི་དུས་སོ། ཞེས་པ་ནི་ཀཻ་ལ་ཤའི་ཡུལ་དུ་ངེས་པའོ། །མཁའ་དུས་མིག་ནི་གླང་ལ་འགྱུར་ཞེས་པ་ནི་དེ་བཞིན་དུ་གླང་གི་དུས་སྦྱོར་འཆར
་བའི་དུས་ལ་ཆུ་སྲང་གི་ཚོགས་ཉིས་བརྒྱ་དྲུག་ཅུ་སྟེ། ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་འཆར་བའི་དུས་སོ། །ཟུང་དག་ལ་ཡང་མཁའ་མཁའ་གཉིས་ཏེ་ཞེས་པ་ནི་ཟུང་སྟེ། འཁྲིག་པ་འཆར་བའི་དུས་ཆུ་སྲང་གི་ཚོགས་གཉིས་བརྒྱ་སྟེ། ཆུ་ཚོད་གསུམ
་དང་ཆུ་སྲང་ཉི་ཤུའོ། །མདའ་རོའི་ཆུ་ཚོད་དུ་འགྱུར་ཞེས་པ་ནི་མངའ་སྟེ་ཆུ་ཚོད་ལྔ་ནི་ཀུ་ལི་ར་སྟེ། ཀར་ཀ་ཊའི་དུས་སྦྱོར་འཆར་བའི་དུས་སོ། །དེ་ནས་རོ་ཞེས་པ་ཆུ་ཚོད་དྲུག་ནི་སེང་གེའི་དུས་སྦྱོར་འཆར་བའི་དུས་སོ། །བུ་མོ་ལ་ནི་ཕྱེད་བཅས་དྲུག་སྟེ་ཞེས་པ་ནི་བུ
་མོའི་དུས་སྦྱོར་འཆར་བའི་དུས་སུ་ཆུ་ཚོད་དྲུག་དང་ཆུ་སྲང་སུམ་ཅུ་སྟེ། ཕྱེད་བཅས་དྲུག་ཏུ་འགྱུར་རོ། །སྲང་སོགས་རིམ་པ་མིན་པས་དེ་བཞིན་ཐམས་ཅད་འགྱུར་ཞེས་པ་ནི་དུས་སྦྱོར་དྲུག་གི་དུས་ཀྱི་མཚམས་འདི་ནས་སྲང་ལ་སོགས་པའི་དུས་སྦྱོར
་ཕྱི་མ་དྲུག་ལ་རིམ་པ་མིན་པའི་དེ་བཞིན་ཏེ་ཆོ་ག་འདི་ཐམས་ཅད་དེ་མ་ལུས་པར་འགྱུར་རོ་ཞེས་པ་ནི་ངེས་པའོ། །འདིར་དུས་སྦྱོར་འཆར་བའི་དུས་ནི་སྲང་ལ་ཆུ་ཚོད་དྲུག་དང་ཆུ་སྲང་སུམ་ཅུའོ། །སྡིག་པ་ལ་དྲུག་གོ་།གཞུ་ལ་ལྔའོ། །ཆུ་སྲིན་ལ་ཆུ་ཚོད་གསུམ་དང
་ཆུ་སྲང་ཉི་ཤུའོ། །བུམ་པ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུའོ། །ཉ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ལྔ་བཅུའོ། །ཞེས་པ་ནི་ཀཻ་ལ་ཤའི་ཡུལ་དུ་ངེས་པའོ། །དུས་སྦྱོར་དྲུག་གི་དེ་ནུབ་གང་ཕྱིར་འཆར་བ་དག་ཀྱང་དེ་བཞིན་ཞེས་པ་ནི་གང་གི་ཕྱིར་འཆར་པ་ཡང་དུས
་སྦྱོར་དྲུག་གི་ཡིན་པ་དེའི་ཕྱིར་དེ་ནི་ནུབ་པར་འགྱུར་རོ། །ཉི་མའི་རྒྱུ་སྐར་དབྱེ་བས་སོ་ཞེས་པ་ནི་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་གྱི་མཐར་ནུབ་པ་སྟེ། དེ་བཞིན་དུ་དེ་འཆར་བ་ནི་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་གྱི་མཐར་རོ། །ཉིན
་མཚན་གྱི་དབྱེ་བས་དུས་སྦྱོར་དྲུག་དང་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་ཉིན་མོའི་དུས་སུ་འགྱུར་རོ། །དུས་སྦྱོར་དྲུག་དང་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱི་མཚན་མོའི་དུས་སུ་འགྱུར་རོ། །དུས་སྦྱོར་འཆར་བའི་དུས་ཀྱི་དབང་གི་ཉིན་མོ་དང་མཚན
་མོ་དམན་པར་རང་ལྷག་པར་འགྱུར་ཏེ། ཉི་མ་ཡང་དག་པར་རྒྱུ་བའི་དབང་གིས་སོ། །ད་ནི་ལུས་ལ་དབུ་མའི་ལོ་བརྒྱའི་ཉིན་ཞག་དང་དབུགས་ལ་སོགས་པ་གསུངས་པ། སྟོང་ཕྲག་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་སྟེ། སྟོང་ཕྲག་ཉི་ཤུ་རྩ་གཅིག
་ནི་སྟོང་ཕྲག་གཅིག་ལྷག་པའི་ཁྲི་ཕྲག་གཉིས་སོ། །རོ་བརྒྱ་ལྡན་པ་དག་ཅེས་པ་ནི་དྲུག་བརྒྱ་དང་ལྡན་པའོ། །སོ་ཡི་ཆ་ཡིས་ངེས་པར་ཕྱུང་གྱུར་པ་ཞེས་པ་ནི་ཕུང་པོ་དེ་ལས་སུམ་ཅུ་རྩ་གཉིས་ཀྱི་ཆ་དག་གིས་ངེས་པར་ཕྱུང་བའོ། །ལུས་ལ་ནི་ལུས་ལ་སྟེ་དབུགས
་ལྷག་གང་དག་ཉིན་ཞག་སོ་སོའི་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་ཀྱིས་དུས་སུ་འབྱུང་བ་རི་དང་དུས་རྣམས་དག་གིས་གྲངས་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱའི་གྲངས་སོ། །སྟོང་ཕྲག་སུམ་ཅུ་རྩ་དྲུག་དག་གིས་བསྒྱུར་བ་རྣམས་ཀྱང་ལོ་བརྒྱའི་ཚད་དུ་རབ
་ཏུ་གྲགས་པ་སྟེ། དབུགས་དེ་དག་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་བསྒྱུར་བ་དེ་དག་ནི་ལོ་བརྒྱའི་དབུགས་ཀྱི་ཆེད་དུ་འགྱུར་རོ། །འདིར་ཉིན་ཞག་སོ་སོ་ལ་རྩ་གསུམ་གྱི་དབུགས་བརྒྱ་ཕྲག་བཅུ་དྲུག་ལྷག་པའི་ཁྲི་ཕྲག་གཉིས་ཀྱི་གྲངས
་ལ་ལོ་བརྒྱའི་ཉིན་ཞག་གིས་བསྒྱུར་བ་ནི་འབུམ་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་དུ་འགྱུར་རོ། །དེ་དག་ལས་སུམ་ཅུ་རྩ་གཉིས་ཀྱི་ཆས་ཐོབ་པ་འབུམ་ཕྲག་བཞི་བཅུ་རྩ་གསུམ་ལྷག་པའི་བྱེ་བ་ཕྲག་གཉིས་ཀྱི་གྲངས་ནི་དེ
་མ་ཨ་བ་དྷུ་ཏཱིའི་དབུགས་སུ་འགྱུར་རོ། །ལྷག་མ་འབུམ་ཕྲག་སུམ་ཅུ་རྩ་གསུམ་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་ལྔ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་གི་དཀྱིལ་འཁོར་ལྔ་ལས་འབབ་སྟེ་ཆ་མཉམ་པར་གྱུར་བ་ལས་གཡོན་དང་གཡས་ནས། ཕྱེད་ལ་ལ་ནཱ་ནས་འབབ་ཅིང་ཕྱེད
་ར་ས་ནཱ་ནས་འབབ་སྟེ་ལོ་བརྒྱའི་མཚམས་ཀྱིའོ། །སྟོང་དུས་མེ་ཡིས་རབ་ཏུ་ཕྱེ་བ་དག་ནི་ཆུ་ཚོད་དུ་འགྱུར་ཞེས་པ་ནི་དབུགས་ཀྱི་ཕུང་པོ་དེ་ལས་སུམ་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བའི་རྙེད་བ་ནི་ཆུ་ཚོད་ཀྱི་ཕུང་པོར་འགྱུར་རོ། །དྲུག་ཅུའི་ཆ་ཡིས་ཉིན་ཞག་ཀྱང
་ཞེས་པ་ནི་ཆུ་ཚོད་ཀྱི་ཕུང་པོ་དེ་ལས་དྲུག་ཅུའི་ཆས་ཐོབ་པ་ནི་ཉིན་ཞག་གིས་ཚོགས་སུ་འགྱུར་ཏེ། སྟོང་ཕྲག་སུམ་ཅུ་རྩ་དྲུག་ལས་དབུ་མའི་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིས་གྲངས་སོ། །ལྷག་མའི་ཉིན་ཞག་གི་ཚོགས་བརྒྱ་ཕྲག་བཞི
་བཅུ་རྩ་བརྒྱད་དང་བདུན་ཅུ་རྩ་ལྔ་ལྷག་པའི་ཁྲི་ཕྲག་གསུམ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་གི་ལོ་བརྒྱའི་མཚམས་ཀྱི་ཡིན་པར་རིག་པར་བྱའོ། །ད་ནི་གཟའ་བརྒྱད་ཀྱི་ལོ་བརྒྱའི་ཚད་འཁོར་ལོ་ཕྱེད་དང་བཅས་པ་ལ་ལོངས་སྤྱོད་པའི་ཕྱིར་གཅིག་ཏུ་བསྡུས་པ
་ཉིད་ཀྱི་དུས་ཀྱི་འཁོར་ལོ་དང་བྲལ་བར་གསུངས་པ། ཟླ་བའི་ཕྱོགས་ཞེས་པ་ལ་སོགས་པ་སྟེ། ཟླ་བའི་ཕྱོགས་ཏེ་ཞེས་པ་ནི་ཟླ་བའི་ཕྱོགས་གཅིག་དབྱུ་གུ་སུམ་ཅུའི་བདག་ཉིད་ཀྱི་མཚན་མོར་འགྱུར་ཏེ། ཁྱིམ་གྱི་འཁོར་ལོ་ཕྱེད་ལ་ཉེ་བར་ལོངས་སྤྱོད
་པའི་ཕྱིར་རོ། །ཉི་མའི་བགྲོད་བ་ཞེས་པ་ནི་ཉི་མའི་བགྲོད་པ་ཉིད་ཉིན་མཚན་ཕྱེད་དུ་འགྱུར་ཏེ་འཁོར་ལོ་ཕྱེད་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །ས་སྐྱེས་ཟླ་བ་དགུ་རྣམས་དག་གི་མཚན་མའོ་ཞེས་པ་ནི་བྱེད་པ་བརྗོད་པར་འདོད་པས་སོ། །དེ་བཞིན་དུ་བླ
་མའི་ལོ་དྲུག་ཏུ་འགྱུར་རོ། །ཉི་མའི་ཇི་ལྟ་བ་དེ་བཞིན་དུ་བ་སངས་ཀྱི་ཡང་བགྲོད་པ་སྟེ་ཟླ་སྐྱེས་གཟའ་ལག་གི་ཡང་བགྲོད་པའོ། །ཚེས་ཞེས་བྱ་བའི་ལོ་ནི་སྟེ་ལོ་བཅོ་ལྔ་ནི་སྤེན་པའིའོ། །མུན་ཅན་སྒྲ་གཅན་གྱིས་ནི་ལོ་དགུ་ཉིན་མཚན་ཕྱེད་དུ་འགྱུར་ཏེ།
་རྒྱུ་སྐར་ཕྱེད་ཀྱི་འཁོར་ལོ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ནོར་གྱིས་བསྒྱུར་བའི་དུས་ཀྱི་ལོ་ཞེས་པ་ལོ་སུམ་ཅུ་རྩ་གཉིས་དང་ཕྱེད་བཅས་ཟླ་བ་གསུམ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི
་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བས་སོ། །ཕྱེད་དང་བཅས་པའི་ཉིན་ཞག་གྲངས་དག་ལ་ཕྱེད་དང་བཅས་པའི་རྒྱུ་སྐར་གྱི་འཁོར་ལོ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་སྙིང་སྟོབས་དང་རྡུལ་དང་མིན་པའི་དབྱེ་བས་ལོ་བརྒྱར་འགྱུར་ཏེ། དུས་ཀྱི་འཁོར
་ལོས་དམན་ནོ། །ཞེས་པ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་དམན་པ་སྟེ་གཟའ་བརྒྱད་པོ་རྣམས་ཀྱི་གཅིག་ཏུ་སྡུད་པ་ལས་ཕྱེད་དང་བཅས་པའི་ཟླ་བ་བཅུ་ལྷག་པའི་ལོ་དགུ་བཅུ་རྩ་དྲུག་གིས་ཚོགས་སུ་འགྱུར་རོ། །འདིར་སྲོག་ནི་སྙིང
་སྟོབས་ལ་འབབ་ཅེས་པ་ནི་ཕྱེད་དང་བཅས་པའི་ཟླ་བ་གསུམ་ལྷག་པའི་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་སྲོག་ནི་སྙིང་སྟོབས་ལ་སྟེ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་འབབ་པོ། །དེའི་འོག་ཏུ་རྡུལ་གྱི་བར་དུ་ཚད་དེ་ཉིད་ཀྱིས་སོ། །
་དེའི་འོག་ཏུ་མུན་པ་ལ་ཡང་རིམ་པ་དེ་ཉིད་ཀྱིས་སོ། །ལྷ་མི་ལག་འགྲོ་རྣམས་ཀྱི་རང་རང་གི་ལོ་བརྒྱའི་ཚད་ལས་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཀྱི་མཛའ་ཨི་མཚམས་དེ་ནས་ལྔ་པ་ཉིད་དུ་འགྱུར་རོ། །ཟླ་བ་ཕྱེད་བཅས་མཚན་མོ
་དག་གི་ཤེས་པ་ནི་དུས་ཀྱི་འཁོར་ལོའི་ཕྱོགས་གསུམ་གྱིས་ཏེ། ཀྱང་ཞེས་པས་སྔར་གྱི་ལོ་གསུམ་གྱིས་སོ། །འདིར་འཁོར་བ་པ་རྣམ་པ་ལྔ་པ་ཉིད་འཆི་བར་འགྱུར་ཏེ། སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་པའི་ཚིག་འཇིག་རྟེན་པའི
་ཐ་སྙད་ལས་སོ། །དོན་དམ་པར་རིགས་པས་ནི་ངེས་པ་མེད་དེ། སེམས་ཅན་རྣམས་ཀྱི་རང་རང་གི་ལས་ཀྱི་དབང་གིས་སྐྱེ་བ་དང་འགག་པར་སངས་རྒྱས་པ་རྣམས་ཀྱིས་རྟོགས་པར་བྱའོ། །སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་པ་ནི་དགོངས
་པའི་སྐད་དེ། སྐྱེས་བུ་ནི་ཕྱི་རོལ་ཏུ་དུས་བཞིའི་བདག་ཉིད་ཀྱི་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་གྱི་དབུགས་ཀྱི་མཚན་ཉིད་དོ། །ནང་དུ་ནི་དབུགས་ཀྱི་ཚད་དེ་ཉིད་ཀྱི་དུས་བཞིའི་བདག་ཉིད་དེ། གང་གི་དུས་སུ་གཟའ་ཐམས་ཅད་ཀྱི་རྒྱུ་བ་སྟོང
་པ་ལ་འཇུག་པར་འགྱུར་བའོ། །ཞེས་པ་ནི་དོན་དམ་པའི་རིགས་པའོ། །སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་དབང་གིས་ཀྱང་ཚེ་དམན་པ་དང་ལྷག་པར་འགྱུར་ཞིང་ཚེ་ལོ་བརྒྱ་པ་ཞེས་བྱ་བའི་ངེས་པ་མེད་དེ་བཞིན་གཤེགས་པའི་གསུང་གི་ཕྱིར་རོ། །བགྲངས་ནི
་ཤིན་ཏུ་ངེས་པ་འདི་དག་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་པ་ཡིན་ནོ། །མིའི་དབང་ཞེས་པ་ནི་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ལ་བོད་པའོ། །ད་ནི་དབུ་མ་ཨ་བ་དྷཱ་ཏིའི་དྲུག་ཅུ་ཆའི་ཆུ་ཚོད་རྣམས་གཟའ་ལྔ་རྒྱུ་སྐར་ལ་འཆར་བའི་རྐང་པའི་ཆུ་ཚོད་ཀྱི་ཚོགས
་སུ་གསུངས་པ། མ་བཅད་ཅེས་པ་ལ་སོགས་པ་སྟེ། མ་བཅད་དུས་ཀྱི་འཁོར་ལོ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་མ་བཅད་པ་སྟེ། ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་བགྲོད་པ་དག་ལ་བུ་ལོན་དགུ་ནི
་མངལ་གྱི་ཟླ་བ་དགུའི་བུ་ལོན་ཆུ་ཚོད་དགུ་ནི་བསྲེས་པར་གྱུར་པ་མཛའ་དག་རྣམས་ཏེ། ཆུ་ཚོད་ཀྱི་ཚོགས་སུམ་ཅུ་རྩ་བཞི་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་གྲངས་རྣམས་ནི་བཀྲ་ཤིས་ལ་སོགས་གཟའ་ནི་ལྔ་པོ་རྣམས་ཀྱི་མྱུར་བའི་ལས་ཏེ་སྐར་མའི་ལས་དག
་ལ་ཡང་རྐང་པའི་ཆུ་ཚོད་དུ་འགྱུར་རོ། །ས་སྐྱེས་ལ་ནི་རིག་བྱེད་དུས་མེ་ཞེས་པ་དེ་དག་ལས་བཀྲ་ཤིས་ལ་ཆུ་ཚོད་ཀྱི་ཚོགས་དྲུག་ཅུ་རྩ་བཞི་ལྷག་པའི་སུམ་བརྒྱའི་གྲངས་སུ་འགྱུར་རོ། །སྲིད་པའི་གནས་རྣམས་དག་ལ་ཞེས་པ་ནི། རྐང་པའི་གནས་བཅུ་བཞི
་ལ་སྟེ། སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་ལོངས་སྤྱོད་པའི་ཕྱིར་རོ། །རྒྱུ་བའི་དབྱེ་བ་ཡིས་ཤེས་པ་ནི་ཉི་ཤུ་རྩ་བཞི་ལ་སོགས་པའི་དབྱེ་བས་སོ། །སྔ་ཕྱི་ཕྱེད་ལ་མཚུངས་པར་བྱེད་སྔ་མ་ལ་རྒྱུ་སྐར་གྱི་རྐང་པའི་དབང་གིས་བརྒྱ་བརྒྱད་ཅུ་རྩ་གཉིས་དང།
་ཕྱེད་ཕྱི་མ་ལ་བརྒྱ་བརྒྱད་ཅུ་རྩ་གཉིས་ཏེ་རྒྱུ་སྐར་རྣམས་ཀྱི་ཕྱེད་ཕྱེད་ཡིན་པའི་ཕྱིར་རོ། །བུ་ལོན་ནོར་གྱི་བགྲོད་པ་དག་ལས་ཞེས་པ་ནི་རིམ་པས་སོ། །བུ་ལོན་གྱི་བགྲོད་པ་དང་རིམ་པས་ནོར་གྱི་བགྲོད་པ་རྣམས་ལ་གནས་ཀྱི་དབྱེ་བས་ངེས་པར
་སྦྱར་ཏེ་ཉི་མའི་དཀྱིལ་འཁོར་ལས་ཤར་བའི་སྐར་མ་ནི་གནས་དང་པོའོ། །གནས་ཀྱི་དབྱེ་བ་དེ་ལས་གཞན་དང་གནས་བཅུ་བཞི་སྟེ། གནས་ཀྱི་དབྱེ་བ་དེ་དག་གི་ཆུ་ཚོད་དེ་དག་ངེས་པར་སྦྱར་རོ། །དང་པོར་རྒྱལ་དབང་གྲངས་ཏེ་རྒྱུ་སྐར་དང་པོ་སྤྱོད་པའི་གནས་ལ
་ཉི་ཤུ་རྩ་བཞིའོ། །མེ་དང་མིག་ནི་རྣམ་གསུམ་དག་ཏུ་རབ་ཏུ་འགྱུར། དང་པོའི་གནས་ནས་གཉིས་པ་དང་གསུམ་པ་དང་བཞི་པ་ལ་ཉི་ཤུ་རྩ་གསུམ་དུ་འགྱུར་ཏེ། རྣམ་གསུམ་ཞེས་སོ། །གནས་གཉིས་དག་ལ་གཅིག་དང་མིག་སྟེ། གནས་བཞི་པ་དེ་ནས
་ལྔ་པ་དང་དྲུག་པའི་གནས་ལ་ཉི་ཤུ་རྩ་གཅིག་སྟེ། གནས་གཉིས་ཞེས་སོ། །བཅོ་བརྒྱད་ཚེས་དང་དྲག་པོ་གནས་དྲུག་པོ་དེ་ནས་བདུན་པ་དང་བརྒྱད་པ་དང་དགུ་པའི་གནས་རྣམས་ལ་གྲངས་བཞིན་དུ་བཅོ་བརྒྱད་དང་ཚེས་ཞེས་པ་བཅོ་ལྔ་དང་དྲག་པོ་ཞེས
་པ་བཅུ་གཅིག་གོ་།མེ་དང་རྩ་བར་དྲག་པོ་དང། གནས་དགུ་པ་དེ་ནས་གནས་བཅུ་པ་ལ་མེ་ཞེས་པ་རྐང་པ་གསུམ་མོ། །དེ་ནས་རྩ་བར་ཕྱེད་ཕྱི་མ་སྟེ་ཕྱེད་ཕྱི་མ་ལ་གནས་བཅུ་གཅིག་པར་དྲག་པོ་སྟེ་བཅུ་གཅིག་གོ་།སུམ་ཅུ་རྩ་བརྒྱད་བརྒྱད་ཅུ་དག་དང། བཅུ་གཉིས
་པ་ལ་སུམ་ཅུ་རྩ་བརྒྱད་དོ། །བཅུ་གསུམ་པ་ལ་བརྒྱད་ཅུའོ། །བརྟན་པ་སྲིད་པའི་གནས་ཞེས་པ་ལ་གནས་བཅུ་བཞི་ལ་འདིར་ནི་གསུམ་བཅས་ལྔ་བཅུའོ། །ཞེས་པ་ལ་གསུམ་དང་བཅས་པའི་ལྔ་བཅུ་ནི་གསུམ་བཅས་ལྔ་བཅུ་སྟེ། ལྔ་བཅུ་རྩ
་གསུམ་ནི་གནས་བཅུ་བཞི་པ་འདི་ལ་ངེས་པའོ། །རྒྱུ་སྐར་གྱི་འཁོར་ལོ་ཕྱེད་པོ་དེ་ཡིས་ཉི་མ་རྣམ་དག་གྱུར་པའི་རྗེས་ལ་རིམ་པ་མིན་པས་བུ་ལོན་དུ་འགྱུར་རོ། །རིམ་པས་ནོར་དུ་འགྱུར་རོ། །མིག་དམར་ལ་སོགས་པའི་སྐར་མའི་ལོངས་སྤྱོད་ལ་བུ་ལོན
་དོར་བར་བྱ་ཞིང་ནོར་སྦྱིན་པར་བྱའོ། །རིག་བྱེད་དག་དང་བུག་པ་ཟླ་བའི་གྲངས་ནི་གཟའ་ལག་མྱུར་བའི་ལས་ལ་ཆུ་ཚོད་དག་ཏུ་འགྱུར་ཞེས་པ་ནི། འདིར་གཟའ་ལག་གི་ཆུ་ཚོད་ཀྱི་ཚོགས་བརྒྱ་དགུ་བཅུ་རྩ་བཞིའོ། །བཀྲ་ཤིས་ཀྱི་རང་གི་ཆུ་ཚོད་ཀྱི་ཚོགས་རྣམས་གནས་བཅུ
་བཞི་ལ་ཇི་ལྟ་བ་དེ་བཞིན་དུ་གཟའ་ལག་གི་ཡང་རྟོགས་པར་བྱ་སྟེ། མྱུར་བའི་ལས་ཞེས་པ་རྒྱུ་སྐར་གྱི་ལས་ལའོ། །གནས་གཉིས་ལ་ནི་བཅུ་དྲུག་ཅེས་པ་ནི་གནས་དང་པོ་ལ་བཅུ་དྲུག་སྟེ། གནས་གཉིས་པ་ལ་ཡང་བཅུ་དྲུག་གོ་།གཞན་ལ་ཚེས་དང་མ་ནུ་མྱོས་བྱེད
་ཅེས་པ་ནི། གསུམ་པ་ལ་བཅོ་ལྔའོ། །བཞི་པ་ལ་བཅུ་བཞིའོ། །ལྔ་པ་ལ་བཅུ་གསུམ་མོ། །དྲག་པོ་རི་དང་དབང་པོ་མཁའ་ཨོ། དྲུག་པ་ལ་བཅུ་གཅིག་གོ་།བདུན་པ་ལ་བདུན་ནོ། །བརྒྱད་པ་ལ་ལྔའོ། །དགུ་པ་ལ་སྟོང་པའོ། །རྩ་བ་དག་ལས་རིག་བྱེད་དྲག་པོ་དང་ནི
་ཞེས་པ་ནི། གནས་དགུ་པ་དེ་ནས་རྩ་བར་ཕྱེད་ཕྱི་མ་སྟེ་གནས་བཅུ་པ་ལ་བཞིའོ། །བཅུ་གཅིག་པ་ལ་བཅུ་གཅིག་གོ་།བཅུ་གཉིས་པ་ལ་ཉི་ཤུའོ། །བཅུ་གསུམ་པ་ལ་ཉི་ཤུ་རྩ་བརྒྱད་དོ། །བཅུ་བཞི་པ་ལ་ཡང་སུམ་ཅུ་རྩ་བཞི་གཞག་པར་བྱ་སྟེ། དེ་ལྟར་ན་གོ་རིམས
་ཇི་ལྟ་བ་བཞིན་དུ་གཟའ་ལག་གི་ཆུ་ཚོད་རྣམས་རྒྱུ་བའི་དབྱེ་བས་ཡང་དག་པར་གནས་པར་རིག་པར་བྱའོ། །ཆུ་གཏེར་ནམ་མཁའ་དག་དང་ཟླ་བའི་གྲངས་བརྒྱ་རྩ་བཞི་ནི་བླ་མའི་ཆུ་ཚོད་ཀྱི་ཚོགས་ཏེ་རྒྱུ་བའི་དབྱེ་བས་རྣམ་པར་ཕྱེ་བ་དག་གནས་བཅུ་བཞི་ལ་འགྱུར་པ་ནི་ཆུ
་ཚོད་ཀྱི་ཚོགས་དེ་ལས་གནས་གཉིས་དག་ལ་ཕྱོགས་ཀྱི་ཚད་དང། གནས་དང་པོ་ལ་བཅུ་སྟེ། གཉིས་པ་ལ་ཡང་བཅུའོ། །དགུ་ནོར་དུས་ཞེས་པ་ནི་གསུམ་པ་ལ་དགུའོ། །བཞི་པ་ལ་བརྒྱད་དོ། །ལྔ་པ་ལ་དྲུག་གོ་།དྲུག་པ་ལ་ཟླ་བ་དག་དང་ཞེས་པ་ནི་དྲུག་ལ་དྲུག།
་བདུན་པ་ལ་གཉིས་སོ། །བརྒྱད་པ་ལ་གཅིག་གོ་།རྩ་བར་ནི་ཕྱེད་ཕྱི་མ་ལ་མེ་དྲུག་བུག་པ་དང་ནི་དྲག་པོས་ཞེས་པ་ནི་དགུ་པ་ལ་གསུམ་མོ། །བཅུ་པ་ལ་དྲུག་གོ་།བཅུ་གཅིག་པ་ལ་དགུའོ། །བཅུ་གཉིས་པ་ལ་བཅུ་གཅིག་གོ་།མི་བདག་ཐུབ་པ་རྣམས་ཏེ་ཞེས་པ་ནི་བཅུ་གསུམ་པ
་ལ་བཅུ་དྲུག་གོ་།གནས་བཅུ་བཞི་པ་ལ་བཅུ་བདུན་ནོ། །རྒྱུ་བ་ཐམས་ཅད་རིམ་པས་སོ། །ཞེས་པ་ནི། དེ་ལྟར་གཟའ་ཐམས་ཅད་ཀྱི་རྐང་པའི་ཆུ་ཚོད་རྣམས་ཐམས་ཅད་གོ་རིམ་ཇི་ལྟ་བས་རིག་པར་བྱའོ། །མྱུར་ཞེས་པ་ནི་མྱུར་བའི་རྒྱུ་བ་སྟེ།
་གཟའ་ཤར་བའི་ཕྱེད་སྔ་མ་ལའོ། །དལ་བ་ལ་ཡང་ཕྱེད་ཕྱི་མ་ལའོ། །འཁྱོག་པོ་ནི་རིམ་པ་མིན་པས་ཕྱེད་སྔ་མ་ལའོ། །ཡང་ཡིག་གིས་འབྱུང་བ་ནི་རིམ་པ་མིན་པའི་ཕྱེད་ཕྱི་མ་ལའོ། །གཟའི་ཚོགས་ནི་ངེས་པ་ཉི་མའི་དབྱེ་བ་དག་གིས་ཏེ། ཉི་མ
་ལས་རྣམ་པར་དག་པའི་དབྱེ་བས་རྒྱུ་བར་བྱེད་དོ། །དྲུག་དང་ཟླ་བ་ཆུ་གཏེར་གྲངས་ཞེས་པ་ནི་བཞི་བརྒྱ་བཅུ་དྲུག་གི་ཚོགས་ཏེ། འདི་དག་ནི་པ་སངས་ཏེ་དཀར་པོའི་གནས་བཅུ་བཞི་ལ་འགྱུར་རོ། དེ་ལས་ཆུ་ཚོད་རྣམས་གནས་གསུམ་དག་ལ་ཉི་ཤུ་ལྔ་སྟེ་ཞེས
་པ་ནི། དང་པོའི་གནས་ལ་ཉི་ཤུ་ལྔ་སྟེ། གཉིས་པ་དང་གསུམ་པ་ལ་ཡང་ངོ། །གཉིས་ནི་རྒྱལ་བ་ཞེས་དང་བཞི་པ་ལ་ཉི་ཤུ་རྩ་བཞི་སྟེ་ལྔ་པ་ལ་ཡང་དེ་བཞིན་ནོ། །ལག་མིག་རྣམ་པར་གཉིས་ཞེས་པ་ནི་དྲུག་པ་ལ་ཉི་ཤུ་རྩ་གཉིས་ཏེ། བདུན་པ་ལ་ཡང་ངོ། །
་སྐྱོན་དང་ཚེས་དང་བརྒྱད་དེ་ཞེས་པ་ནི་བརྒྱད་པ་ལ་བཅོ་བརྒྱད་དོ། །དགུ་པ་ལ་བཅོ་ལྔའོ། །བཅུ་པ་ལ་བརྒྱད་དོ། །དེ་ནས་རྩ་བར་བྱེད་ཕྱི་མ་ལ་དྲུག་དང་ནམ་མཁའ་ཡོན་ཏན་དག་དང་ཞེས་པ་ནི་བཅུ་གཅིག་པ་ལ་དྲུག་གོ་།བཅུ་གཉིས་པ་ལ་སུམ་ཅུའོ། །བཅུ་གསུམ་པ
་ལ་གཅིག་གིས་དམན་པའི་བརྒྱའོ། །མཐར་བཅུ་བཞི་པ་ལ་མེ་དང་རིའི་གྲངས་ཞེས་པ་བདུན་ཅུ་རྩ་གསུམ་མོ། །བསྟན་པ་སྲིད་པའི་གནས་ལ་སྟེ་གནས་བཅུ་བཞི་པ་ལ་པ་སངས་ཀྱི་རྒྱུ་བ་རིམ་པས་རྟོགས་པར་བྱའོ། །ཉི་མའི་བུ་ལ་དྲུག་དང་འབྱུང་བའི་གྲངས།
་སྤེན་པའི་གནས་བཅུ་བཞི་ལ་ཆུ་ཚོད་ལྔ་བཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལས་དྲུག་དང་འབྱུང་བ་དག་དང་འབྱུང་བ་རིག་བྱེད་ཅེས་པ་ནི་གནས་དང་པོ་ལ་དྲུག་གོ་།གཉིས་པ་ལ་ལྔ་སྟེ། གསུམ་པ་ལ་ཡང་ངོ། །བཞི་པ་ལ་བཞིའོ་ཆུ་གཏེར་མིག་དང་ཞེས་པ་ནི་ལྔ
་པ་ལ་བཞིའོ། །དྲུག་པ་ལ་གཉིས་སོ། །བདུན་པ་ལ་ཟུང་ཞེས་པ་གཉིས་སོ། །བརྒྱད་པ་ལ་སྟོང་པའོ། །དེ་ནས་རྩ་བར་ཕྱེད་ཕྱི་མ་ལ་ཕྱོགས་དང་རིག་བྱེད་དག་དང་འབྱུང་བ་ཞེས་པ་ནི་དགུ་པ་ལ་གཉིས་སོ། །བཅུ་པ་ལ་བཞིའོ། །བཅུ་གཅིག་པ་ལ་ལྔའོ། །རོ་དང་ནོར
་དང་རྩེ་མོ་ཅན་ཞེས་པ་ནི་བཅུ་གཉིས་པ་ལ་དྲུག་གོ་།བཅུ་གསུམ་པ་ལ་བརྒྱད་དོ། །བཅུ་བཞི་པ་ལ་ཆུ་ཚོད་གསུམ་སྟེ། སྤེན་པའི་གནས་བཅུ་བཞི་ལ་རིམ་པས་བཞག་པར་བྱའོ། །དེ་ལྟར་གཟའ་རྣམས་ཀྱི་རྒྱུ་བ་མཛའ་དག་དུས་ཀྱི་འཁོར་ལོ་དག་ལ་ཤིན་ཏུ་ངེས་པར
་འགྱུར་ཞེས་པ་ནི་དབུ་མའི་ལོ་བརྒྱའི་དབུགས་ཀྱི་འཁོར་ལོ་ལ་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ། གཟའ་རྣམས་འཆར་བའི་རྒྱུ་བའི་ཆུ་ཚོད་ཀྱི་ལོངས་སྤྱོད་དོ། །ད་ནི་དལ་བའི་བྱ་བ་ལས་སྐྱེ་བའི་ཁྱིམ་གྱི་ཆུ་ཚོད་དལ་བའི་རྐང་པ་རྣམས་གསུངས་པ། སུམ་ཅུ་རྩ་དྲུག་ཅེས་པ་ལ
་སོགས་ཏེ། སུམ་ཅུ་རྩ་དྲུག་ཕྱེད་བཅས་ཟླ་བ་ནི་ལོ་གསུམ་གྱི་ཟླ་བ་སུམ་ཅུ་རྩ་དྲུག་དང། ཕྱོགས་གསུམ་ལས་ཕྱོགས་གཅིག་བཟུང་བ་སྟེ། ངེས་པར་ཞེས་པ་གདོན་མི་ཟ་བར་རོ། །ནོར་གྱིས་བསྒྱུར་བ་དག་ཅེས་པ་ལ། སྒྲ་དང་རེག་དང་གཟུགས་དང་རོ་དང་དྲི་དང་སྙིང
་སྟོབས་དང་རྡུལ་དང་མུན་པ་ནི་ཡོན་ཏན་བརྒྱད་དེ། ཡོན་ཏན་བརྒྱད་པོ་འདི་དག་གིས་བསྒྱུར་བ་དག་གི་གཟའ་ལྔ་པོ་རྣམས་ཀྱིས་དལ་བའི་བྱ་བ་ལ་རྐང་པར་འགྱུར་རོ། །མིག་བུ་ལ་མིག་གིས་གྲངས་ནི་ཁྱིམ་གྱིས་ཆུ་ཚོད་ཉིས་བརྒྱ་དགུ་ཅུ་རྩ་གཉིས་ཀྱི་གྲངས་སུ
་འགྱུར་རོ། །དེ་ལས་རབ་ཏུ་གསལ་བར་བཀྲ་ཤིས་ལ་སོགས་པ་རྣམས་ཀྱིས་གནས་དྲུག་གི་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་ལ་རིམ་པ་དང་རིམ་པ་མིན་པས་ཤེས་པར་བྱའོ། །དེ་ཉིད་བཅོ་བརྒྱད་རི་དགས་བསྟན་པས་ཡི་བུ་ཡི་ཕྱི་མ་ཕྱེད་དང་སྔ་མའི་ཆ་ལ་སྟེ། དེ་བཞིན་དུ་ཕྱོགས་རི་མེ་ནི
་གཟའ་ལག་གིའོ། །དེ་བཞིན་དབང་ཕྱུག་དགུ་མེ་བླ་མའི་ལྔ་ཆ་དང་གཞན་གྱི་ཆ་ལ་ཡང་ངོ། །དེ་བཞིན་དུ་དཀར་པོའི་མངའ་དང་ཆུ་གཏེར་ཟླ་བའོ། །དེ་བཞིན་དུ་སྤེན་པའི་ཡང་མིག་བཅས་མིག་དང་ཉིན་ཞག་དུས་སུ་འགྱུར་ཏེ། རིམ་པ་འདི་ནི་སྔར་བརྗོད་པ་ཡིན
་ནོ། །དེ་ལྟར་དུས་ཀྱི་འཁོར་ལོའི་ཟླ་བའི་ཡོངས་སུ་ལོངས་སྤྱོད་པ་བརྒྱད་ཀྱིས་བསྒྱུར་བ་ལས་དྲུག་ཅུའི་ཆ་ཤས་ནི་ཁྱིམ་གྱི་རྐང་པའི་ཆུ་ཚོད་དུ་རིག་པར་བྱའོ། །ད་ནི་ཟླ་བ་ཞེས་པ་ལ་སོགས་པས་བཀྲ་ཤིས་ལ་སོགས་པ་གཟའ་ལྔ
་རྣམས་ཀྱི་ཁྱིམ་གསུམ་ཡོངས་སུ་ལོངས་སྤྱོད་པ་ལས་ལོ་གསུམ་གྱི་ཉིན་ཞག་དང་མཚུངས་པའི་ཆུ་ཚོད་ཡོངས་སུ་ལོངས་སྤྱོད་པར་གསུངས་པ། ཟླ་བ་ལ་ནི་ས་སྐྱེས་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་དག་སྟེ། ཞེས་པ་ནི་འཇིག་རྟེན་ལས་གྲགས་པ་སྟེ། རང་གི་ངོ
་བོས་ནི་དཀྱིལ་འཁོར་གྱི་ཆ་ཡིས་ཐོབ་པའི་ཆུ་ཚོད་རྣམས་སུ་འགྱུར་རོ། །ཟླ་བར་ཡང་ཕྱེད་དང་བཅས་པའི་ཉིན་ཞག་སུམ་ཅུས་འགྱུར་རོ། །གྲུབ་པའི་མཛའ་ཡིས་ཚད་ཕུར་བུ་དང་སྤེན་པའི་ལོངས་སྤྱོད་དང་ལྷན་ཅིག་ཉི་མ་ལ་རྣམ་པར་སྤྱོད་པར་གསུམ
་པོ་རྣམས་ཀྱི་ཆུ་ཚོད་དགུ་བཅུར་འགྱུར་རོ། །ཞེས་པ་ནི་གྲུབ་པའི་མཛའ་ཨོ། །ལྔ་དང་འཇིག་རྟེན་ཟླ་བའི་གྲངས་པ་སངས་ཀྱི་སྟེ། མི་རིགས་སོ་ཞེ་ན། གྲུབ་པའི་མཛའ་ཚད་མ་ཡིན་པའི་ཕྱིར་རོ། །གང་གིས་ཕྱིར་ཉི་མའི་ལོངས་སྤྱོད་ཀྱི་པ་སངས་ལ་རྣམ་པར་སྦྱངས
་པ་ལས་པ་སངས་སུ་འགྱུར་བ་དེ་ན་པ་སངས་ཀྱི་ཟླ་བའི་ལོངས་སྤྱོད་ཀྱི་ཆུ་ཚོད་ཀྱི་ཚོགས་ན་བརྒྱ་སུམ་ཅུ་སོ་ལྔ་སྟེ། གཟའ་ལག་གི་ཡང་དེ་བཞིན་ནོ། །དེ་དག་གཅིག་ཏུ་བསྡུས་པ་མཁའ་རོ་བསྲེག་ཟ་སྟེ་ལྔ་པོ་རྣམས་ཀྱི་ཆུ་ཚོད་ཀྱི་ཚོགས་སུམ་བརྒྱ་དྲུག
་ཅུར་འགྱུར་རོ། །འདི་དག་ཟླ་བ་གསུམ་གྱི་ལོའི་ཉིན་ཞག་བུ་ལོན་ཆུ་ཚོད་དེ་ཆུ་ཚོད་སྟོང་བརྒྱད་ཅུའོ། །ལོངས་སྤྱོད་འདི་ནི་གསུམ་གྱིའོ། ཞེས་པ་ནི་འཇམ་དཔལ་གྱི་ཚིག་ཟུར་གྱིས་གྲུབ་པའི་མཛའ་གསུངས་པའོ། །ཟླ་བར་བླ་མའི་ལོངས་སྤྱོད་དུ་འགྱུར
་ཞེས་པ་སོགས་པ་གྲུབ་པའི་མཛའ་ཨི་ཚིགས་སུ་བཅད་པ་འདི་ནི་འཇིག་རྟེན་གྱི་གྲགས་པ་ཉམས་པར་བྱ་བའི་དོན་དུ་ཚིག་ཟུང་གྱིས་དོན་གསུངས་པའོ། །འདིར་ཕྱོགས་གསུམ་པོ་གང་ཡིན་པ་དེ་དག་ནི་མཇུག་རིངས་འཆར་བའི་ལོངས་སྤྱོད་དང་འབྲེལ་བར
་གཟའ་ལྔ་རྣམས་ཀྱི་རྩ་བའི་སྒྲུབ་པའི་མཛའ་ལས་གསུངས་སོ། །དེའི་ཕྱིར་དེ་དག་ཕུར་བུ་དང་སྤེན་པའི་ལོངས་སྤྱོད་ལ་སྦྱིན་པར་མི་བྱའོ། །ད་ནི་སྒྲ་གཅན་གྱི་ལོངས་སྤྱོད་ལས་མཇུག་རིངས་ཀྱི་ལོངས་སྤྱོད་གསུངས་པ། ཟླ་གཅིག་ཅེས་པ་ལ་སོགས་པ་སྟེ། འདིར་སྔར་གྱི
་དལ་བའི་བྱ་བ་ལ་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་རྩ་དྲུག་གི་ལྷག་མའི་ཟླ་བ་གང་ཞིག་གཟའ་རྣམས་ཀྱིས་མ་སྤྱད་པའི་ཟླ་བ་དེ་ཉིད་ཡོན་ཏན་བརྒྱད་ཀྱིས་བསྒྱུར་ཏེ། དེ་ལས་དྲུག་ཅུའི་ཆས་ཆུ་ཚོད་བརྒྱད་བཟུང་བར་བྱའོ། །དེ་དག་ལས་ཆུ་ཚོད་ཕྱེད་དང་བཅས
་པའི་བདུན་ནི་སྒྲ་གཅན་གྱི་ལོངས་སྤྱོད་དེ། འདི་ཉིད་ལ་ཞེས་པ་ནི་ཉི་མའི་ཟླ་བའི་ཚད་ལའོ། །སྒྲ་གཅན་ཟླ་བའི་ལོངས་སྤྱོད་ཉི་མ་དང་བཅས་ཟླ་བའི་རྐང་པ་ཞེས་པ་ནི་ཉི་མའི་སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ་རྐང་པ་གསུམ་མོ། །ཟླ་བའི་དྲི་དང་རོ་དང་གཟུགས
་དང་རེག་དང་སྒྲའི་ཡོན་ཏན་ཏེ་རྐང་པ་ལྔའོ། །རྐང་པ་བརྒྱད་པོ་འདི་དག་ནི་སྒྲ་གཅན་གྱི་ཆུ་ཚོད་ཕྱེད་དང་བཅས་པའི་བདུན་གྱི་རང་བཞིན་ནོ། །ལྷག་མ་ཆུ་ཚོད་ཕྱེད་ནི་མུན་པ་མེད་པའི་རང་བཞིན་ཏེ། དེས་དམན་པ་ནི་ཆུ་ཚོད་ཕྱེད་ཀྱི་རྣམ་པར་དམན་པའི
་ཉི་མའི་བགྲོད་པ་དང་པོ་ལ་གསུམ། ཆུ་སྲིན་གྱི་འཕོ་བའི་ཕྱོགས་དང་པོ་ལ་ཆུ་ཚོད་གསུམ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་ནོར་གྱི་ལོངས་སྤྱོད་དོ། །དེ་བཞིན་དུ་ཀར་ཀ་ཊའི་ཕྱོགས་དང་པོ་ལ་བུ་ལོན་གྱི་ལོངས་སྤྱོད་དོ། །ཟླ་བ
་མྱོས་བྱེད་ཉིན་ཞག་དག་ལ་ཞེས་པ་ནི། ཚོགས་ཀྱི་གནས་སུ་བཅུ་བཞིའི་ཆའི་ལྷག་མ་ཉིན་ཞག་དང་པོ་སྟེ། རྐང་པ་དང་པོ་འམ་བཅུ་གསུམ་པ་ལ་ཟླ་བའི་ཆུ་ཚོད་ལྔ་སྟེ། ཡོན་ཏན་ལྔའི་བདག་ཉིད་དུ་འགྱུར་རོ། །གང་ཞིག་མ་སྤྱད་ཕྱེད་ཀྱི་ཆུ་ཚོད་ཅེས
་པ་ནི་སྒྲ་གཅན་གྱིས་མ་སྤྱད་པའོ། །དུས་ཀྱི་ཉིན་ཞག་དུས་ལ་སྟེ། ཉིན་ཞག་དྲུག་ཅུ་རྩ་བཞི་ལ། །དེ་ནི་ཆ་དམན་ཟླ་བ་སྟེ། །ཟླ་བའི་ཆ་ཉམས་པའོ་ཞེས་པའི་དོན་ཏོ། །དེ་ནི་ཉི་མའི་ལྷག་པར་འགྱུར་ཏེ། ཉི་མའི་ཆུ་ཚོད་གཉིས་སུ་གྱུར་ནས་ཉིན་ཞག་སོ་སོར
་ལྷག་སྟེ། དུས་ཀྱིས་བསྒྱུར་བ་རིག་བྱེད་རྣམས་ཀྱིས་ཚེས་གྲངས་བསྒྱུར་ཞེས་པ་ལ་སོགས་པས་སོ། །གང་ཞིག་ཟླ་བའི་ནང་དུ་ཉིན་ཞག་དུ་གྱུར་པ་དེ་ཉིད་ནི་ལྷག་པར་འགྱུར་ཏེ། ཉི་མའི་ཟླ་བ་སྟེ། འཕོ་བའི་ཟླ་བ་ལ་ཉིན་ཞག་གཅིག
་ལྷག་པ་དེ་ཉིད་དབུ་མའི་ཡན་ལག་ཏུ་རིག་པར་བྱའོ། །སྒྲ་གཅན་ཟླ་བའི་ལོངས་སྤྱོད་མིག་གི་རྣམ་པར་བསྒྱུར་ཏེ་ཞེས་པ་ནི་སྒྲ་གཅན་གྱིས་དུས་ཀྱི་ལོངས་སྤྱོད་ཆུ་ཚོད་བཅོ་ལྔ་ལ། ཕྱོགས་ཀྱི་ལོངས་སྤྱོད་དག་གིས་བགོས་པ་ལས་ཏེ། རྐང་པ་ཡིས
་དམན་པའི་བཞི་ཡིས་ཐོབ་པ་དག་ནི་མཇུག་རིངས་ཀྱི་ཆུ་ཚོད་བཞི་སྟེ་ཉིན་ཞག་སོ་སོའི་དུས་སུའོ། །སླར་ཡང་སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་ལས། ཆུ་སྲང་བདུན་དང་ཕྱེད་ཕྲོགས་ཏེ། ཆུ་སྲང་བདུན་དང་དབུགས་གསུམ་པོ་འདི་དག་ཡོན་ཏན་གསུམ
་གྱིས་བསྒྱུར་བ་ནི་ཕྱེད་དང་བཅས་པའི་ཆུ་སྲང་ཉི་ཤུ་རྩ་གཉིས་སུ་འགྱུར་ཏེ་བྱེད་པ་བརྗོད་པར་འདོད་པས་སོ། །རང་གི་ངོ་བོས་ནི་གང་ཞིག་ཕྱེད་དང་བཅས་པའི་གསུམ་གྱིས་ཏེ། གང་དུ་ཉི་མས་ཉིན་ཞག་སོ་སོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་དྲུག་ལོངས
་སྤྱོད་པའོ། །ཉི་མའི་ལོངས་སྤྱོད་དག་ལ་སྦྱང་བར་བྱ། ཉི་མའི་ལོངས་སྤྱོད་ཉིན་ཞག་སོ་སོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་པོ་འདི་ནི་བྱེད་པ་བརྗོད་པར་འདོད་པའི་འོ། །གྲུབ་པའི་མཛའ་ལ་ནི་ཆུ་སྲང་དྲུག་ལྷག་གོ་།ཉི་མའི་ལོངས་སྤྱོད་དེ་ལས་སྦྱང་བར
་བྱ་སྟེ། སྦྱངས་པའི་ལྷག་མ་ནི་རྐང་པར་འགྱུར་རོ། །མཇུག་རིངས་ཉི་མ་དག་དང་ལྷན་ཅིག་རྣམ་པར་རྒྱུ་སྟེ། མྱུར་བར་རྒྱུ་བ་ལ་མདུན་ནས་རིམ་པ་དང། འཁྱོག་པོར་རྒྱུ་བ་ལ་རྒྱབ་ནས་རིམ་པ་མིན་པས་རྐང་པ་སྤྱོད་དོ། །རྒྱུ་བར་ཆུ་སྲང་ཕྱེད་བཅས་གཉིས
་སྤྱོད་ཉིན་དང་ཉིན་ལ་ཉི་མའི་ལོངས་སྤྱོད་དག་ལས་རིམ་པས་སམ་རིམ་པ་མིན་པས་སོ། །རང་གི་ཟླ་བ་སུམ་ཅུ་དྲུག་གི་དེ་རྒྱུ་ཆུ་ཚོད་དག་ཀྱང་འཇིག་རྟེན་གྱི་ནི་ཚེས་གྲངས་བསྒྱུར། གསུམ་གྱི་བཅོ་ལྔ་བསྒྱུར་བ་ནི་བཞི་བཅུ་རྩ་ལྔའོ། །ཕྱེད་བཅས་ཟླ་བར
་ཆུ་ཚོད་གཉིས་ནི་ཉིན་ཞག་སོ་སོར་འཆར་ཏེ། ལོ་གསུམ་གྱི་མཐར་ཆུ་སྲང་གི་ལོངས་སྤྱོད་རྣམས་ཡོངས་སུ་བཏང་ནས་ཕྱོགས་གསུམ་གྱི་བར་དུ་ཉིན་ཞག་སོ་སོར་ཆུ་ཚོད་གཉིས་ལོངས་སྤྱོད་དེ་མྱུར་བ་ལ་མདུན་དང། འཁྱོག་པོ་ལ་རྒྱབ་ཏུའོ། །དེ་ལྟར་ཕྱེད་བཅས་ཟླ
་བའི་བར་དུ་དེ་འཆར་ཏེ། འོན་ཀྱང་ཟླ་བ་གཅིག་ནི་དུ་བ་མེད་པའོ། །དེ་ནས་མཛའ་ཨི་ཕྱོགས་གཅིག་དུ་བ་དང་བཅས་པའོ། །དེས་ན་སེམས་ཅན་རྣམས་ལ་དུ་བ་མཇུག་རིངས་རབ་ཏུ་གསལ་ཏེ་འགྲོ་བ་དང་འོང་བའི་དབྱེ་བས་ཟླ་བ་གཅིག་ཏུ་འགྱུར་རོ། །དུ་བ་བཏང་ན
་སྐབས་བཞིན་རབ་ཏུ་གནང་བར་འགྱུར་རོ། །སླར་ཡང་དཔལ་དུས་ཀྱི་འཁོར་ལོར་ལོ་གསུམ་གྱི་ལོངས་སྤྱོད་ལ་རབ་འཇུག་དེ་ནི་གང་ཚེ་ལོ་ཡིས་ལོངས་སྤྱོད་ལ་ཞུགས་པ་དེའི་ཚེ་མཐོང་བ་མིན་པར་འགྱུར་རོ། །དེའི་འཆར་བའི་ཆ་དག་ཤེས་པར་གྱུར་ན་སྟེ། དེ་ལྟར་མཇུག
་རིངས་དེ་ཡི་འཆར་བའི་ཆ་དག་ཤེས་པར་གྱུར་ན། དེ་ཡི་འཆར་པ་མཛའ་ཡས་པའི་དུས་ཀྱང་ཤེས་པར་འགྱུར་རོ། །ད་ནི་དུས་ཀྱི་འཁོར་ལོར་ལོ་གསུམ་གྱི་ཉིན་ཞག་དེ་ཉིད་ཉི་ཤུ་རྩ་ལྔས་སྒྱུར་ཞིང་བགྲོད་པའི་ཉིན་ཞག་གིས་དམན་པ་ལ་དགུ་བསྲེས་པ་རྣམས་གཟའ
་རྣམས་ཀྱི་དཀྱིལ་འཁོར་དུ་གསུངས་པ། ལོའི་ཉིན་ཞག་ཅེས་པ་ལ་སོགས་པ་སྟེ། ལོའི་ཉིན་ཞག་ནི་སྟོང་ཕྲག་གཅིག་དང་བརྒྱད་ཅུའོ། །དེ་ཉིད་ལྔ་ཡིས་བསྒྱུར་ཏེ། སླར་ཡང་མངའ་ཞེས་པ་ལྔ་ཡིས་བསྣུན་པ་ནི་བསྒྱུར་ཞེས་པའི་དོན་ཏོ། །དེ་ལྟར་དུམ་བུར་བསྒྱུར་བ་ནི་ཉི་ཤུ
་རྩ་ལྔ་སྒྱུར་བར་འགྱུར་རོ། བགྲོད་པའི་ཉིན་ཞག་ནི་བརྒྱ་བརྒྱད་ཅུ་སྟེ་དེས་དམན་པའོ། །བགྲོད་པ་གཅིག་ལ་གཟའ་རྣམས་ལོངས་སྤྱོད་པའི་དབང་གིས་བགྲོད་པ་གཅིག་གིས་ཉིན་ཞག་རྣམས་ཀྱིས་དམན་པར་འགྱུར་རོ། །བུག་པ་བསྲེས་པ་རྣམས་ནི་བུག་ར་ཞེས་པ་དགུ
་སྟེ། དེ་དག་གིས་བསྲེས་པ་རྣམས་ནི་རང་རང་གི་བགྲོད་པའི་དབང་གིས་གཟའ་ལྔ་པོ་རྣམས་ཀྱི་ཉིན་ཞག་གི་དཀྱིལ་འཁོར་དུ་འགྱུར་རོ། །གཅིག་ཏུ་བསྡུས་པ་ལས་དྲུག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དགུ་ལྷག་པའི་ཁྲི་ཕྲག་གཉིས་ཏེ། དེ་ལས་ས་སྐྱེས་པ་ནི་རི་ཀླུ་དྲུག
་ཅེས་པ་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །རི་བུག་རི་ཀླུ་སྟེ་ཟླ་སྐྱེས་ལ་སྟོང་ཕྲག་བརྒྱད་དང་བདུན་བརྒྱ་དགུ་བཅུ་རྩ་བདུན་དུ་འགྱུར་རོ། །ལྷ་ཡི་བླ་མ་དག་ལ་སོ་མེ་རིག་བྱེད་དེ་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ
་གཉིས་སུ་འགྱུར་རོ། །པ་སངས་ལ་རི་དང་རྒྱལ་བ་མིག་ཅེས་པ་ཉིས་སྟོང་བརྒྱ་བཞི་བཅུ་རྩ་བདུན་དུ་འགྱུར་རོ། །ཉི་མའི་བུ་ལ་དྲུག་དྲུག་རི་དང་ནམ་མཁའ་གཅིག་ཅེས་པ་ཁྲི་ཕྲག་གཅིག་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གི་ཉིན་ཞག་གི་ཚོགས་ནི་དཀྱིལ་འཁོར
་དུ་འགྱུར་རོ། །ས་སྐྱེས་ལ་ནི་རི་དུས་གཅིག་ཀྱང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བར་ནི་འགྲེལ་བཤད་ལས་སྔར་བརྗོད་ཟིན་ཏོ། །ད་ནི་གཟའ་རྣམས་ཀྱི་སྐྱེ་བ་དག་པར་བྱ་བའི་དོན་དུ་རྒྱུ་སྐར་གྱི་ཚོགས་གསུངས་པ། ཟླ་བ་དྲུག་གི་ཟླ་བའི
་ལོངས་སྤྱོད་ཅེས་པ་ནི་དེའི་སྟེང་དུ་དག་པ་སྟེ། གྲུབ་པའི་མཛའ་ལའོ། །འོན་ཀྱང་སེམས་ཅན་གྱིས་བསམ་པའི་དབང་གིས་བྱེད་པ་ལ་ལྟོས་པའོ། །མཇུག་རིངས་འཆར་བ་ལ་ཡང་ཕྱོགས་གསུམ་གྱི་ཉིན་ཞག་གི་རྒྱུ་བའི་རྐང་པ་བསྒྱུར་བ་ནི་ཆུ་སྲང་གི་ཚོགས་ཕྱེད
་དང་བཅས་པའི་བརྒྱ་བཅུ་གཉིས་སུ་འགྱུར་ཏེ། དེ་ཉིད་མཇུག་རིངས་ཤར་བ་ནས་ཉིན་ཞག་སོ་སོ་ལ་འགྱུར་རོ་ཞེས་པ་ནི་བྱ་བར་རིག་པར་བྱའོ། །གང་ཞིག་ཕྱེད་ཀྱི་ཆུ་ཚོད་རྒྱུ་སྐར་གྱི་བུ་ལོན་གྱི་གནས་ནས་ཐོབ་པ་ཞེས་པ་ནི་སེམས་ཅན་རྣམས་སྨིན་པར
་བྱ་བའི་སླད་དུ་མའི་ལམ་དུའི་ཚིག་གོ་།ད་ནི་གཟའ་རྣམས་ཀྱི་རྒྱ་བའི་སྟོབས་གསུངས་པ། ཟླ་སྐྱེས་ཞེས་པ་ལ་སོགས་པ་སྟེ་ཟླ་སྐྱེས་གཟའ་ལག་དང་བློན་པོ་ཕུར་བུ་ནི་མྱུར་བ་སྟེ། མྱུར་བར་རྒྱུ་བ་ཕྱེད་སྔ་མ་ལ་ཤར་བར་གྱུར་པ་ན་སྟོབས་དང་ལྡན་པར་འགྱུར་རོ།།
་ས་སྐྱེས་དང་མཇུག་རིངས་ནི་ས་སྐྱེས་མཇུག་རིངས་ཏེ། འཁྱོག་པོ་ལ་ཞེས་པ་དཀྱིལ་འཁོར་བྱེད་ཡོངས་སུ་བཏང་ནས་རིམ་པ་མིན་པ་ལ་ལོངས་སྤྱོད་པ་ཏེ་སྟོབས་དང་ལྡན་པར་འགྱུར་རོ། །དམན་པ་སྤེན་པ་དང་པ་སངས་ནི་དལ་བ་ལ་སྟེ། རིམ་པའི་ཕྱིར
་ཕྱི་མ་ལ་སྟོབས་དང་ལྡན་ནོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཁམས་ཀྱི་ཡོན་ཏན་གྱི་དབང་གིས་སོ། །རྒྱུ་བ་ལྷག་མ་ལ་སྟེ་རྒྱུ་བ་གསུམ་ལ་ས་སྐྱེས་ལ་སོགས་པ་རྣམས་སྟོབས་མེད་དོ། །མྱུར་ལ་ཤར་དུ་ཁ་ཕྱོགས་འགྱུར་ཏེ། གཟའ་ཐམས་ཅད
་མྱུར་བར་རྒྱུ་བ་ཕྱེད་སྔ་མ་ལ་ཤར་དུ་ཁ་ཕྱོགས་པར་འགྱུར་རོ། །སླར་ཡང་དེ་དག་འཁྱོག་པོར་རྒྱུ་བ་ལ་རབ་ཏུ་ཞུགས་པར་གྱུར་པ་ན་གཞན་དུ་མངོན་པར་ཕྱོགས་ཏེ་ནུབ་ཏུ་མངོན་པར་ཕྱོགས་སོ། །དལ་བར་རིམ་པའི་ཕྱེད་ཕྱི་མ་ལ་ལྷོ་རུ་བཞིན་ཕྱོགས
་པར་འགྱུར་རོ། །རང་བགྲོད་ཡོན་ཏན་དབང་གི་འབྱུང་བ་ལ་ཡང་སྟེ། རིམ་པ་མིན་པའི་ཕྱེད་ཕྱི་མ་ལ་བྱང་དུ་གདོང་ཕྱོགས་བར་འགྱུར་ཏེ། ཚིག་འདི་ནི་དབྱངས་འཆར་བ་ལ་སའི་སྟོབས་ཀྱི་དོན་དུའོ། །ད་ནི་ཉི་མ་དང་ཟླ་བའི་རྐང་པ་གསུངས་པ། ཟླ་བ་ཉིན་ཞག་སུམ་ཅུ
་གང་དག་ཆུ་གཏེར་གྱིས་བསྒྱུར་ཞེས་པ་བཞི་ཡིས་བསྒྱུར་བ་དེ་དག་།མཁའ་མིག་ཟླ་བ་ཟླ་བའི་རྐང་པ་སྟེ། ཉིན་ཞག་བདུན་གྱི་བར་དུ་ཟླ་བའི་ཆ་འཕེལ་བའི་དོན་དུ་རྐང་པ་བརྒྱ་ཉི་ཤུར་འགྱུར་ཏེ་འཆད་པར་འགྱུར་བ་ལ་བརྗོད་པར་བྱའོ། །ཁྱིམ་ནི་བཅུ་གཉིས
་པོ་རྣམས་བཞི་ཡིས་བསྒྱུར་བ་བརྒྱད་དང་རིག་བྱེད་དག་ཀྱང་ཟླ་བ་དྲུག་གི་བར་དུ་ཉི་མའི་རྐང་པར་འགྱུར་རོ། །དེ་ཡང་འཆད་པར་འགྱུར་བ་ལ་བརྗོད་པར་བྱ་སྟེ། འདིར་ནི་མདོར་བསྡུས་པ་ཙམ་གྱིས་རྐང་པ་འདི་དག་གི་ངེས་པའོ། །དེའི་ནང་དུ་འགྲིབ་དང་འཕེལ་བ་དག
་ཀྱང་བགྲོད་པ་འགྲོ་བའི་དབང་གིས་རིམ་མིན་རིམ་པ་སྟེ་འཁོར་ལོ་ཕྱེད་ཕྱེད་དག་ལ་མཛའ་དག་ནོར་དང་དུས་ཀྱི་གྲངས་རྣམས་ཏེ། བཞི་བཅུ་རྩ་བརྒྱད་ཀྱི་གྲངས་རྣམས་བྱེད་པ་བརྗོད་པར་འདོད་པ་ལ་རིག་པར་བྱའོ། །ད་ནི་ཟླ་བའི་དཀྱིལ་འཁོར་ལ་སྒྲ་གཅན་འཇུག་པའི
་མཚན་ཉིད་གསུངས་པ། ཚིག་མཚམས་ཞེས་པ་ལ་སོགས་པ་སྟེ། ཚིག་མཚམས་ནི་ཉའི་མཛའ་འམ་གནམ་སྟོང་གི་མཐར་རོ། །རི་བོང་ཅན་གྱི་དཀྱིལ་འཁོར་དག་ལ་སྒྲ་གཅན་རབ་ཏུ་འཇུག་སྟེ། དཀྱིལ་འཁོར་ཡང་དཀྱིལ་འཁོར་གྱི་སྒྲས་ནི་འདིར་ཆུ་ཚོད་དྲུག
་ཅུའི་བདག་ཉིད་རྒྱུ་སྐར་གཅིག་གི་ལོངས་སྤྱོད་དེ། དེ་ཡང་ཐམས་ཅད་འཛིན་པའི་དབང་གིས་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་དང་ཆ་དྲུག་ཅུའི་བདག་ཉིད་དུ་རིག་པར་བྱའོ། །རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ་གལ་ཏེ་སྒྲ་གཅན་གྱི་ལོངས
་སྤྱོད་ཀྱིས་ཟླ་བའི་ལོངས་སྤྱོད་ཀྱིས་ཡོངས་སུ་དག་ན་དེའི་ཚེ་ཆུ་ཚོད་དྲུག་ཅུའི་མཐར་ཐུག་པར་ཐམས་ཅད་འཛིན་ནོ། །ལོངས་སྤྱོད་ཕྱེད་དག་པར་གྱུར་ན་ཕྱེད་འཛིན་ནོ། །རི་བོང་ཅན་གྱི་རྒྱུ་བའི་དབང་གིས་དཀྱིལ་འཁོར་ཆུ་ཚོད་དྲུག་ཅུ་སྟེ་ཟླ་བའི་ཆ་བཅུ་དྲུག་གི་བདག
་ཉིད་དོ། །དེ་བཞིན་དུ་རི་བོང་ཅན་གྱི་རྒྱུ་བའི་དབང་གིས་ཆུ་ཚོད་དག་ནི་ཇི་སྙེད་ཡོད་པ་སྟེ། དགྲ་གཅན་གྱི་ལོངས་སྤྱོད་ལ་རབ་ཏུ་ཞུགས་པ་དེ་སྙེད་ནི་ཆ་གཅིག་གི་བཞི་ཆའི་བར་དུ་གཟའ་དང་འགྲོགས་པ་ཤེས་པར་བྱའོ། །སྒྲ་གཅན་འཁོར་བ་ལ་སོགས་འདི
་དག་གྲུབ་པའི་མཛའ་ལས་ཕྱི་རོལ་ཞེས་པའི་དོན་དུ་རྒྱ་ཆེར་རིག་པར་བྱའོ། །རྒྱུད་འདིར་ནི་བསྡུས་པའི་སླད་དུ་འཇམ་དཔལ་གྱིས་གསལ་པོར་མ་བསྟན་ཏེ། འདིར་ནི་གང་ཞིག་ནད་ལ་ཉེ་བར་འཁོར་བ་དེ་ཉིད་མདོར་བསྡུས་པས་བརྗོད་དོ། །དེ་བཞིན་དུ་གཟའའཐབ
་པ་ལ་སོགས་པ་མཛའ་དག་གྲུབ་པའི་མཛའ་ལས་ཤེས་པར་བྱའོ། །རྒྱུད་འདིར་ནི་སྐར་རྩིས་ཀྱི་ཡུལ་གཟའའཐབ་པ་ལ་སོགས་པ་གྲུབ་པའི་མཛའ་ལ་ལྟོས་སོ། །ནང་དུ་ནི་གཟའའཐབ་པ་བརྗོད་པར་འདོད་པ་མེད་དོ། ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ། ཕྱི་རོལ།
་ཏུ་ཟླ་བ་འཛིན་པ་བྱུང་བར་གྱུར་པ་ན་ནང་དུ་སེམས་ཅན་རྣམས་ཀྱི་ཁུ་བ་འཛིན་པར་འགྱུར་བ་མ་ཡིན་ཞིང་ཉི་མ་འཛིན་པས་རྡུལ་འཛིན་པར་འགྱུར་རོ། །ཞེས་པའི་ངེས་པ་ཡང་ཐམས་ཅད་དུ་མེད་དོ། །དེའི་ཕྱིར་སངས་རྒྱས་པ་རྣམས་ཀྱིས་ཕྱི་རོལ་ཡོངས་སུ
་ཤེས་པའི་དོན་དུ་ཚངས་པ་དང་ཉི་མ་དང་གཅེར་བུ་བ་དང་སྐྲ་ཅན་གྱི་གྲུབ་པའི་མཛའ་རྣམས་ཤེས་པར་བྱའོ། ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་ནི་གཟའ་ཐམས་ཅད་ཀྱི་རྒྱུ་བ་དུས་བཞིའི་མཐར་སྟོང་པ་ལ་འཇུག་པ་གསུངས་པ། མི་རྣམས
་ཀྱི་ནི་ཞེས་པ་ལ་སོགས་པ་སྟེ། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་དག་།གཟའ་རྣམས་དག་གི་ལོ་ཡི་ལོངས་སྤྱོད་ཀྱིས་ནི་བསྒྱུར་བར་བྱ་ཞེས་པ་ནི། དུས་ཀྱི་འཁོར་ལོ་དང་བཅས་པའི་གཟའ་རྣམས་ཀྱིས་ཉིན་ཞག་ཕྱེད་དང་གཉིས་ཀྱི་ལོ་བརྒྱ་ལོངས་སྤྱོད་དོ། །ཉིན
་ཞག་གསུམ་གྱི་ཉིས་བརྒྱའོ། །ཉིན་ཞག་སུམ་ཅུས་སྟོང་ཕྲག་གཉིས་སོ། །ཉིན་ཞག་སུམ་བརྒྱ་དྲུག་ཅུས་ལོ་སྟོང་ཕྲག་ཉི་ཤུ་རྩ་བཞི་ལོངས་སྤྱོད་པར་འགྱུར་ཏེ། དེ་ཡིས་ལོ་བརྒྱ་བསྒྱུར་པའོ། །གནས་གཉིས་ཕྱོགས་ཀྱི་ཆས་ཐོབ་བ་བཅུའི་ཆའི་ཐོབ
་སྟེང་གི་དུང?་གོ་དག་ལ་བུ་ལོན་སྦྱང་བར་འགྱུར་ཏེ། ལྷག་མ་འབུམ་ཕྲག་ཉི་ཤུ་གཅིག་དང་ཞེས་པ་ནི་འབུམ་ཕྲག་ཉི་ཤུ་རྩ་གཅིག་དང། ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་རྣམས་ནི་དུས་ཀྱི་ཕྱེད་ལ་འགྱུར་རོ། །དུས་ཀྱི་ཕྱེད་ཀྱི་མཛའ་ལ་རྐང་པ་ལྔ་སྟེ་རྫོགས
་ལྡན་གྱི་རྐང་པ་བཞི་དང་གསུམ་གྱི་རྐང་པ་གཅིག་གོ་།དུས་ཀྱི་ཕྱེད་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་བདག་ཉིད་དེ། རིམ་པ་བཞིན་དུ་གཙོ་བོའི་རྩ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བའོ། །སླར་ཡང་ཕུང་པོ་གཉིས་ཀྱི་ཤེས་པ་སླར
་ཡང་གཉིས་པའི་ཕུང་པོ་རྐང་པ་ལྡན་བདག་ཉིད་ཀྱིས་ཏེ། དེ་ལ་གསུམ་ལྡན་གྱི་རྐང་པ་གཉིས་དང། གཉིས་ལྡན་གྱི་རྐང་པ་གཉིས་དང། རྩོད་ལྡན་གྱི་རྐང་པ་གཅིག་སྟེ། ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི་བདག་ཉིད་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གཙོ་བོའི
་རྩ་གཡས་པ་ནས་སྲོག་ཡང་དག་པར་རྒྱུ་བའི་དཀྱིལ་འཁོར་ལྔའི་བདག་ཉིད་དོ། །དེ་ལྟར་ན་རྩ་གཉི་གའི་དཀྱིལ་འཁོར་གྱི་ལོའི་ཕུང་པོ་གཉིས་ཀྱི་དུས་བཞི་པོ་རྣམས་ཀྱི་ལོའི་གྲངས་ཏེ། མི་རྣམས་ཀྱི་ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བརྒྱ་རྩ
་གསུམ་སྟེ། གཙོ་བོའི་དུས་སྦྱོར་གཉིས་གཡོན་དང་གཡས་ཀྱི་རྩའི་དཀྱིལ་འཁོར་ཡང་དག་པར་རྒྱུ་བ་ལས་སོ། །འདིར་དུས་སོ་སོ་རྣམས་ཀྱི་ཚད་ནི། སྟོང་པ་སྟོང་པ་ནམ་མཁའ་ཀླུ་དང་ལག་པ་གྲུབ་པ་རི་བོང་ཅན་རྣམས་ཞེས་པ་ནི་ལ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ལྷག་པའི་
་འབུམ་ཕྲག་བཅུ་བདུན་རྫོགས་ལྡན་གྱི་དུས་ཀྱི་ཚད་དེ། དཀྱིལ་འཁོར་བཞི་རྐང་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །སུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ཅེས་པ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག
་བཅུ་གཉིས་ཀྱི་ལོའི་གྲངས་སུ་རབ་ཏུ་གྲགས་སོ། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་ནི་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་བརྒྱད་དེ། གཉིས་ལྡན་ལོར་ནི་ཡང་དག་པར་འགྱུར་རོ། །སྟོང་པ་ནམ་མཁའ་མཁའ་མིག
་ཡོན་ཏན་ཆུ་གཏོར་རྣམས་ཞེས་པ་ནི། སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞི་རྣམས་ཀྱི་ལོ་ཡི་གྲངས་ནི་རྩོད་པའི་དུས་ལ་འགྱུར་རོ། །དེ་ལྟར་ན་སུམ་ལྡན་གྱི་རྐང་པ་གསུམ་དང། ཉིས་ལྡན་གྱི་གཉིས་དང། རྩོད་ལྡན་གྱི་རྐང་པ
་གཅིག་གོ་།དཀྱིལ་འཁོར་གསུམ་དང་གཉིས་དང་གཅིག་གི་བདག་ཉིད་དེ་དཀྱིལ་འཁོར་སོ་སོ་ནི་རྩོད་ལྡན་གྱི་དུས་ཀྱི་ལོའི་ཚད་དོ། །ལོ་ནི་འདི་དག་རྣམས་ཀྱི་དུས་ཀྱི་མཛའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་པ་དག་ལ་གནས་ཞེས་པ་ལ། ལོ
་ནི་སྔར་བརྗོད་པ་འདི་དག་རྣམས་ཀྱི་དུས་ཀྱི་མཛའ་དུ་སྟེ། དུས་བཞིའི་མཛའ་ཨི་མཐར་གཟའ་ཚོགས་རྒྱུད་ནམ་གྲུའི་མཐར་ཁྱིམ་ནི་སྟོང་པ་དག་ལ་གནས་སོ། །སླར་ཡང་ཐ་སྐར་ལ་སོགས་པའི་རྒྱུ་སྐར་དག་གཟའ་རྣམས་ཀྱི་ལོངས་སྤྱོད་དུ
་འགྱུར་རོ། །རབ་བྱུང་ཞེས་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ནག་པའི་ཟླ་བ་ལ་སོགས་པར་ཡང་འགྱུར་རོ། །གཟའ་དང་སྦྱོར་བ་ཚེས་དང་བྱེད་པ་རྣམས་ཀྱང་དེ་བཞིན་དང་པོ་དག་སྟེ་དེ་ཡི་དུས་སུ་ནི། གཟའ་ཉི་མ་དང་སྦྱོར་བ་སེལ་བ་དང་ཚེས
་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང། བྱེད་པ་པ་བཾ་ཞེས་པ་དང་པོ་དག་སྟེ། དེའི་དུས་སུ་ལྷ་རྣམས་དག་དང་ལྷ་མིན་ཀླ་ཀློ་རྣམས་ཀྱི་འཁྲུག་པ་དྲག་པོས་གཞིའི་གནས་དཱ་ག་དཱ་རྣམས་སུ་འབྱུང་བར་འགྱུར་ཏེ། དེ་ནས་རྫོགས་ལྡན་གྱི་དུས་འཇུག
་པར་འགྱུར་རོ། །ད་ནི་ཚེས་ལ་སོགས་པ་གཟའ་ཡི་ལོངས་སྤྱོད་ཐམས་ཅད་སྟོང་པ་ལ་གནས་པ་ན་སླར་ཡང་ངེས་པ་འབྱུང་བ་གསུངས་པ། དེ་ནས་རྒྱུ་སྐར་རྣམས་ཀྱི་ཉིན་ཞག་གཅིག་ནི་སྒྱུར་བར་འགྱུར་ཏེ། ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་ཀྱང། གཟའ་རྣམས་ཀྱི་ནི
་དཀྱིལ་འཁོར་དག་གིས་ངེས་པར་ཆ་ནི་རབ་ཏུ་ཐོབ་པར་གྱུར་པ་ལོངས་སྤྱོད་འགྱུར། ཟླ་བ་རྫོགས་ན་ངེས་པར་འགྱུར་ཏེ་སླར་ཡང་གཟའ་དང་ཆུ་ཚོད་ཀྱི་ནི་གནས་རྣམས་དག་ཏུ་འགྱུར་རོ། རྒྱུ་སྐར་ལ་ནི་ཉི་མའི་ལོངས་སྤྱོད་དུ་འགྱུར། ཟླ་བ་གཅིག་ལས་སྦྱངས
་པ་ཉིན་ཞག་དག་ནི་ཚོགས་ཞེས་སོ། །ད་ནི་དུས་ཀྱི་འཁོར་ལོའི་ལོ་དང་ཕྱོགས་ལས་ཟླ་བའི་ངེས་པ་གསུངས་པ། སྡེ་པ་དྲུག་ནི་ཉི་མའི་དབྱངས་བཅས་ཞེས་པ་ལ། སྡེ་པ་དྲུག་ནི་ཀ་ཙ་ཊ་པ་ཏ་ས་རྣམས་ནི་གསལ་བྱེད་ཀྱི་མཚན་ཉིད་ཡི་གེ་སུམ་ཅུའོ།།
་དབྱངས་བཅུ་གཉིས་དང་བཅས་པས་སུམ་བརྒྱ་དྲུག་ཅུར་འགྱུར་ཏེ། ཡི་གེ་རྣམས་ཐུང་ངུ་དང་རིང་པོའི་དབྱངས་ཀྱིས་ཆེ་བས་སོ། ། ཨཱ། ཨི་ཨའི། རི་རཱི། ཨུ་ཨའུ། ལི་ལཱི། ཨཾ་ཨ(རྒྱུད་འགྲེལ་གཉིས་ཀྱི་དབྱེ་བས་ཐ་དད་པར་འགྱུར་རོ། །དེས་ན་གསལ་བྱེད་སུམ་ཅུ་པ་རྣམས་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་པ་དག་ནི་སུམ་བརྒྱ་དྲུག་ཅུ་སྟེ། སླར་ཡང་ཀ་ཡིག་ལ་སོགས་པ་དེ་དག་ཡོན་ཏན་གཞན་གྱིས་ཕྱེ་བ་དང། ཡ་ཎ་ར་བསྒྱུར་བས་ཕྱེ
་བ་དག་སྟེ། ངེས་པར་ཡོན་ཏན་གྱིས་བསྒྱུར་ཡོན་ཏན་ནི། ཨའུ་ཨེ་ཨར་ཨོ་ཨལ་ཨོཾ། འཕེལ་བ་ནི། ཨཱ་ཨི་ཨཱར་ཨཽ་ཨཱ་ལ་ཨ(རྒྱུད་འགྲེལ་ཞག་ཀ་ཡིག་ལ་སོགས་པ་དེ་དག་སྟོང་བརྒྱད་ཅུར་འགྱུར་རོ། ། སོགས་ཐུང་ངུ་ཉིན་ཞག་ཅེས་བྱ་བཅོ་ལྔ་སྟེ། སུམ་འགྱུར་རི་བོང་ཅན་ཆ་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོའི་དབྱེ་བས་ཕྱེད་བཅས་ཟླ་བ་ཕྱོགས་གསུམ་དུ་ཟླ་བ་ལ་འགྱུར་རོ། །དེ་ལ
་ཨ་ཨི་རི་ཨུ་ལི་ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ། ལཱ་ཝཱ་རཱ་ཡཱ་ཧཱ། ཨལ་ཨཽ་ཨར་ཨི་ཨ། ལཱི་ཨའུ་རཱི་ཨའི་ཨཱ། ཨཱཾ་ཨའིཾ་རཱི་ཨའུཾ་ལཱིཾ། ཨཱཾ་ཨིཾ་ཨཱ་རཾ་ཨཽཾ་ཨཱ་ལཾ། ཧཱཾ་ཡཱཾ་རཱཾ་ཝཱཾ་ལཱཾ་ཞེས་པ་ནི་ཕྱོགས་གསུམ་གྱི་དབྱངས་སོ། །ཆུ་ཚོད་ཧ
་སོགས་རྣམས་སུ་འགྱུར་ཏེ། དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་དྲུག་ཅུའི་གྲངས་སོ། །སྔར་བརྗོད་པའི་ཚོགས་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུ་ཐུང་ངུ་རྣམས་སོ། །མཚན་ཕྱོད་ནས་ཉི་མ་ཕྱེད་ཀྱི་བར་དུ་རིང་པོ་སུམ་ཅུའོ། །དཔལ་ལྡན་སྟོང་པ་གཞོམ
་མེད་ལ་སོགས་ལྔ་པོ་གང་ཡིན་པ་དེ་དག་སྙིང་སྟོབས་དང། རྡུལ་དང་མུན་པའི་དབྱེ་བས་ས་དེ་བ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་རང་བཞིན་གྱིས་དེ་དག་ནི་སྒྲ་གཅན་ཏེ་སྲོག་གི་རླུང་གིས་དུས་སྦྱོར་གསུམ་དུ་འགྱུར་རོ་ཞེས་བྱ་བ་ནི་ངེས་པའོ། །
་འབྱུང་བ་ཉི་མ་ཟླ་བའི་གྲངས་ནི་སླར་ཡང་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་སྟེ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །ཀྱེ་མིའི་བདག་པོ་ཞེས་པ་སྟེ། ཕྱེད་བཅས་ཟླ་བ་ཞེས་པ་ནི་ཕྱོགས་གསུམ་མོ། །ཕྱེད་དང་བཅས་པའི
་ཟླ་བ་དོར་ནས་ཤེས་པ་ནི་དེ་ལས་ཕྱེད་དང་བཅས་པའི་ཟླ་བ་དོར་བས་གཞན་ནི་སྟོང་བརྒྱད་ཅུར་འགྱུར་རོ། །དེ་ནས་ལྷག་མ་ཐུབ་མཆོག་བདུན་རྣམས་ཀྱིས་བཅད་པའི་ཐོབ་པ་དག་ནི་བསྡུས་པའི་དུས་ཀྱི་འཁོར་ལོར་འགྱུར་རོ། །དེ་ཉིད་ཟླ་བའི་ངེས་པ
་ལ་གཟའ་གཅིག་དང། ཆུ་ཚོད་སུམ་ཅུ་རྩ་གཉིས་དང། ཚོགས་གཉིས་རབ་ཏུ་བསྲེས་ནས་ཚེས་གཅིག་དང་རྒྱུ་བའི་རྐང་པ་ལྔའོ། །འཁོར་ལོ་དག་ལ་རྣམ་པར་ཕྱེ་བ་དག་ནི་གཟར་འགྱུར་རོ། །ལྷ་མོ་དྲུག་ཅུས་རྣམས་ཀྱིས་ཏེ་ཆུ་ཚོད་དྲུག་ཅུ་རྣམས
་ཀྱིས་སོ། །ཞེས་པའི་དོན་ཏོ། །ལྷ་མོ་སུམ་ཅུ་རྩ་གཉིས་ཀྱི་ཆུ་ཚོད་རྣམས་ཀྱི་ཟླ་བའི་ངེས་པ་ལ་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་རྩ་གཉིས་སོ། །ཐུབ་པ་ནོར་གྱིས་བསྒྱུར་བ་ལྔ་བཅུ་རྩ་དྲུག་གི་ལྷ་མོ་རྣམས་ཀྱིས་ཚོགས་ཀྱིས་གནས་སུ་ཚོགས་གཉིས་སུ
་འགྱུར་རོ། །སྦྱིན་དོར་སྦྱིན་པ་དག་ནི་ལྷ་མོ་གཅིག་ཏུ་འགྱུར་ཞིང། རྐང་པ་ལྔ་ནི་ལྷ་མོ་ལྔར་འགྱུར་ཏེ། ལྔ་པོ་གཅིག་དེར་བཅས་པའི་དྲུག་གིས་སོ། །ཟླ་བའི་ཕྱོགས་གསུམ་ཉིན་ཞག་རྣམས་ནི་ཉིན་ཞག་བཞི་བཅུ་རྩ་ལྔ་སྟེ། སུམ་འགྱུར་སྙིང་སྟོབས་དང་རྡུལ
་དང་ཀུན་པའི་བདག་ཉིད་ཀྱང་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཏུ་གྲགས་སོ། །དྲུག་ཅུས་ཕྱེ་བའི་སྐར་མ་གཉིས་དང། ཞེས་པ་ཆུ་ཚོད་བརྒྱ་ཉི་ཤུས་རྒྱུ་སྐར་གྱི་ངེས་པ་ལ་གཉིས་སུ་འགྱུར་རོ། །ཉི་མའི་ཉིན་ཞག་དང་པོ་ལ་བཞི་ཡིས་བསྒྱུར་བའི་ཆུ་ཚོད་བཞི་ལ་སོགས་པ
་དང་ལྡན་པའི་དབང་ཕྱུག་ཆུ་ཚོད་དེ་ཆུ་ཚོད་བཅུ་གཅིག་ཆུ་ཚོད་ཀྱི་གནས་སུ་འགྱུར་རོ། ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །དཔལ་ལྡན་དུས་ཀྱི་འཁོར་ལོ་གཟའ་ཡིས་ཚོགས་དང་བཅས་པ་འདི་དག་ཅེས་པ་ལ་སོགས་པ་བརྗོད་པའི་རིམ་པས་ཕྱི་དང་ལུས་ལ་དབྱེར་མེད་པར
་བསྡུ་བ་དག་ནི་སྤྲོ་བའི་སླད་དུ་སྲིད་པ་གསུམ་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། གནས་དེར་རོ། །ཉི་མ་ཞེས་པ་ནི་ཀྱེ་ཉི་ནའི་ཤིང་རྟ་བསྡུས་པའི་རྒྱུད་ཡང་དག་པར་འཆིང་པ་ལ་གསོལ་བ་འདེབས་སོ་ཞེས་འཇམ་དཔལ་གྱི་བོད་པའོ། །དུས་ཀྱི་གཟུགས་ནི་སྲོག
་གི་གཟུགས་ཀྱིས་སོ། །ཤེས་རབ་ཐབས་ཀྱི་རབ་དབྱེ་ནི་ཉིན་མོ་དང་མཚན་མོའི་དབྱེ་བ་དང། ཟླ་བ་དང་ཉི་མའི་དབྱེ་བ་ལ་སོགས་པས་སོ། །མཉམ་པ་དང་མི་མཉམ་རིགས་ནི་མཉམ་པ་རིང་པོ་དང། མི་མཉམ་པ་ཐུང་ངུ་དང། མྱུར་འཁྱོག་ལ་སོགས་པའི་རྒྱུ་བས
་སོ། །ཆགས་བྲལ་དང་ནི་ཐུབ་མཆོག་རིགས་དང་ཚངས་དང་དྲག་པོ་ལ་སོགས་ལྷ་རྣམས་ཀྱི་ནི་ཤེས་པ་མ་ཡིན་ཞེས་པ་ནི། དེ་ལྟར་སྔར་བརྗོད་པའི་ཚོགས་ཚངས་པ་ལ་སོགས་པ་འདི་དག་གིས་ཤེས་པ་མ་ཡིན་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཀུན་རྫོབ
་ཀྱི་ཚུལ་གྱིས་རྣམ་པར་གནས་པ། ཁྱབ་པར་བྱ་བ་བསྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ། ཇི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཀུན
་རྫོབ་དང་དོན་དམ་པའི་ངོ་བོ་ཉིད་ཀྱིས་ཕྱག་ན་རྡོ་རྗེས་ཟླ་བ་བཟང་པོ་ལ་རབ་ཏུ་བསྟན་པ་བཞིན་དུ་མིའི་དབང་པོ་འཇམ་དཔལ་གྲགས་པ་བདག་གིས་ཀྱང་ཉི་མའི་ཤིང་རྟ་ཁྱོད་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་ན་དོར་བསྡུས་པས
་རབ་ཏུ་བསྟན་ཏོ། །དཔལ་ལྡན་དང་པོའི་སངས་རྒྱས་ལས་ཕྱུང་པ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། སྐར་རྩིས་ཤེས་པའི་ཆོ་གའི་མདོར་བསྡུས་ཆེན་པོ་སྟེ་དགུ་པའོ།། །།
་ད་ནི་དབྱངས་འཆར་བ་གསུངས་པ། ཨ་སོགས་ཞེས་པ་ལ་སོགས་པའོ། །དབྱངས་གང་དག་གི་དང་པོ་ཨ་ཡིག་ཡིན་པ་དེ་དག་ནི་ཨ་སོགས་ལྔ་སྟེ། ཨ་ཨི་རི་ཨུ་ལི་ཞེས་པ་རང་བྱུང་གི་ཚིག་གོ་། ཨི་ཨུ་ཎ། རི་ལི་ཀ་ཞེས་པ་ནི་སོ་སོར་བརྗོད
་པ་གཟུང་བའི་ཕྱིར་རོ། །ེ་ཨོ་ཙ་ཞེས་པ་ནི་ཀླགས་པའི་ཕྱིར་ཏེ། ཨེ་ཡིག་དང་ཨུ་ཡིག་དག་གི་ཡོན་ཏན་སྦྱང་བའི་ཡི་གེ་དག་གོ་།རི་ཀའི་ཨཎ་ལས་ར་ལ་དག་གོ་ཞེས་པའི་མདོའི་ཕྱིར་རི་ལི་དག་ནི་མ་ནིང་དུ་མི་འགྱུར་ཏེ། རི་ཡིག་ལི་ཡིག་དག་ཀྱང་ཡོན
་ཏན་དང་ལྡན་པས་ཨི་ཡིག་ལ་སོགས་པ་རྣམས་དང་ཁྱད་པར་མེད་དོ། །དེའི་ཕྱིར་ཨ་ཨི་ཨུ་ཨེ་ཨོ་ཞེས་པ་ནི་བྱིས་པ་རྣམས་ལ་འཇིག་རྟེན་ཏུ་གྲགས་པའོ། །ཡོན་ཏན་ཡ་ཎར་བསྐྱེད་པའི་ཕྱིར་ཨ་ཨི་ཨུ་ཎ་རི་ལི་ཀ་ཅེས་པར་རིགས་ཏེ། ཨི་ཀ་ནི་ཨ་ཙ་ལ?
་ཡ་ཎའོ་ཞེས་པའི་ཁྱད་པར་གྱི་ཕྱིར་དང་ནི་ཨ་ཀ་ལ་རིང་པོའོ། །ཞེས་པའི་ཤེས་པར་བྱེད་པའི་ཕྱིར་རོ། །དང་པོར་དབྱངས་ལྔ་གང་ཡིན་པ་དེ་དག་རང་བྱུང་དུ་ལུང་བསྟན་པས་མཉམ་པའི་ངོ་བོ་སྟེ། དེ་དག་ཀྱང་ནམ་མཁའ་ལ་སོགས་པའི་རང་བཞིན་གྱི་དབང
་གིས་གྲངས་བཞིན་དུ་འཇམ་དཔལ་གྱི་རང་གི་ལུང་སྟོན་པ་ལས་བྲིས་པ། ཨ་ཨི་རི་ཨུ་ལི་ཀ་ཅེས་པ་སྟེ། ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་རིམ་པ་བཞིན་ནོ། །དེ་བཞིན་དུ་ཨ་ཨེ་ཨར་ཨོ་ཨལ་ཙ་དང་དེ་བཞིན་དུ་ཧ་ཡ་ར་ཝ
་སོགས?་འཇམ་དཔལ་གྱིས་ངེས་པར་བསྟན་ཏེ། ཡོན་ཏན་དང་ཡ་ཎར་བསྒྱུར་བ་ལས་རང་རང་གིས་རང་བཞིན་གྱི་ངོ་བོ་ཉིད་ལ་བརྟེན་པའི་ཕྱིར་རོ། །དབྱངས་ལྔ་པོ་དེ་དག་དང་པོའི་ཚེས་གྲངས་དབང་གིས་ཞེས་པ་ནི་དང་པོའི་ཚེས་གྲངས་ལྔ་ནི་མུན་པའི་དབྱེ་བ་སྟེ།
་དཀར་པོའི་ཚེས་གཅིག་དང། གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པའོ། །དེ་དག་གི་དབང་གིས་ནི་དང་པོའི་ཚེས་གྲངས་དབང་གིས་ཏེ་དགའ་བ་ལ་སོགས་པ་རྣམས་ལྔ་པོ་དང་ལྡན་པར་གྱུར་པ་སྟེ། དབྱངས་ལྔ་པོ་རྣམས་ཀྱི་དབང་པོའི་ཚེས་ནི་དགའ་པའོ
་གཉིས་པ་ནི་བཟང་པོའོ། །གསུམ་པ་ནི་རྒྱལ་བའོ། །བཞི་པ་ནི་སྟོང་པའོ། །ལྔ་པ་ནི་རྫོགས་པའོ། །དེ་བཞིན་དུ་དྲུག་པ་ལ་སོགས་པ་དང་དེ་བཞིན་དུ་བཅུ་གཅིག་པ་ལ་སོགས་པའོ། །དགའ་བ་ལ་སོགས་ལྡན་པ་འདི་ལ་དེ་དག་འདིར་ནི་འཆར་བར་བྱེད་དེ། གལ་ཏེ་དེ་ལ་ས
་སྐྱེས་པ་སོགས་གཟའ་དག་མ་གྱུར་ནའོ། །ཞེས་པ་དགའ་བ་ལ་ས་སྐྱེས་དང། བཟང་པོ་གཟའ་ལག་དང། རྒྱལ་བ་ལ་ཕུང་བུ་དང། སྟོང་པ་ལ་པ་སངས་དང། རྫོགས་པ་ལ་སྤེན་པ་སྟེ། དགའ་བ་ལ་སོགས་པ་འདི་དག་ལ་གལ་ཏེ་ས་སྐྱེས་ལ་སོགས་པའི
་གཟའ་དག?་མ་གྱུར་ན་དེའི་ཚེ་འཆར་བར་འགྱུར་རོ། །རྣམ་པ་གཞན་དུ་ན་མི་ཤིས་པ་འཆར་ཏེ། ཀྱེ་མིའི་བདག་པོ་ས་སྐྱེས་མི་ཤིས་ཤར་བར་གྱུར་ཅིང་དགའ་བ་ལ་གལ་ཏེ་སླར་ཡང་སྨིན་དྲུག་དག་དང་ལྡན་པ་ཉིད་དུ་གྱུར་པའི་དགའ་པའི་ཚེས་དེ་ལ་གལ
་ཏེ་གཡུལ་ལས་ནད་དུ་གྱུར་ནི་མི་རྣམས་དག་ནི་འཆི་བར་འགྱུར་ཏེ་དང་པོའི་དབྱངས་ཀྱིའོ་ཞེས་པ་ཐོག་མ་ནམ་མཁའ་ཨི་དབྱངས་ཀྱི་ཞེས་པའི་དོན་ཏེ། སྐྱེས་པ་འམ་བུད་མེད་གང་གི་མིང་གི་དང་པོ་ཨ་ཡིག་ཡིན་པ་དེའོ། །དེ་བཞིན་དུ་བཟང་པོ་དང་གཟའ་ལག་གལ
་ཏེ་རྒྱུ་སྐར་མཆུར་གྱུར་ན་དེའི་ཚེ་གཉིས་པ་ཨི་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་རྒྱལ་བ་དང་ཕུར་བུ་ལ་གལ་ཏེ་སྐག་ཏུ་གྱུར་ན་དེའི་ཚེ་གསུམ་པ་རི་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་སྟོང་པ་དང་པ་སངས་ལ
་གལ་ཏེ་མོན་གྲུར་གྱུར་ན་དེའི་ཚེ། །བཞི་པ་ཨུ་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་རྫོགས་པ་དང་སྤེན་པ་ལ་གལ་ཏེ་པྲ་ཉེར་གྱུར་ན་དེའི་ཚེ། ལྔ་པ་ལི་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ
་ལྟར་དབྱངས་འཆར་བ་རྣམས་ལ་ཡང་རྒྱུ་སྐར་དང་གཟའི་དབང་གིས་འཆི་བའི་སྦྱོར་བར་འགྱུར་རོ། །དེ་བཞིན་དུ་གཟའ་ཉི་མ་དག་ལ་དགའ་བ་འཆར་བ་རྣམས་ཀྱི་གཡུལ་དུ་རྨར་འགྱུར་ཏེ། གཟིར་བ་རྣམས་ཉོན་མོངས་པར་འགྱུར་རོ། །དེ་བཞིན་དུ་གཟའ
་ཟླ་བ་ལ་ནི་བཟང་པོ་འཆར་བ་རྣམས་ཀྱི་ཡང་ཤེས་པར་བྱའོ། །བདེན་པར་འཆར་བ་ལྔ་པོ་རྣམས་ཀྱི་སྟེ་ཨ་ཡིག་ལ་སོགས་པ་རང་རང་གི་ཚེས་ལ་ཤར་བ་རྣམས་ཀྱི་འབྲས་བུ་མང་པོར་འཆི་བའི་སྦྱོར་བས་དམན་པ་དག་ལ་འགྱུར་རོ། །ནད་དང་གཡུལ
་དང་གཡུལ་དུ་བགྲོད་པ་དང་བག་མ་ལེན་པའི་དུས་དག་ཏུ་དགེ་བ་དང་མི་དགེ་བའི་འབྲས་བུ་དེ་ཉིད་མཚན་མས་ཤེས་པར་བྱའོ། །དེ་ལྟར་རྒྱུ་སྐར་གཟའ་སྔར་བརྗོད་པའི་རིམ་པ་སྟེ། དབྱངས་ཚོགས་ཚེས་རྣམས་དག་ནི་དེ་ཉིད་ལྔའི་རབ་ཏུ་དབྱེ་བ
་ཡིས་ཞེས་པ་ནི། སླར་ཡང་དབྱངས་རྣམས་འཆར་བར་འདི་ཉིད་ཕྱོགས་དང་ཟླ་བ་དང་བགྲོད་པ་དང་པོ་དང་ལོ་དྲུག་ཅུ་ལ་ཡང་འགྱུར་བ་སྟེ། འདིར་ནག་པ་ལ་སོགས་པ་ནས་འཆར་བ་ནི། ནག་པ་ལ་སོགས་པའི་ཟླ་བ་གཉིས་ལ་ཉིན་ཞག་དྲུག
་ཅུ་སྟེ། དེ་དག་ལ་ཉིན་ཞག་བཅུ་གཉིས་ཀྱི་རིམ་པ་བཞིན་དུ་ཨ་ཡིག་ལ་སོགས་པ་རྣམས་འཆར་བར་འགྱུར་ཏེ། ནག་པའི་དཀར་པོའི་ཚེས་གཅིག་ལ་སོགས་པ་ཇི་སྲིད་པར་ཟླ་བ་གཉིས་པའི་ཡང་དཀར་པོའི་ཚེས་གཅིག་གོ་།དེ་ལྟར་ན་ལོ་ཟླ་དུས
་ཀྱི་དབྱེ་བས་དབྱངས་ལྔ་པོ་རྣམས་ལན་དྲུག་ཡོངས་སུ་འཁོར་བར་འགྱུར་རོ། །ཕྱོགས་ལ་འཆར་བའི་ཡུལ་ལ་ཡང་ཉིན་ཞག་བཅུ་གཉིས་ཀྱི་ཕྱོགས་ཀྱི་དབྱེ་བའོ། །དེ་བཞིན་དུ་ལོའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་བདུན་ཅུ་རྩ་གཉིས་ཀྱི་ཨ་ཡིག
་སོགས་པ་རྣམས་རིམ་པས་འཆར་བར་ཤེས་པར་བྱ་སྟེ། དེ་ཉིད་ནི་ནག་པ་ལ་སོགས་པ་དཀར་པོའི་ཚེས་གཅིག་ལ་སོགས་པའི་ཟླ་བའི་དབྱེ་བའོ། །དེ་བཞིན་དུ་རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་ལ་དབྱངས་ལྔ་པོ་རྣམས་རིམ་པ་བཞིན་དུ་དབྱངས་རེ་རེ་ཟླ་བ་དྲུག་གི
་འཆར་ཏེ་ཉི་ཤུ་རྩ་བཞི་ཡོངས་སུ་བསྐོར་བས་སླར་ཡང་སྔར་གྱི་ཆོ་གའི་ཞེས་པ་ནི་བགྲོད་པ་ལ་འཆར་བའོ། །རབ་བྱུང་ལ་སོགས་པའི་ལོ་བཅུ་གཉིས་ལ་འཆར་བ་ནི། རབ་བྱུང་ལ་སོགས་པ་རྣམས་དེ་བཞིན་དུ་ཡོངས་སུ་བསྐོར་བ་སྟེ། ལོ་ལ་སོགས་པ་རྣམས
་ཤེས་པར་བྱའོ། །དེ་ལྟར་དབྱངས་ནི་ལྔ་པོ་རྣམས་འདིར་ནི་འཆར་བར་འགྱུར་ཏེ། དེ་ནི་སླར་ཡང་ནུབ་པའོ་ཞེས་པ་ནི། འདིར་ཕྱོགས་ཀྱི་དབྱེ་བ་ལ་ཉིན་ཞག་བཅུ་གཉིས་ནི་དགའ་བ་སྟེ། དེ་བཞིན་དུ་བཟང་པོ་ལ་སོགས་པའོ། །ཟླ་བའི་དབྱེ་བ་ལ་ཉིན་ཞག་བདུན
་ཅུ་རྩ་གཉིས་ནི་དགའ་བ་སྟེ། དེ་བཞིན་དུ་བཟང་པོ་ལ་སོགས་པ་ཡང་ངོ། །བགྲོད་པའི་དབྱེ་བ་ལ་བགྲོད་པ་ནི་དགའ་བ་སྟེ། དེ་བཞིན་དུ་བཟང་པོ་ལ་སོགས་པའོ། །ལོའི་དབྱེ་བ་ལ་ལོ་བཅུ་གཉིས་ནི་དགའ་བ་སྟེ། དེ་བཞིན་དུ་བཟང་པོ་ལ་སོགས་པའོ། །དང་པོ་ལས
་ནི་དབྱངས་དང་པོ་རྣམས་བྱིས་པ་སྟེ། རང་ཚེས་ཡོན་ཏན་དབང་གིས་ཞེས་པ། ནམ་མཁའ་དང་རླུང་དང། མེ་དང་ཆུ་དང་སའི་ཡོན་ཏན་གྱི་དབང་གིས་དང་སྒྲ་དང་རེག་དང་རོ་དང་གཟུགས་དང་དྲིའི་ཡོན་ཏན་གྱི་དབང་གིས་ཏེ་གྲངས་བཞིན་ནོ། །འདིར་དགའ་བ
་ལ་ཨ་ཡིག་འཆར་པའོ། །བཟང་པོ་ལ་ཨི་ཡིག་གོ་།རྒྱལ་བ་ལ་རི་ཡིག་གོ་།སྟོང་པ་ལ་ཨུ་ཡིག་གོ་།རྫོགས་པ་ལ་ལི་ཡིག་གོ་།དེ་བཞིན་དུ་རང་རང་གི་འཆར་བའི་ཉིན་ཞག་ལས་ཉིན་ཞག་གཉིས་པ་ལ་དཔལ་ལྡན་གཞོན་ནུ་ཡང་སྟེ། བཟང་པོ་ཨ་ཡིག
་གཞོན་ནུའོ། །རྒྱལ་བ་ལ་ཨ་ཡིག་གོ། སྟོང་པ་ལ་རི་ཡིག་གོ་།རྫོགས་པ་ལ་ཨུ་ཡིག་གོ་།དགའ་བ་ལ་ལི་ཡིག་གོ་།དད་བའ?་རྒན་པོ་རིམ་པས་མེ་དང་ཆུ་གཏེར་ཉིན་ཞག་ལ་སྟེ་ཞེས་པ་ནི། རང་གི་ཉིན་ཞག་ལས་མེ་ཞེས་པ་ཉིན་ཞག་གསུམ་པ་ལ་དར་ལ
་བབ་པར་འགྱུར་ཏེ། རྒྱལ་བ་ཨ་ཡིག་དང་ལ་བབ་པའོ། །སྟོང་པ་ལ་ཨི་ཡིག་གོ་།རྫོགས་པ་ལ་རི་ཡིག་གོ་།དགའ་བ་ལ་ཨུ་ཡིག་གོ་བཟང་པོ་ལ་ལི་ཡིག་གོ་།རྒན་པོ་ཆུ་གཏེར་ཞེས་པ་ནི་རང་གི་ཚེས་ལས་ཉིན་ཞག་བཞི་པ་ལ
་སྟེ། འདིར་སྟོང་པ་ལ་ཨ་ཡིག་རྒན་པོའོ། །རྫོགས་པ་ལ་ཨི་ཡིག་གོ་།དགའ་བ་ལ་རི་ཡིག་གོ་།བཟང་པོ་ལ་ཨུ་ཡིག་གོ་།རྒྱལ་བ་ལ་ལི་ཡིག་གོ་།ལྔ་པ་ལ་ནི་ནུབ་པར་འགྱུར་ཞེས་པ་ནི། རྫོགས་པ་ལ་ཨ་ཡིག་ནུབ་པར་གྱུར་པའོ། །དགའ་བ
་ལ་ཨི་ཡིག་གོ་།བཟང་པོ་ལ་རི་ཡིག་གོ་།རྒྱལ་བ་ལ་ཨུ་ཡིག་གོ་།སྟོང་ལ་ལི་ཡིག་གོ་།ཞེས་པ་སྟེ། དབྱངས་རྣམས་ཀྱི་འཆར་པ་ལ་སོགས་པ་རྣམ་པ་ལྔའི་དབྱེ་བ་ཤེས་པར་བྱའོ། ། སོགས་དབྱངས་ལྔ་གང་དག་ངེས་པར་ཡོན་ཏན་གྱིས་བསྒྱུར་ཞེས་པ་ནི
་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་གྱིས་བསྒྱུར་བས་བཅོ་ལྔར་འགྱུར་རོ། །དེ་རྣམས་སླར་ཡང་རྣམ་གཉིས་སུམ་ཅུ་ཉིད་དེ། ཨ་ཨི་རི་ཨུ་ལི། ཨ་ཨེ་ཨར་ཨོ་ཨལ། ཧ་ཡར་ཝ་ལ་ཞེས་པ་དགའ་བ་ལ་སོགས་པ་སུམ་འགྱུར་ཏེ་དཀར
་པོའི་ཕྱོགས་ལའོ། །དེ་བཞིན་དུ་ལཱ་ཝཱ་རཱ་ཡཱཧཱ། ཨཱ་ལ་ཨཽ་ཨཱད་ཨི་ཨཱ་ལཱི་ཨའུ་རཱི་ཨའི་ཨཱ་ཞེས་པ་ནི་དགའ་བ་ལ་སོགས་པ་སྟེ། ནག་པོའི་ཕྱོགས་ལའོ། །དེ་ལྟར་ན་ཕྱོགས་གཉི་ག་ལ་ཚེས་སུམ་ཅུ་རྣམ་གྲངས་བཞིན་ནོ། །ཀ་སོགས་སྡེ་པའི་ཡི་གེ་རྣམས་ལ
་རང་བཞིན་ཡོན་ཏན་དབང་གིས་དབྱངས་དེ་དག་མཛའ་དག་སྦྱར་བར་བྱ་སྟེ། ཐུང་ངུ་རྣམས་ནི་འདིར་ཡང་དཀར་པོའི་ཕྱོགས་ལ་འཆར་བར་འགྱུར་ཏེ། དེ་ཉིད་ལྔའི་དབྱེ་བ་ཡིས་ཞེས་པ་ནི། འདིར་གསལ་བྱེད་གང་ཞིག་དབྱངས་ཐུང་ངུས་བརྗོད་པ་དེ་ནི་དཀར
་པོའི་ཕྱོགས་ལ་འཆར་རོ། །རིང་པོ་རྣམས་ནི་ནག་པོའི་ཕྱོགས་ལ་སྟེ། དེ་བཞིན་དུ་གང་ཞིག་དབྱངས་རིང་པོས་བརྗོད་པའི་གསལ་བྱེད་རིང་པོ་དེ་ནི་ནག་པོའི་ཕྱོགས་ལ་འཆར་རོ། །འདིར་གསལ་བྱེད་ཀྱི་ཡུལ་ལས་ཉི་མ་འཕོ་བའི་ཕྱོགས་སུ་རིག་པར་བྱ་སྟེ
་སྤྲོ་བ་དང་བསྡུ་བའི་སྦྱོར་བས་སོ། །ཉི་ཤུ་རྩ་བདུན་སྐར་དེ་ལ་ཞེས་པ་རྒྱུ་སྐར་གྱི་ཚོགས་ཉི་ཤུ་རྩ་བདུན་ཏེ། དེ་དག་ལས་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཀྱིས་ཉི་མའི་དུས་སྦྱོར་བཅུ་གཉིས་སོ། །གསལ་བར་མདའ་ཞེས་པ་ནི་དེ་དག་ཆུ་ཚོད་ལྔ་ལྔའི་བདག་ཉིད
་ཀྱི་ཆ་དགུའོ། །འདི་དག་རྣམས་ཀྱང་རང་བཞིན་གསུམ་སྟེ། གཡོ་བ་ལུག་ལ་སོགས་པ་དང། བརྟན་པ་གླང་ལ་སོགས་པ་དང། མཉམ་པ་གཉིས་ཀྱི་རང་བཞིན་འཁྲིག་པ་ལ་སོགས་པའོ། །ལུག་དང་ཀར་ཀ་ཊ་དང་སྲང་དང་ཆུ་སྲིན་ནི་གཡོ་བ་བཞིའོ། །གླང་དང་སེང་གེ
་དང་སྡིག་པ་དང་བུམ་པ་ནི་བརྟན་པའོ། །འཁྲིག་པ་དང་བུ་མོ་དང་གཞུ་དང། ཉིན་གཉིས་ཀྱི་རང་བཞིན་ནོ། །དེ་ལྟར་དེ་དག་རྟག་པ་ཉིད་དུ་འཆར་ཏེ་ཉིན་མཚན་ལ་བཅུ་གཉིས་སོ། །འདིར་འདྲི་བའི་དུས་སུ་གཡོ་བ་རྣམས་ཀྱིས་བྱ་བ་མྱུར་དུ་འགྱུར་རོ། །བརྟན་པ་རྣམས
་ཀྱིས་བརྟན་པའོ། །གཉིས་ཀྱི་རང་བཞིན་རྣམས་ཀྱི་བྱ་བ་འབྲིང་པོའོ། །དེ་ལ་ཡུད་ཙམ་སུམ་ཅུ་རྣམས་དང་ཞེས་པ་དུས་སྦྱོར་གྱིས་ཚོགས་དེ་ལ་ཡུད་ཙམ་སུམ་ཅུའོ། །ཉིན་ཞག་དུས་ཐུན་བརྒྱད་ཀྱི་བདག་ཉིད་ལ་ཆུ་ཚོད་དག་ཀྱང་དྲུག་ཅུ་ཁོ་ནར་འགྱུར་རོ།།
་དང་པོར་ཏེ་ཐོག་མ་སུམ་ཅུའི་དབྱངས་རྣམས་འདིར་ནི་འཆད་པར་འགྱུར་བ་ཉིད་དེ་ཡུད་ཅི་ཡུད་ཙམ་དག་ལ་ལོ་ཟླ་བའི་དབུས་སུ་ཆོས་ཀྱི་ཆ་ལ་ཞེས་པ་ནི། ཚེས་གྲངས་གཅིག་ཡུད་ཙམ་སུམ་ཅུའི་ཆར་བྱས་ནས་ཡུད་ཙམ་རེ་རེའི་ཆ་ལ་སྟེ། ཚེས་གཅིག་ལ་ཨ
་ཡིག་ལ་སོགས་པའོ། །གཉིས་པ་ལ་ཨི་ཡིག་ལ་སོགས་པའོ། །གསུམ་པ་ལ་རི་ཡིག་ལ་སོགས་པའོ། །བཞི་པ་ལ་ཨུ་ཡིག་ལ་སོགས་པའོ། །ལྔ་པ་ལ་ལི་ཡིག་ལ་སོགས་པའོ། །དྲུག་པ་ལ་ཡོན་ཏན་གྱི་ཨ་ཡིག་ལ་སོགས་པའོ། །བདུན་པ་ལ
་ཨེ་ཡིག་ལ་སོགས་པའོ། །བརྒྱད་པ་ལ་ཨར་ཡིག་ལ་སོགས་པའོ། །དགུ་པ་ལ་ཨོ་ཡིག་ལ་སོགས་པའོ། །བཅུ་པ་ལ་ཨལ་ཡིག་ལ་སོགས་པའོ། །བཅུ་གཅིག་པ་ལ་ཧ་ཡིག་ལ་སོགས་པའོ། །བཅུ་གཉིས་པ་ལ་ཡ་ཡིག་ལ་སོགས་པའོ། །བཅུ་གསུམ
་པ་ལ་ར་ཡིག་ལ་སོགས་པའོ། །བཅུ་བཞི་པ་ལ་ཝ་ཡིག་ལ་སོགས་པའོ། །ཉ་ལ་ལ་ཡིག་ལ་སོགས་པ་སྟེ། དབྱངས་སུམ་ཅུ་རྣམས་སྤྲོ་བའི་རིམ་པས་དཀར་པོའི་ཕྱོགས་ཀྱི་ཚེས་གྲངས་སོ་སོ་ལ་སུམ་ཅུའི་དབྱེ་བས་འཆར་རོ། །དེ་ནས
་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ཚེས་དགའ་བ་ལ་དབྱངས་སུམ་ཅུ་པོ་རྣམས་སྡུད་པའི་རིམ་པས་འཆར་རོ། །དེ་ལ་ཚེས་གཅིག་ལ་ལ་སོགས་པའོ། །གཉིས་པ་ལ་ཝ་ཡིག་ལ་སོགས་པ་སྟེ། དེ་བཞིན་དུ་ཐམས་ཅད་དོ། །ཟླ་བའི་དབུས་སུ་ཚེས་ཀྱི་ཆ་ལ
་འཆར་བ་བརྗོད་དེ་དག་ནུབ་པ་དག་ཀྱང་དེ་ཉིད་ལའོ། །ཞེས་པ་ཟླ་བ་ལ་སྟེ། འདིར་དབྱངས་ཡིག་གང་དཀར་པོའི་ཚེས་གཅིག་ལ་སོགས་པ་ལ་ཤར་བ་དེ་དག་ནག་པོའི་ཚེས་གཅིག་ལ་སོགས་པ་ལ་ནུབ་པའོ། །སྟོང་པ་རླུང་མེ་ཆུ་དང་ས་རྣམས་དག་།ལ
་སོགས་པ་དབྱངས་ནི་ལྔ་པོ་རྣམས་ཀྱི་རིགས་ཞེས་པ་ནི། །སྔར་བརྗོད་པའི་རིམ་པས་ནམ་མཁའ་ལ་སོགས་པ་རྣམས་ནི་ཨ་ཡིག་ལ་སོགས་པ་རྣམས་ཀྱི་རིགས་སོ། །སྒྲ་གཅན་ལ་སོགས་པའི་གཟའ་རྣམས་ནི་གྲངས་བཞིན་དུ་ཐུང་ངུ་དང་རིང་པོ་རྣམས་ཀྱི་ལྷག
་པའི་དྷ་སྟེ། སྒྲ་གཅན་དང་དུས་མེ་ཨ་ཡིག་ཐུང་དང་རིང་པོ་དག་གིའོ། །ཟླ་བ་དང་ཉི་མ་ནི་ཨི་ཡིག་དག་གིའོ། །གཟའ་ལག་དང་ས་སྐྱེས་ནི་རི་ཡིག་དག་གིའོ། །པ་སངས་དང་བླ་མ་ནི་ཨུ་ཡིག་དག་གིའོ། །མཇུག་རིངས་དང་སྤེན་པ་ནི་ལི་ཡིག
་དག་གི་སྟེ། འདིར་ཇི་ལྟར་རིགས་པར་ལྷག་པའི་ལྷའོ། །དེ་བཞིན་དུ་དུས་སྦྱོར་བཅུ་གཉིས་ལས་དུས་སྦྱོར་སོ་སོ་དེ་དག་ལ་ཉིན་དང་མཚན་མོའི་དབང་གིས་ཆུ་ཚོད་རྣམས་ནི་བསྒྲུབ་པར་བྱ་སྟེ། ད་ལྟར་གྱི་དུས་སྦྱོར་བ་ལ་ཆ་ལྔ་པའོ། །དེའི་དབུས་སུ
་དབྱངས་གང་བྱུང་བའི་གཟའ་ཞེས་བྱ་བ་སྟོབས་ལྡན་དེ་ཡིས་དཀྱིལ་འཁོར་བསྒྲུབ་པར་བྱ། །མི་མཉམ་པ་དང་མཉམ་པའི་དུས་སྦྱོར་གྱི་དབྱེ་བས་སྟོང་པ་ལ་སོགས་པ་དང་ས་ལ་སོགས་བསྒྲུབ་པར་བྱའོ། །གཡོན་པ་དག་ལ་ཐུང་ངུའི་དབྱངས་རྣམས་འདིར
་ནི་འཆར་ཏེ། གཡོན་པ་མི་མཉམ་པའི་དུས་སྦྱོར་ལ་དབྱངས་དང་གསལ་བྱེད་ཐུང་ངུ་རྣམས་འཆར་བར་འགྱུར་རོ། །གཡས་པས་མཉམ་པའི་དུས་སྦྱོར་ནས་གཞན་རིང་པོས་བརྗོད་པའི་གསལ་བྱེད་རྣམས་སུ་འགྱུར་རོ། །དེ་བཞིན་དུ་གཡོན་ལ་སྟོང་པ་ལ
་སོགས་པ་ཉིད་དཀྱིལ་འཁོར་ལྔའོ། །སྒྲ་གཅན་ལ་སོགས་པ་གཅིག་གིས་བར་དུ་ཚོད་པའི་གཟའ་ཡི་ཚོགས་ཏེ། སྒྲ་གཅན་ལ་སོགས་མཛའ་དག་ཅེས་པ་ནི། སྒྲ་གཅན་དང་གཟའ་ལག་དང་ཟླ་བ་དང་པ་སངས་དང་མཇུག་རིངས་སོ། །གཡས་པ་ལྷོའི་དུས
་སྐྱོབ་པ་དེ་ཉིད་འཛིན་མ་ལ་སོགས་དཀྱིལ་འཁོར་ལྔའི་དབྱེ་བའོ། །གཟའི་ཚོགས་ནི་ངེས་པ་ཉི་མའི་བུ་ལ་སོགས་པ་ཞེས་པ་ནི་སྤེན་པ་དང་ཕུར་བུ་དང་བཀྲ་ཤིས་དང་ཉི་མ་དང་དུས་མེའོ། །འདིར་མཉམ་པའི་དུས་སྦྱོར་ཆུ་སྲིན་ལ་ཆུ་ཚོད་ལྔ་ན་གྲངས་བཞིན་དུ་ཨ
་ཡིག་ལ་སོགས་པའི་དབྱངས་རྣམས་དང་ཡོན་ཏན་འཕེལ་བ་རྣམས་ཀྱིས་དབྱངས་རིང་པོས་བརྗོད་པའི་གསལ་བྱེད་རྣམས་འཆར་རོ། །དེ་ལ་ཆུ་ཚོད་དང་པོ་སའི་དཀྱིལ་འཁོར་ལ་ཀཱའོ། །གཉིས་པ་ཆུ་ཡི་དཀྱིལ་འཁོར་ལོ་ཀཱའོ། །གསུམ་པ་མེའི་དཀྱིལ་འཁོར་ལ
་གཱའོ། །བཞི་པ་རླུང་གི་དཀྱིལ་འཁོར་ལ་གྷཱའོ། །ལྔ་པ་སྟོང་པའི་དཀྱིལ་འཁོར་ལ་དཱ་སྟེ། དེ་ལྟར་ན་ཀཱ་ལ་སོགས་པའི་གསལ་བྱེད་ཨ་ཡིག་ལ་སོགས་པས་བརྗོད་པ་དག་ནི་ཆུ་སྲིན་གྱི་དཀྱིལ་འཁོར་ལྔ་ལ་རིམ་པ་བཞིན་དུ་འཆར་རོ། །དེ་བཞིན་དུ་བུམ་པའི་སྟོང་པ་ལ་སོགས
་པའི་དཀྱིལ་འཁོར་ལྔ་ལ་དབྱངས་ཐུང་ངུས་བརྗོད་པའི་ང་ལ་སོགས་པ་རྣམས་ལུགས་ལས་ལྡོག་པས་རིག་པར་བྱ་སྟེ། དེ་ལ་ཆུ་ཚོད་དང་པོ་ནམ་མཁའ་ཨི་དཀྱིལ་འཁོར་ལ་ངའོ། །གཉིས་པ་ལ་གྷའོ། གསུམ་པ་ལ་གའོ། །བཞི་པ་ལ་ཁའོ་ལྔ་པ་ལ་སའི་དཀྱིལ་འཁོར
་ལ་ཀ་འཆར་རོ། །དེ་བཞིན་དུ་ཉ་ལ་ཙཱ་ཚཱ་ཛཱ་ཛཧཱ་ཧཱའོ། །ལུག་གིས་དཀྱིལ་འཁོར་ལྔ་རྣམས་ལ་ཉ་ཛཧ་ཛ་ཚ་ཙའོ། །དེ་བཞིན་དུ་གླེང་ལི་ཊཱ་ཋཱ་ཌཱ་ཌཧཱ་ཎཱའོ། །འཁྲིག་པའི་དཀྱིལ་འཁོར་ལྔ་ལ་ཎ་ཌཧ་ཌ་ཋ་ཊའོ། །དེ་བཞིན་དུ་ཀར་ཀ་ཊ་ལ་ཕཱ་ཕཱ་བཱ་བྷཱ་མའོ། །སེང
་གེའི་དཀྱིལ་འཁོར་ལྔ་ལ་མ་བྷ་བ་ཕ་བའོ། །བུ་མོ་ལ་ཏཱ་ཐཱ་དཱ་དྷཱ་ནཱའོ། །སྲང་གི་དཀྱིལ་འཁོར་ལྔ་ལ་ན་དྷ་ད་ཐ་ཏའོ། །དེ་བཞིན་དུ་སྡིག་པ་ལ་སཱ་ཝཱ་ཥཱ་ཤཱརྐཱའོ?། གཞུའི་དཀྱིལ་འཁོར་ལྔ་ལ་རྐ་ཤ་ཥ་?་མ་སྟེ། ཆུ་ཚོད་འཆར་བ་ལ་གསལ
་བྱེད་རྣམས་ནི་ལྷག་པའི་ལྷའོ། །འདིར་གསལ་བྱེད་བརྗོད་པའི་དབྱངས་ནི་གསལ་བྱེད་ཀྱི་ཡི་གེའི་དབྱངས་སུ་འགྱུར་ཞིང། དབྱངས་ནི་སྲོག་གི་དབྱངས་སུ་འགྱུར་རོ། །སྲོག་གི་དབྱངས་དེ་ཡང་ཟླ་བའི་ཆ་ལ་ཐུང་ངུ་དང་རིང་པོའི་དབྱེ་བ་དང་ཡུད་ཙམ་གྱི་དབྱེ་བ་སྔར་བརྗོད
་པས་ཤེས་པར་བྱའོ། །གསལ་བྱེད་འཆར་བ་ནི་དུས་སྦྱོར་གྱི་ཆུ་ཚོད་ཀྱི་དབྱེ་བས་ཤེས་པར་བྱའོ། །འདིར་གཡུལ་དུ་སྲོག་གི་དབྱངས་ནུབ་པར་གྱུར་ན་འཆི་ཞིང། ཡི་གེའི་དབྱངས་ནུབ་པར་གྱུར་ན་རྨ་སྟེ། ནད་པ་རྣམས་ནི་འཆི་བ་དང་ཉོན་མོངས་པའོ། །དེ་བཞིན
་དུ་གང་ལ་མིང་གི་ཡི་གེ་དང་པོ་གསལ་བྱེད་མེད་པ་དེ་ལ་དབྱངས་ཉིད་སྲོག་གི་དབྱངས་ཏེ། ཅིག་ཤོས་ནི་ཡི་གེའི་དབྱངས་སོ། །དེ་ལྟར་ན་ནང་ལ་གཡོན་དང་གཡས་ཀྱི་སྣ་བུག་ནས་དཀྱིལ་འཁོར་དབབ་པའི་དབྱེ་བས་གསལ་བྱེད་འཆར་བར་ཤེས་པར་བྱའོ། །ཕྱི
་རོལ་ཏུ་ཡང་དུས་ཀྱི་ཆུ་ཚོད་ཅེས་པ་ནི་དེ་ལས་དུས་ཅན་འཆར་བའི་ཆུ་ཚོད་ཀྱི་ཕྱི་རོལ་གྱི་གཟའ་གནས་དང་མཉམ་པའོ། །གཟའི་གནས་ནི་དཀྱིལ་འཁོར་ཏེ་དེ་དང་མཉམ་པའི་དབྱངས་བཅས་གསལ་བྱེད་དང་བཅས་པ་དག་ནི་བསྒྲུབ་པར་བྱ་སྟེ་དགེ་བ་དང་མི
་དགེ་བ་ཡོངས་སུ་ཤེས་པའི་དོན་དུའོ། །དེ་ནི་དྲིས་ན་ཞེས་པ་ལ་སོགས་པས་དྲིས་པ་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་གསུངས་པ། དྲིས་པར་གྱུར་ན་གཡུལ་གྱི་དུས་སུ་རབ་ཏུ་འཆི་བར་འགྱུར་ཏེ་སྟོང་པ་ལ་ནི་དུས་དག་ཤར་བར་གྱུར་པ་ནའོ། །གཡས
་ཀྱི་རྩར་སྟོང་པའི་དཀྱིལ་འཁོར་ལ་དུས་མེ་ཤར་བར་གྱུར་པ་ན་གཡུལ་གྱི་སླད་དུ་གང་ཞིག་དང་པོར་འབོད་པར་བྱེད་ན་རྒྱལ་པོ་འམ་མི་བདག་དེ་ནི་རབ་ཏུ་འཆི་བར་འགྱུར་རོ། །དེ་བཞིན་དུ་རླུང་དུ་སྟེ་རླུང་གི་དཀྱིལ་འཁོར་དུ་ཉི་མ་ཤར་བ་ལ། འཕམ་པར
་འགྱུར་རོ། །མེའི་དཀྱིལ་འཁོར་ལས་སྐྱེས་ཤར་བར་གྱུར་པ་ལ་རྨའོ། །ཆུའི་དཀྱིལ་འཁོར་ལ་བླ་མ་ཤར་བ་ལ་ཤར་བ་ལ་ནི་འབུམ་པར་འགྱུར་རོ། །ས་ལ་སྤེན་པ་ཤར་བ་ལ་གཡུལ་དུ་འཐབ་བར་མི་འགྱུར་རོ། །ཞེས་པ་ནི་འདྲི་བའི་ངེས་པའོ། །དེ་བཞིན་དུ
་ན་དཔལ་ནི་སྟོང་པའི་དཀྱིལ་འཁོར་ལ་སོགས་པ་ལ་གྲངས་བཞིན་དུ་འཆི་བ་དང་ཉོན་མོངས་པ་དང་རྨ་དང་འདྲེ་བ་དང། མཉམ་པ་ཉིད་དུ་འགྱུར་ཏེ། འདྲི་བྱེད་ཀྱིས་དྲིས་པར་གྱུར་པ་ན་ནད་པ་རྣམས་ལ་འགྱུར་རོ་ཞེས་པའོ། །གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས།
་འདིར་སྔར་བརྗོད་པའི་གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས་པར་གྱུར་ཏེ་གཡོན་གྱི་རྩར་སྒྲ་གཅན་སྟོང་པའི་དཀྱིལ་འཁོར་ལ་ཤར་ནའོ། །ཡང་ཡིག་ནི་ཚིག་ཁ་བསྐང་བའི་དོན་ཏོ། །རླུང་སྟེ་རླུང་གི་དཀྱིལ་འཁོར་ལ་ཟླ་བ་ཤར་བ་ན་འཕམ་པར་འགྱུར་རོ།།
་ཟླ་སྐྱེས་མེ་ལ་ཤར་བ་དག་ལ་ཕོ་ཉས་དྲིས་པ་ན་དགྲའི་རྨ་ཡང་ངོ། །ཆུའི་དཀྱིལ་འཁོར་ལ་པ་སངས་ཤར་བ་ལ་དོན་རྙེད་པར་འགྱུར་རོ། །ས་ལ་མཇུག་རིངས་ཤར་བ་དག་ལ་དང་པོར་བརྗོད་པའི་དགྲ་ཡང་དབང་དུ་འགྱུར་ཏེ་གཡུལ་གྱི་ཡུལ་ལའོ། །དེ
་བཞིན་བགྲོད་བ་བག་མ་དག་ལ་གཡོན་གྱི་ལམ་ལ་གཟའ་རྣམས་ཀྱི་ནི་མང་བའི་འབྲས་བུར་ཏེ་དྲི་བ་བྱས་པར་འགྱུར་ནའོ། །ཞེས་པ་སྟེ། འདྲི་བའི་དུས་སུ་སྣ་ལས་འཆར་བའི་ངེས་པའོ། །ད་ནི་དྲིས་པའི་དབྱངས་གསུངས་པ། ཕོ་ཉས་ཞེས་པ་ལ་སོགས
་པ་སྟེ། ཕོ་ཉས་བརྗོད་པའི་དབྱངས་རྣམས་གང་དག་ངེས་པར་བཅུ་ཡིས་བསྒྱུར་ཏེ་ཞེས་པ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་རྣམས་ཀྱིས་བསྒྱུར་བའོ། །ཁྱིམ་ཀྱི་འཁོར་ལོ་བཅུ་གཉིས་དག་གིས་བསྲེའོ། །སླར་ཡང་དེ་དག་འབྱུང་བས་བསྣུན་པ་ནི་ལྔ
་ཡིས་བསྒྱུར་བའོ། །ཉེ་བའི་སྐྱེ་བོ་དང་ལྡན་མཚན་མ་མཁན་པོ་མ་གཏོགས་པའི་ཉེ་བའི་སྐྱེ་བོ་དང་ལྡན་པའོ། །བདུན་གྱི་ཆ་ཡི་ལྷག་མ་ནི་གཟའི་ཆ་ཡི་ལྷག་མ་སྟེ། ཟླ་བ་སྟེ་གཟའ་གཅིག་ལ་གནས་པ་དང། མེ་སྟེ་གཟའ་གསུམ་པ་དང། མདའ་སྟེ
་གཟའ་ལྔ་པོ་དང་རི་བོ་སྟེ། གཟའ་བདུན་པ་ལ་ལྷག་མ་ལ་གནས་པར་གྱུར་ན་མི་རྣམས་ལ་གྲུབ་པ་ཡོད་པ་མ་ཡིན་ཏེ། ཉི་མ་དང་བཀྲ་ཤིས་དང་ཕུར་བུ་དང་སྤེན་པ་སྟེ་མི་མཉམ་པ་རྣམས་ལའོ། །མིག་སྟེ་གཟའ་གཉིས་པ་དང། རིག
་བྱེད་དེ། གཟའ་བཞི་པ་དང། རོ་སྟེ་དྲུག་པ་ལ་བྱ་བ་གྲུབ་པར་འགྱུར་ཏེ། ཤིན་ཏུ་མཉམ་པའི་གནས་སུ་གྱུར་པ་ཟླ་བ་དང་གཟའ་ལག་དང་པ་སངས་རྣམས་ལ་ལྷག་མ་གནས་པར་གྱུར་ནའོ་ཞེས་པ་སྟེ་དྲིས་པའི་དབྱངས་ཀྱི་ངེས་པའོ། །ད་ནི་ལོ་ལ་སོགས
་པའི་ཁྱད་པར་ལས་ཁྱད་པར་གསུངས་པ། ལོ་དང་ཞེས་པ་ལ་སོགས་པ་སྟེ། ལོ་སྟེ་ལོ་དྲུག་ཅུ་དང། ཟླ་བ་བཅུ་གཉིས་དང། ཕྱོགས་ཉི་ཤུ་རྩ་བཞི་དང། ཉིན་དང་མཚན་མོའི་དུས་ཉིན་མཚན་དང་ཐུན་བརྒྱད་ནི་དུས་སྦྱོར་བཅུ་གཉིས་ཀྱི་དབུས་སུ་རབ་ཏུ
་ཞུགས་པ་སྟེ། དེ་དག་ལ་དགེ་བ་དང་མི་དགེ་བའི་འབྲས་བུའི་སླད་དུ་དུས་སྦྱོར་དབུས་སུ་རབ་ཏུ་ཞུགས་ཤིང་དུས་སྦྱོར་གྱི་འབྲས་བུ་ལ་ནུབ་པར་འགྱུར་བ་སྟེ། འདི་དག་གི་སྟོབས་དུས་སྦྱོར་རྒྱུ་བ་ལས་གཞན་པ་མེད་དོ་ཞེས་པའོ། །དུས་སྦྱོར་གཅིག་ནི་ལྔ་ཡི་དབྱེ་བས
་གཟའ་ཚོགས་དང་ལྡན་དབྱངས་དང་བཅས་པའི་དེ་ཉིད་ཐ་དད་དུ་འགྱུར་ཏེ། སྔར་བརྗོད་པའི་ཆོ་གས་སོ། །དེ་ཉིད་གཅིག་ནི་དབུགས་རྣམས་དྲུག་ཅུས་མངོན་ལྷག་ཡོན་ཏན་བརྒྱ་སྟེ་སུམ་བརྒྱའི་དུས་ཀྱི་ཆུ་ཚོད་དེ་ཆུ་ཚོད་ཀྱི་དཀྱིལ་འཁོར་དག་ལ་གནས། །
་ཆུ་ཚོད་ཀྱི་ཆ་ཤས་ཆུ་སྲང་གི་ཆ་ཤས་ཏེ་དབུས་དྲུག་རྣམས་སོ། །མིའི་དབང་ཞེས་པ་ནི་བོང་བ་སྟེ། ཁྱད་པར་ལས་ཁྱད་པར་དབུགས་ཀྱི་སྟོབས་ངེས་པའོ། །ད་ནི་དབུགས་འབྱུང་བ་དང་འཇུག་པའི་དབུས་སུ་མི་དགེ་བ་དང་དགེ་བའི་འབྲས་བུ་གསུངས་པ།
་དབུགས་འབྱུང་བ་དང་འཇུག་པ་དག་གིས་དབུས་སུ་གྲངས་བཞིན་དུ་མི་དགེ་བ་དང་དགེ་བའི་འབྲས་བུ་སྟེ། འདྲི་བའི་དུས་སུ་དབུགས་འབྱུང་བ་སྟེ་ལྟེ་བ་ནས་སྲོག་གི་ཕྱིར་འབྱུང་བ་མི་དགེ་བའི་འབྲས་བུར་འགྱུར་རོ། །འདྲི་བའི་དུས་དུ་དབུགས་འཇུག
་པ་སྟེ། ཕྱི་རོལ་ནས་ལྟེ་བར་སྲོག་རབ་ཏུ་འཇུག་པར་གྱུར་ན་དགེ་བའི་འབྲས་བུར་འགྱུར་རོ། །དེ་ཉིད་ནི་གང་ཞིག་རྣལ་འབྱོར་ལྡན་པས་ཤེས་པར་བྱེད་དེ་གཞན་རྣམས་ཀྱི་ནི་མ་ཡིན་ནོ། །ལྷ་ཞེས་སྐར་རྩིས་པ་རྣམས་ཀྱིས་ཀྱང་དུས་ཀྱི་ཆུ་ཚོད་ཤེས་པར་བྱེད་དེ། ཉིན་ཞིག
་འདས་པའི་དབང་གིས་ཉི་མ་ཟླ་བ་བསྒྲུབས་ནས་ཏེ། མི་མཉམ་པ་དང་མཉམ་པའི་དུས་སྦྱོར་གཡོན་དང་གཡས་ཀྱི་དཀྱིལ་འཁོར་གྱི་ཆུ་ཚོད་ཕྱི་རོལ་ལ་བསྒྲུབས་ནས་སོ། །ད་ལྟར་བྱུང་བ་ཤེས་པ་མིན་པར་ཏེ་དེ་ལྟར་སྔར་བརྗོད་པ་དག་ད་ལྟར་བྱུང་བའི་དུས
་སུ་ཤེས་པར་འགྱུར་བ་མ་ཡིན་པར། དགེ་དང་མི་དགེའི་འབྲས་བུ་འཇིག་རྟེན་འདིར་ནི་གང་བརྗོད་པ། དེ་ནི་ལོང་བ་ཡིན་ཀྱང་ལོང་བ་བཟུང་ནས་གླང་ཆེན་སེང་གེས་གཏམས་པའི་ཐིབས་པོར་རབ་ཏུ་མཇུག་ཅེས་པ་སྟེ། དགེ་བ་དང་མི་དགེ་བ་སྟོན་པའི་འབྲས
་བུའི་ངེས་པའོ། །ད་ནི་དུས་སྦྱོར་གྱི་སྦྱོར་བ་གསུངས་པ། ཕྲ་མོ་ཞེས་པ་ལ་སོགས་པ་སྟེ། ཕྲ་མོའི་རྣལ་འབྱོར་མི་ཤེས་པ་ལ་ཞེས་པ་ནི་སྔར་བརྗོད་པའི་ཕྲ་མོའི་རྣལ་འབྱོར་དབུགས་འབྱུང་བ་དང་འཇུག་པའི་སྦྱོར་བ་མི་ཤེས་པར་གྱུར་པ་ལ། འཇིག་རྟེན
་གྱི་ཐ་སྙད་ཀྱིས་གཟའི་སྟོབས་དང་བཅས་པའི་དུས་སྦྱོར་གྱི་སྦྱོར་བ་ནི། འཆར་བའི་དུས་སྦྱོར་དང་འཆར་བ་ལས་བདུན་པའི་དུས་སྦྱོར་ལ་གལ་ཏེ་དུས་ཀྱི་མེ་ཡོད་ན། དེའི་ཚེ་དགེ་བའི་བྱ་བ་དོན་དུ་གཉེར་བ་རྣམས་འཆི་བར་འགྱུར་རོ། །གལ་ཏེ་ཉི་མ་ཡོད
་ན་དེའི་ཚེ་ནད་ཀྱིས་ཐེབས་པར་འགྱུར་རོ། །གལ་ཏེ་ས་སྐྱེས་ཡོད་ན་རྨ་འབྱུང་བར་འགྱུར་རོ། །གལ་ཏེ་སྤེན་པ་ཡོད་ན་དེའི་ཚེ་ནོར་ཏྲནམ་པར་ཉམས་པར་འགྱུར་ཏེ། དེ་ལྟར་ན་སྐྱེ་བའི་དུས་སྦྱོར་ཏེ། འཆར་བའི་དུས་སྦྱོར་དང་བདུན་པ་དེ་ལ་གཟའ་རྣམས
་ཀྱི་འདི་དག་ཐམས་ཅད་བྱེད་པ་གང་ཡིན་པ་དེའི་ཕྱིར་དེ་དག་སྤང་བར་བྱ་སྟེ་གསལ་བར་བདག་གི་ཚིག་གི་དུས་སྦྱོར་གཞན་ནི་སྔགས་པས་རབ་ཏུ་སྦྱིན་པར་བྱའོ། །འདིར་འཆར་བའི་དུས་སྦྱོར་དགེ་འདུན་པ་ལ་གལ་ཏེ་སྒྲ་གཅན་ཡོད་ན་དེའི་ཚེ། དགྲ་ཉམས་པར
་འགྱུར་རོ། །གལ་ཏེ་ཟླ་སྐྱེས་ཡོད་ན་དེའི་ཚེ། རང་ཉིད་རྒྱས་པར་འགྱུར་རོ། །གལ་ཏེ་ཟླ་སྐྱེས་ཡོད་ན་དེའི་ཚེ། གཡུལ་དུ་རྣམ་པར་རྒྱལ་བར་འགྱུར་རོ། །གལ་ཏེ་པ་སངས་ཡོད་ན་དེའི་ཚེ་དགའ་བ་དང་བཅས་ཏེ་བུད་མེད་དང་བཅས་པའི
་ནོར་དག་ཐོབ་པར་འགྱུར་རོ། །གལ་ཏེ་ཡང་དག་དུས་སྦྱོར་ཐམས་ཅད་ཀྱིས་ཏེ། གལ་ཏེ་སླར་ཡང་དུས་སྦྱོར་བཅུ་གཉིས་པོ་ཞི་བའི་གཟའ་དང་བཅས་པར་གྱུར་ན་དགེ་བར་འགྱུར་རོ། །སླར་ཡང་གལ་ཏེ་རང་ལུས་གཡོན་གྱི་རྩ་ལ་གྱུར་པ་ན། ངེས་པར
་དོན་ནི་ཐམས་ཅད་འགྲུབ་སྟེ་མཛའ་དག་ས་ཡི་སྟེང་དུ་དག་པའི་གཟའ་དང་ཚེས་ལའོ། །འདིར་དག་པའི་གཟའ་ནི། རྒྱུ་སྐར་མེ་བཞི་དང་ཉི་མའོ། །རྒྱལ་དང་བླ་མའོ། །ལྷ་མཚམས་དང་གཟའ་ལག་གོ་།སྣར་མ་དང་སྤེན་པའོ། །གྲོ་ཞིན་དང་ཟླ་བའོ། །
་ཐ་སྐར་དང་བཀྲ་ཤེས་སོ། །ནམ་གྲུ་དང་པ་སངས་ཏེ། གྲུབ་པའི་སྦྱོར་བ་སྟེ། འདིར་མི་དགེ་བ་སྟོན་ནི་ལྷ་མཚམས་དང་ཉི་མའོ། །སྨིན་དྲུག་དང་ཟླ་བའོ། །མོན་གྲུ་དང་ས་སྐྱེས་སོ། །ཐ་སྐར་དང་གཟའ་ལག་གོ་།མགོ་དང་བླ་མའོ། །སྣར་མ་དང་པ་སངས་སོ།།
་མེ་བཞི་དང་སྤེན་པ་སྟེ། འདི་དག་ནི་འཆི་བའི་སྦྱོར་བའོ། །སྲེག་པའི་ཆོས་རྣམས་སྤངས་ནས་གཟའ་ཐམས་ཅད་དང་ཆོས་ཐམས་ཅད་དག་པ་སྟེ། བིཥྚིའི་ལོངས་སྤྱོད་ནི་སྤང་བར་བྱའོ། །འདིར་སྲེག་པའི་ཚེས་རྣམས་ནི་ཉི་མ་དང་བཅུ་གཉིས་པ་བསྲེག་པའོ། །
་ཟླ་བ་དང་བཅུ་གཅིག་པའོ། །བཀྲ་ཤིས་དང་བཅུ་པའོ། །གཟའ་ལག་དང་གསུམ་པའོ། །ཕུར་བུ་དང་དྲུག་པའོ། །པ་སངས་དང་གཉིས་པའོ། །སྤེན་པ་དང་བདུན་པ་སྟེ། ཚེས་གྲངས་འདི་དག་དགེ་བའི་བྱ་ལ་སྤང་བར་བྱའོ། །མི་དགེ་བའི་བྱ་བ་ལ་ནི
་གདུག་པའི་གཟའ་དང་ཆོས་ལ་སོགས་པ་ཐམས་ཅད་བཟུང་བར་བྱའོ། །འདིར་ཤིན་ཏུ་ལྟུང་དང་ཡོངས་འཇོམས་དང་ཁོ་ན་འཛིན་སྤངས་པའི་སྦྱོར་བ་ཐམས་ཅད་ནི་དགེ་བའི་བྱ་བ་ལ་ཤིས་པ་སྟེ། དེ་བཞིན་དུ་སེལ་བ་ལ་ཆུ་ཚོད་གསུམ་སྤང་བར་བྱའོ། །
་?་?་?་སྤང་བར་བྱའོ། །སྐྲངས་པ་དང་ཤིན་ཏུ་སྐྲངས་པ་ལ་དྲུག་གོ་།ཀུན་འཇོམས་དང་རྡོ་རྗེ་ལ་དགུའོ་ཞེས་པ་ནི་སྦྱོར་བ་མ་དག་པའོ། །དེ་བཞིན་དུ་དག་པའི་གཟའ་དང་ཚེས་ལའོ། །ཞེས་པའི་འཇིག་རྟེན་པའི་ཐ་སྙད་ཀྱིས་གཟའ་ལ་སོགས་པ་ཡོངས་སུ་དག་པ
་སྟེ། དེ་དོན་དམ་པར་སེམས་ཅན་རྣམས་ཀྱིས་སྔར་བསྒྲུབས་པའི་ལས་ཀྱིས་དགེ་བ་དང་མི་དགེ་བའི་འབྲས་བུར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་སྐར་མ་ལ་སོགས་པའི་སྟོབས་གསུངས་པ། རྒྱུ་སྐར་ཞེས་པ
་ལ་སོགས་པ་སྟེ། རྒྱུ་སྐར་རྣམས་ནི་ཆ་གསུམ་བྱས་ནས་ཞེས་པ་ནི་རྒྱུ་སྐར་ཉི་ཤུ་རྩ་བདུན་པོ་འདི་དག་ཆ་གསུམ་སྟེ། དགུ་དང་དགུ་དང་དགུ་ཡིས་སོ། །དགུ་པ་དེ་དག་སོ་སོ་ལ་ནད་པ་འམ། གཡུལ་དང་འཐབ་མོ་དག་གིས་སྐྱེས་པའི་རྒྱུ་སྐར་རྣམས་ནི
་དགུ་དགུ་ལས་དང་པོ་སྟེ། ཐོག་མར་འགྱུར་རོ། །དེ་ནས་གཅིག་གིས་བར་དུ་ཆོད་པའི་སྐར་མ་ནི་མི་མཉམ་པའི་གནས་དེ་ལ་གལ་ཏེ་གདུག་པ་ཉི་མ་དང་བཀྲ་ཤིས་དང། སྤེན་པ་དང་དུས་མེ་རྣམས་ནི་ཟླ་བ་དག་དང་ལྷན་ཅིག་ཏུ་གྱུར་ན། དེའི་ཚེ་ནང་པ་རྣམས་སམ
་གཡུལ་དུ་འཐབ་མོ་རྣམས་ནི་འཆི་བ་ཉིད་དེ། མཉམ་པའི་གནས་ལ་རྒྱལ་བའོ། །ཞེས་པ་ནི་སྐར་མའི་སྟོབས་ཀྱི་ངེས་པའོ། །ད་ནི་གདེངས་ཅན་གྱི་འཁོར་ལོ་གསུངས་པ། ཐ་སྐར་ཞེས་པ་ལ་སོགས་པ་སྟེ། ཐ་སྐར་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བདུན
་རྣམས་ཀྱི་རྩ་གསུམ་སྦྲུལ་ཡང་སྤྲས་པར་གྱུར་པ་རྒྱུ་སྐར་ནམ་གྲུ་ཉིད་ཀྱི་བར་དུ་སྟེ་སྡིག་ཟླ་ཞེས་པ་སྡིག་པའི་གཟའ་དང་ཟླ་བ་ནི་སྡིག་ཟླ་སྟེ། ནང་པ་འམ་འཐབ་མོ་བའི་སྐྱེས་པའི་རྒྱུ་སྐར་གལ་ཏེ་རྩ་གཅིག་དག་ལ་གྱུར་ན་དེའི་ཚེ་མི་རྣམས་དག་ནི་རྣམ་པར་ཉམས
་ཏེ་འཆི་བར་འགྱུར་རོ། ཞེས་པ་རྩ་གསུམ་པ་གདེངས་ཅན་གྱི་འཁོར་ལོའི་ངེས་པའོ། །རྩ་གསུམ་ལ་སྨིན་དྲུག་ལ་སོགས་པ་གཅིག་གིས་བར་དུ་ཆོད་པ་དང་དེ་བཞིན་དུ་རྩ་གསུམ་ལ་ལག་ལ་སོགས་པ་རྒྱུ་སྐར་གསུམ་གྱི་བར་དུ་ཆོང་པ་རྣམས་ལ་ཟླ་བ་གནས
་ན་གང་ཐོག་མར་གཡུལ་གྱི་སར་ཞུགས་པ་དེ་རྣམ་པར་རྒྱལ་བར་འགྱུར་རོ། །རྩའི་ཕྱི་རོལ་གྱི་རྒྱུ་སྐར་གསུམ་པོ་རྣམས་ལ་ཟླ་བ་གནས་ན་གང་ཕྱི་ནས་ཞུགས་པ་དེ་རྣམ་པར་རྒྱལ་པར་འགྱུར་རོ་ཞེས་པ་ནི་གདིངས་ཅན་གྱི་འཁོར
་ལོ་གསུམ་པའི་ངེས་པའོ། །ཚེའི་གནས་སྐབས་ཀྱི་འབྲས་བུ་གསུངས་པ། དྲུག་དང་ཚེས་དང་ཞེས་པ་ལ་སོགས་པ་སྟེ། འདིར་རྩིབས་བརྒྱད་པའི་འཁོར་ལོ་བྱས་ལ། དེ་ནས་ཤར་ནས་དབང་ལྡན་གྱི་བར་དུ་ཉི་མ་ལ་སོགས་པའི་གཟའ་རྣམས་ཀྱི་ལོངས
་སྤྱོད་བརྒྱ་རྩ་བརྒྱད་དགེད་པར་བྱ་སྟེ། ཤར་གྱི་རྩིབས་ལ་དྲུག་གོ་།མེར་ཚེས་ཞེས་པ་བཅོ་ལྔའོ། །གཤིན་རྗེར་བརྒྱད་དོ། །བདེན་བྲལ་དུ་རི་ཟླ་ཞེས་པ་བཅུ་བདུན་ནོ། །ཆུ་རུ་བཅུའོ། །རླུང་དུ་བཅུ་དགུ་ཞེས་པ་གཅིག་གིས་མ་ཚང་བའི་ཉི་ཤུའོ། །བྱང
་དུ་ཉི་མ་ཞེས་པ་བཅུ་གཉིས་སོ། །དབང་ལྡན་དུ་ཉི་ཤུ་གཅིག་སྟེ། ཉི་མས་དྲུག་ལོངས་སྤྱོད་དོ། །ཟླ་བ་བཅོ་ལྔའོ། །མིག་དམར་གྱིས་ལོ་བརྒྱད་སྤྱོད་དོ། །གཟའ་ལག་གི་བཅུ་བདུན་སྤྱོད་དོ། །ཉི་སྐྱེས་ཀྱི་བཅུ་སྤྱོད་དོ། །བླ་མས་ཏེ་ཕུར་བུས་བཅུ་དགུ
་སྤྱོད་དོ། །ལག་འགྲོ་ཞེས་པ་སྒྲ་གཅན་ཏེ་ལོ་བཅུ་གཉིས་སྤྱོད་དོ། །དཀར་པོ་སྟེ་པ་སངས་ཀྱིས་ལོ་ཉི་ཤུ་རྩ་གཅིག་སྤྱོད་དོ། །དེ་ལྟར་ན་ལོ་བརྒྱ་རྩ་བརྒྱད་གྲངས་བཞིན་དུ་ཉི་མ་ལ་སོགས་པ་རྣམས་ཀྱི་སྟེ། དེ་དག་རིམ་པས་སྤྱོད་ཅེས་སོ། །སླར་ཡང་དེ་དང
་ནང་གི་གནས་སྐབས་ལ་ཞེས་པ་སྟེ། །འདིར་རགས་པའི་གནས་སྐབས་ལ་དྲག་པོ་རྣམས་ཀྱི་ཞི་བ་མིན་པ་བྱེད་དེ། ཉི་མ་དང་བཀྲ་ཤིས་དང་སྤེན་པ་དང་སྒྲ་གཅན་རྣམས་ཀྱིས་སོ། །ཞི་བ་རྣམས་ཀྱི་ཞི་བ་བྱེད་དེ། ཟླ་བ་དང་གཟའ་ལག་དང་ཕུར་བུ
་དང་པ་སངས་ཀྱི་ཞེས་གྲག་གོ་འདིར་ལོ་དྲུག་ལ་སོགས་པ་གནས་སྐབས་གཅིག་ལ་ལྔ་སླར་ཡང་ནང་གི་གནས་སྐབས་རྣམ་པ་བརྒྱད་དུ་འགྱུར་རོ། །དེ་དང་ནང་གི་གནས་སྐབས་ལ་ཡང་དེ་ལས་སྡེ་པ་བརྒྱད་པོ་རྣམས་ཀྱི་ཡི་གེ་དག་གི་ཞེས་པ་ལ། འདིར
་?་སྨྲེ་པའི་ཡི་གེ་རྣམས་ནི་རྣམ་པ་གཉིས་ཏེ། གཅིག་ནི་འཇིག་རྟེན་ལ་གྲགས་པའི་བརྗོད་པས་ཡིན་ལ་གཞན་ནི་རང་བྱུང་གིས་བརྗོད་པས་སོ། །འདིར་འཇིག་རྟེན་པའི་བརྗོད་པས་ཨའི་སྡེ་པ་ནི་ཨ་ཨི་ཨུ་ཨེ་ཨོ་སྟེ། ཨ་ཨི་རི་ལི་ཀ་ཞེས་པ་ནི་རིགས་པའོ། །ཀའི
་ཟླ་བ་ནི་ཀ་ཁ་ག་གྷ་ང་སྟེ། དེ་བཞིན་དུ་ཙའི་སྡེ་པ་དང། ཊའི་སྡེ་པ་དང། ཏའི་སྡེ་པ་དང། ཕའི་སྡེ་པ་དང། ཡའི་སྡེ་པ་ཡ་ར་ལ་ཝ་དང། ཤའི་སྡེ་པ་ཤ་ཥ་ས་ཧ་ཞེས་པ་ནི་འཇིག་རྟེན་པའི་བརྗོད་པས་སོ། །ཧ་ཡ་ཝ་ར་ལ་ཎ། ཉ་མ་ད་ཎ་ན་མ་ང་ཎ་ན་མ་།
་དྷ་?་གྷ་ཌཧ་དྷ་ཥ། ཛ་བ་ག་ཌ་ད་ཤ་།ཁ་ཕ་ཚ་ཋ་ཐ་ཙ་ཊ་ཏ་བ། ཀ་པ་ཡ་ཤ་ཥ་ས་ར་ཞེས་པ་ལ་སོགས་པ་ནི་ནམ་མཁའ་ལ་སོགས་པའི་རིགས་པའོ། །འདི་ཉིད་ལ་ནམ་མཁའ་ལ་སོགས་པས་སྡེ་པའི་ཡི་གེ་རྣམས་ཡོངས་སུ་དག་པ་མེད་དེ། བདེ་བྱེད
་?་?་པའི་ཕྱིར་རོ། །འདིར་ཡང་ཨ་ཨི་རི་ཨུ་ལི་ཞེས་པ་ནི་ཉི་མའི་རགས་པའི་གནས་སྐབས་ལོ་དྲུག་དང་ནང་གི་གནས་སྐབས་ལ་རྣམ་པ་བརྒྱད་ལ་ལོངས་སྤྱོད་དོ། །དེ་བཞིན་དུ་ཧ་ཡ་ཝ་ར་ལ་ན་ཞེས་པ་ནི་ཟླ་བའི་ལོ་བཅོ་ལྔ་དང་ནང་གི་གནས
་སྐབས་ལའོ། །ད་གྷ་ག་ཁ་ཀ་ནི་བཀྲ་ཤིས་ཀྱི་ལོ་བརྒྱད་དང། ནང་གི་གནས་སྐབས་ལའོ། །ཉ་ཛཧ་ཛ་ཚ་ཙ་ནི་གཟའ་ལག་གི་ལོ་བཅུ་བདུན་དང་ནང་གི་གནས་སྐབས་ལའོ། །ཎ་ཌཧ་ཌ་ཋ་ཊ་ཎི་སྤེན་པ་བཅུ་དང་ནང་གི་གནས་སྐབས་ལའོ། །མ་བྷ་བ་ཕ
་གཅིག་པ་ནི་ཕུར་བུའི་ལོ་བཅུ་དགུ་དང་ནང་གི་གནས་སྐབས་ལའོ། །ན་དྷ་ད་ཐ་ཏ་ནི་སྒྲ་གཅན་གྱི་ལོ་བཅུ་གཉིས་དང་ནང་གི་གནས་སྐབས་ལའོ། །ཐྐ་ཤ་ཥ་ཝ་ས་ནི་དཀར་པོའི་ལོ་ཉི་ཤུ་རྩ་གཅིག་དང་ནང་གི་གནས་སྐབས་ལ་རྣམ་པ་བརྒྱད་ལོངས་སྤྱོད
་དེ། དེ་བཞིན་དུ་སྡེ་བའི་རང་བཞིན་ནི་ཉི་མ་དང་ཟླ་བ་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ་རིམ་པ་བཞིན་དུ་ཡི་གེ་ལྔ་ལྔའི་བདག་ཉིད་ཀྱི་སྡེ་པ་བརྒྱད་པ་རྣམས་སོ། །གང་དུ་ཨེ་ཨོ་ཨཱར་ཨལ་ཨཱལ་ཡོད་པ་དེར་རྩ
་བའི་རང་བཞིན་བཟུང་བར་བྱའོ། །དེ་ལྟར་སྡེ་པ་བརྒྱད་ཀྱི་ཡི་གེ་ལྔ་རྣམས་ལས་ཉི་མ་ལ་སོགས་པ་རྣམས་ལོ་དྲུག་ལ་སོགས་པ་རྣམས་ལ་དབྱངས་ཀྱིས་ཡུད་ཙམ་དང་གསལ་བྱེད་ཀྱིས་དཀྱིལ་འཁོར་ལོངས་སྤྱོད་དེ། ལྔར་རྣམ་པར་ཕྱེ་བ
་ལས་སོ། །ཆ་བརྒྱད་ཀྱི་ལོ་དྲུག་ལ་སོགས་པ་རྣམས་ཀྱི་ནང་གི་གནས་སྐབས་ལའོ་ཞེས་པ་ནི་གནས་སྐབས་ཀྱི་འཁོར་ལོའི་ངེས་པའོ། །གཟའི་ལོངས་སྤྱོད་སོ་སོའི་དང་པོའི་ཆ་ལ་ཚེའི་གནས་སྐབས་ཀྱི་བདག་པོ་སྟེ། དེ་ནས་གཞན་བདུན་པོ་གོ་རིམས་བཞིན
་ནོ་ཞེས་པ་ནི། ཚེའི་གནས་སྐབས་ཀྱི་ངེས་པའོ། །ད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ། རྒྱལ་ཞེས་པ་ལ་སོགས་པ་སྟེ། རྒྱལ་གྱི་ཟླ་བར་ཞེས་པ་རྒྱལ་འདས་ཤིང། མཆུ་འཇུག་པའི་ཉིན་ཞག་ལ་མ་རིག་པའོ། །འདིར་ཆུ་སྲིན་ལ་སོགས་པའི
་ཁྱིམ་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །དེ་ལ་དང་པོའི་རྩིབས་ལ་ཆུ་སྲིན་ཏེ། དེར་ཉི་མ་སོན་པ་ལའོ། །བུམ་པར་ཉི་མ་ཆུ་ལ་ཡང། ཡང་ཡིག་གིས་མཆུའི་མཛའ་འདི་ཉིད་དུ་དབོ་འཇུག་པའི་ཉིན་ཞག་ལ་འདུ་བྱེད་དོ། །དེ་བཞིན་དུ་དཔོའི་མཛའ་
་ནག་པོའི་དང་པོ་ཉིའི་ཉིན་ཞག་ལ་རྣམ་པར་ཤེས་པའོ། །དེ་བཞིན་དུ་ནག་པའི་མཛའ་ས་གའི་དང་པོ་ལུག་གི་ཉིན་ཞག་ལ་མིང་དང་གཟུགས་སོ། །དེ་བཞིན་དུ་ས་གའི་མཛའ་སྣོན་གྱི་དང་པོ་གླང་གི་ཉིན་ཞག་ལ་སྐྱེ་མཆེད་དྲུག་གོ་།དེ་བཞིན་དུ་སྣརོན་གྱི
་མཛའ་ཆུ་སྟོད་ཀྱི་དང་པོ་འཁྲིག་པའི་འཕོ་བའི་ཉིན་ཞག་ལ་རེག་པའོ། །དེ་བཞིན་དུ་ཆུ་སྟོད་ཀྱི་མཛའ་གྲོ་ཞིན་གྱི་དང་པོ་ཀར་ཀ་ཊའི་འཕོ་བའི་ཉིན་ཞག་ལ་ཚོར་བའོ། །དེ་བཞིན་དུ་གྲོ་བཞིན་གྱི་མཛའ་ཁྲུམས་ཀྱི་དང་པོ་སེང་གེའི་འཕོ་བའི་ཉིན་ཞག་ལ་སྲེད་པའོ། །
་དེ་བཞིན་དུ་ཁྲུམས་ཀྱི་མཛའ་ཐ་སྐད་གྱི་དང་པོ་བུ་མོའི་འཕོ་བའི་ཉིན་ཞག་ལ་ལེན་པའོ། །དེ་བཞིན་དུ་ཐ་སྐར་གྱི་མཛའ་སྨིན་དྲུག་གི་དང་པོ་སྲང་གི་འཕོ་བའི་ཉིན་ཞག་ལ་སྲིད་པའོ། །དེ་བཞིན་དུ་སྨིན་དྲུག་གི་མཛའ་མགོའི་དང་པོའི་སྡིག་པའི་འཕོ་བའི་ཉིན
་ཞག་ལ་སྐྱེ་བའོ། །དེ་བཞིན་དུ་མགོའི་མཛའ་རྒྱལ་གྱི་དང་པོ་གཞུའི་འཕོ་བའི་ཉིན་ཞག་ལ་རྒ་ཤི་སྟེ། རྩིབས་བཅུ་གཉིས་པོ་རྣམས་ལ་རིམ་པ་བཞིན་ཡན་ལག་བཅུ་གཉིས་པོ་རྣམས་ཤེས་པར་བྱའོ། །ཉི་མའི་དབྱེ་བ་དང་ཟླ་བའི་དབྱེ་བ་ནི་རྒྱལ་གྱི་ཚེས་གཅིག
་ལ་སོགས་པས་ཐམས་ཅད་དུ་རབ་ཏུ་གྲགས་སོ། །གཉི་གའི་བགྲོད་པའི་དབང་གིས་ཞེས་པ་ནི་འཕོ་བའི་བགྲོད་པའི་དབང་དང་ཟླ་བའི་ཕྱོགས་དང་ཚེས་ཀྱི་བགྲོད་པའི་དབང་གིས་ཏེ། ཡན་ལག་བཅུ་གཉིས་པོ་རྣམས་སོ། །རྒྱལ་དང་མཆུའི་མཚམས་སུ་ཆུ
་སྲིན་དག་ལ་ཉི་མ་གནས་པའི་གཟའ་དེ་ལ་ནི་མ་རིག་པའོ། །ཉིན་ཞག་དེ་ནས་ཉིན་ཞག་གཉིས་པ་ལ་རྒ་ཤིའོ། །གཟའ་གསུམ་པ་ལ་སྐྱེ་བའོ། །བཞི་པ་ལ་སྲིད་པའོ། །ལྔ་པ་ལ་ལེན་པའོ། །དྲུག་པ་ལ་སྲེད་པའོ། །བདུན་པ་ལ་ཚོར་བའོ། །བརྒྱད་པ་ལ་རེག་པའོ།།
་དགུ་པ་ལ་སྐྱེ་མཆེད་དྲུག་གོ་།བཅུ་པ་ལ་མིང་དང་གཟུགས་སོ། །བཅུ་གཅིག་པ་ལ་རྣམ་པར་ཤེས་པའོ། །བཅུ་གཉིས་པ་ལ་འདུ་བྱེད་དོ། །གཟའ་གསུམ་པ་ལ་ཇི་ལྟ་བ་དེ་བཞིན་དུ་བཅུ་གསུམ་པ་ལ་སྐྱེ་བའོ། །བཅུ་བཞི་པ་ལ་སྲིད་པའོ། །བཅོ་ལྔ་པ་ལ་ལེན་པའོ། །ངེས་འགའ་
་གཟའ་བཅུ་དྲུག་ལ་ཡང་སྲེད་པའོ། །ཉི་མའི་བགྲོད་པའི་དབྱེ་བས་ཡན་ལག་རྣམས་ཏེ། འཕོ་བའི་ཕྱོགས་འགའ་ཞིག་གཟའ་བཅུ་དྲུག་ཏུ་འགྱུར་རོ་ཞེས་པ་སྟེ། གཡས་ཀྱི་རྩ་ལ་ཆུ་སྲིན་གྱི་དུས་སྦྱོར་མཉམ་པའི་དབང་གིས་སོ། །དེ་བཞིན་དུ་ཆུ་དང་དཔོའི་མཚམས་སུ
་བུམ་པར་ཉི་མ་སོན་པའི་གཟའ་དེ་ལ་འདུ་བྱེད་དོ། །གཉིས་པ་ལ་རྣམ་པར་ཤེས་པའོ། །གསུམ་པ་ལ་མིང་དང་གཟུགས་སོ། །བཞི་པ་ལ་སྐྱེ་མཆེད་དྲུག་གོ། ལྔ་པ་ལ་རེག་པའོ། །དྲུག་པ་ལ་ཚོར་བའོ། །བདུན་པ་ལ་སྲེད་པའོ། །བརྒྱད་པ་ལ་ལེན་པའོ། །དགུ་པ་ལ
་སྲིད་པའོ། །བཅུ་པ་ལ་སྐྱེ་བའོ། །བཅུ་གཅིག་པ་ལ་རྒ་ཤིའོ། །བཅུ་གཉིས་པ་ལ་མ་རིག་པ་སྟེ། གཡོན་གྱི་ཆར་བུམ་པའི་དུས་སྦྱོར་མི་མཉམ་པའི་དབང་གིས་སྤྲོ་བའི་རིམ་པས་སོ། །འདིར་གསུམ་པ་ལ་ཇི་ལྟ་བ་དེ་བཞིན་དུ་བཅུ་གསུམ་པ་ལ་མིང་དང
་གཟུགས་སོ། །བཅུ་བཞི་པ་ལ་སྐྱེ་མཆེད་དྲུག་གོ་།བཅོ་ལྔ་པ་ལ་རེག་པའོ། །ཁ་ཅིག་ཏུ་བཅུ་དྲུག་པ་ལ་ཚོར་བའོ། །དེ་ལྟར་ཐམས་ཅད་དུ་ཉི་མ་དང། ཟླ་བའི་རྒྱུ་བ་མཉམ་པ་དང་མི་མཉམ་པའི་དབྱེ་བས་ཤེས་པར་བྱ་སྟེ། གཉི་གའི
་ཕྱོགས་ཀྱི་འཕོ་བ་ལས་གཟའི་དབྱེ་བས་སོ། །འདིར་མི་རིག་པ་ལ་སོགས་པའི་ཡན་ལག་མི་མཉམ་པ་ནི་ཞི་བའི་བྱ་བ་ཀུན་ལ་དགེ་བ་སྟེ། མ་རིག་པ་དང། རྣམ་པར་ཤེས་པ་དང། སྐྱེ་མཆེད་དྲུག་དང་ཚོར་བ་དང་ལེན་པ་དང། སྐྱེ་བ་ནི་མི་མཉམ་པའི
་ཡན་ལག་གོ་།གང་ཞིག་འདུ་བྱེད་ལ་སོགས་པ་མཉམ་པ་ནི་ཞི་བའི་བྱ་བ་ལ་མི་དགེ་བ་སྟེ། འདུ་བྱེད་དང་མིང་དང་གཟུགས་དང། རེག་པ་དང། སྲེད་པ་དང། སྲིད་པ་དང། རྒ་ཤི་ནི་མཉམ་པ་སྟེ། མཉམ་པ་ནི་དྲག་པོའི་ལས་ལ་ཤིས་པར་འགྱུར་རོ། །དེ་བཞིན
་དུ་རྒྱལ་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པའོ། །གཉིས་པ་ལ་འདུ་བྱེད་དེ། སྤྲོ་བའི་རིམ་པས་སོ། །ནག་པོའི་ཚེས་གཅིག་ལམ་རིག་པའོ། །གཉིས་པ་ལ་རྒ་ཤི་སྟེ། དེ་ལྟར་ཉེ་བར་སྡུད་པའི་རིམ་པས་ཆོས་བཅུ་གཉིས་པོ་རྣམས
་ལ་ཡན་ལག་བཅུ་གཉིས་སོ། །རྒྱལ་གྱི་ཟླ་བ་ལ་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་ཇི་ལྟ་བ་དེ་བཞིན་དུ། མཆུ་ལ་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་འདུ་བྱེད་ལ་སོགས་པ་རྣམས་སྤྲོ
་བ་དང་བསྡུ་བའི་དབྱེ་བས་རྟོགས་པར་བྱའོ། །དེ་བཞིན་དུ་དཔོ་ལ་སོགས་པའི་དཀར་པོ་དང་ནག་པོའི་ཕྱོགས་རྣམས་ལ་རྣམ་པར་ཤེས་པ་ལ་སོགས་པ་སྟེ། ཡན་ལག་བཅུ་གཉིས་རྣམས་སོ་སོར་འགྱུར་རོ། །འདིར་འཇིག་རྟེན་པའི་ཐ་སྙད་ཀྱི
་སྐར་རྩིས་ཤེས་པ་ལ་ཇི་ལྟ་བ་དེ་བཞིན་དུ་མངོན་པར་ཤེས་པ་དང་བྲལ་བ་རྣམས་ཀྱིས་ཤེས་པར་བྱའོ། ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་ངེས་པ་སྟེ། དེས་ན་རྒྱས་པར་མ་གསུངས་སོ། །ད་ནི་སའི་སྟོབས་གསུངས་པ། ཉི་མ་ཤེས་པ་ལ་སོགས
་པ་སྟེ། འདིར་སའི་དཀྱིལ་འཁོར་ཕྱོགས་བརྒྱད་ཀྱི་བདག་ཉིད་དང། ཁྱིམ་གྱི་འཁོར་ལོ་ལ་གཟའི་འཁོར་ལོ་འཁོར་བ་ཤེད་ནས། སའི་ཕྱོགས་བརྒྱད་པོ་དེ་དག་ལ་གང་དུ་ཉི་མ་མིག་དམར་མཇུག་རིང་སྤེན་པ་ཐམས་ཅད་གཡས་ཏེ། གཡས་སམ་རྒྱབ་ཏུ་ཡང་དག
་གནས་པས་དགྲ་ནི་འཆི་བར་བྱེད་དེ། དགྲ་རྣམས་ཀྱི་མདུན་དང་གཡོན་དུ་གནས་པས་འཆི་བར་བྱེད་དོ། །གཡོན་དང་མདུན་དུ་ཞི་བའི་རང་བཞིན་གཟའ་ཚོགས་མཛའ་དག་ཡུལ་གྱི་སར་ནི་དེ་བཞིན་ཁོ་ན་དགྲ་ནི་འཆི་བར་བྱེད་དེ། ཟླ་བ་དང་གཟའ་ལག་དང་པ་སངས
་དང། བླ་མ་ནི་ཞི་བའི་རང་བཞིན་གཟའ་ཚོགས་ཏེ། དགྲ་རྣམས་ཀྱི་གཡས་དང་རྒྱབ་ནི་གནས་ན་དགྲ་ནི་འཆི་བར་བྱེད་དོ་ཞེས་པ་ངེས་པའོ། །དེ་བཞིན་དུ་འཆད་པར་འགྱུར་བའི་རྣལ་འབྱོར་མ་དང། བིཥྚི་དྲག་བ་རླུང་དང་བཅས་པ་གཡས་དང་རྒྱབ་ཏུ་བདེ་བ་སྦྱིན་པ
་སྟེ། དགྲ་རྣམས་ཀྱི་གཡོན་དང་མདུན་དུ་གནས་པས་འཆི་བར་བྱེད་པར་འགྱུར་རོ། །མཉམ་དང་མི་མཉམ་གྱུར་བ་སྟེ་དྲག་པོ་ཕྱེད་དགྲ་རྣམས་ཀྱི་གཡས་དང་རྒྱབ་ཏུ་ཡིན་ལ་དྲག་པོ་ཕྱེད་ནི་མ་ཡིན་ཞིང། ཞི་བ་ཕྱེད་གཡོན་དང་མདུན་དུ་ཡིན་ལ་ཞི་བ་ཕྱེད་ནི་མ་ཡིན
་པ་དེའི་ཚེ་གཉི་གའི་དཔུང་ནི་འཇོམས་པར་འགྱུར་ཏེ། གཉི་གའི་དཔུང་རྣམས་འཆི་བར་འགྱུར་རོ་ཞེས་པ་ནི་ངེས་པའོ། །ད་ནི་ཚངས་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱི་སྟོབས་གསུངས་པ། ཚངས་མ་ཞེས་པ་ལ་སོགས་པ་སྟེ། འདིར་དཀར་པོའི་ཕྱོགས
་སམ། ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་བརྒྱ་བྱིན་དུ་ཚངས་མའོ། །གཉིས་པ་ལ་གནོད་སྦྱིན་དུ་དྲག་མོའོ། །གསུམ་པ་ལ་མེའི་མཚམས་སུ་གཞོན་ནུ་མའོ། བཞི་པ་བླ་དེ་ན་བྲལ་དུ་ཁྱབ་འཇུག་མའོ། །ལྔ་པ་ལ་གཤིན་རྗེར་ཕག་མོའོ། །དྲུག་པ་ལ་ཆུར་དབང་མོའོ།།
་བདུན་པ་ལ་རླུང་དུ་ཙཱ་མུཎ་ཌའོ། །བརྒྱད་པ་ལ་དབང་ལྡན་དུ་དཔལ་མོ་ཆེན་མོ་སྟེ། ནོར་གྱི་ཚེས་ལས་ཞེས་པ་བརྒྱད་ཀྱི་ཚེས་ལའོ། །དང་པོ་ནི་ཚེས་གཅིག་ལ་སོགས་པའོ། །དགུ་པ་ལ་ཞེས་པ་ནི་སླར་ཡང་དགུ་པ་ལ་བརྒྱ་བྱིན་ཏུ་ཚངས་མའོ། །བཅུ་པ་ལ་གནོད་
་སྦྱིན་དུ་དྲག་མོའོ། །བཅུ་གཅིག་པ་ལ་མེར་གཞོན་ནུ་མའོ། །བཅུ་གཉིས་པ་ལ་བདེན་བྲལ་དུ་ཁྱབ་མཇུག་མའོ། །བཅུ་གསུམ་པ་ལ་གཤིན་རྗེར་ཕག་མོའོ། །བཅུ་བཞི་པ་ལ་ཆུར་དབང་མོའོ། །བཅོ་ལྔ་པ་ལ་ཉ་འམ་གནམ་སྟོང་གི་ཚེས
་ཕྱེད་ལ་ཙཱ་མུཎྜ་དང་ཚེས་ཕྱེད་ལ་དཔལ་མོ་ཆེན་མོའོ། །ཞེས་པ་ནི་རིགས་པའོ། །དེ་ལྟར་ཕྱོགས་བརྒྱད་པོ་འདི་དག་ཏུ་རྣལ་འབྱོར་མ་དེ་དག་འཆར་བར་བྱེད་དོ། །སླར་ཡང་ཚེས་གཅིག་ལ་སོགས་པའི་ཚེས་རྣམས་ལ་ཕྱེད་སྔ་མ་བརྒྱད་དུ་དབྱེ་ཞིང། ཕྱེད
་ཕྱི་མ་བརྒྱད་དུ་དབྱེ་སྟེ། དེ་ལྟར་ན་ཚེས་དེ་དག་བརྒྱད་གཉིས་ཀྱི་དབྱེ་བ་རྣམས་ལ་འཆར་བར་ཤེས་པར་བྱའོ། །དེ་དག་རྣམས་ཀྱི་རང་རང་གི་ཚེས་ལ་བརྒྱད་ཆ་དང་པོ་ལོངས་སྤྱོད་པ་ནི་ཚེས་ཀྱི་བདག་མོ་སྟེ། ཕྱི་ནས་ཇི་ལྟར་བརྗོད་པའི་རིམ་པས་བདུན་པོ་ལོངས་སྤྱོད་པ་ནི
་བདུན་པོ་རྣམས་སོ་ཞེས་པ་ནི་རིགས་པའོ། །དེ་བཞིན་དུ་ཚེས་ཀྱི་ཕྱེད་ཕྱི་མ་ལ་ཡང་ཤེས་པར་བྱའོ་ཞེས་པ་ནི་རྣལ་འབྱོར་མའི་འཁོར་ལོ་འཆར་བའི་ངེས་པའོ། །ད་ནི་བིཥྚིའི་སྟོབས་གསུངས་པ། བིཥྚི་རྣམས་ནི་དཀར་པོའི་ཕྱོགས་ཀྱི་བཞི་པ་དང་བརྒྱད་པ་དང་བཅུ
་པ་ཅིག་པ་དང་ཉ་ལ་འཆར་བ་སྟེ། རིམ་པ་བཞིན་དུ་བརྒྱ་བྱིན་དང། གཤིན་རྗེ་དང་ནུབ་དང་བྱང་དུའོ། །ནག་པོའི་ཕྱོགས་ཀྱི་གསུམ་པ་དང་བདུན་པ་དང་བཅུ་པ་དང་བཅུ་བཞི་པ་ལ་འཆར་སྟེ། རིམ་པ་བཞིན་དུ་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་དུའོ། ཞེས
་པ་ནི་བིཥྚི་འཆར་བའི་ངེས་པ་སྟེ། འདི་དག་གི་བྱ་བ་ནི་སྔར་ཉིད་དུ་གསུངས་སོ། །ད་ནི་དྲག་པོའི་སྟོབས་གསུངས་པ། དྲག་པོ་ཤར་ནས་ཏེ། ཤར་གྱི་ཕྱོགས་ནས་གཞན་ཕྱེད་ཆུའི་བར་དུ་འགྲོ་སྟེ། ཉིན་ཞག་དབང་གི་བར་དུ་ཕོ་བ་རྒྱུ་བའི་དབང་གིས་སོ།།
་བྱང་དུ་ཞེས་པ་ནི་གཡོན་བསྐོར་གྱིས་སོ། །བྱང་གི་ཉི་མ་ལ་ཞེས་པ་ནི་བྱང་བགྲོད་ལ་གནས་པ་ལ་སྟེ། ཆུ་སྲིན་དང་བུམ་པའི་ཕྱེད་ལ་ཤར་དུའོ། །བུམ་པའི་ཕྱེད་དང་ཉ་ལ་དབང་ལྡན་དུའོ། །ལུག་དང་གླང་གི་ཕྱེད་ལ་བྱང་དུའོ། །གླང་གི་ཕྱེད་དང་འཁྲིག་པ
་ལ་རླུང་དུའོ། །དེའི་འོག་ཏུ་ཆུ་ནས་མེ་ལྡན་ཞེས་པ་ནི་ཉི་མ་ལྷོར་བགྲོད་པ་ལ་དྲག་པོ་ལྷོར་འགྲོ་སྟེ། ཀར་ཀ་ཊ་དང་སེང་གེའི་ཕྱེད་ལ་ཆུ་རུའོ། །སེང་གེའི་ཕྱེད་དང་བུ་མོ་ལ་བདེན་བྲལ་དུའོ། །སྲང་དང་སྡིག་པའི་ཕྱེད་ལ་གཤིན་རྗེར་རོ། །སྡིག་པའི་ཕྱེད་དང་གཞུ་ལ་མེ་རུའོ། །ཞེས
་པ་ནི་དྲག་པོ་འཆར་བའི་ངེས་པའོ། ཞེས་པ་ལ་སོགས་པ་ཟླ་བའི་དྲག་པོ་དང། ཕྱོགས་ཀྱི་དྲག་པོ་དང། ཉིན་ཞག་གི་དྲག་པོ་དང། དུས་ཀྱི་དྲག་པོ་དང། རྣམ་པ་དྲུག་ནི་དོན་མེད་པ་སྟེ། དེས་ན་མ་གསུངས་སོ། །ད་ནི་ཐུན་ཕྱེད་པའི་སྒྲ་གཅན་གྱི་སྟོབས་གསུངས
་ཏེ། འདིར་གཟའ་བདུན་པོ་རྣམས་ལས་ཉི་མ་འཆར་བ་ལ་ཤར་ནས་ཏེ་ཤར་གྱི་ཕྱོགས་ཀྱི་ཆ་ནས་ཐུན་ཕྱེད་ཀྱི་མཇུག་ཏུ་རླུང་དུ་རབ་ཏུ་འཇུག་གོ་།དེ་ནས་ཐུན་ཕྱེད་གཞན་གྱི་མཐར་ལྷོ་རུ་འགྲོ་བར་བྱེད་དོ། །སླར་ཡང་ཐུན་ཕྱེད་གཞན་གྱི་མཐར་དབང་ལྡན་དུ
་འགྲོའོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་ཆུ་རུ་འགྲོའོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་མེར་རོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་གནོད་སྦྱིན་དུའོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་བདེན་བྲལ་དུ་འཇུག་གོ་།ཞེས་པ་ནི་ཕྱོགས་བརྒྱད་པོ་རྣམས་ལ་ཉི
་མ་འཆར་པ་ནས་ཉི་མ་ནུབ་པའི་བར་དུ་ངེས་པ་སྟེ། དེ་བཞིན་དུ་མཚན་མོ་ལ་ཤེས་པར་བྱའོ། །དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་རླུང་དག་ལས་ཀྱང་འདི་ནི་རྣམ་པར་རྒྱལ་བར་འགྱུར་ཏེ། མཚན་མའི་འཐབ་མོ་འཐབ་མོ་པ་གཉིས་ཀྱི་འཐབ་མོ་དང
་འཁྲུག་པ་དག་ལ་ཡང་རྩ་བའི་སྒྲ་གཅན་གྱིས་ནི་དགྲའི་སྟོབས་འཇོམས་ཏེ། ཟླ་བ་ལ་སོགས་པའི་སྒྲ་གཅན་རྣམས་ཀྱི་ནང་ན་དེ་དང་མཚུངས་པའི་སྒྲ་གཅན་གཞན་ཡོད་པ་མིན་ནོ། །ཞེས་པ་ནི་ངེས་པའོ། །ད་ནི་མཚན་མའི་འཐབ་མོ་ལ་འཐབ་མོ་པའི
་སྟོབས་གསུངས་པ། དབྱངས་དམན་འཐབ་མོ་པ་ནི་མཉམ་པའི་གཡུལ་མཚན་མའི་འཐབ་མོ་དང་མི་མཉམ་པའི་གཡུལ་གཉི་གའི་དཔུང་གི་འཁྲུག་པ་ལ་སྟེ། མཉམ་དང་མི་མཉམ་གཡུལ་ལ་ལྷག་པ་དག་གི་སྟེ། དབྱངས་ཀྱི་ཡི་གེ་ལྷག་པའི
་མིང་གིས་འཇོམས་པར་བྱེད་པ་སྟེ། དབྱངས་ཐུང་ངུ་དབྱངས་རིང་པོས་འཇོམས་པར་བྱེད་དོ། །དབྱངས་རིང་པོ་ནི་དབྱངས་ཤིན་ཏུ་རིང་པོས་འཇོམས་པར་བྱེད་དོ། །སླར་ཡང་མཚན་མ་གཞན་ནི་དབུགས་ལ་གཉིས་ཀྱི་མིང་གང་སྙིང
་ལ་རབ་ཏུ་འཇུག་ན་དེ་ནི་འཁྲུག་པ་དག་ལས་རྒྱལ་བར་འགྱུར། གང་གི་མིང་དབུགས་ཕྱིར་མཐོན་པ་ལ་ཡིན་པ། དེ་ནི་འཆི་བར་འགྱུར་རོ། །སྦྱོར་བ་གཞན་ནི་ཕོ་ཉས་བརྗོད་པ་དང་པོའི་མིང་དེ་རྣམ་པར་རྒྱལ་བར་འགྱུར་ཏེ། ཕྱིས་ཀྱིས་མིང་ནི་འཕམ་པར་འགྱུར
་ཞེས་པ་ནི་ངེས་པའོ། །འདུ་བ་ཤེས་པ་ནི་རྒྱལ་མཚན་དང། དུ་བ་དང། སེང་གེ་དང། ཁྱི་དང་གླང་དང་བོང་བུ་དང། གླང་པོ་ཆེ་དང། བྱ་རོག་ཅེས་པའི་འདུ་བ་རྣམས་སོ། །ཁ་དོག་ནི་ལྗང་གུ་དང་དཀར་པོ་དང། དམར་པོ་དང་ནག་པོ་སྟེ། དེ་བཞིན་དུ་བྲམ་ཟེ
་དང། རྒྱལ་རིགས་དང། རྗེ་རིགས་དང། དམངས་རིགས་སོ། །དབྱངས་ལ་སོགས་པ་ནི་ཡི་གེའི་ཚོགས་ཉིས་འགྱུར་དང། དབྱངས་ཀྱི་ཚོགས་བཞི་འགྱུར་བདུན་གྱི་ཆའི་ལྷག་མ་ནི་འབྲས་བུ་སྟེ། དབྱངས་ལ་སོགས་པ་འདི་དག་དང། དབང་ཕྱུག་གིས་སྤོང
་བའི་བརྗོད་པ་གཞན་མཉམ་པ་དང་མི་མཉམ་པར་གྱུར་པ་རྣམས་ཀྱིས་ཀྱང་འབྲས་མེད་སྟོན་པ་ཉིད་དོ། །གང་གི་ཕྱིར་མངོན་པར་ཤེས་པ་ལྔ་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱིས་བྱིས་པ་རྣམས་ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པའི
་ཚིག་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་དང་བྲལ་བ་ནི་གཟའ་ལ་སོགས་པའི་འབྲས་བུའི་ཟོལ་གྱིས་དྲང་སྲོང་རྣམས་ཀྱིས་བརྫུན་གྱི་བཀོད་པ་བྱས་པའི། །དབང་ཕྱུག་གི་ཚེས་ལ་གནས་པ་རྣམས་ཀྱིས་དབྱངས་འཆང་བའི་བཀོད་པ་བྱ་སྟེ། དབང
་ཕྱུག་གིས་གསུངས་སོ། ཞེས་པའི་རྫུན་གྱི་ཚིག་གི་འཇིག་རྟེན་རྣམས་རབ་ཏུ་བསླུ་བར་བྱེད་དོ། །སྤྲོས་པ་འདི་ནི་རྒྱ་ཆེར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ། འདིར་ནི་ཆོག་གོ་།ད་ནི་རྩ་བའི་སྒྲ་གཅན་གྱི་སྟོབས་གསུངས་པ། དུས་ཞེས
་པ་ལ་སོགས་པ་སྟེ། འདིར་ས་ལ་རྒྱ་སྐར་བྱས་ནས་ཞེས་པ་ནི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་ཏེ། རྒྱུ་སྐར་གང་ལ་ཉི་མ་ཡོད་པའི་རྒྱུ་སྐར་དེ་ཤར་གྱིས་སྐར་མ་བདུན་པོ་རྣམས་ཀྱི་དབུས་སུ་ཡིན་ཞིང། གཡས་དང་གཡས་མིན་དུ་རྒྱུ་སྐར་གསུམ་གསུམ
་སྟེ། ཐུབ་པ་ཞེས་པ་བདུན་ནི་ཤར་དུའོ་དུས་ཀྱི་བསྒྱུར་བ་ནི་ཤར་དུ་ཇི་ལྟ་བ་དེ་བཞིན་དུ་བྱང་དང་ནུབ་དང་གཤིན་རྗེར་དོ། །འཁོར་ལོ་འཁོར་བར་བྱེད་པ་ནི་གཡས་སྐོར་གྱིས་ཏེ། སྒྱུ་སྐར་དགོད་པ་ནི་གཡོན་སྐོར་གྱིས་སོ། །ཉིན་མཚན་གྱི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད
་པོ་རྣམས་སོ་སོར་འཆར་བ་ལ་ལོངས་སྤྱོད་དོ། །འདིར་འཁོར་བའི་དབང་གིས་རྒྱུ་སྐར་གང་ལ་དུས་དེ་སྒྲ་གཅན་གྱི་མཇུག་མར་གྱུར་པ་དང་མུན་ཅན་དུ་གྱུར་པ་ཡང་རབ་གྱུར་ཅེས་པ་སྟེ། འཐབ་མོའི་ས་ལ་མི་བདག་རྣམས་ཀྱིས་གཡས་སུ་དུས་དང་གལ་ཏེ་གཡས་མིན་དུ་མུན་ཅན་སྒྲ
་གཅན་གྱི་གདོང་དུ་གྱུར་པ་ན་དེའི་ཆེ་གཡུལ་དུ་ལྷ་ཡི་མགོན་པོ་དག་ནི་འཕྲོག་བྱེད་དྲག་པོ་དང་བཅས་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར་རོ། །ལྟ་བ་ལྟུང་བས་གདོང་དང་མཇུག་མའི་སྒྲ་གཅན་གཉིས་པོ་དེ་དག་ལ་ཡང་གཡུལ་དུ་དགྲའི་སྡེ་རྣམས་དག་ནི་འཕྲལ
་དུ་ངེས་པར་ལྟུང་སྟེ་ལྟོའི་དབུས་སུ་རྒྱལ་བར་འགྱུར་རོ། །འདིར་གལ་ཏེ་ཤར་དུ་གདོང་བ་དང་ནུབ་དུ་མཇུག་མ་ཡོད་ན། དེའི་ཚེ་ལྷོར་ལྟ་བ་དང་བྱང་དུ་ལྟོ་བའོ། །གང་གི་ཚེ་མེ་ལ་གདོང་པ་ཡོད་ན་དེའི་ཚེ་རླུང་དུ་མཇུག་མ་དང་བདེན་བྲལ་དུ་ལྟ་བ་དང་དབང
་ལྡན་དུ་ལྟོ་བའོ། །གང་གི་ཚེ་ལྷོར་གདོང་པ་ཡོད་པ་དེའི་ཚེ་བྱང་དུ་མཇུག་མ་དང་ཆུ་ལྟ་བ་དང་ཤར་དུ་ལྟོ་བའོ། །གང་གི་ཚེ་བདེན་བྲལ་དུ་གདོང་པ་ཡོད་པ་དེའི་ཚེ་དབང་ལྡན་དུ་མཇུག་མ་དང་རླུང་དུ་ལྟ་བ་དང་མེར་ལྟོ་བའོ། །གང་གི་ཚེ་ཆུར་གདོང་བ
་ཡོད་པ་དེའི་ཚེ་ཤར་དུ་མཇུག་མ་དང་བྱང་དུ་ལྟ་བ་དང་ལྷོར་ལྟོ་བའོ། །གང་གི་ཚེ་རླུང་དུ་གདོང་པ་ཡོད་པ་དེའི་ཚེ། མེར་མཇུག་མ་དང་དབང་ལྡན་དུ་ལྟ་བ་དང་བདེན་བྲལ་དུ་ལྟ་བའོ། །གང་གི་ཚེ་བྱང་དུ་གདོང་བ་ཡོད་པ་དེའི་ཚེ་ལྷོར་མཇུག་མ་དང་ཤར་དུ་ལྟ་བ
་ནུབ་ཏུ་ལྟོ་བའོ། །གང་གི་ཚེ་དབང་ལྡན་དུ་གདོང་པ་ཡོད་པ་དེའི་ཚེ་བདེན་བྲལ་དུ་མཇུག་མ་དང་མེར་ལྟ་བ་དང་རླུང་དུ་ལྟོ་བའོ། །དེ་ལྟར་སྒྲ་གཅན་དུས་ལ་གནས་པ་རྣམས་ཏེ་གདོང་ལ་གནས་པ་དང་མཇུག་མ་ལ་གནས་པ་རྣམས་ནི
་འཆི་བར་འགྱུར་རོ་དཔུང་རྣམས་མཉམ་དུ་ལྟུང་བར་འགྱུར་བ་ནི་ལྟ་བའི་ཆ་ལ་གནས་པ་རྣམས་ཏེ། འདིར་ལྟ་བའི་ཆ་ནི་ལྟ་བ་ལ་གནས་པའི་རྒྱུ་སྐར་བཅུ་གཉིས་རྣམས་ཀྱི་གཡས་དང་གཡོན་ནས་གསུམ་པའི་ཆ་རྒྱུ་སྐར་བཞི་ནི་སྒྲ་གཅན་གྱི་ཡིན་ལ། བཞི
་ནི་དུས་ཀྱི་སྟེ། བྲང་འགྲོ་འགྲོ་བའི་དབང་གིས་དེར་ནི་སྡེ་རྣམས་བཅོམ་པར་འགྱུར་རོ། །ལྟ་བའི་ཆ་ནི་སྤངས་པ་རྣམས་ནི་ལྟོ་ལ་གནས་པའི་རྒྱུ་སྐར་བཅུ་གཉིས་རྣམས་ཀྱི་གསུམ་པའི་ཆ་ནི་ལྟོར་ཞུགས་པ་སྟེ། རྒྱུ་སྐར་བཞི་གཡས་དང་བཞི་གཡས་མིན
་དུའོ། །འདིར་ལྟ་བའི་ཆ་ལ་གནས་པ་རྣམས་ལྷོའི་ཆར་ཞུགས་པ་རྣམས་ལ་མངོན་པར་ཕྱོགས་པར་འགྱུར་ཏེ། དེ་རྣམས་དང་ལྷན་ཅིག་འཐབ་པོ། །དེ་ལྟར་དཔལ་ལྡན་རྩ་བའི་སྐྲ་གཅན་བླ་མའི་གསུང་ལ་གནས་པ་དུས་ཀྱི་འཁོར་ལོར་ཤེས་པར་བྱ་སྟེ། བླ
་མའི་གསུང་ནི་སངས་རྒྱས་ཀྱི་གསུང་ངོ། །རྒྱུ་དེའི་ཕྱིར་དཔལ་ལྡན་རྩ་བའི་སྒྲ་གཅན་སྲིད་གསུམ་རྣམ་རྒྱལ་ཏེ། འཁྱོག་པོ་ཞེས་པ་ནི་གཟའ་དྲག་པོའོ། །ལྷ་མིན་ཞེས་པ་ནི་རྣལ་འབྱོར་མ་དྲུག་ཅུ་ཏེ། འཁྱོག་པོ་དྲག་པོ་ལྷ་མིན་དེ་དག་གི་ནང་ན་རྣམ་པར་རྒྱལ་བའོ།།
་གཡུལ་གྱི་དུས་སུ་སའི་དཀྱིལ་འཁོར་ལ་གནས་ཤེས་པར་བྱ་སྟེ། གཞན་དུ་དགྲ་ནི་ཉམས་པ་མེད། དེ་ལྟར་བརྗོད་པའི་རིམ་པས་སྒྲ་གཅན་ཤེས་པར་བྱའོ། །ཞེས་པ་ནི་ངེས་པའོ། །འདིར་རྣལ་འབྱོར་མ་ལ་སོགས་པའི་སྟོབས་ཐམས་ཅད་བཏང་ནས་རྒྱལ་རིགས་རྣམས
་ཀྱི་སྒྲ་གཅན་འདི་གཅིག་བུ་གཟུང་བར་བྱ་སྟེ། གང་གིས་ཉི་མ་ཟླ་བ་ཟ་ཞིང། སྐབས་གསུམ་པ་རྣམས་འཇིག་པར་བྱེད་ལ། དྲག་པོའི་གཟུགས་ཅན་མིག་སྨན་གྱི་མདོག་སྟེ། ས་ལ་གང་ཞིག་ཉིན་མཚན་གྱིས་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཕྱོགས་ཀྱི་ཆ་སྟེ
་ཕྱོགས་བརྒྱད་པོ་རྣམས་སུ་འཁོར་བ་དེ་ཉིད་གཟུང་བར་བྱའོ། །ཞེས་པ་ནི། གཡུལ་གྱི་སྟོབས་ལ་ངེས་པའོ། །དེ་ནི་གདུག་པའི་དགྲའི་རྗོད་གཞོམ་པའི་དུས་སུ་འཁྲུལ་འཁོར་རྣམས་གསུངས་པ། གཡུལ་དུ་ཞེས་པ་ལ་སོགས་པ་སྟེ། གཡུལ་དུ་ཕམ་པའི་དགྲ་བོ་དག་ནི
་གལ་ཏེ་འཕྲལ་ལ་མཁར་གྱི་ནང་དུ་ཞུགས་པར་གྱུར་པ་ན། དེའི་ཚེ་ཕྱི་རོལ་ཏུ་འཁྲུལ་འཁོར་བྱ་སྟེ། འཁྲུལ་འཁོར་དེ་དག་གིས་འཕངས་པ་རྒྱུན་ཆད་མེད་པར་ལྟུང་བའི་རྡོ་དང་མེ་མདའ་རབ་ཏུ་འབབ་པ་དང། རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་གི་རང་གི་ཁྱིམ་བསྲུང
་བ་བྱས་ནས་ས་གཞིའི་གནས་ལ་རྡོ་རྗེའི་གུར་དང་ཅོག་ནི་དབྱེ་བ་དག་གིས་ཀྱང་དེའི་རྫོང་ནི་ཕྱེ་མར་བྱས་ཏེ། ཉིན་ཞག་ཉུང་ཟད་དག་གིས་གདུག་པ་དེ་ནི་བསྒྲུབ་པར་བྱ། ཞེས་པ་ནི་རིགས་པའོ། །འདིར་ཐང་གི་ར་བའི་རྫོང་ལ་རྡོའི་འཁྲུལ་འཁོར་གྱི་མཚན་ཉིད་གསུངས་པ།
་ཀ་བ་བཞི་ཞེས་པ་ལ་སོགས་པ་སྟེ། ཀ་བ་བཞི་ནི་བརྒྱད་གཉིས་ཁྲུ་ལྡན་ཞེས་པ་ནི་ཁྲུ་བཅུ་དྲུག་པ་གྲུ་བཞི་པ་ཞེང་དུ་སོར་བཅུ་དྲུག་པ་སྟེ་འཁྲུལ་འཁོར་རབ་གྱིའོ། །འབྲིང་གི་ཀ་བ་ནི་ཁྲུ་བཅུ་བཞི་པ་སྟེ། ཞེང་དུ་སོར་བཅུ་བཞི་པའོ། །ཐ་མའི་ཀ་བ་ནི་ཁྲུ་བཅུ་གཉིས་པ་སྟེ།
་ཞེང་དུ་སོར་བཅུ་གཉིས་པའོ། །དེ་དག་ཀྱང་གནས་བརྒྱད་དུ་ཕུག་བར་གྱུར་པ་སྟེ། མཉམ་དང་མི་མཉམ་གནས་ནས་སོ། །མཉམ་པ་ནི་ཤར་དང་ནུབ་ཀྱི་མཛའ་སྟེ། མི་མཉམ་པ་ནི་ལྷོ་དང་བྱང་གི་མཛའ་ཨོ། །གནས་བརྒྱད་པོ་དེ་དག་ཏུ་ཕུག་པར་གྱུར་པ་སྟེ། བུག་པའི་ཚད
་ནི་གསུམ་གྱི་ཆའོ། །དེ་དག་ཐ་དད་པ་རྣམས་ནི་མདུན་དུ་རྡང་བུ་བཞི་དང་གཡས་སུ་བཞི་དང། གཡོན་དུ་བཞི་དང། རྒྱབ་ཏུ་འོག་གི་ཆར་གཅིག་གིས་སོ། །རྒྱབ་ཀྱི་ཀ་བ་དག་ལ་བུག་པ་ལྔ་ཉིད་དེ། མདུན་གྱི་ཀ་བ་དག་ལ་ནི་བརྒྱད་དོ། །འཁྲུལ་འཁོར་གྱི་ཚད་ནི་རྩ
་བར་ཁྲུ་བཅུ་སྟེ་སྟེང་དུ་ཁྲུ་ལྔའོ། །སྒྱོགས་མངའ་ནི་ཀ་བ་རྣམས་ལས་ཁྲུ་གཉིས་ཀྱི་དམན་པའོ། །ོ་ལོག་བཅུའི་ཚད་ནི་ཁྲུ་དྲུག་པ་སྟེ། ཨོ་ལོག་བཅུའི་གཡོན་དང་གཡས་སུ་བ་གླང་གི་མཇུག་མའི་རྣམ་པའོ། །དབུས་ཀྱི་ཟླུམ་པོར་ཕྱེད་བཅས་ཁྲུ་གཉིས་དག་གོ་།ངོས
་གཉི་གར་སོར་ཉི་ཤུའོ། །རྩེ་མོའི་བུམ་པ་དག་ལ་སོར་སུམ་ཅུའོ། །ཟླུམ་པོ་འདིའི་དབུས་སུ་བུག་པ་སོར་བཅུ་བཞི་པ་ཞེང་དུ་སོར་བདུན་པའོ། །ོ་ལོག་བཅུའི་བུག་པ་དེར་སྒྱོགས་མངའ་ཁྲུ་གང་དོར་ནས་ཁྲུ་བཅུ་གསུམ་པ་རྣམས་བ་ལང
་གི་མཇུག་མའི་རྣམ་པར་བྱས་ཏེ། སྒྱོགས་མངའ་དེ་དེའི་བུག་པར་རབ་ཏུ་གཞུག་གོ་།ལྕགས་ཀྱི་གཟེར་གྱི་རྒྱབ་ཀྱི་ཆར་གཟེར་གྱི་འདེབ་སྟེ་བརྟན་པར་འགྱུར་རོ། །སྒྱོགས་མངའ་མགོ་བོ་ཁྲུ་གང་གི་ཚད་ལ་སུམ་ཆའི་བར་དུ་བུག་པ་གཉིས་སོ། །བུག་པ་དེ་དག་ཏུ་ཨ་ལོང
་གཉིས་ཏེ། ཟླུམ་སྐོར་དུ་སོར་དྲུག་ཅུ་པ། ལྕགས་ཀྱི་དབྱུག་གུ་ཟླུམ་པོའི་རྒྱར་སོར་དྲུག་པའོ། །རེ་རེ་ལ་ཐག་པ་ལྔ་བཅུ་གདགས་པར་བྱ་སྟེ། མགོ་བོར་ཨ་ལོང་དག་ལ་ཞེས་སོ། །སྒྱོགས་མདའི་མཐར་གཉའ་ནོན་ཟླུམ་པོ་སོར་བཅུ་གཉིས་པའོ། །སྒྱོགས་མངའ་ཨི་རྩེ་མོར
་མཛུབ་མོ་དང་བཅས་པ་བཅུ་གཅིག་སྟེ། གཟེར་གཉིས་ཀྱི་སྒྱོགས་མདའ་དང་བཅས་པ་དང་ལྕེ་དང་བཅས་པ་ལ་གདབ། །ལྕེའི་རྩེ་མོར་མཛུབ་མོར་ཤེས་པར་བྱ་སྟེ། སོར་དྲུག་ནི་ལྕེའི་མཉའ་མནོན་གྱི་ཚད་ཡིན་ལ་དེའི་བུག་པར་སྒྱོགས་མདའི་མཉའ་ནོན་གྱི་བར་དུ
་བཅུག་པར་འགྱུར་རོ། །སྒྱོགས་མངའ་ཨི་མཛུབ་མོ་འདི་ལ་འུར་མཐིལ་ཐག་པ་དང་བཅས་པ་ལ་ཁྲུ་གསུམ་པ་སྟེ། འདིར་པགས་པའི་འུར་མཐིལ་སོར་ཉི་ཤུ་རྩ་བཞི་པ་དབུས་ཀྱི་ཞེང་ལ་སོར་བཅུ་གཉིས་པ། གཡས་དང་གཡས་མིན་དུ་བ་ལང་གི་མཇུག་མའི་རྣམ
་པའོ། །ངོས་གཉིས་ཀར་སྲད་བུའི་རང་བཞིན་གྱི་ཐག་པ་གཉིས་ཏེ། ཕྱེད་དང་བཅས་པའི་ཁྲུ་གཉིས་ལྷག་པའོ། །འུར་མཐིལ་དེའི་ནང་དུ་རྡོག་རབ་ཏུ་བཅུག་སྟེ། སྟོབས་ལྡན་འཐེན་བྱེད་རྣམས་ཀྱི་ཐག་པ་རྣམས་འཐེན་པར་གྱུར་པ་དག་བཏང་བ་ནི་འཕྲལ་ལ
་མྱུར་དུ་ནམ་མཁར་འགྲོ་སྟེ། སོང་ནས་འཕྲལ་ལ་ངེས་པར་ལྟུང་ཞིང་ཁང་སྟེང་ལ་སོགས་པར་བའམ། ལམ་སྲང་དག་ཏུ་མཛའ་དག་ཕྱེ་མར་བྱས་ནས་རྡོ་བའི་སའི་འོག་ཏུ་འགྲོ་སྟེ་རྡོ་རྗེ་འབབ་པ་ཇི་ལྟ་བ་ཉིད་བཞིན་ནོ། །འཁྲུལ་འཁོར་དེའི་མཛུབ་མོ་ཟླ་བ་ཕྱེད་པའི
་རྣམ་པ་ནི་ས་གཞིའི་གནས་སུ་ཚངས་པའི་རི་མོ་མཛུབ་མོའི་འོག་དང་མཉམ་པར་འགྱུར་རོ། །དེའི་ངོས་གཉིས་སུ་མཐོ་རེ་རེའི་བར་གྱིས་བརྡོ་བ་བཏང་བའི་གནས་བརྒྱད་དུ་འགྱུར་རོ། །ལག་པ་གཉི་གའི་ཁུ་ཚུར་བཅིངས་པ་ལས་ནི་བཏང་བར་བྱ་བ་ཡིན་ཏེ། གཏོང་པའི
་དུས་སུ་རྡ་བ་ས་ལ་རེག་པར་འགྱུར་རོ། །མཉམ་པའི་རྐང་པ་ནི་རྐང་པ་གཡས་པ་འཁྲུལ་འཁོར་གྱི་ནང་དུ་ཞུགས་པ་སྟེ། མི་མཉམ་པའི་རྐང་པ་ནི་རྐང་པ་གཡོན་པ་ཞུགས་པའོ། །རང་འདོད་རྡོ་བ་ལྟུང་སྟེ་རྣམ་གསུམ་བགྲང་པའི་དབང་གིས་ནི་གཡོན་དང་གཡས
་དང་དབུས་ཀྱི་བགྲོད་པའི་དབང་གིས་ཏེ། རྫོང་ནི་རྣམ་པར་གཞོམ་པའི་དོན་དུའོ། ཞེས་པ་ཐང་གི་རྫོང་དབྱེ་བའི་ངེས་པའོ། །གང་ཞིག་བསྣུན་པས་གླང་ཆེན་ཞེས་པ་ལ་སོགས་པ་ནི་ག་བླའོ། །ད་ནི་ཆུའི་རྫོང་བླང་བའི་སླད་དུ་ཆུའི་འཁྲུལ་འཁོར་གྱི་མཚན་ཉིད
་གསུངས་པ། ཀ་བ་ཞེས་པ་ལ་སོགས་པ་སྟེ། འདིར་ཆུའི་འཁྲུལ་འཁོར་གྱི་དོན་དུ་ཤིང་སྦོམས་སུ་སོར་དྲུག་པ་ཁྲུ་བཅུ་བཞིའོ། །གླང་པོ་ཆེའི་འཁྲུལ་འཁོར་ལ་སར་ཉི་ཤུ་རྩ་བཞིའོ། །རྟའི་འཁྲུལ་འཁོར་ལ་སོར་ཉི་ཤུའོ། །མིའི་འཁྲུལ་འཁོར་ལ་སོར
་བཅུ་དྲུག་གོ་།ཁྲུ་བཅུ་གཉིས་ཀྱི་བར་བར་ན་གནས་པའི་ཀ་བ་དྲུག་པོ་དག་གིས་གཉི་གའི་ནང་ནི་མཉམ་པ་ལྷག་ཆད་མེད་པ་ཉིད་དོ། །སྙིང་པོ་རེ་རེའི་ཁྲུ་བཅུ་གཉིས་སོ། །འོག་གི་ནང་དང་སྟེང་གི་ནང་ལ་ཁྲུ་ནི་ཟུང་གི་བར་དག་ལ་སྟེ། ཁྲུ་གཉིས་ཀྱི་བར་ཀ
་བ་དྲུག་དང་ནང་གཉིས་ཀྱི་སྙིང་པོ་རེ་རེར་འགྱུར་རོ་ཞེས་པ་ནི་ངེས་པའོ། །སོ་སོའི་རེ་མིག་ཀུན་ལ་སྤང་ལས་དག་གི་གཡོགས་པ་སྟེ། འདིར་ངོས་གཉིས་གར་དཔུང་པ་རྣམས་?དུས་ཤིང་སྤང་ལེབ་སོ་སོའི་ངོས་གཞན་ལ་འོག་དང་སྟེང་གི་སྤང་ལེབ་ཀྱི་རྩེ་མོ་བསྲུངས
་ནས་དབུས་སུ་ངོས་གཅིག་བྲུས་ཏེ། སྤང་ལེབ་ལས་སོར་མོ་གཅིག་སྤང་ལེབ་ཀྱི་དབུས་སུ་བཅུག་ལ། ཇི་ལྟར་ཆུ་འཇུག་པར་མི་འགྱུར་བར་བསྡམ་པར་བྱའོ། །དེ་བཞིན་དུ་འོག་དང་སྟེང་དང་ཤར་དང་ནུབ་དང་བྱང་དང་ལྷོ་ཐམས་ཅད་དུ་བྱའོ། །གླང་པོ་ཆེ་རྣམས
་ཀྱི་སྙིང་པོ་ནི་སྤངས་སུ་ཁྲུ་གསུམ་མོ། །རྟ་རྣམས་ཀྱི་ནི་ཕྱེད་དང་བཅས་པའི་ཁྲུ་གཉིས་སོ། །མི་རྣམས་ཀྱི་ནི་ཁྲུ་གཉིས་སོ། །པགས་པ་སྤྲ་ཚིལ་གོས་རྣམས་ཀྱི་ཤེས་པ་ནི། སྤང་ལེབ་སོ་སོའི་མཚམས་ཀྱི་གནས་དེ་རྣམས་སུ་པགས
་པ་ཞུ་བ་དང་པྲ་ཚིལ་གོས་རྣམས་སུ་སྟེང་དུ་རྒྱ་ཡིས་གདབ་པར་བྱའོ། །ཇི་ལྟར་སྙིང་པོའི་དབུས་སུ་རླབས་ཀྱི་ཆུ་མི་འཇུག་པར་ཆུ་གཉིས་ཀྱི་དཔངས་ནི་མགྲིན་པའི་གནས་སུ་སྙིང་པོའི་དབུས་སུ་འཇུག་པའི་སླད་དུ་བྱའོ། །སྙིང་པོ་དམན་པ་དང་འབྲིང་དང་མཆོག
་གི་དབྱེ་བ་འདི་རྣམས་ཀྱི་འཁྲུལ་འཁོར་དུ་མར་འགྱུར་རོ། །དུས་ཤེས་པ་སྙིང་པོ་དྲུག་གི་འཁྲུལ་འཁོར་དུ་འགྱུར་ཏེ། བརྒྱད་ཀྱིས་སམ། སྐྱོན་ཏེ་བཅོ་བརྒྱད་ཀྱིས་སམ། སུམ་འགྱུར་ཉིན་བྱེད་དེ་སུམ་ཅུ་རྩ་དྲུག་གིས་སམ། ཉིས་འགྱུར་ཏེ་སྙིང་པོ་དེའི
་ཉིས་འགྱུར་དག་གིས་འཁྲུལ་འཁོར་དུ་འགྱུར་རོ། །རྒྱ་མཚོ་ཆེན་པོ་རྒལ་བའི་སླད་དུ་སྙིང་པོ་སྟོང་ཕྲག་གི་མཐར་ཐུག་པའོ། །འདིར་ཕྱི་རོལ་ཆུ་དཔུང་པ་བཞི་རྣམས་ལ་སྟེ། སྙིང་པོ་སོ་སོར་ཤར་དང་ནུབ་ཀྱི་དཔུང་པ་དག་དང་ནང་གཉིས་ཀྱི་ལུས་ལ
་བྱང་དང་ལྷོར་གཡས་དང་གཡས་མིན་དག་ལའོ། །དཔུང་པ་བཞི་པོ་དེ་རྣམས་དང། ཀ་པའི་ཤིང་དཔུང་པ་ཕུང་བའི་བུག་པའི་བུག་པ་ནས་ཕྱུང་བ་རྐྱང་དཔུང་པའི་སུམ་ཆ་དང་ལྡན་པ་རྣམས་ལ་སྤང་ལེབ་ཁྲུ་གསུམ་པ་རྩེ་མོ་གཉིས་ཕུག་པས་སྙིང་པོ་ཐམས
་ཅད་ཕན་ཚུན་བསྡམ་པར་བྱ་སྟེ་སྙིང་པོའི་གྲཝ་བཞིར་རོ། །ལྷག་མ་སྣང་བའི་གནས་རྣམས་སུ་སྐྱེ་བ་རྣམས་རྒྱུ་བར་བྱེད་དོ། །སྐྱེ་བ་རྒྱུ་བའི་གནས་རྣམས་སྤངས་ནས་སྟོང་པ་མ་ཤར་དང་ནུབ་ཀུན་ནས་རྒྱ་ཡིས་བཏབ་པའོ། །འཁྲུལ་འཁོར
་ཐམས་ཅད་ཀྱི་རྒྱབ་ཏུ་སྐྱེ་བ་འཛིན་པ་དྲུག་སྟེ། དེ་བཞིན་དུ་བཅུ་གཉིས་དང་སུམ་ཅུ་དང་བརྒྱད་མཐར་ཐུག་པའོ། །སྐྱེ་བ་འཛིན་པ་དེ་རྣམས་ཀྱིས་མདུན་ནས་དཔུང་པ་གཉིས་ཀ་མཉམ་པ་འཁྲུལ་འཁོར་རླུང་ལ་འཁྲུལ་འཁོར་དང་རྗེས་སུ་མཐུན་པས
་སྟེང་གི་མཐར་ཐུག་པར་འགྱུར་རོ། །ཡང་ན་རླུང་རྗེས་སུ་མཐུན་པར་ཤེས་ནས་ཀ་བའི་ཁུང་ངུར་རབ་ཏུ་བཙུགས་པའི་གཡོ་བའི་རླུང་གི་དར་རྣམས་ཀྱིས་ནི་སྟེ་རླུང་དར་རྣམས་ཀྱི་ནི་སྟེ་རླུང་དར་རྣམས་ཀྱིས་འཁྲུལ་འཁོར་དེ་རླུང་གིས་སྐྱོད་པ་སྟེ། དེ་ལ་ཞོན་པ་རང་གི་སྡེ་ནི
་ཆུ་ཡི་རྫོང་ངག་ཉམས་པའི་དོན་དུ་ཆུ་ཡི་གཏེར་ལ་འགྲོ་།གླིང་བཟུང་བའི་དོན་དུའོ་ཞེས་པ་རིགས་པ་སྟེ། གདུག་པ་རྣམས་འདུལ་བའི་དོན་དུའོ་ཞེས་པ་ཆུའི་དཀྱིལ་འཁོར་གྱི་མཚན་ཉིད་དོ། །ད་ནི་རིའི་རྫོང་བཤིག་པའི་དོན་དུ་མེའི་འབྲུ་མར་འཕེན་པ་ལ་རླུང་གི
་དཀྱིལ་འཁོར་གསུངས་པ། ཆུ་གཏེར་ཞེས་པ་ལ་སོགས་པ་སྟེ། འདིར་སྤང་ལེབ་གྲུ་བཞི་པ་ཁྲུ་བཞི་པའི་སྟེགས་བུའི་དབུས་སུ་ཀ་བ་ཁྲུ་གསུམ་པ་བརྒྱད་ཟླུམ་པོར་སོར་བཅུ་གཉིས་པའོ། །གཡོན་དང་གཡས་དང་རྒྱབ་དང་མདུན་གྱི་ཟུར་རྣམས་སུ་ལྕགས་ཀྱི
་ཕུར་པ་ཨ་ལོང་དང་བཅས་པའོ། ། ལོང་དེ་རྣམས་ལ་ཐག་པ་རྣམས་ཀྱིས་ཀ་བའི་མགོ་བཅིང་བར་བྱའོ། །འཁྲུལ་འཁོར་གྱི་ཆ་གཉིས་སྟེང་དང་འོག་གི་མཐར་ཐུག་པར་སྲ་བའི་གོས་རྣམས་ཀྱིས་གཡོག་པར་བྱའོ། །འདིར་ཟུང་དུ་རྒྱལ་མཚན་རྣམས
་ནི་བྲུ་ལྔ་པ་སྟེ། རྒྱར་ཁྲུ་གང་བའོ། །འོག་དང་གཡོན་དང་གཡས་ཀྱི་ཟུར་གྱི་ཨ་ལོང་ལ་ཁྲུ་གཉིས་ཀྱི་བར་དུ་ཐག་པ་གསུམ་མོ། །དེར་གཅིག་ཏུ་སྡོམ་པས་རིའི་རྫོང་གི་དཔངས་ཀྱི་ཚད་དང་མཚུངས་པའོ། །ཐག་པ་དེས་རྒྱབ་ནས་མི་རྣམས་དག་གིས་དྲངས་ཤིངས
་ལས་ཐག་པས་སྟེང་དུ་འགྲོ་སྟེ། འཁྲུལ་འཁོར་དེ་ནི་རླུང་གིས་རབ་ཏུ་བསྐྱོད་པར་གྱུར་པ་ངེས་པར་བྲག་རྫོང་བཤིག་པའི་དོན་དུ་མཁའ་ལ་འགྲོ་བ་སྟེ། དེའི་སྟེང་དུ་འཁྲུལ་འཁོར་དང་མེའི་འབྲུ་མར་དང་མེ་དང་བཅས་པའི་སྐྱེས་བུ་ཞིག་བཞུག་པར་བྱའོ། །མི་ངེས
་རླུང་གི་འཁྲུལ་འཁོར་དེ་ནས་མིའི་འབྲུ་མར་འཕངས་པས་དགྲའི་དཔུང་དང་རྫོང་ནི་ཐམས་ཅད་ཀུན་ནས་བསྲེག་པར་བྱེད་ཅེས་པ་སྟེ། ངེས་པར་རིའི་རྫོང་གཞོམ་པའི་ངེས་པའོ། །གྲི་གུག་གི་འཁྲུལ་འཁོར་ནི་མངོན་སུམ་དུ་མ་ཐོབ་པས་རྟོགས་པར་བྱ་སྟེ། ཚིགས་སུ
་བཅད་པས་ཀྱང་གསལ་བར་གསུངས་སོ། །དེ་བཞིན་དུ་རྩེ་མོ་འབྱེད་པ་ཡང་རླུང་གི་འཁྲུལ་འཁོར་ཡང་རབ་ཏུ་གསལ་བར་བྱས་ཤིང་ཚིགས་སུ་བཅད་པ་ཡང་གསལ་ཏེ། འདིར་འགྲེལ་བཤད་ཀྱི་རྣམ་པར་བཤད་པ་མེད་དོ། །
་དེ་བཞིན་དུ་རྡོ་རྗེའི་གུར་ལའང་རྣམ་པར་བཤད་པ་མེད་དོ། །དེ་ནི་གཡུལ་དུ་གླང་པོ་ཆེ་གོ་ཆ་དང་བཅས་པའི་འབུགས་པའི་སླད་དུ་ལྕགས་མདའི་འཁྲུལ་འཁོར་གསུངས་ཏེ། མཆུར་སོར་དྲུག་པ་ལྕགས་མངའ་ཨི་ཚད་ཀྱི་ཝ་བྱས་ནས། དེའི་འོག་དང
་སྟེང་དང་གཡས་དང་གཡོན་གྱི་ཆར་ལྕགས་ཀྱི་དབྱུག་པ་སོར་དྲུག་པ་གྲུ་བཞི་པའི་རྩེ་མོར་རྒྱས་བཏབ་པའི་བུག་པ་ལ་ལྕགས་ཀྱི་ཕུར་པ་རྣམས་ཀྱིས་མཚམས་གཉིས་དང་དབུ་མ་ལ་རྒྱུད་དང་བཅས་པའི་གཞུ་ནི་གཡོ་བ་མེད་པར་གཏགས་བྱས་ནས། སླར
་ཡང་སྟེགས་བུ་དེའི་རྒྱབ་ཀྱི་ཆར་གཡས་དང་གཅིག་ཤོས་སུ་ལྕགས་ཀྱི་ཕུར་བ་གྲུ་བཞི་པ་གཉིས་སོ། །ལྕགས་ཀྱི་དབྱུག་པའི་རྩེ་མོར་ཕུར་བའི་བུག་པར་འཁྲུལ་ཤིང་གི་རྩེ་མོ་གཉིས་པོ་གཞུག་པར་བྱའོ། །འཁྲུལ་ཤིང་གི་དབུགས་སུ་སོར་མོ་རྣམས
་ཏེ་དྲུག་གམ། ལྔ་འམ། བཞི་འམ། གསུམ་མམ། གཉིས་སོ། །འོག་ཏུ་ལྕགས་ཀྱི་དབྱུག་པའི་རྩེ་མོར་ཕུར་བུའི་ཨ་ལོང་གཡོ་བ་དང་བཅས་པ་ལ་བཞུག་པར་བྱའོ། །སྟེང་དུ་རྒྱུད་རྣམས་སོར་མོའི་རྩེ་མོར་བཅིང་བར་བྱའོ། །སོར་མོའི་རྩེ་མོ་དེ་ལ
་སོ་སོའི་མཚམས་སུ་ལྕགས་མདའ་དང་རྒྱུད་རྣམས་སོ། །རྒྱུད་དེས་མང་ཞིང་མཉམ་པའི་མངའ་འམ་ལྕགས་མདའ་རྣོན་པོ་རྣམས་གཡུལ་གྱི་དུས་སུ་འཕངས་པས་གོ་ཆ་དང་བཅས་གླང་ཆེན་ལུས་པོ་ཕུག་ནས་རབ་ཏུ་འགྲོ་བར་འགྱུར། ཞེས་པ་ནི་ལྕགས
་མདའི་འཁྲུལ་འཁོར་གྱི་ངེས་པའོ། །ད་ནི་རྒྱལ་པོའི་ཕོ་བྲང་བསྲུང་བའི་སླད་དུ། ས་འོག་གི་རལ་གྲིའི་འཁྲུལ་འཁོར་གསུངས་པ། ཀ་བ་གཉིས་ཞེས་པ་སྟེ། འདིར་ཀ་བ་གྲུ་བཞི་པ་རྒྱར་སོར་བཅུ་གཉིས་ཀྱི་ཚད་ཁྲུ་བཞི་པ་གཉིས་ཏེ། ཁྲུ་གཉིས་ནི
་བརྐོས་པའི་འོག་ཏུ་ས་ལ་ནུབ་ཅིང། ཁྲུ་གཉིས་ནི་བརྐོས་པའི་ནང་དུ་གནས་པ་དག་གོ་།དེ་ལ་བརྐོས་པའི་གནས་ནས་སྟེང་དུ་ཁྲུ་ཕྱེད་དང་གཉིས་དོར་ཏེ། དེ་ནས་གཡོན་དང་གཡས་ཀྱི་ཀ་བའི་བུག་པ་ལ་རྡང་བུ་བཞུག་པར་བྱའོ། །སྟེང་དུ་སོར་དྲུག་དོར་ནས་ཐག་པ
་རྣམས་ཀྱིས་བཀྲི་བར་བྱ་སྟེ་ཟླུམ་པོ་གཡོ་བའི་དོན་དུའོ། །ཐག་པ་དེ་དག་གི་དབུས་ཀྱི་ཟླུམ་པོའི་དབུས་སུ་རལ་གྲིའི་འཆང་ཟུངས་བཅུག་པ་སྟེ། དང་པོར་ཟླུམ་པོ་བསྐོར་བ་དུ་མ་རྣམས་ཀྱིས་བསྐོར་ཏེ་ཟླུམ་པོའི་དབུས་སུ་རལ་གྲིའི་ཆད་ཟུང་བཅུག་པ་རྩེ་མོའི་ཆར་གཟེར
་གྱིས་བཏབ་པའོ། །དེ་བཞིན་དུ་མདུན་ནས་ཀ་བ་གཉིས་པ་ལུགས་ལས་བཟློག་པས་སྐོར་བ་སྟེ། རལ་གྲིའི་རྩེ་མོའི་གནས་པའི་ཕྱག་རྒྱའི་རྩེ་མོ་ལ་ཐག་པས་མནན་པའོ། །རལ་གྲིའི་འཆང་ཟུངས་ཀྱི་རྩེ་མོའི་འཁྲུལ་ཤིང་གི་ཆ་ལ། འཁྲུལ་ཤིང་སོར་དྲུག་པའི་ཆད
་དོ། །དེ་ནས་རལ་གྲི་འབྱུང་བ་སྤངས་ནས་སྤང་ལེབ་རྣམས་ཀྱིས་བསྐོས་པའི་སྟེང་དུ་གཡོག་པར་བྱའོ། །གང་གིས་བསྐུལ་བར་གྱུར་པ་ལ་འཐོན་པར་འགྱུར་ཏེ། ལྕགས་ལས་བྱས་པའི་ཆུང་ངུའོ། །ཟླ་བ་ཞེས་པ་ནི་གསང་བའི་སྐད་དོ། །དབུས་ཞེས་པ་ནི་སྤྲོས་པ
་སྟེ། འདིར་རལ་གྲིའི་ཆང་ཟུངས་ཀྱི་རྩེ་མོར་འཁྲུལ་ཤིང་གི་སྟེང་དུ་སྤང་ལེབ་སྦྱིན་པར་བྱའོ། །སྤང་ལེབ་དེ་ལ་གང་གི་རྐང་པ་གཞག་པ་དེ་ནི་རལ་གྲིའི་གཅོད་པར་བྱེད་དོ། །ཞེས་པ་རང་བཞིན་དུ་ཤེས་པར་བྱའོ། །རལ་གྲིའི་འཁྲུལ་འཁོར་གྱི་ངེས་པ་ཞེས་པ་སྟེ།
་རལ་གྲིའི་འཁྲུལ་འཁོར་གྱི་མཚན་ཉིད་ངེས་པའོ། །དེ་ལྟར་གཡུལ་གྱི་དུས་སུ། མཁར་གྱི་སྒོའི་མཛའ་དང་མིའི་བདག་པོའི་ཁང་པར་རྟག་ཏུ་རྩ་བའི་སྒོའི་ལམ་སྤངས་ནས་འཁྲུལ་འཁོར་དུ་མ་རྣམས་ཏེ། འཁྲུལ་འཁོར་ཁོ་ན་མཚོན་ཆའོ། །ཞེས་པ་ས་འོག
་གི་རལ་གྲིའི་འཁྲུལ་འཁོར་གྱི་ངེས་པའོ། །ད་ནི་རྒྱལ་རིགས་འཐབ་པ་ལ་ཤིང་རྟའི་མཚན་ཉིད་གསུངས་པ། སྲོག་ཤིང་སྟེང་དུ་ཞེས་པ་ལ་སོགས་པ་སྟེ། འདིར་ཤིང་རྟའི་དོན་དུ་དང་པོ་སྲོག་ཤིང་བརྟན་པོ་བྱའོ། །རྟ་རྣམས་ཀྱི་ཤིང་རྟའི་འཁོར་ལོའི་ཆེད་མི
་ཕྱེད་དང་བཅས་པའི་ཁྲུ་གཉིས་སོ། །སྲོག་ཤིང་ནི་བཞི་འགྱུར་ཅུང་ཟད་ལྷག་པ་དང་བཅས་པ་སྟེ། ཚད་དེ་ཉིད་ཀྱི་གྲུ་བཞི་དང་ཟླུམ་པོའོ། །དེ་ནས་སྲོག་ཤིང་གི་།སྟེང་དུ་གདན་ཏེ་ཕྱོགས་བརྒྱད་དང། དབུས་སུ་འཁོར་ལོའི་ཚད་ལས
་དགུ་ཆའི་རེ་མིག་དགུའི་བདག་ཉིད་དོ། །དེ་ཉིད་ནི་ཉི་མའི་ལག་པས་ཞེས་པ་རྒྱར་སོར་དྲུག་པའི་ལག་པ་བཅུ་གཉིས་ཀྱིས་ཏེ་ཤར་དང་ནུབ་ཀྱི་དྲུག་དང་ལྷོ་དང་བྱང་གི་དྲུག་གིས་གདན་དུ་འགྱུར་རོ། །སྲོག་ཤིང་རྒྱར་སོར་བཅུ་བཞི་པ་སྟེ། དེ་ཆ་གསུམ་དུ་བྱས
་ནས་དབུས་ཀྱི་ཆ་སྤངས་ཏེ་རྩེ་མོ་གཉིས་ཀྱི་གནས་སུ་བུག་པ་བྱའོ། །བུག་པ་དེ་དག་ཏུ་འཁོར་ལོའི་རྩིབས་བཅུག་ནས་སྲོག་ཤིང་དང་ལྷན་ཅིག་གཟེར་གདབ་པར་བྱའོ། །འཁོར་ལོའི་མུ་ཁྱུད་ལ་ལྕགས་ཀྱི་ཁྲུལ་ཤིང་གཡོ་བ་མེད་པ་སྟེ། བཞི་དབུགས་པ་ཟླུམ
་པོ་ལ་བཅུག་པས་འཁོར་ལོ་དང་བཅས་པ་འཁོར་བའོ། །དེ་ནས་གདན་དེའི་ཟུར་བཞི་རྣམས་སུ་རྒྱར་གནས་ཀྱི་ལག་པ་དང་ཆུར་ཉིས་འགྱུར་གྱི་ཀ་བ་བཞི་སྟེ། དེ་རྣམས་ཀྱང་རྡང་བུག་རྣམས་ཀྱིས་ཕྱོགས་བཞི་རྣམས་སུ་ཕྱེ་བ་དང་འོག་དང་སྟེང་དུ་ཕྱེ་བའོ། །
་མཉམ་པའི་ཤིང་རྟ་ནི་མཉམ་པའི་རྟ་རྣམས་ཀྱིས་བསྐྱོད་པའོ། །མི་མཉམ་པའི་ཤིང་རྟ་ནི་མི་མཉམ་པའི་རྟ་རྣམས་ཀྱིས་བསྐྱོད་པའོ། །གཉིས་དང་བཞི་དང་དྲུག་ནི་མཉམ་པའི་རྟ་རྣམས་སོ། །གསུམ་པ་དང་ལྔ་དང་བདུན་ནི་མི་མཉམ་པའི་རྟ་རྣམས་སོ།།
་མི་མཉམ་པའི་ཤིང་རྟ་ནི་གནས་ལས་མཉམ་པའི་ཕྱེད་ཀྱིས་ཚད་ཀྱིས་སོ། །སྟེང་གི་ཆ་བྱེད་དག་ལ་འཐབ་མོ་པའི་ས་སྟེང་ཞེས་པ་ནི་སྟེང་གི་ཀ་བ་རྣམས་ཀྱི་ཆ་གཅིག་གནས་ཀྱི་ཚང་དོར་ནས་ཆ་བྱེད་ལ་གནས་ཀྱི་སྟེང་དུ་འཐབ་མོ་པའི་སའོ། །གནས་ཀྱི
་ཕྱེད་ཀྱི་ཆེད་དུ་འགྱུར་ཏེ། མཉམ་པ་དང་མི་མཉམ་འདྲེན་བྱེད་རྟ་འམ་གླང་པོ་རྣམས་ཀྱི་དཔངས་ཀྱི་འགྱུར་རོ། །རྒྱར་སོར་བརྒྱད་དང་ཆུར་གནས་ཀྱིས་ཉིས་འགྱུར་ཏེ་རྡང་བུ་རྣམས་དང་ལྷན་ཅིག་གཟེར་བཏབ་པའོ། །དེ་ནས་གནས་ཀྱི་ཆའི་འོག་དང། སྟེང
་དུ་མཚན་མའི་ཕྱེད་ཀྱིས་སར་འགྱུར་ཏེ། སོར་མོ་བཞིའི་སྟེང་དུའོ། །ས་དེ་ལ་མེ་པོ་ཞལ་རྒྱལ་མཚན་ལ་སོགས་བཀོད་པ་སྟེ། སོགས་པའི་སྒྲ་ཡིས་རྡ་ཡབ་དང་བླ་རེ་དང། དྲིལ་བུ་ལ་སོགས་པའོ། །འཐབ་མོའི་ས་དང་མཚན་མའི་ས་དག་གི་དབུས་སུ་འཐབ་མོའི
་དོན་དུ་ཕྱོགས་བཞི་རྣམས་སུ་རབ་ཏུ་གསལ་བའོ། །གཅིག་ཕྱེད་ཆ་གཉིས་དག་སྟེ་ཞེས་པ་ནི་རྩ་བའི་གནས་ཀྱི་འོག་ཏུ་འཐབ་མོ་པའི་ས་ལ་ཆ་གཅིག་གོ་།རབ་ཏུ་གསལ་བར་ཆ་ཕྱེད་དང་མཚན་མ་དག་པ་སྟེ། འདི་དག་ནི་ཆ་གཉིས་སོ། །ཟླ་བ་ལག་པ་རྩེ་མོ
་ཅན་རྣམས་ཞེས་པ་ནི་ཀ་བའི་རྡང་བུ་རྣམས་ཀྱི་རྩ་བའི་གནས་ཀྱི་སྟེང་དུ་འདྲེན་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཅིག་གོ་།དེ་ནས་ཀ་བ་རྣམས་ཀྱིས་འཐབ་མོ་པ་འཐབ་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཉིས་སོ། །དེ་ནས་ཀ་བ་རྣམས་ཀྱི་སྟེང་དུ་སོར་བཞི་པ་རྣམས་ཀྱི་ཆ་གསུམ་སྟེ། དེའི་སྟེང་དུ་རྒྱལ་མཚན
་ལ་སོགས་པ་རྣམས་ཀྱི་མཚན་མའི་སའོ། །ཟླུམ་པོ་ཕྱེད་བཅས་གཅིག་གི་ཆ་ལ་གནས་དང་སྟེང་དུ་སྔར་བརྗོད་པ་རྣམས་སོ། །ཕྱེད་དང་བཅས་པའི་ཆ་ལས་ཟླུམ་པོའོ། །དགའ་བའི་དབྱེ་བ་དག་ལ་ཞེས་པ་ནི། དགའ་བའི་ཤིང་རྟའི་དབྱེ་བ་ལ་པདྨའི་ཤིང
་རྟའི་ས་གྲུ་བཞིར་འགྱུར་རོ། །དེ་ལྟར་གསུངས་པའི་རིམ་བས་རྟེན་དང་བཅས་པའི་འཁོར་ལོའི་ཚད་ནི་རྟའི་ཤིང་རྟ་ལ་ཕྱེད་དང་བཅས་པའི་ཁྲུར་འགྱུར་རོ། །གླང་པོའི་ཤིང་རྟ་ལ་རྟའི་ཚད་ལས་ཚད་རྣམ་པ་གཉིས་སུ་འགྱུར་རོ། །འཁོར་ལོ་དང། གནས
་དང། རྡང་བུ་དང། མཚན་མ་ལ་སོགས་པ་རྣམས་ཀྱིའོ་ཞེས་པ་ངེས་པའོ། །འདིར་ལྷ་རྣམས་ཀྱི་ནི་པདྨའི་རིགས་ཀྱི་ཤིང་རྟ་ཟླུམ་པོར་འགྱུར་རོ། །ལྷའི་བུ་ཡིས་བཀོད་པ་ཞེས་པ་སྲིང་སྒྲུབ་ཀྱི་ཤིང་རྟ་ནི་དགའ་བའི་རིགས་ཏེ་གྲུ་བཞིའོ། །མི་གཞན
་རྣམས་ཀྱི་ཡང་ཤིང་རྟའི་བཀོད་པ་ནི་གྲུ་བཞི་སྟེ། རྒྱལ་རིགས་རྣམས་ཀྱིའོ། །བརྒྱད་དང་ཆུ་གཏེར་སྲོག་ཤིང་འཁོར་ལོ་རྣམས་ཀྱི་རྣམ་གསུམ་འདིར་ནི་ཤིང་རྟ་ཆེན་པོ་ཕྱོགས་དང་མཉམ་ཞེས་པ་ནི། འདིར་སྲོག་ཤིང་བཞི་དང་འཁོར་ལོ་བརྒྱད་ཀྱི་གཡུལ་དུ་ཕྱིར
་མི་བཟློག་པའི་ཤིང་རྟ་ཆེན་པོར་འགྱུར་རོ། །འོག་དང་སྟེང་དུ་སྲོག་ཤིང་དག་དང་འཁོར་ལོ་བཞི་ཡིས་ཤིང་རྟ་ཕྱེད་དུ་འགྱུར་རོ། །དེའི་ཕྱིར་བརྒྱད་ཅེས་པ་ནི་འཁོར་ལོའོ། །ཆུ་གཏེར་ཞེས་པ་ནི་སྲོག་ཤིང་བཞིའོ། །དེ་ལྟར་རྣམ་གསུམ
་ཞེས་པ་སྟེ། འཁོར་ལོ་བཞི་དང་དེ་བཞིན་དུ་གཉིས་སོ། །དེ་བཞིན་དུ་སྲོག་ཤིང་ངོ། །ཤིང་རྟ་ནི་ཤིང་རྟའི་ཕྱེད་དང་མཉམ་པ་སྟེ། མཚུངས་པའོ། །ཉི་མའི་ཤིང་རྟ་མཆོག་ནི་འཁོར་ལོ་གཅིག་པ་ཞེས་པ་ནི་འཁོར་ལོ་གཅིག་གིས་ལྷ་རྣམས་ཀྱི་ཤིང་རྟར
་འགྱུར་ཏེ། དེ་བཞིན་དུ་ཉི་མ་ལ་འགྱུར་རོ། །མི་མཉམ་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སྲོག་ཤིང་གཅིག་དང་འཁོར་ལོ་གཉིས་ཀྱིས་མཉམ་པའི་ཤིང་རྟ་སྟེ། གཉའ་ཤིང་གི་རྒྱབ་བཅོམ་པར་འགྱུར་རོ། །ཞེས་པ་ནི་ཤིང་རྟའི་མཚན་ཉིད་ངེས་པའོ
་ད་ནི་ལྷ་རྣམས་ཀྱི་གཞལ་ཡས་ཁང་ངམ། མི་བདག་རྣམས་ཀྱི་ལྟད་མོ་ལ་སྐྱོད་པའི་ཁྱིམ་གྱི་མཚན་ཉིད་གསུངས་པ། དྲུག་ཅེས་པ་ལ་སོགས་པ་སྟེ། འདིར་ཀ་བ་ཁྲུ་ཉི་ཤུ་པ་རྒྱ་ར་སོར་ཉི་ཤུ་པ། བཞི་སྟེ་འདི་རྣམས་ཀྱི་མཛའ་བཞིར་བུག་པ་མཉམ་པ
་རྣམས་སུ་འགྱུར་ཏེ། བུག་པའི་མཛའ་གཅིག་ནི་ཁྲུ་དྲུག་གི་ཆ་ལའོ། །གཉིས་པ་ནི་ཁྲུ་ལྔ་པའི་ཆ་ལའོ། །དེ་ལ་གསུམ་པ་ནི་ཁྲུ་བཞིའི་ཆ་ལ་འགྱུར་རོ། །བཞི་པ་ནི་ཁྲུ་གསུམ་གྱི་ཆ་ལ་འགྱུར་རོ། །འོག་དང་སྟེང་དུ་ཁྲུ་རེ་རེའི་དོར་ནས་བུག་པའི་མཛའ་
་མངོན་དུ་ཕྱོགས་པར་འགྱུར་རོ། །རྩ་བའི་ཆུ་ས་ལ་ཁྲུ་བཅུ་གསུམ་དུ་འགྱུར་རོ། །རྩ་བའི་ཆ་ལས་སྟེང་དུ་ས་ལ་ཕྱེད་གྱི་ཆ་ཁྲུ་ཕྱེད་དང་བདུན་དུ་འགྱུར་ཏེ། རྩེག་མ་སོ་སོའི་དབང་གིས་རྩེག་མའི་ས་ལ་འགྱུར་རོ། །ཚོགས་ཀྱི་གཞལ་ཡས་ཁང་ལ
་རྡང་བུ་བཞི་བཞིའི་སྟེང་དུ་སར་འགྱུར་རོ། །དེ་བཞིན་དུ་ས་ལ་མི་བདག་རྣམས་ཀྱིས་རྩེགས་མ་རྣམ་པ་གསུམ་གྱི་དབང་གིས་ཡུལ་གྱི་ལྟད་མོ་དང་དགའ་སྟོན་རྣམས་ལ་ཡང་ངོ། །དང་པོའི་རྩེག་མ་ལ་ཀ་བའི་ཕྱི་རོལ་གྱི་བུག་པ་ལས་ཕྱི་རོལ་ཏུ་བྱུང་བའི
་རྡང་བུའི་སྟེང་དུ་སྤང་ལེབ་རྣམས་ཀྱི་ཐམས་ཅད་དུ་འཁོར་བ་ནི་ཁྲུ་གསུམ་གྱིས་འཁོར་བའོ། །གཉིས་པའི་རྩེག་མ་ལ་ཕྱོགས་ཐམས་ཅད་དུ་ཁྲུ་གཅིག་འཁོར་བའོ། །ལྷའི་གཞལ་ཡས་ཁང་དང་བགྲོད་པའི་ཁྱིམ་གྱིས་མཚན་ཉིད་ངེས་པའོ། །ད་ནི་དཔྱིད་ཀྱི་དགའ་སྟོན་གྱི
་སླད་དུ་འཁོར་ལོའི་ཕྱོགས་ཀྱི་མཚན་ཉིད་གསུངས་པ། འཁོར་ལོའི་སྟེང་དུ་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་གྱི་ཤིང་རྟ་བཞིན་དུ་འཁོར་ལོ་བརྒྱད་དང་རྩ་བའི་གནས་སོ། །དེའི་སྟེང་དུ་གླང་པོ་ཆེའི་ཤིང་རྟའི་ཀ་བའི་ཁྱོན་གྱིས་ཀ་པ་བཞིའོ། །གཞལ་ཡས་ཁང
་བཞིན་དུ་རྩེག་པ་རྣམ་པ་གསུམ་གྱི་བདག་ཉིད་ཀྱིས་ཕྱོགས་སུ་འགྱུར་རོ། །རྡང་བུ་བཞི་བཞིའི་སྟེང་དུ་བརྒྱད་གཉིས་བརྒྱད་དང་དེ་ནས་ཕྱེད་དེ་ཞེས་པ་ནི་རྩེག་མ་དང་པོ་ལ་ཕྱོགས་བཞི་རྣམས་སུ་ཕྱོགས་བཅུ་དྲུག་ཏུ་འགྱུར་རོ། །གཉིས་པ་ལ་བརྒྱད་དོ། །གསུམ
་པ་ལ་བཞིའོ། །རྩེག་མ་དང་པོ་ལ་ཕྱོགས་ཏེ་ལག་པ་བཅུ་རྡང་བུའི་སྟེང་ན་གནས་ཤིང་གཡས་དང་གཡོན་དང་ཤར་དང་ནུབ་ན་གནས་པ་རྣམས་ཀྱི་ཕྱོགས་སོ། །གཉིས་པ་ལ་དུས་ཏེ་དྲུག་གིས་འགྱུར་རོ། །གསུམ་པ་ལ་བཞི་ཡིས་སོ། །ཕྱོགས་རྣམས་ཀྱི་ལག
་པ་རྟེན་ཉིད་ས་གསུམ་ལ་ཞེས་པ་སྟེ། ལག་པ་གཉིས་གཉིས་ལ་འཁྲུལ་ཤིང་རེ་རེ་བུག་པ་བཞི་ལ་བཅུག་པའོ། །འཁྲུལ་ཤིང་རེ་རེ་ལ་བུ་མོ་རྣམས་ཀྱི་གདན་བཞི་བཞིར་འགྱུར་ཏེ། ནང་དང་ཕྱི་རོལ་དག་ཏུ་གནས་པ་འོག་དང་སྟེང་དུ་སོན་ཅིང་ཕྱོགས
་བརྒྱད་དུ་ནི་འཁྱོགས་པ་རྣམས་ཤེས་པ་ནི་འཁོར་ལོའི་འཁྱོགས་ཀྱི་མཚན་ཉིད་ངེས་པའོ།། །།ད་ནི་ལྡུམ་ར་ལ་སོགས་པ་བཅུ་པའི་དོན་དུ་ཆུའི་འཁྲུལ་འཁོར་གྱི་མཚན་ཉིད་གསུངས་པ་སྟེ། ཞེས་པ་ལ་སོགས་པ་སྟེ།
་སྟེང་དང་འོག་དང་གཡོན་དང་གཡས་སུ་འཁྲུལ་འཁོར་ཁྱོག་པོ་སྦུབས་ཀྱི་རྣམ་པའོ། །དབུས་སུ་བུག་པ་དང་བཅས་པའི་དབུ་མ་ཁྲུ་བཞི་པ་ནི་རྩ་བའི་འཁྲུལ་འཁོར་རོ། །དེའི་སྦུབས་ཀྱི་རྩེ་མོ་ལ་བུམ་པའི་ཁའི་མགྲིན་པའི་སྦུབས་ཀྱི་རྩེ་མོ་བཅུག་པར་གྱུར་པའོ། །འོག
་ཏུ་བུམ་པ་ལ་བུག་པ་ནི་སྦུབས་ཀྱི་བུག་པའི་ཚད་དོ། །འཁྲུལ་འཁོར་གྱི་རྒྱབ་ཏུ་སྦུབས་ཀྱི་རྩེ་མོར་སྦུབས་གཞན་ཆུའི་ནང་དུ་བཞུག་པར་བྱའོ། །དེ་ནས་བུམ་པའི་བུག་པ་དང་ཆུར་སོན་པའི་སྦུབས་ཀྱི་བུག་པ་འམ། སྦུབས་ཀྱི་བུག་པར་མདུན་ནས་རྒྱས
་གདབ་པར་བྱའོ། །དེ་ནས་ཇི་སྲིད་འཁྲུལ་འཁོར་ཆུས་གང་བར་གྱུར་གྱི་བར་དུ་རྩ་བའི་འཁྲུལ་འཁོར་གྱི་དབུས་ཀྱི་བུག་པ་ནས་ཆུ་བཞུག་པར་བྱའོ། །དེ་ནས་ཆུའི་ནང་གི་བུག་པ་འམ། བུམ་པའི་བུག་པ་དང་སྦུབས་ཀྱི་བུག་པས་ཅིག་ཅར་མཚོ་ལས་བུམ་པར་ཆུ
་འདྲེན་པར་བྱེད་དོ། །ཆུ་དེ་ཉིད་སྐྱེད་མོས་ཚལ་ལམ་ལྡུམ་རར་འགྲོ་སྟེ་མཉམ་པའི་ས་ལ་གང་དུ་དྲངས་པ་དེར་ནི་འགྲོ་བར་འགྱུར་ཞེས་པ་ཆུ་བཅུ་པའི་འཁྲུལ་འཁོར་གྱི་མཚན་ཉིད་ཀྱིས་ངེས་པའོ། །ད་ནི་འཇམ་དཔལ་གྱིས་ཉི་མའི་ཤིང་རྟ་ལ་ངེས་པ་སྦྱིན་པ་གསུངས
་པ། རང་མཆོག་ཅེས་པ་ལ་སོགས་པ་སྟེ། འདིར་གདུག་པ་ཅན་རྣམས་བསྒྲུབ་པའི་དོན་དུ་དང་པོའི་སངས་རྒྱས་སུ་ནི་སྲིད་གསུམ་བླ་མ་ཤཱཀྱ་སེང་གེ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོ་ལ་དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་མཚན་ཉིད་ཐམས
་ཅད་མངོན་དུ་གསུངས་པ། གང་ཡིན་པ་དེའི་ནང་ནས་ཏེ་དབྱིངས་འཆར་པ་དང་འཁྲུལ་འཁོར་བརྗོད་པ་དེའི་ནང་ནས་འདིར་ནི་དེ་རིང་ཤམྦྷ་ལ་ཞེས་བྱ་བའི་ཡུལ་འདིར་ཉི་མའི་ཤིང་རྟ་ཁྱོད་ལ་འཇམ་དཔལ་མིའི་དབང་པོ་གྲགས་པ་བདག་གིས་གསལ་བར་བསྟན
་ཏོ། །རང་གནས་བསྲུང་བའི་དོན་དུ་འདི་དག་མཛའ་དག་གྱིས་ཤིག་ཞེ་སྡང་ཆགས་པས་མིན་ནོ་ཉི་མ་ཀྱི་ཞེས་པ་སྟེ། ཉི་མའི་ཤིང་རྟའི་ངེས་པ་ཇི་ལྟ་བ་དེ་བཞིན་དུ་དུས་ཀྱི་འཁོར་ལོར་ཡོངས་སུ་ཤེས་པ་དང་ལྡན་པ་གཞན་རྣམས་ཀྱི་འང་བཅོམ་ལྡན
་འདས་ཀྱི་ངེས་པའོ། །མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་ཆོ་ག་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་བཅུ
་པའོ།། །།ད་ནི་འཁོར་ལོས་སྒྱུར་བ་ཆེན་པོས་ཀླ་ཀློའི་ཆོས་འཇོམས་པ་དང། སངས་རྒྱས་ཀྱི་ཆོས་རབ་ཏུ་འཇོག་པ་ཉིད་ལ་སོགས་པ་གོ་བླ་སྟེ། དེས་ན་འགྲེལ་བཤད་དུ་མ་བརྗོད་དོ། །འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་བཤད་རྫོགས
་སོ།། །།(དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ནང་གི་ལེའུའི་འགྲེལ་བཤད་བཞུགས་སོ།།)་*། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ་མངལ་ནི་འཛིན་པ་འདི་མཛད་ཅིང།
་སྲིད་པའི་འཆིང་ལས་ངེས་པར་གྲོལ་ཡང་སྲོག་ཆགས་རྣམས་ཀྱི་ལམ་གྱི་སླད་དུ་སྲིད་པ་སྟེ། །སྣ་ཚོགས་སྐྱེས་རབས་ཕྲེང་བ་ཡོན་ཏན་དང་ལྡན་སེམས་ཅན་དོན་གཉེར་རྣམས་ཀྱིས་མཐོང་གྱུར་པ། །དང་པོའི་སངས་རྒྱས་རྫུ་འཕྲུལ་ཆེ་ལྡན་སྤྱོད་པ་དག་སྟེ་སྐྱོབ་པ་དེ
་ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་དེ་བཞིན་གཤེགས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ། །བཏུད་དེ་པདྨ་དཀར་པོ་དཔལ། །འཇམ་དཔལ་གྱིས་ནི་བསྐུལ་གྱུར་ཅིང། །བདེ་བར་གཤེགས་པས་ལུང་བསྟན་པ། །འགྲོ་ལ་སྙིང་རྗེའི་བདག་ཉིད་ཅན། །འཇིག་རྟེན
་མགོན་པོ་བདག་གིས་ནི། །ནང་གི་ལེའུའི་འགྲེལ་བཤད་བྲི། །འདིར་དཔྲལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར་དཔལ་ལྡན་རིན་པོ་ཆེའི་ཁང་བཟང་ཆེན་པོར་རིན་པོ་ཆེའི་སེང་གེའི་ཁྲི་ལ་བཞུགས་པ། ཉི་མའི་ཤིང་རྟས་གསོལ་བ
་བཏབ་པར་གྱུར་པ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ། མིའི་དབང་པོ་གྲགས་པས་ནང་གི་ལེའུ་བསྟན་པའི་དོན་དུ་མཆོག་གི་དང་པོའི་སངས་རྒྱས་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་ཚིགས་སུ་བཅད་པ
་དང་པོས་གསུངས་པ་འདི་ལྟ་སྟེ། མི་ཤེས་སྣ་ཚོགས་ཚད་ནི་གང་དག་རྒྱལ་བ་བསྐྱེད་མཛད་ཁྱོད་ཀྱིས་བསྟན་པ་རྣམས་ཀྱང་བདག་གིས་ཏེ། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་སྲིད་པ་གསུམ་པོ་མཛའ་དག་ལུས་ཀྱི་དབུས་སུ་ཇི་ལྟར་ལགས། །ཟླ་བ་བཟང་པོའི
་ཚིག་དག་གསན་ནས་བདེ་བར་གཤེགས་པས་ལེགས་ཞེས་བྱ་བ་བྱིན་ནས་རབ་གསུངས་པ། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་མཆོག་གི་ཐུགས་རྗེས་སྣ་ཚོགས་ཚད་རྣམས་དག་ཀྱང་ལུས་ལའོ། །འདིར་ནང་གི་ལེའུ་མི་ཤེས་ཞེས་པ
་ལ་སོགས་པས་གསོལ་བ་འདེབས་པ་པོ་དང། སྟོན་པ་པོ་བསྡུས་པའི་ཚིགས་སུ་བཅད་པ། ཡང་དག་པར་སྡུད་པར་མཛད་པ་པོ་འཇམ་དཔལ་གྱིས་བསྡུས་པའི་རྒྱུད་ལས་བསྟན་པ་ནི་བདག་གིས་དགྲོལ་བར་བྱའོ། །འདིར་ལུས་ཀྱིས་དབུས་སུ་སྣ་ཚོགས་ཚད་ནི
་མི་ཤེས་ཏེ་རྒྱལ་བ་སྐྱེད་མཛད་ཅེས་པ་ནི། རྡོ་རྗེ་སེམས་དཔའ་ཤཱཀྱ་ཐུབ་པ། སྒྲིབ་པ་མེད་པའི་ཕུང་པོ་རྣམས་སྐྱེད་པར་མཛད་པ་ནི་རྒྱལ་བ་སྐྱེད་མཛད་ཡིན་པས། དེ་ལ་བོད་པ་སྟེ། ཀྱེ་རྒྱལ་བ་བསྐྱེད་པར་མཛད་ཁྱོད་ཀྱིས་ཕྱི་རོལ་ཏུ་སྣ་ཚོགས་ཚད་ནི
་གང་དག་བསྟན་པ་དེ་དག་ལུས་ལ་མི་ཤེས་སོ། །དེའི་ཕྱིར་སླར་ཡང་བདག་ཉན་པར་འཚལ་ལོ། །སྲིད་པ་གསུམ་པོ་མཛའ་དག་ལུས་ཀྱི་དབུས་སུ་ཇི་ལྟར་ཏེ་རྣམ་པ་གང་གིས་འགྱུར་ཞེས་པའོ། །དེ་ནས་ཟླ་བ་བཟང་པོའི་གསོལ་བ་འདེབས་པའི་ཚིག
་དག་གསན་ནས་བདེ་བར་གཤེགས་པས་ཟླ་བ་བཟང་པོ་ལ་ལེགས་ཞེས་བྱ་བ་བྱིན་ནས། རབ་ཏུ་འགྱུར་བས་གསུངས་པ། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་མཆོག་གི་ཐུགས་རྗེ་སྣ་ཚོགས་ཚད་རྣམས་དག་ཀྱང་ལུས་ལའོ། ཀྱང་ཡི་གིས
་རྒྱུད་གཞན་ཐམས་ཅད་ཀྱང་ལུས་ལ་གསུངས་སོ། །ལེའུ་གཉིས་པ་བསྟན་པའི་སླད་དུ་གསོལ་བ་འདེབས་པ་པོ་དང་སྟོན་པ་པོ་བསྡུས་པའི་མདོར་བསྡུས་སོ། །བསྟན་པའི་ཚིགས་སུ་བཅད་པ་གསུངས་པ། ས་ཞེས་པ་ལ་སོགས་པའོ། །འདིར་ལུས
་ཀྱི་ནང་དུ་ས་ལ་སོགས་པ་མཛའ་དག་རང་རང་གི་ཡི་གེས་ཤེས་པར་བྱ་སྟེ། སོ་ལས་བྱུང་བའི་ཡི་གེ་རྣམས་ཀྱིས་ཤེས་པར་བྱའོ། །མཆུ་ལས་བྱུང་བ་རྣམས་ཀྱི་ཆུའོ། །སྤྱི་བོ་ལས་བྱུང་བ་རྣམས་ཀྱིས་མེའོ། །རྐན་ལས་བྱུང་རྣམས་ཀྱིས་རླུང་སྟེ།
་ས་དང་ཆུ་མེ་རླུང་རྣམས་སོ། །རྡོ་རྗེ་སྟེ་གློག་ནི་སླར་ཡང་སྤྱི་བོ་ལས་བྱུང་བ་རྣམས་ཀྱིས་སོ། །ལྷའི་གཞུ་སྟེ་འཇའ་ཚོན་ནི་སོ་ལས་བྱུང་བ་རྣམས་ཀྱིས་སོ། །རླུང་བཅུ་པོ་རྣམས་ནི་རྐན་ལས་བྱུང་བ་རྣམས་ཀྱིས་སོ། །ཁྱིམ་གྱི་འཁོར་ལོ་ནི་ཨ་ལ་སོགས
་པ་དང། ཀ་ལ་སོགས་པ་མཛའ་དག་གིས་སོ། །ཟླ་བ་ནི་ཐིག་ལེ་སོ། །ཉི་མ་ནི་རྣམ་པར་བཅས་པས་སོ། །སྒྲ་གཅན་ནི་དབྱངས་མེད་པའི་གསལ་བྱེད་ཀྱིས་སོ། །ལྷུན་པོ་ནི་མིང་གི་ཡི་གེས་སོ། །གདེངས་ཅན་རྣམས་ཀྱི་གནས་ནི་ཨོཾ་ཡིག་གིས་སོ། །མི་ཡི
་གནས་ཏེ་མི་ཡིས་འཇིག་རྟེན་ནི་ཨཱ་ཡིག་གིས་སོ། །ལྷའི་གནས་ཏེ་མཐོ་རིས་ནི་ཧཱུཾ་ཡིག་གིས་སོ། །འཁྱོགས་པོ་བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་ནི་གཡས་དང་གཡོན་གྱི་ས་བོན་ཡི་གེ་སྔར་བརྗོད་པ་རྣམས་ཀྱིས་སོ། །འཕོ་བ་སྡེ་པ་བཅུ
་གཉིས་དབྱེ་བ་རྣམས་ཀྱིས་ཏེ། ཟླ་བ་ཡང་དེ་བཞིན་ནོ། །ཕྱོགས་ནི་སྡེ་པ་དྲུག་ཕྱེད་ཀྱི་དབྱེ་བ་རྣམས་ཀྱིས་སོ། །ཉིན་དང་མཚན་མོ་ཚེས་རྣམས་ནི་ཀ་ལ་སོགས་པ་དབྱངས་དང་བཅས་པ་སྔར་བརྗོད་པ་རྣམས་ཀྱིས་ཏེ་མཛའ་དག་ལུས་ཀྱི་དབུས་སུ་རྣལ་འབྱོར
་པས་ཤེས་པར་བྱའོ། །རྣམ་གསུམ་ཁྱབ་བདག་བགྲོད་པ་རྣལ་འབྱོར་པ་ཡིས་སྟོང་པའི་དབྱེ་བས་སོ། །སྔར་བརྗོད་ཆའི་རིམ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་རྣམ་པ་གསུམ་སྟེ།
་བདེ་བ་ཆེན་པོས་ཐམས་ཅད་ཀྱིས་བདག་ཉིད་ལ་གནས་པའི་ཕྱིར་རོ། །དེ་ཡང་སྟོང་པའི་དབྱེ་བས་སོ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞིའི་དབྱེ་བས་ཤེས་པར་བྱའོ། །ལུས་ལ་སྣ་ཚོགས་བསྡུས་པའི་མདོར་བསྡུས་ཀྱི་ངེས་པའོ། །ད་ནི་མིའི
་ལུས་སྐྱེད་པ་ལ་སྒྱུ་དང་འབྲས་བུའི་ཚོགས་ལ་བསྡུས་པའི་ཚིགས་སུ་བཅད་པ་གསུམ་ལ་གསུངས་པ། ལུས་ཞེས་པ་ལ་སོགས་པ་སྟེ། ལུས་བདེ་ལ་ནི་ཁམས་ཀྱི་ཚོགས་ཞེས་པ་ནི། སྤུ་དང་པགས་པ་དང་ཁྲག་དང་ཤ་དང་རུས་པ་དང་རྐང་ལ་སོགས་པའི
་ཁམས་ཀྱི་ཚོགས་སུ་འགྱུར་ཏེ། མཛའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་ཤེས་པ་ནི། ལན་ཚྭ་དང་མངར་བ་དང། ཚ་བ་དང་ཁ་བ་དང་བསྐལ་བ་དང་སྐྱུར་བ་ནི་རོ་དྲུག་སྟེ། འདི་དག་ཟོས་ཤིང་འཐུངས་པའི་དབང་གིས་ཁམས
་ཀྱི་ཆོགས་སུ་འགྱུར་རོ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་ཞེས་པ་ནི། རོ་དྲུག་ཏུ་ཡང་ས་དང་ཆུ་དང་མེ་དང་རླུང་དང་རོ་རྣམས་ལས་འགྱུར་རོ། །འབྱུང་བའི་ཚོགས་ཀྱང་ནམ་མཁའ་ཨི་ཁམས་ལའོ། །ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་རོའི་ཚོགས་ནི
་ནམ་མཁའ་ཨི་ཁམས་སྔར་བརྗོད་པའི་རྡུལ་ཕྲ་རབ་ཀྱི་ཆོས་ལ་འགྱུར་རོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་པ་ནི། འདིར་ལུས་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་པ་ཀུན་རྫོབ་ཀྱི་ངེས་པར་གནས་པ་གང་ཡིན་པ་སེམས་ཅན
་ཐམས་ཅད་ཀྱི་ལུས་ལ་རྣམ་པར་ཤེས་པའོ། །དེ་ཉིད་ནི་སྟོང་པ་སྟེ་སྟོང་པ་ཉིད་ཀྱི་གཟུགས་ལ་བསྒོམས་པའི་སྟོབས་ཀྱི་འཛིན་པར་བྱེད་པའི་སེམས་གཟུང་བར་བྱ་བ་སེམས་ཀྱི་སྣང་བ་ལ་རྣམ་པར་བསྲེས་པ་ནི་རོ་མཉམ་འགྱུར་མེད་རྟག་པར་ཡང
་འགྱུར་ཏེ། འདིར་རྟག་པ་ནི་སྒྲིབ་པ་མེད་པར་བརྗོད་དོ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་བདེ་བ་ཆེན་པོ་རྣམ་གསུམ་སྲིད་པ་ལ་གནས་རང་གི་ལུས་ལ་རྣལ་འབྱོར་པ་རྣམས་ཀྱིས་རིག་པར་བྱའོ། །འདིར་ནང་གི་ལེའུ་ལ་ཚིགས་སུ་བཅད་པ་འདི་ནི
་འདོར་བསྡུས་པས་རྣམ་པར་ཕྱེ་སྟེ། འཆད་པར་འགྱུར་བའི་ཡེ་ཤེས་ཀྱི་ལེའུར་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་གྱུར་པ་ལས་རྒྱས་པར་བརྗོད་པར་བྱའོ། །ལུས་བསྐྱེད་པ་ལ་རྒྱུ་དང་འབྲས་བུ་ཚོགས་པའི་ངེས་པའོ། །མངལ་འཛིན་པ་ལ་སོགས་པ
་གསུངས་པ། ས་བོན་ཞེས་པ་ལ་སོགས་པ་སྟེ། འདིར་དབང་པོ་གཉིས་ཀྱི་སྦྱོར་བ་ལས་གསལ་བའི་པདྨར་ལྷུང་བའི་ཁུ་བ་དང་བྷ་གའི་ཁྲག་གང་ཡིན་པ་དེ་ནི་ས་བོན་ཞེས་བརྗོད་དོ། །ས་བོན་དེ་ནི་འཛིན་མས་འཛིན་ཏེ། གསང་བའི་པདྨ་ལ
་སའི་ཁམས་གང་ཡོད་པ་དེ་ཡིས་སོ་ཞེས་པའི་དོན་ཏོ། །པདྨ་གནས་པ་ཞེས་པ་ནི་གསང་བའི་པདྨར་གནས་པའོ། །གསང་བའི་པདྨ་དེ་ལས་ཆུ་ཡིས་སྡུད་དོ། །ཕྱི་ནས་ནི་མེ་ཡིས་སྨིན་པར་བྱེད་ཅིང་ཞེས་པ་ནི། ཆུ་ཡིས་རབ་ཏུ་བསྡུས་པའི་ས་བོན་འདི་མེ
་ཡིས་རབ་ཏུ་སྨིན་པར་བྱེད་དོ། །རོ་དང་རོ་ནི་ཟ་བར་བྱེད་དོ། །ཞེས་པ་ནི་རོ་དྲུག་པོ་མ་ཡིས་ཟོས་པ་དང་འཐུངས་པ་གང་ཡིན་པའི་རོ་དང་རོ་དེ་དག་མ་ཡིས་ཟ་བར་བྱེད་དོ། །ས་བོན་འདིའི་འཕེལ་བ་རླུང་གིས་བྱེད་དོ། །ནམ་མཁའ་སྟོང་པ་དག་ཀྱང་འཕེལ་བའི་སྔོན་དུ་གོ
་སྐབས་སྦྱིན་པར་བྱེད་དོ། །མིའི་བདག་པོ་ཞེས་པ་ནི་བོད་པའོ། །དུས་ལས་དེ་ལྟར་འགྲུབ་པ་སྟེ། དེ་ལྟར་རིམ་པ་དེ་དག་གིས་ཉ་ལ་སོགས་པ་གྲུབ་སྟེ་མངལ་རྫོགས་པར་འགྱུར་རོ། །ལྷའི་གནས་སྐབས་རྣམས་བྱེད་དོ། ཞེས་པ་ལ་དུ་བ་ལ་སོགས་པ་ལྷའི་གནས
་སྐབས་བཅུ་པོ་དེ་དག་བྱེད་པ་ནི་མངལ་དང་བྱིས་པ་དང་གཞོན་ནུ་མ་ལ་སོགས་པའི་གནས་སྐབས་བཅུ་པོ་རྣམས་ཏེ་བཙའ་བར་འགྱུར་བའི་དུས་དང་བྱིས་པ་ལ་སོགས་དུས་རྟག་ཏུ་ཡང་ངོ། །ཞེས་པ་ནི། མངལ་འཛིན་པའི་ངེས་པའོ། །ས་བོན་གྱི་རང་གི་ཁམས་ཀྱི
་བྱ་བ་གསུངས་པ། ས་བོན་དག་གི་ཞེས་པ་ལ་སོགས་པ་སྟེ། འདིར་ས་བོན་ཁུ་བ་དང་ཁྲག་གིས་གང་ཡིན་པ་དེས་གསང་བའི་པདྨ་ལ་གནས་པའི་རོ་དྲུག་པོ་རྣམས་ཟོས་ནས་ལུས་བསྐྱེད་པ་ལ་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་དོ། །ཆུ་ནི་དེ་བཞིན་གཤེགས
་པ་ཉིད་བྱེད་དོ། །མེ་ནི་ཟོས་པའི་རོ་རྣམས་སྨིན་པར་བྱེད་དོ། །རབ་མཆོག་རྣམ་པ་བཅུའི་རླུང་སྲོག་ལ་སོགས་པ་དག་ནི་ས་བོན་?་འཕེལ་བར་ཕྱེད་དེ། འཕེལ་བ་དག་ལ་སླར་ཡང་ནམ་མཁའ་ཉིད་ནི་གོ་སྐབས་སྦྱིན་བྱེད་དུས་ལས་དེ་ལྟར་སྔར
་བརྗོད་པའི་ཆོ་གས་བསྐྱེད་པ་སྟེ། སྣ་ཚོགས་དངོས་པོ་དུ་མ་དག་གིས་ལུས་བཅས་སྒྲ་དང་ཡིད་དང་ཞེས་པ་ནི། །ལུས་དང་ངག་དང་སེམས་སོ། །ནུས་པ་རྣམས་ནི་དུ་བ་ལ་སོགས་པ་ཡི། ལུས་དང་ངག་དང་སེམས་ཀྱི་ཆོས་ཅན་རྣམས་སྤྲོ་བར་བྱེད་དོ་ཞེས
་པ་ནི་ས་བོན་གྱི་ཁམས་ཀྱི་བྱ་བ་བརྗོད་པའོ། །གསང་བ་ཞེས་པ་ལ་སོགས་པས་ནང་གི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་གནས་སྐབས་བཅུ་གསུངས་ཏེ། འདིར་གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ
་ས་བོན་ཞེས་པ་ནི་ཁུ་བ་སྟེ། སྲོག་དང་བཅས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་བཅས་པ་དང་གང་གི་ཚེ་གསང་བའི་པདྨར་ལྷུང་བ་དེའི་ཚེ། གནས་སྐབས་བཅུའི་མཚན་ཉིད་དུ་འགྱུར་རོ། །དེ་རྣམས་ལས་མངལ་གྱི་ནང་དུ་ཉ་དང་རུས་སྦལ་དང
་ཕག་གི་གནས་སྐབས་གསུམ་དུ་འགྱུར་རོ། །དེ་བཞིན་དུ་བཙའ་བའ་ཨི་དུས་སུ་གཅིག་སྟེ་མིའི་སེང་གེའི་གནས་སྐབས་སོ། །བྱིས་པའི་དུས་དག་ཏུ་ཡང་རྣམ་པ་གཉིས་ཏེ། སོ་སྐྱེ་བའི་བར་ནི་མིའུ་ཐུང་གི་གནས་སྐབས་སོ། །སོ་སྐྱེས་ནས་སོ
་ལྷུང་བའི་བར་ནི་དགྲ་སྟ་རཱ་མའི་གནས་སྐབས་སོ། །གཞོན་ནུ་ལང་ཚོ་དག་ལ་གཞན་ཞེས་པ་ནི་སོ་ལྷུང་བ་ནས་ལོ་བཅུ་དྲུག་གི་བར་དུ་རྒྱས་པ་དང་པོ་རཱ་མའི་གནས་སྐབས་སོ། །དེ་བཞིན་དུ་ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ནི་རྒྱས་པ
་གཞན་ནག་པོའི་གནས་སྐབས་སོ། །སྐྲ་དཀར་སྐྱེས་པ་ནས་འཆི་བའི་ཉིན་ཞག་གི་བར་ནི་སངས་རྒྱས་ཀྱི་གནས་སོ། །འཆི་བའི་ཉིན་ཞག་ལ་འབྱུང་བ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་ལུས་ལ་རིགས་ལྡན་གྱི་གནས་སྐབས་སུ
་འགྱུར་ཏེ། རྒན་པ་ཉིད་ལ་ཞི་བ་གཅིག་སྟེ་མངལ་སྐྱེས་རྣམས་ཀྱི་སྲིད་པ་འཆི་བ་ཉིད་ནི་ཐ་མའོ་ཞེས་སོ། །གནས་སྐབས་བཅུའི་ངེས་པའོ། །ཉ་ཞེས་པ་ལ་སོགས་པས་ནང་ལ་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་བྱ་བ་གསུངས་ཏེ། འདིར་ཏའི
་དངོས་པོ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་ནི་ཉའི་རྣམ་པར་འགྱུར་ཏེ། ཉིན་ཞག་འགའ་ནི་དུས་ཀྱི་ཉིན་ཞག་གི་བར་དུའོ། །དེ་ནས་རུས་སྦལ་གྱི་དངོས་པོ་ལ་ནི་རུས་སྦལ་གྱི་དངོས་པོར་འགྱུར་ཏེ། ཡང་ཡིག་གི་དུས་སུ་གཞན་གྱི
་བར་དུའོ། །ཕག་པའི་དངོས་པོ་ལ་བྱང་ཆུབ་ཀྱི་སེམས་ཁྱབ་འཇུག་དེའི་སྐྱེ་མཆེད་ཉི་མ་སྟེ་སྐྱེ་མཆེད་བཅུ་གཉིས་འབྱུང་བར་འགྱུར་ཏེ། གསུམ་པའི་དུས་ཀྱི་ཉིན་ཞག་གི་བར་དུའོ། །དེ་བཞིན་དུ་ཟླ་བ་བདུན་པ་ནས་སྐྱེ་བའི་ཞག་གི་བར་དུ་མིའི་སེང་གེའི་དངོས་པོ་ལ་རབ་ཏུ་སྐྱེ
་བར་འགྱུར་ཏེ། ལག་པ་དག་གི་སྐྱེ་གནས་རྣམ་པར་འབྱེད་པའི་ཕྱིར་རོ། །མིའུ་ཐུང་གི་དངོས་པོ་ལ་ནི་སྔར་བརྗོད་པའི་བྱིས་པའི་དངོས་པོར་འགྱུར་རོ། །དགྲ་སྟ་རཱ་མ་ལ་ཡང་མི་བདག་གཉིས་ཏེ། སུམ་ཅུ་རྩ་གཉིས་ཀྱི་སོ་རྣམས་འབྱུང་བར་འགྱུར་རོ། །རཱ་མའི་དངོས་པོ་ལ་ནི་ལྟུང
་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཁྱབ་འཇུག་དེ་ཉིད་ནག་པོའི་དངོས་པོ་ལ་ནི་གསལ་བར་སྒྱུ་དག་བྱེད་ཅེས་པ་སྒྱུ་མ་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་དངོས་པོ་ལ་ཡང་ཞི་བ་དང། སེམས་ཅན་རྣམས་ལ་བརྟུལ་ཞུགས་ངེས་པར་བྱེད་དོ། །རིགས་ལྡན་ལ
་ནི་འཆི་བར་འགྱུར་རིགས་ལྡན་གྱི་དངོས་པོ་ལ་སྔར་བརྗོད་པའི་ཆོ་གས་འཆི་བར་འགྱུར་རོ། །ཞེས་པ་ནི་འཇུག་པ་བཅུའོ། །འདིར་ཕྱི་རོལ་ཏུ་ཉ་ལ་སོགས་པའི་ལོ་རྒྱུས་ཚངས་མའི་དྲང་སྲོང་གདུག་པ་རྣམས་ཀྱིས་བྱིས་པ་རྣམས་སླུ་བའི་སླད་དུ་བཀོད་པ་གང
་ཡིན་པ་དེ་ནི་དམྱལ་བ་ཐོབ་པའི་རྒྱུ་སྟེ། འཆད་པར་འགྱུར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱས་པར་བརྗོད་པར་བྱའོ། །ཁུ་བ་ཞེས་པ་ལ་སོགས་པས་མིའི་མངལ་ན་གནས་པའི་ཁུ་བ་དང་རྡུལ་ངག་གིས་རྣམ་པར་འགྱུར་བ་མངལ་གཟུང་བ
་ནས་བརྩམས་ཏེ། བཙའ་བའ་ཨི་མཐར་ཐུག་པ་གསུངས་སོ། །འདིར་སྐྱེ་བའི་ལུས་ལ་མཛོད་དྲུག་ཏུ་འགྱུར་ཏེ། ཁུ་བ་ལ་རྐང་དུ་འགྱུར་བ་དང། རུས་པར་འགྱུར་པ་དང། རྒྱུས་པ་སྟེ་ཆུ་རྒྱུས་རྣམས་སུ་འགྱུར་བའོ། །རྡུལ་ལས་པགས་པ་དང་ཁྲག་ཏུ་འགྱུར་པ
་དང། ཤར་འགྱུར་བ་སྟེ། གང་གི་ཕྱིར་བརྗོད་པའི་ས་བོན་གྱིས་རབ་ཏུ་བསྐྱེད་པའི་ཕྱིར་རོ། །འདིར་མངལ་དུ་ཟླ་བ་གཅིག་གི་བར་དུ་ཁྲག་དང་ས་བོན་བདུད་རྩི་ལྔའི་རོར་གྱུར་པའི་རབ་ཏུ་སྐྱེའོ། །ཕྱི་ནས་ས་བོན་མྱུ་གུ་ཞེས་པ་ནི། དེ་ནས་ཟླ་བའི་མཇུག་ཏུ་བྱང་ཆུབ་
་ཀྱི་སེམས་མྱུ་གུར་གྱུར་པའི་སྙིང་གའི་གོ་སྐབས་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ། དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་དོ། །ལྟེ་བ་ལ་སྟེ་ལྟེ་བའི་ཕྱོགས་སུ་བརྒྱད་པ་བརྒྱད་དབྱུག་གུ་དྲུག་ཅུ་རྩ་བཞི་རྒྱུ་བར་བྱ་བར་འགྱུར་རོ། །མ
་གསུངས་ཀྱང་ཁྱིམ་གྱི་འཕོ་བ་བཅུ་གཉིས་ཀྱི་དབང་གི་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་རྩ་ཤིན་ཏུ་ཕྲ་བ་བཅུ་གཉིས་སུ་འགྱུར་ཏེ། དེ་བཞིན་དུ་ལྟེ་བའི་རྩ་ལྔར་བརྗོད་པ་དེ་དག་ཐམས་ཅད་ནི་ཤིན་ཏུ་ཕྲ་བའོ། །རྐང་ལག་གདོང་གི་གནས་ཀྱི་རྒྱུའི་སླད་དུ་གྱེན
་དུ་བརྗོད་པར་བྱེད་པ་སྟེ། རྐང་ལག་གདོང་གི་གནས་རྣམས་སུ་བསྐྱོད་པའི་མཐུ་དེ་ལས་ཟླ་བ་གཉིས་པ་རྫོགས་པར་གྱུར་པའི་རྗེས་ལ་འདིར་ནི་རྐང་ལག་གདོང་གི་མཚོན་པ་ཅུང་ཟད་དོ། །འདིར་དང་པོ་ཉའི་གནས་སྐབས་ཀྱི་ཉིན་ཞག་འདས་པར་གྱུར་པ་ན་རུས
་སྤལ་གྱི་གནས་སྐབས་ལ་གདོང་དང་རྐང་པ་དང་ལག་པའི་གནས་རྣམས་སུ་འབུར་པོ་ལྔར་འགྱུར་རོ། །ལག་པ་རྐང་པ་མགྲིན་པ་དག་གི་མགོ་བོ་མཉམ་པར་འགྱུར་ཏེ་རུས་སྤལ་ལོ། །ཕྲ་མོ་རྩ་གཞན་རྣམས་ནི་ཟླ་བ་བཞི་པ་རྫོགས་པར་གྱུར་པ་ན་རྐང་ལག
་གདོང་དང་མགྲིན་པ་དག་གི་ཕྱོགས་སུ་རྐང་པ་དང་ལག་པ་རྣམས་ཀྱི་ཚིགས་དྲུག་དང་གདོང་གི་མགྲིན་པ་ལ་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པའི་རྩ་ཤིན་ཏུ་ཕྲ་བ་རྣམས་སུ་འགྱུར་ཏེ། རུས་སྤལ་གྱི་གནས་སྐབས་སོ། །ཟླ་བ་ལྔ་པ་ལ་ནི་ཕག་གི
་དངོས་པོ་ལ་ཤ་དང་ཁྲག་དང་རུས་པ་མཁའ་རོ་བསྲེག་ཟ་ཞེས་པ་ནི། རུས་པ་སུམ་བརྒྱ་དྲུག་ཅུ་སྟེ། ཚིགས་རྣམས་ཀྱང་དེ་སྙེད་དོ། །ཟླ་བ་དྲུག་པ་ལ་ཡང་སྟེ། ཡང་ཡིག་ཕག་པའི་དངོས་པོ་ལ་ཤ་དང་ཁྲག་ཏུ་འགྱུར་རོ། །ཚོར་བར་འགྱུར་ཏེ་བདེ་བ་དང
་སྡུག་བསྔལ་ཡང་རིག་གོ་།མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་ཡང་འགྱུར་ཏེ། རང་གི་སེམས་ཀྱི་ཆགས་པ་དང་བྲལ་བར་བྱེད་དོ། །སྲིད་པའི་སྡུག་བསྔལ་ལ་སྨོད་པར་བྱེད་དོ། །སངས་རྒྱས་ཀྱི་ལམ་ལ་བསྔགས་པར་བྱེད་དོ། །དེ
་ནས་སྨིན་མ་དང་སྐྲ་དང་སྤུ་དང་བུག་པ་མིག་ལ་སོགས་པ་རྣམས་ཀྱང་ཕག་གི་དངོས་པོ་ལ་ཐུབ་པ་མཆོག་ལ་སྟེ་ཟླ་བ་བདུན་པ་རྫོགས་པར་གྱུར་པ་ན། སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་མངལ་གྱི་ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དུས་ལ་སྟོང་པ།
་སྟོང་པ་མིག་གི་གྲངས་ཏེ། ཉིས་བརྒྱའི་གྲངས་ཀྱི་རྩ་རྣམས་སུ་ཉིན་ཞག་སོ་སོ་ལ་འགྱུར་རོ། །དེ་ནས་སུམ་བརྒྱ་དྲུག་ཅུའི་གནད་རྣམས་དང་རུས་པ་རྣམས་ཏེ། དེའི་ནང་དུ་རྐང་དུ་འགྱུར་རོ། །རོ་འཛིན་ནི་ལྕེ་སྟེ་ལྕེ་ཡིས་དབང་པོ་བསྐྱེད་པའི་སླད་དུའོ། །སྔར་གྱི་མིག
་ལ་སོགས་པ་རྣམས་སྲ་པ་ཉིད་དུ་འགྱུར་རོ། །རོ་འཛིན་སྐྱེས་པའི་དུས་དེ་ནས་འདིར་གཅི་བ་བཤང་བ་ནི་ཟླ་བ་བརྒྱད་པ་དག་ལ་ཡང་ཕག་གི་དངོས་པོ་ལ་འགྱུར་རོ། །དེ་ནས་བུག་པ་ཞེས་པ་སྟེ་ཟླ་བ་དགུ་པ་རྫོགས་པར་གྱུར་པ་འམ། ཁ་ཅིག་ཏུ་བཅུ་པ་དང་བཅུ
་གཅིག་པ་དང། བཅུ་གཉིས་པ་ལ་ཕག་གི་དངོས་པོའི་མཇུག་ཏུ་སྡུག་བསྔལ་དྲག་པོར་གྱུར་ཏེ། བཙའ་བའ་ཨི་དུས་སུ་སྐྱེ་གནས་ཀྱིས་ནི་བཅིང་བ་དག་གི་སྟེ་མིའི་སེང་གེའི་དངོས་པོ་ལ་མངལ་ནས་སྐྱེ་བ་དག་གིའོ་ཞེས་པ་ནི། མངལ་ནས་སྐྱེས་པའི་ངེས་པའོ། །
་འཕགས་པའི་བདེན་པ་བཞི་ལས་འཁོར་བ་པ་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པ་གསུངས་པ། མངལ་ཞེས་པ་ལ་སོགས་པ་སྟེ། འདིར་ཕ་མ་རེ་ཞིག་འབར་བ་པ་མངལ་ན་གནས་པ་རྣམས་ཀྱི་མངལ་ན་གནས་པའི་སྡུག་བསྔལ་བུམ་པར་འཚེད་པ་དང་མཚུངས
་པར་འགྱུར་རོ། །བཙའ་བའ་ཨི་དུས་སུ་ཐོ་བའི་འཁྲུལ་འཁོར་གྱིས་བཙིར་བ་བཞིན་ནོ། །བྱིས་པའི་དངོས་པོ་ལ་ཡང་བཤད་བཟང་ཕག་པ་བཞིན་ནོ། །གཞོན་ནུ་དང་ནི་ལང་ཚོ་དག་ལ་ཡང་བུད་མེད་དང་བྲལ་བའི་སྡུག་བསྔལ་དང་ནོར་དང་འབྱོར་པ་ཉམས་པའི
་སྡུག་བསྔལ་ཏེ་དེ་མེད་པའི་ཕྱིར་རོ། །རྒན་པོ་ཉིད་ལ་ཡང་རྒ་ཤིའི་སྡུག་བསྔལ་ལོ། །སླར་ཡང་ཤི་བའི་མཐར་འགྲོ་བ་དྲུག་ཏུ་འཇིགས་སྟེར་དུ་འབོད་ལ་སོགས་ཏེ། སོགས་པས་ཡི་དྭགས་དང་དུད་འགྲོའི་འགྲོ་བར་སྡུག་བསྔལ་དྲག་པོར་འགྱུར་ཏེ། དགེ་བ
་བཅུ་ཡོངས་སུ་བོར་བ་དང་སྡིག་པའི་དབང་གིས་སོ། །དེ་ལྟར་སྒྱུ་མས་རྨོངས་པར་བྱས་པའི་མཛའ་དག་འགྲོ་བ་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། འདིར་འཁོར་བའི་སྒྱུ་མ་ངར་འཛིན་པ་དང་ང་ཡིར་འཛིན་པའི་བདག་ཉིད་ཅན
་གྱིས་རྨོངས་པར་བྱས་པ་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་དོ། །ལམ་གྱི་བདེན་པ་གསུངས་པ། འཁོར་བ་ཞེས་པ་ལ་སོགས་པ་སྟེ། འགྲོ་བ་དྲུག་གི་བདག་ཉིད་ཀྱི་འཁོར་བ་འདིར་མི་ཉིད་དུ་ནི་འབྱུང
་བ་དག་ཀྱང་འགའ་ཞིག་ཏུ་སྟེ། །དེ་བས་མུ་སྟེགས་པའི་སྦྱིན་པ་ལ་སོགས་པས་ཆོས་རྣམས་ལ་མི་རྣམས་ཀྱིས་ཆོས་ཀྱིས་བློ་ནི་ཐོས་འགའ་ན་འབྱུང་ངོ། །དེ་བས་སངས་རྒྱས་ལ་ནི་རྗེས་ཆགས་རྒྱ་ལམ་ན་དགེ་བའི་དབང་གྲིས་འགྱུར་ཞིང་སྦྱིན་པ་ལ
་སོགས་པ་ལ་རྗེས་སུ་ཆགས་པ་ཡང་ངོ། །དེ་བས་ཀྱང་དགེ་བའི་དབང་གིས་དང་པོའི་ཐེག་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་འཇུག་པར་འགྱུར་བའོ། །དེ་བས་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་འཇུག་པ་སྟེ། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཚང་པ་ཆེན
་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་བའོ། །དེ་ལ་འཇུག་པ་ནི་རྡོ་རྗེ་ཐེག་པ་ལ་འཇུག་པའོ། །དེ་བས་བསྒོམ་པ་ལ་ནི་བློ་གྲོས་མ་ལུས
་བརྒྱ་ལམ་དག་ན་མཇུག་སྟེ། གང་ཞིག་སེམས་དམིགས་མ་དང་བཅས་པའི་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་ལའོ། །བསོད་ནམས་དང་ཡེ་ཤེས་ཀྱི་དབང་གིས་བསྒོམ་པ་དེ་ལ་སངས་རྒྱས་ཉིད་འདོད་པར་འགྱུར་བའོ། །དེ་ལྟར་མཆོག
་གི་བདེ་བའི་གོ་འཕང་དག་ལ་འཇུག་པར་ཨེ་མ་ཤིན་དུ་དཀའ་སྟེ། འཁོར་བའི་བདེ་བ་མངོན་པར་འདོད་པའི་འཁོར་བ་པ་རྣམས་ལ་རིང་བ་ལས་ཀྱང་ཤིན་ཏུ་རིང་ངོ། །མངལ་དུ་ཞེས་པ་ལ་སོགས་པས་ཀུན་འབྱུང་གི་བདེན་པ་གསུངས་ཏེ། འདིར་དང
་པོར་འཇིག་རྟེན་ཀུན་རྫོབ་ཀྱི་རྣམ་པར་དག་པའི་སྐུ་ལ་སོགས་པ་མངལ་ནས་སྐྱེས་པའི་ལུས་ལ་ཡང་དག་པར་བལྟ་བར་བྱ་སྟེ། ཕྱི་ནས་དེ་ཉིད་ཀྱི་ཆོས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་སྐུ་ལ་སོགས་པ་རྣམས་རྣལ་འབྱོར་པ་རྣམས་ཀྱི་རིག
་པར་བྱའོ། །འདིར་མའི་མངལ་དུ་ཇི་སྲིད་གནས་པ་དེ་སྲིད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ནི་ལུས་ཅན་རྣམས་ཀྱི་ཡང་དག་པར་དག་པའི་སྐུར་འགྱུར་རོ། །དེ་ནས་བཙའ་བའ་ཨི་དུས་ནས་བརྩམས་ཏེ་ཇི་སྲིད་སོ་སྐྱེ་བ་དེ་སྲིད་ནི་ཆོས་ཀྱི་སྐུར་འགྱུར་རོ། །སོ
་སྐྱེས་པ་དེས་ནས་ཇི་སྲིད་སོ་རབ་ཏུ་ལྷུང་བར་འགྱུར་བ་དེ་སྲིད་ནི་རྒྱལ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མི་ཡིས་བདག་པོ་ཞེས་པ་ནི་བོད་པའོ། །སོ་ལྷུང་བ་དེ་ནས་སྤྲུལ་པའི་སྐུའི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་མཚམས་ཏེ་མི
་རྣམས་དག་གི་ནི་མངལ་ནས་སྐྱེས་པ་རྣམས་ཀྱིའོ། །མངལ་དང་ཕྱི་རོལ་དག་ཏུ་སླར་ཡང་སྐུའི་ཚོགས་འདི་ནི་རྣམ་པ་བཞི་རུ་འགྱུར་ཏེ། འདིར་ཡེ་ཤེས་ཀྱི་དབྱེ་བས་མངལ་དང་རྣམ་པར་ཤེས་པ་དྲུག་གི་དབྱེ་བས་ཕྱི་རོལ་ཏུ་སྟེ། ཡེ་ཤེས་རྣམ་ཤེས་དབྱེ་བས
་ཤེས་སོ། །འདིར་རེ་ཞིག་མངལ་དུ་རྣམ་ཤེས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། བདེ་བ་དམ་པའི་ཡེ་ཤེས་སོ། །ཟླ་བ་ཉི་མ་དག་ནི་ཁུ་བ་དང་རྡུལ་ལོ། །ཀྱང་པདྨར་གནས་པ་ནི་མངལ་རྫོགས་པར་བྱ་བའི་དོན་དུ་གསུམ་པོ་གཅིག་ཏུ་གྱུར་པ་མའི་པདྨ་ལ་གནས་པའོ། །
་ད་ནི་མངལ་དུ་དག་པའི་སྐུར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། མ་དང་ཕ་དང་ཀུན་གཞི་རྣམ་པར་ཤེས་པའི་བདེ་བའི་གནས་སྐབས་གཅིག་ཡིན་པའི་ཕྱིར་རོ། །ཁམས་དང་ཕུང་པོ་རྣམས་རབ་ཏུ་འབྱུང་བ་རྣམ་པ་བཅུ་པོ་གང་ཡིན་པ་དེ་ནི་རྒྱལ་བ་བྱང་ཆུབ
་ཀྱི་སེམས་རྡོ་རྗེའི་ཆོས་ཀྱི་སྐུའོ། །དེ་ནས་ཡོན་ཏན་དབང་གིས་ཏེ་ཉིན་ཞག་གི་དབང་གིས་ནང་གི་རྣ་བ་ལ་སོགས་པའི་དབང་པོ་རྣམས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་སྐྱེས་པར་གྱུར་པ་ན་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །དེ་ནས་སྐྲ་ལ་སོགས་པ
་སྐྱེས་ཏེ་སོགས་པས་བ་སྤུ་དང་བཤང་བ་དང་གཅི་བ་གྲུབ་ཅིང་རབ་ཏུ་བཙའ་བའ་ཨི་དུས་སུ་སྐྱེ་གནས་ནས་འབྱུང་བ་ནི་མངལ་དུ་སྤྲུལ་པའི་སྐུར་གསུངས་སོ། །དེ་ནས་ཕྱི་རོལ་གྱི་སྐུ་བཞི་ནི་སྐྱེ་བར་གྱུར་པ་ན་དབུགས་ཀྱི་དང་པོར་གང་ཞིག་དབུ
་མའི་རྩ་ལ་རབ་ཏུ་འབྱུང་བར་འགྱུར་བ་ཡོན་ཏན་མེད་པ་དེ་ནི་གསུང་རྡོ་རྗེའི་ཡུལ་ལ་ཡང་དག་པར་དག་པའི་སྐུའོ། །དག་པའི་སྐུ་དེ་ཉིད་ནི་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གི་ཚོགས་ཇི་སྲིད་པ་དེ་སྲིད་དབུ་མ་ལས་རབ་ཏུ་འབབ་པའི་ཕྱིར་རོ། །
་དེ་ནས་སྲོག་ཡང་དག་པར་རྒྱུ་བའི་དབང་གིས་སོ་ནི་རབ་འབྱུང་གང་ཞིག་ཚིག་ནི་གསལ་མིན་དག་ཀྱང་གང་དེ་འདུ་ཤེས་པའི་མཚན་ཉིད་དེ་ནི་གསུང་རྡོ་རྗེའི་ཡུལ་ལ་ཆོས་ཀྱི་སྐུའོ། །དེ་ནས་གཉིས་སྐྱེས་རྣམས་ནི་ལྟུང་བ་སྟེ་སོ་རྣམས་ལྟུང་བར་འགྱུར་བའི་ལོ
་བརྒྱད་ཀྱི་མཐར་ཐུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཚིག་ཡོངས་སུ་གསལ་བའི་ཕྱིར་རོ། །སོ་རྣམས་དག་ལས་ཏེ་ལྷུང་བ་ལས་འཆི་བའི་མཐར་ཐུག་པ་ནི་ཕྱི་རོལ་ཏུ་སྤྲུལ་པའི་སྐུར་འགྱུར་རོ། །འདིར་མངལ་དུ་ལུས་ཀྱི་དབྱེ་བས་སྐུའི་དབྱེ་བ་རྣམ་པ་བཞི་སྟེ།
་ཕྱི་རོལ་ཏུ་སྲོག་རྒྱུ་བའི་དབྱེ་བས་སྐུའི་དབྱེ་བ་རྣམ་པ་བཞིའོ། །ཡེ་ཤེས་དང་རྣམ་པར་ཤེས་པ་ནི་ནང་དང་ཕྱི་རོལ་ཏུ་ཡང་ལུས་དང་སྲོག་དག་གི་གྲོགས་སོ། །འདིར་ལུས་ཀྱི་དབྱེ་བ་ནི་ས་བོན་དང་འབྲེལ་བ་ཅན་ཏེ། དག་གི་དབྱེ་བ་ནི་ཁྲག་དང་འབྲེལ་པ་ཅན་ནོ། །
་དེ་བཞིན་དུ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པར་འགྲེལ་པའི་སེམས་ཀྱི་དབྱེ་བས་སྐུ་ཡི་དབྱེ་བ་རྣམ་པ་བཞི་དང། ས་དག་ལ་སོགས་པའི་ཡེ་ཤེས་ཀྱི་དབྱེ་བས་སྐུ་ཡི་དབྱེ་བ་རྣམ་པ་བཞི་སྟེ། དགའ་བ་ལ་སོགས་པ་རྣམ་པ་བཞིའི་རང་བཞིན་གྱིས་སོ། །
་ལུས་དང་ཕྱི་རོལ་ལ་ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐུ་འབྱུང་བའི་ངེས་པའོ། །མངལ་དུ་ཞེས་པ་ལ་སོགས་པས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་འབྱུང་བ་གསུངས་ཏེ། འདིར་མའི་མངལ་དུ་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །རྣམ
་ཤེས་བསྲེག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་བསྲེས་པའོ། །ཉི་མ་རི་བོང་ཅན་དང་བཅས་པ་ནི་རྡུལ་དང་ཁུ་བ་དག་དང་བཅས་པའོ། །ཡེ་ཤེས་རྡོ་རྗེ་ལ་སོགས་ཀུན་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་སོགས་པར་འགྱུར་རོ། །མངལ་ན་གནས་པ་དག་ནི་སྐུ་ཡི
་རྡོ་རྗེ་ལ་སོགས་པ་རིམ་པ་ཡིས་ཀྱང་སྟོབས་དང་ལྡན་པར་འགྱུར་རོ། །འདིར་དང་པོར་མངལ་དུ་སྐྱེ་བའི་མཚམས་ཀྱི་བར་དུ་དཔལ་ལྡན་སྐུའི་རྡོ་རྗེར་འགྱུར་ཏེ། ལུས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའོ་ཞེས་པའི་དོན་ཏོ། །དེ་ནས་སྐྱེས་པ་ན་གསུང་རྡོ་རྗེ་སྲོག
་ཡང་དག་པར་རྒྱུ་བ་སྟེ། སྲོག་འབྱུང་བའོ། །དེ་ནས་སོ་སུམ་ཅུ་རྩ་གཉིས་རབ་ཏུ་སྐྱེ་བར་གྱུར་པ་ན་ཐུགས་འདུ་ཤེས་འཛིན་པ་པོར་འགྱུར་ཏེ། ཉིད་ཅེས་པ་ནི་མཛའ་གཅིག་ཏུ་ངེས་པའོ། ཞེས་པའི་དོན་ཏོ། །སླར་ཡང་སོ་ལྷུང་ནས་སོ་སུམ་ཅུ་རྩ་གཉིས་རབ་ཏུ
་སྐྱེས་པར་གྱུར་པ་ན་ཁུ་བ་འཕོ་བའི་གནས་སྐབས་ཀྱི་མཚན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དེ། བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་མཚམས་དང་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་རིག་པར་བྱའོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས
་རྫོགས་པ་བརྗོད་པའི་ཕྱིར་རོ། །རྟེན་དང་བརྟེན་པའི་འབྲེལ་པ་གསུངས་པ། ས་ཞེས་པ་ལ་སོགས་པ་སྟེ། ས་ཡི་སྙིང་པོ་དག་ནི་སྲོག་ཟ་མེར་འགྱུར་རོ། །དེའི་རིགས་ཅན་ནི་མ་ཡིན་ཏེ། སའི་ཡོན་ཏན་གྱི་རང་བཞིན་མེད་པའི་ཕྱིར་རོ། །འཛིན་མ་དང་རླུང་དག་ནི
་ནམ་མཁའ་ཨི་སྙིང་པོ་སྟོང་པའི་དབུས་ན་གནས་པའོ། །དེའི་རིགས་ལས་སྐྱེས་པ་ནི་མ་ཡིན་ཏེ་ནམ་མཁའ་ཨི་ཡོན་ཏན་མེད་པའི་ཕྱིར་རོ། །དེ་བཞིན་དུ་རླུང་གི་སྙིང་པོ་དང་སའི་སྙིང་པོ་དག་ནི་ཆུ་ཡིན་ནོ། །རླུང་གི་སྙིང་པོ་དེ་ཉིད་ནི་རང་བཞིན་མེད་པ་རྗེས་སུ་མཐུན་པའི་གཟུགས
་ཀྱི་གནས་པ་སྟེ། གང་དང་གང་དུ་རླུང་ཡང་དག་པར་རྒྱུ་བ་དེ་དང་དེར་དེ་དང་ལྷན་ཅིག་འགྲོའོ། །སའི་ནང་ན་གནས་པ་གང་ཡིན་པ་དེ་ནི་རང་བཞིན་ཏེ་ས་ལ་རྐོ་བ་བྱེད་པ་ནི་གཤེར་བའི་ངོ་བོར་མཐོང་ངོ། །འདིར་སླར་ཡང་ནམ་མཁའ་ནི་ས་ལ་སོགས་པ་ཐམས་ཅད་ཀྱི
་རྟེན་ཏེ། ས་ལ་སོགས་པའི་བྱུང་བ་རྣམས་ནི་རྟེན་པའོ། །འདིར་རྟེན་དང་བརྟེན་པ་ནི་རིམ་པ་བཞིན་དུ་འགྱུར་ཏེ། སའི་རྟེན་ནི་ཆུ་སྟེ་ཕྱི་རོལ་ཏུ་སའི་དཀྱིལ་འཁོར་གྱི་རྟེན་ཆུའི་དཀྱིལ་འཁོར་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ཡང་ངོ། །འབར་བྱེད་དག
་ཀྱང་སྟེ་མེའི་དཀྱིལ་འཁོར་ནི་ཆུའི་ཞེས་པ་ཆུའི་དཀྱིལ་འཁོར་གྱི་རྟེན་ནོ། །རླུང་ཞེས་པ་རླུང་གི་དཀྱིལ་འཁོར་ནི་དག་པར་བྱེད་པ་མེའི་དཀྱིལ་འཁོར་དག་གིའོ། །རླུང་གི་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་རྟེན་ནི་སྟོང་པ་སྟེ་ནམ་མཁའ་ཨོ། །དེ་ལྟར་ན་སྟོང་པ་ནི་ས་ལ་སོགས་པ
་འབྱུང་བ་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ། །ཚོགས་པའི་རྟེན་དང་བརྟེན་གསུངས་པ། ཕུང་པོ་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་ལ་ཕུང་པོ་ལྔ་པོ་རྣམས་ཀྱི་རྟེན་ནི་འབྱུང་བ་རྣམས་ཏེ་ས་ལ་སོགས་པའི་འབྱུང་བའི་ཚོགས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།
་འདིར་ས་ལ་སོགས་པའི་རང་བཞིན་མེད་ན་མ་རིག་པ་ལ་སོགས་པའི་རྐྱེན་མེད་པར་འགྱུར་རོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རྐྱེན་མེད་ན་གཟུགས་ལ་སོགས་པའི་ཕུང་པོ་མེད་དེ། གང་གི་ཕྱིར་འབྱུང་བ་བཞིའི་བདག་ཉིད་ཀྱི་གཟུགས
་དང། ཁམས་དྲུག་གི་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་ཡོད་པ་དེའི་ཕྱིར་ཕུང་པོའི་རྟེན་ནི་འབྱུང་བ་རྣམས་སུ་འགྱུར་རོ། །ལུས་མཆོག་ལ་འབྱུང་བའི་ཚོགས་ཀྱི་རྟེན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་རྣམས་སུ་འགྱུར་རོ། །རྩ་དེ
་དག་རྣམས་ཀྱི་ཡང་རྟེན་ནི་སྲོག་གི་རླུང་སྟེ། འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཅུ་སྟེ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སྲོག་གི་རླུང་རྣམས་དག་གི་རྟེན་ནི་སེམས་ཡིན་ནོ། །སེམས་དེ་ནི་སྟེ་དེ་ཉིད་གཉིས་ཀྱི་རང་བཞིན་གྱི་སེམས
་སུ་འགྱུར་རོ། །ཡོན་ཏན་དབང་གི་ཤེས་པ་སྙིང་སྟོབས་དང་རྡུལ་གྱིས་དབང་གིས་ནི། རང་བཞིན་ཅན་སད་པ་དང་རྨི་ལམ་གྱིས་མཚན་ཉིད་དོ། །མུན་པའི་ཡོན་ཏན་གྱི་དབང་གིས་རང་བཞིན་མེད་པ་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དབང་པོ་མེད་པར
་འགྱུར་རོ། །རང་བཞིན་ཅན་དང་རང་བཞིན་མེད་པ་དེ་དག་གི་ཡང་རྟེན་ནི་གཙོ་བོ་སྟེ་འཁོར་བ་པ་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་འཛིན་པའོ། །དེ་ཡང་བདེ་བ་དང་སྡུག་བསྔལ་དག་དང་བྲལ་བ་ནི་སྲིད་པ་གསུམ་གྱི་གཏུད་ཅིང་གཞོམ་མེད་ཀུན་ཏུ
་འགྲོ་བ་གང་ཡིན་པ་དེ་ཡིན་ཏེ། བདེ་སྡུག་སེལ་བ་མཐར་གྱུར་པ་ཞེས་སོ། །དྲི་ཞེས་པ་ལ་སོགས་པས་ཁམས་རྣམས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་འབྲེལ་པ་གསུངས་ཏེ། འདིར་ཕྱི་རོལ་ལམ་ནང་དུ་དྲི་ནི་འཛིན་མ་དག་ལས་འབྱུང་བར་འགྱུར་ཏེ།
་གཙོ་བོས་སོ། །ཕལ་པས་ནི་རོ་ལ་སོགས་པ་རྣམས་ཀྱང་ངོ། །རོ་རྣམ་པ་དྲུག་ནི་ཡང་ཞེས་པ་སྲིད་པའི་དོན་ཏེ། རྩེ་མོ་ཅན་མེའི་ཁམས་ལས་ཏེ། གང་གི་ཕྱིར་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཡིན་པ་དེའི་ཕྱིར་མེ་ལས་རོ་འབྱུང་བར་འགྱུར་ཏེ། གཟུགས
་ཀྱི་ཁམས་ནི་ཆུ་ལས་སོ། །འདིར་མྱུ་གུ་ལ་སོགས་པ་རྣམས་སྐྱེ་བ་ལ་སོགས་པ་ནི་ཁ་དོག་སྣ་ཚོགས་དང་དབྱིབས་སྣ་ཚོགས་སུ་ཆུ་ལས་འགྱུར་ཏེ། གཙོ་བོས་སོ། །ཕལ་པས་ནི་རོ་ལ་སོགས་པ་རྣམས་ཀྱང་འབྱུང་ངོ། །དེ་བཞིན་དུ་རླུང་སྟེ་རླུང་གི་ཁམས་ལས་རེག
་པ་འབྱུང་བར་འགྱུར་རོ། །ཞི་བ་སྟེ་ཡེ་ཤེས་ཀྱི་ཁམས་ལས་སྒྲ་དང་ཞེས་པ་སྒྲ་འབྱུང་ངོ། །ཆོས་ཀྱི་ཁམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ནི་ནམ་མཁའ་སྟེ་ལྔའི་བདག་ཉིད་ཀྱི་རོའི་ཁམས་གསལ་བར་བྱེད་པ་ལས་འབྱུང་བར་འགྱུར་ཏེ་བདེ་བའི་གནས
་སྐབས་ལས་སོ། །ད་ནི་གཟུང་བ་དང་འཛིན་པའི་འབྲེལ་པ་གསུངས་ཏེ། འདིར་གཞན་གྱི་རིགས་པ་འཁྱུད་པས་བྱ་བ་འགྲུབ་པར་འགྱུར་ཏེ། རང་གི་རིགས་ལ་འཁྱུད་པ་ནི་བདག་ཉིད་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །
་དེའི་ཕྱིར་གཞན་གྱི་རིགས་ལ་འཁྱུད་པ་ནི་ལུས་བསྐྱེད་པའི་རྒྱུར་འགྱུར་རོ། །དེ་ནི་སྟོང་པ་ཞེས་པ་སྟོང་པའི་རིགས་ལས་བྱུང་བའི་རྣ་བའི་དབང་པོས་ནི་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་སྒྲ་འཛིན་པར་བྱེད་དོ། །ངེས་པར་རྒྱལ་བ་བསྐྱེད་མཛད་ཅེས་པ་ནི་གདོན
་མི་ཟ་བར་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་ཡིད་ཀྱི་དབང་པོས་ནམ་མཁའ་ཨི་ཁམས་ལས་བྱུང་བའི་ཡུལ་ཆོས་ཀྱི་ཁམས་འཛིན་པར་བྱེད་དོ། །རླུང་དག་ནི་ཞེས་པ་བསྐྱེད་པར་བྱ་བ་དང། སྐྱེད་པར་བྱེད་པར་དབྱེར་མེད་པ་ཉིད་ཀྱི་སྟེ། རླུང་ལས་བྱུང
་བའི་སྣའི་དབང་པོས་སའི་ཁམས་ལས་བྱུང་བའི་ཡུལ་དྲི་འཛིན་པར་བྱེད་དོ། །མེ་ཡང་ཞེས་པ་ནི་མེའི་ཁམས་ལས་བྱུང་བ་མིག་གི་དབང་པོས་ཆུའི་ཁམས་ལས་སྐྱེས་པའི་ཡུལ་གཟུགས་འཛིན་པར་བྱེད་དོ། །ཆུའི་ཁམས་ལས་བྱུང་བ་ལྕེའི་དབང་པོས
་མེའི་ཁམས་ལས་སྐྱེས་པའི་ཡུལ་རོ་འཛིན་པར་བྱེད་དོ། །འཛིན་མ་ཞེས་པ་སའི་ཁམས་ལས་བྱུང་བའི་ལུས་ཀྱི་དབང་པོས་རླུང་གི་ཁམས་ལས་བྱུང་པོའི་ཡུལ་རེག་བྱ་འཛིན་པར་བྱེད་དེ། ཡུལ་དང་ཡུལ་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་མཚན་ཉིད་ངེས
་པའོ། །འཇིག་རྟེན་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁམས་སོ་སོ་ལ་གྲུབ་པར་གསུངས་པ། གྲུབ་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཁམས་དང་ཕུང་པོ་རྣམས་གཅིག་ཉིད་དུ་གྲུབ་པར་གསུངས་སོ། །
་འདིར་གཟུགས་ནི་འཛིན་མ་ལ་གཙོ་བོས་གྲུབ་སྟེ། འདུ་ཤེས་ལ་སོགས་པ་རྣམས་ནི་ཕལ་པས་གྲུབ་པའོ། །སྲིད་པ་གསུམ་གྱི་གནས་སུ་སྟེ་ཁམས་གསུམ་གྱི་ཡུལ་དུ་ཡིན་གྱི། མྱ་ངན་ལས་འདས་པའི་ཆོས་ལ་ནི་མ་ཡིན་ནོ། །ཡང་ཡིག་ལས
་ཆུ་ལ་ནི་འདུ་ཤེས་གྲུབ་པར་འགྱུར་ཏེ། འདིར་འདུ་ཤེས་ཞེས་བྱ་བ་ནི་དབྱངས་ཀྱི་ཆོས་ཟླ་བ་དང་ཁུ་བ་དང་ཆུའི་རང་བཞིན་ཏེ། ཆུའི་རང་བཞིན་ཉིད་ཀྱི་ཕྱིར་ཆུ་ལ་འདུ་ཤེས་གྲུབ་པར་འགྱུར་རོ་ཞེས་པ་ནི་ངེས་པའོ། །མེ་ལ་ངོས་པ་ཉིད་དུ་ཚོར་བ་ཞེས་པ་ལ་འདིར
་མེའི་རང་བཞིན་ནི་ཉི་མ་དང་རྡུལ་དང་ཀཱ་ལི་སྟེ། ཉི་མ་དང་རྡུལ་དང་ཀཱ་ལིའི་རང་བཞིན་ནི་ཚོར་བའོ། །དེའི་ཕྱིར་མེ་ལ་ཚོར་བ་གཙོ་བོས་གྲུབ་པར་འགྱུར་ཏེ། ལྷག་མ་རྣམས་ནི་ཕེལ་པས་རབ་ཏུ་འགྱུར་རོ། །རླུང་ལ་འདུ་བྱེད་ཀྱི་ཕུང་པོ་གྲུབ་སྟེ། དེ་བཞིན་དུ་འདིར
་རླུང་གི་ལུས་དང་ངག་དང་སེམས་ཡང་དག་པར་གཡོ་བར་བྱེད་པ། འདུ་བྱེད་སྐྱེད་པར་བྱེད་པ་སྟེ། དེས་ན་རླུང་གི་རང་བཞིན་ནི་འདུ་བྱེད་དུ་གྲུབ་བོ། །དེ་བཞིན་དུ་རྣམ་ཤེས་ཡེ་ཤེས་བསྲེས་པ་སྟེ། ཡེ་ཤེས་དང་བཅས་པ་ནི་རིམ་པ་བཞིན་དུ་ནམ་མཁའ་དང་བཅས་རྡོ་རྗེ་དག་ལ
་སྟེ། ནམ་མཁའ་ལ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་རྣམ་པར་ཤེས་པ་གྲུབ་པོ། །རྡོ་རྗེ་སྟེ་ཡེ་ཤེས་ཀྱི་ཁམས་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་མཐར་བདེ་བའི་སྐད་ཅིག་གི་བདག་ཉིད་ཀྱི་ཡེ་ཤེས་གྲུབ་པོ། །འདིར་ཁམས་དྲུག་གི་བདག་ཉིད
་ཅན་སྐྱེས་པ་ཆེན་པོའི་གང་ཟག་གི་ལུས་ལ། ཅིའི་ཕྱིར་ཁམས་དང་ཕུང་པོ་ལ་སོགས་པ་ཐམས་ཅད་དུ་འགྱུར་ཞེ་ན་གསུངས་པ། རྡུལ་དང་བྱང་ཆུབ་སེམས་སོགས་སྦྱོར་བས་སོ། །འདིར་ལུས་ལ་ཁམས་དང་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་ཐམས་ཅད་ནི་རྡུལ
་དང་ལུང་དང་ཀུན་གཞི་རྣམ་པར་ཤེས་པའི་བདེ་བའི་སྐད་ཅིག་གི་གནས་སྐབས་སྦྱོར་བ་ལས་འགྱུར་རོ། །རྣ་བ་ལ་སོགས་པའི་འཛིན་པ་རྣམས་སྒྲ་ལ་སོགས་པའི་ཡུལ་འཛིན་པར་བྱེད་པ་ཉིད་ཀྱི་དེའི་རང་བཞིན་ཉིད་དུ་གསུངས་པ། རྣ་བ་ཞེས་པ་ལ་སོགས་པ
་སྟེ། འདིར་ལུས་ཀྱི་ཆོས་ལ་རྣ་བ་ནི་སྟོང་པའི་མཚན་ཉིད་འཛིན་པར་བྱེད་པ་ཉིད་ཀྱི་གཟུང་བའི་ཡུལ་འཛིན་པས་ནི་རྡོ་རྗེའི་རང་བཞིན་ཏེ་སྒྲ་ཡི་རང་བཞིན་ནོ། །འདིར་འཛིན་པའི་ཆོས་ནི་ལུས་ཀྱི་དབྱེ་བས་གསུངས་ཏེ། གཟུང་བའི་ཆོས་ནི་བསམ་པའི་དབྱེ་བས་སོ།།
་དེའི་ཕྱིར་གཟུང་བར་བྱ་བའི་རང་བཞིན་གྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་རང་བཞིན་རྣམ་པར་ཤེས་པར་བྱའོ། །མིའི་བདག་པོ་ཞེས་པ་ནི་བོད་པའོ། །སེམས་ཏེ་ཡིད་ནི་ནམ་མཁའ་དག་གི་རང་བཞིན་ཞེས་པ་ཆོས་ཀྱི་ཁམས་ཀྱི་རང་བཞིན་དེ་ཡུལ་ཆོས་ཀྱི
་ཁམས་འཛིན་པ་ཉིད་ཀྱི་ཕྱིར་རོ། །སྣ་ནི་སའི་རང་བཞིན་ཞེས་པ་དྲིའི་རང་བཞིན་ཏེ་དྲི་འཛིན་པའི་ཕྱིར་རོ། །དེ་བཞིན་ཁོ་ན་ལྕེ་ནི་མེའི་རང་བཞིན་ཉིད་དུ་འགྱུར། སྔ་མ་བཞིན་དུ་མེ་ལ་སྐྱེས་པ་རོའི་རང་བཞིན་ཏེ་རོ་འཛིན་པ་ཉིད་ཀྱི་ཕྱིར་རོ། །མིག་ནི་ཆུའི་རང་བཞིན
་དག་སྟེ་ཆུ་ལས་སྐྱེས་པའི་གཟུགས་འཛིན་པའི་ཕྱིར་རོ། །སྲིད་པ་གསུམ་གྱི་གནས་སུ་སྟེ་མྱ་ངན་ལས་འདས་པ་ལ་ནི་མ་ཡིན་ནོ། །ལུས་ཀྱང་རླུང་གི་རང་བཞིན་ནོ་ཞེས་པའི་ལུས་ཀྱི་དབང་པོས་ཡུལ་རེག་བྱ་རླུང་ལས་སྐྱེས་པ་འཛིན་པའི་ཕྱིར་རོ།།
་དེ་ལྟར་བརྗོད་པའི་རིམ་པས་རྣ་བ་ལ་སོགས་ཐམས་ཅད་འགྱུར་ཏེ། ཡོན་ཏན་དབང་གིས་ཞེས་པ་ནི་སྒྲ་དང་ཆོས་ཀྱི་ཁམས་དང་དྲི་དང་རོ་དང་གཟུགས་དང་རེག་བྱའི་དབང་གིས་སོ། །རྣ་བ་དང་ཡིད་དང་སྣ་དང་ལྕེ་དང་མིག་དང་ལུས་ཏེ་དབང་པོའི་དྲུག་གི་ཁམས་འདི
་དག་ནི་ཡེ་ཤེས་རྣམ་ཤེས་སྦྱོར་བ་ལས་ཤེས་པར་བྱའོ། །ཁམས་དྲུག་གིས་དབང་གིས་སེར་སྣ་ལ་སོགས་པ་སེམས་ཀྱི་རྣམ་པར་འགྱུར་བ་དྲུག་གསུངས་པ་སེར་སྣ་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་ལ་སེམས་ཀྱི་སེར་སྣ་ནི་ཡེ་ཤེས་ཁམས་ལ
་ཞེས་པ་ལྔ་པའི་དོན་ལ་བདུན་པ་སྟེ། ཡེ་ཤེས་ཀྱི་ཁམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་སེར་སྣའི་སེམས་སོ་ཞེས་པའི་དོན་ཏོ། །ནམ་མཁའ་ལ་ནི་ཞེ་སྡང་རྡོ་རྗེའོ་ཞེས་པ་ནི་ནམ་མཁའ་ཨི་ཁམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་ཞེ་སྡང་གི་སེམས་སོ།།
་དེ་བཞིན་དུ་རླུང་གི་ཁམས་ཀྱིས་དབང་གིས་ཕྲག་དོག་གིས་སེམས་སོ། །མེའི་ཁམས་ཀྱི་དབང་གིས་ཆགས་པའི་སེམས་ཏེ། དེ་ཉིད་ཐུབ་པས་རབ་ཏུ་གསལ་བར་མཛད་དོ། །དེ་བཞིན་ཉིད་དུ་ཆུའི་ཁམས་ཀྱི་དབང་གིས་ང་རྒྱལ་གྱི་སེམས་སོ། །སའི་ཁམས
་ཀྱིས་དབང་གིས་གཏི་མུག་གི་སེམས་ཏེ། རང་བཞིན་ནི་ཡེ་ཤེས་ལ་སོགས་པའི་ཁམས་ཀྱི་ཆོས་སོ། །དེའི་ཡོན་ཏན་ནི་རང་བཞིན་རྣམས་ཏེ། དེའི་རང་བཞིན་གྱིས་དབང་གིས་འཁོར་བ་པ་རྣམས་ཀྱི་སེམས་ལ་སེར་སྣ་ལ་སོགས་པར་འགྱུར་རོ། །ཁམས
་ཀྱི་དབང་གིས་ལས་ཀྱི་དབང་པོ་རྣམས་གསུངས་པ། དག་ཅེས་པ་ལ་སོགས་པ་སྟེ། འདིར་དག་གི་དབང་པོ་ནི་རླུང་གི་ཁམས་ལས་འགྱུར་རོ། །ལག་པའི་དབང་པོ་ནི་མེའི་ཁམས་ལས་སོ། །རྐང་པའི་དབང་པོ་ནི་ཆུ་ཡི་ཁམས་ལས་སོ། །བཤང་ལམ
་གྱི་དབང་པོ་ནི་སའི་ཁམས་ལས་སོ། །མ་བརྗོད་པ་ཉིད་ལས་གསང་བའི་དབང་པོ་ནི་ནམ་མཁའ་ཨི་ཁམས་ལས་སོ། །ལོ་བཅུ་དྲུག་གི་མཐར་མཆོག་གི་དབང་པོ་ནི་ཡེ་ཤེས་ཀྱི་ཁམས་ལས་འགྱུར་རོ་ཞེས་པ་ནི་ལས་ཀྱི་དབང་པོ་དྲུག་གི་ངེས་པའོ། །ཐུར་སེལ་ཞེས་པ་ལ་སོགས
་པ་ཁམས་དྲུག་ལས་ཐུར་སེལ་ལ་སོགས་པའི་རླུང་རྣམས་གསུངས་ཏེ། འདིར་ལུས་ལ་ཐུར་སེལ་གྱི་རླུང་ནི་ཡེ་ཤེས་ཀྱི་ཁམས་ལ་འགྱུར་རོ། །འདིར་ཡང་ལྔ་པའི་དོན་ལ་བདུན་པའོ། །དེ་ཡང་བཤད་པ་དང་གཅིག་དང་ཁུ་བ་འདྲེན་པར་བྱེད་པ་ལས་རྣམ་གསུམ་ཞེས
་པར་འགྱུར་རོ། །སྲོག་གི་རླུང་ནི་སྟོང་པ་ལ་སྟེ་ནམ་མཁའ་ཨི་ཁམས་ལས་སོ། །ཡང་ཡིག་གིས་དེ་ཡང་རྣམ་པ་གསུམ་སྟེ་གཡོན་དང་གཡས་དང་དབུ་མའི་རྩར་རབ་ཏུ་འབབ་པ་ལས་སོ། །རླུང་གི་དབུས་སུ་སྟེ་རླུང་གི་ཁམས་ཀྱི་རང་བཞིན་ལ་མཉམ་གནས་སུ་འགྱུར་རོ།
་རྩེ་མོ་ཅན་ཏེ་མེའི་ཁམས་ལ་སླར་ཡང་གྱེན་རྒྱུའོ། །ཆུ་ལ་སྟེ་ཆུའི་ཁམས་ལ་ཁྱབ་བྱེད་དོ། །ས་ལ་ཞེས་པ་སའི་ཁམས་ལ་ཀླུའོ། །དེ་ནས་ཏེ་དེ་མ་ཐག་ཏུ། རུས་སྦལ་ལ་སོགས་པ་བཞི་པོ་རྣམས་ཏེ། རླུང་གི་ཁམས་ལས་རུས་སྦལ་དུ་འགྱུར་རོ། །མེའི
་ཁམས་ལས་རྩངས་པའོ། །ཆུའི་ཁམས་ལས་ལྷ་སྦྱིན་ནོ། །སའི་ཁམས་ལས་ནོར་ལས་རྒྱལ་བའོ། །ལོ་བཅུ་དྲུག་གི་མཐར་ནམ་མཁའ་ཨི་ཁམས་ལས་དགའ་བའི་རླུང་ངོ། །ཡེ་ཤེས་ཀྱི་ཁམས་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་ངོ། །གཙུག་ཏོར་ཞེས་པ
་ལ་སོགས་པས་ཁམས་ཀྱི་དབང་གིས་ལུས་ཀྱི་ལག་པ་ལ་སོགས་པའི་ཚིགས་ལ་འཁོར་ལོ་ལ་སོགས་པ་རྣམས་གསུངས་ཏེ། འདིར་ནམ་མཁའ་ཨི་ཁམས་ལས་གཙུག་ཏོར་གྱི་པདྨ་འམ་འཁོར་ལོར་འགྱུར་ཏེ། འདབ་མའི་གྲངས་ནི་འཆད་པར་འགྱུར་པ་ལས་བརྗོད
་པར་བྱའོ། །ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཀྱི་ཁམས་ལས་ཀྱང་གསང་བར་འགྱུར་ཏེ། གསང་བའི་པདྨའོ། ཞེས་པའི་དོན་ཏོ། །སྙིང་གི་པདྨ་རླུང་གི་ཁམས་ལས་འགྱུར་རོ། །རབ་གསལ་རྩེ་མོ་ཅན་ལས་མགྲིན་པའི་འཁོར་ལོར་འགྱུར་རོ། །གསལ་བར་ནི་ངེས་པའོ། །ཆུའི
་ཁམས་ལས་སྨིན་མའི་ནང་གི་པདྨའོ། །ནོར་ནི་ནོར་ཏེ་དྲུག་ཅུ་རྩ་བཞིའི་འདབ་ལྡན་ལྟེ་བའི་པདྨ་ནི་སའི་ཁམས་ལས་འགྱུར་རོ། །ཚིགས་དྲུག་ཅེས་པ་ནི་མང་པོའི་ཚིག་ལ་གཅིག་གིས་ཚིག་གོ་།རྐང་པ་ལག་པ་དག་གི་སྟེ། རྐང་པ་གཡོན
་པའི་གསུམ་ནི་སའི་ཁམས་ཀྱི་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་རྣམས་ཀྱི་དབྱེ་བ་ལས་འགྱུར་ཏེ། མ་ཧི་ཞེས་པ་ཐུང་ངུ་ནི་སའི་རྣམ་གྲངས་སོ། །རྐང་པ་གཡས་པའི་གསུམ་ནི་ཆུའི་ཁམས་ཀྱི་ཡོན་ཏན་གསུམ་གྱི་དབྱེ་བ་ལས་སོ། །ལག་པ་གཡོན
་པའི་གསུམ་ནི་མེའི་ཡོན་ཏན་གསུམ་གྱི་དབྱེ་བ་ལས་སོ། །ལག་པ་གཡས་པ་གསུམ་ནི་རླུང་གི་ཡོན་ཏན་གསུམ་གྱི་དབྱེ་བ་ལས་ཏེ། རླུང་རྣམས་དག་ལ་གསུམ་གྱི་གྲངས་ཞེས་སོ། །འཁོར་ལོ་བཅུ་གཉིས་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །
་འཁོར་ལོ་བཅོ་བརྒྱད་ཀྱིས་ངེས་པའོ། །ད་ནི་ས་ཞེས་པ་ལ་སོགས་ཁམས་ཀྱི་དབང་གི་སོར་མོ་འབྱུང་བ་གསུངས་ཏེ། འདིར་ལག་པ་དང་རྐང་པ་དག་གི་མཐེ་བོ་ལ་སོགས་པ་མཐེའུ་ཆུང་གི་མཐར་ཐུག་པ་རྣམས་གཡོན་པ་དང་གཡས་པ་ལ་ཡང་ཁམས
་ལྔ་ཡོན་ཏན་གསུམ་གྱི་རང་བཞིན་གྱིས་ཚིགས་གསུམ་གྱི་བདག་ཉིད་དེ། །དེ་ལ་སའི་ཁམས་ཀྱི་དབང་གིས་མཐེ་བོང་དུ་འགྱུར་ཏེ། སའི་ཁམས་ཀྱི་ཡོན་ཏན་གསུམ་གྱི་དབང་གིས་མཐེ་བོང་གི་ཚིགས་གསུམ་མོ། །དེ་བཞིན་དུ་ཆུའི་ཁམས་ཀྱི་རང
་བཞིན་གྱི་མཛུབ་མོའོ། །དེ་བཞིན་དུ་མེའི་ཁམས་ཀྱི་རང་བཞིན་གྱི་གུང་མོའོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་རང་བཞིན་གྱིས་མིང་མེད་དོ། །ནམ་མཁའ་ཨི་ཁམས་ཀྱི་རང་བཞིན་གྱིས་མཐེའུ་ཆུང་ངོ། །ལག་པ་གཡོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་པ་ལ་ཡང་ངོ།།
་དེ་བཞིན་དུ་རྐང་པ་དག་ལ་ཡང་ཤེས་པར་བྱའོ། །ལག་པ་གཉིས་དང་རྐང་པ་གཉིས་ལ་བཅུ་ནི་གསུམ་གྱིས་བསྒྱུར་བ་སྟེ་སུམ་ཅུའི་ཚིགས་ཀྱི་གཟུགས་དང་ལྡན་པ་མཛའ་དག་སྟེ། དེ་དག་ཐམས་ཅད་སེན་མོའི་མཐར་ཐུག་ཡང་དག་གཟུང་བའོ། །སོ་རྣམས
་གསུངས་ཏེ། འདིར་གལ་ཏེ་དང་པོར་བྱིས་པ་ལ་སྟེང་དུ་སོ་གཉིས་སུ་གྱུར་ན། དེའི་ཚེ་སོ་གཡས་པ་སའི་རང་བཞིན་ཏེ། གཡོན་པ་ཆུའི་རང་བཞིན་ནོ། །དེ་ནས་འོག་ཏུ་གྱུར་པ་ན་དེའི་ཚེ་གཡས་པ་མེའི་རང་བཞིན་དང་གཡོན་པ་རླུང་གི་རང་བཞིན་ནོ། །དེ་བཞིན་དུ
་སླར་ཡང་སྟེང་དུ་མེ་དང་རླུང་གི་རང་བཞིན་དག་གོ་།འོག་ཏུ་ས་དང་ཆུའི་རང་བཞིན་དག་གོ་།སླར་ཡང་འོག་ཏུ་རླུང་དང་མེའི་རང་བཞིན་དག་གོ་།སླར་ཡང་སྟེང་དགུ་དང་ཆུའི་རང་བཞིན་དག་སྟེ། དེ་ལྟར་ལུགས་དང་མཐུན་པ་དང་ལུགས་ལས་ཟློག་པས་སྟེང་དང། འོག་ཏུ་ཁམས
་བཞིའི་རང་བཞིན་གྱིས་སོ་སུམ་ཅུ་རྩ་གཉིས་པོ་དག་རིག་པར་བྱའོ། །གང་གི་ཚེ་འཁྱོགས་པོའི་ཆེ་བ་ཡིན་པ་དེའི་ཚེ་ནམ་མཁའ་ཨི་ཁམས་སོ། །དེ་བཞིན་དུ་སྤུ་དང་སྐྲ་རྣམས་ཁམས་ཀྱི་དབྱེ་བས་ཤེས་པར་བྱ་བ་དག་ནི་གཞན་གང་སྤུའི་མཐར་ནི་ལུག་མཆོག་ལ་འགྱུར་དེ
་དང་དེ་ནི་དེ་བཞིན་དུ་ཡང་ཁམས་ལྔ་ལས་རིག་པར་བྱ་སྟེ། ལུས་ཀྱི་དབེན་པ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་གྱི་དབྱེ་བ་ཇི་སྙེད་པ་ཁམས་ཀྱི་རྣམ་པར་འགྱུར་བ་སྟེ། རྡུལ་དང་ཁུ་བའི་དབང་གིས་ཁམས་ཀྱི་རྣམ་པར་འགྱུར་བའོ། །ཀུན་འབྱུང་གི་བདེན
་པ་ནི་ལུས་ཀྱི་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། ལུས་དང་ངག་དང་སེམས་འབྱུང་བ
་དང། སྡུག་བསྔལ་དང་ལམ་དང་ཀུན་འབྱུང་དང་འགོག་པའི་བདེན་པ་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། །།ད་ནི་གསང་བ་ཞེས་པ་ལ་སོགས་པས་བརྟེན་དང་བརྟེན་པའི་ཚོགས་པ་གསུངས་ཏེ། འདིར་ལུས་ལ
་འཁོར་ལོ་དྲུག་ནི་རྟེན་དུ་གྱུར་པ་སྟེ། སྐུ་བཞི་ནི་རྟེན་པའོ། །དེ་དག་ལས་ལྷན་སྐྱེས་པའི་སྐུ་ནི་པདྨ་གསུམ་ལ་རང་བཞིན་དང་རང་བཞིན་མེད་པའི་དབྱེ་བས་སོ། །དེའི་ཕྱིར་གསང་བའི་པདྨ་དང། གཙུག་ཏོར་གྱི་པདྨ་དང། ལྟེ་བའི་པདྨ་ལ་རྣམ་པར་དག་པའི་སྐུ་ལྷག
་པའི་ལྷ་སྟེ། རང་བཞིན་མེད་པ་མ་བརྟགས་པ་དང། རང་བཞིན་པྲ་ཕབ་པ་ལྟ་བུའོ། །སྙིང་གར་ནི་ཆོས་ཀྱི་སྐུའོ། །མགྲིན་པའི་ཆུ་སྐྱེས་ལ་ཡང་སྐུའི་དབྱེ་བས་ལོངས་སྤྱོད་རྫོགས་པའི་སྐུ་ལྷག་པའི་ལྷའོ། །ཐིག་ལེ་ལ་ཞེས་པ
་སྤྱི་བོའི་ཆུ་སྐྱེས་དག་པའི་འཁོར་ལོ་ལ་སྤྲུལ་པའི་སྐུ་ལྷག་པའི་ལྷའོ། །སྐུའི་དབྱེ་བས་ལྟེ་བ་སྤྲུལ་པའི་འཁོར་ལོ་སྤྲུལ་པའི་སྐུ་ལྷག་པའི་ལྷའོ་ཞེས་པ་ནི་སྐུའི་དབྱེ་བའི་པའོ། །ཡོན་ཏན་དབང་གིས་ཞེས་པ་ནི་འཁོར་ལོ་རྣམས་ཀྱི་ཡོན་ཏན་ཏེ། ལྷན་ཅིག་སྐྱེས་པའི
་སྐུའི་རྟེན་གྱི་ཡོན་ཏན་ཡེ་ཤེས་དང་ནམ་མཁའ་དང་སའོ། །ཆོས་ཀྱི་སྐུའི་རྟེན་གྱི་ཡོན་ཏན་རླུང་ལའོ། །ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་གྱི་ཡོན་ཏན་མེའོ། །སྤྲུལ་པའི་སྐུའི་རྟེན་གྱི་ཡོན་ཏན་ཆུ་སྟེ་རྟེན་དང་བརྟེན་པའི་དངོས་པོའོ། །བརྗོད་པའི་རིམ་པས
་སྙིང་གའི་འཁོར་ལོ་མགྲིན་པའི་འཁོར་ལོ་སྤྱི་བོའི་པདྨ་ཚོས་དང་ལོངས་སྤྱོད་རྫོགས་དང་དག་པའོ་ཞེས་སོ་ལྟེ་བ་ཞེས་པ་ལ་སོགས་པས་ལུས་ཀྱི་རྟེན་གྱི་དབྱེ་བས་རིགས་དྲུག་གསུངས་ཏེ། འདིར་ལུས་ཀྱི་འཁོར་ལོ་དྲུག་ལ་ཁམས་དྲུག་གི་དབང
་གིས་རིགས་དྲུག་ཏུ་འགྱུར་ཏེ། གྲངས་བཞིན་དུ་ཡུམ་གྱི་རིགས་གསུམ་སྟེ། གཙོ་བོ་ཞེས་པ་ཡབ་ཀྱི་རིགས་ཀྱང་ངོ། །ལྟེ་བར་སའི་འཁོར་ལོ་ལ་འཁོར་ལོའི་རིགས་སུ་འགྱུར་རོ། །མགྲིན་པར་མེའི་པདྨ་ལ་རིན་ཆེན་གྱི་རིགས་སུ་འགྱུར་རོ། །གསང་བར་ཡེ
་ཤེས་ཀྱི་པདྨ་གྲི་གུག་གི་རིགས་སུ་འགྱུར་ཏེ། གྲངས་བཞིན་དུ་ཡུམ་གྱི་སྐུ་དང་གསུང་དང་ཐུགས་སོ། །དེ་བཞིན་དུ་སྤྱི་བོར་ཆུའི་པདྨའི་རིགས་སུ་འགྱུར་རོ། །སྙིང་གར་རླུང་གི་པདྨ་ལ་རལ་གྲིའི་རིགས་སུ་འགྱུར་རོ། །དེ་བཞིན་དུ་གཙུག་ཏོར་དབུས་སུ་ནམ་མཁའ་ཨི
་ཁམས་ཀྱི་པདྨ་ལ་རྡོ་རྗེའི་རིགས་སུ་འགྱུར་ཏེ། གཙོ་བོའི་སྐུ་དང་གསུང་དང་ཐུགས་སོ། །རིམ་པ་བཞིན་རྡུལ་དང་ཁུ་བ་དག་གི་རིགས་སུ་འགྱུར་ཏེ། ས་ལ་སོགས་པའི་ཁམས་ལས་སྐྱེས་པའི་རྣམ་པར་འགྱུར་བ་རྣམས་ཀྱི་གོ་རིམས་ཇི་ལྟ་བས་སོ། །དེ
་དག་ཅེས་པ་ལ་སོགས་པས་དེ་དག་ཉིད་རླུང་དང་རྩའི་དབྱེ་བས་གསུངས་ཏེ། འདིར་སྲོག་དང་ཐུར་སེལ་གྱི་རྩ་གསུམ་གྱི་དབྱེ་བས་རྩ་གསུམ་གྱི་མིང་གི་མཚན་ཉིད་དུ་འགྱུར་རོ། །ཐུར་སེལ་གྱི་བཤད་པའི་རྩ་ནི་འཁོར་ལོའི་རིགས་སོ། །སྲོག་གི་ཉི་མའི་རྩ་ནི་རིན་ཆེན་གྱི
་རིགས་སོ། །ཐུར་སེལ་གྱི་ཁུ་བའི་རྩ་ནི་གྲི་ཕུག་གི་རིགས་སོ་ཞེས་པ་ནི། ཡུལ་གྱི་རིགས་གསུམ་སྟེ་སྐུ་དང་གསུང་དང་ཐུགས་སོ། །དེ་བཞིན་དུ་སྲོག་གི་ཟླ་བའི་རྩ་ནི་པདྨའི་རིགས་སོ། །ཐུར་སེལ་གྱི་གཅི་བའི་རྩ་ནི་རལ་གྲིའི་རིགས་སོ། །སྲོག་གི་དབུ་མའི་སྒྲ་གཅན་གྱི་རྩ་ནི
་རྡོ་རྗེའི་རིགས་ཏེ་གཙོ་བོའི་སྐུ་དང་གསུང་དང་ཐུགས་སོ། ཞེས་པ་ནི་རིགས་དྲུག་གི་ངེས་པའོ། །ལུས་ཞེས་པ་ལ་སོགས་པས་ལུས་དང་བསམ་པ་རབ་ཏུ་འཇུག་པ་དང་ཁམས་ཀྱི་ཁ་དོག་གསུངས་ཏེ། །འདིར་ལུས་ལ་ཁམས་རྣམས
་ཕན་ཚུན་གཟུང་བ་དང་འཛིན་པའི་དབྱེ་བར་འགྱུར་རོ། །དེ་ལ་ཚོགས་པའི་དབང་གིས་འཛིན་པའི་ཁམས་གང་ཡིན་པ་དེ་ནི་ལུས་ཀྱི་མིང་དུ་འགྱུར་རོ། །ཚོགས་པའི་དབང་གིས་བཟུང་བ་གང་ཡིན་པ་དེ་ནི་ཁམས་པའི་མིང་དུ་འགྱུར་རོ། །གཟུང་བ་དང་འཛིན་པ་དག
་གཅིག་པ་ཉིད་ནི་ཕན་ཚུན་རོ་མཉམ་པ་ཉིད་དོ། །དེའི་ཕྱིར་ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་ཨི་བཞིན་དུ་རོ་མཉམ་བསམ་པའི་དབུས་སུ་ལུས་ངག་ཀྱང། རྣལ་འབྱོར་ལྡན་པས་ཤེས་བྱ་རང་བཞིན་ཡོན་ཏན་དབང་གི་ཁམས་ཀྱི་ཁ་དོག་ལ་སོགས་པ་དབྱེ
་བ་སྟེ་ཞེས་སོ། །འདིར་ལུས་ཀྱི་དབང་པོ་ལ་སོགས་པ་རྣམས་དང་དྲི་ལ་སོགས་པའི་ཡུལ་རྣམས་ཀྱི་རང་བཞིན་ནི་ས་ལ་སོགས་པ་ཁམས་རྣམས་ཁ་དོག་བཞིར་འགྱུར་རོ། །འདིར་ལུས་ཀྱི་དབྱེ་བས་ལུས་ཀྱི་དབང་པོ་དང། ཡུལ་དྲི་དང་བཤང་ལམ་གྱི་དབང་པོ་དང
་བརྗོད་པ་རྣམས་སའི་ལུས་ཀྱི་རང་བཞིན་གྱི་ཁ་དོག་སེར་པོ་དང། བསམ་པའི་དབང་གིས་རླུང་གི་རང་བཞིན་ལས་ཁ་དོག་ནག་པོའོ། །དེ་བཞིན་དུ་སྣའི་དབང་པོ་དང། རེག་དང་དག་གི་དབང་པོ་དང་བཤད་པ་འཛག་པ་རྣམས་ལུས་ཀྱི་དབྱེ་བས་རླུང་གི་རང་བཞིན་ཁ
་དོག་ནག་པོ་དང། སའི་བསམ་པའི་དབྱེ་བས་སེར་པོའོ། །མིག་གི་དབང་པོ་དང་རོ་དང་ལག་པའི་དབང་པོ་དང་འགྲོ་བ་རྣམས་ལུས་ཀྱི་དབང་གི་མེའི་རང་བཞིན་ཁ་དོག་དམར་པོར་འགྱུར་ཞིང་བསམ་པའི་དབང་གིས་ཆུའི་རང་བཞིན
་དཀར་པོར་འགྱུར་རོ། །དེ་བཞིན་དུ་ལྕེའི་དབང་པོ་དང་ཁ་དོག་གི་གཟུགས་དང། རྐང་པའི་དབང་པོ་དང། ལེན་པ་རྣམས་དང། ལུས་ཀྱི་དབྱེ་བས་ཆུའི་རང་བཞིན་ཁ་དོག་དཀར་པོར་འགྱུར་ཞིང། བསམ་པའི་དབང་གིས་མེའི་རང་བཞིན་ཁ་དོག་དམར
་པོར་འགྱུར་རོ། །ས་རླུང་མེ་དང་ཆུ་ལའོ། ཞེས་པ་སྟེ་སའི་རང་བཞིན་དང་རླུང་གི་རང་བཞིན་དང་མེའི་རང་བཞིན་དང་ཆུའི་རང་བཞིན་ལ་ཁ་དོག་རིག་པར་བྱའོ། དེ་བཞིན་དུ་རྣ་བའི་དབང་པོ་དང་ཡུལ་ཆོས་ཀྱི་དབྱིངས་དང་བྷ་གའི་དབང་པོ་དང་ཁུ་བ་འཕོ་བ་སྟེ། འདི་དག
་ནི་ལུས་ཀྱི་དབྱེ་བས་ནམ་མཁའ་ཨི་རང་བཞིན་ཁ་དོག་ལྗང་ཁུ་དང། བསམ་པའི་དབྱེ་བས་ཡེ་ཤེས་ཀྱི་རང་བཞིན་སྔོན་པོའོ། །དེ་བཞིན་དུ་ཡིད་ཀྱི་དབང་པོ་དང་སྒྲ་དང་མཆོག་གི་དབང་པོ་དང་གཅི་བ་འཛག་པ་སྟེ། འདི་དག་ནི་ལུས་ཀྱི་དབྱེ་བས་ཡེ
་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་དང། བསམ་པའི་དབྱེ་བས་ནམ་མཁའ་ཨི་རང་བཞིན་ལྗང་གུའོ། །དེའི་ཕྱིར་ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་པོ་ལྗང་གུར་འགྱུར་ཏེ། ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ་ཞེས་སོ། །ལུས་དང་བསམ
་པའི་རང་བཞིན་ངེས་པའོ། །རུས་པ་དང་ཤ་ལ་སོགས་པའི་ཁམས་རྣམས་ཤེས་རབ་ཐབས་ཀྱི་འཁྱུང་པ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། འདིར་ལུས་ལ་རུས་པའི་ཁམས་ནི་ཤེས་རབ་སྟེ། ཤའི་ཁམས་ནི་ཐབས་སོ། །ས་དང་འདུ་བྱེད
་དག་དེ་དག་ནི་ཕན་ཚུན་ཡང་དག་པར་ལྡན་པ་སྟེ། སྲ་བ་ཉིད་གང་ཡིན་པ་དེ་ནི་སའི་ཁམས་སོ་ཞེས་པའི་ཤེས་པར་བྱེད་པ་ལས་རུས་པ་དང་ཤ་ནི་ཤེས་རབ་དང་ཐབས་སོ། །དེ་བཞིན་དུ་ཤེས་རབ་དང་ཐབས་ནི་ཆུ་དང་བཅས་པའི་ཁྲག་སྟེ། ཆུའི
་ཁམས་དང་ལྷན་ཅིག་ཏུ་ཚོར་བའི་ཕུང་པོའོ། །དེ་བཞིན་དུ་མེ་དག་དང་ཞེས་པ་ཚ་བ་ཉིད་དང་བཅི་བ་ཞེས་པ་ནི་འདུ་ཤེས་ཏེ། འདི་དག་ནི་ཤེས་རབ་དང་ཐབས་སོ། །ཁུ་བའི་ཁམས་འདུ་ཤེས་ཀྱི་ཕུང་པོ་མ་ཡིན་ནམ། ཇི་ལྟར་གཅི་བ་ཞེས་བརྗོད་ཅེ་ན། འདིར་ལུས
་ལ་འདུ་ཤེས་གང་ཡིན་པ་དེ་ནི་བྱིས་པ་སྐྱེས་པ་ཙམ་གྱིས་ཏེ། གཅི་བ་འཛག་པ་ལས་སོ། །བདེ་བ་ཆེན་པོ་ཡེ་ཤེས་གང་ཡིན་པ་དེ་ནི་ལོ་བཅུ་དྲུག་གི་མཚམས་སུ་འགྱུར་ཏེ་ས་བོན་འཕོ་བའི་ཆོས་ལས་སོ། །དེའི་ཕྱིར་གཅི་བ་ནི་འདུ་ཤེས་ཀྱི་ཆོས་དང། ཁུ
་བ་ནི་ཡེ་ཤེས་ཀྱི་ཆོས་སོ་ཞེས་པའི་ཁྱད་པར་ལས་གཅི་བ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེ་བཞིན་དུ་རླུང་དང་བཤང་བ་ཤེས་རབ་དང་ཐབས་ཏེ་རླུང་གི་ཁམས་དང་གཟུགས་ཀྱི་ཕུང་པོའོ། །སྟོང་པ་ཞེས་པ་རྡུལ་གྱི་ཁམས་དང་ཁུ་བ་ཞེས་པ་རྣམས་པར་ཤེས་པའི
་ཁམས་ནི་ཤེས་རབ་དང་ཐབས་ཏེ། མཆོག་གི་ལུས་ལ་དཔལ་ལྡན་དུལ་དང་བྱང་ཆུབ་ཀྱི་སེམས་ཉིད་དག་ཏུ་འགྱུར་རོ། །དེ་བཞིན་དུ་རྣ་བ་སྒྲ་སོགས་གཞན་རྣམས་ཤེས་པ་ནི། སྒྲ་ནི་ཤེས་རབ་པོ། །རྣ་བ་ནི་ཐབས་སོ། །དྲི་ནི་ཤེས་རབ་བོ། །སྣ་ནི་ཐབས་སོ།།
་གཟུགས་ནི་ཤེས་རབ་བོ། །མིག་ནི་ཐབས་སོ། །རོ་ནི་ཤེས་རབ་བོ། །ལྕེ་ནི་ཐབས་སོ། །རེག་བྱ་ནི་ཤེས་རབ་བོ། །ལུས་ནི་ཐབས་སོ། །ཆོས་ཀྱི་དབྱིངས་ནི་ཤེས་རབ་བོ། །ཡིད་ནི་ཐབས་སོ། །བཤང་བ་འཛག་པ་ནི་ཤེས་རབ་བོ། །བཤང་ལམ་ནི་ཐབས་སོ། །
་འགྲོ་བ་ནི་ཤེས་རབ་བོ། །རྐང་པ་ནི་ཐབས་སོ། །ལེན་པ་ནི་ཤེས་རབ་བོ། །ལག་པ་ནི་ཐབས་སོ། །བརྗོད་པ་ནི་ཤེས་རབ་བོ། །ངག་གི་དབང་པོ་ནི་ཐབས་སོ། །གཅི་བའི་བྱ་བ་ནི་ཤེས་རབ་བོ། །བྷ་ག་འམ་རྟགས་ནི་ཐབས་སོ། །ཁུ་བ་འཛག་པ་ནི་ཤེས་རབ་བོ། །དུང
་ཅན་མའི་དབང་པོའི་ཐབས་སོ། །རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ངག་གི་རང་བཞིན་ལ་སོགས་ཀྱང་ཞེས་པ་ནི་ལས་ཀྱི་དབང་པོ་ལ་སོགས་པའོ། །དེ་ལྟར་བརྗོད་པའི་རིམ་པས་ལྷ་མོ་ས་ལ་སོགས་པ་རྣམས་སངས་རྒྱས་དང་བཅས་ཏེ། རྣམ་པར་སྣང་མཛད
་ལ་སོགས་པ་དང་ལྷན་ཅིག་པའི་ཡུལ་དང་ཡུལ་ཅན་ནི་འཆད་པར་འགྱུར་བའི་དཀྱིལ་འཁོར་དག་ལས་བརྗོད་པར་བྱའོ། །ཕན་ཚུན་ཤེས་རབ་དང་ཐབས་ཀྱིས་འཁྱུད་པའི་ཆོ་གའི་ངེས་པའོ། །ད་ནི་རྩ་རྣམས་ཞེས་པ་ལ་སོགས་པ་ཟླ་བ་དང
་ཉི་མ་ཁུ་བ་དང་རྡུལ་གྱི་བྱ་བ་གསུངས་ཏེ། འདིར་ལུས་ལ་མངལ་གྱི་ཟླ་བ་གཅིག་གིས་རྗེས་ལ་ཉིན་ཞག་སོ་སོ་རྩ་བརྒྱ་ཕྲག་གཉིས་སུ་འགྱུར་ཏེ། ཟླ་བའི་ནང་དུ་ཉིན་ཞག་སུམ་ཅུས་སྟོང་ཕྲག་དྲུག་གི་གྲངས་སུ་འགྱུར་རོ། །ཟླ་བ་བཅུ་གཉིས་ཀྱིས་མཚམས་སུ
་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྣམས་ཀྱིས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་ཏེ། རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་སྟེ། བཅུ་གཉིས་ཀྱི་བསྒྱུར་བའོ། །མངལ་གྱི་དབུས་དག་ཏུ་ཡང་འཕེལ་བ་ནི་བྱས་ནས་ཡང་ཡིག་གིས་ཕྱི་རོལ
་ཏུ་ཡང་སྟེ་ཟླ་བ་བཅུ་གཉིས་ཀྱི་མཛའ་ཨི་བར་དུའོ། །མངལ་བཟུང་བའི་ཟླ་གཅིག་པོར་ནས་ལོ་རྫོགས་པར་གྱུར་པ་ན་འཕེལ་བ་གཏོང་སྟེ། རི་བོང་འཛིན་པ་ནི་ཡང་ཡིག་གིས་ཟླ་བ་བཅུ་གསུམ་ན་སྟེ། ཉི་མ་དག་ཀྱང་འཕེལ་བར་བྱེད་དོ། ཞེས་པ་ནི། དེ་ནས་ཟླ་བ
་དང་ཁུ་བའི་རྩའི་ཁམས་ཀྱི་གྲངས་ཡོངས་སུ་ཆད་པར་གྱུར་པ་ན་ལོ་བཅུ་གཉིས་ཀྱི་བར་དུ་རྡུལ་གྱི་ཁམས་འཕེལ་བར་བྱེད་དོ། །ཀྱང་ཡིག་གིས་ཁུ་བའི་ཁམས་ཀྱང་འཕེལ་བར་བྱེད་དོ། །ལོ་ནི་བཅུ་གཉིས་དག་ན་ཉིན་བྱེད་ཁམས་ནི་འཕེལ་བ་གཏོང་སྟེ། རང
་གི་ལུས་པོ་དག་ལའོ། ཞེས་པ་བུད་མེད་རྣམས་ཀྱི་རྡུལ་བྱུང་བའི་བར་དུ་ཉི་མ་འཕེལ་བ་སྟེ། ཀྱང་ཡིག་གི་བསྡུས་པ་ལས་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་ཁུ་བ་བྱུང་བའི་བར་དུའོ། །དེ་བཞིན་དུ་རྩ་ནི་འཆད་པ་དག་ཀྱང་རབ་ཏུ་སྐྱེས
་པར་གྱུར་པ་ནས་ཉིན་ཞག་སོ་སོ་རིམ་པས་ཟུང་གི་གྲངས་སུ་འགྱུར་ཞེས་པ་ནི་འཆང་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་བྱའོ། །རྩ་དང་ཁམས་འཕེལ་བའི་ངེས་པའོ། །ད་ནི་དཔལ་ལྡན་འབྱུང་བ་ཞེས་པ་ལ་སོགས་པས་ནམ་མཁའ་ལ་སོགས་པའི་དེ་ཉིད
་རྣམས་གསུངས་ཏེ། འདིར་བྱིས་པའི་ལུས་ལ་དཔལ་ལྡན་འབྱུང་བ་ལྔ་དང་དབང་པོ་ལྔ་ནི་ནམ་མཁའ་ལ་སོགས་པ་དང་རྣ་བ་ལ་སོགས་པ་སྟེ། གཅིག་ཏུ་བཅུར་འགྱུར་རོ། །དེ་བཞིན་དུ་ལས་ཀྱི་དབང་པོ་ལྔ་པོ་རྣམས་དང། དེ་ཙམ་ཞེས་པ་ནི་སྒྲ་དེ་ཙམ་ལ་སོགས
་པ་སྟེ། དེ་ཙམ་ལྔ་རུ་བརྗོད་པ་རྣམས་སོ། །ཡོན་ཏན་བཅས་པ་དག་ཀྱང་ཡིད་དང་ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བཅས་པའི་ཡིད་དེ། དེ་བཞིན་དུ་བློ་དང་ངར་འཛིན་དང་མཆོག་གི་རང་བཞིན་ཡང་ངོ། །འདི་དག་ནི་དེ་ཉིད་རྣམས་ཏེ་ཉི་ཤུ་རྩ་བཞིའོ
་ལུས་དང་ཕྱི་རོལ་སྲིད་པ་གསུམ་གྱི་གནས་སུ་འདི་ནི་ལོངས་སྤྱོད་དེ་གཙོ་བོ་དག་གིའོ། །ཇི་ལྟར་གྱུར་པའི་ཞེ་ན། ཕུང་པོ་ལྔའི་བདག་ཉིད་དང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་རྣམ་གསུམ་སྲིད་པ་ལ་གནས་བདག་གིས་ལས་ནི་བསགས་པ་དག་གིས་ལོངས་སྤྱོད་དུ་འགྱུར་རོ།
་རང་བཞིན་ཉི་ཤུ་རྩ་བཞིའི་བདག་ཉིད་ནི་འཛིན་པར་བྱེད་པའི་ཆོས་ཅན་སྐྱེས་བུའི་བཟུང་བར་བྱ་བའི་ཆོས་ཅན་གྱི་རང་བཞིན་ནོ། །རང་གི་ངོ་བོ་ཅན་ཡང་གཟུང་བྱའི་ཆོས་དང་བྲལ་བའི་རང་བཞིན་གཞན་ཏེ། རང་བཞིན་གྱི་འོད་གསལ་བར་ཡོད་པའོ། ཞེས་པ
་ནི་རང་བཞིན་དང་སྐྱེས་བུའི་ངེས་པའོ། །ད་ནི་ས་ཞེས་པ་ལ་སོགས་པས་ལུས་ལ་ས་ལ་སོགས་པ་རྣམས་ཀྱི་མཚན་ཉིད་གསུངས་ཏེ། འདིར་ལུས་ལ་ས་ནི་སྲ་བའོ། །ཆུ་ནི་གཤེར་བའོ། །མེ་ཡང་ཚ་བ་ཉིད་དོ། །གང་གི་ཕྱིར་བསྐུམ་པ་བརྐྱང་བར་བྱེད
་པའི་རླུང་ནི་ཡང་བ་ཉིད་དོ། །བུག་པ་ནི་སྟོང་པའོ། །བརྟན་པའི་རུས་པ་སྟེ། རྒྱབ་ཀྱི་ཚིགས་པའི་རུས་པའི་སྤྱི་ནས་རྩམས་ནས་ཕྲག་པའི་མཐར་ཐུག་པ་ནི་འཆི་མེད་རི་བོ་མཆོག་ཅེས་པ་ལྷུན་པོའོ། །ཕྱི་རོལ་ཏུ་ཆར་པ་གང་ཡིན་པ་དེ་ལུས་ལ་འདིར་ནི་བདུད
་རྩི་སྟེ། ལྕེ་དང་ལྕེ་ཆུང་དག་ལས་སྟེའུ་ཀ་འཛག་པའོ། །རྡོ་རྗེ་ནི་སྙིང་ལ་སྒྲ་སྟེ་སྒྱུ་མ་རྣམས་འཁྲོལ་བ་གང་ཡིན་པའོ། །གཞུ་སྟེ་འཇའ་ཚོན་ནི་བཤང་བ་དག་གོ་།ཕྱི་རོལ་ཏུ་ཆུ་སྲང་དྲུག་ཅུའི་བདག་ཉིད་ཀྱི་ཆུ་ཚོད་གང་ཡིན་པ་དེ་ནི་ལུས་ལ་དབུགས་དང་དབུགས
་འབྱུང་ཟུང་དག་གོ་ཞེས་པ་སྟེ། སྲོག་གི་རླུང་འབྱུང་བ་དང་འཇུག་པ་ཟུང་ནི་ཆུ་ཚོད་དོ། །ཟུང་འདི་རྣམས་དགུ་བརྒྱ་ཉིས་འགྱུར་ཞེས་པ་བརྒྱ་ཕྲག་བཅོ་བརྒྱད་རྣམས་ཀྱིས་འཕོ་བ་གཅིག་ཏུ་འགྱུར་རོ། །ཕྱི་རོལ་ཏུ་འཕོ་བ་ནི་ཉིན་ཞག་སུམ་ཅུའི་ཟླ
་བ་སྟེ། ནང་དུ་ནི་དཀྱིལ་འཁོར་ལྔ་འབབ་པའི་རྩ་ལྔ་རྣམས་སོ། །སྐར་རྩིས་པ་ནི་ཉི་མ་ལ་སོགས་པའི་གཟའ་རྣམས་སོ། །དེ་དག་བུག་པའི་དབྱེ་བས་བཅུར་འགྱུར་ཏེ་འདིར་བཤད་ལམ་གྱི་བུག་པ་ནི་ཟླ་བའོ། །གཅི་བའི་བུག་པ་ནི་ཉི་མའོ། །ཁུ་བའི་བུག་པ་ནི་དུས
་ཀྱི་མེའོ། །ཁའི་བུག་པ་ནི་སྒྲ་གཅན་ནོ། །མིག་གཡས་པའི་བུག་པ་ནི་བཀྲ་ཤིས་སོ། །མིག་གཡོན་པའི་བུག་པ་ནི་གཟའ་ལག་གོ་།སྣ་གཡས་པའི་བུག་པ་ནི་ཕུར་བུའོ། །སྣ་གཡོན་པའི་བུག་པ་ནི་པ་སངས་སོ། །རྣ་བ་གཡས་པའི་བུག་པ་ནི་སྤེན་པའོ། །རྣ་བ་གཡོན
་པའི་བུག་པ་ནི་མཇུག་རིངས་སོ། །སླར་ཡང་བཀྲ་ཤིས་ལ་སོགས་པ་འདི་རྣམས་ཀྱི་དབང་པོ་དྲུག་གི་དབྱེ་བ་ནི་འཆད་པར་འགྱུར་བའི་ལེའུ་ལྔ་པ་ལས་བརྗོད་པར་བྱའོ། །ས་ལ་སོགས་པའི་ངེས་པའོ། །ད་ནི་རྒྱུ་སྐར་ཞེས་པ་ལ་སོགས་པས། རྒྱུ་སྐར་ལ
་སོགས་པ་གསུངས་ཏེ། ཐུར་མ་བདུན་པའི་འཁོར་ལོའི་དབྱེ་བས་བྱི་བཞིན་དང་བཅས་པ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །ཐུར་མའི་རྒྱུ་སྐར་རྣམས་ཀྱི་ཟུར་བཞིར་དབྱུ་གུའི་རྒྱུ་སྐར་བཞི་སྟེ། དེ་ལྟར་ན་སུམ་ཅུའི་རྩ་གཉིས་སོ། །རིམ་པ་དང་རིམ་པ་མ་ཡིན
་པར་རྒྱུ་བའི་དབྱེ་བས་རྒྱུ་སྐར་བཅུ་བཞི་ནི་སོ་རྣམས་ཀྱི་སྟེང་གི་འཁོར་ལོ་ལ་སྟེ། བཅུ་བཞི་ནི་འོག་གི་འཁོར་ལོ་ལ་གནས་སོ། །འཁོར་ལོ་ཕྱེད་ཀྱི་དབྱེ་བས་སོ། །རྣམས་ཀྱི་དབྱེ་བ་སྟེང་དང་འོག་ཏུ་འགྱུར་ཏེ། རྒྱུ་སྐར་དག་ནི་སོ་ཡི་ཕྲེང་བའོ། །རྗེས་སུ་ཉིན་ཞག
་ཆུ་ཚོད་དེ་རྣམས་ནི་ཚིགས་ཀྱི་དབྱེ་བར་འགྱུར་ཞེས་པ་ནི། ཉིན་ཞག་སོ་སོར་ཆུ་ཚོད་དྲུག་ཅུ་ལོའི་རྗེས་སུ་ཉིན་ཞག་གི་དབུགས་ཀྱི་གྲངས་སུ་འགྱུར་རོ། །ཆུ་ཚོད་དེ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུར་འགྱུར་ཏེ། དེ་དག་ཀྱང་ཚིགས་སུམ་བརྒྱ་དྲུག་ཅུར་འགྱུར་རོ་ཞེས་པ་ཚིགས
་ཀྱི་དབྱེ་བའོ། །རྩ་རྣམས་ཆུ་བོ་ཞེས་པ་ནི་འདིར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་རྒྱ་མཚོར་འགྲོ་བའི་ཆུ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ནང་དུ་ནི་རོ་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྒྱུ་མ་སྤྲིན་ཏེ། རྒྱུ་མ་ཞེས་པ་ནི་རྣམ་དབྱེ་མེད་པའི
་ཚིག་གོ་།རྒྱུན་ནི་སྤྲིན་དུ་འགྱུར་ཏེ། རོ་འབབ་པའི་ཕྱིར་དང། སྒྲ་སྒྲོགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །རི་བོང་ཅན་གྱི་ཆ་གཞན་ཁམས་རྣམས་གཉིས་ཀྱི་རང་བཞིན་ནོ། །འདིར་ཆ་རྣམ་པ་གཉིས་ཏེ། སྤུ་ལ་སོགས་པའི་ཁམས་ཀྱི་རྣམ་པར་འགྱུར་པས་གཅིག་དང།
་ཁུ་བ་འཕོ་བའི་ཆོས་ཀྱིས་གཞན་ནོ། །འདི་དག་ལས་སླར་ཡང་སྤུ་ལ་སོགས་པའི་ཁམས་ཀྱི་རྣམ་པར་འགྱུར་བས་གནས་པ་གང་ཡིན་པ་དེ་ཡང་རྣམ་པ་གཉིས་ཏེ། རི་བོང་ཅན་གྱི་ཆ་གཞན་ཞེས་སོ། །འདིར་སྤུ་ཕྲ་མོ་དང་སྦོམ་པོ་ནི་ཚེས་གཅིག་དང་གཉིས
་པའོ། །དེ་བཞིན་དུ་པགས་པ་ནི་གསུམ་པ་དང་བཞི་པའོ། །དེ་བཞིན་དུ་ཁྲག་ནི་ལྔ་པ་དྲུག་པའོ། །དེ་བཞིན་དུ་ཤ་ནི་བདུན་པ་དང་བརྒྱད་པའོ། །དེ་བཞིན་དུ་རྩ་ནི་དགུ་པ་དང་བཅུ་པའོ། །དེ་བཞིན་དུ་རུས་པ་ནི་བཅུ་གཅིག་པ་དང་བཅུ་གཉིས་པའོ། །དེ་བཞིན
་དུ་རྐང་པ་ནི་བཅུ་གསུམ་པ་དང་བཅུ་བཞི་པའོ། །དེ་བཞིན་དུ་ཁུ་བ་ནི་བཅོ་ལྔ་པ་དང་བཅུ་དྲུག་པ་སྟེ། ཚ་ནི་ཁམས་རྣམས་གཉིས་ཀྱི་རང་བཞིན་ནོ་ཞེས་པའི་ངེས་པའོ། །ང་ནི་སྤུ་དང་ཞེས་པ་ལ་སོགས་པས་འབྱུང་པོའི་སྐྱེས་གནས་གསུངས་ཏེ། འདིར
་འཇིག་རྟེན་གྱི་ཁམས་སུ་འབྱུང་པོའི་སྐྱེས་གནས་རྣམ་པ་བཞི་སྟེ། འདིར་ཕྱི་རོལ་ཏུ་སའི་སྐྱེ་ནས་བརྟན་པ་ནི་ནང་དུ་སྤུ་རྣམས་སོ། །ཕྱི་རོལ་ཏུ་རླུང་གི་སྐྱེས་གནས་སྒོང་སྐྱེས་ནི། ནང་དུ་ཤིག་རྣམས་སོ། །ཕྱི་རོལ་ཏུ་ཆུའི་སྐྱེ་གནས་སྲིན་བུའི་རིགས་ལ
་སོགས་པ་དྲོད་གཤིར་ལས་སྐྱེས་པ་ནི་ལུས་ལ་ཡང་སྲིན་བུའི་རིགས་ལ་སོགས་པའོ། །ཕྱི་རོལ་དུ་མངལ་ནས་སྐྱེས་བ་ཁུ་བ་ལས་བྱུང་བ་ནི་ནང་དུ་ཁུ་བ་ཉིད་དོ། །མ་བརྗོད་པ་ཉིད་ལས་ཕྱི་རོལ་ཏུ་ནམ་མཁའ་ཨི་ཁམས་རོའི་གཟུགས་རྫུས་ཏེ་སྐྱེས་པ་རྣམས་ནི་ནང
་དུ་ཕྲ་མོའི་གཟུགས་སྲོག་ཆགས་ཕྲ་མོ་རྣམས་ཏེ། འབྱུང་པོའི་སྐྱེས་གནས་རྣམ་པ་བཞིའོ། །དགའ་བ་ལ་སོགས་མཐེ་བོང་ཚིགས་རྣམས་ཞེས་པ་ནི། འདིར་ཕྱི་རོལ་ཏུ་ཚེས་གཅིག་ལ་སོགས་པ་ཚེས་ལྔ་ལྔ་ནི་དགའ་བ་ལ་སོགས་པར་བརྗོད
་དེ། དེ་དག་ཀྱང་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་མཐེའུ་ཆུང་དང་མཐེ་བོང་ལ་སོགས་པ་ཚིགས་གསུམ་གསུམ་གྱི་རང་བཞིན་གྱིས་སོ། །ནམ་མཁའ་ལ་སོགས་པའི་ཁམས་ཀྱི་དབྱེ་བས་ལག་པ་གཡོན་པའི་སོར་མོའི་ཚིག་རྣམས་དགའ་བ་ལ་སོགས
་པར་འགྱུར་རོ། །ལག་པ་གཡས་པའི་སོར་མོའི་ཚིགས་རྣམས་ལ་སོགས་པའི་དབྱེ་བས་ཏེ། རྒན་པོ་མཐེ་བོང་གི་ཚིགས་ལ་སོགས་པའི་དབྱེ་བས་བཅོ་ལྔའོ། །དེ་བཞིན་དུ་རྐང་པའི་སོར་མོའི་ཚིགས་རྣམས་ཟླ་བ་གཉིས་པའི་ཚེས་ཀྱིས་དབྱེ་བས་ཤེས་པར་བྱའོ། །དེ
་ལྟར་ན་དུས་སོ་སོའི་དབྱེ་བས་ལོ་ལ་ཡོངས་སུ་འཁོར་བ་དྲུག་ཏུ་འགྱུར་ཏེ། དུས་དྲུག་གིས་སོ་ཞེས་པ་ནི་དགའ་བ་ལ་སོགས་མཐེ་བོང་ཚིགས་རྣམས་ཤེས་པའི་ངེས་པའོ། །སྤྱི་བོའི་པདྨ་ལྟེ་བའི་པདྨ་དག་ཀྱང་ནུས་པའོ། ཞེས་པ་ནི་སྔར་བརྗོད་པའི་ཆོ་གས
་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་རོ། །ཞེས་པ་སྟེ། ནུས་པའི་ངེས་པའོ། །ད་ནི་ཚངས་པའི་གཡུལ་ས་ཞེས་པ་ལ་སོགས་པས་མཐོ་རིས་ལ་སོགས་པ་གསུངས་ཏེ། འདིར་ལུས་ལ་ཚངས་པའི་ཡུལ་ས་གཙུག་ཏོར་ནས་མགྲིན་པའི་མཐར་ཐུག་པ་ནི་མཐོ་རིས
་ཀྱི་འཇིག་རྟེན་དུ་འགྱུར་རོ། །ལག་མཆོག་དག་ནི་མི་ཡུལ་གྱི་འཇིག་རྟེན་དུ་འགྱུར་རོ། །རྐང་པ་དག་ནི་ས་འོག་གི་འཇིག་རྟེན་དུ་འགྱུར་རོ། །ཆུ་གཏེར་རྣམས་དང་གླིང་རྣམས་ནི་ཆུ་གཏེར་གླིང་སྟེ་རི་བོ་རྣམས་ཀྱང་བདུན་རྣམས་གྲངས་བཞིན་དུ་ལུས་ལ་རྒྱ་མཚོ་བདུན་པོ
་ནི་གཤེར་བའི་ཁམས་རྣམས་ཏེ། དེ་དག་ལས་ལན་ཚྭའི་རྒྱ་མཚོ་ནི་བཅི་བའོ། །ཆང་གི་རྒྱ་མཚོ་ནི་རྡུལ་ལོ། ཆུའི་རྒྱ་མཚོ་ནི་སྟུ་ཀའོ། །འོ་མའི་རྒྱ་མཚོ་ནི་བུད་མེད་རྣམས་ཀྱིའོ། །མ་དང་སྐྱེས་པ་རྣམས་ཀྱི་བད་ཀན་གྱི་ཁམས་སོ། །ཞོའི་རྒྱ་མཚོ་ནི་མགོའི་གླད
་པའོ། །མར་གྱི་རྒྱ་མཚོ་ནི་ཞག་གོ་།སྦྲང་གི་རྒྱ་མཚོ་ནི་ཁུ་བའོ། །དེ་བཞིན་དུ་གླིང་རྣམས་ཏེ། འཛམ་བུའི་གླིང་རྩིབས་བཅུ་གཉིས་པ་ནི་ལག་པ་དང་རྐང་པའི་དུམ་བུ་བཅུ་གཉིས་ལའོ། །དྲག་པོ་ནི་ཤའོ། །ཁྲུང་ཁྲུང་ནི་མཆིན་པའོ། །མི་འམ་ཅི་ནི་སྙིང་ངོ། །ཀུ་ཤ་ནི
་ཚིལ་བུའོ། །འོད་དཀར་ནི་རྒྱུ་མའོ། །ཟླ་བ་ནི་རྩ་སྟེ་འཇམ་པའི་ཁམས་རྣམས་སོ། །རི་བོ་ཞེས་པ་ལ་རྡོ་རྗེའི་ལ་རི་ནི་རྐང་པ་དང་ལག་པའི་སེན་མོ་རྣམས་སོ། །གསིལ་བའི་རི་ནི་ལག་པའི་རུས་པའོ། །དྲོ་ཎ་ནི་ཉེ་བའི་དཔུང་པའི་རུས་པའོ། །ནོར་བུའི་འོད་ནི་དཔུང་པའི
་རུས་པའོ། །མིཥྚ་ནི་རྐང་པའི་རུས་པའོ། །མནདའི་རི་ནི་བྱིན་པའི་རུས་པའོ། །འོད་སྔོན་ནི་བརླའི་རུས་པའོ། །ཞེས་པ་ནི་རི་བདུན་པོ་སྲ་བའི་ཁམས་རྣམས་ཏེ། བརྒྱད་པ་ལྷུན་པོ་ནི་ལུས་ཀྱི་རྒལ་ཚིགས་སྤྱི་ནས་བརྩམས་ནས་ཕྲག་པའི་མཐར་ཐུག་པར་ངེས་པ་སྟེ།
་གཤེར་འཇམ་སྲ་བ་གསུམ་གྱི་རང་བཞིན་ཁམས་སོ། །མེ་རླུང་དཀྱིལ་འཁོར་ཞེས་པ་ལ་མེའི་དཀྱིལ་འཁོར་ནི་ཁྲག་གོ་།རླུང་གི་དཀྱིལ་འཁོར་ནི་དག་པའོ། རྒྱལ་པོ་ཞེས་པ་ནི་བོད་པའོ། །སྐྲ་རྣམས་གྲུབ་པ་མཛའ་དག་སྲིད་པ་གསུམ་གྱི་གནས་སུ་དུ་མའི་དབྱེ་བ
་དག་གིས་གྲུབ་པའོ་ཞེས་པ་ནི་འདིར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་གྲུབ་པ་རྣམ་པ་གསུམ་སྟེ། མཁའ་ལ་སྤྱོད་པ་དང། ས་ལ་སྤྱོད་པ་དང། ས་འོག་ན་གནས་པའོ། །དེ་དག་ལ་མཁའ་ལ་སྤྱོད་པ་ནི་མགོ་ལས་སྐྱེས་པ་རྣམས་སོ། །ས་ལ་སྤྱོད་པ་ནི
་མཚན་ཁུང་དུ་སྐྱེས་པ་རྣམས་སོ། །ས་འོག་ན་གནས་པ་ནི། བྷ་ག་དང་རྟགས་ལས་སྐྱེས་པའོ། །མ་བརྗོད་པ་ཉིད་ལས་སྤུ་རྣམས་ནི་འབྱུང་པོའི་རིགས་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་གྱི་མཚན་ཉིད་དོ་ཞེས་པ་ནི་མཐོ་རིས་ལ་སོགས་པའི་ངེས་པའོ
་ད་ནི་སྙིང་ཞེས་པ་ལ་སོགས་པས་མེ་གསུམ་གསུངས་ཏེ། འདིར་ལུས་ལ་ལྷོའི་མེ་དང་ཁྱིམ་བདག་གི་མེ་དང། བསྲེག་བྱ་ཟ་བའི་མེའོ། ཞེས་པ་ནི་ངེས་པ་སྟེ། གསུམ་པོ་གྲངས་བཞིན་དུ། སྙིང་གའི་པདྨ་གཞུའི་རྣམ་པ་ལ་རྡོ་རྗེ་སྟེ་གློག་གི་མེའོ། །མགྲིན་པའི་
་པདྨ་ཟླུམ་པོ་ལ་ཁྱིམ་བདག་གི་ཉི་མའི་མེའོ། །ལྟེ་བའི་ཐབས་ཁུང་གྲུ་བཞི་པ་ལ་བསྲེག་བྱ་ཟ་བའི་ཤ་ཟའི་མེའོ་ཞེས་པ་ནི་རབ་འཕྲོ་རིམ་པ་ཡིས། །ཉིན་བཞིན་སྲེག་བྱེད་ཆུ་གཏེར་ཟུར་གྱི་ཐབ་ཁུང་དག་ལ་ཡང་ཞེས་པའི་ངེས་པའོ། །དེ
་དག་གོང་ན་མེ་གཞན་དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་གཟུགས་ནི་མུན་པ་དག་གི་མཐར་གསང་བའི་པདྨ་དང། དཔྲལ་བའི་པདྨ་ལ་མི་ཆོད་པ་སྟེ། གནས་གང་ཞིག་ཉི་མ་གློག་གི་མི་གདུང་རི་བོང་འཛིན་པ་གཟའ་དང་སྐར་མ་ལ་སོགས་མེད་པ་ན་སྟེ་སོགས་པས
་ནི་ཤ་ཟའི་མེ་སྟེ་བཞི་པ་བདེན་པའི་མེ་ཡེ་ཤེས་ཀྱི་གཟུགས་སོ་ཞེས་པ་ནི་མེ་གསུམ་གྱི་ངེས་པའོ། །ད་ནི་གཟའ་ཞེས་པ་ལ་སོགས་པས་གཟའི་ཆུ་ཚོད་ལ་སོགས་པ་གསུངས་ཏེ། འདིར་ཕྱི་རོལ་དུ་གཟའ་བདུན་ཏེ་བརྒྱད་པ་ནི་རིགས་ལྡན་གྱི་ལོངས་སྤྱོད་དོ།།
་བརྒྱད་པོ་དེ་དག་ནི་ལུས་ཀྱི་སྙིང་གའི་པདྨའི་འདབ་མ་བརྒྱད་པོ་རྣམས་ལ་འགྱུར་ཏེ། ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བའོ། །ལྷོ་རུ་བཀྲ་ཤིས་སོ། །བདེན་བྲལ་དུ་གཟའ་ལག་གོ་།ཆུར་ཕུར་བུའོ། །རླུང་དུ་པ་སངས་སོ། །ལུས་ངན་དུ་སྤེན་པའོ། །དབང་ལྡན
་དུ་རིགས་ལྡན་གྱི་ལོངས་སྤྱོད་ལ་སྤེན་པ་སྟེ། ལོངས་སྤྱོད་བྱེད་གཞན་ལ་ནི་སྒྲ་གཅན་ནོ། །རབ་ཏུ་གསལ་བྱས་ཆུ་ཚོད་དྲུག་ཅུ་ལྟེ་བའི་པདྨ་ལ་སྟེ། ཆུ་ཚོད་སྟོང་པའི་འདབ་མ་བཞིའོ། །ལྷག་མ་འདབ་མ་དྲུག་ཅུ་ནི་དཀྱིལ་འཁོར་དྲུག་ཅུ་འབབ་པའི་ཆུ་ཚོད་རྣམས
་ཏེ། གཟའ་སོ་སོ་ལ་དྲུག་ཅུའི་གྲངས་སོ། །སྨིན་མའི་དབུས་སུ་འདབ་མ་བཅུ་དྲུག་རྣམས་ལ་འདབ་མ་གཉིས་ནི་སྟོང་པ་འབབ་པོ། །འདབ་མ་བཅུ་བཞི་པ་ལ་འབྱུང་དང་འབྱུང་བ་མངའ་ཞེས་པ་ལ་སོགས་པས་ཟླ་བའི་རྐང་པ་བཅུ་བཞི་རྣམས་སོ། །དེ་ལ་དང
་པོའི་འདབ་མ་ལ་འབྱུང་བ་ཞེས་པ་ཆུ་ཚོད་ལྔའི་བདག་ཉིད་ཀྱི་རྐང་པ་སྟེ། དེ་བཞིན་དུ་གཉིས་པ་དང་གསུམ་པ་ལའོ། །འདབ་མ་བཞི་པ་ལ་རིག་བྱེད་ཅེས་པ་ཆུ་ཚོད་བཞིའི་བདག་ཉིད་དོ། །ལྔ་པ་ལ་རྩེ་མོ་ཅན་ཏེ་རྐང་པ་ཆུ་ཚོད་གསུམ་མོ། །འདབ་མ་དྲུག
་པ་ལ་ལག་པ་ཞེས་པ་ཆུ་ཚོད་གཉིས་ཀྱིས་བདག་ཉིད་ཀྱི་རྐང་པའོ། །འདབ་མ་བདུན་པ་ལ་རི་བོང་ཅན་ཞེས་པ་ཆུ་ཚོད་གཅིག་གི་བདག་ཉིད་ཀྱི་རྐང་པ་བདུན་པའོ། །དེ་བཞིན་དུ་ལུགས་ལས་ཟློག་པས་བརྒྱད་པ་ལ་ཆུ་ཚོད་གཅིག་གི་རྐང་པའོ། །དགུ་པ་ལ་ཆུ་ཚོད་གཉིས
་ཀྱི་བདག་ཉིད་དོ། །བཅུ་པ་ལ་ཆུ་ཚོད་གསུམ་གྱི་བདག་ཉིད་དོ། །བཅུ་གཅིག་པ་ལ་ཆུ་ཚོད་བཞིའི་བདག་ཉིད་དོ། །བཅུ་གཉིས་པ་ལ་ཆུ་ཚོད་ལྔའི་བདག་ཉིད་དོ། །བཅུ་གསུམ་པ་དང་བཅུ་བཞི་པ་ལ་ཡང་དེ་ལྟར་ཤེས་པར་བྱ་སྟེ། ཟླ་བའི་རྐང་པ་མནུའི་གྲངས་སུ་འགྱུར་རོ
་མི་བདག་ཅེས་པ་ནི་བོད་པའོ། །ལོངས་སྤྱོད་འཁོར་ལོ་སྟེ་མགྲིན་པའི་འཁོར་ལོར་འདབ་མ་སུམ་ཅུ་རྩ་གཉིས་ལ་འདབ་མ་བཞི་ནི་སྟོང་པའོ། །གཞན་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་ཇི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ
་འགྱུར་རོ། །དེ་དག་ནི་ཤར་གྱི་ཐུར་མ་བདུན་གྱི་དབུ་མ་ལ་དབུ་མ་གང་ཡིན་པ་ནམ་གྲུའི་མཐར་གཡོན་བསྐོར་གྱིས་ཏེ། གཉིས་པ་ལ་ཐ་སྐར་རོ། །གསུམ་པ་ལ་དྲ་ཉེའོ། །བཞི་པ་ལ་སྨིན་དྲུག་གོ་།དེ་ནས་དབྱུག་གུ་རྒྱུ་སྐར་ཏེ་ཐུར་མ་ནི་འདབ་མ་བདུན་པའི
་མིང་ཅན་གྱི་རྩའོ། །དེ་ནས་བྱང་གི་ཐུར་མ་བདུན་པོ་རྣམས་ལ་གཡོན་བསྐོར་གྱིས་ཏེ་ཐུར་མ་དང་པོ་ལ་སྣང་མའོ། །གཉིས་པ་ལ་མགོའོ། །གསུམ་པ་ལ་ལག་གོ་།བཞི་པ་ལ་ནབས་སོའོ། །ལྔ་པ་ལ་རྒྱལ་ལོ། །དྲུག་པ་ལ་སྐག་གོ་།བདུན་པ་ལ་མཆུའོ། །དེ་ནས
་གཞན་ལ་ཡང་དེ་བཞིན་དུ་རིགས་པར་བྱའོ། །སླར་ཡང་ལྟེ་བའི་པདྨ་རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་དྲུག་ཅུར་རིག་པར་བྱའོ། །ཆུ་ཚོད་ཀྱི་ཆུ་སྲང་ནི་དྲུག་ཅུ་སྟེ། དྲུག་ཅུ་རྣམས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་ནི་གསལ་བར་མཛའ་དག་ལུས་ལ་ལག་པ་རྐང་པ་ལ་སོགས
་དག་ནི་ཚིགས་ལའོ། །ཞེས་པ་ནི་འཆད་པར་འགྱུར་བ་ལས་རྒྱས་པར་བརྗོད་པར་བྱའོ། །གཟའ་ལ་སོགས་པའི་ངེས་པའོ། །ད་ནི་ལྟེ་བ་ཞེས་པ་ལ་སོགས་པའི་ངེས་པའོ། །ད་ནི་ལྟེ་བ་ཞེས་པ་ལ་སོགས་པས་སྲོག་གི་ནུས་པ་ལྟེ་བ་ལ་སོགས་པའི་འཁོར་ལོ
་འཁོར་བ་གསུངས་ཏེ། འདིར་ཕྱི་རོལ་ཏུ་ཉི་མ་ཁྱིམ་བཅུ་གཉིས་པོ་རྣམས་ལ། ལོའི་འཕོ་བའི་དབྱེ་བས་འཁོར་བ་ཇི་ལྟ་བ་དེ་བཞིན་དུ། ནང་དུ་སྲོག་གི་ནུས་པ་ཡང་ཁྱིམ་བཅུ་གཉིས་པ་ལ་ཉིན་ཞག་སོ་སོར་འཕོ་བ་བཅུ་གཉིས་ཀྱི
་དབྱེ་བས་འཁོར་རོ། །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མ་དག་ལ་འཁོར་ཏེ་མཆོག་གི་ཆ་སྲོག་གི་ནུས་པ་འདི་འཕོ་བའི་རིམ་པས་ཁྱིམ་བཅུ་གཉིས་ཀྱི་འདབ་མ་རྣམས་ལ་སྲོག་ཟུང་དགུ་བརྒྱ་ཉིས་འགྱུར་དག་གི་འཕོ་བར་འགྱུར་ཏེ་ཞེས་པ་ནི་འདིར་ཇི་ལྟར་ཕྱི་རོལ
་ཏུ་དབྱུ་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ཉི་མའི་འཕོ་བ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་སྲོག་གི་ནུས་པ་ཕང་བ་མ་རེ་རེར་འཕོ་བར་འགྱུར་རོ། །དེ་ཡང་དུས་སྦྱོར་ཀར་ཀ་ཊ་ནས་མིའི་དབང། འདིར་ཕྱི་རོལ་ཏུ་ཉི་མའི་སྐྱེ
་བའི་ཁྱིམ་ནི་ཀར་ཀ་ཊའོ། །དེ་བཞིན་དུ་སྐྱེས་བ་ཐམས་ཅད་ཀྱིས་དུས་སྦྱོར་གང་དུ་སྐྱེས་བར་གྱུར་པའི་ཁྱིམ་དེ་ནི་ཀར་ཀ་ཊའི་མིང་ཅན་དུ་རིག་པར་བྱ་སྟེ། སྲོག་གི་སྐྱེ་བ་གནས་པར་བྱ་ཞེས་པའི་རིག་པས་སོ། །དུས་སྦྱོར་ཀར་ཀ་ཊ་ནས་མི་ཡི་དབང
་ཞེས་པ་ནི་བོད་པའོ། །ཕྱི་རོལ་ཏུ་དུས་སྦྱོར་གང་ལ་ཉི་མ་གནས་པས་འཆར་བའི་དུས་ནས་ཉིན་དང་མཚན་མོར་འཁོར་བ་དེ་ལ་དེ་ནི་རིག་པར་བྱ་སྟེ། ཐུར་མ་བདུན་གྱི་དབྱེ་བས་སོ། །དུས་སྦྱོར་ཚད་ནི་ཤེས་པར་བྱ། །ཕྱི་རོལ་ཏུ་ཉི་མའི་འཕོ་བ་ཆད་པ་དང
་ལྷག་པ་ཉིན་ཞག་རྣམས་ཀྱིས་རིག་པར་བྱ་བ་ཇི་ལྟ་བ་དེ་བཞིན་དུ། ནང་དུ་ཆད་པ་དང་ལྷག་པ་ནི་དབུགས་རྣམས་ཀྱི་རིག་པར་བྱའོ། །ཉི་མའི་ཆུ་ཚོད་ཀྱི་དབྱེ་བས་ལུས་ལ་དབུགས་ཀྱི་ངེས་པའོ། །སྲོག་གི་ནོར་དང་བུ་ལོན་མཉམ་པ་སྟེ། ཀར་ཀ་ཊ་ལ་སོགས་པ་ལ
་ཉི་མའི་རྐང་པས་བུ་ལོན་དང་ཆུ་སྲིན་ལ་སོགས་ལ་ནོར་རོ། །སྐར་རྩིས་ཀྱིས་ཆོ་གས་མཉམ་པ་ནི་འཕོ་བ་སོ་སོའི་ཉིན་ཞག་སྟེ་རྐང་པ་དང་བཅས་པའི་དབྱུ་གུ་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ནི་ཕྱི་རོལ་ཏུའོ། །ནང་དུ་མཉམ་པ་ནི་དབུགས་ཀྱི་བདག་ཉིད་དེ།
་དུས་སྦྱོར་སོ་སོའི་འཕོ་བའི་དབྱེ་བས་སོ་ཞེས་པ་ནི་འཕོ་བ་བཅུ་གཉིས་འཁོར་བའོ། །ད་ནི་རེ་རེ་ཞེས་པ་ལ་སོགས་པས་པདྨའི་འདབ་མ་སོ་སོ་ལ་དཀྱིལ་འཁོར་རབ་ཏུ་འབབ་པ་གསུངས་ཏེ། འདིར་ཕྱི་རོལ་ཏུ་ཉི་མའི་འཕོ་བ་རེ་རེ་ལ་ཉིན་ཞག་སུམ་ཅུས་དཀྱིལ་འཁོར་ལྔ་ལོངས
་སྤྱོད་ཅིང། ཉིན་ཞག་དྲུག་གི་དབྱུ་གུ་སུམ་བརྒྱ་དྲུག་ཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་དོ། །དེ་བཞིན་དུ་ནང་དུ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང་དབུགས་སུམ་བརྒྱ་དྲུག་ཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་པར་འགྱུར་བ་ནི་ངེས
་པའོ། །འདིར་འཕོ་བ་སོ་སོའི་འདབ་མ་ལ་གནས་ལྔར་འགྱུར་ཏེ། འདབ་མའི་ནུབ་དང་བྱང་དང་ལྷོ་དང་ཤར་དང་དབུས་སོ། །དེ་ལ་པདྨའི་འདབ་མ་སོ་སོ་རེ་རེ་ལ་འབབ་པར་འགྱུར་ཏེ། ནུབ་ཏུ་འཛིན་མའི་དཀྱིལ་འཁོར་རོ། །འདབ་མའི་བྱང་དུ་ཆུའི་དཀྱིལ་འཁོར་འབབ
་པོ། །ལྷོར་མེའི་དཀྱིལ་འཁོར་འབབ་པོ། །སླར་ཡང་ཤར་དུ་རླུང་གི་དཀྱིལ་འཁོར་རབ་ཏུ་འབབ་པོ། །འདབ་མའི་དབུས་དག་ཏུ་ཡང་སྟོང་པའི་དཀྱིལ་འཁོར་འབབ་སྟེ། སོ་སོར་དབུགས་སུམ་བརྒྱ་དྲུག་ཅུ་ནི་སྲོག་གི་ནུས་པའོ། །དེ་ལྟར་དབྱེ་བ་ལྔ་ཡིས་འཕོ་བ་སོ་སོར་འགྱུར་རོ།།
་དཀྱིལ་འཁོར་འདི་དག་ལ་དབུགས་སུམ་བརྒྱ་དྲུག་ཅུའི་དབུས་ནས་རྐང་པ་དང་བཅས་པའི་དབུགས་བཅུ་གཅིག་བཅུ་གཅིག་གཟུང་ནས་དུས་སྦྱོར་འཆར་བའི་མཚམས་སུ་མཉམ་པར་རབ་ཏུ་འབབ་སྟེ། དམན་པའི་དབུགས་ནི་དྲུག་ཅུ་ཞེས་པ་ནི་རྐང་པ་གསུམ་དང་བཅས་པའི
་དབུགས་གསུམ་གྱི་དམན་པའི་དབུགས་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབབ་བོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནི་ནང་དུ་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་ཀྱི་བར་དུ་དབྱེ་བས་འགྱུར་རོ་ཞེས་པ་ནི་འཕོ་བའི་ངེས་པའོ། །ང་ནི་སྟོང་པ་ཞེས་པ་ལ་སོགས་པ་དཀྱིལ་འཁོར་ལྔའི
་ལྷག་པའི་ལྷ་གསུངས་ཏེ། འདིར་ཕྱི་རོལ་ཏུ་ཉི་མ་ནི་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལ་སྟོང་པའི་དཀྱིལ་འཁོར་ལ་སོགས་པ། ལོངས་སྤྱོད་ཅིང་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སའི་དཀྱིལ་འཁོར་ལ་སོགས་པ་ལོངས་སྤྱོད་དོ། །
་དེ་བཞིན་དུ་ནང་དུ་སྟོང་པ་ལ་སོགས་དེ་ཉིད་ལྔ་ཞེས་པ་ནི་སྟོང་པ་དང་རླུང་དང་མེ་དང་སའི་དཀྱིལ་འཁོར་རྣམས་ངེས་པར་བྱང་དུ་སྟེ། སྣ་བུག་གཡོན་པར་རབ་ཏུ་འབབ་པོ། །ས་ལ་སོགས་པ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི
་དཀྱིལ་འཁོར་རྣམས་གཡས་ཀྱི་སྣའི་བུག་པར་འབབ་པོ། །གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་པོ་འདི་དག་ལ་གྲངས་བཞིན་དུ་གཡོན་པར་སྟོང་པའི་དཀྱིལ་འཁོར་རབ་ཏུ་འབབ་པའི་དུས་སུ་སྒྲ་གཅན་ནི་ལྷག་པའི་ལྷའོ། །གཡས་པར་དུས་ཀྱི་མེའོ། །གཡོན་པར
་རླུང་གི་དཀྱིལ་འཁོར་ལ་ཟླ་བའོ། །གཡས་པ་ལ་ཉི་མའོ། །གཡོན་པར་མེའི་དཀྱིལ་འཁོར་ལ་གཟའ་ལག་གོ་།གཡས་པ་ལ་བཀྲ་ཤིས་སོ། །གཡོན་པར་ཆུའི་དཀྱིལ་འཁོར་ལ་པ་སངས་སོ། །གཡས་པ་ལ་ཕུར་བུའོ། །གཡོན་པའི་སའི་དཀྱིལ་འཁོར
་ལ་མཇུག་རིངས་སོ། །གཡས་པ་ལ་སྤེན་པའོ། །དེ་ལྟར་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་བདག་པོ་ཞིང་ཅན་བཅུར་འགྱུར་རོ། །དེ་བཞིན་དུ་ཟླ་བ་དྲུག་ལ་ཟླ་བ་དབང་ཕྱུག་ཏུ་འགྱུར་ཏེ། ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང
་བུམ་པའི་ཁྱིམ་གཡོན་གྱི་རྩལ་ཟླ་བ་ཞེས་པ་ཁུ་བའི་ཁམས་དབང་ཕྱུག་སྟེ། བྱང་དག་བུའོ། །ལྷོ་རུ་གླང་དང་ཀར་ཀ་ཊ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་ཁྱིམ་ལ་ཉི་མ་སྟེ། རྡུལ་གྱི་ཁམས་དབང་ཕྱུག་ཏུ་འགྱུར་རོ། །མི་བདག་ཅེས་པ་ནི་བོད་པའོ། དཀྱིལ
་འཁོར་གྱི་བདག་པོའི་ངེས་པའོ། །ད་ནི་དེ་ཞེས་པ་ལ་སོགས་པས་སྲོག་ལ་སོགས་པའི་རླུང་རྣམས་གསུངས་ཏེ། འདིར་ལྟེ་བའི་འཁོར་ལོ་ནི་སྙིང་པོ་འདབ་མ་བཞིའི་བདག་ཉིད་དོ། །དེའི་ཕྱི་རོལ་ཏུ་འདབ་མ་བརྒྱད་ཀྱི་བདག་ཉིད་དོ། །དེའི་ཕྱི་རོལ་ཏུ་འདབ་མ་བཅུ་གཉིས
་ཀྱི་བདག་ཉིད་དོ། །དེའི་ཕྱི་རོལ་ཏུ་འདབ་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་དེ། འདབ་མའི་སྒྲ་ཡིས་དབུགས་ཀྱི་ཆོས་ཅན་གྱི་རྩ་རྣམས་གཟུང་ངོ། །ལྟེ་བའི་འཁོར་ལོ་དེ་སྟེང་སྟེ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་སྟེང་སྙིང་གའི་ཕྱོགས་སུ་རྩའི་འཁོར་ལོ
་རྩིབས་བརྒྱད་པ་རྩ་བརྒྱད་ཀྱི་བདག་ཉིད་ཡང་དག་པར་གནས་སོ། །དེ་རྣམས་ལ་སྲོག་ལ་སོགས་པའི་རླུང་གི་ཚོགས་སོ། །པདྨ་ནོར་གྱི་འདབ་མ་དག་ལ་ཟླ་བ་ཉི་མ་མེ་རྣམས་ཏེ་མེ་ཞེས་པ་ནི་སྒྲ་གཅན་ནོ། །གཡོན་དུ་ཟླ་བའི་རྩ་ནི་རི་བོང་མཚན་མ་འབབ་སྟེ་ཁ་དོག་དཀར་པོའོ
་གཡས་སུ་ཁ་དོག་དམར་པོ་སྟེ་ཉི་མའི་རྩ་འབབ་བོ། །འདབ་མ་བརྒྱད་ཀྱི་དབུས་སུ་དུས་ཀྱི་མེའི་གཟུགས་སྒྲ་གཅན་གྱི་རྩ་འདབ་བོ། །མཉམ་པ་དག་ལ་དུས་སྦྱོར་འཆར་བའི་མཚམས་སུ་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གོ་།སྙིང་གའི་ཆུ་སྐྱེས་རྩིབས་བརྒྱད
་པ་འདི་ལ་ཐུན་ཚོད་འཕོ་བའི་རྩ་རྣམས་རིག་པར་བྱའོ། །སྣའི་བུག་པར་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་ནི་འདི་རྣམས་སུ་འགྱུར་རོ། །རྩ་དང་རྩ་ལ་དབུགས་འབྱུང་བ་དང་འཇུག་པ་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱི་སྲོག་ཡང་དག་པར་རྒྱུ་བར་འགྱུར་ཏེ། དབྱུ་གུ་ཕྱེད་དང
་བཅས་པའི་བདུན་གྱིས་སོ། །དེ་ལ་སྲོག་ནི་སྟེང་དུ་འབབ་བོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་བོ། །མཉམ་ནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེ་ལའོ། །ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ།།
་ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །རུས་སྤལ་ནི་ནུབ་པདྨ་མར་རྩ་རྒྱལ་པའོ། །རྩ་ངས་པ་ནི་རླུང་གི་འདབ་མར་རྩ་ཨ་ལམ་བུ་ཥ་ལའོ། །ལྷས་བྱིན་ནི་བྱང་གི་འདབ་མར་རྩ་ཨི་ཌ་ལའོ། །ནོར་ལས་རྒྱལ་བ་ནི་དབང་ལྡན་གྱི་འདབ་མ་ལ་རྩ་ཀུ་ཧ་ལའོ།།
་སྲོག་ནི་རྩ་སུ་ཤུམན་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་དུང་ཅན་མ་གང་གིས་བྱང་ཆུབ་ཀྱི་སེམས་ཟག་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ། །ཞེས་པ་དེ་ལྟར་རླུང་རྣམ་པ་བཅུ་ནི་རྩའི་འཁོར་ལོ་ལ་ལས་ཀྱི་དབྱེ་བས་ཡང་དག་པར་ཆོས་སོ། སྲོག་ལ་སོགས་པ་འདི་དག
་ཐམས་ཅད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ལ་ཁྱབ་པ་སྟེ། འོན་ཀྱང་གནས་བརྒྱད་ལ་སྐྱེ་བ་བརྒྱད་དོ། །དུང་ཅན་མཛའ་ཡང་ཨི་ཌ་ལ་སོགས་རང་གི་སྙིང་གའི་པདྨ་རྩའི་འཁོར་ལོ་མཛའ་དག་གོ་།ཞེས་པ། མཉམ་གནས་ལ་སོགས་པ་རྣམས
་ཀྱི་སྐྱེ་བའི་གནས་ཏེ། སྙིང་གའི་འཁོར་ལོའི་ངེས་པའོ། །ད་ནི་སྲོག་ཅེས་པ་ལ་སོགས་པའི་སྲོག་ལ་སོགས་པའི་བྱ་བ་གསུངས་ཏེ། འདིར་ལུས་ལ་སྲོག་གི་སྟེ་སྟོབས་བྱེད་དོ། །ཉི་མ་ཟླ་བའི་ལམ་ན་གནས་པར་གྱུར་པ་ན་སྟེ། ཉི
་མའི་ལམ་ནི་དམར་སེར་རམ་ར་ས་ནཱའོ། །ཟླ་བའི་ལམ་ནི་ཨི་ཌ་འམ་ལ་ལ་ནཱ་སྟེ་དེའི་ལམ་ལ་གནས་པའོ། །ཀྱང་ནི་ཚིག་ཕྲད་ཀྱི་དོན་ཏོ། །བཟའ་དང་བཏུང་བ་མ་ལུས་པ་ནི་རོ་དྲུག་ཟོས་པ་དང། ཆུ་ལ་སོགས་པ་འཐུངས་པ་སྟེ། དེ་དག་མ་ལུས་པ་ཐུར་སེལ
་གྱི་རླུང་གིས་འོག་ཏུ་འདྲེན་ཏེ་ཞེས་པ་ནི་ལུང་ངོ། །མཛའ་དག་རོ་མཉམ་སྟེ་མཚུངས་པའི་རོའི་བར་དུ་ལུས་ལ་མཉམ་ནས་ཞེས་བྱ་བའི་རླུང་གི་འཐོབ་པར་བྱེད་དེ། ཁམས་བདུན་རོ་མཉམ་པར་བྱེད་དོ། །ཞེས་པའི་དོན་ཏོ། །ལུས་ལ་གྱེན་རྒྱུ་ཞེས་བྱ་བའི་རླུང
་གིས་གཡོ་བར་བྱེད་དོ། །ཁ་དང་ལག་པ་རྐང་པ་རྣམས་ཀྱི་ཀླུ་དང་ཟློས་གར་བྱེད་དེ། ལུས་འདི་ལ་གྱེན་རྒྱུ་དེ་ཉིད་ཀྱིས་ཁ་ཡི་གླུ་ལ་སོགས་པ་དང་རྒོད་པ་དང་སྨྲ་བ་ལ་སོགས་པར་བྱེད་དོ། །ལག་པ་རྐང་པ་རྣམས་ཀྱི་ཟློས་གར་དང་འགྲོ་བ་ལ་སོགས་པ་བྱེད་དོ། །
་ཁྱབ་བྱེད་ཀྱིས་ནི་ནད་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཆུའི་རང་བཞིན་གྱི་དབང་གིས་ཏེ། ཇི་ལྟར་ལུས་ནི་འཇིག་རྟེན་པ་དེ་ལྟར་ཉིད་དུ་ནད་བྱེད་དོ། །ཀླུ་ཡང་བསྒྲགས་པ་བྱེད་པ་ཉིད་དེ། གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ནི་རུས་སྦལ
་རླུང་གིས་སོ། །དེ་ནི་ཞེས་པ་ཁྲོ་བ་དང་གཡེང་བ་མཛའ་དག་རྩངས་པའི་རླུང་གིས་བྱེད་དོ། །གླལ་བ་དག་ཀྱང་ལྷན་བྱིན་གྱིས་བྱེད་དོ། །ལུས་ནི་ལྔ་པ་ཉིད་དུ་གྱུར་པ་ནོར་ལས་རྒྱལ་བའི་རླུང་གིས་གཏོང་བར་མི་བྱེད་དོ། །མིའི་བདག་པོ་ཞེས་པ་ནི་འོང་པའོ། །
་རླུང་གཅིག་ནོར་ལས་རྒྱལ་བའོ་ཞེས་སོ། །དེ་ལྟར་བརྗོད་པའི་རིམ་པས་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ཅད་དེ་རླུང་རྣམས་ཀྱི་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་སྟོང་པར་མི་བྱེད་དེ། ནམ་མཁའ་ལ་སོགས་པའི་རང་བཞིན་གྱིས་ཡོན་ཏན་རྣམས
་སོ། །སྲོག་ལ་སོགས་པའི་བྱ་བ་ངེས་པའོ། །ད་ནི་དམར་སེར་ཞེས་པ་ལ་སོགས་པས་རྩའི་མིང་མུ་སྟེགས་བྱེད་ཀྱི་མིང་རྣམས་ཀྱིས་གསུངས་ཏེ། དམར་སེར་ཕྲ་མོ་དག་ཀྱང་ཨི་ཌ་ལ་སོགས་ནི་ཨི་ཌ་ལ་སོགས་པ་རྩ་གསུམ་མོ། །རྣམ་གསུམ་ལམ་བགྲོད་ཅེས་པ
་ལ་ཟླ་བའི་ལམ་ལ་བགྲོད་པ་ནི་ཨི་ཌའོ། །ཉི་མའི་ལམ་ལ་བགྲོད་པ་ནི་དམར་སེར་རོ། །སྒྲ་གཅན་གྱི་ལམ་ལ་བགྲོད་པ་ནི་སུ་ཤུན་མའོ། །སྣར་མ་ནི་བཞི་པའོ། །ལག་ལྡན་ལྕེ་ནི་ལྔ་པའོ། །རྒྱལ་ནི་དྲུག་པའོ། །རི་ཡང་རྒྱལ་བ་ཞེས་པ་བདུན་པའོ། ། ལོཾ་བུ་ཥ་ནི་ནོར
་དང་ཞེས་པ་བརྒྱད་པའོ། །ཀུ་ཧཱ་ནི་དགུ་པའོ། །ཕྱོགས་ཀྱི་གྲངས་ནི་དུད་ཅན་མས་གང་སྟེ། བཅུ་པ་དུང་ཅན་མས་བྱང་ཆུབ་ཀྱི་སེམས་བདེ་བའི་མཐར་ཟག་པར་བྱེད་པའོ། །དཔལ་ལྡན་རྩའི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ། ཚིགས་ཀྱི་དབྱེ་བ་དུ་མ་སོ
་ཞེས་པ་ནི་འདིར་ལུས་ལ་ཚིགས་ཀྱི་དབྱེ་བའི་གྲངས་སུམ་བརྒྱ་དྲུག་ཅུ་སྟེ། ཚིགས་ཀྱི་དབྱེ་བ་དེ་དག་གིས་རྩའི་འཁོར་ལོའི་དབྱེ་བ་སུམ་བརྒྱ་དྲུག་ཅུར་འགྱུར་ཞིང། སྲོག་ལ་སོགས་པའི་རླུང་གི་བྱ་བའི་དབྱེ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་པ་ནི་རྩའི་འཁོར
་ལོའི་ངེས་པའོ། །ད་ནི་དབང་པོ་ཞེས་པ་ལ་སོགས་པས་རྩའི་འཁོར་ལོ་དེ་ཉིད་ལ་དབང་པོ་ལ་སོགས་པའི་བྱིན་གྱིས་བརླབས་པ་གསུངས་ཏེ། འདིར་དབང་པོའི་འདབ་མ་ལ་ཐུན་ཚོད་གཅིག་གི་བར་དུ་སྲོག་གི་ནུས་པས་དབང་པོའི་རང་བཞིན་བསྟེན་ཏོ། །མེའི་འདབ་མ
་ལ་མེའི་རང་བཞིན་ནོ། །གཤིན་རྗེའི་འདབ་མ་ལ་གཤིན་རྗེའི་རང་བཞིན་ནོ། །བདེན་བྲལ་གྱི་འདབ་མ་ལ་བདེན་བྲལ་གྱི་རང་བཞིན་ནོ། །ཆུའི་འདབ་མ་ལ་ཆུའི་རང་བཞིན་ནོ། །རླུང་གི་འདབ་མ་ལ་རླུང་གི་རང་བཞིན་ནོ། །ནོར་སྦྱིན་གྱི་འདབ་མ་ལ་ནོར་སྦྱིན་གྱི་རང
་བཞིན་ནོ། །དབང་ལྡན་གྱི་འདབ་མོ་ལ་དབང་ལྡན་གྱི་རང་བཞིན་ཏེ། དེ་ལྟར་འདབ་མ་བརྒྱད་པོ་རྣམས་ལ་སྲོག་གི་ནུས་པ་དེའི་རང་བཞིན་བསྟེན་ཞིང་འཁོར་བར་བྱེད་དོ། །དབང་པོ་ལ་སོགས་པའི་རང་བཞིན་གྱི་ངེས་པའོ། །ད་ནི་མགྲིན་པའི་འཁོར་ལོ་གསུངས་ཏེ། འདིར
་སྙིང་ཀའི་པདྨའི་སྟེང་དུ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་མཛའ་མགྲིན་པའི་འཁོར་ལོ་ལ་གཟའི་ཚོགས་དང་བཅས་པའི་རྒྱུ་སྐར་འཁོར་ལོ་ཡང་དག་གནས་ཏེ། དབྱུ་གུའི་སྐར་མ་བཞི་དང་གཙོ་བོའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ
་འདི་རྣམས་ཀྱིས་འདབ་མ་སུམ་ཅུ་རྩ་གཉིས་པའོ། །དབྱུ་གུའི་རྒྱུ་སྐར་བཞི་དོར་ནས་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་ཉིན་མཚན་གྱི་སྲོག་ཡང་དག་པར་རྒྱུ་སྟེ། དབྱུ་གུ་དྲུག་ཅུ་ལས་ཆ་ཡིས་ཐོབ་པ་ནི་འདབ་མ་སོ་སོ་ལ་སྲོག་ཡང་དག་པར་རྒྱུའོ། །ཚངས
་པའི་གཡུལ་ས་དཔལ་ལྡན་དཔྲལ་པ་དག་ནས་དབྱངས་ཀྱི་ཡོངས་སུ་བསྐོར་བའི་ཐིག་ལེ་དཀར་པོ་ཟག་།མགྲིན་པའི་པདྨ་དེའི་ཡང་སྟེང་དུ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་མཐར་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་པ་ལ་འདབ་མ
་གཉིས་དོར་ནས་འདབ་མ་བཅུ་བཞི་པོ་རྣམས་ལ་ཉིན་མཚན་གྱིས་སྲོག་ཡང་དག་པར་རྒྱུ་སྟེ། དབྱུ་གུ་དྲུག་ཅུ་ལས་བཅུའི་ཆ་ཐོབ་པས་འདབ་མ་སོ་སོ་འདོར་རོ། །ཐིག་ལེ་དང་རྣམ་པར་བཅད་པ་ནི་ལྟེ་བ་ལ་རིག་པར་བྱ་སྟེ། ཟླ་བའི་རྐང་པ་རྒྱུའོ། །སླར་ཡང་ལྟེ
་བའི་འཁོར་ལོ་རྩ་དྲུག་ཅུ་རྩ་བཞི་ནི་འཇིག་མ་ལ་སོགས་པའི་མིང་རྣམས་སོ། །སྙིང་གར་བརྒྱད་ནི་ཨི་ཌ་ལ་སོགས་པའི་མིང་རྣམས་ཀྱིས་སོ། །མགྲིན་པར་ཐ་སྐར་ལ་སོགས་པའི་མིང་དང། སྟོང་པ་བཞིའི་མིང་རྣམས་ཀྱིས་སོ། །དཔྲལ་བའི་རྩ་རྣམས་ལ
་ཚེས་གཅིག་ལ་སོགས་པའི་མིང་རྣམས་ཀྱིས་སོ། །གཙུག་ཏོར་པ་ཐུན་མཚམས་བཞིའི་དབྱེ་བས་དེ་ཉིད་བཞིའི་མིང་རྣམས་ཀྱིས་སོ། །མགྲིན་པ་དང་དཔྲལ་པའི་པདྨ་འདབ་མ་འདི་རྣམས་ལ་ནང་དུ་གྱུར་པ་ནི་འཁོར་ལོ་འདབ་མ་བརྒྱད་པར་རིག་པར་བྱའོ། །དེ
་བཞིན་དུ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་ནི་ས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་ནོ། །གཙུག་ཏོར་ལ་འདབ་མ་བཞི་པ་ནི་སྟོང་པའི་རང་བཞིན་ནོ། །ལྟེ་བར་འདབ་མ་བཞི་པ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ནོ། །
་གསང་བར་འདབ་མ་སུམ་ཅུ་རྩ་གཉིས་པ་སྟེ་ཕྱི་རོལ་གྱི་འདབ་མ་བཅུ་དྲུག་རྣམས་དབྱངས་ཀྱི་རྩའོ། །ནད་དུ་འདབ་མ་བཅུ་ལ་ཕུང་པོ་དང་ཁམས་ཀྱི་རྩའོ། །དེ་ལས་ནང་གི་འདབ་མ་རྣམས་ལ་སྟོང་པ་དྲུག་གི་རྩའོ། །དེ་ལྟར་ན་འཁོར་ལོ་དྲུག་པ་རྣམས་ཀྱི་གྲངས་བཞིན་ནི་ལྔ་བཅུ
་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་སྟེ། འཆད་པར་འགྱུར་བའི་འཁོར་ལོ་དྲུག་པོ་རྣམས་བརྗོད་པར་བྱའོ། །འཁོར་ལོ་དྲུག་གི་ངེས་པའོ། །ད་ནི་རྩ་བ་ཞེས་པ་ལ་སོགས་པས་སྣ་བུག་གཉིས་ལས་དཀྱིལ་འཁོར་ལྔ་རབ་ཏུ་འབབ་པ་གསུངས་ཏེ། འདི་སྣ་བུག་གཡོན
་པ་དང་གཡས་པ་དག་ལ་རྩ་བ་སྟེ་འོག་གི་ཆར་སའི་དཀྱིལ་འཁོར་འབབ་བོ། །སྣ་བུག་གཡོན་པ་དང་གཡས་པ་དག་ལ་གཡོན་དུ་ཆུ་འབབ་པོ། །དབུས་ཀྱི་རེ་ཁཱ་ལ་མངོན་པར་ཕྱོགས་པའི་སྣའི་བུག་པ་གཉིས་ཏེ། ཐམས་ཅད་ཀྱི་བྱང་ན་ལྷུན་པོའོ་ཞེས་པའི
་ཤེས་པར་བྱེད་པ་ལས་སོ། །གཡས་སུ་སྲེག་ཟའི་དཀྱིལ་འཁོར་དག་ནི་རབ་ཏུ་འབབ་སྟེ། གཡས་དང་བྱང་གཉིས་ཀའི་ཕྱི་རོལ་གྱི་སྣའི་བུག་པའི་ཆའོ། །སྣ་བུག་གཉིས་ཀའི་སྟེང་དུ་རླུང་གི་དཀྱིལ་འཁོར་འབབ་བོ། །སྣ་བུག་གཉིས་ཀྱི་དབུས་སུ་ནམ་མཁའ་སྟེ་ས
་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ནམ་མཁའ་ཨི་དཀྱིལ་འཁོར་འབབ་སྟེ་གཡོན་གྱི་དུས་སྦྱོར་རྒྱུ་བ་ལ་གཡོན་དང་གཡས་ཀྱི་དུས་སྦྱོར་རྒྱུ་བ་ལ་གཡས་ནས་དཀྱིལ་འཁོར་རབ་ཏུ་འབབ་པོ། །སླར་ཡང་སྣ་བུག་གཉིས་ལ་གཅིག་ཅར་དུ་མཉམ་པ
་ཡེ་ཤེས་ཀྱི་དཀྱིལ་འཁོར་འབབ་སྟེ། སྲོག་གི་ནུས་པའོ། །འདི་དག་རྣམས་ནི་དབུགས་ཏེ་ཞེས་པ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང། དཔྲལ་བ་དང་གཙུག་ཏོར་དང་སྣ་བུག་གི་དཀྱིལ་འཁོར་རྣམས་དབྱུ་གུ་དང་ཁྱིམ་དང་ཐུན་ཚོད་དང་རྒྱུ་སྐར་དང་ཚེས་གྲངས་དང
་མཚམས་ཀྱི་དཀྱིལ་འཁོར་གྱི་དབྱེ་བ་དག་གི་འབུགས་པར་བྱེད་དོ། །ནུས་པ་ནི་སྲོག་གི་ནུས་པ་འགྲོ་སྟེ་མཆོག་གི་གནས་ནི་དམིགས་པ་མེད་པའོ། །བཅུ་གཉིས་མཛའ་ནི་སོར་བཅུ་གཉིས་ཀྱི་མཛའ་ཨོ། །ཆའི་མཛའ་ནི་སོར་བཅུ་དྲུག་གི་མཐར་རོ། །འདིར་སའི་དཀྱིལ་འཁོར
་རབ་ཏུ་འབབ་བའི་རླུང་ནི་སྣ་བུག་ནས་སོར་བཅུ་གཉིས་ཀྱི་མཐར་འགྲོ་སྟེ་དེ་ནས་ལྡོག་གོ་།ཆུའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་གསུམ་འགྲོ་སྟེ་དེ་ནས་ལྡོག་གོ་།མེའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་བཞི་འགྲོ་སྟེ་དེ་ནས་ལྡོག་གོ་།རླུང་གི་དཀྱིལ
་འཁོར་གྱི་རླུང་ནི་སོར་བཅོ་ལྔ་འགྲོ་སྟེ། དེ་ནས་ལྡོག་གོ་།སྟོང་པའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་དྲུག་འགྲོ་སྟེ་དེ་ནས་ལྡོག་གོ་།ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རླུང་སའི་དཀྱིལ་འཁོར་གྱི་མཐར་དེ་དག་གི་དབུས་སུ་རབ་ཏུ་ཞུགས་པ་ནི་སྣ་བུག་གཉིས་ནས་སོར་བཅུ
་གཉིས་འབབ་པོ། །ནམ་མཁའ་ཨི་མཐར་དབུ་མར་ཞུགས་པ་ནི་སོར་བཅུ་དྲུག་འབབ་པོ། །འདིར་གང་གི་ཚེ་ཕྱི་རོལ་ཏུ་འཕེལ་བར་གྱུར་པ་དེའི་ཚེ་ནང་དུ་ཐུང་ངུར་འགྱུར་རོ། །གང་གི་ཚེ་བཅུ་དྲུག་ལ་སོགས་པ་ལས་ཕྱི་རོལ་ཏུ་ཐུང་ངུར་འགྱུར་བ་དེའི་ཚེ་རླུང་གི་རྩའི་དབང་གི
་ལྟེ་བར་སོར་མོ་བཞི་འཕེལ་བར་འགྱུར་ཏེ་སྲོག་གི་ནུས་པ་འབབ་པའི་ངེས་པའོ། །ད་ནི་ཞིང་ཞེས་པ་ལ་སོགས་པས་ཞིང་ལ་སོགས་པ་རྣམས་གསུངས་ཏེ། འདི་ལྟར་ལུས་ཀྱི་དཔུང་པའི་ཚིགས་གཉིས་ལ་ཞིང་གཉིས་སོ། །བརླའི་ཚིགས་གཉིས་ལ་ཉེ་བའི་ཞིང་ངོ། །ཉེ་བའི
་དཔུང་བའི་ཚིགས་གཉིས་ལ་ཚན་དོ་ཧ་གཉིས་སོ། །པུས་མོའི་ཚིགས་གཉིས་ལ་ཉེ་བའི་ཚན་དོ་ཧའོ། །ལག་པའི་ཚིགས་གཉིས་ལ་འདུས་པའོ། །རྐང་པའི་ཚིགས་གཉིས་ལ་ཉེ་བའི་འདུས་པའོ། །ལག་པའི་མཐིལ་གཉིས་ལ་དུར་ཁྲོད་གཉིས་སོ། །རྐང་པའི་མཐིལ
་གཉིས་ལ་ཉེ་བའི་དུར་ཁྲོད་གཉིས་སོ། །ལག་པ་གཉིས་ཀྱི་སོར་མོ་ལ་དུར་ཁྲོད་ཆེན་པོ་བཞིའོ། །རྐང་པ་གཉིས་ཀྱི་སོར་མོ་ལ་ཉེ་བའི་དུར་ཁྲོད་ཆེན་པོ་བཞི་སྟེ། ཞིང་ལ་སོགས་པའི་ངེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ
་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོང་ལས་ཀུན་འབྱུང་གི་བདེན་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ་སྟེ། གཉིས་པའོ།། །།ད་ནི་འཁོར་ལོ་ཅན་ཞེས་པ་ལ་སོགས་པས་འཁོར་ལོས་སྒྱུར
་པ་དང། ཀླ་ཀློའི་འཁྲུག་པ་རང་གི་ལུས་ལ་གསུངས་ཏེ། འདིར་རང་གི་ལུས་ལ་ནི་མིའི་ལུས་ལའོ། །ཕྱི་རོལ་ཏུ་ལེའུ་དང་པོ་ལས་གསུངས་པའི་འཁོར་ལོ་ཅན་གང་ཡིན་པ་དེ་ནི་ལུས་རྡོ་རྗེ་ཅན་ཏེ་ཐུགས་རྡོ་རྗེའོ། །ཞེས་པའི་དོན་ཏོ། །ལྷ་མཆོག་བདག་པོ་དབང་ཕྱུག་ལ་སོགས
་བཅུ་གཉིས་རྣམས་གང་ཡིན་པ་དེ་དག་ནི་ཡན་ལག་བཅུ་གཉིས་འགོག་པ་རྣམས་སོ། །རིགས་ལྡན་གང་ཡིན་པ་དེ་ནི་ལུས་ལ་ཡང་དག་པའི་ཡེ་ཤེས་ཏེ། ནི་ཞེས་པ་ནི་རྒྱུ་དེ་ལས་སོ། །ཕྱི་རོལ་ཏུ་གླང་པོ་རྟ་དང་ཤིང་རྟ་མངག་གཞུག་པ་གང་ཡིན་པ་དེ་དག་ལུས
་ལ་འཕགས་པའི་ཚད་མེད་པ་བཞི་རྣམས་སོ། །ཕྱི་རོལ་ཏུ་དྲག་པོ་གང་ཡིན་པ་དེ་ནི་ལུས་ལ་རང་རྒྱལ་གྱི་ཡེ་ཤེས་ཀྱི་མིང་ཅན་ནོ། །ཕྱི་རོལ་ཏུ་ཧ་ནུ་མཱན་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཡེ་ཤེས་ཏེ། རང་གི་ལུས་ལ་འཁོར་ལོ་ཅན་འཁོར་དང་བཅས་པ་དང་རིགས་ལྡན
་སུ་འགྱུར་རོ། །དེ་བཞིན་དུ་ཕྱི་རོལ་ཏུ་གདུག་པ་ཀླ་ཀློའི་དབང་པོ་གང་ཡིན་པ་དེ་ནི་ལུས་ལ་སྡིག་པའི་སེམས་སོ། །ཕྱི་རོལ་ཏུ་བྱེད་པའི་བློ་གྲོས་སྡུག་བསྔལ་སྦྱིན་བྱེད་གང་ཡིན་པ་དེ་ནི་ལུས་ལ་མི་དགེ་བའི་ལམ་མོ། །ཕྱི་རོལ་ཏུ་རྟ་ལ་གནས་པ་གང་ཡིན་པ་དེ
་ནི་ལུས་ལ་མ་རིག་པ་འཇུག་པའོ། །ཕྱི་རོལ་ཏུ་ལྷ་མིན་དཔུང་གླང་པོ་དང་རྟ་དང་ཤིང་རྟ་དང་རྐང་ཐང་རྣམས་གང་ཡིན་པ་དེ་ནི་ལུས་ལ་བདུད་ཀྱི་ཕྱོགས་རྣམ་པ་བཞིའོ། །ཕྱི་རོལ་ཏུ་དེའི་གཡུལ་ལ་ཀླ་ཀློ་རྣམས་སྡུད་པ་དེ་ནི་རང་གི་ལུས་ལ་སྲིད་པའི་འཇིག་པ་སོགས
་པའོ། །ཕྱི་རོལ་ཏུ་འཁོར་ལོ་ཅན་ཆེན་པོ་དང་རིགས་ལྡན་གྱི་དཔལ་ལྡན་རྒྱལ་བ་གང་ཡིན་པ་དེ་ནི་རང་གི་ལུས་ལ་ཐར་བའི་ལམ་སྙེད་པའོ། །ཕྱི་རོལ་ཏུ་ཀཻ་ལ་ཤར་འཁོར་ལོ་ཆེན་པོའི་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་རང་གི་ལུས་ལ་སྲིང་བའི་འཇིགས་པ་འཕྲོག
་པའོ། །ཕྱི་རོལ་ཏུ་རྫས་ཀྱི་གང་བའི་ས་གཞི་གང་ཡིན་པ་ནི་ལུས་ལ་ཁམས་ཀྱི་ཚོགས་པ་རྣམ་པར་དག་པའོ། །ཕྱི་རོལ་ཏུ་འཁོར་ལོ་ཅན་གྱི་སྲས་ཚངས་པ་དང་ལྔའི་དབང་པོར་གྱུར་པ་རྒྱབ་ཀྱི་དུམ་བུ་གཅིག་ཏུ་ཆོས་སྟོན་པར་བྱེད་པ་དེས་མདུན་ཏེ་མདུན་གྱི་དུམ་བུ
་ཀླ་ཀློའི་ཆོས་ཟད་པ་དོན་དུ་གཉེར་བ་གང་ཡིན་པ། འཇམ་དཔལ་དེ་དང་འཇིག་རྟེན་མགོན་པོ་སྲིད་པ་གསུམ་ལ་རྣམ་པར་རྒྱལ་བ་དེ་ནི་རང་གི་ལུས་ལ་དཔལ་ལྡན་རྡུལ་དང་བྱང་ཆུབ་ཀྱི་སེམས་བདེ་བ་སྟེར་བ་འམ། སྨོན་པའི་སེམས་དང་འཇིག
་པའི་སེམས་སོ། །རྒྱབ་ཀྱི་དུམ་བུར་ཚངས་པ་ལ་སོགས་པའི་རིགས་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་དག་ནི་རང་གི་ལུས་ལ་དུ་མའི་སངས་རྒྱས་རྣམ་པར་དག་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རང་བཞིན་ནོ། །དེ་ལྟར་ཀླ་ཀློའི་དབང་པོའི་འཁྲུག་པར་འགྱུར་ཏེ་ངེས
་པར་ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུའོ། །སྒྱུ་མའི་གཟུགས་ཀྱང་ཕྱི་རོལ་ཏུ་ནི་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློ་འཁྲུག་སྟེ། འཁྲུག་པ་མིན་ཞེས་པ་སྟེ། འདི་ནི་རྒྱས་པར་འཆང་པར་འགྱུར་བའི་ལེའུ་ལྔ་པར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད
་པར་བྱའོ། །ད་ནི་དུས་ཀྱི་ལོ་ཞེས་པ་ལ་སོགས་པ་དབུ་མའི་ཕྱོགས་གསུམ་དང་ལོ་གསུམ་གྱི་དབྱེ་བ་དག་གིས་རིགས་གསུམ་ལ་སོགས་པས་འདུས་པ་ལ་སོགས་པ་གསུངས་ཏེ། འདིར་དུས་ཀྱི་ལོ་ནི་རྩ་དབུ་མའི་ལོའོ། །མེ་གྲངས་ནི་གསུམ་གྱི་གྲངས་སོ། །ཀོའི།
་ཉེན་ཞག་ཚོགས་ཀྱིས་བསྒྱུར་བ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་བསྒྱུར་བར་གྱུར་པ་སྟེ། ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུར་འགྱུར་རོ། །ལོ་གསུམ་པོ་དེ་ཉིད་རིགས་གསུམ་སྟེ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་སོ། །ལོའི་དབྱེ་བས་སྙིང་སྟོབས་དང་རྡུལ་དང་མུན
་པའི་རང་བཞིན་ནོ། །ཉིན་ཞག་གི་ཚོགས་དེ་ལས་བགྲོད་པའི་བརྒྱ་བརྒྱད་ཅུའི་ཆས་ཐོབ་པ་ནི་རིགས་དྲུག་ཏུ་འགྱུར་རོ། །སླར་ཡང་ཉིན་ཞག་གི་ཚོགས་དེ་ལས་ཟླ་བའི་དབྱེ་བ་སྟེ་སུམ་ཅུའི་ཆས་ཐོབ་པ་ནི་རིགས་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ་རོ་ཡིས་བསྒྱུར་པའི
་རོ་ཞེས་པ་དྲུག་གིས་སྒྱུར་བའི་དྲུག་ནི། སུམ་ཅུ་རྩ་དྲུག་སྟེ་རྣལ་འབྱོར་མ་རྣམས་ཀྱིས་རིགས་སོ། །དེ་བཞིན་དུ་ཐབས་རྣལ་འབྱོར་པ་རྣམས་ཀྱིའོ། །ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུ་པོ་དེ་ལས་གཟའ་ཡིས་བཅད་པས་ཐོབ་པ་ནི། དབུ་གསལ་ངེས་པར་དུས་ཀྱི
་འཁོར་ལོའི་དཀྱིལ་འཁོར་བའི་ལྷ་རྣམས་ཏེ་ལྔ་བཅུ་རྩ་བཞི་ལྷག་པའི་བརྒྱ་ཕྲག་གཅིག་གོ་།ལྷག་མ་ཤེས་རབ་དང་ཐབས་ཟུང་གཅིག་སྟེ། དེ་ལྟར་ན་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་ནི་དུས་ཀྱི་འཁོར་ལོ་སྟེ་བདུན་གྱི་ཆའི་ལྷག་མ་ནི་རིགས་ལྡན་གྱི་གནས་ཀྱི་ལྷག
་པའི་ལྷའོ། །ལྷ་དང་ལྷ་མོའི་འཁོར་ལོ་དང་རིགས་ལྡན་གྱི་མཚན་ཉིད་དོ། །སླར་ཡང་སྔར་གྱི་ཉིན་ཞག་གིས་ཚོགས་སྟོང་བརྒྱད་ཅུ་པོ་དེ་ལས་ཕྱོགས་ཀྱིས་བཅས་པ་མངོན་པར་བརྗོད་པ་ཞེས་པ་ནི་བཅོ་ལྔའི་ཆ་ཡིས་ཐོབ་པའི་ལྷ་དང་ལྷ་མོ་རྣམས་ཀྱིས་མངོན་པར་བརྗོད
་པར་འགྱུར་ཏེ། དུས་ཀྱི་འཁོར་ལོའི་བདག་པོ་ཟུང་དང་ལྷན་ཅིག་བདུན་ཅུ་རྩ་གཉིས་ནི་ལྷ་དང་ལྷ་མེའི་མཚན་ཉིད་དེ་ཞེས་པ་ནི་ལོ་གསུམ་གྱི་དབྱེ་བས་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །འཇིག་རྟེན་གྱི་གུན་རྫོབ་ཀྱི་རིགས་གསུམ་དང། རིགས་དྲུག་དང། རིགས
་སུམ་ཅུ་རྩ་དྲུག་ནི་རྣལ་འབྱོར་མའི་རྒྱུད་དེ། རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ད་ནི་སྒྱུ་འཕྲུལ་དྲ་བ་ཞེས་པ་ལ་སོགས་པས། བྱ་བའི་རྣལ་འབྱོར་དང་རྣལ་འབྱོར་གྱི་རྒྱུད་རྣམ་པ་གསུམ་དང་དྲུག་གི་དབྱེ་བས་གསུངས་ཏེ། འདིར་དབུ་མའི་ཕྱོགས་གསུམ་གྱི་ཉིན་ཞག་ནི
་ཉིན་ཞག་བཞི་བཅུ་རྩ་ལྔ་སྟེ། ཉིན་ཞག་སོ་སོ་ལ་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་བཅུ་གཉིས་ཀྱི་བསྒྱུར་བ་ནི་ཉིན་ཞག་གི་ཡན་ལག་བཞི་བཅུ་ལྷག་པའི་ལྔ་བརྒྱའི་གྲངས་སུ་འགྱུར་རོ། །ཉིན་ཞག་གི་ཡན་ལག་བཞི་བཅུ་ལྷག་པའི་ལྔ་བརྒྱ་པོ་དེ་ལས་ཐ་དད་དུ
་བྱས་པ་ནི་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་དུ་ཡང་འགྱུར་ཏེ། བུག་པ་རིག་བྱེད་ཅེས་པ་ལྷ་ཟུང་བཞི་བཅུ་རྩ་དགུས་གཅིག་ཏུ་འགྱུར་རོ། །སླར་ཡང་འབྱུང་བ་རྒྱ་མཚོས་འགྱུར་ཞེས་པ་ནི་ལྷ་ཟུང་བཞི་བཅུ་རྩ་ལྔ་གཉིས་པར་འགྱུར་རོ། །མེ་དང་ཆུ་གཏེར་གྱིས
་ལྷ་ཟུང་བཞི་བཅུ་རྩ་གསུམ་གྱིས་གཞན་དུའོ། །ཉིན་ཞག་གི་ཡན་ལག་འདི་ལས་ཐ་དད་དུ་བྱས་པ་རྣམས་ནི་གསུམ་གྱི་དབྱེ་བས་སུམ་ཅུ་རྩ་བདུན་ལྷག་པའི་བརྒྱའི་གྲངས་སུ་འགྱུར་རོ། །ལྷ་དང་ལྷ་མོ་རྣམས་ནི་ཉེས་འགྱུར་ཏེ་བདུན་ཅུ་རྩ་བཞི་ལྷག་པའི་ཉིས་བརྒྱ
་ཡི་གྲངས་སུ་འགྱུར་ཞེས་པ་ནི་སྒྱུ་འཕྲུལ་དྲ་བའི་ངེས་པ་སྟེ། འདིའི་སྤྲོས་པའི་དོན་ནི་ལེའུ་ལྔ་པ་ལས་བརྗོད་པར་བྱའོ། །ཞེས་པ་ནི་སྒྱུ་འཕྲུལ་དྲ་བ་བྱ་བའི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས་པའོ། །ད་ནི་འདུས་པ་རྣམ་པ་དྲུག་གི་དབྱེ་བས་གསུངས་ཏེ།
་ཐ་དད་དུ་བྱས་པའི་ལྷག་མའི་ཉིན་ཞག་གི་ཡན་ལག་དེ་ལས་དཔལ་ལྡན་འདུས་པ་དུས་ཀྱི་དབྱེ་བ་ནི་ཞེས་པ་སྟེ། དེ་ཉིད་ཅེས་བྱ་ཞེས་པ་ནི་ཉིན་ཞག་གི་ཡན་ལག་དེ་ལས་ཐ་དད་དུ་བྱས་པའི་ལྷ་ཟུང་ཉི་ཤུ་རྩ་ལྔས་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་འགྱུར་རོ། །ལྷ
་བཅུ་དགུ་ཐ་དད་བྱས་པས་ཉི་ཤུ་རྩ་ལྔ་པོ་འདི་ལས་དྲུག་གིས་དམན་པ་གཞན་བཅུ་དགུའི་བདག་ཉིད་དུ་འགྱུར་རོ། །ཉི་ཤུ་རྩ་ལྔའི་བདག་ཉིད་དང་བཅུ་དགུའི་བདག་ཉིད་དེ་དག་གི་ཕྱེད་ཀྱི་དབྱེ་བས་རྣམ་པར་ཕྱེ་བ་ནི་དབྱེ་བ་གཞན་དུ་ཡང་འགྱུར་ཏེ། ཉི་ཤུ་རྩ
་ལྔའི་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་སོ། །བཅུ་དགུ་ཕྱེད་ནི་ཕྱེད་དང་བཅས་པའི་དགུ་སྟེ། འདི་ལས་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ལ་འཇུག་གོ་།དེ་ལ་གཅིག་ནི་དགུའི་བདག་ཉིད་ཀྱི་འདུས་པའོ། །གཞན་ནི་བཅུ་གསུམ་གྱི་བདག་ཉིད་དོ། །
་སླར་ཡང་བསྲས་བ་ནི་འདུས་པའི་དབྱེ་བ་གཞན་གཉིས་སུ་འགྱུར་ཏེ། བཅུ་གསུམ་ཞེས་པ་ནི་བཅུ་དང་གསུམ་མོ། །བཅུ་དགུ་ཞེས་པ་ནི་ཉི་ཤུར་གཅིག་གིས་མ་ཆང་བ་སྟེ། བཅུ་གསུམ་དང་བཅུ་དགུ་པོ་འདི་དག་གིས་ཀྱང་ལྷ་བཟུང་སུམ་ཅུ་རྩ་གཉིས་ཀྱི
་འདུས་པར་འགྱུར་རོ། །བུག་པ་སྟེ་དགུ་དང་དེ་ཉིད་དང་བཅས་ཏེ་ཉི་ཤུ་རྩ་ལྔ་དང་བཅས་པ་ནི་ལྷ་ཟུང་སུམ་ཅུ་རྩ་བཞི་འདུས་པ་གཉིས་པར་འགྱུར་ཏེ། དེ་ལྟར་འདུས་པ་དྲུག་གི་དབྱེ་བ་ཐ་དད་དོ། །རྒྱུད་ཀྱི་རྒྱལ་པོ་དྲུག་པོ་འདི་དག་ལ་ལྷ་ཟུང་གི་གྲངས་སུམ
་ཅུ་རྩ་གཉིས་ལྷག་པའི་བརྒྱར་འགྱུར་རོ། །ཉིས་འགྱུར་ནི་ལྷ་དང་ལྷ་མོའི་གྲངས་ཏེ་དྲུག་ཅུ་རྩ་བཞི་ལྷག་པའི་བརྒྱ་ཕྲག་གཉིས་སོ། །དེ་ལྟར་ན་འདུས་པ་དང་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་རྒྱལ་པོ་དགུ་པོ་རྣམས་ལ་བདག་པོ་ཟུང་དང་བཅས་པ་བཞི་བཅུ་ལྷག
་པའི་ལྔ་བརྒྱའི་ཉིན་ཞག་གི་ཡན་ལག་གི་གྲངས་ཀྱི་ལྷ་དང་ལྷ་མོར་འགྱུར་རོ། །རྒྱུད་འདི་རྣམས་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཟླ་བ་དང་ཉི་མའི་རྐང་པ་རྫོགས་པའི་དབྱེ་བས་ཐ་དད་པ་ནི་མངལ་དུ་ཇི་ལྟ་བ་དེ་བཞིན་དུ་ལེའུ་ལྔ་པ་ལས་གདན་གྱི་དབྱེ་བས་བརྗོད
་པའོ། །ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས་པའོ། །འདིར་མངལ་ནས་སྐྱེས་པའི་ཕུང་པོ་དང་ཁམས་རྫོགས་པ་ནི་དགུའི་བདག་ཉིད་ཀྱི་འདུས་པའོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པའི་དང་སྦྲུལ་བའི
་འཁོར་ལོ་རྫོགས་པ་ནི་བཅུ་གསུམ་གྱི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དང་ཡུལ་རྫོགས་པ་ནི་བཅུ་དགུའི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དང་ཡུལ་དང་མིག་ལ་སོགས་པ་དྲུག་རྫོགས་པ་ནི་ཉི་ཤུ
་རྩ་ལྔའི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོ་དང་གསང་བ་དང་གཙུག་ཏོར་གྱི་པདྨ་རྫོགས་པ་ནི་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དྲུག
་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོ་དང། མཆོག་གི་དབང་པོ་དང་དགའ་བ་རྫོགས་པ་ནི་སུམ་ཅུ་རྩ་བཞིའི་བདག་ཉིད་ཀྱི་འདུས་པའོ། །མངལ་བཟུང་ནས་ལོ་བཅུ་དྲུག་གི་མཚམས་ཀྱི་བར་དུ་བྱིས་པ་རྣམས་རྣམ་པ་དྲུག་ཏུ་འབྱུང་བ་ནི་འདུས་པའི
་ངེས་པ་སྟེ། ལེའུ་ལྔ་པ་ལས་རྒྱས་པར་བརྗོད་པར་བྱའོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལ་ཕུང་པོ་དང་ཁམས་དགུ་དང། སྤུ་ལ་སོགས་པའི་ཁམས་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་འཁོར་ལོ་བཞི་དང་བཅས་པ་དང་རླུང་དང་མཁྲིས་པ་དང་བད་ཀན་དང
་འདུས་པའི་ཁམས་དང་བཅས་པའི་ལས་ཀྱི་དབང་པོ་དྲུག་ནི་བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཀྱི་སྒྱུ་འཕྲུལ་དྲ་བའོ། །གཙུག་ཏོར་དང་གསང་བའི་པདྨ་དང་བཅས་པ་ནི་བཞི་བཅུ་རྩ་ལྔའི་བདག་ཉིད་དོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་
་བཅས་པ་ནི་བཞི་བཅུ་རྩ་དགུའི་བདག་ཉིད་དོ་ཞེས་པ་ནི་སྒྱུ་འཕྲུལ་དྲ་བའི་ངེས་པ་སྟེ། ལེའུ་ལྔ་པ་ལས་རྒྱས་པར་བརྗོད་པར་བྱའོ། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་འབྱུང་བའི་ངེས་པའོ། །ད་ནི་ཕྱི་དང་ནང་གི་ཕྱག་རྒྱ་གསུངས
་ཏེ། འདིར་ཐམས་ཅད་རྒྱུ་ཡིས་འབྲས་བུ་ལ་རྒྱས་གདབ་པར་བྱ་སྟེ། འབྲས་བུས་ཀྱང་རྒྱུ་ལ་རྒྱས་གདབ་པར་བྱའོ། །རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མ་ནི་ཤེས་རབ་སྟེ་རྒྱུའོ། །ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་ཟླ་བ་ནི་ཐབས་ཏེ་འབྲས་བུའོ། །གཞན་ལ་ལྟོས
་པ་ལས་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་ཟླ་བ་ནི་ཤེས་རབ་སྟེ་རྒྱུའོ། །རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མ་ནི་ཐབས་ཏེ་འབྲས་བུའོ། །དེ་ལྟར་ཐམས་ཅད་དུ་སྟོང་པ་ཉིད་ནི་ཤེས་རབ་སྟེ་རྒྱུའོ། །སྙིང་རྗེ་ནི་ཐབས་ཏེ་འབྲས་བུའོ། །འདིར་གང་ཞིག་ཟླ་བའི་ཆ་ཤས་ཉིན
་ཞག་གི་ཚོགས་བཞི་བཅུ་རྩ་ལྔ་སྟེ། དེ་དག་ལས་གཟའི་ཆ་ཡིས་ཐོབ་པ་ཉིན་ཞག་དྲུག་ནི་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག་ཏུ་འགྱུར་ཏེ། འཁོར་ལོ་དང། རྣ་ཆ་དང་མགུལ་རྒྱན་དང་གདུ་བུ་དང་སྐ་རགས་དང། ཐལ་བ་དང། མཆོད་ཕྱིར་ཐོགས་ཏེ། དུས་ཀྱི་འཁོར
་ལོའི་ཕྱི་རོལ་གྱི་ཕྱག་རྒྱའོ། །གཞན་པའི་ཉིན་ཞག་ཚོགས་ཏེ་ལྷག་མ་གསུམ་གྱི་གྲངས་ནི་ནང་དུ་རྡོ་རྗེ་ཅན་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྟེ། ཕྱི་དང་ནང་དུ་ཕྱག་རྒྱ་དགུར་རིག་པར་བྱའོ། །ཤེས་རབ་སྐུ་ཞེས་པ་ནི་ཤེས་རབ་ཀྱི་རྒྱུད་དང་ཐབས་ཀྱི་རྒྱུད་ལ
་དུས་སྦྱོར་གསུམ་རྣམས་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་དེ་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་དོ། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ལས་ཕྱག་རྒྱ་རབ་ཏུ་གསལ་བར་བྱས་པའི་ངེས་པའོ། །ད་ནི་ནུས་མ་ཞེས་པ་ལ་སོགས་པས
་དུས་ཀྱི་འཁོར་ལོའི་ལྷ་དང་ལྷ་མོའི་གྲངས་གསུངས་ཏེ། འདིར་འཁོར་ལོ་དྲུག་གི་རྩ་སྣ་ཚོགས་པའི་རང་བཞིན་རྣམས་ལྷའི་ཚོགས་སོ། །ནུས་པ་ཁྲོ་བོ་རྣམས་ནི་རིམ་པས་བཅུ་རུ་རབ་ཏུ་འགྱུར་ཏེ་ཞེས་པ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ནུས་མ་བཅུ་དང
་གཙུག་ཏོར་ལ་སོགས་པའི་ཁྲོ་བོ་བཅུ་སྟེ་སོ་སོར་བཅུའོ། །ལྔ་ནི་སངས་རྒྱས་ལྷ་མོ་རྣམས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་དང། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ལྷ་མོ་ལྔ་སྟེ་སོ་སོར་ལྔའོ། །གཟུགས་སོགས་མིག་ལ་སོགས
་པ་དྲུག་སྟེ་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་ལ་སོགས་པ་དྲུག་དང་སའི་སྙིང་པོ་ལ་སོགས་པ་དྲུག་སྟེ། དེ་བཞིན་དུ་སོ་སོར་དྲུག་གོ་།སླར་ཡང་ལྷའི་ཚོགས་ནི་དྲུག་གཉིས་སོ། །ཞེས་པ་ནི་དབང་པོ་ལ་སོགས་པ་བཅུ་གཉིས་ཀྱི་གྲངས་སོ། །རྣལ་འབྱོར་མ་དང་ཀླུ་དང་གཏུམ
་མོ་བརྒྱད་ཅེས་པ་ནི། ཙར་ཙི་ཀ་ལ་སོགས་པ་བརྒྱད་དང། མཛའ་ཡས་ལ་སོགས་པ་བརྒྱད་དང། ཁྱི་གདོང་མ་ལ་སོགས་པ་བརྒྱད་དེ། ལྷའི་ཚོགས་འདི་དག་མཛའ་དག་ནི་སྒྲུབ་ཐབས་ཀྱི་ལེའུ་ལས་སོ་སོར་མིང་གི་དབྱེ་བས་བརྗོད་པར་བྱའོ། །སྲིད་པར
་ཞེས་པ་ནི་ཕྱི་རོལ་དང་ནང་དུའོ། །སླར་ཡང་འདི་དག་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཉིས་འགྱུར་ཏེ། འདི་དག་དཔལ་ལྡན་དུས་ཀྱི་འཁོར་ལོ་བཞི་ལྷག་བརྒྱ་སྟེ། དེའི་ཕྱེད་ཀྱང་ལྷ་ལྔ་བཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེ་ལྟར་ཉི་མ་དང་ཟླ་བའི
་དབྱེ་བས་ཏེ། སླར་ཡང་དེ་དག་གཅིག་ཉིད་ཀྱིས་ལྷ་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་གི་བདག་ཉིད་ཀྱི་དུས་ཀྱི་འཁོར་ལོར་རིག་པར་བྱའོ། །པདྨའི་ལྟེ་བ་ལ་གནས་པའི་ལྷ་ཚོགས་ཀྱི་ངེས་པའོ། །ད་ནི་ཙར་ཙིཀ་ལ་སོགས་པ་པདྨའི་འདབ་མའི་ལྷ་མོ
་རྣམས་གསུངས་ཏེ། ཉི་མའི་ཆ་ལ་ས་ཏེ་སུམ་ཅུ་རྩ་གཉིས་ཀྱིས་ཆས་དབུགས་ཀྱི་འཁོར་ལོ་ལས་ཉིན་ཞག་སོ་སོར་ཆུ་ཚོད་གཉིས་ཐོབ་པ་གང་ཡིན་པ་དེ་ནི་ཟླ་བའི་དབུས་སུ་ཆུ་ཚོད་དྲུག་ཅུར་འགྱུར་ཏེ། རིགས་ལྡན་གྱི་རང་བཞིན་ནོ། །དེ་དག་རྣལ་འབྱོར
་མ་སྟེ་དུས་སྦྱོར་བསྲེས་པ་ཞེས་པ་ལ། དུས་སྦྱོར་ནི་ཐུན་མཚམས་བཞི་སྟེ། དེ་དག་རིགས་ལྡན་ལ་བསྲེས་པ་ནི་དྲུག་ཅུ་རྩ་བཞིར་འགྱུར་རོ། །དེ་དག་ཀྱང་ཤེས་རབ་དང་ཐབས་ཀྱི་དབྱེ་བས་གཉིས་ཀྱིས་བསྒྱུར་བ་ནི་ཉི་ཤུ་རྩ་བརྒྱད་ལྷག་པའི་བརྒྱའི་གྲངས་སུ
་འགྱུར་རོ། །སླར་ཡང་ཉི་མའི་ཆ་ལས་ཉིན་ཞག་རབ་ཕྱེ་སྟེ་ཉིན་ཞག་སུམ་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བ་ནི་ནག་པ་ལ་སོགས་པའི་ཚེས་ཀྱི་མཚན་ཉིད་ཀྱི་ལྷའི་ཚོགས་ཏེ། དེ་ཉིད་སྒེག་མོ་ལ་སོགས་པ་བཅུ་གཉིས་དང་བཅས་པ་ཉིས
་འགྱུར་དག་ཀྱང་ཉི་ཤུ་ལྷག་པའི་བདུན་རྒྱ་ཡིས་གྲངས་ཀྱི་ལྷ་ཡི་ཚོགས་སུ་འགྱུར་རོ། །མཛའ་དག་བསྡུས་པར་གྱུར་པ་ཞེས་པ་ནི་ལྷ་མོ་འདི་དག་མངོན་བརྗོད་རྣམས་དང་བཅས་པ་སྟེ་ལྷ་བདུན་ཅུ་རྩ་གཉིས་དང་བཅས་པ་ཕྱག་རྒྱ་དྲུག་དང་ལྷན་ཅིག་པ་ནི
་ཉི་མའི་ཉིན་ཞག་སུམ་ཅུར་ལོ་གསུམ་གྱི་ཉིན་ཞག་གི་གྲངས་སྟོང་བརྒྱད་ཅུའོ། །རྣལ་འབྱོར་མའི་རྒྱུད་ལ་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་ཀྱི་ལྷ་དང་ལྷ་མོ་རིགས་པར་བྱ་བར་དགོངས་པ་སྟེ། དེ་ལྟར་ན་ཉི་མ་ལོའི་རབ་ཏུ་དབྱེ་བར་འགྱུར་རོ། །རི་བོང་འཛིན
་པ་ལ་སྒྱུ་འཕྲུལ་དྲ་བ་དང་འདུས་པ་རྣམ་པ་དགུ་པོ་མཛའ་དག་ཕྱོགས་ཀྱི་དབྱེ་བ་སྟེ། ལྷའི་ཚོགས་བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་སོ། །དེ་ལྟར་ཉི་མ་དང་ཟླ་བའི་ལྷའི་ཚོགས་གཅིག་ཏུ་གྱུར་པ་རྣམས་ཀྱིས་ཀྱང་དང་པོའི་སངས་རྒྱས་སུ་འགྱུར་རོ། །
་དང་པོའི་སངས་རྒྱས་དེ་ལ་མཁའ་ལག་མི་བདག་རྣམས་ཏེ། ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་གི་གྲངས་སོ། །ལྷ་དང་ལྷ་མོ་དེ་དག་རྣམས་ཀྱི་ཤེས་རབ་ཐབས་དག་མཚན་མོ་ཉིན་མོ་ཞེས་པ་ནི་གྲངས་བཞིན་དུ་ཤེས་རབ་མཚན་མོའི་ཆ་དང་ཐབས་ཉིན་མོའི
་ཆའོ། །མཉམ་པའི་ཆ་སྟེ་ཉིན་ཕྱེད་ནས་མཚན་ཕྱེད་དང་མཚན་ཕྱེད་ནས་ཉིན་ཕྱེད་ལ་རྒྱུ་སྐར་ཕྱེ་དང་བཅས་པའི་བཅུ་གསུམ་གྱིས་ཏེ། དབྱུག་གུ་འམ་ཆུ་ཚོད་བཅུ་ལྷག་པའི་བརྒྱད་བརྒྱ་རྣམས་ཀྱི་མཚན་མོའི་ཆའོ། །དེ་བཞིན་དུ་ཉིན་མོའི་ཆ་སྟེ། དཔལ་ལྡན་རྒྱུ་སྐར
་གྱི་དཀྱིལ་འཁོར་དང་པོའི་སངས་རྒྱས་ལ་ལྷའི་ཚོགས་རྒྱུ་སྐར་གྱི་ཆུ་ཚོད་ཀྱི་གྲངས་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཕྱི་རོལ་ཏུ་སྐར་མའི་ཆུ་ཚོད་རྣམས་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྐུ་དང
་གསུང་དང་ཐུགས་དང་ཡེ་ཤེས་ནི་དབང་པོ་དྲུག་གི་ཆོས་རྣམས་ཀྱིའོ། །གང་གིས་རང་གི་ལུས་ལ་ཤེས་གྱུར་པ་སྟེ། དེ་ལྟར་བརྗོད་པའི་རིམ་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་པོའི་སངས་རྒྱས་གང་གིས་རང་གི་ལུས་ལ་ཉིན་མཚན་དུས་ཐུན་མཚམས
་དང། ཐུན་ཚོག་ལ་སོགས་དབྱེ་བ་དང་ཟླ་བ་འཕོ་བའི་དབྱེ་བ་བཅུ་གཉིས་རྣམས་ཀྱིས་ཤེས་པར་གྱུར་པའི་རྣལ་འབྱོར་པ་དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་སྲིད་པའི་འཇིགས་འཇོམས་སངས་རྒྱས་སྐྱེ་བ་འདི་ཉིད་དག་ལའོ། །ཞེས་པ་ནི་བསྡུས་པའི་རྒྱུད་དང་རྩ
་བའི་རྒྱུད་ཀྱི་ལྷ་འབྱུང་བའི་ངེས་པའོ། །ད་ནི་སུམ་ཅུ་ཞེས་པ་ལ་སོགས་པས་མཆོག་གི་དང་པོའི་སངས་རྒྱས་འདི་ལས་བསྡུས་པའི་རྒྱུད་འབྱུང་བ་གསུངས་ཏེ། འདིར་མཆོག་གི་དང་པོའི་སངས་རྒྱས་ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་ལས་སུམ་ཅུའི་ཆ་ཡིས་ཐོབ
་པ་ནི་ལྷ་ལྔ་བཅུ་རྩ་བཞིར་འགྱུར་རོ། །སླར་ཡང་གསུམ་གྱི་སྒྱུར་པ་སྟེ་སྐུ་དང་གསུང་དང་ཐུགས་ཀྱི་སྒྱུར་བ་ནི་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱར་འགྱུར་རོ། །དེ་རྣམས་ལས་དཀྱིལ་འཁོར་གྱི་ལྷ་ནི་ལྔ་བཅུ་རྩ་བཞི་ལྷག་པའི་བརྒྱའི་གྲངས་ཏེ། དཀྱིལ་འཁོར
་གྱི་བཅོ་བ་ཐབས་དང་ཤེས་རབ་ཟུང་ཞིག་དང། ཕྱི་རོལ་གྱི་ཕྱག་རྒྱ་དྲུག་གོ་།བཅུའི་ཆས་མཆོག་གི་དང་པོའི་སངས་རྒྱས་ལས་དུས་ཀྱི་འཁོར་ལོ་འབྱུང་བ་སྟེ། ཨི་ཌ་ལ་སོགས་པ་དུང་ཅན་མའི་མཛའ་ཨི་རྩའི་དབྱེ་བས་སོ། །ཕྱི་རོལ་ཏུ་དྲང་བའི་དོན་ཏོ། །བསྡུས་པའི
་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ངེས་པའོ། །ད་ནི་འཁོར་ལོ་དག་གི་རྩ་རྣམས་དེ་བཞིན་ཉིད་ཅེས་པ་ལ་སོགས་པས་དུས་ཀྱི་འཁོར་ལོའི་རྩ་རྣམས་གསུངས་ཏེ། འདིར་ལུས་ལ་རིགས་གསུམ་གྱི་རྩ་གསུམ་ནི་ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་ལུས་དང་ངག་དང
་སེམས་ཀྱི་ཐིག་ལེ་འཛིན་པ་རྣམས་སོ། །དེ་བཞིན་དུ་རིགས་དྲུག་གི་རྩ་རྣམས་ནི་ལ་ལ་ནཱ་དང། ར་ས་ནཱ་དང། ཨ་བ་དྷུ་ཏཱི་དང་བཤང་བ་དང་གཅི་བ་དང་ཁུ་བ་འབབ་པ་རྣམས་སོ། །དེ་བཞིན་དུ་རིགས་སུམ་ཅུ་རྩ་དྲུག་གི་རྩ་རྣམས་ནི་གཙུག་ཏོར་ལ་སོགས་པ
་འཁོར་ལོ་དྲུག་གི་རྩ་དྲུག་དང། །སྒྲ་འཛིན་པ་གཉིས་དང། རེག་འཛིན་པ་གཉིས་དང། གཟུགས་འཛིན་པ་གཉིས་དང། རོ་འཛིན་པ་གཉིས་དང། དྲི་འཛིན་པ་གཉིས་པོ་འདི་དག་ནི་རྩ་བཅུའོ། །ལྟེ་བའི་འཁོར་ལོའི་ནང་དང། གཞན་གྱི་ཟླུམ
་པོ་རྣམས་ལ་འཕོ་བ་བཅུ་གཉིས་ཀྱི་རྩ་རྣམས་དང། ཐུན་ཚོད་བརྒྱུད་ཀྱི་རྩ་རྣམས་སོ། །དེ་ལྟར་ཐམས་ཅད་རིགས་སུམ་ཅུ་རྩ་དྲུག་གི་གཙོ་བོར་འགྱུར་ཏེ། རོའི་རང་བཞིན་ཅན་དྲུག་དང། ཁམས་ཀྱི་རང་བཞིན་ཅན་དྲུག་དང། དབང་པོའི་རང་བཞིན་ཅན་དྲུག
་དང། ཡུལ་གྱི་རང་བཞིན་ཅན་དྲུག་དང། ལས་ཀྱི་དབང་པོའི་རང་བཞིན་ཅན་དྲུག་དང། ལས་ཀྱི་དབང་པོའི་ཡུལ་གྱི་རང་བཞིན་ཅན་དྲུག་གོ་།དེ་བཞིན་དུ་གཟུགས་འཇུག་པར་བྱེད་པ་དྲུག་དང། ཚོར་བ་འཇུག་པར་བྱེད་པ་དྲུག་དང། འདུ་ཤེས་འཇུག
་པར་བྱེད་པ་དྲུག་དང། འདུ་བྱེད་འཇུག་པར་བྱེད་པ་དྲུག་དང། རྣམ་པར་ཤེས་པ་འཇུག་པར་བྱེད་པ་དྲུག་དང། ཡེ་ཤེས་འཇུག་པར་བྱེད་པ་དྲུག་སྟེ། རིགས་སུམ་ཅུ་རྩ་དྲུག་གི་རྩ་རྣམས་ཀྱང་རྟེན་དང་རྟེན་པའི་འབྲེལ་པས་བདུན་ཅུ་རྩ་གཉིས་སོ་ཞེས་ཤེས
་པར་བྱའོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོའི་རྩ་རྣམས་གསུངས་པ། གཙུག་ཏོར་ལ་ནི་ཆུ་གཏེར་ཞེས་པ་ནི་འདབ་མ་བཞིའི་གཟུགས་ཅན་བཞི་སྟེ། ཐུན་མཚམས་བཞི་འཇུག་པར་བྱེད་པ་རྣམས་སོ། །སྙིང་གར་བརྒྱད་དེ་ཞེས་པ་ནི་རྩ་སྣང་མ་ལ་སོགས་པ
་མཉམ་གནས་ལ་སོགས་པ་རྣམས་ཀྱི་རྟེན་དུ་གྱུར་པ་རྣམས་ཏེ་ཉིན་ཞག་སོ་སོར་ཐུན་གྱི་དབྱེ་བས་བཟང་བརྒྱད་རྒྱུ་བར་བྱེད་པ་རྣམས་སོ། །འདིར་འོག་དང་སྟེང་གི་རྩ་གཉིས་ཀྱི་རྟེན་པ་ནི་རླུང་ངོ། །སྤྱི་བོར་མི་བདག་ཅེས་པ་ནི་ཚེས་བཅུ་དྲུག་འཇུག་པར་བྱེད་པ་རྣམས་སོ།
་མགྲིན་པ་ལ་ཡང་སོའི་གྲངས་ཤེས་པ་ནི་མགྲིན་པའི་འཁོར་ལོ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུ་གུའི་སྐར་མ་བཞི་འཇུག་པ་བྱེད་པ་སུམ་ཅུ་རྩ་གཉིས་སོ། །ལྟེ་བར་ཏེ་ལྟེ་བའི་པདྨ་ལ་ཁྱིམ་གྱི་རྩའི་ཕྱི་རོལ་དུ་ཆུ་ཚོད་ཀྱི་རྩ་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་རྩ་དྲུག
་ཅུ་རྩ་བཞི་སྟེ། དཀྱིལ་འཁོར་དྲུག་ཅུ་འབབ་པར་བྱེད་པ་དང། སྟོང་པ་བཞི་འབབ་པར་བྱེད་པ་སྟེ། དབྱུ་གུ་དྲུག་ཅུ་རྩ་བཞི་འབབ་པར་བྱེད་པའོ། །ཉིས་འགྱུར་མེ་བདག་ཅེས་པ་ནི་སུམ་ཅུ་རྩ་གཉིས་ཏེ་གསང་བའི་དབུས་སུ་གསང་བའི་པདྨའི་རྩ་ཁུ་བ་ལ་སོགས་པའི་ཁམས
་སུམ་ཅུའི་རྩ་གཉིས་འཇུག་པར་བྱེད་པ་རྣམས་སོ། །འདི་རྣམས་ལས་རྩ་དྲུག་ནི་འཁོར་ལོ་འགོག་པར་འགྱུར་རོ། །བཅུ་ཡིས་ཡུལ་འགོག་པར་འགྱུར་ཏེ། དེ་རྣམས་ནི་འདུས་པའི་རང་བཞིན་ནོ། །སླར་ཡང་དེ་དག་གཉིས་འགྱུར་ནི་བད་ཀན་གྱི་ཆ་སྟེ། ཉི་ཤུའོ།། །།
་སླར་ཡང་ཉིས་འགྱུར་ནི་མཁྲིས་པའི་ཆ་སྟེ། བཞི་བཅུར་འགྱུར་རོ། །སླར་ཡང་དེ་དག་རླུང་གི་ཆ་བརྒྱད་ཅུར་འགྱུར་ཏེ། དེ་ལྟར་འཁོར་ལོ་དྲུག་པོ་རྣམས་ལ་རྩ་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་རྣམ་པར་གནས་པ་ནི་དུས་ཀྱི་འཁོར་ལོའི་རྩར་རྟོགས་པར་བྱའོ། །འདི་དག
་ངེས་པར་འཆི་བ་སྟེར་བྱེད་བླ་མའི་ངེས་པའི་དབང་གིས་ཚེས་དང་ནད་མེད་ཀྱང་སྟེ། འཁོར་ལོ་དྲུག་ལ་དུས་ཀྱི་རྩ་བརྗོད་པ་རྣམས་བླ་མའི་མན་ངག་གིས་བསྒོམས་པར་གྱུར་ན་འཆི་བའི་འཇིག་པ་འཕྲོག་སྟེ། རྣལ་འབྱོར་པ་རྣམས་ཀྱི་འདི་ལ་ངོ་ཚར་མེད་དོ། །གཙུག
་ཏོར་ལ་ནི་ཆུ་གཏེར་ཏེ་བཞིའོ། །དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་རྣམས་ཞེས་པ་བཅུ་དྲུག་སྟེ། རྩ་ཉི་ཤུ་པོ་འདི་དག་ནི་བད་ཀན་གྱི་ཁམས་རབ་ཏུ་འཁྲུག་པའོ། །མགྲིན་པར་སོ་དང་ཞེས་པ་ནི་རྩ་གསུམ་ཅུ་རྩ་གཉིས་སོ། །སྙིང་གའི་ཆུ་སྐྱེས་དག་ལ་མིག་གིས
་བསྒྱུར་བའི་དུས་རྣམས་ཞེས་པ་ནི་རྩ་བརྒྱད་དེ་བཞི་བཅུ་པོ་འདི་དག་ནི་མཁྲིས་པའི་ཁམས་རབ་ཏུ་འཁྲུག་པའོ། །ལྟེ་བ་དང་གསང་བ་དག་ལ་གྲངས་བཞིན་དུ་ཆུ་གཏེར་དྲུག་ཅུ་ཞེས་པ་ནི་དྲུག་ཅུ་རྩ་བཞིའོ། །མི་བདག་དག་ཀྱང་སྟེ་གསང་བའི་པདྨའི་ཕྱི་རོལ་ཡོངས་སུ
་བསྐོར་བ་ལ་རྩ་བཅུ་དྲུག་གོ་།རྩ་བརྒྱད་ཅུ་པོ་འདི་དག་ནི་རླུང་གི་ཁམས་རབ་ཏུ་འཁྲུག་པའོ། །གསང་བར་གཞན་ནི་ཕྱོགས་དང་ཞེས་པ་ནི་ནང་གི་ཡོངས་སུ་བསྐོར་བ་ལ་རྩ་བཅུའོ། །གཞན་དྲུག་ཀྱང་སྙིང་པོའི་ཡོངས་སུ་བསྐོར་བ་ལའོ། །གྲངས་བཞིན་དུ་འདུས་པ
་དག་སྟེ། ཞེས་པ་ནི་འདུས་པ་རབ་ཏུ་འཁྲུག་པའོ། །འགོག་པའོ་ཞེས་པ་ནི་འཁོར་ལོ་དྲུག་འགོག་པའི་རང་བཞིན་ནོ། །དེ་ལྟར་ན་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ནི་དུས་ཀྱི་འཁོར་ལོའི་རྩ་ལྷ་དང་ལྷ་མོའི་རང་བཞིན་གྱིས་གནས་པ་བྱིས་པ་རྣམས
་ལ་འཆི་བ་སྟེར་བར་བྱེད་པ་སྟེ། རིགས་དྲུག་གི་རྩ་དང་ལྷན་ཅིག་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱའི་དུས་ཀྱི་འཁོར་ལོ་དྲུག་གི་རྩའི་བདག་ཉིད་ཅན་སྒོམས་པར་གྱུར་པ་ནི་རྣལ་འབྱོར་པ་རྣམས་ལ་བདེ་བ་སྟེར་བར་བྱེད་པའོ། །སླར་ཡང་རྩ་དྲུག་བཅུ་རྩ་གཉིས
་ལྷག་པའི་བརྒྱ་པོ་དེ་དག་གི་རྩ་སོ་སོ་ལ་རླུང་བཅུ་རབ་ཏུ་རྒྱུ་བ་དང་ཕུང་པོ་དང་ཁམས་བཅུའི་རང་བཞིན་གྱི་རྣམ་པ་བཅུར་འགྱུར་རོ། །དེ་ལྟར་ཐམས་ཅད་བཅུས་བསྒྱུར་བ་ནི་ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་གི་གྲངས་སུ་འགྱུར་ཏེ། རྒྱུ་སྐར་ཉི་ཤུ་རྩ་བདུན
་གྱི་ཆུ་ཚོད་འབབ་པ་རྣམས་སོ། །དེ་བཞིན་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་མཆོག་གི་དང་པོའི་སངས་རྒྱས་ལ་ཤེས་རབ་དང་ཐབས་ཀྱི་འདི་སྙེད་ཀྱི་ལྷའོ། །རྒྱུ་སྐར་གྱི་དཀྱིལ་འཁོར་རྒྱས་པ་འདི་ལས་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བད་ཀན་ལ་སོགས་པའི
་ཁམས་འབབ་པའི་ལྷ་རྣམས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་འམ་རང་གི་ལུས་བསྒྲུབ་པའི་སླད་དུ་འཇམ་དཔལ་གྱིས་ཕྱུང་བ་ནི་འཁོར་ལོ་དྲུག་གི་གཙོ་མོ་རྣམས་སོ། །དུས་ཀྱི་འཁོར་ལོའི་རྩ་སྡོམ་པའི་ངེས་པའོ། །ད་ནི་དྲུག་ཅེས་པ་ལ་སོགས་པས་རིགས
་དྲུག་གི་རྩ་བསྲུང་བ་གསུངས་ཏེ། འདིར་ལུས་ལ་གང་ཞིག་རྩ་དྲུག་གི་འཁོར་ལོ་འགོག་པར་བརྗོད་པ་རྣམ་པ་གསུམ་གྱི་ལམ་ལ་གནས་པ་ནི་སྟེང་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་ཏེ། གཡོན་དང་གཡས་དང་དབུ་མའི་ལམ་ལ་གནས་པ་དང། འོག་ཏུ་ཟླ་བ
་དང་ཉི་མ་དང་མེའི་དབྱེ་བས་བཤང་བ་དང་གཅི་བ་དང་ཁུ་བའི་ལམ་ལ་གནས་པའོ། །ད་ནི་རྣལ་འབྱོར་བས་ལུས་ལ་བསྲུང་བར་བྱའོ། །གང་གིས་ཤེ་ན་བླ་མའི་ངེས་པའི་དབང་གིས་ཞེས་པ་ལ་བླ་མའི་ངེས་པ་ནི་སྦྱོར་བ་ཡན་ལག་དྲུག་སྟེ་ངེས
་པར་འཆི་བ་ལས་བསྲུང་བར་བྱའོ། །གང་ཞིག་སྲོག་ཆགས་རྣམས་ལ་འཆི་བ་སྟེར་བ་ནི་དྲུག་པོ་འདི་རྣམས་ལ་སྲོག་ཞུགས་པའོ། །དྲུག་ལ་གལ་ཏེ་སྲོག་ནི་རང་ཞུགས་གྱུར་ན་དེ་ཚེ་མི་རྣམས་ཀྱི་ནི་དུས་ཐམས་ཅད་དུ་འཆི་བ་འཇོམས་པར་ངེས་ཏེ་མཛའ་
་གཅིག་ཏུའོ། །དྲུག་པོ་འདི་དག་གི་ནང་ནས་ཕྲ་མོ་ནི་དབུ་མ་ཨ་བ་དྷཱུ་ཏཱི་སྟེ། ཕྲ་མོ་དེ་ལ་སྲོག་མ་ཞུགས་པར་གྱུར་ན་རྣལ་འབྱོར་པ་རྣམས་ཀྱི་འཆི་བའི་ཡུལ་ནི་གང་དུ་གཅོད་པར་བྱེད་དེ། ངེས་པར་འཆི་བའི་ཡུལ་གཅོད་པར་མི་བྱེད་དོ། །བསྡུས་པའི་རྒྱུད
་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། ནང་དུ་འཁོར་ལོས་བསྒྱུར་བ་དང། ཀླ་ཀློའི་འཁྲུག་པ་དང་དུས་ཀྱི་འཁོར་ལོའི་རིགས་ཀྱི་རྒྱུད་དང་རྩའི་རིགས་འབྱུང་བའི་མདོར
་བསྡུས་ཆེན་པོ་སྟེ་གསུམ་པའོ།། །།ད་ནི་སྲོག་ཅེས་པ་ལ་སོགས་པས་ལུས་ཅན་རྣམས་ཀྱི་དུས་མ་ཡིན་པར་འཆི་བའི་མཚན་ཉིད་གསུངས་ཏེ། འདིར་ལུས་ལ་ལྟེ་བའི་འཁོར་ལོ་རྩིབས་བཅུ་གཉིས་པའི་ཁྱིམ་གྱི་འཁོར་ལོ་སྟེ།
་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་གྱི་བདག་ཉིད་གཅིག་གིས་བར་དུ་ཆོད་པ་དང། དེ་བཞིན་དུ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་གྱི་བདག་ཉིད་གཅིག་གིས་བར་དུ་ཆོད་པའི་འདབ་མ་སྟེ། དེའི་ཕྱིར་སྣ་བུག་ལ་སྲོག་ཡང་དག་པར་རྒྱུ་བ་ནི
་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་དྲུག་ལ་གཡོན་དུ་འགྱུར་རོ། །གླང་ལ་སོགས་པའི་མཉམ་པའི་དུས་སྦྱོར་རྣམས་ལ་སྣ་བུག་གཡས་སུ་སྲོག་ཡང་དག་པར་རྒྱུ་བར་འགྱུར་ཏེ། དབྱུ་གུ་ལྔ་ལྔས་འཕོ་བ་བཅུ་གཉིས་རྣམས་ཉིན་ཞག་སོ་སོར
་འགྱུར་རོ། །དེ་ལྟར་ཉིན་མཚན་གྱི་དབྱུ་གུ་དྲུག་ཅུས་འཕོ་བ་བཅུ་གཉིས་ཏེ། དྲུག་ནི་གཡོན་གྱི་སྣ་བུག་ལའོ། །དྲུག་ནི་གཡས་ཀྱི་སྣ་བུག་ལའོ། །དབུ་མ་ལ་བཅུ་གཉིས་རབ་ཏུ་འཇུག་པ་རྣམས་སུའོ། །ལུས་ལ་ནད་དང་བྲལ་བ་རྣམས་ཁམས་མཉམ
་པ་ཉིད་དོ། །ནད་ཀྱི་ཟིལ་གྱིས་མནན་པ་རྣམས་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ཁམས་མི་མཉམ་པ་ཉིད་དོ། །མི་མཉམ་པ་དེ་ལས་སྲོག་མི་མཉམ་པ་སྟེ། དེས་ན་རྩ་གཅིག་སྟེ། གཡོན་པ་ཉིན་དང་མཚན་མོར་གལ་ཏེ་འབབ
་ན་དེའི་ཚེ་འཚོ་བ་དག་ནི་དུས་ཀྱི་ལོ་སྟེ། དབུ་མའི་ལོ་བརྒྱ་རྫོགས་པའི་མཚན་ཉིད་ནི། མི་རྣམས་ཀྱི་འཚོ་བའི་གྲངས་སུ་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་རྣམ་པར་མ་ཆད་པར་འབབ་ན་དེའི་ཚེ་ཕྱེད་དང་བཅས་པའི་ལོ་ནི་ཚེར་འགྱུར་ཏེ་དེ་ནས་འཆི་བར་འགྱུར་རོ
་གལ་ཏེ་ཟླ་བ་གཅིག་ཏུ་རྣམ་པར་མ་ཆད་དེ་བར་ཆད་མེད་པར་རྩ་གཡོན་པར་འབབ་ན་དེའི་ཚེ་འཚོ་བ་ཟླ་བ་གསུམ་དུ་འགྱུར་རོ། །དེ་ལྟར་རྣལ་འབྱོར་པ་ནི་རང་ལུས་དག་ལ་ཟླ་བགྲོད་འཆི་བ་དུས་ཀྱི་འཁོར་ལོར་ཤེས་པར་བྱ་སྟེ། ཞེས་པ་ནི་འཆི་ལྟས་ཀྱིས
་ཡུལ་ལ་དུས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པའི་ཁྱིམ་གྱི་འཁོར་ལོ་སྟེ། དེ་ཉིད་ས་ལ་བྲིས་ནས་འདབ་མ་དང་པོ་ལ་འཆི་ལྟས་ཀྱི་ཉིན་ཞག་གཅིག་དང། ཚེའི་ཟླ་བ་སུམ་ཅུ་རྩ་དྲུག་དགོད་པར་བྱའོ། །དེ་ནས་ཟླ་བ་གཅིག་མི་འབབ་བོ། །འཆི་ལྟས་ཀྱི་ཉིན
་ཞག་འཕེལ་བ་ནི་ཟླ་བ་གཉིས་པའི་མཐར་ཟླ་བ་གསུམ་པ་འཇུག་པ་ན་གཡོན་པའི་རྩ་དེ་ཉིད་ཀྱི་འདབ་མ་ལ་ཉིན་ཞག་གཉིས་འབབ་བོ། །དེ་ནས་ཟླ་བ་གསུམ་པ་ནི་མི་འབབ་པོ། །དེ་ནས་ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་ལ་འཇུག་པ་ན་གཡོན་པའི་རྩར
་ཉིན་ཞག་གསུམ་དུ་འབབ་པོ། །ཟླ་བ་ལྔ་པ་དེ་ནས་ཟླ་བ་དྲུག་པ་ལ་མི་འབབ་བོ། །དེ་ལྟར་ན་ཟླ་བ་དྲུག་གི་འཆི་ལྟས་ཀྱི་ཉིན་ཞག་གསུམ་སྟེ། བར་གྱི་ཉིན་ཞག་གསུམ་ནི་མཐར་གཡས་དང་གཡོན་གྱི་འཆི་ལྟས་ཀྱི་ཆོས་ཅན་ནོ། །འཆི་ལྟས་ཞེས་བྱ
་བ་ནི་དུས་མ་ཡིན་པར་འཆི་བ་སྟེ། འཆི་ལྟས་མིན་པ་ནི་ལོ་བརྒྱའི་མཚམས་སུ་འཆི་བའོ། །དེ་ལྟར་ན་འཆི་ལྟས་ཀྱི་ཉིན་ཞག་དང་བཅས་པ་འཚེ་བའི་ཟླ་བ་སུམ་ཅུ་རྩ་དྲུག་ལས་ཟླ་བ་དྲུག་སོང་སྟེ། དེ་ནས་འདབ་མ་དེ་ལ་སྲོག་གི་རླུང་ཡང་དག་པར
་རྒྱུ་བ་མེད་དོ། །འཕོ་བ་བཅུ་གཅིག་དང་དབུགས་འབྱུང་བ་དང། འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ཉིན་མཚན་དུ་འགྱུར་ཏེ། འདིར་ཁྱིམ་གྱི་འདབ་མ་ཡོངས་སུ་དོར་ཡང་དབུགས་ཀྱི་འཁོར་ལོ་ནི་དམན་པ་མེད་དོ། །དེ་ནས་འདབ་མ་གཉིས
་པ་ལ་ཉིན་ཞག་བཞི་པ་དང་ཉིན་ཞག་ལྔ་པ་དང་ཉིན་ཞག་དྲུག་པ་ནི་ཟླ་བ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་གྲངས་བཞིན་དུ་འབབ་སྟེ། འཚོ་བའི་ཟླ་བའི་ཚོགས་སུམ་ཅུ་པོ་དེ་ལས་ཟླ་བ་གསུམ་སོང་ངོ། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་བཟུང་ནས་འདབ་མ་གསུམ
་པ་ལ་སྲོག་ཡང་དག་པར་རྒྱུའོ། །འདབ་མ་གཉིས་སྤངས་ཤིང་འཕོ་བ་བཅུ་ཡིས་ཉིན་མཚན་བྱེད་དེ། འདབ་མ་བཅུ་ལ་སྲོག་ཡང་དག་པར་འཕོའོ། །ཟླ་བ་ཉི་ཤུ་རྩ་བདུན་ལས་སླར་ཡང་ཟླ་བ་སོ་སོ་ལ་ཉིན་ཞག་བདུན་གཡོན་གྱི་རྩར་འབབ་སྟེ། ཉིན་ཞག
་བརྒྱད་དང་ཉིན་ཞག་དགུ་འབབ་པོ། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་ལས་ཟླ་བ་གཞན་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་སྔར་བརྗོད་པའི་ཆོ་གས་ཁྱིམ་གྱི་འདབ་མ་གསུམ་པ་དོར་ཏེ། འདབ་མ་དགུ་ལ་སྲོག་ཡང་དག་པར་བྱེད་དོ། །དེ་བཞིན་དུ
་ཉིན་ཞག་བཅུ་དང། ཉིན་ཞག་བཅུ་གཅིག་དང། ཉིན་ཞག་བཅུ་གཉིས་གཡོན་གྱི་རྩར་འབབ་བོ། །དེ་ནས་འདབ་མ་བཞི་པ་དོར་ཏེ་འཚོ་བའི་ཟླ་བ་ཉི་ཤུ་རྩ་བཞི་ལས་ཟླ་བ་གསུམ་གྱི་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་གསུམ་དེ་ཉིན་ཞག་བདུན
་དང་ཉིན་ཞག་བཅོ་ལྔ་སྟེ། དེ་ནས་འདབ་མ་ལྔ་པོ་དོར་ཏེ། འདབ་མ་བདུན་ལ་འཕོ་བར་བྱེད་དོ། །ཟླ་བ་ཉི་ཤུ་རྩ་གཅིག་ལས་ཟླ་བ་གསུམ་གྱི་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་དྲུག་དང། ཉིན་ཞག་བཅུ་བདུན་དང། ཉིན་ཞག་བཅོ་བརྒྱད་ཟླ་བ་སོ་སོར
་རིམ་པ་བཞིན་དུ་འབབ་པོ། །དེ་ནས་འདབ་མ་དྲུག་པ་དོར་ཏེ། འདབ་མ་དྲུག་ལས་འཕོ་བར་བྱེད་ཅིང་འཚོ་བའི་ཟླ་བ་བཅོ་བརྒྱད་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་བཅུ་དགུ་དང། ཉིན་ཞག་ཉི་ཤུ་དང། ཉིན་ཞག་ཉི
་ཤུ་རྩ་གཅིག་འབབ་བོ། །དེ་ནས་ཁྱིམ་གྱི་འདབ་མ་བདུན་པ་དོར་ཏེ། ཁྱིམ་གྱི་འདབ་མ་ལྔ་ལ་ཉིན་མཚན་གྱི་སྲོག་འཕོ་བར་བྱེད་དོ། །དེ་ནས་འཚོ་བའི་ཟླ་བ་བཅོ་ལྔ་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན
་ཞག་ཉི་ཤུ་རྩ་གཉིས་དང། ཉིན་ཞག་ཉི་ཤུ་རྩ་གསུམ་དང། ཉིན་ཞག་ཉི་ཤུ་རྩ་བཞིའི་བར་ཆད་མེད་པར་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་བརྒྱད་པ་དོར་ཏེ། འདབ་མ་བཞིས་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་བཅུ་གཉིས་ལས་ཟླ་བ་གསུམ་གྱི
་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་ལྔ་དང། ཉིན་ཞག་ཉི་ཤུ་རྩ་དྲུག་དང། ཉིན་ཞག་ཉི་ཤུ་རྩ་བདུན་གང་གི་ཚེ། འབབ་པ་དེའི་ཚེ་འདབ་མ་དགུ་པ་དོར་ཏེ། འདབ་མ་གསུམ་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་དགུ་པ་ལས་ཟླ
་བ་གསུམ་གྱི་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་བརྒྱད་དང། ཉིན་ཞག་ཉི་ཤུ་རྩ་དགུ་དང། ཉིན་ཞག་སུམ་ཅུ་གང་གི་ཚེ་འབབ་པ་དེའི་ཚེ། འདབ་མ་བཅུ་པ་དོར་ཏེ། འདབ་མ་གཉིས་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་དགུ
་པ་ལས་ཟླ་བ་གསུམ་གྱི་དམན་པར་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་སུམ་ཅུ་རྩ་གཅིག་དང། ཉིན་ཞག་སུམ་ཅུ་རྩ་གཉིས་དང། ཉིན་ཞག་སུམ་ཅུ་རྩ་གསུམ་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་བཅུ་གཅིག་པ་དོར་ཏེ་འདབ་མ་གཅིག་ལ
་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་གསུམ་ལས་ཉིན་ཞག་དགུ་བཅུས་དམན་པར་འགྱུར་རོ། །དེ་ནས་སྔར་གྱི་འདབ་མ་ལ་མ་བབ་པའི་ཉིན་ཞག་གསུམ་པོ་ནི་འདབ་མ་བཅུ་གཉིས་ལ་ཉིན་ཞག་གཉིས་འབབ་པོ། དེ་ནས་འདབ་མ་བཅུ་གཉིས་པ
་འདོར་རོ། །དེ་ནས་ལྟེ་བ་ལ་ཉིན་ཞག་གཅིག་འབབ་སྟེ། སྲོག་གི་འཁོར་ལོའི་དབུགས་ཆད་པར་འགྱུར་བའི་བར་དུའོ། །དེ་ནས་རྩ་གཡོན་པའི་འཆི་ལྟས་ཀྱིས་གང་དག་རྣལ་འབྱོར་པ་མ་ཡིན་པའི་མི་རྣམས་འཆི་བར་འགྱུར་རོ། །གཡོན་པའི་རྩ་ཟླ
་བའི་འཆི་ལྟས་ཀྱི་ངེས་པའོ། །སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཟླ་བ་སོ་སོར་འཆི་ལྟས་ཀྱི་ཉིན་ཞག་རེ་རེ་ལྷག་པས་འཕེལ་ལོ། །འདིར་ཁྱིམ་གྱི་འཁོར་ལོ་དགོད་པ་ནི་ཁྱིམ་གྱི་འཁོར་ལོ་རིམ་པ་གཉིས་པ་བྱས་ནས་རིམ་པ་དང་པོ་ལ་འཆི་ལྟས་ཀྱི་ཉིན
་ཞག་རྣམས་དང་རིམ་པ་ཕྱི་མ་ལ་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མའི་ཚེའི་ཟླ་བ་རྣམས་སོ། །དེ་ལ་འཁོར་ལོའི་རྩིབས་དང་པོ་ལ་འཆི་ལྟས་ཀྱི་ཉིན་ཞག་གསུམ་དང་ཟླ་བ་སུམ་ཅུའོ། །རྩིབས་གཉིས་པ་ལ་འཆི་ལྟས་ཀྱི་ཉིན་ཞག་དྲུག་དང་ལྷག་མ་ཚེའི
་ཟླ་བ་ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ་རྩིབས་གསུམ་པ་ལ་འཆི་ལྟས་ཀྱི་ཉིན་ཞག་དགུ་དང་དེ་བཞིན་ཟླ་བ་ཉི་ཤུ་རྩ་བཞིའོ། །བཞི་པ་ལ་ཉིན་ཞག་བཅུ་གཉིས་དང་ཟླ་བ་ཉི་ཤུ་རྩ་གཅིག་གོ་།ལྔ་པ་ལ་ཉིན་ཞག་བཅོ་ལྔ་དང་ཟླ་བ་བཅོ་བརྒྱད་དོ། །དྲུག་པ་ལ་ཉིན
་ཞག་བཅོ་བརྒྱད་དང་ཟླ་བ་བཅོ་ལྔའོ། །བདུན་པ་ལ་ཉིན་ཞག་ཉི་ཤུ་རྩ་གཅིག་དང་ཟླ་བ་བཅུ་གཉིས་སོ། །བརྒྱད་པ་ལ་ཉིན་ཞག་ཉི་ཤུ་རྩ་བཞི་དང་ཟླ་བ་དགུའོ། །དགུ་པ་ལ་ཉིན་ཞག་ཉི་ཤུ་རྩ་བདུན་དང་ཟླ་བ་དྲུག་གོ་།བཅུ་པ་ལ་ཉིན་ཞག་སུམ་ཅུ་དང་ཟླ་བ
་གསུམ་མོ། །འཁོར་ལོའི་རྩིབས་བཅུ་གཅིག་པ་ལ་འཆི་ལྟས་ཀྱི་ཉིན་ཞག་སུམ་ཅུ་རྩ་གསུམ་དང་མཇུག་ཏུ་ཟླ་བ་གསུམ་ཟད་པའོ། །དེ་ནས་ཁྱིམ་གྱི་འཁོར་ལོའི་རྩིབས་དང་པོ་ལ་སྔར་མ་རྒྱུས་པའི་ཉིན་ཞག་གསུམ་པོ་གང་ཡིན་པ་དེའི་ཉིན་ཞག་གཉིས་དེ་འདབ
་མ་བཅུ་གཉིས་པ་ལ་གཡས་ཀྱི་རྩ་ཟད་པའི་དོན་དུ་གཡས་ཀྱི་རྩ་ལ་འབབ་བོ། །ཉིན་ཞག་གཅིག་ནི་དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུའོ་དབུ་མ་ཨ་བ་དྷཱུ་ཏཱི་ལ་འབབ་པོ། །དེ་ནས་ཟླ་བའི་འཆི་ལྟས་ཀྱི་གཡོན་གྱི་རྩ་ལ་སྲོག་འགྲོ་སྟེ། ཟླ་བའི་འཆི་ལྟས་ཀྱི་ངེས
་པའོ། ད་ནི་སྔ་ནས་ཞེས་པ་ལ་སོགས་པས་རྩ་གཡས་པ་ལ་ཉི་མའི་འཆི་ལྟས་གསུངས་ཏེ། འདིར་ལུས་ལ་ཟླ་བས་ཉི་མའི་ཡོན་ཏན་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་ངེས་པར་བསྟན་ཏེ། ཉི་མས་ཟླ་བའི་ཡོན་ཏན་སྒྲ་དང
་རེག་པ་དང་གཟུགས་དང། རོ་དང་དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་ངེས་པར་བསྟན་ཏོ། །ཁྱིམ་ལྔའི་བར་དུ་ལྔ་ལྷག་པ་སྟེ་ལྔ་པ་ལྔ་ཡིས་སོ། །དེ་ནས་ཁྱིམ་གཉིས་ནི་གཅིག་ལྷག་པས་སོ། །དེ་ནས་རྩ་བ་ནས་བརྩམས་ནས
་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་རྒྱུ་སྟེ། ཉིན་ཞག་བཅོ་ལྔས་ཁྱིམ་བརྒྱད་པ་འདོར་རོ། །བཅུ་ཡིས་ཁྱིམ་དགུ་པ་འདོར་རོ། །ལྔ་ཡིས་ཁྱིམ་བཅུ་པ་འདོར་རོ། །གསུམ་གྱིས་ཁྱིམ་བཅུ་གཅིག་པ་འདོར་ཏེ། དེ་ལྟར་ན་ཉིན་ཞག་སུམ་ཅུ་རྩ་གསུམ་དུ
་གཡས་ཀྱི་རྩ་སྲོག་རྒྱུའོ། །དེ་ནས་ཁྱིམ་བཅུ་གཉིས་པ་ལ་གཡོན་གྱི་རྩའི་ཁམས་ཟད་པའི་དོན་དུའོ། །གཡོན་གྱི་རྩ་ལས་ཉིན་ཞག་གཉིས་སོ། །དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་དབུ་མའི་རྩ་ལ་ཉིན་ཞག་གཅིག་སྟེ། དེ་ནས་འཆི་བར་འགྱུར་རོ།།
་འདི་ལྟ་སྟེ། མཚམས་ཀྱི་ཉིན་ཞག་ལྔ་ནས་ཉིན་ཞག་ཉི་ཤུ་རྩ་ལྔའི་བར་དུ་ཉིན་ཞག་བགྲོད་པ་སྐྱེ་བ་ལྔ་ནི་འཕེལ་བ་དག་གིས་སྐྱེ་བ་སྟེ། ཉིན་ཞག་ལྔ་དང། བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉི་ཤུ་རྩ་ལྔ་རྣམས་ཏེ། །སྐྱེས་པ་ནས་ཁྱིམ་ལྔ་རྣམས་ལའོ། །དེ
་ནས་རེ་རེ་ལྷག་པས། ཁྱིམ་དྲུག་པ་དང་བདུན་པ་ལ་རིམ་པ་བཞིན་དུ་སྙིང་སྟོབས་དང་རྡུལ་ཟད་པའི་དོན་དུ་ཉིན་ཞག་ཉི་ཤུ་རྩ་དྲུག་དང་ཉི་ཤུ་རྩ་བདུན་ནོ། །དེ་ནས་དུས་ནི་རྫོགས་པར་གྱུར་ན་བཅུ་ནི་གསུམ་གྱིས་བསྒྱུར་བ་དག་།ཁྱིམ་བརྒྱད་པ་དང་དགུ་པ་དང་བཅུ
་པ་ལ་སྲོག་རྒྱུའོ། །དེ་ནས་བཅུ་གཅིག་པ་ལ་གསུམ་ལྷག་པའི་ཟླ་བར་འགྱུར་བ་ཇི་སྲིད་པ་ཉིད་དོ། །ལོ་རྣམས་ནི་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མའི་ལོ་སྟེ། ཁྱིམ་གྱི་འཁོར་ལོ་སྐྱེ་བའི་ཁྱིམ་ལ་སོགས་པའི་ཁྱིམ་བཅུ་གཉིས་པོ་རྣམས་ལའོ། །གསུམ་མིག་ཟླ་བ
་སྟེ་སྐྱེ་བའི་ཁྱིམ་ལ་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མ་ལོ་གསུམ་མོ། །གཉིས་པ་ལ་ལོ་གཉིས་སོ། །གསུམ་པ་ལ་ལོ་གཅིག་སྟེ། འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མ་འཚོ་བའི་ལོ་རྣམས་སོ། །དེ་ནས་དྲུག་གསུམ་ཟུང་དང་ཟླ་བ་གང་ཞེས་པ་ནི། ཁྱིམ་བཞི་པ
་ལ་ཟླ་བ་དྲུག་པོ་དེ་དག་རྣམས་སོ། །ལྔ་པ་ལ་ཟླ་བ་གསུམ་མོ། །དྲུག་པ་ལ་ཟླ་བ་གཉིས་སོ། །བདུན་པ་ལ་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མ་འཚོ་བའི་ཟླ་བ་གཅིག་གོ་།སྐྱེ་བའི་གནས་དེ་ནས་བདུན་པའི་གནས་ནི་རྫོགས་པའོ། །མངལ་ནས་སྐྱེས་པ་རྣམས་ཀྱི་བཟུང་བའི་ཟླ་བ
་ནི་ཆུ་སྲིན་ནོ། །དེ་ནས་བདུན་པ་ནི་སྲོག་སྐྱེ་པའི་ཟླ་བ་སྟེ། ཀར་ཀ་ཊའོ། །ཟླ་བའི་རྩ་འཕེལ་བ་ཡོངས་སུ་བཏང་བའི་ཕྱིར་ཁྱིམ་བཅུ་གཉིས་པའི་མཐར་སླར་ཡང་ཆུ་སྲིན་དུ་འགྱུར་ཏེ། མངལ་བཟུང་བ་ནས་ཟླ་བ་བཅུ་གསུམ་པའོ། །དེའི་ཕྱིར་ཀར་ཀ་ཊ་ནི་སྲོག་གི་སྐྱེ་བའི
་གནས་ཏེ་ཉི་མ་ཁོ་ནའི་མ་ཡིན་ནོ། །དེ་ནས་འཆར་ཏེ། སྐྱེ་བ་དེ་ནས་ཆུ་སྲིན་འཆར་བ་སྟེ། ཁྱིམ་བདུན་པ་འཆར་བ་ནི་ཉི་མ་ནུབ་པ་ཞེས་བྱ་བ་རྫོགས་པའི་དུས་སོ། །རྫོགས་པའི་དུས་དེ་ནས་སྲོག་ཕྱིར་མི་ལྡོག་པར་འགྱུར་ཏེ། ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་ལུས
་ལ་བརྟན་པར་བྱ་མི་ནུས་སོ། །མཚན་མོའི་ཆ་ལ་ཟླ་བའི་དུས་ཤེས་པ་ལ། ཟླ་བ་འཆར་བ་ཞེས་བྱ་བའི་ཁུ་བའི་ཁམས་ལ་འཆི་བ་འཇུག་པའོ། །འཆི་བ་འཆར་བ་ཡིན་གྱི་ཁུ་བའི་ཁམས་ནི་མ་ཡིན་ཏེ། འཆི་ལྟས་ཀྱི་རླུང་ཞུགས་པའི་ཕྱིར་རོ། །རྫོགས་པའི་དུས་དེ་ནས
་ཁུ་བ་ཟད་བའི་དོན་དུ། རྩ་གཡས་པ་ལ་སྲོག་ཉིན་ཞག་སུམ་ཅུ་རྩ་གསུམ་རྒྱུའོ། །དེ་ནས་རྩ་གཡོན་པ་ལ་ཉིན་ཞག་གཉིས་དང། རྩ་དབུ་མ་ཉིན་ཞག་གཅིག་སྟེ། འཚོ་བའི་ཉིན་ཞག་ལྷག་མ་ནི་ཚེས་ཞེས་པ་བཅོ་ལྔ་དང་ཕྱོགས་ཞེས་པ་བཅུ་དང་མདའ་ཞེས
་པ་ལྔ་དང། ཡོན་ཏན་ཞེས་པ་གསུམ་དང། གཉིས་ཞེས་པ་གཉིས་དང་ཉིན་ཞག་གཅིག་སྟེ། ཉི་མའི་འཆི་ལྟས་ལ་བཤད་པ་གཅིག་གི་ངེས་པའོ། །ད་ནི་རང་གི་གནས་ནས་ཞེས་པ་ལ་སོགས་པས་བཤད་པ་གཉིས་པ་གསུངས་ཏེ། འདིར་ལུས་ཀྱི་ལྟེ་བའི་པདྨ
་ལ་རྩ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཁྱིམ་གྱི་འཁོར་ལོའོ། །དེ་ལ་སྐྱེ་བའི་གནས་ནི་ཁྱིམ་དང་པོའི་རྩ་སྟེ་མངལ་ནས་སྐྱེས་པའི་བྱིས་པའི་དུས་སྦྱོར་གང་ཡིན་པ་དེ་ཉིད་གླང་ལ་སོགས་པ་མཉམ་པའི་རྩའི་རང་བཞིན་ཅན་ནོ། །རང་གི་གནས་དེ་ནས་མཆོག་གི་ཆ་སྲོག
་གི་ནུས་པ་ཡིས་ཁྱིམ་གྱི་འཁོར་ལོ་སྟེ་རྩའི་འཁོར་ལོ་རྩིབས་བཅུ་གཉིས་པ་དཀྱིལ་འཁོར་དྲུག་ཅུའི་བདག་ཉིད་ཅན་འདོར་ཏེ། ཉམས་དང་ལྷག་མ་མཚུངས་པ་ཡིས་ཞེས་པ་ལ། ཉམས་པ་ནི་རྒྱུ་བའི་ཉིན་ཞག་རྣམས་ཏེ། ལྔ་དང
་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉི་ཤུ་རྩ་ལྔ་དང་ཉི་ཤུ་རྩ་དྲུག་དང་ཉི་ཤུ་རྩ་བདུན་ནི་ཉམས་པའོ། །ལྷག་མ་ནི་ལོ་གསུམ་དང། ལོ་གཉིས་དང། ལོ་གཅིག་དང། ཟླ་བ་དྲུག་དང། ཟླ་བ་གསུམ་དང་ཟླ་བ་གཉིས་དང་ཟླ་བ་གཅིག་ནི་ཉམས་པའི་ལྷག་མ
་སྟེ། ཉམས་པའི་ལྷག་མ་དེ་དག་རྣམས་ཀྱི་འདབ་མ་དང་པོ་ལ་སོགས་པ་ནས་ཇི་སྲིད་རྩའི་འདབ་མ་བདུན་པའི་བར་དེ་སྲིད་དུ་རིམ་པས་ལོ་དང་ཟླ་བ་སྟེ། ལོ་གསུམ་མིག་རི་བོང་ཅན་གྱི་རྩ་གསུམ་འདོར་རོ། །ཟླ་བ་དྲུག་གསུམ་ཟུང་དང་ཟླ་བ་རྣམས
་ཀྱི་རྩ་བདུན་འདོར་རོ། །ཞག་གིས་ཀྱང་རྫོགས་པ་ནས་ནི་ལྷག་མ་མཚུངས་པའི་ཞེས་པ་ལ། རྫོགས་པའི་དུས་ནི་སྐྱེ་བའི་གནས་ཀྱི་མཚམས་བདུན་པ་སྟེ། ཉི་མ་དང་རྡུལ་ནུབ་པའི་དུས་སོ། །རྫོགས་པའི་དུས་དེ་ནས་སྲོག་གི་ནུས་པ་རྒྱུ་བའི་ཚེའི་ཉིན་ཞག
་མཚུངས་པ་རྣམས་ཀྱིས་ཁྱིམ་ཀྱི་རྩ་ཡོངས་སུ་འདོར་ཏེ། ཚེས་ཉིན་ཞག་བཅོ་ལྔ་དང། ཕྱོགས་ཉིན་ཞག་བཅུ་དང། མདའ་ཉིན་ཞག་ལྔ་དང། ཡོན་ཏན་ཞེས་པ་ནི་ཉིན་ཞག་གསུམ་སྟེ། ཉིན་ཞག་སུམ་ཅུ་རྩ་གསུམ་པོ་འདི་རྣམས་ཀྱིས། རྩ་བརྒྱད་པ་དང་དགུ་པ
་དང། བཅུ་པ་དང་ཁྱིམ་གྱི་རྩ་བཅུ་གཅིག་པ་དཀྱི་འཁོར་ལྔ་འབབ་པར་བྱེད་པ་ནི་ཉི་མའི་རབ་ཏུ་རྒྱུ་བས་མདོར་ཏེ་རྩ་གཡས་པ་གཅིག་བུ་ནས་འདབ་པས་སོ། །བཅུ་གཉིས་པ་ནི་རྩ་གཡོན་པ་ལ་ཉིན་ཞག་གཉིས་དང་དབུ་མ་ལ་ཉིན་ཞག་གཅིག་གིས་ཏེ།
་ལྟེ་བར་རབ་ཏུ་ཞུགས་པས་སོ། །དེ་ལྟར་རྫོགས་པ་ནས་ཉིན་ཞག་སུམ་ཅུ་རྩ་དྲུག་གི་ཉིན་མོར་བྱེད་པའི་འཆི་ལྟས་ཀྱི་སྦྱོར་བས་མི་རྣམས་འཆི་བར་འགྱུར་རོ། །བཤད་པ་གཉིས་པའི་ངེས་པའོ། །ད་ནི་སྔོན་དུ་ཞེས་པ་ལ་སོགས་པས་འདབ་མ་བཅུ་གཉིས
་ལ་ལོ་གསུམ་གྱི་ཉིན་ཞག་འདོར་བ་གསུངས་ཏེ། འདིར་ཁྱིམ་གྱི་འཁོར་ལོ་ལ་སྐྱེ་བའི་དུས་སྦྱོར་གྱི་རྩ་ནི་སྔོན་ཞེས་བརྗོད་དེ། སྐྱེ་བའི་དུས་སྦྱོར་གྱི་འདབ་མ་དེ་ལ་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུའི་ནང་ནས་མདའ་དང་མེ་དང་འཇིག་རྟེན་ཞེས་པ་ཉིན
་ཞག་གི་ཚོགས་སུམ་ཅུ་རྩ་ལྔ་ལྷག་པའི་སུམ་རྒྱ་འདོར་བར་བྱེད་དོ། །དེ་ནས་འདབ་མ་དེ་སྟོང་པར་བྱས་ཏེ་ལྷག་མའི་ཉིན་ཞག་གི་ཚོགས་བཟུང་ནས་སྲོག་གི་ནུས་མ་འདབ་མ་གཉིས་པ་ལ་འཇུག་གོ་།ཉིན་ཞག་གི་ཚོགས་དེ་ལས་རྒྱུ་བ་དང་བཅས་པའི་སྟེ། སྔ
་མ་ལས་འདབ་མ་ཕྱི་མར་རྒྱུ་བའི་ཉིན་ཞག་བཅུ་དང་ལྷན་ཅིག་ཏུ་མདའ་དུས་རྩེ་མོ་ཅན་ཞེས་པ་ཉིན་ཞག་གི་ཚོགས་བཞི་བཅུ་རྩ་ལྔ་ལྷག་པའི་སུམ་བརྒྱ་འདབ་མ་གཉིས་པ་ལ་འདོར་རོ། །དེ་ནས་ལྷག་མ་བཟུང་ནས་འདབ་མ་གསུམ་པ་ལ་འཇུག་སྟེ། གཉིས
་པ་སྟོང་པར་འགྱུར་རོ། །སླར་ཡང་དེ་ཉིད་ལ་རྒྱུ་བའི་ཉིན་ཞག་བཅོ་ལྔ་དང་ལྷན་ཅིག་ཉིན་ཞག་བདུན་ཅུ་ལྷག་པའི་བརྒྱ་འདབ་མ་གསུམ་པ་ལ་འདོར་རོ། །ལྷག་མ་བཟུང་ནས་བཞི་པ་ལ་འཇུག་སྟེ། གསུམ་པ་སྟོང་པར་འགྱུར་རོ། །དེ་ནས་རྒྱུ་བའི
་ཉིན་ཞག་ཉི་ཤུ་དང་ལྷན་ཅིག་མིག་སྤྲུལ་ཞེས་པ་ཉིན་ཞག་གི་ཚོགས་བརྒྱད་ཅུ་རྩ་གཉིས་འདབ་མ་བཞི་པ་ལ་འདོར་རོ། །ལྷག་མ་ཟུང་ནས་ལྔ་པ་ལ་འཇུག་སྟེ། བཞི་པ་སྟོང་པར་འགྱུར་རོ། །སླར་རྒྱུ་བའི་ཉིན་ཞག་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་རེ་རེ་མདའ
་སྟེ། ཉིན་ཞག་གི་ཚོགས་ལ་ལྔ་བཅུ་རྩ་བདུན་འདོར་རོ། །ལྷག་མ་བཟུང་ནས་དྲུག་པ་ལ་འཇུག་སྟེ་ལྔ་པ་སྟོང་པར་འགྱུར་རོ། །སླར་རྒྱུ་བའི་ཉིན་ཞག་ཉི་ཤུ་རྩ་དྲུག་དང་ལྷན་ཅིག་ཉིན་ཞག་གི་ཚོགས་ཉི་ཤུ་རྩ་བརྒྱད་འདོར་རོ། །དེ་ནས་བདག
་མ་བདུན་པ་ལ་འཇུག་སྟེ། དྲུག་པ་སྟོང་པར་འགྱུར་རོ། །དེ་ནས་བདུན་པ་ལ་རྒྱུ་བའི་ཉིན་ཞག་གི་ཚོགས་ཉི་ཤུ་རྩ་བདུན་འདོར་རོ། །ལྷག་མ་ཉིན་ཞག་གི་ཚོགས་སུམ་ཅུ་རྩ་དྲུག་འབྱུང་ནས་འདབ་མ་བརྒྱད་པར་འཇུག་སྟེ་བདུན་པ་སྟོང་པར་འགྱུར་རོ། །དེ་ནས་བརྒྱད
་པ་ལ་ཉིན་ཞག་བཅོ་ལྔ་འདོར་རོ། །ལྷག་མ་ཉིན་ཞག་ཉི་ཤུ་རྩ་གཅིག་བཟུང་ནས་དགུ་པ་ལ་འཇུག་སྟེ། བརྒྱད་པ་སྟོང་པར་འགྱུར་རོ། །དེ་ནས་དགུ་པ་ལ་ཉིན་ཞག་བཅུ་འདོར་རོ། །ལྷག་མ་ཉིན་ཞག་བཅུ་གཅིག་བཟུང་ནས་བཅུ་པ་ལ་འཇུག་སྟེ། དགུ་པ
་སྟོང་པར་འགྱུར་རོ། །དེ་ནས་བཅུ་པ་ལ་ཉིན་ཞག་ལྔ་འདོར་རོ། །ལྷག་མ་ཉིན་ཞག་དྲུག་བཟུང་ནས་བཅུ་གཅིག་པ་ལ་འཇུག་སྟེ། བཅུ་པ་སྟོང་པར་འགྱུར་རོ། །དེ་ལ་ཉིན་ཞག་གསུམ་འདོར་རོ། །ལྷག་མ་ཉིན་ཞག་གསུམ་བཟུང་ནས་བཅུ་གཉིས་པ་ལ་འཇུག་སྟེ། བཅུ
་གཅིག་པ་སྟོང་པར་འགྱུར་རོ། །དེ་ལ་ཉིན་ཞག་གཉིས་འདོར་རོ། །ལྷག་མ་ཉིན་ཞག་གཅིག་བཟུང་ནས་ལྟེ་བ་ལ་འཇུག་སྟེ་ཁྱིམ་གྱི་འདབ་མ་བཅུ་གཉིས་པའི་རྩ་སྟོང་པར་འགྱུར་རོ། །དེ་ལྟར་ཉི་མའི་དབུ་མའི་ལོ་གསུམ་གྱི་ཉིན་ཞག་སྟོང་བརྒྱད་ཅུའི
་གྲངས་རྣམས་ཀྱི་སྲོག་གི་ནུས་པས་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་འདོར་རོ། །དེ་ཡང་ལྟེ་བ་ལ་ཉིན་ཞག་གཅིག་དབུ་མར་འབབ་སྟེ། དེ་ནས་དབུགས་ཀྱི་འཁོར་ལོ་བཏང་ནས་རྣམ་པར་ཤེས་པ་སྲོག་གི་རླུང་དང་ལྷན་ཅིག་འགྲོ་བ་དྲུག་པོ་གཞན་དུ་འཕོ
་བར་བྱེད་དོ། །ཉི་མའི་འཆི་ལྟས་ཀྱི་ངེས་པའོ། །འདིར་དགོང་པ་ནི་སྔར་གྱི་དགོང་པ་བཞིན་དུ་རིམ་པ་གཉིས་ལ་ལོའི་དབྱེ་བ་དང་ཉིན་ཞག་འདོར་བའི་དབྱེ་བ་སྟེ། རིམ་པ་སྔ་མ་ལ་འཆི་ལྟས་ཀྱི་ཉིན་ཞག་དགོང་ཅིང་རིམ་པ་ཕྱི་མ་ལ་ལྷག་མ་ཚེའི་ཉིན་ཞག
་དགོད་དོ། །འཁོར་ལོ་གཉིས་པ་ལ་ཉིན་ཞག་འདོར་བ་དགོད་ཅིང་སྔ་མའི་འདབ་མ་རྣམས་ལ་རིམ་པས་སྟོང་པ་དགོད་དེ། །གཡས་པའི་རྩ་མཉམ་པའི་དུས་སྦྱོར་ལས་སྐྱེས་པ་རྣམས་ལ་ཉི་མའི་འཆི་ལྟས་ཏེ། མི་མཉམ་པའི་དུས་སྦྱོར་ལས་སྐྱེས་པ་ཚེ་ཐུང
་པ་རྣམས་ལ་ཟླ་བའི་འཆི་ལྟས་སོ། །ཉི་མའི་འཆི་ལྟས་ཀྱི་ངེས་པའོ། །ད་ནི་ཉི་མའི་དབུ་མའི་འཆི་ལྟས་ཀྱི་དུས་ཀྱི་ལོ་རིམ་པྲ་ལོ་བརྒྱའི་མཚམས་སུ་བྱིས་པའི་སྐྱེ་བོ་མུ་སྟེགས་པ་རྣམས་ཀྱི་བརྗོད་པ་སེམས་ཅན་རྣམས་རྨོངས་པ་བསྐྱེད་པར་བྱེད་པ་གང་ཡིན་པ
་དེའི་དགག་པ་བརྗོད་པར་བྱའོ། །འདིར་མུ་སྟེགས་པ་རྣམས་བརྗོད་པར་གྲགས་ཏེ། རྩ་གཡས་པ་ལ་ཆུ་ཚོད་ལྔ་རབ་ཏུ་རྒྱུ་བས་ཚེ་ལོ་བརྒྱའོ། །ཆུ་ཚོད་དྲུག་རབ་ཏུ་རྒྱུ་བས་ཚེ་ལོ་དགུ་བཅུའོ། །ཆུ་ཚོད་བདུན་རབ་ཏུ་རྒྱུ་བས་ཚེ་ལོ་བརྒྱད་ཅུའོ། །ཆུ་ཚོད་བརྒྱད་རབ་ཏུ
་རྒྱུ་བས་ཚེ་ལོ་ལྔ་བཅུའོ། །ཆུ་ཚོད་དགུ་རབ་ཏུ་རྒྱུ་བས་ཚེ་ལོ་སུམ་ཅུའོ། །ཆུ་ཚོད་བཅུ་རབ་ཏུ་རྒྱུ་བས་ཚེ་ལོ་ཉི་ཤུ་རྩ་དྲུག་གོ་།ཆུ་ཚོད་བཅོ་ལྔ་རབ་ཏུ་རྒྱུ་བས་ཚེ་ལོ་བཅུ་བཞིའོ། །ཆུ་ཚོད་སུམ་ཅུ་རབ་ཏུ་རྒྱུ་བས་ཚེ་ལོ་བཅུ་གཉིས་སོ། །ཉིན་མཚན་རབ་ཏུ་རྒྱུ་བས
་ཚེ་ལོ་བཅུའོ། །ཉིན་ཞག་གཉིས་རབ་ཏུ་རྒྱུ་བས་ཚེ་ལོ་བརྒྱད་དོ། །ཉིན་ཞག་གསུམ་རབ་ཏུ་རྒྱུ་བས་ཚེ་ལོ་དྲུག་གོ་།ཉིན་ཞག་བཞི་རབ་ཏུ་རྒྱུ་བས་ཚེ་ལོ་ལྔའོ། །དེ་ནས་ཉིན་ཞག་ལྔ་རབ་ཏུ་རྒྱུ་བས་ཚེ་ལོ་གསུམ་མོ་ཞེས་པ་ནི་མུ་སྟེགས་པ་རྣམས་ཀྱི་གཡས་ཀྱི་ལམ
་ལ་ཆུ་ཚོད་དང། དབུགས་ཀྱིས་ངེས་པའོ། །དེ་ཉིད་ནི་ཐམས་ཅད་མཁྱེན་པས་གསུངས་པའི་རིགས་པས་རྣམ་པར་དབྱར་ན་མི་འཐད་དེ། འདིར་མི་རྣམས་ཀྱི་འཆི་ལྟས་མེད་པ་ལ་གཡོན་དང་གཡས་ཀྱི་རྩལ་ལྔ་སྟེ། མཉམ་པ་དང་མི་མཉམ་པའི་དུས་སྦྱོར་རྣམས་ལ
་དབྱུ་གུ་སྔར་སྲོག་གི་རླུང་འབབ་བོ། །སྐྱེས་བུ་ཚེ་ལོ་བརྒྱ་པའི་སྲོག་ནི་གཡོན་དང་གཡས་པ་དག་ལ་ལོ་བདུན་དུ་བགྲོད་པའི་དབྱེ་བས་དབུགས་འཕེལ་ལོ་དེ་ནས་ལོ་དྲུག་ཅུ་རྣམས་ནི་བགྲོད་པ་འཕེལ་བའི་དབྱེ་བས་ཆུ་སྲང་འཕེལ་ལོ། །དེ་ནས་ལོ་སུམ་ཅུ་རྣམས་ནི་ཟླ་བ
་གསུམ་གྱི་དབྱེ་བས་ཆུ་ཚོད་འཕེལ་ལོ། །དེ་ནས་ལོ་གསུམ་དང་ཕྱོགས་གསུམ་ནི་ཉིན་ཞག་གི་དབྱེ་བས་འཕེལ་ལོ། ཞེས་པ་ནི་དུས་འཕེལ་བའི་རིགས་པའོ། །རིག་པ་འདི་ལས་མངལ་ནས་སྐྱེས་པའི་བྱིས་པ་གང་ཞིག་དུས་མ་ཡིན་པར་འཆི་བར་འགྱུར་ལ། ལོ
་གསུམ་མམ་ལོ་ལྔ་འམ་ལོ་བཅུ་གཉིས་སམ། ཉི་ཤུ་ལ་སོགས་པས་འཆི་བ་དེ་ལ་ཆུ་ཚོད་ལྔའི་སྟེང་དུ་ཆུ་ཚོད་དྲུག་དང། བདུན་པ་ལ་སོགས་པ་རབ་ཏུ་རྒྱུ་བའི་རིམ་པས་ནི་དོན་མེད་པ་སྟེ། མངལ་ནས་སྐྱེས་པ་ནས་ལོ་གསུམ་འཆི་བའི་མཚམས་ཡིན་པའི
་ཕྱིར་རོ། །འདིར་གལ་ཏེ་སྐྱེས་པའི་ཟླ་བ་གཅིག་གི་རྗེས་སུ་འཆི་བར་འགྱུར་ན། དེའི་ཚེ་སྐྱེས་པའི་ཉིན་ཞག་ནས་བརྩམས་ཏེ། སྲོག་གི་རླུང་རྫོགས་པའི་དུས་ནས་ཚེས་ཕྱོགས་མངའ་དང་ཡོན་ཏན་ལ་སོགས་པ་རྒྱུའོ། །དེ་བཞིན་དུ
་མངལ་ནས་སྐྱེས་པ་ནས་ཟླ་བ་གཉིས་ཀྱི་མཛའ་དང་ཟླ་བ་གསུམ་གྱི་མཛའ་དང། ཟླ་བ་བཞིའི་མཛའ་དང། ཟླ་བ་དྲུག་གི་མཛའ་དང། ལོའི་མཛའ་དང། ལོ་གཉིས་ཀྱི་མཛའ་དང། ལོ་གསུམ་གྱི་མཐར་འཆི་བ་ནི་ཉིན་ཞག་སུམ་ཅུ་རྩ་གསུམ
་རྒྱུ་བ་ནས་གཡས་ཀྱི་རྩ་ལ་སྒྲ་ལ་སོགས་པའི་ཡོན་ཏན་ལྔ་ཟད་པའི་དབྱེ་བས་ཉིན་ཞག་ལྔ་རྒྱུ་བ་དང། གཡོན་གྱི་རྩ་ལ་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་ཟད་པའི་དབྱེ་བས་ཉིན་ཞག་གཅིག་གི་བར་དུ་ལུགས་ལས་བཟློག་པས་སོ། །དེ་བཞིན
་དུ་ལྟེ་བ་ལ་སྲོག་རབ་ཏུ་ཞུགས་པ་ལས་མངལ་ནས་སྐྱེས་པའི་ཉིན་མཚན་དང་པོ་ལ་ཡང་འཆི་བར་ཤེས་པར་བྱའོ། །དེ་བཞིན་དུ་འདབ་མ་བཅུ་གཉིས་པ་ལ་སྲོག་འཆར་བ་ལས་ཉིན་ཞག་གསུམ་པ་ལ་འཆི་བའོ། །དེ་བཞིན་དུ་འདབ་མ་བཅུ་གཅིག
་པ་ལ་སྲོག་འཆར་བ་ལས་ཉིན་ཞག་དྲུག་པ་ལའོ། །དེ་བཞིན་དུ་ཁྱིམ་གྱི་འདབ་མ་བཅུ་པ་ལ་སྲོག་འཆར་བ་ལས་ཉིན་ཞག་བཅུ་གཅིག་པ་ལའོ། །དེ་བཞིན་དུ་ཁྱིམ་གྱི་འདབ་མ་དགུ་པ་ལ་སྲོག་འཆར་བ་ལས་ཉིན་ཞག་ཉི་ཤུ་རྩ་གཅིག་པ་ལའོ། །
་དེ་བཞིན་དུ་རིམ་པས་ཁྱིམ་གྱི་འདབ་མ་བརྒྱད་པ་ལ་སྲོག་འཆར་བ་ལས་ཉིན་ཞག་སུམ་ཅུ་རྩ་དྲུག་ལའོ། །དེ་བཞིན་དུ་ཁྱིམ་གྱི་འདབ་མ་བདུན་པ་ལ་སྲོག་འཆར་བ་ལས་ཟླ་བ་གཉིས་ནའོ། །དེ་བཞིན་དུ་འདབ་མ་དྲུག་པ་ལ་སྲོག་འཆར་བ་ལས་ཟླ་བ
་གསུམ་ནའོ། །དེ་བཞིན་དུ་ལྔ་པ་ལ་སྲོག་འཆར་བ་ལས་ཟླ་བ་བཞི་ནའོ། །དེ་བཞིན་དུ་འདབ་མ་བཞི་པ་ལ་ཉིན་ཞག་ཉི་ཤུར་སྲོག་འཆར་བ་ལས་ཟླ་བ་དྲུག་ནའོ། །དེ་བཞིན་དུ་ཕྱོགས་དང་བཅས་པ་གསུམ་པ་ལ་སྲོག་འཆར་བ་ལས་ལོ་གཅིག་ནའོ། །
་ཉིན་ཞག་བཅུ་གཉིས་པ་སྲོག་འཆར་བ་ལས་ལོ་གཉིས་ནའོ། །དང་པོ་ལ་སྲོག་འཆར་བ་ལས་ལོ་གསུམ་ནའོ། །ལོ་བཞི་པ་ལ་ཉིན་ཞག་ནི་རིགས་པ་མ་ཡིན་ནོ། །མངལ་ནས་སྐྱེས་པ་ནས་ལོ་བརྒྱའི་མཚམས་ཀྱི་བར་དུའོ། །འདི་ནི་ཉི་མའི་འཆི་ལྟས་ཀྱི་ངེས་པ་སྟེ། ཉི
་མའི་ཇི་ལྟ་བ་དེ་བཞིན་དུ་སྙིང་སྟོབས་ལ་སོགས་པ་ཡོན་ཏན་གསུམ་གྱི་དབྱེ་བས་མངལ་ནས་སྐྱེས་པ་ལས་ཟླ་བའི་འཆི་ལྟས་ཀྱི་ངེས་པའོ། །དེ་བཞིན་དུ་དུས་ཕྱི་མའི་སྟེང་གི་རྣ་བ་ལས་དབང་ཕྱུག་གིས་སྨྲས་པ། ཇི་ལྟར་གཡོན་པ་དེ་བཞིན་ག-ཡས། །དེ་བཞིན
་ཉིད་དུ་དབུ་མ་ཡང། ལོ་གསུམ་མཛའ་ནི་འཆི་བ་སྟེར། ཞེས་པ་སྟེ། གཞན་གྱི་གྲུབ་པའི་མཛའ་ལ་ཡང་ལ་ལར་ངེས་པ་ཡོད་དོ། །ཟླ་བ་དང་ཉི་མའི་འཆི་ལྟས་ཀྱི་ངེས་པའོ། །འདི་ལྟར་མངལ་ནས་སྐྱེས་པ་རྣམས་ཀྱི་ལས་ལས་ཉིན་ཞག་གཅིག་ནས་བརྩམས
་ཏེ། ལོ་གསུམ་གྱི་མཐར་ཉིན་ཞག་སོ་སོ་ལ་འཆི་བའི་དབྱེ་བས་སྟོང་བརྒྱད་ཅུའི་དབྱེ་བ་ཐ་དད་པའི་བྱིས་པའི་འཆི་བ་གང་ཡིན་པ་དེ་ནི་ཟླ་བའི་ལམ་མམ་ཉི་མའི་ལམ་འདི་ལ་ངེས་པ་མེད་དོ། །འོན་ཀྱང་རྩ་ལས་དབུགས་རབ་ཏུ་རྒྱུ་བའི་འཆི་ལྟས་ཀྱི་ཉིན་ཞག
་རྣམས་ཀྱི་སྲོག་གི་གྲངས་ཤེས་པར་བྱེད་དོ། །དེའི་ཕྱིར་འཆི་ལྟས་ཀྱི་འཁོར་ལོ་ནི་འཆི་བའི་འཁོར་ལོ་སྟེ། ཁྱིམ་གྱི་འཁོར་ལོའི་རྩ་རྣམས་ལས་སྲོག་གི་དཀྱིལ་འཁོར་ལྔ་རྒྱུ་བ་གོ་རིམས་ཀྱི་ཡོངས་སུ་འདོར་བའོ། །དེ་ནས་ལྟེ་བ་ལ་རབ་ཏུ་ཞུགས་པའི་ཉིན་ཞག
་དེ་ལ་འཆིའོ། ཞེས་པ་ནི་རིགས་པའོ། །ཉི་མའི་དབུ་མ་རབ་ཏུ་རྒྱུ་བས་ལོ་བརྒྱའི་མཚམས་སུ་ལོ་གསུམ་གྱི་དུས་ཀྱི་མཚན་ཉིད་འདི་ནི་ཡོངས་སུ་བརྟགས་པའི་སེམས་ཅན་ཐམས་ཅད་ཀྱི་འཆི་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ཟེར་རོ། །དེ་ཉིད་ནི
་ཟླ་བའི་ཕྱོགས་གསུམ་གྱི་ཆོས་ཀྱི་ཟླ་བའི་འཆི་ལྟས་སུ་མི་འགྱུར་ཏེ། འདིར་གང་ཞིག་ཟླ་བའི་ཆོས་ཀྱི་འཆི་ལྟས་ཀྱིས་འཆི་བར་མི་འགྱུར་བ་དེས་ན་བྱིས་པ་མི་མཁས་པ་རྣམས་ཀྱིས་རབ་ཏུ་བརྟགས་པའོ། །གཡོན་པའི་རྩ་ལ་ཟླ་བའི་ཆོས་ལས་འཆི་ལྟས་ཀྱི
་འཆི་བ་ཇི་ལྟར་མེད། གཡས་པ་ལ་ཉི་མ་རབ་ཏུ་རྒྱུ་བ་ལས་འཆི་བལྟས་ཀྱིས་འཆི་བར་ཐམས་ཅད་མཁྱེན་པས་གསུངས་སོ། ཞེས་པ་ནི་མི་ཤེས་པ་རྣམས་ཀྱི་ཚིག་གོ་།འདིར་ལོ་གསུམ་གྱིས་ལྷག་པའི་ལྷ་ནི་ཉི་མའི་སྒྲས་སྲོག་གི་རླུང་སྟེ།
་ཕྱོགས་གསུམ་གྱི་བདག་པོ་ནི་ཟླ་བའི་སྒྲས་ཐུར་སེལ་གྱི་རླུང་ངོ། །འདིར་ཨི་ཌ་དང་དམར་སེར་དང་སུ་ཤུ་མཱན་རྣམས་ཀྱི་བདག་པོ་ནི་སྲོག་དང་ཉི་མ་སྟེ་ལྟེ་བ་ལས་སྟེང་དུ་རབ་ཏུ་རྒྱུ་བའི་ཕྱིར་རོ། །བཤང་བ་དང་གཅི་བ་དང་ཁུ་བའི་རྩ་རྣམས་ཀྱི་བདག་པོ་ནི་ཐུར
་སེལ་ཏེ་ལྟེ་བ་ལས་འོག་ཏུ་རབ་ཏུ་རྒྱུ་བའི་ཕྱིར་རོ། །དེ་ལྟར་ན་ཟླ་བ་ལ་འོག་ཏུ་ཡོན་ཏན་གསུམ་དང། ཉི་མ་ལ་སྟེང་དུ་དཀྱིལ་འཁོར་དང་ཡུལ་ལྔའི་ཡོན་ཏན་ལྔའོ། །དེས་ན་འོག་དང་སྟེང་གི་རྩ་དག་ལ་ཡོན་ཏན་གསུམ་གྱི་དབྱེ་བས་གཡོན་པ་ལ་ཟླ་བའི
་འཆི་ལྟས་དང་ཡོན་ཏན་ལྔའི་དབྱེ་བས་གཡས་པ་ལ་ཉི་མའི་འཆི་ལྟས་སོ། །ཟླ་བ་དང་ཉི་མའི་འཆི་ལྟས་ཀྱི་ངེས་པའོ། །ད་ནི་དུས་ཀྱི་ལོ་ཞེས་པ་ལ་སོགས་པས་དབུ་མ་ཡོངས་སུ་རྫོགས་པའི་དུས་སུ་འཆི་བའི་མཚན་ཉིད་གསུངས་ཏེ། འདིར་སྐྱེས
་པ་དང་བུད་མེད་རྣམས་ཀྱི་ལུས་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སྲོག་རབ་ཏུ་རྒྱུ་སྟེ། ཕྱེད་དང་བཅས་པའི་ཟླ་བ་བཅུ་ལྷག་པའི་ལོ་དགུ་བཅུ་རྩ་དྲུག་གི་བར་དུ་གཡོན་དང་གཡས་ལ་དཀྱིལ་འཁོར་ལྔ་འབབ་པོ། །ལོ་གསུམ་དང་ཕྱོགས་གསུམ
་གྱི་བར་ནི་དབུ་མའི་དུས་ཏེ་ཚེ་ལོ་བརྒྱ་པའི་མི་རྣམས་ཀྱི་ངེས་པའོ། །དེ་ལ་གཡོན་པ་དང་གཡོས་པ་དང་དབུ་མའི་རྩ་གསུམ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཅན་ཏེ། འདི་རྣམས་ལས་འཆི་བ་ནི་མུན་པའི་རྩ་ལས་རྒྱུ་བའི་གྲངས་སྲོག
་དང་ཐུར་སེལ་གྱི་རང་བཞིན་གྱིས་བཟུང་ནས། གཡོན་པ་དང་གཡས་པ་ལ་མི་མཉམ་པའི་ཉིན་ཞག་གིས་རྒྱུ་སྟེ། དུས་ཀྱི་ལོ་སྟེ་ལོ་གསུམ་དང་ཕྱོགས་གསུམ་གྱི་བར་དུ། ཉིན་ཞག་བགྲོད་པའི་དབང་གིས་ཤེས་པ་ལ། ཉིན་ཞག་ནི་ཉི་ཤུ་རྩ་ལྔ་ལྷག་པའི
་བརྒྱ་ཕྲག་བཅུ་གཅིག་སྟེ། དེ་དག་གི་བགྲོད་པའི་དབང་གིས་ཇི་སྲིད་སྲོག་ཟད་པར་འགྱུར་བ་དེ་སྲིད་དུ་འཕོ་ཞིང་རྒྱུ་བར་བྱེད་པ་སྟེ། ཟླ་བ་ཞེས་པ་སྟེ་གཡོན་པའི་ལམ་དང་ཉི་མའི་ལམ་གཡས་པ་ལ་མི་མཉམ་པ་མཉམ་པའི་ཉིན་ཞག་རེ་རེ་འཕེལ་བས་རིམ་པས་སོ། །
་ཞེས་པ་ནི་གལ་ཏེ་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལས་སྐྱེས་པར་གྱུར་ན་གཡོན་པའི་རྩ་ལ་ཉིན་ཞག་གཅིག་རྒྱུའོ། །གལ་ཏེ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་པར་གྱུར་ན་གཡས་པ་ལ་ཉིན་ཞག་གཉིས་རྒྱུའོ། །དེ་ནས་སླར་ཡང་འཕོ་བའི་དབྱེ
་བ་ནི་མཉམ་མཉམ་པའི་ཉིན་ཞག་རྣམས་ཀྱི་གཡོན་པ་ལ་རྒྱུ་བའི་མཇུག་དང་གཡས་པ་ལ་རྒྱུ་བའི་མཇུག་ཏུ་རྒྱུ་བའི་ཉིན་ཞག་གི་ཚད་ཀྱིས་བྱེད་པ་ནི། བཅུ་གཉིས་རྩིབས་ཀྱི་ཁྱིམ་གྱིས་འཁོར་ལོ་ལ་རིམ་པས་དཀྱིལ་འཁོར་ལྔ་ཡོངས་སུ་དོར་བའི་སླད་དུ་སྟེ།
་གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ཟད་པའི་དོན་དུ་འཕོ་བར་བྱེད་ཅིང། གཡས་ཀྱི་རྩ་ལས་ལ་སོགས་པའི་དཀྱིལ་འཁོར་ཟད་པའི་དོན་དུ་འཕོ་བར་བྱེད་དོ། །འདིར་གཡོན་པ་ལ་ཉིན་ཞག་ལྔ་རྒྱུ་བ་དང་འཕོ་བའི་ཉིན་ཞག་རྣམས་ཀྱིས་ལུག
་ལ་སོགས་པ་མི་མཉམ་པའི་འདབ་མ་དྲུག་པོ་རྣམས་ལ་སྟོང་པའི་དཀྱིལ་འཁོར་རབ་ཏུ་འབབ་པའི་སྲོག་གི་རླུང་གིས་འདོར་རོ། །གཡས་པ་ལ་ཉིན་ཞག་དྲུག་རྒྱུ་བ་དང་འཕོ་བའི་ཉིན་ཞག་དྲུག་རྣམས་ཀྱིས་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་པོ་རྣམས
་ལ་སའི་དཀྱིལ་འཁོར་རབ་ཏུ་འབབ་བ་སྲོག་གི་འདོར་རོ། །དེ་བཞིན་དུ་གཡོན་པའི་རྩ་ལ་ཉིན་ཞག་བཅུ་གཅིག་གིས་རླུང་གི་དཀྱིལ་འཁོར་འདོར་རོ། །གཡས་པ་ལ་ཉིན་ཞག་བཅུ་གཉིས་ཀྱི་ཆུའི་དཀྱིལ་འཁོར་འདོར་རོ། །དེ་བཞིན་དུ་གཡོན་པའི་འདབ་མ་ལ་ཉིན་ཞག
་བཅུ་བདུན་གྱིས་མེའི་དཀྱིལ་འཁོར་འདོར་རོ། །གཡས་པའི་འདབ་མ་ལ་ཉིན་ཞག་བཅོ་བརྒྱད་ཀྱིས་མེའི་དཀྱིལ་འཁོར་འདོར་རོ། །སླར་ཡང་གཡོན་པའི་འདབ་མ་ལ་ཉིན་ཞག་ཉི་ཤུ་རྩ་གསུམ་གྱིས་ཆུའི་དཀྱིལ་འཁོར་འདོར་རོ། །གཡས་པའི་འདབ་མ་ལ
་ཉིན་ཞག་ཉི་ཤུ་རྩ་བཞིས་རླུང་གི་དཀྱིལ་འཁོར་འདོར་རོ། །སླར་ཡང་གཡོན་པའི་འདབ་མ་དྲུག་ལ་ཉིན་ཞག་ཉི་ཤུ་རྩ་དགུས་སའི་དཀྱིལ་འཁོར་ལ་འདོར་རོ། །གཡས་པ་ལ་ཉིན་ཞག་སུམ་ཅུས་ནམ་མཁའ་ཨི་དཀྱིལ་འཁོར་འདོར
་ཏེ། དེ་ལྟར་མི་མཉམ་པ་དང་མཉམ་པའི་ཉིན་ཞག་རྣམས་གཡོན་པ་དང་གཡས་པ་ལ་རྒྱུ་བ་དང་ཉིན་ཞག་སུམ་ཅུ་པོ་རྣམས་ཀྱི་འཕོ་བའི་ཉིན་ཞག་སུམ་ཅུས་དུས་སྦྱོར་བཅུ་གཉིས་ཀྱི་རྩའི་འདབ་མ་རྣམས་ལ་དཀྱིལ་འཁོར་ལྔ་ཡོངས་སུ་འདོར་རོ། །དེ་ནས
་གཡོན་པའི་རྩ་མི་མཉམ་པའི་འདབ་མ་རྣམས་ལ་རྒྱུ་བའི་ཉིན་ཞག་སུམ་ཅུ་རྩ་གཅིག་འཕོ་བའི་ཉིན་ཞག་སུམ་ཅུ་རྩ་གཅིག་གིས་ཀྱང་སྙིང་སྟོབས་ཀྱི་ཁམས་ཟད་དོ། །གཡས་པའི་རྩ་ལ་ཉིན་ཞག་སུམ་ཅུ་རྩ་གཉིས་རྒྱུ་བ་དང། འཕོ་བའི་ཉིན་ཞག
་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་རྡུལ་གྱི་ཁམས་ཟད་དོ། །དེ་ནས་མི་མཉམ་པའི་འདབ་མ་ལ་རྒྱུ་བའི་ཉིན་ཞག་སུམ་ཅུ་རྩ་གསུམ་དང། འཕོ་བའི་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་མུན་པའི་ཁམས་ཟད་དེ། དེ་ལྟར་བད་ཀན་གྱི་རྩ་ཟད་པ་ནི་སྙིང་སྟོབས
་ཀྱི་ཁམས་དང་མཁྲིས་པའི་རྩ་ཟད་པ་ནི་རྡུལ་གྱི་ཁམས་དང་རླུང་གི་རྩ་ཟད་པ་ནི་མུན་པའི་ཁམས་ཞེས་བརྗོད་དེ་རྒྱུ་བའི་ཉིན་ཞག་སུམ་ཅུ་རྩ་གསུམ་དང་འཕོ་བའི་ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་སོ། །ཁྱིམ་གཉི་གའི་ཉིན་ཞག་བསྡུས་པའི་ཉིན་ཞག་གསུམ་གྱི་དམན་པའི་ལོ་གསུམ་དང་ཕྱོགས
་གསུམ་གྱི་ཉིན་ཞག་ཉི་ཤུ་རྩ་གཉིས་ལྷག་པའི་བརྒྱད་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །དཀྱིལ་འཁོར་ལྔ་དང་སྙིང་སྟོབས་དང་རྡུལ་དང་མུན་པའི་རྩ་གཅོད་པ་ནི་སྲོག་གི་རླུང་གི་གནས་ཡོངས་སུ་འདོར་བ་སྟེ། དེ་ལྟར་ཕྱེད་དང་བཅས་པའི་ཟླ་བ་དང་ཇི་སྲིད་ལོ
་གསུམ་གྱི་ཉིན་ཞག་རྣམས་སྲོག་རྒྱུ་བས་སོ། །དེ་ནས་གཞན་ནི་སུམ་ཅུ་དག་དང་སྟེ་མངལ་བཟུང་བའི་ཟླ་བའི་ཉིན་ཞག་གི་ཚོགས་ཉིན་ཞག་སུམ་ཅུའི་བདག་ཉིད་དང་འཚོ་བ་དག་གི་མཚན་མོ་གསུམ་གྱི་བར་དུའོ། །གཡས་པའི་རྩ་ལ་རྒྱུ་ཞིང་འཕོ་བ་ཐམས་ཅད་མེད་པས་ཉིན
་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་ཕུང་པོ་དང་ཁམས་རྣམས་རྣམ་པར་གཅོད་པ་སྟེ། འདིར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་ས་ལ་སོགས་པའི་ཁམས་ལྔ་དང། ལུས་ཀྱི་དབང་པོ་ལ་སོགས་པའི་དབང་པོ་ལྔ་དང་དྲི་ལ་སོགས་པའི་ཡུལ་ལྔ་དང། བཤང་ལམ
་ལ་སོགས་པའི་ལས་ཀྱི་དབང་པོ་ལྔ་དང། སྨྲ་བ་ལ་སོགས་པའི་ལས་ཀྱི་དབང་པོའི་ཡུལ་ལྔ་སྟེ། འདི་དག་རྣམས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་གཅོད་ཅིང་ཕན་ཚུན་ཡང་དག་པར་སྦྱོར་བ་མེད་པར་འགྱུར་རོ། །དེ་ནས་དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་ཉིན
་ཞག་གཅིག་དབུ་མ་ལ་འཇུག་གོ། ཕུང་པོ་དྲུག་པོ་དང། ཁམས་དྲུག་པ་དང་དབང་པོ་དྲུག་པ་དང། ཡུལ་དྲུག་པ་དང། ལས་ཀྱི་དབང་པོའི་ཡུལ་དྲུག་པ་དང། ཁུ་བ་འཕོ་བ་ནི་འཆི་བའི་མཐར་འགྱུར་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར
་གཅོད་པའི་ངེས་པའོ། །ད་ནི་དབུགས་ཞེས་པ་ལ་སོགས་པས་སྐྱེས་པར་གྱུར་པ་རྣམས་ཀྱི་འཆི་བའི་དབུགས་རྒྱུ་བ་གསུངས་ཏེ། ལོ་དགུ་བཅུ་རྩ་བདུན་གྱི་མཚམས་སུ་ཆུ་ཚོད་ཀྱི་འཁོར་ལོ་རྒྱུ་སྟེ། དེ་ཉིད་ཉིན་ཞག་གཅིག་ཏུ་འགྱུར་རོ། །དེ་ནས་གཡོན
་པ་དང་གཡས་པའི་རྩ་ལ་ཉིན་ཞག་གི་རང་བཞིན་གྱི་ཉིན་ཞག་གི་འཁོར་ལོ་སྔར་བརྗོད་པའི་རིམ་པས་རྒྱུ་སྟེ། དེའི་ཕྱིར་ཉིན་ཞག་བགྲོད་པའི་དབང་ལས་དུས་ཀྱི་ལོ་དང་ཕྱོགས་ཀྱིས་ཀྱང་ཞེས་པ་སྟེ། ལོ་གསུམ་དང་ཀྱང་ཡིག་གིས་ཕྱོགས་གསུམ
་དང་གཞན་ཉིན་ཞག་སུམ་ཅུས་ཀྱང་ངོ། །འདིར་འཆི་བའི་ཉིན་ཞག་རྒྱུ་བའི་གྲངས་ནི། །དུས་ཀྱི་འཁོར་ལོ་དག་ལས་ཕྱེད་བཅས་སུམ་ཅུ་གཉིས་ཀྱིས་བགོས་པའི་ཞེས་པ་སྟེ། ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ལས་ཐོབ་པའི་ཉིན་ཞག་གི་ཚོགས
་ནི་ལྟེ་བའི་མཐར་ཐུག་པར་རིག་པར་བྱའོ། །འདིར་ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ཀྱིས་ཐོབ་པར་རྒྱུ་བའི་ཉིན་ཞག་སུམ་ཅུ་རྩ་བཞི་དང་ཆུ་ཚོད་སུམ་ཅུ་རྩ་དྲུག་དང། ཆུ་སྲང་ལྔ་བཅུ་རྩ་ལྔ་དང། ཕྱེད་དང་བཅས་པའི་དབུགས་གཉིས་ཏེ། འདི་དག་ལས
་ཉིན་ཞག་གཅིག་ནི་ལྟེ་བ་ལའོ། །ལྷག་མ་ནི་གཡོན་དང་གཡས་པའི་འཆི་ལྟས་སུ་རིག་པར་བྱའོ། །ཉིན་ཞག་སོ་སོར་རྒྱུ་བ་ནི་ཆུ་ཚོད་ལྷག་པར་འགྱུར་ཏེ། མཛའ་ཨི་རྒྱུ་བ་ནི་གཡས་པའི་རྩ་ལའོ། །དུས་ཀྱི་འཆི་བའི་ངེས་པའོ། །ད་ནི་ཕྱོགས
་ཤེས་པ་ལ་སོགས་པས་ལྟེ་བའི་འཁོར་ལོ་ལ་སོགས་པའི་རྩ་མ་ཆད་པ་གསུངས་ཏེ། འདིར་ལྟེ་བ་ལ་ཁྱིམ་གྱི་རྩ་བཅུ་གཉིས་དང། དཀྱིལ་འཁོར་དྲུག་ཅུ་འབབ་པར་བྱེད་པ་དྲུག་ཅུ་སྟེ། དགུ་ཡིས་མནུན་པའི་ལག་འགྲོ་ཞེས་པ་བརྒྱད་ལ་དགུ་ཡིས
་བསྣུན་པ་ནི་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དགུ་ཡིས་བསྣུན་པའི་ལག་འགྲོ་སྟེ་ལྟ་བའི་འཁོར་ལོ་འདི་ལས་ཕྱོགས་དང་ཕྱོགས་ལ་རྩ་ནི་གཅོད་པར་བྱེད་དོ། །འདིར་ཕྱོགས་ནི་ཉིན་ཞག་བཅོ་བརྒྱད་ཀྱི་རིག་པར་བྱ་སྟེ། །ཕྱོགས་དེའི་ལོ་གསུམ་ལ་གཡོན་གྱི
་སྟོང་པ་ལ་སོགས་པའི་དཀྱིལ་འཁོར་འབབ་པར་བྱེད་པའི་རྩ་སུམ་ཅུ་འདོར་ཞིང་གཡས་ཀྱི་ས་ལ་སོགས་པའི་དཀྱིལ་འཁོར་འབབ་པར་བྱེད་པ་སུམ་ཅུ་འདོར་རོ། །དེ་ལྟར་སུམ་ཅུ་སུམ་ཅུ་སྟེ། ཕྱོགས་དྲུག་ཅུས་སྲོག་གི་རླུང་གིས་ཡོངས་སུ་འདོར
་རོ། །ཐམས་ཅད་དུ་དཀྱིལ་འཁོར་གྱི་རྩ་རྣམས་ལས་ལོ་གསུམ་གྱི་ཕྱོགས་རྣམས་ཀྱིས་དྲུག་གི་ཆ་ཤས་ཡོངས་སུ་དོར་ནས་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་འདོར་རོ། །ལས་ཀྱི་འཁོར་ལོ་བྱ་བ་ཞེས་པའི་ཚིགས་ལས་ཉིན་ཞག་རྩེ་མོ་ཅན་གྱི་རྩ་ནི་རེ
་རེ་འདོར་ཞེས་པ་ལ་འདིར་ལུས་ལ་ལས་ཀྱི་འཁོར་ལོ་ནི་ལག་པ་དག་གི་ཚིགས་དྲུག་དང། རྐང་པ་དག་གི་ཚིགས་དྲུག་པོ་རྣམས་ལ་ཟླ་བ་བཅུ་གཉིས་ཀྱི་དབྱེ་བ་ལས་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་པའི་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་དོ། །
་ཚིགས་ཀྱི་འཁོར་ལོ་སོ་སོ་ལ་རྩ་སུམ་ཅུ་སྟེ། ཚིགས་བཅུ་གཉིས་པོ་རྣམས་ལ་རྩ་སུམ་བརྒྱ་དྲུག་ཅུའོ། །དེ་རྣམས་ལས་གཡས་པའི་ཕག་པ་དང་དཔུང་པའི་ཚིགས་ལ་ཆུ་སྲིན་གྱི་ཚེས་གངས་སུམ་ཅུའི་དབྱེ་བས་སུམ་ཅུའོ། །གཡོན་པའི་ཕྲག
་པ་དང་དཔུང་པའི་ཚིགས་ལ་དཔོའི་ཟླ་བའི་ཚེས་གྲངས་སུམ་ཅུའི་དབྱེ་བས་རྩེ་གསུམ་ཅུའོ། །དེ་བཞིན་དུ་གཡས་པའི་ཉེ་བའི་དཔུང་པའི་ཚིགས་ལ་ནག་པའི་ཟླ་བའི་རྩ་རྣམས་སོ། །གཡོན་པའི་ཉེ་བའི་དཔུང་པའི་ཚིགས་ལ་ས་གའི་ཟླ་བའི་རྩ་རྣམས་སོ། །གཡས་པའི
་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ལ་སྣརོན་གྱི་ཟླ་བའི་རྩ་རྣམས་སོ། །གཡོན་པའི་ལག་པ་དང་ཉེ་བའི་དཔུང་པའི་ཚོགས་ལ་མཆུའི་ཟླ་བའི་ཚེས་གྲངས་སུམ་ཅུའི་དབྱེ་བས་རྩ་སུམ་ཅུ་སྟེ། ལག་པ་དག་གི་ཚིགས་དྲུག་གིས་ལས་ཀྱིས་འཁོར་ལོ་རྣམ་པ་དྲུག
་ལ་རྩ་བརྒྱད་ཅུ་ལྷག་པའི་བརྒྱའོ། །དེ་ནས་གཡས་པའི་བརླ་དང་དཔྱིའི་ཚིགས་ལ་གྲོ་བཞིན་གྱི་ཟླ་བའི་ཚེས་བཅུའི་དབྱེ་བས་རྩ་སུམ་ཅུའོ། །གཡོན་པའི་བརླ་དང་དཔྱིའི་ཚིགས་ལ་ཁྲུམས་ཀྱི་ཟླ་བའི་རྩ་སུམ་ཅུའོ། །དེ་བཞིན་དུ་གཡས་པའི་བརླ་དང་བྱིན་པའི་ཚིགས
་ལ་ཐ་སྐར་གྱི་ཟླ་བའི་རྩ་སུམ་ཅུའོ། །གཡོན་པའི་བརླ་དང་བྱིན་པའི་ཚིགས་ལ་སྨིན་དྲུག་གི་ཟླ་བའི་རྩ་སུམ་ཅུའོ། །གཡས་པའི་རྐང་པ་དང་བྱིན་པའི་ཚིགས་ལ་མགོའི་ཟླ་བའི་རྩ་སུམ་ཅུའོ། །གཡོན་པའི་རྐང་པ་དང་བྱིན་པའི་ཚིགས་ལ་རྒྱལ་གྱི་ཟླ་བའི་ཚེས་སུམ་ཅུའི་རང
་བཞིན་གྱི་རྩ་སུམ་ཅུ་སྟེ། དེ་ལྟར་རྐང་པ་དག་གི་ཚིག་དྲུག་གི་ལས་ཀྱི་འཁོར་ལོ་ལ་རྩ་བརྒྱད་ཅུ་ལྷག་པའི་བརྒྱའོ། །ལས་ཀྱི་དབང་པོའི་བྱ་བ་འཇུག་པའི་དང་པོར་གྱུར་པའི་ཕྱིར་ལས་ཀྱི་འཁོར་ལོའོ། །རྩ་འདི་དག་ལས་ཉིན་ཞག་རྩེ་མོ་ཅན་གྱིས་ཏེ། སོ་སོར་ཉིན་ཞག
་གསུམ་གསུམ་གྱི་རྒྱུ་བ་ལས། ལོ་གསུམ་གྱི་ཉིན་ཞག་བརྒྱད་ཆུ་ལྷག་པའི་སྟོང་གི་གྲངས་འདི་རྣམས་ཀྱིས་རྩ་སུམ་བརྒྱ་དྲུག་ཅུ་སྲོག་གི་རླུང་གི་འདོར་རོ། །བྱ་བ་ཞེས་པའི་ཞེས་པ་ནི་ལེན་པ་དང་འགྲོ་བ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར་བྱ་བ་ཞེས་པ་སྟེ། ལག་པ
་དང་རྐང་པའི་སོར་མོའི་ཚིགས་དྲུག་ཅུ་རྣམས་ལ་རྩ་དྲུག་གི་བདག་ཉིད་ཀྱི་འཁོར་ལོ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་སྟོང་པ་དང་ཡེ་ཤེས་ཀྱི་རྩའི་རང་བཞིན་གྱི་བདག་ཉིད་ཅན་ནོ། །ཚིགས་སོ་སོ་ལ་གནས་པ་ནི་རྩ་དྲུག་གི་བདག་ཉིད་དེ། ཚིགས་དྲུག་ཅུ་པོ་རྣམས
་ལ་སུམ་བརྒྱ་དྲུག་ཅུའོ། །དེ་དག་ལས་རྩ་སོ་སོ་ནི་ཉིན་ཞག་གསུམ་གསུམ་གྱིས་ཡོངས་སུ་འདོར་ཏེ། །ལས་ཀྱི་འཁོར་ལོ་ལ་ཇི་ལྟ་བཞིན་ནོ། །གང་གི་ཚེ་གཡས་པའི་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ལ་རྩ་སུམ་ཅུར་འདོར་བ
་དེའི་ཚེ། ལག་པ་གཡས་ཀྱི་སོར་མོ་ལྔའི་སྟེ་བ་རྣམས་སུ་རྩ་དྲུག་དྲུག་འདོར་ཏེ། དེ་ལྟར་ཟླ་བའི་ཉིན་ཞག་ཚེས་རྣམས་ཀྱི་སོར་མོ་ལྟ་བོ་རྣམས་ལ་རྩ་སུམ་ཅུ་འདོར་རོ། །གཡོན་པ་ལ་དེ་བཞིན་དུ་རིག་པར་བྱའོ། །གང་གི་ཚེ་གཡས་པའི་དཔུང་པ་དང་ཉེ་བའི་དཔུང་པའི
་ཚིགས་ལ་འདོར་བ་དེའི་ཚེ། སོར་མོའི་ཚིགས་དབུ་མའི་མཚམས་རྣམས་ལ་རྩ་སུམ་ཅུ་འདོར་རོ། །གཡོན་པ་ལ་ཡང་དེ་བཞིན་ནོ། །གང་གི་ཚེ་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་གིས་ལ་འདོར་བ་དེའི་ཚེ་སོར་མོའི་འོག་གི་ཚིགས་ཀྱི་མཚམས་རྣམས
་ལ་ཉིན་ཞག་དགུ་བཅུས་རྩ་སུམ་ཅུ་འདོར་རོ། །གཡོན་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གང་གི་ཚེ་གཡས་པའི་རྐང་པ་དང་བྱིན་པའི་ཚིགས་ལ་རྩ་སུམ་ཅུ་འདོར་བ་དེའི་ཚེ་རྐང་པ་གཡས་པའི་སོར་མོའི་སྟེང་གི་ཚིགས་ཀྱི་མཚམས་རྣམས་ལ་ཉིན་ཞག་དགུ
་བཅུ་རྩ་གསུམ་ཅུ་འདོར་རོ། །གཡོན་པ་ལ་ཡང་དེ་བཞིན་ནོ། །གང་གི་ཚེ་གཡས་པའི་བྱིན་པ་དང་བརླའི་ཚིགས་ལ་འདོར་བ་དེའི་ཚེ་སོར་མོའི་དབུ་མའི་ཚིགས་ཀྱི་མཚམས་རྣམས་ལ་རྩ་སུམ་ཅུ་འདོར་རོ། །རྐང་པ་གཡོན་པ་ལ་ཡང་དེ་བཞིན་དུ་ཤེས
་པར་བྱའོ། །གང་གི་ཚེ་གཡས་པའི་དཔྱི་དང་བརླའི་ཚིགས་ལ་འདོར་བ་དེའི་རྐང་པའི་སོར་མོའི་འོག་གི་ཚིགས་ཀྱི་མཚམས་ལ་རྩ་སུམ་ཅུ་འདོར་རོ། །གཡོན་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་རྩ་རྣམས་ཀྱི་ལྷག་པའི་ལྷའི་ཡི་གེ་བརྗོད་པར་བྱ
་སྟེ། འདིར་གཡོན་པའི་ཕྲག་བ་དང་དཔུང་པའི་ཚིགས་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བའི་ཀ་སྟེ་ལུགས་ལས་བཟློག་པས་སོ། །དེ་བཞིན་དུ་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོས་ཕྱེ
་བའི་ཀ་སྟེའོ། །གཡོན་པའི་དཔུང་བ་དང་ཉེ་བའི་དཔུང་པའི་ཚིགས་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བའི་རྩ་སྡེའོ། གཡས་པ་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ་དྲུག་གིས་བྱ་བའོ། །གཡོན་པའི་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ལ
་ནམ་མཁའ་ལ་སོགས་པའི་དབྱངས་དྲུག་གིས་ཕྱེ་བའི་ཊ་སྡེའོ། །གཡས་པ་ལ་ཡེ་ཤེས་ལ་སོགས་པའི་དབྱངས་ཀྱི་ཕྱེ་བའོ། །དེ་ལྟར་བྱང་དུ་བགྲོད་པ་ལ་ཟླ་བ་དྲུག་གོ་།དེ་ནས་ལྷོ་ལ་གཡས་པའི་དཔྱི་དང་བརླའི་ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ
་དྲུག་གིས་ཕྱེ་བའི་པ་སྡེའོ། །གཡོན་པ་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བའོ། །དེ་བཞིན་དུ་གཡས་པའི་བྱིན་པ་དང་བརླའི་ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་དྲུག་གིས་ཕྱེ་བའི་ཏ་སྡེའོ། །གཡོན་པ་ལ་ནམ་མཁའ་ལ་སོགས་པའི་དབྱངས
་ཐུང་ངུས་ཕྱེ་བའོ། །དེ་བཞིན་དུ་གཡས་པའི་རྐང་པ་དང། བྱིན་པའི་ཚོགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ་དྲུག་གིས་ཕྱེ་བའི་ས་སྡེའོ། །གཡོན་པ་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བ་སྟེ། ནམ་མཁའ་ཨི་བསལ་བྱེད་ལ་སོགས་པ་ལུགས་ལས
་བཟློག་པས་སོ། །དེ་ལྟར་རིང་པོ་དང་ཐུང་ངུའི་དབྱེ་བས་སྟེ་བ་སོ་སོ་ལ་ཡི་གེ་སུམ་ཅུའི་བདག་ཉིད་ནི་ལས་ཀྱི་འཁོར་ལོའི་འཁོར་ལོ་བཅུ་གཉིས་ཀྱི་རྩིབས་སུམ་ཅུ་པོ་རྣམས་ལའོ། །དེ་ནས་བྱ་བའི་འཁོར་ལོའི་གཡས་པའི་མཐེ་བོང་ལ་སོགས་པའི་ཚིགས་སོ་སོ་ལ
་ཀ་ཡིག་ལ་སོགས་པའི་གསལ་བྱེད་སོ་སོ་ཤེས་ལ་སོགས་པའི་དབྱངས་རིང་པོ་དྲུག་གིས་ཕྱེ་བ་སྟེ། མཐེ་བོང་གི་འོག་གི་ཚིགས་ཀྱི་མཚམས་ཀྱི་རྩ་དྲུག་གི་བདག་ཉིད་ལ་ཡེ་ཤེས་ལ་སོགས་པའི་དབྱངས་ཀྱིས་ཕྱེ་བའི་གསལ་བྱེད་ཀ་ཡིག་གོ་།མཛུབ་མོའི
་ཚིགས་ལ་ཁ་ཡིག་གོ་།གུང་མོའི་ཚིགས་ལ་ག་ཡིག་གོ་།མིང་མེད་ཀྱི་ཚིགས་ལ་གྷ་ཡིག་གོ་།མཐེའུ་ཆུང་གི་ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ་དྲུག་གིས་ཕྱེ་བའི་ང་ཡིག་གོ་།གཡོན་པའི་མཐེའུ་ཆུང་གི་འོག་གི་ཚིགས་ཀྱི་མཚམས་ལ་ནམ་མཁའ་ལ་སོགས
་པའི་དབྱངས་ཐུང་ངུས་ཕྱེ་བའི་ང་ཡིག་གོ་།མིང་མེད་ཀྱིས་ཚིགས་ལ་གྷ་ཡིག་གོ་།གུང་མོའི་ཚིགས་ལ་ག་ཡིག་གོ་།མཛུབ་མོའི་ཚིགས་ལ་ཁ་ཡིག་གོ་།མཐེ་བོའི་ཚིག་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུ་དྲུག་གིས་ཕྱེ་བའི
་ཀ་ཡིག་གོ་།དེ་བཞིན་དུ་གཡས་པའི་མཐེ་བོང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གཉིས་པ་ལ་དབྱངས་རིང་པོའི་ཕྱེ་བའི་ཙ་སྡེའོ། །གཡོན་པ་ལ་དབྱངས་ཐུང་ངུས་ཕྱེ་བའོ། །དེ་བཞིན་དུ་གཡས་པའི་ཚིགས་ཀྱི་ཕྲེང་བ་གསུམ་པ་ལ་དབྱངས་རིངས་པོས་ཕྱ
་བའི་ཊ་སྡེའོ། །གཡོན་པ་ལ་དབྱངས་ཐུང་ངུས་ཕྱེ་བའོ། །དེ་བཞིན་དུ་གཡས་པའི་རྐང་པའི་སོར་མོའི་ཚིགས་རྣམས་ལ་དབྱངས་རིང་པོས་ཕྱེ་བའི་པ་སྡེའོ། །གཡོན་པ་ལ་དབྱངས་ཐུང་ངུས་ཕྱེ་བའོ། །གཡས་པའི་ཚིགས་དབུ་མ་རྣམས་ལ་དབྱངས་རིང
་པོས་ཕྱེ་བའི་ཏ་སྡེའོ། །གཡོན་པ་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བའོ། །གཡས་པའི་སྟེང་གི་ཚིགས་ཀྱི་མཚམས་རྣམས་ལ་དབྱངས་རིང་པོས་ཕྱེ་བའི་ས་སྡེའོ། །གཡོན་པའི་སོར་མོའི་ཚིགས་ཀྱི་མཚམས་རྣམས་ལ་ནམ་མཁའ་ཨི་ལ
་སོགས་པའི་དབྱངས་དྲུག་གིས་ཕྱེ་བའི་ལུགས་ལས་བཟློག་པས་སོ་ཞེས་པ་ནི་ལོ་དང་པོ་ལ་སྟེ། གཉིས་པ་ལ་ཡོན་ཏན་དང་འཕེལ་བས་ཕྱེ་བ་དང། གསུམ་པ་ལ་ཡ་ཎར་བསྒྱུར་བ་ལ་སོགས་པས་ཕྱེ་བའི་སྡེ་པ་དྲུག་གོ་།འདི་ནི་རྒྱས་པར་འཆད་པར
་འགྱུར་བ་ལས་བརྗོད་པར་བྱ་སྟེ། འདིར་མ་སྤྲོས་སོ། །མགྲིན་པ་དག་ལས་རྒྱུ་སྐར་རྩ་ནི་ཉིན་དང་ཉིན་ལ་ཟླ་བའི་ནང་དུ་རིམ་པས་འདོར་བ་སྟེ། ཞེས་པ་ནི། མགྲིན་པའི་འཁོར་ལོ་ལ་ཡང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རྩ་དེ་དག་དབྱངས་ཀྱི་བདག་ཉིད་ཀྱི་ཉིན
་ཞག་ཉི་ཤུ་རྩ་བརྒྱད་ཀྱིས་འདོར་རོ། །ཐིག་ལེར་གནས་པ་སྟེ་དཔྲལ་བར་གནས་པ་ཟླ་བའི་རྐང་པ་རྩ་བཅུ་བཞིའི་བདག་ཉིད་ནི་དབྱངས་ཤིན་དུ་རིང་པོའི་བཅུ་བཞིའི་ཉིན་ཞག་བཅུ་བཞིས་ཕྱོགས་ཀྱི་ནང་དུ་འདོར་རོ། །གཟའི་རྩ་ནི་ཡུལ་དང་སྙིང་སྟོབས
་ལ་སོགས་པའི་ཡོན་ཏན་གྱི་ཉིན་ཞག་བརྒྱད་ཀྱིས་འདོར་རོ། །གསང་བར་གནས་པ་གསལ་བྱེད་སུམ་ཅུའི་བདག་ཉིད་ཀྱི་རྩ་རྣམས་ནི་དུས་ཀྱི་འཆི་བས་འདོར་ཏེ། རྩ་གཅོད་པའི་ངེས་པའོ། །དེ་ནི་སྡེ་པ་ཞེས་པ་ལ་སོགས་པས་ལས་ཀྱི་འཁོར་ལོ་ལ་རྩཱ་རྣམས་ཉི་མའི་རང་བཞིན
་གྱིས་སྲོག་གི་རིམ་པ་མ་ཡིན་པས་གཅོད་པ་སྡེ་བའི་མིང་རྣམས་ཀྱིས་གསུངས་ཏེ། འདིར་ལས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་ལ་རྐང་པ་དང་ལག་པའི་ཚིགས་བཅུ་གཉིས་པོ་རྣམས་ལ་སོ་སོར་རྩ་སུམ་ཅུའི་བདག་ཉིད་ཀྱི་འཁོར་ལོའོ། །མཆུའི་ཟླ་བ་ལ་སོགས་པའི་ཚེས
་སུམ་ཅུའི་ལྷག་པའི་ལྷ་དང་ལྡན་པའི་འཁོར་ལོ་བཅུ་གཉིས་པོ་དེ་དག་ལས་གཡས་པའི་ལག་པ་དང་རྐང་པའི་ཚིགས་དྲུག་ལ་རྣམ་པར་གཅད་པ་ལ་སོགས་པ་དབྱངས་རིང་པོ་དྲུག་གི་ཕྱེ་བའི་ཀ་ལ་སོགས་པའི་སྡེ་པ་དྲུག་གསལ་བྱེད་ཀྱི་ཆོས་ཀྱི་སྡུད་པར་རིམ་པས་སོ། །
་དེ་བཞིན་དུ་གཡོན་པའི་ལག་པ་དང་རྐང་པ་དག་གི་ཚིགས་ཀྱི་འཁོར་ལོ་དྲུག་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུའི་དབྱེ་བས་ཕྱེ་བའི་སྡེ་པ་དྲུག་ནམ་མཁའ་ལ་སོགས་པའི་གསལ་བྱེད་ཀྱི་ཆོས་ཀྱིས་བསྐྱེད་པའི་རིམ་པ་སྟེ་སོ་སོར་སྡུད་པའི་བརྗོད་པ་ང་ཡིག
་ལ་སོགས་པས་སོ། །སྡེ་པ་དབྱངས་དང་བཅས་པ་དེ་དག་རྣམས་ལས་ཉིན་མོར་བྱེད་པ་སྲོག་གི་རླུང་འཆི་བ་དང་ལྷན་ཅིག་ཁྱིམ་གྱི་དབྱེ་བས་བགྲོད་པར་རྒྱུ་བ་སྟེ། ཞེས་པ་བགྲོད་པ་ལ་ནི་དང་པོ་བྱང་དུ་བགྲོད་པ་སྟེ་ཆུ་སྲིན་ལ་སོགས་པ་དང་མཆུའི་ཟླ་བ་ལ་སོགས
་པའོ། །བགྲོད་པ་དེ་ཉིད་དུ་ལག་པ་གཡས་པ་དང་གཡོན་པའི་ཚིགས་ཀྱི་འཁོར་ལོ་དྲུག་པོ་རྣམས་ལ་རྒྱུའོ། །དེ་བཞིན་དུ་བྱ་བའི་འཁོར་ལོ་ལ་ལག་པའི་སོར་མོར་ཚིགས་ཀྱི་མཚམས་ཀྱི་འཁོར་ལོ་རྩ་དྲུག་གི་བདག་ཉིད་ཅན་སུམ་ཅུ་པ་རྣམས་ཀྱི་སོར་མོའི
་ཚིགས་ཀྱི་འཁོར་ལོ་སོ་སོར་རེ་ལ་ཀ་ལ་སོགས་པའི་གསལ་བྱེད་རྣམས་ཏེ་ལག་པ་གཡས་པའི་སོར་མོའི་ཚིགས་ཀྱི་མཚམས་ཀྱི་འཁོར་ལོ་རྣམས་ལ་དབྱངས་རིང་པོ་དྲུག་གིས་ཕྱེ་བ་རྣམས་སྡུད་པའི་རིམ་པས་རྒྱུའོ། །གཡོན་པ་ལ་ནམ་མཁའ་ལ་སོགས
་པའི་གསལ་བྱེད་ནམ་མཁའ་ལ་སོགས་པའི་དབྱངས་ཀྱིས་ཕྱེ་བ་རྣམས་བསྐྱེད་པའི་རིམ་པས་སོ། །དེ་བཞིན་དུ་ལྷོར་བགྲོད་པ་ལ་ལས་ཞེས་བྱ་བ་རྐང་པ་གཉིས་ཀྱིས་ཚིགས་ཀྱི་འཁོར་ལོ་དྲུག་པོ་རྣམས་དང་བྱ་བ་ཞེས་བྱ་བ་སོར་མོའི་ཚིགས་རྣམས
་ལའོ། །འདིར་མཆུའི་ཟླ་བ་དང་ཆུ་སྲིན་གྱི་འཕོ་བ་ལ་ཚེས་ཀྱི་དབྱེ་བས་ཟླ་བ་དང་འཕོ་བའི་གཟའི་དབྱེ་བས་ཉི་མ་རྒྱུ་བར་ཤེས་པར་བྱའོ། །གང་དུ་ཉི་མ་འཕེལ་བ་དེར་ཟླ་བ་འགྲིབ་བོ། །གང་དུ་ཟླ་བ་འཕེལ་བ་དེར་ཉི་མ་འགྲིབ་བོ། །དེ་ལྟར་ཆུ་སྲིན་ལ་སོགས
་པ་ལ་ཉི་མ་འཕེལ་ཏེ། གཡས་ཀྱི་ཕྲག་པ་དང་དཔུང་པའི་ཚིགས་ཀྱི་འཁོར་ལོ་ཆུ་སྲིན་གྱི་རྩ་སུམ་ཅུའི་བདག་ཉིད་རྣམས་ལ་ཀ་ལ་སོགས་པ་དབྱངས་རིང་པོས་ཕྱེ་བ་སུམ་ཅུ་རྣམས་མིང་གི་ཆོས་ཅན་དང་སྲོག་གི་ཆོས་ཅན་གྱི་ལྷག་པའི་ལྷའོ། །རྩ་དང་པོ་ལ་ཀྐཱ(རྒྱུད་འགྲེལ་དུ་ཚིགས་གསུམ་གསུམ་པོ་ཐམས་ཅད་ལ་ཡི་གེ་རྣམས་རིམ་པ་བཞིན་ནོ། །འདི་ལྟ་སྟེ། ཀྐཱ:ཀྐལཱི་ཀྐཱུ་ཀྐརཱི་ཀྐཱི་ཀྐཱ། ཞེས་པ་ནི་དང་པོའི་རྩ་དྲུག་དང། དེ་བཞིན་བྱ་བའི་འཁོར་ལོའི་མཐེ་བོང་གཡས་པའི་འོག་གི་ཚིགས་ཀྱིས་རྩ་དྲུག་པོ་རྣམས་ལའོ། །དེ་བཞིན
་དུ། ཁྑཱ(རྒྱུད་འགྲེལ་པའི་རྩ་དྲུག་དང། བྱ་བའི་འཁོར་ལོའི་གུང་མོའི་འོག་གི་ཚིགས་ཀྱི་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ། གྷྒྷཱ(རྒྱུད་འགྲེལ་ཀྱི་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ། དྷཱ(རྒྱུད་འགྲེལ་དྲུག་གི་ས་ལ་སོགས་པའི་དཀྱིལ་འཁོར་ཉི་མས་འདོར་ཏེ། ཉིན་ཞག་སུམ་ཅུས་དཀྱིལ་འཁོར་ལྔ་འདོར་རོ། །དེ་ནས་གཡོན་པའི་རྩར་བུམ་པ་ལ་ཡང་དག་པར་འཕོའོ། །དེར་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོ་ལ་ཡང་ནམ་མཁའ་ལ་སོགས་པའི་རིམ་པས་ཀ་སྡེའོ། །
་འདིར་དང་པོའི་ཟླ་བ་དང་བུམ་པའི་འཕོ་བ་གཡོན་པའི་ཕྲག་པ་དང་དཔུང་བའི་ཚིགས་ཀྱི་ལས་ཀྱི་འཁོར་ལོའི་རྩ་སུམ་ཅུ་པོ་རྣམས་ལ་ནམ་མཁའ་ཨི་དཀྱིལ་འཁོར་ལ་སོགས་པས་ང་ཡིག་ལ་སོགས་པའི་གསལ་བྱེད་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བ་རྣམས་སོ།།
་འདི་ལྟ་སྟེ། ད་ངི་ངཱི་ངུ་ངཱི་དཾ། ཞེས་པ་ནི་ནམ་མཁའ་ལ་སོགས་པ་དཀྱིལ་འཁོར་དྲུག་གི་མཚན་ཉིད་ཀྱི་དང་པོའི་རྩ་དྲུག་དང་བྱ་བའི་འཁོར་ལོའི་གཡོན་པའི་མཐེའུ་ཆུགན་གི་ཚིགས་ཀྱི་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ། གྷ་གྷི་གྷྲི་གྷུ་གྷལི་གྷཾ་ཞེས་པ་ནི་ལས་ཀྱི
་འཁོར་ལོའི་གཉིས་པ་རླུང་གི་དཀྱིལ་འཁོར་གྱི་རང་བཞིན་གྱི་རྩ་དྲུག་དང། བྱ་བའི་འཁོར་ལོའི་མིང་མེད་ཀྱི་འོག་གི་ཚིགས་ཀྱི་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ། ག་གི་གྲི་གུ་གླི་གཾ། ཞེས་པ་ནི་ལས་ཀྱི་འཁོར་ལོའི་གསུམ་པ་མེའི་དཀྱིལ་འཁོར
་གྱི་རྩ་དྲུག་དང། བྱ་བའི་འཁོར་ལོའི་གུང་མོའི་འོག་གི་ཚིགས་ཀྱི་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ། ཁ་ཁི་ཁྲི་ཁུ་ཁལི་ཁཾ་ཞེས་པ་ནི་ལས་ཀྱི་འཁོར་ལོའི་བཞི་པ་ཆུའི་དཀྱིལ་འཁོར་གྱི་རྩ་དྲུག་ལ་བྱ་བའི་འཁོར་ལོའི་མཛུབ་མོའི་འོག་གི་མཚམས་ཀྱི་ཚིགས
་དྲུག་ལའོ། །དེ་བཞིན་དུ། ཀ་ཀི་ཀྲི་ཀ་ཀླི་ཀཾ། ཞེས་པ་ནི་ལས་ཀྱི་འཁོར་ལོའི་ལྔ་པ་སའི་དཀྱིལ་འཁོར་གྱི་རྩ་དྲུག་དང། བྱ་བའི་འཁོར་ལོའི་མཐེ་བོང་འོག་གི་དང་པོའི་ཚིགས་ཀྱི་མཚམས་ཀྱི་རྩ་དྲུག་ལ་ཀ་ཡིག་གི་དབྱངས་དྲུག་སྟེ། དེ་ལྟར་དུས་གཅིག་ལ་གཡས
་པ་དང་གཡོན་པ་ལ་སྡུད་པ་དང། སྐྱེད་པའི་དབྱེ་བས་ཆུ་སྲིན་དང་བུམ་པ་དག་གི་ཀ་ལ་སོགས་པའི་དབྱངས་དྲུག་ཅུའོ། །དེ་ནས་སརྩ་སྡེའི་དབྱངས་དང་བཅས་པ་རྣམས་ཉ་དང་ལུག་གི་དབྱེ་བས་ལས་ཀྱི་འཁོར་ལོའི་གཡས་པའི་དཔུང་པ་དང། ཉེ་བའི་དཔུང་པའི་ཚིགས་ལ
་རྒྱུ་སྟེ། བྱ་བའི་འཁོར་ལོའི་རྩ་སུམ་ཅུ་པོ་ཉིན་ཞག་དྲུག་གི་དབྱེ་བས་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཙ་སྡེ་དབྱངས་དང་བཅས་པ་རྣམས་སྡུད་པའི་རིམ་པས་རྒྱུའོ། །འདི་ལྟ་སྟེ། ཏསྩཱ(རྒྱུད་འགྲེལ་ཏསྩཱི་ཏསྩཱ་ཞེས་པ་ནི་ས་ལའོ། །ཚཚཱ(རྒྱུད་འགྲེལ་ཞེས་པ་ནི་ནམ་མཁའ་ལ་སྟེ་ལས་ཀྱི་འཁོར་ལོ་ལ་དབྱངས་སུམ་ཅུའོ། །བྱ་བའི་འཁོར་ལོ་ལ་ཡང་གཡས་པའི་མཐེ་བོང
་གི་དབུ་མའི་ཚིགས་ནས་མཐེའུ་ཆུང་གི་དབུ་མའི་ཚིགས་ནས་མཐེའུ་ཆུང་གི་དབུ་མའི་ཚིགས་ཀྱི་བར་ཚིགས་ལྔའི་རྩ་དྲུག་དྲུག་པོ་རྣམས་ལ་ཙ་ལ་སོགས་པའི་ཡི་གེ་སུམ་ཅུ་རྣམས་སྡུད་པའི་རིམ་པས་ཤེས་པར་བྱའོ། །
་དེ་བཞིན་དུ་ལས་ཀྱི་འཁོར་ལོ་ལ་གཡོན་པའི་དཔུང་བ་དང་ཉེ་བའི་དཔུང་བའི་ཚིགས་ཀྱི་རྩ་སུམ་ཅུ་དང། བྱ་བའི་འཁོར་ལོ་ལ་ཡང་མཐེའུ་ཆུང་གི་སོར་མོའི་དབུ་མའི་ཚིགས་ནས་མཐེ་བོང་གི་དབུ་མའི་ཚིགས་ཀྱི་བར་ཚིགས་ལྔའི་དྲུག་དྲུག
་པོ་རྣམས་ལ་ཉ་ལ་སོགས་པའི་ཡི་གེ་སུམ་ཅུར་འགྱུར་རོ། །འདི་ལྟ་སྟེ། ཉ་ཉི་ཉརི་ཉུ་ཉལི་ཉ་ཞེས་པ་ནམ་མཁའ་ཨི་དཀྱིལ་འཁོར་ལའོ། །ཛཧ་ཛཧི་ཛཧྲི་ཛཧུ་ཛཧལི་ཛཧཾ། ཞེས་པ་ནི་རླུང་ལའོ། །ཛ་ཛི་ཛྲི་ཛུ་ཛལི་ཛཾ་ཞེས་པ་ནི་མེ་ལའོ། །ཚ་ཚི་ཚྲི་ཚུ་ཚལི་ཚཾ
་ཞེས་པ་ནི་ཆུ་ལའོ། ཙ་ཙི་ཙརི་ཙུ་ཙལི་ཙཾ་ཞེས་པ་ནི་ས་ལའོ། །དེ་ལྟར་དཔྱིད་ཀྱི་དུས་སུ་ཁྱིམ་གྱི་དབྱེ་བས་ཙ་སྡེ་རྣམས་རྒྱུའོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡས་པའི་ལག་པ་དང་ཉེ་བའི་དཔུང་བའི་ཚིགས་ཀྱི་རྩ་སུམ་ཅུ་པོ་རྣམས་དང།
་བྱ་བའི་འཁོར་ལོ་ལ་གཡས་པའི་མཐེ་བོང་གི་སྟེང་གི་ཚིགས་ལ་སོགས་པའི་ལྔ་པོའི་རྩ་དྲུག་དྲུག་ལ་ཊ་སྡེ་རྣམས་གླང་གི་དབྱེ་བས་སྡུད་པའི་རིམ་པའི་རྒྱུའོ། །འདི་ལྟ་སྟེ། ཊཊཱ(རྒྱུད་འགྲེལ་ཌཌཱ(རྒྱུད་འགྲེལ་ལས་ཀྱི་འཁོར་ལོ་ལ་གཡོན་པའི་ལག་པ་དང་ཉེ་བའི་དཔུང་བའི་ཚིགས་ཀྱི་རྩ་སུམ་ཅུ་པོ་རྣམས་དང་བྱ་བའི་འཁོར་ལོ་ལ་ལག་པ་གཡོན་པའི་མཐེའུ་ཆུང་གི
་སྟེང་གི་ཚིགས་ཀྱི་བར་དུ་ཚིགས་མཚམས་ལྔའི་རྩ་དྲུག་དྲུག་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་པ་ཎ་ཡིག་ལ་སོགས་པའི་ཡི་གེ་རྣམས་སོ། །འདི་ལྟ་སྟེ། ཎ་ཎི་ཎརི་ཎུ་ཎལི་ཎཾ། ཞེས་པ་ནི་ནམ
་མཁའ་ལའོ། །ཌཧ་ཌཧི་ཌཧྲི་ཌཧུ་ཌཧལི་ཌཧཾ། ཞེས་པ་ནི་རླུང་ལའོ། །ཌ་ཌི་ཌརི་ཌུ་ཌལི་ཌཾ། ཞེས་པ་ནི་མེ་ལའོ། །ཋ་ཋི་ཋྲི་ཋུ་ཋལི་ཋཾ། ཞེས་པ་ནི་ཆུ་ལའོ། །ཊ་ཊི་ཊརི་ཊུ་ཊལི་ཊཾ། ཞེས་པ་ནི་ས་ལ་སྟེ་གླང་དང་འཁྲིག་པའི་ཁྱིམ་གྱི་དབྱེ
་བས་སོ་ཀའི་དུས་སུ་རྒྱུ་སྟེ། དེ་ལྟར་བྱང་དུ་བགྲོད་པ་ལ་ཡི་གེ་བརྒྱ་བརྒྱད་ཅུ་རྣམས་ནི་ཉིན་མོར་བྱེད་པ་ཁྱིམ་གྱིས་དབྱེ་བས་བགྲོད་པར་རྒྱུ་བ་སྟེ་ཞེས་པའོ། །ཕྱི་ནས་རེ་རེ་ལྷག་པས་ཉིན་དང་ཉིན་ལ་ལྡོག་པར་འགྱུར
་ཞེས་པ་ནི་ཕྱི་ནས་ལྷོར་བགྲོད་པ་ལ་ཟླ་བའི་ཐུར་སེལ་གྱི་རླུང་ལ་འཆི་བ་རྒྱུའོ། །ཉི་མ་ཟློག་པར་འགྱུར་ཏེ། དམན་པར་འགྱུར་རོ། །ཟླ་བའི་མཚན་མོ་འཕེལ་བར་འགྱུར་ཏེ། གང་འཕེལ་བ་དེའི་རྒྱུ་བ་རྣམས་ལ་འཆི་བ་རྒྱུའོ་ཞེས་པའི་རིགས་པས་སོ། །ལག
་པའི་སོར་མོའི་སྟེང་གི་ཚིགས་ནས་ཇི་སྲིད་གཡས་པའི་ཕྲག་པ་དང། དཔུང་པའི་ཚིགས་ཀྱི་རྩ་དང་པོའི་མཐར་ཐུག་པར་ཉི་མ་ལྡོག་པར་འགྱུར་རོ། །འདིར་ལྷོར་བགྲོད་པ་ལ་ཟླ་བ་རྒྱུ་བ་ནི་ལས་ཀྱི་འཁོར་ལོ་ལ
་གཡས་པའི་དཔྱི་དང་བརླའི་ཚིགས་ཀྱི་རྩ་སུམ་ཅུ་པོ་རྣམས་དང། བྱ་བའི་འཁོར་ལོ་ལ་གཡས་པའི་མཐེ་བོང་གི་ཚིགས་ནས་མཐེའུ་ཆུང་གི་ཚིགས་ཀྱི་མཛའ་ཨི་བར་དུ་སོར་མོའི་ཚིགས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་པ་སྡེའི་ཡི་གེ་སུམ་ཅུ་རྣམ
་ཀར་ཀ་ཊའི་དབྱེ་བས་བསྡུས་པའི་རིམ་པས་རྒྱུ་སྟེ། ལོ་གསུམ་གྱི་བདག་པོའོ། །འདི་ལྟ་སྟེ། པྤཱ(རྒྱུད་འགྲེལ་པ་ནི་མེ་ལའོ། །བྷབྷཱ(རྒྱུད་འགྲེལ་དབྱེ་བས་སོ། །དེ་ནས་གཡོན་པའི་དཔྱི་དང་བརླའི་ཚིགས་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་གྱི་དབྱེ་བས་སྤྲོ་བའི་རིམ་པ་སྟེ། ཡི་གེ་སུམ་ཅུ་རྣམས་ལུགས
་ལས་བཟློག་པས་སོ། །འདི་ལྟ་སྟེ། མ་མི་མྲི་མུ་མལི་མཾ། ཞེས་པ་ནི་ནམ་མཁའ་ལའོ། །བྷ་བྷི་བྷྲི་བྷུ་བྷལི་བྷཾ་ཞེས་པ་ནི་རླུང་ལའོ། །བ་བི་བྲི་བུ་བླི་བཾ་ཞེས་པ་ནི་མེའོ། །ཕ་ཕི་ཕྲི་ཕུ་ཕལི་ཕཾ
་ཞེས་པ་ནི་ཆུ་ལའོ། །པ་པི་པྲི་པུ་པལི་པཾ་ཞེས་པ་ནི་ས་ལ་སྟེ། སེང་གེའི་འཕོ་བའི་དབྱེ་བས་ཁྲུམས་ཀྱི་ཟླ་བ་རྒྱུའོ། །དེ་ལྟར་དཔྱར་གྱི་དུས་སུ་ཟླ་བ་རྒྱུ་ཞིང། ཉི་མ་ཟློག་པར་འགྱུར་རོ། །དེ་ནས
་ལས་ཀྱི་འཁོར་ལོ་ལ་གཡས་པའི་བརླ་དང་བྱིན་པའི་ཚིགས་དང་བྱ་བའི་འཁོར་ལོ་ལ་རྐང་པའི་མཐེ་བོང་གི་དབུ་མའི་ཚིགས་ནས་མཐེའུ་ཆུང་གི་དབུ་མའི་ཚིགས་ཀྱི་མཐར་ཚིགས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་ཏ་སྡེ་རྒྱུ་སྟེ། དེ་རྣམས་ཡི
་གསུམ་ཅུ་ནི་ཁྱིམ་སྡུད་པའི་དབྱེ་བས་སོ། །འདི་ལྟ་སྟེ་ཏྟཱ(རྒྱུད་འགྲེལ་ནྣལཱི་ནྣཱུ་ནྣརཱི་ནྣཱི་ནྣཱ་ཞེས་པ་ནི་ནམ་མཁའ་ལ་སྟེ། དེ་ལྟར་བུ་མོའི་དབྱེ་བས་ཟླ་བ་རྒྱུའོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡོན
་པའི་བརླ་དང། བྱིན་པའི་ཚིགས་དང་བྱ་བའི་འཁོར་ལོ་ལ་རྐང་པ་གཡོན་པའི་མཐེའུ་ཆུང་གི་དབུ་མའི་ཚིགས་ནས་མཐེ་བོང་གི་དབུ་མའི་ཚིགས་ཀྱི་མཐར་ཚིགས་ལྔ་པོ་རྣམས་ཀྱི་རྩ
་དྲུག་དྲུག་ལའོ། །འདི་ལྟ་སྟེ། ན་ནི་ནརི་ནུ་ཎལི་ནཾ་ཞེས་པ་ནི་ནམ་མཁའ་ལའོ། །དེ་བཞིན་དུ་དྷ་དྷི་དྷྲི་དྷུ་དྷལི་དྷཾ། ཞེས་པ་ནི་རླུང་ལའོ། །དེ་བཞིན་དུ་ད་དི་དྲི་དུ་དལི་དམ་ཞེས་པ་ནི་མེ་ལའོ། །ཐ་ཐི་ཐྲི་ཐུ་ཐལི་ཐཾ་ཞེས་པ་ནི་ཆུ་ལའོ། །ཏ་ཏི་ཏྲི་ཏུ་ཏལི་ཏཾ་ཞེས
་པ་ནི་ས་ལའོ། །དེ་ལྟར་སྲང་གི་དབྱེ་བས་གཡོན་པ་ལ་སྐྱེད་པའི་རིམ་པས་ཟླ་བ་རྒྱུ་ཞིང་ཉི་མ་ལྡོག་པར་འགྱུར་ཏེ་སྟོན་གྱི་དུས་སུའོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡས་པའི་རྐང་པའི་བྱིན་པའི་ཚིགས་ཀྱི་རྩ་སུམ་ཅུ་དང།
་བྱ་བའི་འཁོར་ལོ་ལ་གཡས་པའི་མཐེ་བོའི་སྟེང་གི་ཚིགས་ནས་མཐེའུ་ཆུང་གི་སྟེང་གི་ཚིགས་ཀྱི་བར་དུ་ཚིགས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་སྡིག་པའི་དབྱེ་བས་སྡུད་པའི་རིམ་པས་ས་སྡེའི་ཡི་གེ་སུམ་ཅུ་དབྱངས་དང་བཅས་པ་རྣམས་ཟླ
་བས་ལྷོར་རྒྱུ་སྟེ། ཉི་མ་ལྡོག་པར་འགྱུར་རོ། །འདི་ལྟ་སྟེ། སསཱ(རྒྱུད་འགྲེལ་ཥྵཱ(རྒྱུད་འགྲེལ་དེ་ལྟར་ཡི་གེ་སུམ་ཅུ་རྣམས་སྡིག་པའི་དབྱེ་བས་སོ་དེ་ནས་ལས་ཀྱི་འཁོར་ལོ་གཡོན་པའི་རྐང་པ་དང་བྱིན་པའི་ཚིགས་ཀྱི་རྩ་སུམ་ཅུ་དང་བྱ་བའི་འཁོར་ལོ་ལ་མཐེའུ
་ཆུང་གི་སོར་མོའི་སྟེང་གི་ཚིགས་ནས་མཐེ་བོའི་སྟེང་གི་ཚིགས་ཀྱི་བར་དུ་ཚིགས་ཀྱི་མཚམས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་སྐྱེད་པའི་རིམ་པས་ཡི་གེ་སུམ་ཅུ་རྣམས་ཟླ་བ་ས་རྒྱུའོ། །ཉི་མ་ནི་ལག་པ་གཡོན་པ་ལ་ཕུང་པོ་དང་ཁམས་རྣམས
་ལྡོག་པར་འགྱུར་ཏེ། གཞུའི་ཁྱིམ་གྱི་དབྱེ་བས་སོ། །འདི་ལྟ་སྟེ། ཐྐ་ཐྐི་ཐྐརི་ཐྐུ་ཐྐལི་ཐྐཾ། ཞེས་པ་ནི་ནམ་མཁའ་ལའོ། །དེ་བཞིན་དུ། ཤ་ཤི་ཤྲི་ཤུ་ཤལི་ཤཾ་ཞེས་པ་ནི་རླུང་ལའོ། །ཥ་ཥི་ཥྲི་ཥུ་ཥལི་ཥཾ་ཞེས་པ་ནི་མེའོ། །ཝ་ཝི་ཝརི་ཝུ
་ཝལི་ཝཾ་ཞེས་པ་ནི་ཆུ་ལའོ། །དེ་བཞིན་ས་སི་སྲི་སུ་སླི་སཾ། ཞེས་པ་ནི་ས་ལ་སྟེ། དེ་ལྟར་ཡི་གེ་སུམ་ཅུ་ནི་གཞུའི་དབྱེ་བས་སོ། །དེ་ནས་དགུན་སྨད་ཀྱིས་དུས་ནས་བརྩམས་ནས་ཟླ་བ་རྒྱུ་བ་མེད་དེ། སླར་ཡང་ཆུ་སྲིན་ལ་སོགས
་པ་ལ་ཉི་མ་འཕེལ་ལོ། །ལོ་དང་པོ་ལ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བས་ཉི་མ་དང་ཟླ་བ་དང་བཅས་པའི་དུས་རྒྱུའོ། །དེ་ནས་ལོ་གཉིས་པ་ལ་རྡུལ་གྱི་དབྱེ་བས་དང་འཕེལ་བའི་དབྱངས་ཀྱི་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྣམས་ལས་ཀྱི
་འཁོར་ལོའི་རྩ་སུམ་ཅུ་དང། བྱ་བའི་འཁོར་ལོ་ལ་སྔར་བཞིན་དུ་རིག་པར་བྱའོ། །ཆུ་སྲིན་ལ་སྡུད་པའི་རིམ་པས་འདི་ལྟ་སྟེ། ཀྐཱ(རྒྱུད་འགྲེལ་གྒཽ་གྒཱར་གྒཻ་གྒཱ་ཞེས་མེ་ལའོ། །གྷྒྷཱ(རྒྱུད་འགྲེལ་ཉི་མ་རྒྱུའོ། །རྐང་པ་གཡས་པ་ལ་ཆུ་སྲིན་གྱི་དབྱེ་བས་ཟླ་བ་ལྡོག་གོ་།དེ་བཞིན་དུ་བུམ་པའི་དབྱེ་བས་བསྐྱེད་པའི་རིམ་པས་ཡོན་ཏན་དང་བཅས་པ་རྣམས་ལག་པ་གཡོན་པའི་ཚིགས་ལ་རྒྱུའོ། །འདི་ལྟ་སྟེ།
་ང་ངེ་ངར་ངོ་ངལ་ངཾ་ཞེས་པ་ནི་ནམ་མཁའ་ལའོ། །གྷ་གྷེ་གྷར་གྷོ་གྷལ་གྷཾ་ཞེས་པ་ནི་རླུང་ལའོ། །ག་གེ་གར་གོ་གལ་གཾ་ཞེས་པ་ནི་མེ་ལའོ། །ཁ་ཁེ་ཁར་ཁོ་ཁལ་ཁཾ་ཞེས་པ་ནི་ཆུ་ལའོ། །ཀ་ཀེ་ཀར་ཀོ་ཀལ་ཀཾ་ཞེས་པ་ནི་ས་ལ་སྟེ། གཡོན་པ་ལ
་བུམ་པའི་དབྱེ་བས་བསྐྱེད་པའི་རིམ་པས་སོ། །དེ་བཞིན་དུ་དཔྱིད་ཀྱི་དུས་སུ་ཉ་དང་ལུག་དག་ལ་གྲངས་བཞིན་དུ་ཙ་སྡེའི་ཡི་གེའི་སུམ་ཅུ་སུམ་ཅུ་སྡུད་པ་དང་སྐྱེད་པའི་རིམ་པས་གཡས་པ་དང་གཡོན་པའི་ཚིགས་ཀྱི་རྩ་རྣམས་ལའོ། །དེ་བཞིན་དུ་སོས
་ཀར་དུས་སུ་ཊ་སྡེའི་ཡི་གེ་རྣམས་སོ། །དེ་ནས་ཉི་མ་ལྡོག་ཅིང་ཟླ་བ་རྒྱུའོ། །དབྱར་གྱི་དུས་སུ་ཀར་ཀ་ཊ་དང་སེང་གེ་ལ་གཡས་པ་དང་གཡོན་པའི་རྐང་པའི་ཚིགས་ཀྱི་རྩ་སུམ་ཅུ་པོ་རྣམས་ལ་སྔ་མ་བཞིན་དུ་འཕེལ་བ་དང་ཡོན་ཏན་དང་བཅས
་པའི་ཡི་གེ་སུམ་ཅུ་པོ་རྣམས་ལས་བསྡེའི་ཡི་གེ་རྣམས་རྒྱུའོ། །སྟོན་ལ་འཕེལ་བ་དང་ཡོན་ཏན་དང་ལྡན་པའི་ཏེ་སྡེའི་ཡི་གེ་རྣམས་དང་ཟླ་བ་རྒྱུའོ། །དགུན་སྟོད་ལ་སྡེའི་ཡི་གེ་རྣམས་སྡུད་པ་དང་སྐྱེད་པའི་རིམ་པས་སོ། །དེ་ལྟར་ལོ་གཉིས་པ་ལ
་དབྱངས་སུམ་བརྒྱ་དྲུག་ཅུ་དང་ཟླ་བ་དང་ཉི་མ་དག་རྒྱུའོ། །དེ་ནས་ལོ་གསུམ་པ་ལ་མུན་པའི་དབྱེ་བས་ཀ་ལ་སོགས་པའི་སྡེ་པ་དབྱངས་དང་བཅས་པ་རྣམས་ལས་ཉི་མ་དང་ལྷན་ཅིག་ཏུ་རྒྱུའོ། །འདིར་ཡ་ཎར་བསྒྱུར་བ་རྣམས
་ནི་དབྱངས་ཞེས་བརྗོད་དེ། དེ་དག་དང་ལྷན་ཅིག་ཡི་གེ་སུམ་ཅུ་སུམ་ཅུ་རྣམས་མུན་པའི་ཡུལ་གྱི་དུས་རྒྱུ་སྟེ། སྔ་མ་བཞིན་དུ་ལག་པ་དང་རྐང་པའི་ཚིགས་རྣམས་ཀྱི་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོ་ལ་ཡང་སྡུད་པ་དང་སྐྱེད་པའི་དབྱེ་བས
་སོ། །ཀྑཱ(རྒྱུད་འགྲེལ་ཞེས་པ་ནི་ནམ་མཁའ་ལ་སྟེ་དེ་ལྟར་གཡས་པ་ལ་ཉི་མ་རྒྱུའོ། །དེ་ནས་གཡོན་པ་ལ་བསྐྱང་པའི་རིམ་པ་སྟེ།
་དྷ་དྱ་དྲ་དྭ་དལ་དྷཾ། ཞེས་པ་ནི་ནམ་མཁའ་ལའོ། །དེ་བཞིན་དུ། གྷཧ་གྷཡ་གྷྲ་གྷཝ་གྷལ་གྷཧཾ། ཞེས་པ་ནི་རླུང་ལའོ། །གྷ་གྱ་གྲ་གྭ་གླ་གྷཾ། ཞེས་པ་ནི་མེ་ལའོ། །ཁཧ་ཁྱ་ཁྲ་ཁྭ་ཁལ་ཁཧཾ། ཞེས་པ་ནི་ཆུ་ལའོ། །ཁ་ཀླ་ཀྲ་ཀྭ་ཀླ་ཁཾ།
་ཞེས་པ་ན་ས་ལ་སྟེ། དེ་ལྟར་དགུན་སྨད་ཀྱི་དུས་སུ་གཡོན་པ་ལ་བསྐྱེད་པའི་རིམ་པས་དབྱངས་སུམ་ཅུ་པ་རྣམས་ཉི་མས་རྒྱུའོ། །དེ་བཞིན་དུ་དཔྱིད་ལ་ཙ་སྡེའོ། །སོས་ཀ་ལ་ཊ་སྡེའོ། །དེ་ནས་ཚིགས་དྲུག་ལས་ཉི་མ
་ལྡོག་པར་འགྱུར་དང་པའི་ཚིགས་ལ་ཟླ་བ་རྒྱུ་བ་སྟེ་སྔར་བཞིན་དབྱར་གྱི་དུས་སུ་བ་སྡེ་དང། སྟོན་ལ་ཏ་སྡེ་དང་དགུན་སྟོད་ལ་ས་རྣམས་སྡུད་པའི་དབྱེ་བ་དང་སྐྱེད་པའི་དབྱེ་བས་སོ། །དེ་ལྟར་ལོ་གསུམ་པ་ལ་ཡང་དབྱངས་སུམ་བརྒྱ་དྲུག་ཅུ་ཉིན་མོར་བྱེད་པས
་རྒྱུའོ། །དེ་དག་ལ་དུས་ཀྱི་ལོ་ནཾ་ཇི་སྲིད་པ་ཉིན་ཞག་སྟོང་བརྒྱད་ཅུ་ཉིད་ཟད་པར་རིག་པར་བྱའོ། །ལོ་གསུམ་གྱི་རྩ་དང་ཡི་གེ་གཅོད་པའི་ངེས་པའོ། །དེ་ནས་ལོ་ནི་འཆད་པར་གྱུར་ན་ཕྱོགས་ཀྱི་ནང་དུ་དབྱངས་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་བཞི
་བཅུ་རྩ་ལྔའི་ཆོས་ཀྱི་དབྱངས་ཀྱི་ཉིན་ཞག་དབང་གིས་ཏེ་ཉིན་ཞག་བཞི་བཅུ་རྩ་ལྔའི་དབང་གིས་ཉི་མའི་དབྱེ་བས་ཉི་མ་དང་ཟླ་བའི་འཆི་བ་རྒྱུ་སྟེ། མགྲིན་པ་ལ་ཉིན་ཞག་ཉི་ཤུ་རྩ་བརྒྱད་དང། དཔྲལ་བ་ལ་ཉིན་ཞག་བཅུ་བཞི་སྔར་བརྗོད་པ
་རྣམས་དང། གསང་བར་བཅུ་པ་གསུམ་ཞེས་པ་ནི་ཉིན་ཞག་སུམ་ཅུའོ། །དེ་ནས་མགྲིན་པ་ལ་ཉིན་ཞག་བཞི་དང། དཔྲལ་བ་ལ་ཉིན་ཞག་གཉིས་དང་འཚོ་བའི་མཚན་མོ་གསུམ་མོ། །འདིར་དབྱངས་གཅོད་པ་ལ་ཚེས་གཞན་ཆུ་ཚོད་ལྔ
་བཅུ་རྩ་དྲུག་གི་བདག་ཉིད་གཟུང་བར་བྱའོ། །དེ་ལྟར་ཚེས་བཞི་བཅུ་རྩ་ལྔ་ནི་དབྱངས་ཀྱི་ཆོས་ཅན་ཏེ་གསུམ་ནི་སྟོང་པའི་ཆོས་ཅན་ནོ། །གསལ་བྱེད་ཀྱི་ཆོས་ལ་ཡང་དེ་བཞིན་དུ་ཉིན་ཞག་གཉིས་སོ། །འདི་དག་ལས་ཉིན་ཞག་བརྒྱད་ནི་སྙིང་གའི
་པདྨ་ལ་རྒྱུ་སྟེ། དེ་ནས་རླུང་བཅུ་པོ་རྣམས་ཡང་དག་པར་འདུས་ཏེ། ལྟེ་བ་ལ་ཉིན་དང་མཚན་མོའི་དུས་སུ་དབུགས་ནི་འབྱུང་བ་དང་འཇུག་པའི་འཁོར་ལོ་ཉམས་པའི་བར་དུ་འཚོ་བ་དག་ནི་མཚན་མོ་གཅིག་ཏུ་འགྱུར་རོ། །དེ་ནས་ལས་ཀྱི
་དབང་གིས་རྣམ་པར་ཤེས་པ་གཞན་དུ་འཕོ་བ་ནི་སྲོག་ཆགས་ཚེ་ལོ་བརྒྱ་པ་རྣམས་དབུ་མའི་འཆི་བར་གྱུར་ན་ངེས་པ་སྟེ། རྩ་གཅོད་པའི་ངེས་པའོ། །ད་ནི་ལྟེ་བ་ཞེས་པ་ལ་སོགས་པས་སྤྲུལ་པའི་འཁོར་ལོ་ལ་སོགས་པ་རྣམས་ལ་ཉིན
་ཞག་དྲུག་གི་མཚམས་སུ་འཆི་བ་ལས་ལྷག་མའི་རྩ་རླུང་བཅུ་རྒྱུ་བར་བྱེད་པ་རྣམས་གསུངས་ཏེ། འདིར་ལྟ་བའི་འཁོར་ལོ་ལ་ཕྱི་རོལ་གྱི་དཀྱིལ་འཁོར་འབབ་པའི་རྩ་ཟད་པ་ཡོངས་སུ་དོར་བ་ལས་ལོ་གསུམ་གྱི་སྟེང་དུ་ཕྱོགས་གསུམ་རྒྱུས་
་པ་དང་གསལ་བྱེད་རྩམས་རྒྱུས་པ་ན་ཉིན་ཞག་དྲུག་གི་བར་དུ་ཁྱིམ་བཅུ་གཉིས་ཀྱི་རྩ་སྟོང་པའི་དཀྱིལ་འཁོར་དང་སའི་དཀྱིལ་འཁོར་གྱི་བདག་ཉིད་ཅན་ནི་དབུགས་རྒྱུ་བས་ངེས་པར་གནས་ཏེ་ཉི་མ་ཞེས་སོ། །དེ་བཞིན་དུ
་མགྲིན་པ་ལ་ཡུད་ཙམ་དྲུག་འབབ་པར་བྱེད་དེ། །རོ་དང་ཞེས་སོ། །ཟླ་བའི་ཐུན་ཕྱེད་འབབ་པར་བྱེད་པ་གསུམ་སྟེ་མ་ཞེས་སོ། །སྙིང་གའི་པདྨ་ལ་ཐུན་ཚོད་འབབ་པར་བྱེད་པ་ཕྱེད་དང་བཅས་པའི་རྩ་སྟེ་རང་གི་སྙིང་གའི་པདྨར་ཕྱེད་དང་བཅས་པའི
་རྩ་ནི་དེ་བཞིན་ཉིད་དུ་ལྷག་དང་བཅས་པའོ་ཞེས་སོ། ལག་པའི་རྐང་པའི་ཚིགས་ལ་ཞེས་པ་ནི་ལས་ཀྱི་འཁོར་ལོ་དང། བྱ་བའི་འཁོར་ལོའི་ཚིགས་ལ་རྩ་སུམ་བརྒྱ་དྲུག་ཅུའི་ནང་ནས་སོ། །ཚེས་ཀྱིས་བསྒྱུར་བའི་དུས་རྣམས་ཞེས་པ་ནི་རླུང་བཅུ་འབབ
་པར་བྱེད་པའི་རྩ་དྲུག་ཅུའོ། །ཚིགས་བཅུ་གཉིས་པོ་རྣམས་ཀྱི་ཚིགས་སོ་སོ་ལ་རྩ་ལྔ་ལྔ་ནི་རླུང་རྒྱུ་བར་བྱེད་པ་སྟེ། ལྷག་མ་ནི་དུས་ཀྱི་འཆི་བའི་རླུང་མུན་པ་ཆེན་པོའི་ཆོས་སོ། །བྱ་བའི་འཁོར་ལོའི་ཚིགས་དྲུག་ཅུ་པོ་རྣམས་ལ་རྩ་རེ་རེ་ནི་རླུང་བཅུ་འབབ་པར
་བྱེད་པ་སྟེ། ལྔ་ལྔ་ནི་དུས་ཀྱི་འཆི་བ་ཆེན་པོའི་རླུང་འབབ་པར་བྱེད་པའོ། །དེ་ལྟར་ཉིན་ཞག་དྲུག་གི་བར་དུ་སྟེ། དེ་ནས་ཉིན་ཞག་དྲུག་གི་དབང་པོ་དང་ཡུལ་གྱི་རྩ་ཟད་པར་བྱས་ནས། མཐར་ནི་སྟེ་འཆི་བའི་ཉིན་ཞག་ལ་ཀུན་ཏུ་ཕྲ་མོ་དབུ་མ་ཨ་པ་དྷུ་ཏཱི
་འབབ་པོ། །ཟླ་བ་དང་ཉི་མ་བཤང་བ་དང་གཅི་བ་འབབ་པར་བྱེད་པ་དོར་ནས་མུན་པ་ཆེན་པོའི་དུས་ཀྱི་རླུང་འཆི་བའི་མཐར་འབབ་སྟེ། ཇི་སྲིད་དབུགས་ཀྱི་འཁོར་ལོ་ཟད་པར་འགྱུར་བའི་བར་དུའོ། །ཞེས་པ་ནི་ངེས་པའོ། །ཉིན་ཞག་སྙིང་གི་ཆུ་སྐྱེས
་ཡང་དག་གཏོང་བར་བྱེད་ཅེས་པ་ནི། དེ་ལྟར་ཉི་མ་དང་ཟླ་བ་རྒྱུ་བའི་རྩ་གསལ་བྱེད་དང་ལས་དང་བྱ་བའི་འཁོར་ལོའི་ལྷག་མའི་རྩ་དང་དབུགས་ཆང་པ་ནི་དུས་ཀྱི་འཆི་བའི་ངེས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་སུམ་ཅུ་དྲུག་ཅེས་པ་ལ
་སོགས་པས་ཟླ་བ་དང་ཉི་མའི་རྒྱུ་བ་ཟད་པར་དུས་འཕེལ་བ་གསུངས་ཏེ། ལོ་བརྒྱ་ལ་ཉིན་ཞག་གི་ཚོགས་བྱས་ན་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ། དྷུ་ཞེས་པ་ནི་ལོའི་མིང་ངོ། །སུམ་ཅུ་རྩ་དྲུག་གི་སྟོང་ཕྲག་དྷུ་བརྒྱའི་ཉིན་ཚོགས་དེ་རྣམས་དག
་གི་དུས་ཀྱི་རྩ་ནི་རྒྱུ་བ་སྟེ། ཞེས་པ་རྩ་རྣམས་ལ་འཆི་བ་འཇུག་སྟེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ལ་འཆི་བའི་རླུང་འཇུག་གོ་།དཀྱིལ་འཁོར་ལྔའི་རླུང་གི་དྲུག་ཅུའི་ཆ་ཤས་དེར་བཀོད་ནས་རིམ་པས་ལས་རྒྱུ་བར་བྱེད་དོ། །དུས་ཀྱི་རྩ་དང་རླུང
་གང་རྒྱུ་ཞེས་ན་ཉིན་མཚན་དུས་ལ་ཉི་མ་ཟླ་བས་རང་རང་རྒྱུ་བ་དག་གིས་གང་གང་རྫོགས་པར་མི་ནུས་པ་སྟེ་རྒྱུ་སྐར་གྱི་རྒྱུ་བ་ཉི་མས་མི་ནུས་པ་དང། ཚེས་ཀྱི་རྒྱུ་བ་ཟླ་བས་མི་ནུས་པའོ། །ཉི་མའི་ཉིན་ཞག་ཅེས་པ་ཉིན་ཞག་བཅུ་གཉིས་ནི་ཉི་མའི
་རྒྱུ་བ་ལ་ཡང་བུ་ལོན་དུ་འགྱུར་རོ། །དེ་ནས་ཉིན་ཞག་དྲུག་ནི་ཟླ་བའི་རྒྱུ་བ་ལའོ། །འདིར་ཟླ་བ་སོ་སོ་ལ་ཉིན་ཞག་སུམ་ཅུ་ཉི་མས་ཁྱིམ་རེ་མིག་རྒྱུ་ཞིང་ཚེས་ལ་ཟླ་བས་དབྱུག་གུ་དྲུག་ཅུ་མི་རྒྱུའོ། །དེའི་ཕྱིར་རྒྱུ་སྐར་ཉིན་ཞག་རབ་ཏུ་དབྱེ་བས་འཆི་བའི་ཉི
་ཟླ་རྒྱུ་བ་སྟོང་པའི་ཟླ་བ་དག་ལ་སྟེ། གང་དུ་དེ་དག་ལ་ནུས་པ་མེད་པ་དེ་ནི་ཟླ་བ་སུམ་ཅུ་རྩ་གཉིས་ཀྱི་མཐར་སྟོང་པའི་ཟླ་བ་སྟེ། དེ་ཡང་རྩ་དྲུག་ཅུ་རྩ་བཞིའི་བདག་ཉིད་དེ། །རྩ་དྲུག་ཅུ་རྩ་བཞི་པོ་དེ་དག་ལ་སྟོང་པའི་རླུང་རྒྱུ་སྟེ། ལྟེ་བའི་པདྨ་ལ་རྩ་སྟོང
་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཀྱི་ནང་ནས་ཉིན་ཞག་སོ་སོར་རྩ་གཉིས་རྒྱུའོ། །སྤྱིའི་རིགས་པའི་ངེས་པའོ། །ད་ནི་སྲོག་ཅེས་པ་ལ་སོགས་པས་ཉིན་ཞག་སོ་སོར་དབུགས་ཀྱི་དབྱེ་བས་རྒྱུ་བ་གསུངས་ཏེ། འདིར་དྲུག་བརྒྱ་ལྷག་ངའི་སྟོང་ཕྲག་ཉི་ཤུ་རྩ་གཅིག
་གི་ནང་ནས་གང་ཞིག་ཡེ་ཤེས་ཀྱི་དཀྱིལ་འཁོར་འབབ་པར་འགྱུར་བ་དེ་ནི་ལུས་ལ་ལྷག་པའི་དབུགས་ཞེས་བརྗོད་དོ། །རབ་གསལ་མཚམས་སུ་སྟེ་དུས་སྦྱོར་གཉིས་ཀའི་དབུས་སོ་རིག་བྱེད་རྐང་ཆད་ཀྱི་དམན་དྲུག་ཅུ་ཞེས་པ་རྐང་པ་དང་བཅས་པའི་ལྔ་བཅུ
་རྩ་དྲུག་གོ་།འཕོ་བ་བཅུ་གཉིས་ཀྱི་དབྱེ་བ་དག་གིས་དེ་དག་ཐམས་ཅད་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱར་གྱུར་ནས་ཉིན་ཞག་སོ་སོའི་དུས་སུ་རྩ་ནི་ཟུང་དག་ངེས་པར་འཇོམས་ཞེས་པ་ནི་ལུང་གི་ཚིག་སྟེ། འཇམས་སོ་ཞེས་པ་ནི
་རང་བཞིན་ནོ། །རྩ་ཟུང་འདི་ནི་གཡོན་པ་དང་གཡས་པ་ལ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་རྩ་ཟུང་ཞིག་འཇོམས་ཤིང་དཀྱིལ་འཁོར་ལྔའི་རླུང་ཡང་དག་བར་རྒྱུ་བ་རྣམ་པར་ཉམས་པར་འགྱུར་རོ། །ལྷག་མ་དབུགས་བཞི་ཅུ་རྩ་ལྔ་གནས
་སོ། །ཡང་དང་ཡང་དུ་ལོའི་དབུས་སུ་སྟེ་དེ་ལྟར་ཉིན་ཞག་སོ་སོར་རྩ་ཟུང་དག་འཇོམས་པར་བྱེད་པས་ལོའི་ནང་དུ་ལོའི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་ཉི་ཟླ་རྒྱུ་བ་དག་ལས་ཏེ། གཡས་པ་དང་གཡོན་པའི་དཀྱིལ་འཁོར་ཡང་དག་པར་རྒྱུ་བ་ལས་སྟོང་པ
་མིག་དང་དེ་ཡི་གྲངས་ཞེས་པ་ཉི་ཤུ་ལྷག་པའི་བདུན་བརྒྱའོ། །དེ་ལྟར་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་དག་གི་དུས་བགྲོད་དེ། ལྷ་མི་རྣམས་ཀྱི་རང་གི་ཚེ་དཀྱིལ་འཁོར་ལྔ་འབབ་པར་བྱེད་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཟླ་བ་དང་ཉི་མའི
་རྒྱུ་བ་ལའོ། །རང་རང་ཚད་སྔར་བརྗོད་པའི་ཕྲ་མོ་ལུས་སྐྱེས་འབྱུང་པོ་ལྷ་ལ་སོགས་པའི་ཉིན་ཞག་རྣམས་ཀྱིས་ས་ཞེས་པ་སྟེ། རྩ་གཅོད་པའི་ངེས་པའོ། །ད་ནི་ཟོས་དང་ཞེས་པ་ལ་སོགས་པས་དུས་ཀྱི་རྩའི་རང་བཞིན་གསུངས་ཏེ། འདིར་ལུས་ལ་དུས
་ཀྱི་རྩལ་སྟེ་དབུ་མ་རབ་ཏུ་འབབ་པའི་དུས་སུ་གལ་ཏེ་ཟོས་པར་གྱུར་ཏམ། ནང་དུ་གྱུར་ཏམ་མི་རྣམས་ལ་ངེས་འགའ་བསྡུན་པར་གྱུར་ན་དེའི་ཚེ་བཞི་དེ་ཡིས་ནི་འཕྲལ་ལ་མྱུར་བར་རྩའི་འཁོར་ལོ་དྲུག་པོ་དག་ལ་དུས་མུན་པ་ཆེན་པོའི་རླུང་ནི་རབ་ཏུ་འཇུག
་པར་འགྱུར་རོ། །དེ་རབ་ཏུ་ཞུགས་པར་གྱུར་ན་ཡང་འཁོར་ལོ་དྲུག་པ་རྣམས་ལ་རྩ་ལྔ་བཅུ་རྩ་དྲུག་ལྷག་པའི་རྒྱལ་པོ་འདི་འགོག་སྟེ་ཉི་མ་རི་བོང་ཅན་གྱི་བགྲོད་བ་གཡས་པ་དང་ཅིག་ཤོས་ཀྱི་རྩ་ལ་བཅད་ནས་མཛའ་དག་དབུ་མར་ཕྲ་མོ་ལ་ནི་བརྟེན་པ་སྟེ།
་ཨ་བ་དྷཱུ་ཏཱིའི་རྩ་ལ་བརྟེན་པ་གང་ཞིག་འཚོ་བ་སྲོག་གི་རླུང་དེ་འཕྲོག་པ་ནི་མི་བདག་སྲོག་ཆགས་རྣམས་ཀྱི་འཚོ་བའོ། །ཞེས་པ་སྟེ་དུས་ཀྱི་རྩའི་ངེས་པའོ། །ད་ནི་སྙིང་གའི་པདྨ་ཞེས་པ་ལ་སོགས་པས་ཆོས་ཀྱི་འཁོར་ལོ་ལ་སོགས་པ་ལ་ཟླ་བའི་རྐང་པ
་རྣམས་གསུངས་ཏེ། འདིར་ཟླ་བའི་རྐང་པའི་དབྱེ་བ་བཅུ་བཞིའི་ཆ་མཉམ་པ་དང་མི་མཉམ་པར་བགྲོད་པས་ཆོས་རྣམས་ལ་འཕེལ་བ་འམ་འགྲིབ་པ་དེ་ནི་ཉིན་ཞག་བདུན་པ་ལ་སྟེ་ཚེ་བདུན་པ་ལ་ཡུལ་ལྔའི་ཡོན་ཏན་བྱིས་པ་དང་གཞོན་ནུ་ལ་སོགས་པའི་དབྱེ
་བས་འཕེལ་བ་འམ་འགྲིབ་པ་ནི་ཉིན་ཞག་བདུན་པ་ལ་རྐང་པ་ཉི་ཤུ་ལྷག་པའི་བརྒྱ་རྫོགས་ཏེ་ལྡོག་པར་འགྱུར་རོ། །འདིར་ཉི་ཤུ་ལྷག་པའི་བརྒྱ་ཆ་བརྗོད་པར་བྱ་སྟེ། འདིར་བཅུ་བཞིའི་ཆའི་ལྷག་མ་རྐང་པ་གཅིག་མཐོང་ན་ཉིན་ཞག་གི་ཆ་དེའི་ཆུ་ཚོད་དྲུག་ཅུའི
་ཆ་ཤས་རྣམས་ཀྱི་ནང་ནས་ཆུ་ཚོད་ལྔའི་ཆ་ཤས་ནི་ཆའི་ནོར་ལ་ལྷག་པར་འགྱུར་རོ། །ནག་པོ་འམ་དཀར་པོའི་བུ་ལོན་གྱི་གནས་སུ་དམན་པར་འགྱུར་རོ། །ཉིན་ཞག་གཉིས་པ་ལ་གཉིས་པའི་ཆ་ཤས་ལྔ་སྟེ་དང་པོའི་གཞན་ནུ་ཉིད་ཀྱིས་ཉིས་འགྱུར་དུ་ཤེས
་པར་བྱའོ། །དེ་བཞིན་དུ་ཉིན་ཞག་གསུམ་པ་ལ་གསུམ་པའི་ཆ་ཤས་ལྔའོ། །གཉིས་པའི་བཅུའོ། །དང་པོའི་ལང་ཚོའི་དབྱེ་བས་བཅོ་ལྔའོ། །དེ་བཞིན་དུ་བྱིས་པའི་རབ་ཏུ་དབྱེ་བས་བཞི་པའི་ཆ་ཤས་ལྔའོ། །གསུམ་པའི་བཅུའོ། །གཉིས་པའི་བཅོ་ལྔ་དང་དང
་པོའི་ལང་ཚོའི་དབྱེ་བས་བཅུ་དགུའོ། །དེ་བཞིན་དུ་ཉིན་ཞག་ལྔ་བ་ལ་ལྔ་བའི་ཆ་ཤས་ལྔའོ། །བཞི་པའི་བཅུའོ། །གསུམ་པའི་བཅོ་ལྔའོ། །གཉིས་པའི་བཅུ་དགུའོ། །དང་པོའི་རྒན་པོའི་དབྱེ་བས་ཉི་ཤུ་རྩ་གཉིས་སོ། །དེ་བཞིན་དུ་ཉིན་ཞག་དྲུག་པ་ལ་དྲུག
་པའི་ཆ་ཤས་ལྔའོ། །ལྔ་པའི་བཅུའོ། །བཞི་པའི་བཅོ་ལྔའོ། །གསུམ་པའི་བཅུ་དགུའོ། །གཉིས་པའི་ཉི་ཤུ་རྩ་གཉིས་སོ། །དང་པོའི་ཤིན་ཏུ་རྒན་པའི་དབྱེ་བས་ཉི་ཤུ་རྩ་བཞིའོ། །དེ་ལྟར་ཉིན་ཞག་བདུན་པ་ལ་བདུན་པའི་ཆ་ཤས་ལྔའོ། །དྲུག་པའི་བཅུའོ
་ལྔ་པའི་བཅོ་ལྔའོ། །བཞི་པའི་བཅུ་དགུའོ། །གསུམ་པའི་ཉི་ཤུ་རྩ་གཉིས་སོ། །གཉིས་པའི་ཉི་ཤུ་རྩ་བཞིའོ། །དང་པོའི་སྨིན་པའི་གནས་སྐབས་ཀྱི་དབྱེ་བས་ཉིན་ཞག་བདུན་པ་ལ་ཆ་ཤས་ཉི་ཤུ་རྩ་ལྔ་རྐང་པའི་དབང་གིས་ནོར་རིམ་བུ་ལོན་དུ
་འགྱུར་རོ། །དེ་ལྟར་བྱིས་པ་ལ་སོགས་པའི་རིམ་པ་ཐམས་ཅད་ཀྱི་ཚད་ཤེས་པར་བྱའོ། །དེ་ལྟར་ཚེས་བདུན་རྣམས་ཀྱི་རྐང་པའི་ཆ་ཤས་བཟུང་ནས་སྙིང་གའི་པདྨ་ལ་སོགས་པ་རྣམས་ཀྱི་འདབ་མ་ཉི་ཤུ་ལྷག་པའི་བརྒྱ་པོ་རྣམས་ལ་རི་བོང་མཚན་མ་རྒྱུ་ཞིང་དེ་ནས
་སླར་ཡང་ལྡོག་གོ་།རི་བོང་ཅན་གྱི་རྐང་པ་ནི་རང་གི་རྐང་པ་ཞེས་པའི་དོན་ཏོ། །སྙིང་གར་འདབ་མ་བརྒྱད་ལ་ཆ་བརྒྱད་དོ། །དཔྲལ་བར་འདབ་མ་བཅུ་དྲུག་ལ་ཆ་བཅུ་དྲུག་གོ་།ལོངས་སྤྱོད་དུ་འདབ་མ་སུམ་ཅུ་རྩ་གཉིས་ལ་ཆ་སུམ་ཅུ་རྩ་གཉིས་སོ། །
་ལྟེ་བའི་པདྨར་འདབ་མ་དྲུག་ཅུ་རྩ་བཞི་ལ་ཆ་དྲུག་ཅུ་རྩ་བཞི་སྟེ། དེ་ལྟར་ཆ་ཤས་ཉི་ཤུ་ལྷག་པའི་བརྒྱ་ཕྲག་གཅིག་བཅད་ནས། ཟླ་བའི་ཆའི་འགྲིབ་པ་འམ་འཕེལ་བ་ལྡོག་གོ་།སྙིང་གའི་པདྨ་དང་དཔྲལ་བར་འབྱུང་བ་ཕྱོགས་དང་ཉིན་ཞག་ཅེས
་བྱ་བ་རྒྱུ་སྟེ། ལོངས་སྤྱོད་དང་ལྟེ་བར་ཡང་དགུ་ལྡན་བཅུ་དང་དྲག་པོ་བཟུང་དང་རྒྱལ་བ་ཞེས་བྱ་དང་དེ་ཉིད་ཅེས་བྱའོ། །ཞག་བདུན་དག་ནས་སླར་ཡང་རི་བོང་མཚན་མ་གང་འདིར་རིམ་པ་མིན་པས་འདོར། དང་པོའི་ཆའི་ཆ་ཤས་ཉི་ཤུ་རྩ་ལྔ་ཡོངས
་སུ་སྨིན་པར་གྱུར་པ་གང་ཡིན་པ་དེ་ནི་ཉིན་ཞག་བརྒྱད་པ་ལ་ལྟེ་བར་ལྷག་པའི་ལྷར་འགྱུར་རོ། །སླར་ཡང་ཟླ་བ་ཉ་བ་ལ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་རྣམས་ལ་རྫོགས་པར་བྱེད་དོ། །ཐིག་ལེའི་གནས་སུ་ཐིག་ལེ་དག་ལ་རྫོགས་པར
་བྱས་ནས་ཞེས་པ་ནི་ལྟེ་བ་དེ་ནས་སླར་ཡང་རིམ་པས་མིན་པས་འདབ་མ་དྲུག་ཅུ་རྩ་བཞི་པོ་རྣམས་ལ་ཆ་དྲུག་ཅུ་རྩ་བཞིའོ། །སྙིང་གར་ཆ་བརྒྱད་དོ། །མགྲིན་པར་ཆ་སུམ་ཅུ་རྩ་གཉིས་སོ། །དཔྲལ་བར་ཆ་བཅུ་དྲུག་གོ་།དེ་ལྟར་ཉིན་ཞག་བཅུ་བཞིས་རྐང་པ་རྣམས་རྫོགས
་པར་འགྱུར་རོ། །དེ་ལ་རྫོགས་པར་བྱས་ནས་སྙིང་གར་རབ་འཇུག་དཀར་པོའི་ཕྱོགས་ལ་སྟེ་ནོར་གྱི་ཕྱོགས་ལ་རིམ་པས་སོ། །སླར་ཡང་ནག་པོ་དག་ལ་དེ་བཞིན་ཏེ། བུ་ལོན་གྱི་ཕྱོགས་ལ་རིམ་པ་སྔ་མ་བཞིན་དུ་རིམ་པ་མིན་པས་རླུང་དང་ས་དང་ཆུ་དང་མེའི
་པདྨའི་འདབ་མ་རྣམས་ལ་སྡུད་པ་སྟེ། སྙིང་གར་ནག་པོའི་རྐང་པ་རྣམས་ཀྱི་བུ་ལོན་རྫོགས་པར་གྱུར་གྱི་བར་དུའོ། །ཞེས་པ་ནི་རྐང་པའི་ངེས་པའོ། །འདིར་པདྨ་རྣམས་ནི་སྙིང་གར་རྩིབས་བརྒྱད་པ་ནག་པོའོ། །སྤྱི་བོར་རྩིབས་བཅུ་དྲུག་པ་དཀར་པོའོ། །མགྲིན
་པར་རྩིབས་སུམ་ཅུ་རྩ་གཉིས་པ་དམར་པོའོ། །གཞན་ནི་དེའི་ཉིས་འགྱུར་དེ་ལྟེ་བ་ལ་རྩིབས་དྲུག་ཅུ་རྩ་བཞི་པ་སེར་པོའོ། །པདྨའི་འདབ་མའི་ངེས་པའོ། །ད་ནི་བརྒྱད་པ་གཉིས་ཞེས་པ་ལ་སོགས་པ་ཚིགས་བཞིའི་གནས་གསུངས་ཏེ། འདིར་སྙིང་གའི
་པདྨ་ལ་སོགས་པ་རླུང་དང་མེ་དང་ཆུའི་དང། སའི་ཁམས་ཀྱི་རང་བཞིན་རྣམས་ཀྱི་ལྟེ་བའི་གེ་སར་གྱི་རྩེ་མོ་རྣམས་ལ་དབྱངས་ཀྱི་དབྱེ་བས་ཟླ་བ་རྒྱུའོ། ། སོགས་སུམ་ཅུའི་དབྱངས་གང་ཧ་ཡར་ཝ་ལར་ལྡན་ཐིག་ལེ་དཔལ་ལྡན་རྣམ་པར་བཅུད་པ་ཡིས་ཕྱེ
་པ་དྲུག་ཅུར་འགྱུར་ཏེ། ཞེས་པ་ནི་འདིར་སྔར་བརྗོད་པའི་ཐུང་ངུ་ལྔ་དང། ཡོན་ཏན་གྱི་ངོ་བོ་ལྔ་དང། ཡ་ཎར་བསྒྱུར་བ་ཐུང་ངུ་སྟེ། བཅོ་ལྔ་པོ་འདི་དག་ཐིག་ལེས་ཕྱེ་བའི་སུམ་ཅུར་འགྱུར་རོ། །རིང་པོ་དང་འཕེལ་བར་གནས་པ་དང་ཧ་ལ་སོགས
་པ་བཅོ་ལྔ་རྣམ་པར་བཅད་པས་ཕྱེ་བ་ནི་སུམ་ཅུ་སྟེ། དེ་ལྟར་ན་དྲུག་ཅུར་འགྱུར་རོ། །དེ་དག་དུས་དང་མི་བདག་ནོར་དང་སོ་རྣམས་གེ་སར་རྩེ་མོ་ལའོ། །ཞེས་པ་ནི་འདིར་ཟླ་བས་སྙིང་གའི་པདྨ་ལ་གནམ་སྟོད་དུ་བྱས་ནས་ཕྱེད་སྔ་མ་དང་ཕྱེད་ཕྱི་མའི་ཆ་དབྱེ
་བས་ཚེས་ལྔ་བཅོ་ལྔས་དབྱངས་སུམ་ཅུ་པོ་རྣམས་རྒྱུའོ། །འདིར་སྙིང་གའི་པདྨའི་གེ་སར་གྱི་རྩེ་མོར་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ཕྱེད་སྔ་མ་ལ་ཨ། ཕྱེད་ཕྱི་མ་ལ་ཨཾ། གཉིས་པའི་ཕྱེད་སྔ་མ་ལ་ཨཾ། ཕྱེད་ཕྱི་མ་ལ་ཨཾ་ཞེས་པ་སྟེ།
་ལྟེ་བ་སྤངས་ནས་སྙིང་གར་དུས་ཤེས་པ་བཞིའོ། །དེ་ནས་མགྲིན་པའི་པདྨའི་གེ་སར་གྱི་རྩེ་མོར་གསུམ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ། རི་རིཾ། དེ་བཞིན་དུ་བཞི་པ་ལ་ཨུ་ཨུཾ། དེ་བཞིན་དུ་ལྔ་པ་ལ་ལི་ལིཾ། དྲུག་པ་ལ་ཨ་ཨཾ། བདུན་པ་ལ་ཨེ་ཨོཾ། བརྒྱད་པ་ལ་གེ་སར་གྱི་རྩེ
་མོར་ཕྱེད་སྔ་མ་ལ་ཨ་ར། ཕྱེད་ཕྱི་མ་ལ་ལྟེ་བར་ཨ་རཾ་ཞེས་པ་དང། དགུ་པ་ལ་ཨོ་ཨོཾ། བཅུ་པ་ལ་ཨ་ལ་ཨ་ལཾ། ཞེས་པ་ནི་མགྲིན་པའི་པདྨའི་གེ་སར་གྱི་རྩེ་མོ་ལ་སྤྱོད་དོ། །དེ་ནས་དཔྲལ་བའི་པདྨའི་གེ་སར་གྱི་རྩེ་མོར་བཅུ་གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཧ་ཧཾ། བཅུ་གཉིས་པའི་ཕྱེད་ཕྱེད་སྔ
་མ་དང་ཕྱི་མ་ལ་ཡ་ཡཾ། བཅུ་གསུམ་པ་ལ་ར་རཾ། བཅུ་བཞི་པ་ལ་ཝ་ཝཾ། ཉའི་ཕྱེད་སྔ་མ་ལ་གེ་སར་གྱི་རྩེ་མོར་ལ་ཞེས་པ་དང། ཕྱེད་ཕྱི་མར་ལྟེ་བར་ལཾ་ཞེས་པ་སྟེ། སྤྱི་བོར་ཟླ་བ་རྫོགས་པ་བསྐྱེད་པའི་རིམ་པས་རླུང་དང་མེ་དང་ཆུའི་པདྨའི་ལྟེ་བ་རྣམས་ལ་སྤྱོད་དོ། །དེ་ནས་སའི་པདྨའི
་ལྟེ་བ་རྣམས་སུ་ནག་པོའི་ཕྱོགས་ལ་སྡུད་པའི་རིམ་པས་རིང་པོ་རྣམ་པར་གཅད་པ་དང་བཅས་པ་རྣམས་སྤྱོད་དོ། །འདི་ལྟ་སྟེ། ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལ་ལཱ(རྒྱུད་འགྲེལ་ཧཱ:ཧཱ། དྲུག་པ་ལ་ཨཱ་ལ་ཨཱ་ལ། བདུན་པ་ལ་ཨཽ:ཽ། བརྒྱད་པ་ལ་ཨཱ་ར། ཨཱ་ར། དགུ་པ་ལ་ཨི:ཻ། བཅུ་པ་ལ་ཨཱ:འ། བཅུ་གཅིག་པ་ལ་ལཱི:ལཱི། བཅུ་གཉིས་པ་ལ་ཨའུ་ཨའུ། བཅུ་གསུམ་པ་ལ་རཱི:རཱི། བཅུ་བཞི་པ་ལ་ཨཱ་ཨའི། བཅོ་ལྔ་པ་ལ་ཨཱ:འ། འདི་ལྟར་ལྟེ་བ་ལ་སྟོང་པ
་གཉིས་ཏེ། འདི་དག་གི་ལྟེ་བ་ལ་དབྱངས་དང་རྣམ་པར་བཅད་པ་མེད་དོ། །སླར་ཡང་སྙིང་གའི་པདྨའི་གནམ་སྟོང་གི་མཐར་ཚེས་གཅིག་ལ་སོགས་པ་རྣམས་སྙིང་གའི་པདྨའི་གེ་སར་གྱི་རྩེ་མོ་ལའོ། །དཀར་པོ་དང་ནག་པོ་རྫོགས་པའི་ངེས་པའོ། །མགྲིན་པའི་པདྨའི་གེ་སར་གྱི་རྩེ་མོ
་དང། ལྟེ་བ་ལ་དཀར་པོའི་བརྒྱད་པའོ། །ལྟེ་བའི་པདྨའི་གེ་སར་གྱི་རྩེ་མོ་དང་ལྟེ་བ་ལ་ནག་པོའི་བརྒྱད་པའོ། །སྙིང་གར་ནག་པོའི་རྫོགས་པའོ། །སྤྱི་བོར་རྫོགས་པའི་མཛའ་ཨོ། །སྙིང་གར་ཞེས་པ་བ་ནི་གནམ་སྟོང་གི་མཐར་ཚེས་གཅིག་འཇུག་པའི་དུས་ཞེས་པ་སྟེ་ངེས་པའོ། །ད་ནི།
་ཐིག་ལེ་ཞེས་པ་ལ་སོགས་པས་ཉི་མའི་གསལ་བྱེད་ཀྱི་ལོངས་སྤྱོད་གསུངས་ཏེ། འདིར་ཀ་ལ་སོགས་པའི་སྡེ་པ་རྣམས་ཐིག་ལེའི་རྣམ་པ་དང་རྣམ་པར་བཅད་པ་བཞི་ཡིས་ཕྱེ་བར་གྱུར་པ་ན་ཡི་གེ་ཉི་ཤུ་ལྷག་པར་བརྒྱད་འགྱུར་ཏེ། དེ་ཉིན་ནི་པད་འདབ་མཆོག་ཉི་ཤུ་ལྷག་པའི་བརྒྱ
་ཕྲག་གཅིག་ལའོ། །ཐུན་གྱི་བགྲོད་པའི་དབང་གིས་ཉི་མ་རྒྱུ་ཞིང་ཉམས་པར་བྱེད་དེ་སྡུད་པ་དང་སྐྱེད་པའི་དབྱེ་བས་སོ། །འདིར་ཐུན་གྱི་བགྲོད་པ་ནི་ཐུན་མཚམས་བཞི་སྟེ་དེ་དག་གི་བགྲོད་པའི་དབང་གིས་ནི་ཐུན་གྱི་བགྲོད་པའི་དབང་གིས་སོ། །འདིར་སྙིང་གའི་པདྨ་ལ་གནམ་སྟོང་གི་མཐར
་རོ། །ཚེས་གཅིག་ལ་སོགས་པ་ལ་འདབ་མ་དྲུག་ཅུ་རྩ་བཞིས་ལས་འདབ་མ་བཞི་ནི་སྟོང་པའོ། །དེ་རྣམས་ལ་ཚེས་གཅིག་གི་སསཱ:སསཱ་ཝཝཱ(རྒྱུད་འགྲེལ་དུ་གཉིས་པ་ལ་ཥྵཱ(རྒྱུད་འགྲེལ་པའོ། །བརྒྱད་པ་ལ་མམཱ(རྒྱུད་འགྲེལ་བཅུ་གསུམ་པ་ལ་ཉཉཱ(རྒྱུད་འགྲེལ་རྣམས་ལ་ཉི་མས་ས་ལ་སོགས་པའི་སྡེ་པའི་ཡི་གེ་རྣམས་ལོངས་སྤྱོད་ནས་ལྡོག་ཅིང་སྤྱི་བོར་རང་གི་རྒྱུ་བས་ཟླ་བ་འཇུག་སྟེ། དེའི་ཕྱིར་ཉི་མས་སྤྱད་པའི་པདྨ་རྣམས་ལ་ཟླ་བ་འོད་ཞིང། ཟླ་བས་སྤྱད་པའི་པདྨ་རྣམས་ལ་ཉི་མ
་འགྲོའོ། །ནག་པོའི་ཕྱོགས་ལ་ཉི་མ་སྐྱེད་པའི་རིམ་པ་སྟེ། ཟླ་བ་སྡུད་པའི་རིམ་པས་སོ། །འདིར་ཐམས་ཅད་དུ་གང་གི་ཚེ་ཟླ་བ་སྐྱེད་པས་རྒྱུ་བ་དེའི་ཚེ་ཉི་མ་སྡུད་པས་སོ། །གང་གི་ཚེ་ཉི་མ་སྐྱེད་པས་ཡིན་པ་དེའི་ཚེ་ཟླ་བ་སྡུད
་པས་སོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །ད་ནི་དཔྲལ་བའི་པདྨ་ལ་སོགས་པའི་འདབ་མ་རྣམས་ལ་ཉི་མས་ངལ་སོགས་པའི་སྡེ་པའི་ཡི་གེ་རྣམས་རིམ་པ་མིན་པས་སྤྱོད་དེ་ནག་པོའི་ཚེས་གཅིག་ལ་དཔྲལ་བའི་འདབ་མོ་བཞི་པོ་རྣམས་སུ་ང་དཾ་བྷ་གྷཾ་སྤྱོད
་དོ། །གཉིས་པ་ལ་ག་གཾ་ཁ་ཁཾ། གསུམ་པ་ལ་ཀ་ཀཾ་ཉ་ཉཾ། བཞི་པ་ལ་ཛཧ་ཛཧཾ་ཛ་ཛཾ། དེ་ནས་མགྲིན་པའི་པདྨའི་འདབ་མ་རྣམས་སུ་ལྔ་པ་ལ་ཚ་ཚཾ་ཙ་ཙཾ། དྲུག་པ་ལ་ཎ་ཎཾ་ཌཧ་ཌཧཾ། བདུན་པ་ལ་ཌ་ཌཾ་ཋ་ཋཾ། བརྒྱད་པ་ལ་ཊ་ཊཾ་མ་མཾ། དགུ་པ་ལ་བྷ་བྷཾ
་བ་བཾ། བཅུ་པ་ལ་ཕ་ཕཾ་པ་པཾ། བཅུ་གཅིག་པ་ལ་ན་ནཾ་དྷ་དྷཾ། བཅུ་གཉིས་པ་ལ་ད་དཾ་ཐ་ཐཾ། བཅུ་གསུམ་པ་ལ་ཏ་ཏཾ་ཐྐ་ཐྐཾ། སྙིང་གའི་པདྨའི་འདབ་མ་རྣམས་སུ་བཅུ་བཞི་པ་ལ་ཤ་ཤཾ་ཥ་ཥཾ་ཞེས་པ་སྟེ། དེ་ནས་གནམ་སྟོང་ལ་ལྟེ་བ་དང་གེ་སར
་གྱི་རྩེ་མོར་ཝ་ཝཾ་ས་སཾ། སྙིང་གའི་གནམ་སྟོང་གི་མཐར་གཞོམ་དུ་མེད་པ་སྟེ། ཐིག་ལེ་སྟོང་པ་ཡི་གེ་དྲུག་ཅེས་དང། སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་པ་སྟེ། ཟླ་བ་དང་ཉི་མའི་ངེས་པའོ། །ད་ནི་ཕྱོགས་ལ་ཟླ་བ་ཞེས་པ་ལ་སོགས་པས་ཟླ་བ་དང་ཉི་མའི་ནོར
་དང་བུ་ལོན་གསུངས་ཏེ། འདིར་ཚེས་ཀྱི་ངེས་པ་ལ་ཉིན་ཞག་སོ་སོར་སྦྱིན་དང་དོར་དང་སླར་ཡང་སྦྱིན་ཞེས་གསུངས་པའི་ཕྱིར། གཟའི་གནས་སུ་ཆུ་ཚོད་དྲུག་བཅུའི་བདག་ཉིད་ཀྱི་ཆ་སྦྱིན་ནོ། །དེའི་བུ་ལོན་གྱི་རྒྱུར་ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་ཀྱིས
་དམན་པའོ། །དེའི་ཕྱིར་རིགས་པའི་ཚད་ཀྱི་ཉིན་ཞག་སོ་སོར་ཆུ་ཚོད་གཅིག་གི་དམན་པའི་ཆ་དང་ཕྲ་མོའི་ཚད་ཀྱི་རྐང་པ་དང་བཅས་པའི་ཆུ་སྲང་ལྔ་ཅུ་རྩ་དྲུག་གོ་།དེ་ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་ཉིན་ཞག་གི་ཚིགས་ལ་དྲུག་ཅུ་རྩ་བཞིའི་ཆས་ཐོབ་པ
་དུ་ལོན་དུ་འགྱུར་བ་དེའི་ཕྱིར་ཉིན་ཞག་སོ་སོར་རྐང་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་སྟེ། ཉིན་ཞག་དྲུག་ཅུ་རྩ་བཞིས་ཉིན་ཞག་གཅིག་དམན་པ་ནི་ཆ་ཟད་པའོ་ཞེས་པའི་དོན་ཏོ། །ཉི་མའི་ཉིན་ཞག་གཉིས་སོ། །དེ་ལྟར་ཕྱོགས་ལ་ཟླ་བ་རང་གི་རྒྱུ་བ་ཉིན་ཞག
་ཅེས་བྱ་བའི་རྐང་པ་དག་ཀྱང་བུ་ལོན་དག་ཏུ་བྱེད། ཆུ་ཚོད་བཅོ་ལྔ་ཞེས་བྱ་སྟེ། རྐང་པ་ཞེས་པ་ནི་ཚེས་ཀྱི་བཞི་ཆ་ཞེས་བྱའོ། །ཀྱང་ཡིག་ལས་རྐང་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་གི་དམན་པའོ། །སླར་ཡང་སྟེ་ཉིན་ཞག་སོ་སོར་ཉམས་པ་ཟླ་བ་གཉིས
་ཀྱི་སྟེ་ཉིན་དྲུག་དྲུག་ཅུ་རྩ་བཞི་གཞན་པ་དག་ཀྱང་ཉིན་ཞག་བུ་ལོན་དུ་འགྱུར་རོ། །སླར་ཡང་ལོའི་སྦྱོར་བ་དག་ལས་འཕེལ་བ་ནི་རྫོགས་པའི་ལོ་ལ་ཉིན་ཞག་དྲུག་ཏུ་འགྱུར་ཏེ། སྔ་བརྗོད་པའི་ཆོ་གས་དམན་པའོ། །གཞན་ཡང་དེ་བཞིན་འཆི་བདག་གི་མཚམས
་སུ་འཕེལ། འཆི་བའི་མཚམས་ནི་ལོ་བརྒྱ་སྟེ། འཆི་བའི་མཚམས་དེ་ལས་བུ་ལོན་ཉིན་ཞག་གི་ཚོགས་ཕྱེད་དང་བཅས་པའི་དྲུག་ཅུ་རྩ་གཉིས་ལྷག་པའི་ལྔ་བརྒྱ་འཕེལ་ལོ། །རྒྱལ་པོ་དེ་ལྟར་ཉི་མའི་ཉིས་འགྱུར་འདི་ནི་ལོའི་དབང་གིས་འཆི་བའི་མཚམས་སུ
་འཕེལ་ཏེ། ཉིན་ཞག་གི་ཚོགས་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་འཆི་བའི་མཚམས་སུ་འཕེལ་ལོ། །བུ་ལོན་གྱི་ངེས་པའོ། །ད་ནི་དབུགས་དྲུག་ཅེས་པ་ལ་སོགས་པས་དབུགས་ལ་སོགས་པའི་དབྱེ་བས་ལོའི་གྲངས་གསུངས་ཏེ། འདིར་མི
་རྣམས་ཀྱི་ལུས་ལ་དབུགས་འཇུག་པ་དང་འབྱུང་བ་དྲུག་གིས་ཆུ་སྲང་གཅིག་ཏུ་འགྱུར་ཏེ། དེ་ཡང་ཆུ་སྲང་དུ་བརྗོད་དོ། །ཆུ་སྲང་དེ་དྲུག་ཅུ་ཡིས་ཆུ་ཚོད་གཅིག་ཏུ་འགྱུར་ཏེ། དབྱུག་གུ་གཅིག་གིས་བདག་ཉིད་ཅན་ནོ། །ཆུ་ཚོད་དེ་དག་དྲུག་ཅུ་ནི་ཉིན་ཞག་སྟེ
་ཉིན་མནན་དུ་འགྱུར་རོ། །གསུམ་གྱིས་བསྒྱུར་བ་བཅུ་སྟེ། སུམ་ཅུའི་ཉིན་ཞག་དེ་དག་གི་ཟླ་བ་གཅིག་གོ་།ཆུ་སྲིན་ལ་སོགས་པའི་ཟླ་བ་དེ་དག་དྲུག་གིས་བགྲོད་པ་གཅིག་ཏུ་འགྱུར་རོ། །བགྲོད་པ་དེ་ཉིད་གཉིས་ཀྱིས་བསྒྱུར་བ་ནི་ལོ་གཅིག་ཏུ་རབ་ཏུ་གྲགས་སོ།
་སྐྱེས་བུ་རྣམས་ཀྱི་ཚེ་ལོ་བརྒྱ་པོ་འདི་ལས་བུ་ལོན་བགྲོད་པར་ཡོན་པ་ནི་མུན་པའི་རྩའི་བགྲོད་པར་སོན་པའོ། །དུས་ནི་འཆི་བ་སྟེ། དེའི་རྩའི་དབང་གིས་ནི་ཨ་བ་དྷུ་ཏིའི་གྲངས་ཀྱི་ཆོས་ཀྱིས་སོ། །ཞེས་པ་སྟེ་དུས་ཀྱི་རྩའི་ངེས་པའོ། །ད་ནི
་འཇིག་རྟེན་གསུམ་ན་ཞེས་པ་ལ་སོགས་པས་དབང་ཕྱུག་ལ་སོགས་པ་རྣམས་དམན་པ་ཉིད་དུ་གསུངས་ཏེ། འདིར་འཇིག་རྟེན་གསུམ་ན་ལྷ་དང་ལག་འགྲོ་མི་རྣམས་ཀྱི་ནང་ན་གང་ཞིག་རང་གི་ལུས་ལ་ཟླ་བ་ཉི་མ་དག་རྫོགས་པར་ནུས་པའི་རྣལ་འབྱོར་ལྡན
་པ་མེད་དོ། །དེ་རྒྱུ་གང་ལས་ཤེ་ན་གང་གི་ཕྱིར་ཟླ་བས་རང་གི་རྒྱུ་བས་ལོའི་མཚམས་སུ་ཉིན་ཞག་གི་ཚོགས་སུམ་རྒྱ་དྲུག་ཅུ་རྒྱུ་བ་མ་ཡིན་ཞིང། སྲིད་པར་ཏེ་ལུས་ལ་ལོའི་ནང་དུ་རིམ་པས་ཏེ་སྔར་བརྗོད་པའི་ཆོ་ག་དག་གི་ཉི་མས་ཀྱང་ནི་རྒྱུ་སྐར་ཐམས
་ཅད་དེ་ཉི་ཤུ་རྩ་བདུན་རྒྱུ་བ་མུན་པ་དེའི་ཕྱིར་རོ། །ལོ་སོ་སོ་ནས་ལོ་སོ་སོར་བུ་ལོན་དག་གིས་དེ་ནི་སྲིད་པ་སྟེ་ལུས་ཟའོ། །དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པུ་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པ་སྟེ། འཁོར་བ་པ་རྣམས་ཀྱི་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག
་པུའོ། དེའི་ཕྱིར་རྣལ་འབྱོར་པས་ཟླ་བ་དང་ཉི་མ་རྫོགས་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་དང་རྡུལ་གྱི་ཆོས་སྲོག་དང་ཐུར་སེལ་དག་རྫོགས་པར་བྱས་ནས་དེ་བསྒྲུབ་པར་བྱའོ། །ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངེས་པའོ། །ད་ནི
་ཆད་པ་ཞེས་པ་ལ་སོགས་པས་འཆི་ལྟས་ཀྱི་དབང་གིས་གཅི་བ་ལ་སོགས་པའི་ཁམས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་གསུངས་ཏེ། འདིར་ལུས་ལ་ཚད་པ་གལ་ཏེ་གཡོན་པ་འམ་གཡས་པའི་རྩ་གཅིག་སྲོག་རབ་ཏུ་འབབ་པ་དང་བྲལ་བ་ཡིན་ན
་མིའི་བདག་པོ་ཞེས་པ་ནི་བོད་པ་སྟེ། ཟླ་བ་དྲུག་གི་མཚམས་སུ་གཅི་བ་དག་ནི་སྐྱུར་བ་ཉིད་དུ་འགྱུར་རོ། །དེ་ཙམ་རྣམས་ནི་ཉིན་ཞག་ལྔ་ནས་མཆོག་གི་ཆ་སྲོག་གི་ནུས་པ་ཆེན་པོ་ཡིས་འདོར་ཏེ། རིམ་པ་བཞིན་ཉིན་ཞག་སོ་སོར་གོང་བུ་འཆད་པའི
་དུས་སུའོ། །ཉིན་ཞག་དྲུག་གི་མཚམས་སུ་ཡུལ་སྒྲ་རྣ་བ་ལ་འདོར་ཏེ། རྣ་བ་ལ་ཞེས་པ་ནི་ལུང་གི་ཚིགས་ལས་ལྔ་པའི་དོན་ལས་བདུན་པའོ། །ཉིན་ཞག་ལྔའི་མཚམས་སུ་རོ་ཡང་ངེས་པར་ཁ་ལས་ཏེ། ལྕེ་ལས་འདོར་རོ། །ཉིན་ཞག་བཞིའི་མཚམས་སུ
་མིག་འབྲས་མིག་གིས་དབུས་ནས་སོ། །ཉིན་ཞག་གསུམ་གྱི་མཚམས་སུ་དྲི་ནི་སྣ་ལས་སོ། །ཉིན་ཞག་གཉིས་ཀྱི་མཚམས་སུ་མི་རྣམས་དག་གི་ལག་པ་རྐང་པའི་ལུས་ལ་དྲོ་བའི་དངོས་པོ་སྟེ་རེག་པའི་རང་བཞིན་ནོ། །མཛའ་ཨི་ཉིན་ཞག་ལ་ཆོས་ཀྱི་དབྱིངས་ཁུ་བ
་འཕོ་བ་དང་དབུགས་ཀྱི་འཁོར་ལོ་ཡང་འདོར་རོ། །ཉིན་ཞག་དྲུག་གི་ནང་དུ་འཆི་བའི་མཚན་ཉིད་གཞན་ཡང་གསུངས་ཏེ། འདིར་ལུས་ལ་འཆི་བ་རབ་ཏུ་ཞུགས་པར་གྱུར་ན་རང་གི་ལུས་ལ་སྣའི་རྩེ་མོ་འཕྱང་བ་གླང་པོ་ཆེའི་སྣའི་རྣམ་པར་མཐོང་བ་དང། རང
་གི་སྤྱི་བོར་ལག་པ་གཞག་པ་དེའི་རང་བཞིན་དག་ཏུ་མཐོང་བ་སྟེ་ཕྲ་མོར་མཐོང་བ་མིན་པ་དང་དེ་བཞིན་དུ་ལག་པ་གཉི་གའི་མཐིལ་ལ་རྒྱ་སྐྱེགས་མཚོན་གྱི་རབ་ཏུ་བྱུགས་ཀྱང་ལག་མཐིལ་གྱི་བསགས་པ་ལ་དམར་པོ་ཉིད་དུ་བྱེད་པ་མ་ཡིན་པ་དང། ཉི་མ་ཁ
་དོག་ནག་པོར་མཐོང་བ་དང་ཡོངས་སུ་གྱུར་པའི་རི་བོང་འཛིན་པ་སྟེ། ཉའི་ཟླ་བ་ཡོངས་སུ་རྫོགས་པ་སེར་པོར་མཐོང་བ་ནི་ཉིན་ཞག་དྲུག་གི་མཚམས་སུའོ། །དེ་ནས་ཉིན་ཞག་གང་ལ་གཅིན་དང་ལུས་ཀྱང་གསིལ་བར་གྱུར་པའི་ཉིན་ཞག་དེ་ལ་འཆི་བ་ཉིད་དེ་མིའི་བདག་པོ།
་ཞེས་པ་ནི་བོད་པའོ། །ཉིན་ཞག་དྲུག་གི་མཚམས་སུ་འཆི་བའི་མཚན་མ་གཞན་ཡང་གསུངས་ཏེ། འདིར་དུས་མ་ཡིན་པའི་འཆི་བས་ནོན་པའི་ལྕེ་འོག་ཏུ་ནག་ཐིག་སྟེ། སོའི་རི་མོ་ནག་པོར་རབ་ཏུ་འགྱུར་རོ། །དེ་བཞིན་དུ་མིག་ལ་ཚངས་པའི་རི་མོ་ཤིན
་ཏུ་ཕྲ་མོ་སྐྲའི་ཚད་ཙམ་གྱི་རི་མོ་སྟེ་ནག་པོ་དང་དམར་པོའི་དཀྱིལ་འཁོར་འབྱེད་པར་བྱེད་པར་འགྱུར་རོ། །དབུགས་ནི་ཟླ་བ་ཉི་མའི་ལམ་དུ་འཕྲོ་བ་དང། མཁུར་ཚོས་གཉིས་པོ་བསྐྱོད་པ་དང། དེ་བཞིན་ཉིད་དུ་ནུ་མའི་སྟེང་ནི་མཆན་ཁུང་དུ་ཞུགས་ཏེ། ནུ་མའི
་སྟེང་གི་རྩ་དག་མཚན་ཁུང་དུ་ཞུགས་པར་གྱུར་པ་དང་གཟའི་ཚོགས་རྣམས་མཛའ་དག་མི་མཐོང་སྟེ། མེ་སྟག་དག་དང་བཅས་པར་མཐོང་བ་དང། དེའི་མགྲིན་པ་ལུས་དང་བཅས་པ་སྟེ་ལག་པ་དང་རྐང་པ་དང་བཅས་པ་རེངས་ཤིང་སེམས་མེད་པ
་དང་འཁོར་བ་ཡང་སྟེ་འདི་དག་ནི་ལུས་ལ་འཆི་བའི་མཚན་ཉིད་དུ་འགྱུར་བར་འདོར་དེ་བསྲུངས་པ་ཡིན་ནོ། །གཞན་ཡང་ལུས་སམ་ཕྱི་རོལ་ལ་གྲིབ་མའི་སྐྱེས་བུ་ལ་སོགས་པ་ཅུང་ཟད་ཕྱིན་ཅི་ལོག་ཏུ་མཐོང་བ་དེ་ཐམས་ཅད་འཆི་བའི་མཚན་ཉིད་དུ
་རྣལ་འབྱོར་པས་རིག་པར་བྱའོ། །དེ་ཤེས་ནས་སྦྱིན་པ་ལ་སོགས་པ་བྱས་ཏེ། གལ་ཏེ་བསོད་ནམས་ཀྱི་སྟོབས་ཀྱི་འཚོ་བ་དེ་ལྟ་ན་ཡང་མཛེས་ཤིང་ཅི་སྟེ། འཆི་བར་འགྱུར་བ་དེ་ལྟ་ན་ཡང་གང་བྱིན་པ་དེའི་འབྲས་བུ་རྗེས་སུ་སྤྱོད་དོ། །དེའི་ཕྱིར་ཕྱོགས
་གཉི་ག་ལ་ཡང་བདེ་བར་གཤེགས་པ་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་སྦྱིན་པ་བྱིན་པར་བྱའོ། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག
་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། འཆི་ལྟས་ཀྱི་འཆི་བའི་མཚན་ཉིད་དང་རྩ་འཆད་པའི་མདོར་བསྡུས་ཆེན་པོ་སྟེ། བཞི་པའོ།། །།ད་ནི་སྐྱེ་བ་དང་ནི་ཞེས་པ་ལ་སོགས་པས་འཇིག་རྟེན་གྱི་ཀུན་རྫོབ
་ཀྱི་བསྐྱེད་པ་དང་སྡུད་པའི་མཚན་ཉིད་བྱེད་པ་པོ་གསུངས་ཏེ། འཁོར་བ་འདིར་འཕོ་བའི་སྐད་ཅིག་གང་ཡིན་པ་དེས་སེམས་ཅན་རྣམས་ཀྱི་སྐྱེ་བ་བྱེད་དེ། མངལ་དུ་ཀུན་བཞི་རྣམ་པར་ཤེས་པ་རྡུལ་དང་ཁུ་བ་དང་ཡང་དག་པར་ལྡན་པའི་ཆོས་ཅན་ནོ། །དེ་ནས
་དེ་ཡིས་མངལ་ནས་བཙའ་བའ་ཨི་དུས་བྱེད་ཅིང། བྱིས་པ་དང་གཞོན་ནུ་ལ་སོགས་པའི་གཟུགས་བྱེད་དེ་ལུས་བསྐྱེད་པའོ། །འཕོ་བའི་སྐད་ཅིག་དེ་ཉིད་འཇིག་རྟེན་དག་ཏུ་སྟེ་མཐོ་རིས་དང་མི་ཡུལ་དང་ས་འོག་ཏུ་སླར་ཡང་སྡུད་པར་བྱེད་པ་དུས་ཀྱི་འཁོར་ལོ་ཅན
་ཏེ་ཉི་མ་མིན། ཉི་མ་རྡུལ་དང་ཟླ་བ་ཁུ་བ་དུས་ཀྱི་འཁོར་ལོ་མེད་པ་སྡེ། ཀུན་གཞི་རྣམ་པར་ཤེས་པ་མེད་པས་མི་བྱེད་དོ། །ཞེས་པའི་དོན་ཏོ། །འདིར་རྡུལ་དང་ཁུ་བའི་ཆོས་ཅན་ཉི་མ་དང་ཟླ་བས་ཅིའི་ཕྱིར་མི་བྱེད་ཅེ་ན། འདིར་ཐམས་ཅད་དུ་མེ་དང་ཉི་མ་དང་ཟླ་བའི
་བདག་ཉིད་ནི་འགྲོ་བའོ། ཞེས་པ་རབ་ཏུ་གྲགས་པའི་ཕྱིར་གསུངས་སོ། །འདིར་གང་གི་ཕྱིར་ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་འབྱུང་བ་དང་བཅས་མཚན་མོའི་ཆ་ལ་བཅོམ་ལྡན་དེ་ཡིས་ཟོས་ཤེས་པ་སྟེ། འཁོར་བ་འདིར་མཚན་མོའི་ཆ་ནི་ཟླ་བ་སྟེ་བསྐྱེད་པའོ། །
་ཉིན་མོའི་ཆ་ནི་ཉི་མ་སྡེ་སྡུད་པའོ། །འདིར་མཚན་མོའི་ཆ་ལ་སྟེ་སྐྱེད་པའི་དུས་སུ་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ངེས་མའི་མངལ་དུ་ཟླ་བ་ཁུ་བ་དང་ཉི་མ་རྡུལ་དང་སོགས་པའི་སྒྲས་བཤང་བ་དང་གཅི་བ་དང་འབྱུང་བ་དང་བཅས་ས་དང་ཆུ་དང
་མེ་དང་རླུང་དང་ནམ་མཁའ་ཨི་ཁམས་དང་བཅས་པ་རྣམས་རྡུལ་དང་ཁུ་བའི་རྟེན་དུ་གནས་པའི་ལུས་དང་ངག་དང་སེམས་རྫོགས་པའི་དོན་དུ་ཟོས་ཏེ། ཟླ་བ་སྟེ་ཁུ་བ་ནི་དབང་ཕྱུག་གོ་།ཉི་མ་ནི་རྡུལ་ནི་རྟག་ཏུ་ཞི་བའོ། རྐང་ནི་དྲག་པོའོ་གཅི་བ་ནི་ཁྱབ་འཇུག་གོ། །
་བཤང་བ་ནི་ཚངས་པའོ། །ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་མཆན་མོའི་ཆ་ལ་སྟེ་སྐྱེད་པའི་དུས་སུ་ཟོས་སོ། །སླར་ཡང་སྟེ་ཡང་མཛའ་ཡས་ལུས་ལ་དངོས་པོ་སྣ་ཚོགས་ཀྱིས་བཟུང་བར་གྱུར་བ་ན་རྣམ་པར་འཕྲུལ་པ་དེ་དག་རྣམས་གཏོར་བར་བྱེད་དེ།
་ངེས་པར་ཉིན་མོའི་དུས་སུ་ཞེས་པ་སྡུད་པའི་དུས་སུ་གཏོང་ཞེས་པའི་དོན་ཏོ། །སྐྱེད་པའི་རྒྱུར་ནི་སྟེ་སླར་ཡང་གཞན་སྐྱེད་པའི་རྒྱུ་རུ་གཏོང་བར་བྱེད་དོ། །རིམ་པས་ཏེ་ལྟེ་པ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་གནས་རྣམས་སུ་ས
་ལ་སོགས་པའི་ཁམས་ཡོངས་སུ་གཏོང་བའི་རིམ་པས་སོ། །ཀུན་རྫོབ་ཀྱི་བྱེད་པ་པོའི་ངེས་པའོ། །ད་ནི་སྒྲ་ལ་སོགས་པ་ཞེས་པ་ལ་སོགས་པས་འཇིག་རྟེན་ཀུན་རྫོབ་ཀྱི་ལས་དང་བྱེད་པ་ལ་སོགས་པ་གསུངས་ཏེ། འདིར་ལུས་གྲུབ་པར་གྱུར་པ་ན
་སྒྲ་དང་རེག་བྱ་དང། གཟུགས་དང་རོ་དང་དྲི་དང་ཆོས་ཀྱི་དབྱིངས་ཏེ་དྲུག་པོ་རྣམས་ནི་ལས་སུ་འགྱུར་རོ། །དབང་པོ་དྲུག་པོ་དག་ཀྱང་སྟེ་རྣ་བ་དང་ལུས་དང་མིག་དང་ལྕེ་དང་སྣ་དང་ཡིད་དེ་དྲུག་པོ་ནི་བྱེད་པའོ། །ཁྱིམ་བཅུ་གཉིས་ཀྱི་དབྱེ
་བས་ལོ་དང་ཟླ་བ་དང་ཟླ་བའི་ཆའི་དབྱེ་བས་ཕྱོགས་ཉི་ཤུ་རྩ་བཞི་དང་ཉིན་དང་མཚན་མོ་སྟེ། ཉིན་མཚན་དང་ཚེས་བཅོ་ལྔ་དང་ཟླ་བ་ཉི་མ་དག་ཀྱང་སྟེ་འདི་དག་མཛའ་དག་ནི་བྱེད་པའོ། །བྱེད་པ་པོ་ནི་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཁུ་བ
་འཕོ་བའི་སྐད་ཅིག་ལྷན་ཅིག་སྐྱས་པའི་དགའ་བ་སྟེ་འཇིག་རྟེན་ཀུན་རྫོབ་ཀྱིས་སོ། །འཕོ་བའི་སྐད་ཅིག་ལ་སོགས་པ་བྱེད་པ་པོ་དང་བྱེད་པ་དང་ལས་འདི་དག་སྡུད་པའི་བྱེད་པ་པོ་གཞན་དུ་འདིར་འགྱུར་ཏེ། གང་གི་ཕྱིར་བསྐྱེད་པའི་བྱེད་པ་པོ་མ་ཡིན་ནོ། །
་དེའི་ཕྱིར་མཁའ་ཁྱབ་མཁའ་ཨི་རྡོ་རྗེ་ཅན་ཏེ་ཡུལ་དང་རྣམ་བྲལ་ཡོན་ཏན་མེད་ལ་རང་བཞིན་མེད་པའོ། །ཞེས་པ་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ཞེས་པའོ། །དེའི་ཕྱིར་བསྐྱེད་པ་དང་སྡུད་པའི་བྱེད་པ་པོ་དང་མྱ་ངན་ལས་འདས་པའི་མཚན
་ཉིད་ཀྱང་མེད་དོ་ཞེས་པའི་དོན་ཏོ། །བྱེད་པ་པོ་ཟད་པའི་ངེས་པའོ། །ད་ནི་དྲི་དང་ཞེས་པ་ལ་སོགས་པས་ཚོགས་པ་ལ་སོགས་པ་གསུངས་ཏེ། འཁོར་བ་འདིར་ཚོགས་པ་ལས་སྐྱེ་བ་སྟེ་ཚེས་གཅིག་ལས་ནི་མ་ཡིན་ནོ། །འདིར་ཚོགས་པ་ནི་དེ་དང་ཁ་དོག
་དང་ནི་རོ་དང་རེག་པ་ཞེས་དང་འཛིན་མ་དང་ནི་ཆུ་དང་མེ་དང་རླུང་ཞེས་པ་གཟུགས་ཅན་བརྒྱད་པོ་འདི་དག་རྣམས་ནི་མཛའ་དག་ཡུལ་གྱི་ཚོགས་པ་དག་སྟེ་གཅིག་ནི་གཙོ་བོར་ཞེས་པ་སྟེ། གཟུགས་ཅན་བརྒྱད་པོ་འདི་དག་ལས་ཡོན་ཏན་གཅིག་གཙོ་བོར
་འགྱུར་ཞིང་ལྷག་མ་ཕལ་པར་འགྱུར་རོ་ཞེས་པ་ནི་སྔར་བརྗོད་ཟིན་ཏོ། །སྒྲ་དང་སྟོང་པ་དང་ནི་ཆོས་ཀྱི་དབྱིངས་དང་ཡིད་ཀྱང་མིའི་བདག་པོ་གཟུགས་མེད་དུ་འགྱུར་རོ། །ཞེས་པ་མི་གཟུགས་མེད་བཞི་པོ་རྣམས་ཏེ། འདིར་སྟོང་པའི་སྒྲ་ཡིས་ཁུ་བའི་ཁམས་བརྗོད་དོ།
་འཇིག་རྟེན་གསུམ་པོ་མཛའ་དག་འདི་ནི་སྤོ་བ་དག་དང་སྡུད་པར་འགྱུར་ཏེ་ལུས་ཀྱི་མཐུ་ལས་སོ། །ཞེས་པ་འཕོ་བའི་སྐད་ཅིག་གི་མཐུ་ལས་སོ་ཞེས་པའི་དོན་ཏོ། །ཚོགས་པའི་ངེས་པའོ། །ད་ནི་བདག་ཉིད་འཆིང་སྟེ་ཞེས་པ་ལ་སོགས་པས་འཁོར་བའི་འཆིང
་བ་གསུངས་ཏེ། འདིར་ལུས་ལ་ཕུང་པོའི་ངར་འཛིན་པ་ཙམ་ནི་འཁོར་བ་སྟེ་བདག་ཉིད་ཀྱིས་བདག་ཉིད་འཆིང་ངོ། །རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་རྣམས་ཀྱི་ཤེས་པ་ལ། རང་བཞིན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཚོགས་པ་སྟེ་དེ་ལ་གནས
་པའི་ཡོན་ཏན་སྐྱེ་བ་དང་འགག་པའི་མཚན་ཉིད་དྲི་ལ་སོགས་པ་རྣམས་དང་འཁོར་བའི་སེམས་ཀྱི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་མཚན་ཉིད་རྣམས་ཏེ་རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་དེ་དག་རྣམས་ཀྱི་བདག་ཉིད་འཆིང
་བར་བྱེད་དེ། རང་གི་ལུས་ལས་བྱུང་བའི་སྐུད་པ་རྣམས་ཀྱི་བདག་ཉིད་འཆིང་བར་བྱེད་པ་དར་གྱི་སྲིན་བུ་ཇི་བཞིན་ཉིད་དོ། །བདག་ཉིད་བདག་གིས་ངེས་པར་སླར་ཡང་རྣམ་པར་རྟོག་པ་མེད་པའི་ཡིད་དག་ལས་ནི་གཏོང་བར་བྱེད་ཅེས་པ་ནི་སླར་ཡང་བདག་དེ
་རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་རྣམས་ཀྱི་བཏང་བ་ནི་རྣམ་པར་རྟོག་པ་མེད་པར་འགྱུར་རོ། །རྣམ་པར་རྟོག་པ་མེད་པའི་ཡིད་དེ་ལས་བདག་ཉིད་འཁོར་བའི་སྡུག་བསྔལ་ལས་གཏོང་བར་བྱེད་དོ། །དེ་ཕྱིར་རྒྱལ་པོ་རང་ལས་རང་བཞིན་ཡོན་ཏན་ལ
་གནས་སྡུག་བསྔལ་དང་ནི་བདེ་བ་བྱེད་པ་སྟེ། རང་བཞིན་རྣམ་པར་བྲལ་བ་སྟེ། ཁམས་བཅོ་བརྒྱད་དང་བྲལ་བ་སུ་ཞིག་བྱེད་པོ་ཅི་ཞིག་བྱེད་དེ་མི་བྱེད་དོ། །ཞེས་པའི་དོན་ཏོ། །མི་ཤེས་འཇིག་རྟེན་ལོག་པའི་བདག་ཉིད་ཀྱི་བྱེད་པ་པོ་ཡོངས་སུ་བརྟགས
་པས་རྨོངས་པར་བྱེད་དོ། །ལས་ཀྱི་འཆིང་བར་ངེས་པའོ་ད་ནི་ས་ཞེས་པ་ལ་སོགས་པས་ས་ལ་སོགས་པ་རྣམ་པར་བརྒྱད་ཀྱི་རང་བཞིན་གསུངས་ཏེ། འདིར་ལུས་ལ་དང་པོར་འཁོར་བའི་སེམས་ཀྱི་རང་བཞིན་རྣམ་པ་བརྒྱད་དེ་ས་དང་ཆུ་དང་མེ་དང་རླུང་དང་ནམ
་མཁའ་དང་ཡིད་དང་བློ་དང་ངར་འཛིན་པའི་བདག་ཉིད་དང་རྣམ་པ་བརྒྱད་དོ། །འདི་དག་ཀྱང་རྣམ་པ་བརྒྱད་དོ། །འདི་དག་ཀྱང་རྣམ་པ་གསུམ་སྟེ། རགས་དང་ཕྲ་མོ་གཞན་ཡང་རྣམ་གསུམ་ཡོན་ཏན་ལ་གནས་ཏེ། སྙིང་སྟོབས་དང་རྡུལ
་དང་མུན་པའི་ཡོན་ཏན་རྣམས་ལ་གནས་པ་ནི་ཡོན་ཏན་ལ་གནས་པའོ། །ཡི་གེ་ཐིག་ལེ་ལ་སོགས་པའི་དབྱེ་བ་ཡི་རགས་པ་རགས་པའི་དབང་པོ་རྣམས་ལ་གནས་ཏེ་བླུན་པོའི་བག་ཆགས་འཛིན་པར་བྱེད་པའི་སེམས་ཀྱི་སད་པའི་གནས་སྐབས་ཀྱིས་ཆོས་ཅན་ནི་རགས
་པ་སྟེ་སད་པའི་དངོས་པོ་འཛིན་པར་བྱེད་པའི་ཕྱིར་རོ། །ཕྲ་མོའི་སེམས་ཀྱི་ཕྲ་མོ་ནི་རྨི་ལམ་གྱི་གནས་སྐབས་ཀྱི་ཆོས་ཅན་ཏེ། ཡིད་ཀྱི་རང་བཞིན་གྱི་དབང་པོ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་དངོས་པོ་འཛིན་པར་བྱེད་པའི་ཕྱིར་རོ། །ཕྲ་མོ་གཞན་ཡང་དབང་པོ
་ཐམས་ཅད་འགོག་པའི་མཚན་ཉིད་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་ཆོས་ཅན་ནི་གཞན་པ་ལྟར་མེད་པ་ཞེས་བརྗོད་པ་དང་གཅིག་ཏུ་གྱུར་པ་ལ་སོགས་པའི་མཚན་ཉིད་དེ་དངོས་པོ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་རོ། །དེ་ལྟར་རྣམ་པ་གསུམ
་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སད་པ་དང། རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་རང་བཞིན་ནོ། །རགས་པ་ནི་ཉིན་མོའི་མཚན་ཉིད་དོ། །ཕྲ་མོ་ནི་ཐུན་མཚམས་ཀྱི་མཚན་ཉིད་དོ། །གཞན་ནི་མཚན་མོ་ཆེན་མོའི་མཚན་ཉིད་དོ། །ཡང་ཡིག
་ལས་གཞན་བཞི་པའི་རང་བཞིན་ཡེ་ཤེས་ཀྱི་སྐུ་སྟེ། དེ་ནི་ཁུ་བ་འཕོ་བའི་དུས་སུ་ཡེ་ཤེས་ཀྱི་སེམས་ཏེ་བཞི་པའི་སེམས་ཀྱི་བཞི་པའི་གནས་སྐབས་ཀྱི་ཆོས་ཅན་ཏེ་སེམས་ཅན་རྣམས་སྐྱེ་བ་དང་འགོག་པའི་རྒྱུར་གྱུར་པ་གང་ཡིན་པ་དེའི་ཕྱིར་ཡེ་ཤེས་ཀྱི
་སྐུའོ། །དེ་ཡང་རང་བཞིན་རྣམ་འགྱུར་མེད་པའི་འཚོ་བ་འབྱུང་བ་སྟེ་སྲོག་ཆེན་པོ་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འབྱུང་བ་མིན་ཞེས་པ་ནི་འབྱུང་བ་ས་དང་ཆུ་དང་མེ་དང་རླུང་དང་ཁུ་བ་ནི་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ལྟར་འཁོར་བའི
་སེམས་ཀྱི་རང་བཞིན་གྱི་སད་པ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིར་ངེས་པའོ། །ད་ནི་ཨ་སོགས་ཤེས་པ་ལ་སོགས་པ་བཞི་པ་ལ་སོགས་པ་རྣམས་ཀྱི་མིང་གི་ཆོས་གསུངས་ཏེ། འཁོར་བ་འདིར་རིག་པར་བྱ་བ་དང་རིགས་པར་བྱེད་པ་བདག་གི་མིང་དོན་རབ་ཏུ
་གོ་བྱེད་པ་སྟེ། དེ་ཡང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱི་གནས་སོ། །དེ་ལ་ཡེ་ཤེས་ཀྱི་རང་བཞིན་ལས་ཨ་སོགས་སྟོང་པ་ལྔ་ནི་གཞོམ་དུ་མེད་པའི་ཨ་ལ་སོགས་པ་སྟེ། གཞོམ་དུ་མེད་པའི་དབུས་སུ་ཨ་ཡིག་སྟོང་པའོ། །ཤར་དུ་ཨེ
་ཡིག་སྟོང་པའོ། །ལྷོར་རི་ཡིག་སྟོང་པའོ། །བྱང་དུ་ཨུ་ཡིག་སྟོང་པའོ། །ནུབ་དུ་ལི་ཡིག་སྟོང་པའོ། །ཞེས་པ་སྟེ་ཨ་སོགས་སྟོང་པ་ལྔ་ནི་རང་བཞིན་ཏེ་རྣམ་པར་འགྱུར་བ་མིན་ནོ། །དཔལ་ལྡན་ཆ་དང་ཐིག་ལེ་ནཱ་ད་དང། དུས་དང། སེམས་དང་བློ་སྟེ་ཞེས
་པ་ལ། ཆ་སྟེ་ཉི་མ་དང་ཐིག་ལེ་སྟེ་ཟླ་བ་དང། ནཱ་ད་སྟེ་སྒྲ་གཅན་དང་དུས་ཏེ་དུས་མེ་དང་སེམས་དང་བློ་དང། རང་བཞིན་དག་ཀྱང་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་ཆོས་ཅན་ནོ། །གཞན་པའི་དབྱངས་ནི་རླུང་ལ་སོགས་པའོ། །སོགས་པའི་སྒྲས
་ནམ་མཁའ་ལ་སོགས་པ་སྟེ། ཨ་ཨི་རི་ཨུ་ལི། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་རྣམས་སོ། །དེ་བཞིན་དུ་རིང་པོ་སྟེ་རྨི་ལམ་གྱི་རང་བཞིན་ནོ། །རགས་པ་སྡེ་པའི་ཡི་གེ་དབྱངས་བཅུ་གཉིས་དང་བཅས་པ་སུམ་བརྒྱ་དྲུག་ཅུ་རྣམས་ནི་སད་པའི་རང་བཞིན་ནོ། །
་བཅུ་དྲུག་གཞན་ནི་རྣམ་འགྱུར་རགས་པའོ། ཞེས་པ་སྟེ། ཡི་གེ་སོ་སོ་རེ་རེའི་དབྱངས་བཅོ་ལྔས་བཟུང་བ་གསལ་བྱེད་དང་བཅས་པ་ནི་རྣམ་པར་འགྱུར་བ་བཅུ་དྲུག་གོ་།ཐམས་ཅད་དུ་ཁམས་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་ཡུལ་ལྔ་ནི་རྣམ་པར་འགྱུར་བ་སྟེ། ཡིད
་དང་ལྷན་ཅིག་བཅུ་དྲུག་གོ་།ས་ལ་སོགས་པ་འདི་དག་གི་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཅིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད་པའོ། །གང་གི་ཕྱིར་འཁོར་བའི་བག་ཆགས་ལས་གྲོལ་བས་སེམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་གང་སེམས་ཡོད་པའི
་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་འཁོར་བའི་སེམས་དང། བྲལ་བ་མྱ་ངན་ལས་འདས་པའི་སེམས་གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རང་བཞིན་རྣམ་པ་བཞིའི་ངེས་པའོ། །ད་ནི་འཁོར་བར
་ཞེས་པ་ལ་སོགས་པས་སེམས་ཅན་རྣམས་རང་གི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་གསུངས་ཏེ། འཁོར་བ་འདིར་སེམས་ཅན་བདེ་བ་འམ་སྡུག་བསྔལ་བ་འམ་བདེ་བ་དང་སྡུག་བསྔལ་བ་རང་བཞིན་ཡོན་ཏན་ལ་གནས་པ་ནི་སྔར་བརྗོད་པའི་ཡོན་ཏན་ལ་གནས་པ་སྟེ།
་རང་གི་བྱས་པའོ། །ཞེས་པའི་དོན་ཏོ། །ལས་ལས་སྐྱེས་པ་དེ་ནི་ཟབ་སྟེ། རང་གིས་བྱས་པའི་ལས་ཀྱིས་བསྐྱེད་པ་ནི་ལས་ལས་སྐྱེད་པ་དེ་ལོངས་སྤྱོད་དོ་ཞེས་པའི་དོན་ཏོ། །དེ་ཉིད་ནི་འདིར་ལུས་དང་ངག་དང་སེམས་ཀྱི་དབང་གི་རྣམ་པ་གསུམ་ཏེ། རིགས
་པ་དང་ཕྲ་མོ་དང་ཞི་བའོ། །གཞན་ཡང་རྣམ་པ་གསུམ་སྟེ། ཁྱད་པར་གྱི་ལས་དང། ལས་དང་ལས་མ་ཡིན་པའོ། །དེ་དག་ལས་གང་ཞིག་བདག་ནི་བྱེད་པ་པའོ། ཞེས་པའི་སེམས་བསྐྱེད་པ་དེ་ནི་ཁྱད་པར་གྱི་ལས་ཀྱི་མིང་ཅན་ནོ། །གང་ཞིག་བྱེད་པ་པོ་གཞན
་པ་ཕྱུགས་བདག་གམ་གཞན་ཡོད་པའི་སེམས་བསྐྱེད་པ་དེ་ནི་ལས་ཀྱི་མིང་ཅན་ནོ། །བྱེད་པ་པོ་བདག་གམ་གཞན་པ་མིན་ཏེ། རང་བཞིན་རྣམ་པར་བྲལ་བ་ཕུང་པོ་ལ་སོགས་པའི་ཚོགས་པ་དང་བྲལ་བ་གང་ཞིག་སེམས་བསྐྱེད་པ་དེ་ནི་ལས་མ་ཡིན་པའི་མིང་ཅན་ནོ།།
་དེ་ལྟར་བདག་དང་གཞན་བྱེད་དབང་པོར་འཛིན་པ་དང་བྲལ་བར་ཤེས་པ་གང་ཡིན་པ་དེའི་ལས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཞིང་བྱེད་པ་པོ་ནི་རྒྱུར་གྱུར་པ་མ་ཡིན་ནོ། །ལས་ལས་སྐྱེས་པ་ནི་ཚེགས་པའི་དབང་གིས་ཏེ། ཇི་ལྟར་ས་ལའི་ས་བོན་ལས་ས་ལི
་འགྲུབ་པ་དེ་བཞིན་དུ་དགེ་བའི་ལས་ལས་དགེ་བའི་ལས་ཀྱི་འབྲས་བུ་འགྲུབ་བོ། །ཇི་ལྟར་ཀོ་དྲ་བའི་ས་བོན་ལས་ཀོ་དྲ་བ་འགྲུབ་པ་དེ་བཞིན་དུ་མི་དགེ་བའི་ལས་ལས་མི་དགེ་བའི་ལས་ཀྱི་འབྲས་བུ་འགྲུབ་སྟེ། རང་ལས་མ་ཡིན་ཞིང་གཞན་ལས་ཀྱང་མ་ཡིན་ནོ། །ཞེས
་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ལས་ཀྱི་འབྲས་བུ་ངེས་པའོ། །ད་ནི་དེ་ཕྱིར་ཞེས་པ་ལ་སོགས་པས་བྱེད་པ་པོ་མེད་པར་འབྲས་བུ་དང་བཅས་པའི་ལས་གསུངས་ཏེ། འཁོར་བ་འདིར་བྱེད་པ་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་དག་ནི་མི
་སྦྱིན་མི་འཕྲོག་སྟེ། གང་གི་ཕྱིར་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་རང་གི་བྱས་པ་ནི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར་བ་དེའི་ཕྱིར་བྱེད་པ་པོ་འགའ་ཡང་མི་སྦྱིན་ཞིང་མི་འཕྲོག་གོ་ཞེས་པའི་དོན་ཏོ། །སྐྱེ་དང་སྡུད་པའི་བྱེད་པ་པོ་འདི་སྟེར་ཞིང་དེ་ནི་འཕྲོག་པ་རྨོངས
་པ་རྣམས་ཀྱི་བློ་གྲོས་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་རང་གི་ལུས་ལ་དཔག་མེད་དགེ་བ་འཕྲོག་པར་བྱེད་པའི་བུག་པ་རང་གི་དབང་པོ་དག་གི་མཐོང་བ་མ་ཡིན་ཏེ། རང་གི་དབང་པོ་ཕྱི་རོལ་ཏུ་ཡུལ་དྲུག་ལ་འཇུག་ཅིང་ནང་དུ་ཟག་པ་མེད་པའི་བདེ་བ་དང
་བྲལ་བ་རྣམས་ཀྱིས་སོ། །རང་གི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་ངེས་པའོ། །ད་ནི་འདོད་པ་ཞེས་པ་ལ་སོགས་པས་འདོད་པ་ལ་སོགས་པའི་བྱེད་པ་པོ་ཕན་ཚུན་དངོས་པོ་ཡང་དག་པར་སྦྱོར་བ་གསུངས་ཏེ། འདིར་འགྲོ་བ་སེམས་ཅན་རྣམས་ཀྱི་རང་གི་ཡིད
་ལ་འདོད་པའི་ནུས་པ་གང་ཡིན་པ་དེ་ནི་དངོས་པོ་རྣམས་གསལ་བར་བྱེད་པ་དེ་ཡིད་འཇུག་པར་བྱེད་དོ། །བྱ་བ་ནི་དངོས་པོ་རྣམས་ལ་འཇུག་པར་བྱེད་དོ། །ཡེ་ཤེས་ནུས་པ་ནི་དངོས་པོ་རོ་མཉམ་རྒྱུར་ནི་དོན་ལ་ཉེ་བར་དམིགས་པར་བྱེད་དེ། དོན་ངེས་པར་ནི་ཡེ་ཤེས་ངེས
་པ་ཞེས་པའི་དོན་ཏོ། །སླར་ཡང་སྟོང་པ་སྟེ་སྔར་གྱི་ཡེ་ཤེས་གཏོང་བ་དག་ནི་བཞི་པ་སྲིད་གསུམ་གྱིས་བཏུད་གཉིས་མེད་ཀྱི་ངེས་པར་རིམ་པས་བྱེད་དོ་ཞེས་པ་ནི་ཡིད་ཀྱི་ནུས་པ་བཞིའོ། །བཞི་པ་དེ་དག་གི་ནང་ནས་གང་ཞིག་རྣམ་པར་དག་པའི་སེམས་ཀྱི་བདག་ཉིད་རྡོ་རྗེ
་ཅན་ནི་གསལ་བ་དང་འཇུག་པ་དང། རོ་མཉམ་རྒྱུད་དོན་ལ་ཉེ་བར་དམིགས་པ་ཅུང་ཟད་མི་ཟ་ཞིང། ཡེ་ཤེས་གཏོང་བའི་གཏོང་བ་མིན་པ་ཉིད་དོ་ཞེས་པ་སྟེ། འདོད་པ་ལ་སོགས་པའི་ངེས་པའོ། །ད་ནི་བདག་ཅེས་པ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་རབ་ཏུ
་སྦྱིན་པར་བྱེད་པ་པོ་གསུངས་ཏེ་འཁོར་བར་བདག་ནི་བྱེད་པོ་སྡུག་བསྔལ་དང་བདེ་བ་དག་རབ་ཏུ་སྦྱིན་པ་པོར་མིའི་བདག་པོ་དེར་འགྱུར་བ་མིན་སྲིད་པ་གསུམ་གྱི་གནས་ན་བདེ་བ་དང་སྡུག་བསྔལ་རབ་ཏུ་སྦྱིན་པ་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ།
་སེམས་ཀྱི་ནུས་པ་རྣམ་པར་སྤངས་ནས་སོ། །འདིར་སེམས་ཀྱི་ནུས་པ་ནི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་དེ། དེ་དག་གི་གཙོ་བོ་ནི་བཞི་པ་སྐྱེ་བ་དང་འགོག་པའི་ཆོས་ཅན་གྱི་གནས་སྐབས་ཏེ། སེམས་ཀྱི་ནུས་པ་དེ་རྣམ་པར་སྤངས
་ནས་བདག་ནི་བྱེད་པོ་བདེ་དང་སྡུག་བསྔལ་རབ་ཏུ་སྦྱིན་པ་པོ་གཞན་འགའ་ཡང་མེད་དོ་ཞེས་པའོ། །སེམས་ཅན་རྣམས་ཀྱི་ཁུ་བ་འཕོ་བ་སྤངས་ནས་བཅིངས་པ་དང་གྲོལ་བ་གཞན་འགའ་ཡང་ཡོད་པ་མ་ཡིན་ཏེ། འཁོར་བའི་སེམས་སྤངས་ནས་སོ་ཞེས་པའི་དོན་ཏོ།
་མྱ་ངན་ལས་འདས་པའི་སེམས་འཁོར་བ་ལས་འདས་པ་ལུས་ཐམས་ཅད་ལ་གནས་པ་ནི་གང་གིས་ཀྱང་མ་བཅིངས་མ་དཀྲོལ་བའོ། །ནམ་མཁའ་ཨི་བུམ་པའི་དབུས་ནས་ཆུ་ནི་ལེན་པར་བྱེད་པ་ནི་ཡང་འགྲོ་བ་མིན་པ་ཇི་ལྟ་བ། མཁའ་ཁྱབ་མཁའ་ཨི་རྡོ་རྗེ་ཅན་ཞེས་པ་སྟེ། སྟོང་པ
་ལ་སོགས་པའི་རྣམ་པར་ཐར་པས་རྣམ་པར་དག་པའི་སེམས་ནི་མཁའ་ཨི་རྡོ་རྗེ་ཅན་ནོ། །ཡུལ་དང་རྣམ་བྲལ་ཞེས་པ་ཡོན་ཏན་མེད་པ་སྟེ། དེ་ཙམ་ལ་སོགས་པ་དང་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བྲལ་བ་སྟེ། སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང
་བཞི་པ་དང་བྲལ་བ་ཞེས་པའི་དོན་ཏེ་རང་བཞིན་མེད་པ་ལུས་ཀྱི་དབུས་དག་ཏུ་ཡང་དེ་བཞིན་ནོ། །རྟག་པ་དངོས་པོ་དང། ཆད་པ་དངོས་པོ་མེད་པ་སྟེ། དེ་དག་གང་ལ་མེད་པ་དེ་ནི་རྡོ་རྗེ་ཅན་ཏེ་རྣམ་པར་དག་པའི་སེམས་སོ། ཞེས་པའི་དོན་ཏོ། །འཁོར་བ་དང་མྱ་ངན
་ལས་འདས་པའི་སེམས་ངེས་པའོ། །ད་ནི་དེ་ལྟར་ཞེས་པ་ལ་སོགས་པས་ལས་སྨྲ་བ་གསུངས་ཏེ། དེ་ལྟར་བརྗོད་པའི་རིམ་པས་ལས་ཡོད་པར་སྨྲ་བ་པོ་དང། བྱེད་པ་པོ་མེད་པར་སྨྲ་བ་པོ་དང། བདག་མེད་པར་སྨྲ་བ་བོར་འགྱུར་ཏེ། བཅོམ་ལྡན་འདས་རྣམ་པར
་དག་པའི་སེམས་ཀྱི་བདག་ཉིད་ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པ་འང་མིན། །ཁམས་གསུམ་གྱི་སྟོན་པ་གཅིག་པུ་དེ་ནི་བྱེད་པོ་མིན་ཏེ། ཀུན་མཁྱེན་དང་པོའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ལམ
་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཐོབ་པ། སྲིད་གསུམ་གྱི་བཏུད་དུས་ཀྱི་འཁོར་ལོ་ཅན་ཟག་པ་མེད་པའི་བདེ་བ་རྣམ་པ་ཐམས་ཅད་པའི་ཆོས་ཅན་ཏེ་འཁོར་ལོ་ཅན་ཁྱབ་འཇུག་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལས་ཚངས་པ་ཁྱབ་འཇུག
་དྲག་པོ་དག་ཀྱང་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་འགྲོ་གདུས་ཀྱི་འཁོར་ལོ་དེ་ལ་ཕྱག་འཚལ་ལོ། ཞེས་པ་ནི་འཇམ་དཔལ་བདག་སྟེ། རྒྱལ་བ་མཆོག་སྐྱེད་ཡོན་ཏན་མེད་ཅིང་རྣམ་རྟོག་མེད་པ་ནི་སྔར་བརྗོད་པའི་མཚན་ཉིད་དོ། །སྟོང་པ་ཉིད་སྨྲ
་པ་པོའི་ངེས་པའོ། །ད་ནི་ཞི་བ་ཞེས་པ་ལ་སོགས་པས་འཆི་བའི་མཐར་བསམ་པའི་དབང་གིས་སྐྱེ་བ་གསུངས་ཏེ། འཁོར་བ་འདིར་སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་དབང་གིས། སྙིང་སྟོབས་ཀྱི་ཡོན་ཏན་ལ་སོགས་པའི་བསམ་པ་སྟེ་བསམ་པ་དེ་ལས་སྐྱེ
་བའོ། །འདིར་འཆི་བའི་དུས་སུ་དགེ་བའི་ལས་ཀྱི་དབང་གིས་ཞི་བའི་བསམ་པར་འགྱུར་ཏེ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་བདག་ཉིད་དོ། །བསམ་པ་དེ་སྐྱེས་པར་གྱུར་ན་ཤི་བའི་མཐར་ལྷ་ཉིད་དུ་འགྱུར་རོ། །མིའི་བདག་པོ་ཞེས་པ་ནི་ཟླ་བ་བཟང་པོ་ལ་བོང་པའོ། །མི
་དགེ་བའི་དབང་གིས་བསམ་པ་དྲག་པོར་འགྱུར་ཏེ། མུན་པའི་ཡོན་ཏན་གྱི་བདག་ཉིད་དོ། །མུན་པའི་བསམ་པ་དེ་ལ་དམྱལ་བ་ཉིད་དུ་འགྱུར་རོ། །མི་དགེ་བ་འབྲིང་པོའི་དབང་གིས་རྡུལ་གྱི་བསམ་པ་སྟེ། རྡུལ་གྱི་བསམ་པ་དེར་གྱུར་ན་ཤི་བའི་མཐར་དུད་འགྲོ་ཉིད་དུ
་འགྱུར་རོ། །རབ་མཆོག་སའི་སྟེང་དུ་མི་ཉིད་དག་ཀྱང་འདྲེས་པ་སྟེ་དགེ་བ་དང་མི་དགེ་བ་འདྲེས་པ་ལ་མི་ཉིད་དུ་འགྱུར་ཏེ། འབྱུང་པོ་ཉིད་ནི་རྣམ་པ་གསུམ་སྟེ་རྡུལ་དང་མུན་པ་དག་ནི་སྙིང་སྟོབས་ཕན་ཚུན་འདྲེས་པ་ལའོ། །འདིར་སྙིང་སྟོབས་ལྷག་པ་ལ་ཡི་དགས་མཆོག་གོ་།
་རྡུལ་ལྷག་པ་ལ་འབྲིང་པོའོ། །མུན་པ་ལྷག་པ་ལ་ཐ་མའོ། །ལྷ་མ་ཡིན་རྣམས་ནི་ལྷའི་ནང་དུ་འདུས་པ་ཉིད་དོ། །དེ་བཞིན་དུ་མི་རྣམས་ནི་སྙིང་སྟོབས་ལྷག་པ་ལ་བདེ་བ་དང་ལྡན་པའོ། །རྡུལ་ལྷག་པ་ལ་བདེ་བ་དང་སྡུག་བསྔལ་དང་ལྡན་པའོ།།
་མུན་པ་ལྷག་པ་ལ་རྟག་ཏུ་སྡུག་བསྔལ་དང་ལྡན་པའོ། །དེ་བཞིན་དུ་མཐོ་རིས་ལ་སོགས་པ་ཐམས་ཅད་དུ་ཡང་སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་དབང་གིས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དཔག་ཏུ་མེད་པར་འགྱུར་རོ། །དེའི་ཕྱིར་འཆི་བའི་དུས་སུ
་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་གྱུར་པ་དེ་ནི་སྐྱེ་བ་ཡང་དག་སྐྱེ་ཞེས་པ་སྟེ། བསམ་པ་སྐྱེ་བའི་ངེས་པའོ། །ད་ནི་ལྷ་ཉིད་ཅེས་པ་ལ་སོགས་པས་ལྷ་ལ་སོགས་པའི་དབྱེ་བ་གསུངས་ཏེ་འདིར་ལྷའི་མཆོག་གི་གནས་མཐོ་རིས་སུ་ལྷ་ཉིད་བརྒྱད་ཀྱི་དབྱེ
་བ་དག་གི་འགྱུར་ཏེ། ཟད་པར་ས་དང་ཟད་པར་ཆུ་དང་ཟད་པར་མེ་དང། ཟད་པར་རླུང་དང། ཟད་པར་སྟོང་པ་དང། ཟད་པར་ཟླ་བ་དང་ཟད་པར་ཉི་མ་དང་ཟད་པར་སྒྲ་གཅན་ཞེས་བྱ་བ་བསྒོམས་པ་དང་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་སྟོབས་དང་མི་དགེ་བ
་བཅུ་ཡོངས་སུ་སྤངས་པ་སྟེ་ལྷ་ཉིད་བརྒྱད་ཀྱི་དབྱེ་བ་དག་གི་འགྱུར་རོ། །མི་ཉིད་གཅིག་ནི་ཇི་ལྟ་བ་ཁམས་དྲུག་གི་བདག་ཉིད་དོ། །དུད་འགྲོ་དག་ཀྱང་ཆུ་གཏེར་རྣམ་པ་སྟེ་ཁམས་དྲུག་གི་བདག་ཉིད་ཅན་རྣམ་པ་བཞིའོ། །དམྱལ་བར་འགྲོ་བར་དམྱལ་བ་ཉིད་ནི་དེ
་བཞིན་གཅིག་སྟེ་ཁམས་དྲུག་གི་བག་ཆགས་ལས་བྱུང་བ་རྨི་ལམ་དང་མཚུངས་པའོ། །ལྷ་མ་ཡིན་ཉིད་ནི་ལྷའི་ནང་དུ་འདུས་སོ། །ཡི་དགས་ཉིད་ནི་དམྱལ་བའི་ནང་དུ་འདུས་ཏེ། སྡུག་བསྔལ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །སྐྱེ་བ་བརྒྱད་དང་གཅིག
་དང་བཞི་དང་གཅིག་སྟེ་གནས་བཅུ་བཞི་པོ་འདི་རྣམས་སུ་རོའི་འགྲོ་བར་ཞེས་པ་འགྲོ་བ་དྲུག་ཏུ་སྐྱེ་བོ་ཀུན་གཞི་རྣམ་པར་ཤེས་པའི་ཆོས་ཅན་འཁོར་ཏེ། ལས་ཀྱི་ཞགས་པས་ངེས་པར་བཅིངས་པ་དག་སྐྱེ་བ་འབུམ་ཕྲག་དུ་མས་ལས་ཀྱི་ཞག་པ་ལས་གྲོལ
་པ་མིན་ཞིང། ཐར་པ་མཆོག་གི་བདེ་བའི་གོ་འཕང་དུ་འགྲོ་བ་མིན་ནོ། །སེམས་ཅན་གྱི་བསམ་པའི་དབང་གིས་ལྷ་ལ་སོགས་པའི་དབྱེ་བས་ངེས་པའོ། །ད་ནི་ཕུང་པོ་ཞེས་པ་ལ་སོགས་པས་འཆིང་བའི་རྒྱུ་གསུངས་ཏེ། འགྲོ་བ་དྲུག་གི་འཁོར་བ་འདིར་འཚོ་བ་སྟེ། སྲོག་ཀུན
་གཞི་རྣམ་པར་ཤེས་པའི་ཆོས་ཅན་བཅིངས་ཏེ་འཁོར་རོ། །གང་གིས་ཤེ་ན་ཕུང་པོ་སྟེ་འབྱུང་བ་དང། ཁམས་དྲུག་དང། དབང་པོ་དང་རྣམ་གསུམ་སྲིད་པ་འཇིགས་པ་ཡུལ་དྲུག་དང་དེ་ཙམ་དང། ལས་ཀྱི་དབང་པོ་ལྔ་དང་ལས་ཀྱི་སྐྱོན་དགེ་བ་དང་མི་དགེ་བ་དང་ཡོན
་དང་བཅས་པ་ཡིད་དང་བློ་དང་ངར་འཛིན་ལ་སོགས་ཏེ། སོགས་པའི་སྒྲས་སྲོག་གི་ནུས་པའི་རྩ་བའི་རང་བཞིན་ནོ། །འདི་དག་གི་བཅིངས་འཚོ་བ་དག་ནི་རོའི་འགྲོ་བར་འཁོར་ཏེ། ཕྲ་མོའི་དངོས་པོ་དག་གི་སླར་དེ་སླར་ཡང་འཕོ་བའི་དགའ་བས་སོ། །འཆིང་བ་ཕྲ་མོ་དང་རགས
་པའི་དངོས་པོ་སྟེ། སད་པ་དང་རྨི་ལམ་དང་ཤིན་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་དོ། །དངོས་པོ་འདི་དག་གཏད་ན་མི་ཟད་མཆོག་གི་གནས་སུ་རབ་ཏུ་འགྲོ་སྟེ། གང་དུ་སོན་ན་སླར་ཡང་སྐྱེ་ལྡན་འཁོར་བ་པར་འགྱུར་བ་མིན་ནོ། །འཁོར་བའི་བག་ཆགས་ཀྱི་མ་རིག
་པའི་ངེས་པའོ། །ད་ནི་ཡན་ལག་དང་བཅས་ཞེས་པ་ལ་སོགས་པས་འདི་ཡི་གཉེན་པོ་རིག་པ་གསུངས་ཏེ། འཁོར་བ་འདིར་འཇིག་རྟེན་གྱི་ཐ་སྙད་ལ་རིག་པ་གང་ཡིན་པ་དེ་ནི་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་རིག་པ་མ་ཡིན་ནོ། །དང་པོར་ཡན་ལག་དང་བཅས་རིག
་བྱེད་དེ་ཡན་ལག་དྲུག་དང་བཅས་པའོ། །ཡན་ལག་རྣམས་ཀྱང་མདོ་དང། དབྱངས་ཀྱིས་སྙད་པ་དང་ལུང་སྟོན་པ་དང། སྡེབ་སྦྱོར་དང། ངེས་ཚིག་དང། སྐར་རྩིས་ཏེ། འདི་དག་དང་བཅས་པའོ། །ཞེས་པའི་དོན་ཏོ། །དེ་ཡང་དྲན་པའི་གཞུང་དང་བཅས་པ་སྟེ། དྲན་པ་ནི་ཤེད་ཕུལ?
་སོགས་པའི་གཞུང་རྣམས་སོ། །དེ་རྣམས་དང་བཅས་པ་སྟེ་ཡང་དག་པར་ལྡན་པའོ། །རྟོག་གེ་ནི་འཇིག་རྟེན་པའི་དངོས་པོ་རབ་ཏུ་འཇལ་བའི་བསྟན་བཅོས་རྣམས་སོ། །གྲུབ་པའི་མཛའ་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་
་པར་རྟོག་པ་བསྒོམ་པའི་ཆོས་ཅན་ཏེ་དེ་རྣམས་དང་ལྡན་པ་ཞེས་པ་ཁྱད་པར་དུ་བྱས་པའོ། །དེ་བཞིན་དུ་འཇིག་རྟེན་དུ་སྙན་ངག་མཁན་པོ་རྒྱས་པ་མེ་ལ་སོགས་དེ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིག་པ་མིན་ཞེས་པ་སྟེ། རྒྱས
་པའི་སྙན་ངག་བྷ་ར་ཏ་དང། མེའི་སྙན་ངག་བསྒོམས་པའི་ཆོས་དང། སོགས་པའི་སྒྲས་གྲོག་མཁར་གྱི་སྙན་ངག་རཱ་མ་ཡ་ཎ་དང་མཱརྐཎ་ཌ་ཡའི་སྙན་ངག་སྔོན་རབས་ཀྱི་ཆོས་ལ་སོགས་པ་རྣམས་བཟུང་སྟེ། སྙན་དངགས་མཁན་འདི་དག་གིས་བྱས་པ་ནི་རིག་པ
་མ་ཡིན་ནོ། །འོ་ན་རིགས་པ་གང་ཡིན་ཞེ་ན་སྨྲས་པ། རིགས་པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ། དམིགས་པ་མེད་པ་ཟག་པ་མེད་པའི་བདེ་བའི་བདག་ཉིད་ཅན
་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། མེའི་འོད་དང་བསྲེག་པར་བྱེད་པ་གཅིག་ཏུ་འདྲེས་པར་གྱུར་བ་བཞིན་ནོ། །འཇིག་རྟེན་འདི་ནི་འདས་པ་དང་ད་ལྟར་བྱུང་བའི་ཐུབ་པའི་ཆོས་ཀྱི་འཁོར་ལོ་ལ་གནས་པ་རྣམས
་ཀྱི་རབ་ཏུ་གསུངས་པ་ཉིད་དེ། དེའི་རང་བཞིན་ཅི་ཞེ་ན། གསུངས་པ་གང་དུ་འཇིག་རྟེན་གསུམ་པོ་མཛའ་དག་ཅེས་པ་སྟེ། བདེ་བའི་སྐད་ཅིག་གང་ལས་སྐྱེས་པའི་དུས་སུ་འཇིག་རྟེན་གསུམ་པོ་མཛའ་དག་ཏུ་འགྱུར་བའོ། །སླར་ཡང་གང་དུ་ཐིམ་པ་སྟེ། འཆི་བའི་དུས་སུ
་སྐད་ཅིག་གང་ལ་དངོས་པོའི་ཚོགས་པ་ཐིམ་པའོ། །འགྱུར་བའི་སྐད་ཅིག་ལ་སྐད་ཅིག་དེ་ཉིད་ཟག་པ་མེད་པའི་བདེ་བ་འགྱུར་བ་མེད་པ་བརྗོད་དེ། གང་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་སངས་རྒྱས་འབྱུང་བ་དང། གང་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན
་པོའོ། །ཀྱེ་མིའི་བདག་པོ་ཞེས་པ་སྟེ་རིག་པའི་ངེས་པའོ། །ད་ནི་རྣལ་འབྱོར་ཞེས་པ་ལ་སོགས་པས་སྔོན་གྱི་རྣལ་འབྱོར་གོམས་པའི་སྟོབས་གསུངས་ཏེ། མིའི་འཇིག་རྟེན་འདིར་གལ་ཏེ་རྣལ་འབྱོར་པ་རིག་པའི་རྣལ་འབྱོར་གོམས་པར་བྱེད་པ་དག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ
་པའི་ཡིད་ཀྱི་རེས་འགའ་ཤི་བར་གྱུར་པ་ན། དཔལ་ལྡན་མིའི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རིགས་སུ་རྣལ་འབྱོར་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ། རྣམ་པར་དག་པའི་དེ་ཁོ་ན་ཉིད་དང་རྣམ་པར་དག་པའི་སེམས་སོ། །
་དེ་དང་ལྡན་པའི་ཕྱིར་རྣལ་འབྱོར་དང་ལྡན་པ་སྟེ་རྣལ་འབྱོར་ཡོངས་སུ་རྫོགས་པ་ནི་མ་ཡིན་ནོ། །སླར་ཡང་སྔོན་གྱི་གནས་པ་དེ་ཡིས། ཀུན་ཏུ་འཛིན་པར་འགྱུར་ཏེ། ཐོབ་པར་འགྱུར་རོ། །ཡེ་ཤེས་རྣལ་འབྱོར་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ། ཡངས་པ་ཞེས་པ་ནི
་ཉི་ཚེ་བ་མ་ཡིན་པ་སྟེ། རྣམ་པ་ཐམས་ཅད་པའོ་ཞེས་དགོངས་པའོ། །ཡེ་ཤེས་ཐོབ་སྟེ་ཡོངས་སུ་རྫོགས་ན་མི་ཟད་མཆོག་གི་གནས་སུ་རབ་འགྲོ་ཞེས་པ་ལ། གང་ལ་ཟད་པ་མེད་པ་ནི་མི་ཟད་མཆོག་གི་གནས་སོ་ཞེས་རྣམ་པར་སྦྱར་རོ། །དེ་ལྟར་གྱུར་པ་ཞེ་ན་གསུངས
་པ་གང་དུ་སླར་ཡང་སྐྱེ་བ་ལྡན་པ་སྟེ་འབྱུང་བ་དང་ལྡན་པ་མིན་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཆོག་གི་གནས་སོ། །ད་ནི་ཡེ་ཤེས་ཤེས་པ་ལ་སོགས་པས་སངས་རྒྱས་པ་རྣམས་དང་ལྷ་མིན་རྣམས་དང་ཀླ་ཀློ་རྣམས་ཀྱི་ཡེ་ཤེས་སྐྱེ་བའི་དུས་གསུངས་ཏེ། འདིར་དེས
་པར་རྣལ་འབྱོར་གོམས་པ་རྣམ་པ་གསུམ་སྟེ། སངས་རྒྱས་པའི་དང། ལྷ་མིན་གྱི་དང། འབྱུང་པོའིའོ། །དེ་ལ་སངས་རྒྱས་པའི་རྣལ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་དོ། །ལྷ་མིན་གྱིས་ནི་བརྟགས་པའི་ཆོས་སོ། །འབྱུང་པོ་ཡི་ནི་རྣམ་པ་གཉིས་ཏེ། རྟག་པའི
་ངོ་བོ་དང། ཚད་པའི་ངོ་བོའོ། །དེ་བཞིན་དུ་རྣལ་འབྱོར་དེ་གོམས་པ་ལ་དགའ་བ་ཉིད་ལས། དེ་ཉིད་གང་ལ་ཡོད་པའི་རྣལ་འབྱོར་པ་རྣམ་པ་གསུམ་མོ། །དེ་རྣམས་ལས་ཉིན་མོའི་ཆ་ལ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སྐྱེའོ། །མཚན་མོའི་ཆ་ལ་ལྷ
་མིན་གྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ཐུན་མཚམས་བཞི་སྤངས་པའི་དུས་སུ་འབྱུང་པོའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སྐྱེའོ། །འདིར་དུས་ཀྱི་ཆ་ནི། ཡེ་ཤེས་སྐྱེ་སྟེ། རྒྱལ་བ་རྣམས་ཀྱི་ཉི་མ་ཉིན་མོའི་དུས་སུ་མཚན་མོ་ཕྱེད་དང་མཚན་མོའི་མཐར་ལྷ་མིན་རྣམས་ཀྱི་ཟླ
་པ་མཚན་མོའི་དུས་སུ་ཉི་མ་ཕྱེད་དང་ཉིན་མོ་དག་གི་མཇུག་ཏུའོ། །འབྱུང་པོ་རྣམས་ཀྱི་ཡང་མ་བརྗོད་པ་ཉིད་ལས་ཐུན་མཚམས་ལངས་པའི་དུས་སུའོ། །འདིར་མཚན་མོ་ཕྱེད་དམ་སྔ་དྲོའི་ཐུན་མཚམས་ལ་སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས
་ལྷག་པར་གནས་པར་འགྱུར་རོ། །ཉི་མ་ཕྱེད་དམ་ནུབ་པར་གྱུར་པའི་ཐུན་མཚམས་ལ་ལྷ་མིན་རྣམས་ཀྱི་ཡེ་ཤེས་ལྷག་པར་གནས་པར་འགྱུར་རོ། །གཞན་ཐུན་བཞིའི་ཐུན་མཚམས་ལ་འབྱུང་པོ་རྣམས་ཀྱི་སྟེ། ཉིན་མོའི་ཆ་ལ་རྟག་པའི་ཡེ་ཤེས་ལྷག་པར
་གནས་ཤིང་མཚན་མོའི་ཆ་ལ་ཆད་པའི་ཡེ་ཤེས་ལྷག་པར་གནས་སོ། །སངས་རྒྱས་པ་དང་ལྷ་མིན་འདི་དག་གི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་ཡང་དག་ཡེ་ཤེས་སུ་འགྱུར་རོ། །དེའི་ཆོས་དང་འགལ་བ་རྣམས་ཉམས་ནི་ལྷ་མིན་རྣམས་ཀྱིར་འགྱུར་རོ།།
་ཡང་དག་ཡེ་ཤེས་ནི་ཉིན་མོའི་སྣང་བ་བཞིན་དུ་ཐམས་ཅད་མཐོང་བའོ། །རྣམ་ཉམས་ཡེ་ཤེས་ནི་མཚན་མོའི་སྣང་བ་བཞིན་དུ་སེམས་ཅན་རྣམས་ཀྱི་འཆི་བ་དང་འཚོ་བ་ཅུང་ཟད་མཐོང་བའོ། །ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་གསུངས་པ། ཆོས་སྟོན་པ་ལས
་སོ་ཞེས་པ་སྟེ་འདིར་ཡང་དག་ཡེ་ཤེས་རྣམས་ཉམས་དག་ལ་ཚིགས་ནི་ལེགས་སྦྱར་ཐ་མལ་དག་དུ་རབ་ཏུ་འགྱུར་བ་སྟེ། ཞེས་པ་ནི་ཡང་དག་ཡེ་ཤེས་སྐྱེས་པ་རྣམས་ཀྱི་ལེགས་པར་སྦྱར་བའི་དག་སྒྲ་ཐམས་ཅད་ཀྱི་བདག་ཉིད་དོ། །རྣམ་ཉམས་ཡེ་ཤེས་སྐྱེས
་པ་རྣམས་ཀྱི་ཐ་མལ་གྱི་དག་ཏུ་འགྱུར་ཏེ། སྟོན་པར་བྱེད་པ་པོ་རྣམས་ཀྱི་ཡུལ་གཅིག་གི་སྐད་ཀྱི་ཁྱད་པར་གྱིས་སོ། །སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བདག་ཉིད་ཅན་ཞི་བའི་ལས་སྟོན་པར་བྱེད་པ་པོའོ། །ལྷ་མིན་རྣམས
་ཀྱི་ཡེ་ཤེས་ནི་ཤ་བཟའ་བའི་སླད་དུ་དུད་འགྲོ་སེམས་ཅན་ལ་གནོད་པ་བྱེད་པ་དྲག་པོའི་ལས་སྟོན་པར་བྱེད་པ་པོའོ། །སྲིད་པ་གསུམ་གྱི་གནས་སུ་སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་ནི་སྐྱེས་བུ་ཉིད་ཀྱི་ལས་སྟོན་པར་བྱེད་དོ། །ལྷ་མིན་རྣམས་ཀྱི་ཡེ་ཤེས་ནི་ས་ལ
་ཐ་མལ་གྱི་ལས་སྟོན་པར་བྱེད་དོ། །འབྱུང་པོ་རྣམས་ཀྱི་ནི་ས་ལ་རྣམ་པར་འདྲེས་པའི་ལས་སྟོན་པར་བྱེད་དོ། །ཡེ་ཤེས་སྟོན་པར་བྱེད་པའི་ངེས་པའོ། །དེ་ནི་ཉི་མ་གུང་ཞེས་པ་ལ་སོགས་པས་སངས་རྒྱས་པ་དང་ལྷ་མིན་དག་གི་ཟ་བའི་དུས་གསུངས་ཏེ། འདིར་ཉིན
་ཞག་སོ་སོ་ལ་ཉི་མ་གུང་ནས་བརྩམས་ནས་མཚན་མོ་ཕྱེད་ཀྱི་བར་དུ་ཉིན་མོའི་དུས་སོ། །མཚན་མོ་ཕྱེད་ནས་བརྩམས་ནས་ཉི་མ་གུང་གི་མཐར་ཐུག་པ་ནི་མཚན་མོའི་དུས་སོ། །ཉིན་མོ་དང་མཚན་མོའི་དུས་དེ་ལ་རང་རང་གི་དུས་ཀྱི་ཕྱེད་ཕྱི
་མ་ནི་གྲངས་བཞིན་དུ་སངས་རྒྱས་པ་དང་ཀླ་ཀློ་དེ་དག་གི་དཀའ་ཐུབ་པ་རྣམས་ཀྱི་ཟ་བའི་དུས་ཏེ། ཁྱིམ་པ་རྣམས་ཀྱི་མ་ཡིན་ནོ། །ཞེས་པ་སྟེ་ངེས་པའོ། །སངས་རྒྱས་པ་དང་ལྷ་མིན་དག་གི་བཟའ་བ་དང་བཏུང་བ་ཡང་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་ཟན
་ཁྱད་པར་དུ་འཕགས་པ་སྟེ། ཀླ་ཀློ་རྣམས་ཀྱི་བ་གླང་གི་ཤ་དང་བཅས་པའོ། །བཏུང་བ་ནི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་རྣམ་མང་བཅུད་སྟེར་ཞིམ་པ་སྟེ། ཀླ་ཀློ་རྣམས་ཀྱི་བཏུང་བ་ནི་བྱ་གག་ལ་སོགས་པའི་སྒོ་ངའི་ཁུ་བའོ། །བཏུང་བ་ནི་གྲངས་བཞིན
་དུ་སངས་རྒྱས་པ་རྣམས་ཀྱི་གོས་དམར་པོ་སྟེ། ཀླ་ཀློ་རྣམས་ཀྱི་ནི་དཀར་པོའོ། །དཀའ་ཐུབ་པ་རྣམས་ཀྱི་སྟེ། ཁྱིམ་པ་རྣམས་ཀྱི་ནི་དེས་པ་མེད་དོ། །དེ་བཞིན་དུ་ཤི་བའི་མཐར་གནས་ནི་གྲངས་བཞིན་དུ་ཉི་མ་ཟླ་བའི་བགྲོད་པ་བཞིན་དུ་ཞེས་པ་སྟོ། ཉི་མ་སྟེང་དུ
་བགྲོད་ཅིང་ཟླ་བ་འོག་ཏུ་བགྲོད་དོ། །དེ་དག་གི་བགྲོད་པ་བཞིན་དུ་མཐོ་རིས་ཀྱི་གནས་ཉི་མའི་བགྲོད་པ་ནི་སངས་རྒྱས་རྣམས་ཀྱི་སྟེ། ཟླ་བའི་བགྲོད་པ་བཞིན་དུ་ས་ཐོག་གི་གནས་ནི་ལྷ་མིན་རྣམས་ཀྱིའོ། །དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས་བཅོམ
་ལྡན་འདས་ཀྱིས་གསུངས་པ། ལུས་ཅན་ཐམས་ཅད་ཤི་བ་ན། །ཟླ་བ་བདུད་རྩིའི་འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་དངོས་པོའི་མཚན་ཉིད་དོ། །དེ་བཞིན་དུ་ཆོས་ནི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་འཚེ་བ་མེད་པའོ། །ཀླ་ཀློ་རྣམས
་ཀྱི་ནི་འཚེ་བ་སྟེ་ཡང་ཡིག་ལས་འབྱུང་པོ་རྣམས་ཀྱིའོ། །བླ་མའི་ངེས་པའི་དབང་གིས་བསྒོམ་པའི་དུས་དང་འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ལ་རྡོ་རྗེའི་གདན་སྔགས་ཤིང་ཀླ་ཀློ་རྣམས་ལ་ལྷ་མིན
་གྱོ་གདན་སྔགས་སོ། །ཡང་ཡིག་ལས་གཞན་ནི་ཐུན་མོང་བ་སྟེ། དེ་ནི་མི་སྒྲུབ་ཅིང་མི་འགོག་གོ་།འདིར་ལྷ་མིན་གྱི་གདན་ནི་སའི་ངོས་ལ་པུས་མོ་གཡོན་གྱི་སྟེང་དུ་པུས་མོ་གཡས་བརྐྱང་ཞིང་རྐང་པ་གཡོན་གྱི་སྟེང་དུ་རྐང་པ་གཡས་པའོ། །ཡང་ཡིག་ལས
་འོག་ཏུ་སྟེ། རྐང་པ་གཡས་ཀྱི་སྟེང་དུའོ། །རྐང་པའི་མཐིལ་དུ་ཡང་ཡང་ཡིག་ལས་རྒྱབ་ཏུ་དབྱི་བཞག་པའོ། །རྡོ་རྗེའི་གདན་ལ་སོགས་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སངས་རྒྱས་པ་དང་ལྷ་མིན་གྱི་བྱ་བ་ངེས་པའོ། །འབྱུང་པོ་རྣམས་ཀྱི
་ལས་འདྲེན་མར་སྔར་གསུངས་པ་དེ་ཡང་ཚིགས་སུ་བཅད་པས་གསལ་བར་གསུངས་པ། འདི་ལྟ་སྟེ། འབྱུང་པོ་རྣམས་ཀྱི་ལས་ནི་འདྲེན་མར་རབ་ཏུ་འགྱུར་ཏེ། ཚིགས་ཀྱང་འདྲེས་པ་ཤ་ཟ་དག་གིའོ། །ཆོས་ནི་འཚེ་མང་འཚེ་ལྡན་བླ་མའི་ངེས་པའི་དབང
་གིས་སྲོག་གཅོད་ལ་སོགས་སྐྱོན་དག་ལ། མཆོད་སྦྱིན་ལ་སོགས་དོན་དུ་རབ་ཏུ་འཇུག་སོགས་པའི་སྒྲས་གཡུལ་གྱི་དོན་དུ་འཚེ་བ་ལ་རབ་ཏུ་འཇུག་གོ་།དཀའ་ཐུབ་ཀྱི་འབྲས་བུའི་དོན་དུ་ལྡོག་པ་སྟེ། མི་འཚེ་བ་ལ་རབ་ཏུ་འཇུག་པར་འགྱུར་ཏེ། མིའི་བདག
་པོ་རེས་འགའ་དག་ནི་ལྡོག་པ་འམ་ཞེས་སོ། །བཟའ་བ་བཏུང་བ་དག་ཀྱང་འདྲེས་པ་ཉི་ཟླའི་བགྲོད་པ་དག་ལས་ལམ་ནི་འདྲེན་མ་གཞན་དུའོ། །ཞེས་པ་འབྱུང་པོ་རྣམས་ཀྱི་ལམ་ནི་ཐམས་ཅད་ཀུན་ཏུ་འདྲེས་པར་རིག་པར་བྱའོ། །འབྱུང་པོ་རྣམས་ཀྱི་བྱ་བའི་ངེས
་པའོ། །ད་ནི་འོད་ཟེར་ཞེས་པ་ལ་སོགས་པས་ལམ་བརྗོད་པར་འདོད་པ་གསུངས་ཏེ། འདིར་ལམ་ནི་རྣམ་པ་གསུམ། འོད་ཟེར་གྱི་ལམ་དང། དུ་བའི་ལམ་དང། རྣམ་པར་འདྲེས་པའི་ལམ་མོ། །འདི་དག་ལས་འོད་ཟེར་ལམ་ནི་ཉི་མའི་སྣང་བ་དཀར་པོ
་ཉིན་མོ་བགྲོད་པ་བྱེད་སྟེ། ཉིན་མོ་འཕེལ་བའི་མཚན་ཉིད་དང་ལོ་ཕྱེད་ནི་ཕྱི་རོལ་ཏུ་སྟེ། ནང་དུ་ཆུ་སྲིན་ལ་སོགས་པ་དུས་སྦྱོར་དྲུག་གི་བདག་ཉིད་ཅན་ཏེ། ཤར་བ་ནས་ནུབ་པ་ཞེས་པའི་མིང་ཅན་ནོ། །དུ་བའི་ལམ་ནི་ཟླ་བའི་སྣང་བ་མཚན་མོ་དག་དང་དཀར་མིན
་བགྲོད་པ་འདི་ནི་ལྟོ་སྟེ། དུ་བའི་ལམ་དག་ལ་ཀར་ཀ་ཊ་ལ་སོགས་པ་ལྷོར་བགྲོད་པའི་ཟླ་བ་དྲུག་སྟེ། གང་དུ་མཚན་མོ་འཕེལ་བ་དེ་ལྷོར་བགྲོད་པའོ། །ནུབ་པར་གྱུར་པ་ནས་ཤར་བའི་བར་ནི་ངེས་པའོ། །འདིར་འོད་ཟེར་ལྷ་རྣམས་མཐོ་རིས་སུ་སྟེ་མཐོ་རིས་སུ་འགྲོ་བའི
་ལམ་མོ། །དཀར་མོན་བགྲོད་པ་ལྷ་མིན་རྣམས་ཀྱི་ཀླུའི་འཇིག་རྟེན་དུ་འགྲོ་བའི་དུ་བའི་ལམ་མོ། །ཀུན་དུ་འགྲེས་པ་ཉིན་མོ་དང་མཚན་མོའི་ཆོས་ཅན་ནི་མིའི་འཇིག་རྟེན་འགྲོ་བ་ལ་སྟེ། ཡི་དགས་དང་དུད་འགྲོ་དང་མི་རྣམས་སྐྱེད་པ་ལ་རབ་ཏུ་གསལ་བར་བྱས་སོ། །
་ཞེས་པ་ནི་ལམ་གྱིས་ངེས་པ་སྟེ། སྐྱེ་པ་སྔ་མའི་བག་ཆགས་ཀྱི་སྐྱེད་པའི་སྙིང་སྟོབས་དང་མུན་བ་དང་རྡུལ་གྱི་ཡོན་ཏན་གྱི་རང་བཞིན་གྱིས་སོ། །ད་ནི་གང་ཞིག་གང་གི་དབུས་སུ་ཞེས་པ་ལ་སོགས་པ་སངས་རྒྱས་པའི་ཉན་ཐོས་དང་ལྷ་མིན་དང་འབྱུང་པོའི་ལས་ལ
་དགའ་བའི་སེམས་ཅན་རྣམས་ཀྱི་བག་ཆགས་འཛིན་པ་གསུངས་ཏེ། འཁོར་བ་འདིར་སྐྱེ་བའི་ལས་ཀྱི་བག་ཆགས་ཀྱི་སྟོབས་ཀྱི་ལྷ་དང་ལྷ་མིན་དང་འབྱུང་པོའི་བྱ་བ་ལ་རྗེས་སུ་ཆགས་པ་གང་ཞིག་གང་གི་དབུས་སུ་རབ་ཏུ་ཞུགས་པར་གྱུར་ཏེ། རྟུལ་ཞུགས་ངེས་པ་ལ
་དགའ་ལས་ཀྱི་ཞགས་པས་ངེས་བཅིངས་པ། ཞེས་པ་ཆོས་དེའི་བྱ་བ་རྣམས་ཀྱིས་བཅིངས་པའོ། །དེའི་དབུས་སུ་རང་རང་བསམ་པས་མི་བདག་ནི་བོད་པ་སྟེ། དེའི་རིགས་དེ་ལྷ་དང་ལྷ་མིན་དང་འབྱུང་པོའི་རིགས་སུ་འཛིན་པ་དག་གི་ཤེས་པ་དག་ནི་དེའི་དངོས་པོའི
་འཛིན་པ་སྟེ། དེ་ཡིས་ལྷ་དང་ལྷ་མིན་དང་འབྱུང་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །སྙིང་སྟོབས་དང་མུན་པ་དང་རྡུལ་གྱི་ངར་འཛིན་གྱིས་ཏེ། སྔར་བརྗོད་པའི་ཆོ་གས་སོ། །ཇི་སྲིད་སེམས་ཀྱི་རང་བཞིན་དག་ནི་རྣམ་གསུམ་སྲིད་པའི་དབང་གིས་ཤེས་པ་ནི།
་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་བག་ཆགས་ཀྱི་དབང་གིས་ཏེ། ཚོར་བ་བདེ་དང་སྡུག་བསྔལ་འཁོར་བ་བར་གྱུར་པ། དེ་སྲིད་དུ་འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་དུ་སེམས་ཀྱང་འཁྱམ་སྟེ་མིའི་བདག་པོ
་མཐོ་རིས་མི་ཡུལ་དག་དང་འོག་ཏུ་ཡང་ཞེས་པ་ལྷ་དང་མི་དང་དམྱལ་བ་ལ་སོགས་པ་འགྲོ་བ་དྲུག་པོ་རྣམས་སུ་ཀུན་གཞི་རྣམ་པར་ཤེས་པ་འཁྱམ་མོ། ཞེས་པ་སྟེ། བག་ཆགས་འཛིན་པའི་ངེས་པའོ། །དེའི་ཕྱིར་བག་ཆགས་རྣམ་པ་གསུམ་ལས་འདས
་པ་ན། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམས་སར་གནས། །ཡེ་ཤེས་ཀྱི་སྐུ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་ལྷ་མ་ཡིན་དང། ཀླུ་ལ་སོགས་པ་རྣམས་ཀྱི་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་དུས་ཀྱི་འཁོར
་ལོའོ་ཞེས་པ་ནི་བག་ཆགས་སྤངས་པའི་ངེས་པའོ། །ད་ནི་ཀ་སོགས་ཞེས་པ་ལ་སོགས་པས་མངལ་དུ་གསལ་བྱེད་དང་དབྱངས་སྐྱེ་བར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་འཆི་བའི་མཚན་ཉིད་གསུངས་ཏེ། འདིར་མངལ་འཛིན་པའི་དུས་སུ་རྡུལ་ནི་གསལ་བྱེད་སུམ
་ཅུའི་བདག་ཉིད་དང་ཁུ་བ་ནི་དབྱངས་སུམ་ཅུའི་བདག་ཉིད་དེ། འདི་དག་ཀུན་གཞི་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་ནི་ཡང་དག་པར་སྦྱོར་རོ། །འདིར་མངལ་དུ་སྐྱེ་བའི་ཕྱོགས་དང་པོ་ལ་ཀ་ཡིག་ལ་སོགས་པའི་གསལ་བྱེད་སུམ་ཅུ་པོ་རྣམས
་དབྱངས་ཐུང་ངུས་བྱིན་གྱིས་བརླབས་པ་དང། ཕྱོགས་ཕྱི་མ་ལ་དབྱངས་རིང་པོས་བྱིན་གྱིས་བརླབས་པ་སྟེ། གསལ་བྱེད་ཀྱི་ཕྱོགས་གཉིས་པོ་འདི་ནི་འཆི་བ་ལས་རབ་ཏུ་གསལ་བར་འགྱུར་རོ། །དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཁུ་བའི་ནམ་མཁའ་ཨི་ཁམས་རྡུལ
་རབ་ཏུ་འཇུག་སྟེ། ནག་པོའི་ཕྱོགས་ལ་སའི་ཁམས་རབ་ཏུ་འཇུག་གོ་།དེ་བཞིན་དུ་འབྱུང་བ་དང་མི་འབྱུང་བ་དག་ལ་རྡུལ་གྱིས་དང་ནམ་མཁའ་ཨི་ཁམས་དག་ཁུ་བའི་ཁམས་ལ་རབ་ཏུ་འཇུག་གོ་།དེ་བཞིན་དུ་ཟླ་བ་གཉིས་པའི་ཕྱོགས་དང་པོ་ལ་ཨེ་ཡིག་གིས
་བྱིན་གྱིས་བརླབས་པའི་གསལ་བྱེད་རྣམས་ཏེ་རྡུལ་ལ་རླུང་གི་ཁམས་རབ་ཏུ་འཇུག་གོ་།ཕྱོགས་ཕྱི་མ་ལ་ཨུ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་ཏེ། ཆུའི་ཁམས་འཇུག་གོ་།གསུམ་པའི་ཕྱོགས་དང་པོ་ལ་མེའི་ཁམས་འཇུག་པའི་སླད་དུ་རཱི་ཡིག་གི་བྱིན
་གྱིས་བརླབས་པ་རྣམས་སོ། །ཕྱོགས་ཕྱི་མ་ལ་མེའི་ཁམས་འཇུག་པའི་སླད་དུ་རཱི་ཡིག་གི་བྱིན་གྱིས་བརླབས་པ་རྣམས་སོ། །ཟླ་བ་བཞི་པའི་ཕྱོགས་དང་པོ་ལ་ཆུའི་ཁམས་འཇུག་པའི་སླད་དུ་ཨུ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །ཕྱོགས་ཕྱི་མ
་ལ་རླུང་གི་ཁམས་འཇུག་པའི་སླད་དུ་ཨི་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །ཟླ་བ་ལྔ་པའི་ཕྱོགས་དང་པོ་ལ་སའི་ཁམས་འཇུག་པའི་སླད་དུ་ལི་ཡིག་གི་བྱིན་གྱིས་བརླབས་པ་རྣམས་སོ། །ཕྱོགས་ཕྱི་མ་ལ་ནམ་མཁའ་ཨི་ཁམས་འཇུག་པའི་སླད་དུ་ཨཱ་ཡིག
་རིང་པས་བྱིན་གྱིས་བརླབས་པ་རྣམས་ཏེ། སྐྱེད་པ་དང་སྡུད་པའི་དབྱེ་བས་ནམ་མཁའ་ལ་སོགས་པ་དང་ས་ལ་སོགས་པ་ཁུ་བ་དང་རྡུལ་དག་ཕན་ཚུན་དུ་འཇུག་གོ་།དེ་ནས་དབང་པོ་དང་ལས་ཀྱི་དབང་པོ་བྱིན་གྱིས་བརླབ་པའི་དོན་དུ་ཡོན་ཏན་དང་འཕེལ་བ་དང་ཧལ
་སོགས་པ་ཐུང་ངུ་དང་རིང་པོ་རྣམས་གསལ་བྱེད་རྣམས་ལ་འཇུག་པར་བྱེད་དེ། ཟླ་བ་དྲུག་པའི་ཕྱོགས་དང་པོའི་ཕྱེད་ལ་ཨ། ཕྱོགས་དང་དང་པོའི་ཕྱེད་ཕྱི་མ་ལ་ཧ། ཕྱོགས་ཕྱི་མའི་ཕྱེད་ལ་ཨལ། ཕྱོགས་ཕྱི་མའི་ཕྱེད་ཕྱི་མ་ལ་ལཱ། དེ་བཞིན་དུ་བདུན་པ་ལ
་ཨེ་ཡ་ཨཽ་ཝཱ། བརྒྱད་པ་ལ་ཨར་ར་ཨར་རཱ། དགུ་པ་ལ་ཨོ་ཝ་ཨི་ཡཱ། བཅུ་པ་ལ་ཨལ་ལ་ཨཱཧཱ། ཞེས་པ་གསལ་བྱེད་སུམ་ཅུ་པོ་རྣམས་ལ་འཇུག་གོ་།མངལ་གྱི་ཟླ་བའི་རྗེས་ལ་ཟླ་བ་བཅུ་གཉིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགྲུབ
་བོ། །ཁུ་བ་དང་རྡུལ་ཡང་དག་པར་སྦྱོར་བས་ཕུང་པོ་དང་ཁམས་དང་སྐྱེད་མཆེད་ལ་སོགས་པ་རྣམས་སྤོ་སྟེ་སྐྱེད་པ་དང་སྡུད་པའི་རིམ་པས་སོ། །དེ་བཞིན་དུ་ཟླ་བ་བཅུ་གཅིག་པ་ལ་ཐིག་ལེས་བྱིན་གྱིས་བརླབས་པ་སུམ་ཅུ་དང། ཟླ་བ་བཅུ་གཉིས་པ་ལ་རྣམ་པར་བཅད
་བས་བྱིན་གྱིས་བརླབས་པ་རྣམས་སུ་འགྱུར་རོ། །དེ་ནས་ཟླ་བའི་ཁམས་ཁུ་བའི་ཁམས་ཀྱི་རྩ་དང་རྐང་དང་རུས་པ་རྣམས་བསྐྱེད་པ་ཡོངས་སུ་ཆད་དེ། ཤེས་རབ་ཀྱི་ལོ་བཅུ་གཉིས་དང་ཐབས་ཀྱི་ལོ་བཅུ་དྲུག་ལ་ཉི་མ་རྡུལ་འཕེལ་བ་བྱེད་དོ།།
་དེ་ནས་ཡེ་ཤེས་ཀྱི་ཁམས་སྨིན་ཏེ། ཤེས་རབ་ཀྱི་རྡུལ་སྨིན་ཅིང་ཐབས་ཀྱི་ཁུ་བ་སྨིན་ནོ། །དེ་ནས་སྔ་མ་བཞིན་དུ་ཤེས་རབ་ཀྱི་གཞན་ལོ་བཅུ་གཉིས་དང་ཐབས་ཀྱི་གཞན་ལོ་བཅུ་དྲུག་ཏུ་སའི་ཁམས་སྨིན་ནོ། །མཚམས་འདི་ནས་སྙིང་སྟོབས་ཀྱི་ཆ་དབུ་མར
་འགྱུར་རོ། །སླར་ཡང་ཤེས་རབ་ཀྱི་གཞན་ལོ་བཅོ་བརྒྱད་དུ་ཆུའི་ཁམས་སྨིན་ཏེ། ཐབས་ཀྱི་བྱེད་དང་བཅས་པའི་ཉིན་ཞག་ཉི་ཤུ་རྩ་གཉིས་དང། ཟླ་བ་གཅིག་ལྷག་པའི་ལོ་བཅུ་དྲུག་ཏུ་སྔ་མ་བཞིན་དུ་ཆུའི་ཁམས་སྨིན་ནོ། །ཤེས་རབ་ཀྱི་མེ་སྨིན
་པ་ནི་སྔ་མ་བཞིན་ཏེ། ཐབས་ཀྱི་ཡང་སྔ་མ་བཞིན་ནོ། །དེ་བཞིན་དུ་རླུང་གི་ཁམས་སྨིན་པ་དང་ནམ་མཁའ་ཨི་ཁམས་སྨིན་པ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ལོ་དགུ་བཅུ་རྩ་དྲུག་དང་ཕྱེད་དང་བཅས་པའི་ཟླ་བ་བཅུས་ཁམས་ཐམས་ཅད
་སྨིན་ནོ། །དེ་ནས་དབུ་མའི་རྩ་ལོ་དང་ཕྱོགས་དང་ཉིན་ཞག་གི་ཚད་གསལ་བྱེད་སུམ་ཅུའི་ཚད་དེ་ཉིན་ཞག་གི་ཚོགས་ལྔ་བཅུ་རྩ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིས་དུས་རབ་ཏུ་རྒྱུ་སྟེ་ཟ་བར་བྱེད་དོ། །ཀ་སོགས་སྡེ་རྣམས་དབྱངས་དང་བཅས་པ་སྔར
་བརྗོད་པ་དག་ཀྱང་ཡོན་ཏན་གྱིས་བསྒྱུར་ཉིན་ཞག་སྟོང་བརྒྱད་ཅུར་གྱུར་པ་དང་གང་ཡང་ཕྱོགས་གསུམ་དག་གི་དབྱངས་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་བཞི་བཅུ་རྩ་ལྔ་དང་ངེས་པར་སུམ་ཅུའི་གསལ་བྱེད་དེ་དག་རྣམས་ལ་རྣམ་གསུམ་བགྲོད་པའི
་དབང་གིས་ཤེས་པ་གཡོན་དང་གཡས་དང་དབུ་མའི་བགྲོད་པའི་དབང་གི་འཆི་བ་རྒྱུའོ། །དེ་བཞིན་དུ་བཀྲ་ཤིས་ལ་སོགས་པ་གཟའ་ལྔའི་རྐང་པ་སུམ་ཅུ་རྩ་བཞིའི་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་སྔར་བརྗོད་པ་རྣམས་དང་ཉི་མ་རི་བོང་ཅན་གྱི་རྐང་པ
་རོ་དང་དུས་དང་རི་བོང་ཅན་ཏེ། རྐང་པ་བཅུ་གཅིག་གི་བདག་ཉིད་དང། སྒྲ་གཅན་མཇུག་རིངས་རྐང་པ་སྟེ། སྒྲ་གཅན་གྱི་རྐང་པ་ནི་ཕྱེད་དང་བཅས་པའི་བདུན་གྱི་བདག་ཉིད་དེ་ཟླ་བ་ཡོངས་སུ་བཅད་པའི་བདག་ཉིད་དོ། །མཇུག་རིངས་འཆར་བའི་རྐང་པ་ནི་ཉིན་ཞག་སོ
་སོར་ཆུ་ཚོད་གཉིས་ཀྱི་བདག་ཉིད་དོ། །རྐང་པ་ཆུ་ཚོད་ཀྱི་བདག་ཉིད་འདི་དག་ནི་ལོ་གསུམ་དང་ཕྱོགས་གསུམ་དང། གསལ་བྱེད་སུམ་ཅུའི་ཉིན་ཞག་གི་གྲངས་ཏེ་དེ་དག་ཉིད་ལ་འཆི་བ་རྒྱུའོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་ལོ་དང་ཕྱོགས་ཀྱང་ཡོན་ཏན་གྱིས
་བསྒྱུར་ཟླ་བ་ཉི་མ་མེ་ཡིས་ཕྱེ་བའོ། ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པས་ཕྱེ་བ་སྟེ། ལོ་དགུ་བཅུ་རྩ་དྲུག་དང་གཞན་ཕྱེད་དང་བཅས་པའི་ཟླ་བ་བཅུའི་ཕྱོགས་རྣམས་སོ། །གཡོན་དང་གཡས་ཀྱི་རྩའི་ཕྱོགས་ལོ་བརྒྱའི་ཕྱོགས་རྣམས་ཀྱི་ནང་ནས་ལོ
་གསུམ་གྱི་ནི་ཕྱོགས་རྣམས་དག་སྟེ་བདུན་ཅུ་རྩ་གཉིས་དང་རི་བོང་ཅན་གྱི་ཡོན་ཏན་ཏེ་ཕྱོགས་གསུམ་དང་དུས་ཀྱི་མེའི་ཕྱོགས་གཉིས་དག་སྟེ། དེ་ལྟར་ཕྱོགས་བདུན་ཅུ་རྩ་བདུན་ལོ་བརྒྱ་ལས་ནི་སྟེ། ལོ་བརྒྱའི་ཕྱོགས་གྱི་ཕུང་པོ་བརྒྱ་ཕྲག་ཉི་ཤུ་རྩ
་བཞིའི་གྲངས་ལས་དམན་པར་གྱུར་པའོ། །ལྷག་མའི་ཕྱོགས་ནི་ཉི་ཟླ་དག་གི་སྟེ་གཡས་དང་གཡོན་གྱིའོ། །འཇིག་རྟེན་མིག་དང་མེ་མིག་གྲངས་ཞེས་པ་ཉི་ཤུ་རྩ་གསུམ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་གསུམ་མོ། དེ་བཞིན་དུ་ཉིན་མཚན་དུས་རྣམས་གཙོ
་བོ་དག་གི་དམན་པ་མཛའ་དག་སྟེ། ལོ་བརྒྱའི་སྟོང་ཕྲག་སུམ་ཅུ་རྩ་དྲུག་གོ་།གཙོ་བོས་དམན་པ་ནི་ལོ་གསུམ་དང་ཕྱོགས་གསུམ་དང་གསལ་བྱེད་ཀྱི་ཟླ་བས་དམན་པའོ། །གཡོན་དང་གཡས་ལ་འཆི་བས་ཟོས་པའོ། །གསལ་བྱེད་ལ་སོགས་སྡེ་པ་དབྱངས
་རྣམས་དག་ནི་ཉི་མ་ཟླ་བའི་བགྲོད་པའི་དབང་གི་འཆི་བས་ཟོས་ཏེ། འཆི་ལྟས་ནས་བརྩམས་ནས་དབུ་མའི་དུས་སུ་ཟོས་སོ། །དེ་བཞིན་དུ་ཕྱེད་བཅས་འཁོར་ལོའི་ཆུ་ཚོད་ཕྱེད་བཅས་འཁོར་ལོ་ནི་ཁྱིམ་བཅོ་བརྒྱད་ཀྱི་གྲངས་ཏེ་སུམ་ཅུ་རྩ་ལྔ་ལྷག་པའི
་བརྒྱ་ཡིས་བསྒྱུར་བ་སུམ་ཅུ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་བཞི་ནི་ཆུ་ཚོད་ཀྱི་གྲངས་སོ། །རི་བོང་ཅན་གྱི་རྐང་པ་ནི་རིམ་པ་དང་རིམ་པ་མ་ཡིན་པའི་དབྱེ་བས་འབྱུང་བ་དང་འབྱུང་བ་མདའ་དང་རིག་བྱེད་ལ་སོགས་པ་བརྒྱའི
་གྲངས་ཏེ། དེ་དག་དང་བྲལ་བ་ནི་རི་བོང་ཅན་གྱི་རྐང་པ་དང་བྲལ་བའོ། །གཟའི་ཆུ་ཚོད་ནི་བདུན་ཏེ་ངེས་དམན་པ་མཛའ་དག་ནི་ཉི་ཤུ་རྩ་གསུམ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་གསུམ་གྱི་གྲངས་སོ། །ཤེས་རབ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གི་སྟེ
་སྡུད་པ་དང་སྐྱེད་པའི་དབྱེ་བས་ཉིན་མཚན་དུས་ཀྱི་དེ་དག་རྣམས་ཀྱང་འཆི་བས་ཟོས་སོ། །དེ་ལྟར་སྡེ་པ་དབྱངས་བཅས་དབྱངས་ཀྱི་ཚོགས་དང་བཅས་པ་གསལ་བྱེད་རྣམ་ཉིད་དག་དང་རྐང་པ་ནི་དམན་དང་བར་མ་དུས་འཆི་བ་ཟླ་བ་ཉི་མའི་འཆི་བ་དང
་ནི་གསལ་བྱེད་ལྷག་པའི་ལྷ་ལའོ། ཞེས་པ་ནི་དམན་པ་ཟླ་བའི་འཆི་ལྟས་ཀྱི་འཆི་བ་དང། བར་མ་ཉི་མའི་འཆི་ལྟས་ཀྱི་འཆི་བ་དང། གསལ་བྱེད་ལྷག་པའི་ལྷ་དབུ་མའི་དུས་སུ་འཆི་བའི་འཆི་བ་ལ་སྟེ། སྔར་བརྗོད་པའི་ངེས་པའོ། །དེ་ནས
་སུམ་ཅུ་རྩ་གཉིས་དང་ཉིན་ཞག་གཅིག་ཀྱང་ཞེས་པ་ཉིན་ཞག་སུམ་ཅུ་རྩ་གསུམ་མོ། །རི་བོང་ཅན་བཅས་ཉི་མའི་བགྲོད་ལ་སྟེ། གཡོན་པའི་བགྲོད་པ་དང་བཅས་པའི་གཡས་པའི་བགྲོད་པ་ལ་རྩ་ནི་གཅོད་པ་དེ་ཐུན་མོང་བའོ། །དུས་ཀྱི་འཆི
་བ་ལ་ནི་སླར་ལྔ་སྟེ་ཡང་སུམ་ཅུ་མཚན་མོ་གསུམ་གྱི་ཤེས་པ་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་རྡོ་རྗེའི་དང་བཅས་ཏེ་ལུས་དང་ངག་དང་སེམས་དང་བཅས་པའི་ཕུང་པོ་ཁམས་དང་དབང་པོ་ལ་སོགས་འདོར་རོ། །དེ་ནས་ཟླ་བ་ཉི་མའི་རྩ་ལ་ལ་ལ་ནཱ
་དང། ར་ས་ནཱ་དག་དག་དང་དུང་ཅན་མ་ཨ་བ་དྷཱུ་ཏཱིར་སྲོག་གི་རླུང་དག་ཉིན་གཅིག་རབ་འཇུག་སྟེ། ས་དང་ཆུ་དང་སྲེག་ཟ་རླུང་དང་ནམ་མཁའ་ཨི་ཁམས་ནི་རྣམ་པར་འཆང་བ་ཇི་སྲིད་ཉིད་དུའོ། །འདིར་འཆི་བའི་ཉིན་ཞག་ལ་དབུ་མར་སྲོག་རབ་ཏུ་ཞུགས
་ཏེ་དུས་ཀྱི་རླུང་གི་མནན་པར་གྱུར་པ་ན་ལྟེ་བར་སའི་ཁམས་ཡོན་ཏན་ལྔའི་རང་བཞིན་འདོར་ཏེ། དེ་ནས་སའི་ཁམས་རྣམ་པར་འཆད་པར་འགྱུར་རོ། །སྙིང་ཁར་ཆུའི་ཁམས་ཡོན་ཏན་བཞིའི་རང་བཞིན་འདོར་ཏེ་ཆུའི་ཁམས་རྣམ་པར་འཆད་པར་འགྱུར་རོ། །
་མགྲོན་པར་མེའི་ཁམས་ཡོན་ཏན་གསུམ་གྱི་རང་བཞིན་འདོར་ཏེ། དེ་ནས་མེའི་ཁམས་རྣམ་པར་འཆད་པར་འགྱུར་རོ། །དཔྲལ་བར་རླུང་གི་ཁམས་ཡོན་ཏན་གཉིས་ཀྱི་རང་བཞིན་འདོར་ཏེ། དེ་ནས་རླུང་གི་ཁམས་རྣམ་པར་ཆད་པར་འགྱུར་རོ། །གཙུག
་ཏོར་དུ་ནམ་མཁའ་ཨི་ཁམས་ཡོན་ཏན་གཅིག་གི་རང་བཞིན་འདོར་ཏེ། དེ་ནས་སྟོང་པའི་ཁམས་རྣམ་པར་འཆང་ངོ་ཞེས་པ་ནི་སྟེང་དུ་སྲོག་གི་ཁམས་ཡོངས་སུ་འདོར་བའོ། །འོག་ཏུ་ལྟེ་བར་ལུས་ཀྱི་ཐིག་ལེའི་ཆོས་ཐུར་སེལ་འདོར་ཏེ། དེ་ནས་སད་པའི་གནས
་སྐབས་ཟད་བར་འགྱུར་རོ། །གསད་པར་ངག་གི་ཐིག་ལེའི་ཆོས་འདོར་ཏེ། དེ་ནས་རྨི་ལམ་གྱི་གནས་སྐབས་འཆད་པར་འགྱུར་རོ། །ནོར་བུ་སེམས་ཀྱི་ཐིག་ལེའི་ཆོས་འདོར་ཏེ། དེ་ནས་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཆད་པར་འགྱུར་རོ། །དེ
་བཞིན་སྟེང་དུ་ཡང་རྡུལ་གྱི་ཁམས་ཀྱི་ཐིག་ལེ་རྣམས་སྲོག་གི་འདོར་ཏེ། དེ་ནས་ལུས་དང་ངག་དང་སེམས་ནི་རྣམ་པར་ཆད་པར་འགྱུར་རོ། །འཕོ་བའི་དུས་སུ་དྲུག་པ་ཡེ་ཤེས་ཀྱི་ཁམས་འདོར་རོ། །ཡན་ལག་ཐམས་ཅད་ལ་ཁུ་བ་འོག་ཏུ་འདོར་ཞིང་རྡུལ
་སྟེང་དུ་འདོར་ཏེ་བཞི་པའི་གནས་སྐབས་རྣམ་པར་འཆང་པར་འགྱུར་རོ། །དེ་ལྟར་མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་ངེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས
་པ་དྲི་མ་མེད་པའི་འོང་ལས། འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགོག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ཆེན་པོ་སྟེ། ལྔ་པའོ།། །།ད་ནི་འཇིག་རྟེན་དང་འཇིག
་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུར་ལུས་སྲུང་བའི་མན་ངག་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ་འཁོར་བ་འདིར་སེམས་ཅན་རྣམས་ཀྱི་ལུས་ལ་སྲོག་དང་ཐུར་སེལ་སྡུད་པའི་རིམ་པས་འབྱུང་བར་འགྱུར་ཞིང་བསྐྱེད་པའི
་རིམ་པས་རབ་ཏུ་འཇུག་པ་ཇི་ལྟ་བ་དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལྟེ་བའི་པདྨ་སྙིང་མགྲིན་དང། །དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། །ས་ཆུ་མེ་རླུང་སྟོང་པ་རྣམས། །སྡུད་པས་རབ་ཏུ་འབབ
་པ་ནི། །འབྱུང་འགྱུར་དེ་ནི་འཇུག་པ་དག། སྐྱེད་པས་འཇུག་སྟེ་ས་ལའོ། །དེ་བཞིན་དུ་ཐུར་སེལ་གྱི་ནུས་པ་ནི། ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་ནི་འབབ་པ་དག། འབྱུང་བ་དང་ནི་འཇུག་པ་དེ། །སྡུད་དང་སྐྱེད་པའི་རང་བཞིན་ཅན
་ཞེས་སོ། །རྒྱུ་དེའི་ཕྱིར་དང་པོར་མཛའ་དག་རྒྱལ་བའི་ལུས་ཏེ། ཕུང་པོ་ལྔ་ལ་སོགས་པའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གི་ཡང་དག་བསྲུང་བར་བྱ་སྟེ། ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་སྟེ། ཟག་པ་མེད་པའི
་བདེ་བ་ཐོབ་པར་འགྱུར་བའང་མེད། དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་སྟེ། ལུས་ཀྱི་དོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་སྲུང་བའི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩའི་སྦྱོར་བ་སྒོམ་པར་བྱ། །ལ་ལ་ནཱ་དང་ར་ས་ནཱ་དག་གི་སྦྱོར་བ་ནི་རྩའི་སྦྱོར་བ་སྟེ། སྲོག
་གི་རླུང་དབུ་མར་བསྒོམ་པར་བྱ་སྟེ། བཤང་བ་དང་གཅི་བའི་རྩའི་སྦྱོར་བ་ཐུར་སེལ་ནི་དུང་ཅན་མར་མོ། །ཉིན་དང་མཚན་མོའི་དུས་སུ་དུས་སྦྱོར་བཅུ་གཉིས་སུ་རྩའི་སྦྱོར་བ་འདི་བསྒོམ་པར་བྱའོ། །འདི་སྒོམས་པས་ལུས་འགྲུབ་སྟེ། ལུས་འགྲུབ་པར་གྱུར
་ན་གཞན་པའི་དངོས་གྲུབ་འཇིག་རྟེན་པ་མངག་གཞུག་ཉིད་དུ་རབ་ཏུ་འགྱུར་རོ་ཞེས་པ་སྟེ། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ངེས་པའོ། །ད་ནི་སྟོང་པ་ཞེས་པ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ལམ་གསུངས་ཏེ།
་འདིར་སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་ཤེས་པ་འཆད་པར་འགྱུར་བའི་རིམ་པས། གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་དེའི་མཐར་ཐུག་པར་བསམ་མོ། །མཚམས
་དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བསྟན་པ་དག་ཀྱང་བྱེད་པ་སྟེ། ལྟེ་བའི་འཁོར་ལོ་ལ་རྣལ་འབྱོར་པས་སོ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་ནི་གཟའ་བཞིན་ཞེས་པ་སྒྲ་གཅན་བཞིན་དུ་ཕྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ
་ཡིས་སོ། །སྲོག་དང་ཐུར་སེལ་དང་ཕན་ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ་དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། །བྱང་ཆུབ་སེམས་ནི་འཕོ་བའི་སྐད་ཅིག་གོ་།འགོག་པ་ནི་ཉེ་བར་ཞི་བ་སྟེ། རྒྱུ་མཐུན་ལ་སོགས་པ་འགྱུར་བ་མེད་པར་བྱེད་དོ། །དེ་ནས་གང
་ཞིག་ཅུང་ཟད་འདོད་པ་དག་ཅེས་པ་ནི་རྒྱུ་མཐུན་པ་དེ་ལ་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་དྲི་མ་མེད་པ་གང་ཅུང་ཟད་བརྗོད་པར་བྱ་བ་མ་ཡིན་པ་འདོད་པ་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལས་ཐོབ་པར་འགྱུར་ཉིན་ཞག་འགའ་ནི་ལོ་གསུམ་དང་ཕྱོགས
་གསུམ་གྱི་དུས་ཀྱི་འཁོར་ལོའི་ཉིན་ཞག་རྣམས་ཏེ་དེ་དག་གིས་སོ། །སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་སྦྱངས་པའི་ཕུང་པོ་འདི་དག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ལམ་གྱི་ངེས
་པའོ། །ད་ནི་ཉི་མ་ཞེས་པ་ལ་སོགས་པས་དུས་མ་ཡིན་པའི་འཆི་བ་སླུ་བ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པས་དུས་མ་ཡིན་པའི་འཆི་བའི་མཚན་ཉིད་མཐོང་བ་དེའི་ཉི་མ་ཟླ་བ་འགོག་པ་ནི་གཡོན་པ་དང་གཡས་པའི་རྩ་འགོག་པའོ། །མཉམ
་དང་མི་མཉམ་བགྲོད་པ་ལ་སྟེ་ཞེས་པ་ནི་སྡུད་པ་དང་སྐྱེད་པའི་བགྲོད་པ་ལའོ། །དབུ་མ་མེ་ལ་ཞེས་པ་ནི་སྒྲ་གཅན་དུས་མེ་དབུ་མའི་རྩ་ལ་རབ་ཏུ་ཞུགས་པར་བྱའོ། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ན་སྟེ། དབུ་མ་མེ་རབ་ཏུ་འབབ
་པ་ཉིན་ཞག་གཅིག་སོང་བར་གྱུར་ན་རྣལ་འབྱོར་པ་རྣམས་ཀྱི་དུས་མིན་འཆི་བ་སླུ་བར་འགྱུར་རོ། །སྲོག་གི་གང་བར་བྱས་ནས་ཏེ། དཀྱིལ་འཁོར་ལྔ་འབབ་པ་དབུ་མའི་སྦྱོར་བའི་སྲོག་གི་ལག་པ་དང་བཅས་པའི་རྐང་པའི་སོར་མེའི
་ཚིགས་དང་སེམ་མོའི་མཐར་གང་བར་བྱས་ནས་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་མེད་ལག་པའི་པདྨ་རྣལ་འབྱོར་པས་བསྒོམ་པར་བྱ་སྟེ། འཆད་པར་འགྱུར་བའི་རིམ་པས་སོ། །དུས་མ་ཡིན་པར་འཆི་བ་སླུ་བའི
་ངེས་པའོ། །ད་ནི་ཐུར་སེལ་ཞེས་པ་ལ་སོགས་པས་རླུང་ནད་ལ་སོགས་པ་ཞི་བར་བྱེད་པ་གསུངས་ཏེ། འདིར་ལུས་ལ་ལྟེ་བ་དང་གསང་བ་ན་སྔར་བརྗོད་པ་རླུང་གི་སྐྱོན་བྱེད་པ་རྩ་བརྒྱད་ཅུ་སྟེ། དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་ཐུར་སེལ་སྐུམ
་ན་འདོད་པ་ཞེས་པ་བདེ་བྱེད་པར་འགྱུར་ཏེ་སྔགས་པ་རྣམས་ཀྱི་རླུང་གི་ནད་གཟེར་བ་ལ་སོགས་པ་མ་ལུས་དག་ལའོ། །དེ་བཞིན་དུ་དཔྲལ་བ་དང་གཙུག་ཏོར་ལ་བད་ཀན་གྱི་སྐྱོན་བྱེད་པའི་རྩ་ཉི་ཤུ་སྟེ། དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྲོག་སེལ?
་འདོད་པར་འགྱུར་རོ། །བད་ཀན་ལ་འགྱུར་ཞེས་པ་ནི་བད་ཀན་གྱི་ནད་སྐྱེད་པར་གྱུར་པ་ན་རྣལ་འབྱོར་པས་སྲོག་བགག་པར་བྱའོ། །སླར་ཡང་དེ་དག་གཏོང་བ་མཁྲིས་པ་དག་གི་སྐྱོན་ལའོ་ཞེས་པ་ནི་མཁྲིས་པའི་ཉེས་པ་སྐྱེས་པར་གྱུར་པ་ན། སྲོག་དང
་ཐུར་སེལ་དེ་དག་ཕྱི་རོལ་དུ་བཏང་བར་བྱ་སྟེ། འཆད་པར་འགྱུར་བའི་རིམ་པས་ཕྱི་རོལ་གྱི་རླུང་ཤཱི་ཏ་ཞེས་པས་བཟུང་ནས་ལྕེ་ཆུང་ལ་ལྕེ་བཀོད་ཅིང་སྟུ་མ་ལ་སོགས་པའི་བདུད་རྩི་བཏུང་བར་བྱ་སྟེ། མཁྲིས་པའི་ནད་མཛའ་དག་ལའོ། །རྩ་ནི་མགྲིན་པ
་དང་སྙིང་ག་ལ་མཁྲིས་སའི་སྐྱོན་བྱེད་པ་བཞི་བཅུ་སྟེ། དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྦྱོར་བ་དེ་བྱའོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ལ་ཡང། ཞེས་པ་ནི་འདིར་གསང་བ
་ལ་ཞུས?་པ་བྱེད་པའི་རྩ་བཅུ་སྟེ། དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྟེང་དང་འོག་སྲོག་དང་ཐུར་སེལ་དག་འགོག་པ་འདོད་དེ་རིམས་ལ་ཡང་འདོད་དོ། །རྒྱུ་དེའི་ཕྱིར་ཞེ་ན། གང་ཞིག་ལྟེ་བའི་སྟེང་དུ་སྲོག་གི་རླུང་འབབ་པ་དེ་ལས་མཛའ་དག་ནད་འཕྲོག
་སྟེ། ལྟེ་བའི་རྩ་བར་ཐུར་སེལ་འབབ་པས་ལྟེ་བའི་འོག་ཏུ་ནད་མཛའ་དག་འཕྲོག་སྟེ། གཞན་དག་ཀྱང་ངོ་ཞེས་པའོ། །རླུང་ལ་སོགས་པའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་བསྐུམ་སྟེ་ཞེས་པ་ལ་སོགས་པས་ལྟོ་བའི་ནད་ཉེ་བར་ཞི་བར་ཆོ་གའི་མན་ངག་གསུངས་ཏེ།
་འདིར་གང་གི་ཚེ་ལྟོ་བར་དམུ་ཆུ་ལ་སོགས་པར་གྱུར་ན། དེའི་ཚེ་བསྐུམ་སྟེ་ཐུར་སེལ་རླུང་ནི་འོག་ཏུ་རྣམ་པ་གསུམ་གྱི་ལམ་དུ་བགྲོད་པ་དག་ཅེས་པ་བཤང་བ་དང་གཅི་བ་དང་ཁུ་བའི་ལམ་དུ་བགྲོད་པ་དག་སྲོག་ཉིད་སྟེང་ནས་ཀྱང་བསྐུམ་པར་བྱ་སྟེ་ཟླ་བ་དང་ཉི་མ
་དང་མེའི་ལམ་དུ་བགྲོད་པའོ། །ཇི་སྲིད་དེ་དང་ཡང་དག་ཕྲད་དེ། མེ་ནི་ཞེས་པ་ལྟོ་བའི་མེ་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་པར་རབ་འགྱུར་བ། འདི་ནི་དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་ཀྱང་སྟེ། ཆུའི་ལྟོ་བ་ལ་སོགས་པ་རྣམས་ཟླ་བའི་སྤྱོད་བ
་འཇོམས་པ་སྟེ། དབུགས་ལུང་དང་ནི་གློ་དང་རྣམ་པ་གསུམ་གྱི་དུག་རྟན?་པ་དང་གཡོ་བ་དང་བཅོས་མ་དང་མིག་གི་ནད་ལ་སོགས་པ་སྟེ། མགོ་བོའི་ནད་ཀྱང་འཇོམས་སོ། །ལྟོ་བའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་མཆན་ཁུང་ཞེས་པ་ལ་སོགས་པས་འཆི
་ལྟས་སླུ་བའི་སླད་དུ་རྩ་བའི་འཆིང་བའི་བཅིང་བ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པས་དབུ་མར་ཉིན་མཚན་དུ་སྲོག་གནས་པར་མ་ནུས་ན་དེའི་ཚེ་བརྗོད་པའི་བཅིང་བ་འདི་ཡིས་གཡོན་པའི་འཆི་ལྟས་ལ། གཡས་པར་སྲོག་རྒྱུ་བར་བྱེད་ཅིང
་གཡས་པའི་འཆི་ལྟས་ལ་གཡོན་པར་རྒྱུ་བར་བྱེད་དེ་ཟླ་བ་ཕྱེད་དང་ཟླ་བ་གཅིག་གི་བར་དུའོ། །མཆན་ཁུང་གཡས་དང་གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ། སྲོག་ནི་བཀག་པ་ལས། ནུ་མ་གཡས་པ་མནན་པས་གཡོན་པའི་རྩར
་འབབ་ཅིང། མཆན་ཁུང་གཡོན་དུས་མནན་པས་གཡས་པའི་རྩར་འབབ་བོ། །དེ་ལྟར་ཟླ་བ་ཕྱེད་ཀྱི་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ། རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ། །ཞེས་པ་ལ་རྣལ་འབྱོར་ནི་དགང་བ་དང་དབྱུང་བ་དང
་དག་གཅིག་པ་བུམ་བ་ཅན་ཏེ། དེ་དང་ལྡན་པ་ནི་རྣལ་འབྱོར་ལྡན་པའོ། །འཕྲོག་པ་ནི་སེལ་བར་བྱེད་དོ། །ཞེས་པ་སྟེ་དུས་མ་ཡིན་པའི་འཆི་བ་སླུ་བའི་ངེས་པའོ། །ད་ནི་རྒྱབ་ཀྱི་ཟུག་རྔུ་འཇོམས་པར་བྱེད་པ་གསུངས་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་རྐང་པ་ཞེས་པ་སྟེ་རྡོ་རྗེ་སྐྱིལ
་ཀྲུང་ནི་བརླ་གཡས་པའི་སྟེང་དུ་རྐང་པ་གཡོན་པ་དང། བརླ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་སྟེ། རྐང་པ་དེ་དག་རྒྱབ་ཏུ་གནས་པའི་དཔུང་པ་རྡོ་རྗེ་བཅིངས་པའི་ལག་པ་གཡོན་གྱིས་རྐང་པ་གཡོན་པ་བཟུང་ཞིང་གཡས་ཀྱི་རྐང་པ་གཡས་པའི། རྐང་པ་དེ་དག་བཟུང་བ
་ལག་པའི་པདྨ་དག་ནི་རྒྱབ་ཀྱི་ཟུག་རྔུ་འཇོམས་པར་བྱེད་དོ། །སྟེང་དུ་རྐང་པ་དང་འོག་ཏུ་མགོ་བོ་ལུས་ལ་བད་ཀན་ནད་རྣམས་མཛའ་དག་འཕྲོག་པར་བྱེད་དོ། ཞེས་པའོ་སྲོག་འགོག་པ་ལས་ཉིན་ཞག་འགའ་ཞིག་གིས་ནི་རབ་འཁྲུ་གཅི་བའི་ནད
་དག་ངེས་པར་འཇོམས་པར་བྱེད་ཐོ་རངས་མིང་མེད་དག་གིས་ཆུ་དང་བྲལ་བའི་ཁར་ནི་སྟེ་མ་བཀྲུས་པར་སོའི་ཕྲེང་བ་དག་ལ་རབ་ཏུ་སྔར་བ་ནི་མིག་རྣམས་དག་གི་མིག་སྨན་དུ་འགྱུར་ཏེ། མིག་གི་ནད་འཕྲོག་པར་འགྱུར་རོ། །ཐོ་རངས་ཆུ་ཡིས་གཏོར
་བ་དག་ཀྱང་མིག་ནི་ནད་འཕྲོག་པར་འགྱུར་རོ། །གན་རྐྱལ་ཉལ་ནས་ལྟེ་བ་ལག་པ་གཡོན་པས་གཟུང་བ་གང་ཡིན་པ་དེ་ནི་ལྟེ་ལག་པའི་པདྨས་བཟུང་བ་དག་ནི་མ་ཞུ་བའི་ཟུག་རྔུ་འཇོམས་པ་སྟེ། སྲོག་རྩོལ་དང་བཅས་པས་སོ། །འབྲས་རྣམས
་བྱུང་བ་ལ་ནི་སྟེ། འབྲས་དང་སྐྲང་འབུར་ལ་སོགས་པ་བྱུང་བའི་དུས་སུ་མར་དང་བཅས་པའི་ཚྭ་དང་གོས་ཀྱིས་བཅིངས་པ་ཡི་བདུགས་ན་འཕེལ་བ་འཇོམས་པར་བྱེད་པ་ཉིད་དོ། །དེ་ནས་ཨརྐའི་འོ་མ་བྱུགས་པས་ཀྱང་ངོ་སྟེ། འབྲས་ལ་སོགས་པ་བྱུང་བ
་ལའོ། །ཞེས་པ་སྟེ་ངེས་པའོ། །འགའ་ཞིག་ཚེ་ན་སོ་སྲིན་ཟུག་རྔུ་བཅས་གྱུར་ན། །དེའི་ཚེ་སྟག་ལྡན་གྱི་ནི་ས་བོན་དུ་བ་སྤུབས་ལ་སོགས་པ་དག་གི་བཟུང་ན་སྲིན་བུ་ལ་སོགས་འཇོམས་ཏེ། སྟག་ལྡན་ཞེས་པ་ཀཎྜ་ཀཱ་རིའོ། །ནད་སྤྱི་ཉེ་བར་ཞི་བའི་ངེས
་པའོ། །ད་ནི་ལོ་ཞེས་པ་ལ་སོགས་པས་མཛེ་ནད་ཉེ་བར་ཞི་བའི་སླད་དུ་ཆོ་ག་གསུངས་སོ། །འདི་ནི་རྣལ་འབྱོར་ཆེན་པོ་སྟེ། སྔོན་དུ་དུ་བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་གྱི་མི་འགྱུར་བའི་བདེ་བའི་སྐད་ཅིག་བསྒྲུབས་པའོ། །ཕྱག་རྒྱ་དང་རབ་ཏུ
་འདུས་པ་ལ་བྱང་ཆུབ་ཀྱི་སེམས་ལྷུང་དུ་བཅུག་ནས་ཕྱག་རྒྱ་དང་སྦྱོར་བས་ལྷུང་བའི་བྱང་ཆུབ་ཀྱི་སེམས་བདེ་བ་དང་བཅས་པ་དེ་ཉིད་སྲོག་དང་ཐུར་སེལ་དག་གི་འགོག་པ་ལས། ལོ་ཕྱེད་ཀྱི་ནི་སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་བའི་མཛེ་འཕྲོག་དེ
་ལས་གཞན་ལྟ་ཅི། གལ་ཏེ་མཛེ་མ་སོལ་ན་དེའི་ཚེ་ཕྱག་རྒྱ་ལོ་བཅུ་དྲུག་མ་བསྟེན་པར་བྱ་སྟེ། རྣལ་འབྱོར་པས་ཉིན་ཞག་སོ་སོ་ཤའི་བཟའ་བ་དང། ཆང་གི་བཏུང་བ་དང། ཟླ་བ་དྲུག་གི་ནང་དུ་དེའི་སྐྱེ་གནས་སུ་སྲུབས་པ་ལ་བྱང་ཆུབ་ཀྱི་སེམས
་ལྟུང་བ་རྣམ་པར་བཟུང་བར་གྱུར་ན་མཛེའི་ནད་འཕྲོག་སྟེ། བུམ་པ་ཅན་གྱིས་སྦྱོར་བས་སོ། །དེ་བཞིན་གཤེགས་པའི་གསུང་འདི་ལ་ཐེ་ཚོམ་མེད་དོ། །མཛེ་འཕྲོག་འབབ་ཞིག་མ་ཡིན་ཏེ། གཞན་ཡང་བདུན་ཅུའི་ལོའི་རྒ་བ་སྐྲ་དཀར་བཅས་པ་དག་ཀྱང་ཕྱག
་རྒྱ་དང་འདུས་པ་དག་ལ་བྱང་ཆུབ་ཀྱི་སེམས་ལྷུང་བ་ལོ་གཉིས་རབ་ཏུ་རྫོགས་ནས་ངེས་པར་འཕྲོག་གོ་།སྦྱོར་བ་འདི་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཉིན་ཞག་འགའ་ཡིས་ཏེ་དུས་ཀྱི་འཁོར་ལོའི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱི་ལམ་དང་སེམས
་ནི་རབ་ཏུ་འགྲོགས་པ་དག་ལས་དེ་སྟེང་ཞེས་པ་དགའ་བ་རྣམ་པར་ཉམས་པའི་སྟེང་དུ་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། །མཛེ་ཉེ་བར་ཞི་བའི་ངེས་པའོ། །ད་ནི་སྲོག་སྩོལ་གྱི་ངེས་པ་གསུངས་ཏེ། འདིར་སྔགས་པས་ལུས་ལ་སྲོག་རྩོལ་བུམ་པ་ཅན་བྱ་སྟེ། སྙིང
་ག་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་པར་འགྱུར་བ་སྟེ། སྙིང་ག་སྲེགས་ཤིང་མགོ་བོ་ཡང་གདུང་བར་འགྱུར་བ་དེའི་སྲིད་དུའོ། །དེ་ལས་སྟེང་དུ་མི་བྱའོ། ཞེས་པ་ངེས་པའོ། །གལ་ཏེ་དེ་ལས་སྟེང་དག་ཏུ་ནི་བྱེད་ན་བཟང་པོའི།
་པདྨར་རྒྱལ་བར་འགྱུར་ཏེ་ཞེས་པ་ལྟེ་བའི་པདྨར་སྲོག་རྒྱལ་བར་འགྱུར་རོ། །མ་བསྡམས་པར་རམ་སྟོབས་དག་གིས་གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་བར་འགྱུར་བ་གང་ཡིན་པ་དེའི་ཕྱིར་ཕྱག་རྒྱ་འགྲོགས
་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་སྲོག་རྩོལ་བདེ་འབྲས་སྟེར་བ་མེད་དོ། །སྲོག་སྩོལ་གྱི་ངེས་པའོ། །ད་ནི་ཕྱག་རྒྱ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་དང་མྱང་བ་དང་ཁ་ཟས་དང་རྒྱུ་བའི་ངེས་པ་གསུངས་ཏེ། འདིར
་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་གསུངས་པ་ནི་བསྒོམ་པའི་དོན་དུ་རྣལ་འབྱོར་གྱི་ཕྱག་རྒྱ་གསུངས་པ་སྟེ། ཆགས་པ་ཟད་པའི་དོན་ཏེ་རྒྱུར་ཉིན་མཚན་དུ་བུད་མེད་དང་རོལ་བར་གསུངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆང་གི་བཏུང་བ་ནི་ཅུང་ཟད་ཁ
་ཚིམ་པར་བྱེད་པ་སྟེ། བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་པ་སྟེར་བར་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་ཁ་ཟས་བྱེད་པ་ནི་འདིར་ཁ་ཟས་ཐམས་ཅད་བདེ་བའི་དོན་ཏོ། གང་ཅུང་ཟད་ཁ
་ཟས་ཐམས་ཅད་ཤིན་ཏུ་ཆུང་བ་བདེ་བར་འགྱུར་ཏེ་དེའི་ཕྱིར་ཉིན་ཞག་སོ་སོའི་དུས་སུ་མ་ཞུའི་རྒྱུར་མི་བྱའོ། ཞེས་པ་ནི་ཁ་ཟས་ཀྱི་ངེས་པའོ། །དག?་ལྡན་སྤྱོད་པ་སྟེ་རྣལ་འབྱོར་སྤྱོད་པ་དངོས་གྲུབ་སྒྱུར་ཞེས་པ་དངོས་གྲུབ་ཀྱི་རྒྱུར་ཏེ་དེའི་ཕྱིར་མཚན་མོ་དུར་ཁྲོད་གནས་དང
་ཉེ་བའི་གནས་ལ་སོགས་པར་འཁྱམ་པར་དག་རྩེད་མོའི་དོན་དུ་ནི་མ་ཡིན་ནོ། །ཞེས་པའི་དོན་ཏེ། རྣལ་འབྱོར་གྱི་སྤྱོད་པའི་ངེས་པའོ། །ད་ནི་ཀུན་སངས?་ཀྱི་རྣལ་འབྱོར་པའི་སྨན་གསུངས་ཏེ། འདིར་གང་གི་ཆེ་རྣལ་འབྱོར་བའི་ཁ་ན་བར་གྱུར་ན་དེའི་ཚེ་མི
་སྐྱེད་པ་ཅུང་ཟད་དྲོ་བར་བྱས་ཏེ། ཁར་བཟུང་ན་ཁའི་ནད་ཞི་བར་བྱེད་པར་འགྱུར་རོ། །སོའི་ཟུག་རྔུ་ཉིད་ཀྱི་ཡང་ཞེས་པ་སྟེ་ཡང་ཡིག་ལས་སོ་སྲིན་གྱི་ཡང་ངོ། །གང་གི་ཚེ་མགོ་བོ་ན་བར་གྱུར་ན་དེའི་ཚེ་ཐོ་རངས་མི་སྐྱོང་བ་རྔུབ་པ་བྱས་ན་རྣལ་འབྱོར་པ་རྣམས་ཀྱི་མགོ་ཡི
་ནད་འཕྲོག་སྟེ། དེ་བཞིན་ཉིད་དུ་ཆུ་ནི་རྡུབས་པས་སོ། །གང་གི་ཚེ་རྣ་བ་ན་བར་གྱུར་པ་དེའི་ཚེ་གཅིན་དྲོ་བར་བྱས་པ་རྣ་བར་རབ་ཏུ་བླུགས་པ་དང་མིག་གི་ནད་ལ་གྲང་མོར་བྱས་པ་མིག་ཏུ་རབ་ཏུ་བླུགས་པ་གྲངས་བཞིན་དུ་གཉི་གའི་ནད་འཕྲོག་སྟེ།
་གཅིན་ནི་དྲོ་དང་གྲང་མོ་ཞེས་སོ། །འབྱུང་པོས་གཟིར་ལ་ཤེས་པ་འབྱུང་པོ་ཡི་དགས་ལ་སོགས་པས་གཟུང་བ་ལ་ཚ་བ་གསུམ་དང་བཅས་པ་མི་སྐྱོང་བ་རྔུབ་ན་བདེ་བ་སྟེར་ཏེ། ཟོས་པ་ཉིད་ལ་ཡང་ཞེས་པ་སྦྲུལ་གྱིས་ཟོས་པ་ཡང་བདེ་བ་སྟེར་བར་འགྱུར
་རོ། །ཁའི་ནད་ལ་སོགས་པ་ཉེ་བར་ཞི་བར་ངེས་པའོ། །ད་ནི་བཤང་བ་ཞེས་པ་ལ་སོགས་པས་ཚེ་འཕེལ་བའི་དོན་དུ་བདུད་རྩི་ལྔའི་སྦྱོར་བ་གསུངས་ཏེ། འདིར་ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་ཞེས་གསུངས་པའི་ཕྱིར། ཕྱི་རོལ་གྱི་རྫས་ལྔ་དང
་ནང་གི་རྫས་ལྔ་གཅིག་ཏུ་བྱས་པ་ནི་བདུད་རྩི་ལྔའི་སྦྱོར་བ་སྟེ། བདུད་རྩི་ལྔ་པོ་དེ་ཟོས་པས་རྣལ་འབྱོར་པ་རྣམས་ལ་ཚེ་སྟེར་བར་འགྱུར་རོ། །ཕྱི་རོལ་ཏུ་བཤང་བའི་སྒྲས་རྣམ་པར་སྣང་མཛད་སྟོབས་ལྡན་སྟོབས་ཀྱི་ཞག་སྟེ་མུ་ཟེར་བརྗོད་དོ། ནང་དུ་ནི
་བཤང་བ་ཉིད་དེ་འདི་དག་ཆ་མཉམ་པའོ། །གཅིན་ནི་ཕྱི་རོལ་ཏུ་ཁྱབ་འཇུག་གི་མི་བདག་སྟེ་བྷྲིར་ག་རཱ་ཛཱའི་ཁུ་བའོ། །ནང་དུ་ནི་གཅིན་ཉིད་དོ། །ཁྲག་ནི་ཕྱི་རོལ་ཏུ་ལྷང་ཚེར་རོ། །ནང་དུ་ནི་བུད་མེད་ཀྱི་མེ་ཏོག་སྟེ་ཆ་མཉམ་པའོ། །ཁུ་བ་ནི་ཕྱི་རོལ
་དུ་དངུལ་ཆུའོ། །ནང་དུ་ནི་ཁུ་བ་ཉིད་དེ་འདི་དག་ཆ་མཉམ་པའོ། །མའི་ཤ་ནི་ཕྱི་རོལ་ཏུ་འབྲས་བུ་གསུམ་མོ། །ནང་དུ་ནི་རྐང་སྟེ། འདི་དག་ཀྱང་ཆ་མཉམ་པའོ། །དེ་ལྟར་བཤད་པ་ཆ་གཅིག་དང། ཤ་རྐང་པས་དམན་པའི་ཆ་དང། ཁྲག་ཆ་ཕྱེད་དང
་བུ་བ་རྐང་པ་གཅིག་སྟེ། འདི་རྣམས་གཅིག་ཏུ་བྱས་ནས་གཅིན་གྱིས་ལན་བདུན་གྱི་བར་དུ་བསྒོ་བར་བྱ་སྟེ། ཡང་དང་ཡང་དུ་ཉི་མ་ལ་སྐམས་ནས་སོ། །དེ་ནས་ཉིན་ཞག་སོ་སོར་ཞོ་གཉིས་ཙམ་གྱི་མར་དང་སྦྲང་རྩི་དང་བཅས་པ་ཟོས
་ན་ཟླ་བ་དྲུག་གི་མཚམས་སུ་ཚེ་སྟེར་བར་འགྱུར་ཏེ། ལོ་མ་དང་སྐྱུར་བ་དང་ཏིལ་མར་དང་ལན་ཚྭ་དང་བུད་མེད་དང་སྦྱོར་བ་སྤངས་པ་ལས་སོ། །ཞེས་པ་ནི་བདུད་རྩི་ལྔའི་ངེས་པའོ། །ད་ནི་བསམ་གཏན་བཅས་པར་ཞེས་པ་ལ་སོགས་པས་མེ་ཏོག་རྔུབ་པ
་གསུངས་ཏེ། འདིར་བསམ་གཏན་ནི་དབུ་མར་སྲོག་རབ་ཏུ་གཞུག་པ་སྟེ། བསམ་གཏན་དང་བཅས་པ་ནི་བསམ་གཏན་བཅས་པའོ། །མེ་ཏོག་ནི་བུད་མེད་ཀྱི་རྡུལ་ལོ། །ཕྱི་རོལ་དུ་ནི་སྐྲའི་རྒྱལ་པོ་བྷྲིད་ག་རཱ་ཛ་སྟེ། དེའི་ཁུ་བ་བུད་མེད་ཀྱི་མེ་ཏོག་དང
་མཉམ་པའོ། །བསམ་གཏན་བཅས་པར་མེ་ཏོག་རྡུབས་ན་བསམ་གཏན་བཅས་པ་རྣམས་ཀྱི་སྐྲ་དཀར་དང་བཅས་རྒ་བ་དང་ནི་ལུས་སྐྱེས་རྣམས་ཀྱང་ཟླ་བ་དྲུག་གི་མཚམས་སུ་འཕྲོག་སྟེ། རྔུབ་པའི་ངེས་པའོ། །ད་ནི་སྒྲོན་མ་ལྔ་གསུངས་ཏེ། བ
་ལང་དང་ཁྱི་དང་སོ་ལྡན་དང་རྟ་དང་མི་རྣམས་ཀྱི་ཤ་སྦྲང་བུའི་སྐྱུགས་པ་ངག་དང་བསྲེས་པ་སྟེ་སྦྲང་རྩི་དང་བསྲེས་པའོ། །སྒྲོན་མ་ལྔས་ཟོས་པས་མཛའ་དག་ནད་ནི་འཕྲོག་པར་འགྱུར་རོ། །སྦྲང་བུ་སྐྱུགས་པ་གཞན་ནི་སྦྲང་ཆང་སྟེ། དེ་དང་བཅས་པ
་མཛའ་དག་ནད་ནི་འཕྲོག་པར་འགྱུར་རོ། །ཞེས་པ་ངེས་པའོ། །བུད་མེད་མེ་ཏོག་ཁུ་བ་དག་དང་བསྲེས་པ་ནི་སྔར་བརྗོད་པའི་ཕྱི་དང་ནང་གི་བདག་ཉིད་དེ་ལོ་གཅིག་ཟོས་ན་རྒ་བ་ངེས་པར་སེལ་བར་བྱེད་དོ། །ཞེས་པ་ནི་སྔར་བརྗོད་པའི་ངེས་པའོ། །
་ད་ནི་རླུང་ལ་སོགས་པ་ཉེ་བར་ཞི་བ་གསུངས་ཏེ། རླུང་འཇོམས་ལན་ཚྭ་སྐྱུར་བ་དག་ཏུ་རབ་ཏུ་འགྱུར་ཏེ་མངར་དང་བསྐ་བའི་རྫས་དག་ནི་མཁྲིས་པའི་དགྲའོ། །བད་ཀན་འཇོམས་པ་ཀུན་དང་ཚྭ་བ་གསུམ་དང་བཅས་པ་སྟེ། སྨན་རྣམས་སམ་ནི
་ཁུ་བ་འམ་ཞེས་པ་ཟོས་པ་དང་འཐུངས་པས་སོ། །བད་ཀན་འཇོམས་པ་རའི་འོ་མ་ཚ་བ་གསུམ་བཅས་དག་སྟེ། མ་ཧེའི་འོ་མ་ཤ་དཀར་དང་བཅས་པ་མཁྲིས་པའི་དགྲའོ། །རླུང་འཇོམས་དག་ཀྱང་རྔ་མོའི་འོ་མ་རྒྱམ་ཚྭ་དང་བཅས་པ་སྟེ། རྣམ་གསུམ་ནད
་འཕྲོག་པའི་འོ་མ་གྲངས་བཞིན་རྒྱམ་ཚྭ་ལ་སོགས་པ་དང་ལྡན་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་འཇོམས་པའོ། །དེ་བཞིན་མར་ཞེས་པ་བའི་མར་ནི་རིམས་དང་བྲལ་བ་རྣམས་ཀྱི་རྣམ་པ་གསུམ་གྱི་ནད་ཞི་བར་བྱེད་དོ། ཞེས་པ་ངེས་པའོ།
་ད་ནི་ཁ་ལ་སོགས་པའི་ནད་ཉེ་བར་ཞི་པའི་དོན་ཏོ་བསྐོལ་བའི་ཏིལ་མར་ལ་སོགས་པ་གསུངས་པ། ཛཱ་ཏི་ཞེས་པ་ལ་སོགས་པ་སྟེ། འདིར་ཐམས་ཅད་དུ་ཆུ་ནི་རྫས་ཀྱི་བརྒྱད་འགྱུར་རོ། །ཛཱ་ཏིའི་འདབ་མའི་བརྒྱད་འགྱུར་གྱི་ཆུ་རྐང་པའི་ལྷག་མར་ཛཱ
་ཏི་བསྐོལ་བའི་ཆུ་ཅུང་ཟད་དྲོ་བས་ཁ་ནད་ཞི་བར་བྱེད་པར་འགྱུར་ཏེ། སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ། །ཏིལ་མར་ནི་ཏིལ་གྱི་མར་རོ། །དངོས་པོའི་ཆུ་ནི་རའི་གཅིན་ཏེ། དེ་དང་མཉམ་པ་བསྐོལ་བའི་ཏིལ་མར་ལྷག་མལ་ཚ་བ་གསུམ་དང་ལམ་ཚྭ་རྐང་པ་དང
་བཅས་པའི་ཆ་ཤས་ཆོས?་པའི་མཇུག་ཏུ་རབ་ཏུ་སྦྱིན་ཏེ། དེ་རྣ་བར་རབ་ཏུ་བླུགས་པས་རྣ་བ་ཡི་ནི་ནད་དག་འཇོམས་སོ། །དེ་བཞིན་དུ་མར་ནི་བ་ལང་གི་མར་ཏེ། འོ་མ་བརྒྱད་འགྱུར་དང་བསྐོལ་བའི་མཇུག་ཏུ་ཀླུ་ནག་གེ་སར་དང་དམར་པོ་གུར་གུམ་སྟེ། དེ
་དག་རྐང་པའི་ཤས་སྦྱིན་ནོ། །མར་འདི་རྡུབས་པས་སྣའི་ནད་དག་འཇོམས་པ་ཉིད་དོ། །ཀརྐོ་ཊཱི་སྟེ་བནད་ཀར་ཀོ་ཊཱི་དང་ལམ་ག་ལི་དང། ཨིན་དྲི་ནི་ཨིནྡྲ་བཱ་རུ་ཎཱི་སྟེ། ཏིག་ཏཱ་དང། བོང་བུའི་ཆུར་བཅས་ཏེ་བུང་བུའི་ཆུ་དང་བཅས་པ་བྱུགས་པས་འབྲས་ཀྱི
་ཕྲེང་བ་འཕྲོག་གོ། ཞེས་པ་སྟེ་ངེས་པའོ། །མདོར་བསྡུས་པ་སྟེ། རྒྱས་པར་གསོ་བའི་བསྟན་བཅོས་ལས་ཤེས་པར་བྱའོ། །ད་ནི་ལག་པ་ཞེས་པ་ལ་སོགས་པས་རྡོ་རྗེའི་ཚེར་མ་ཉེ་བར་ཞི་བར་བྱེད་པ་གསུངས་ཏེ། འདིར་གང་གི་ཚེ་སྡིག་པའི་ནད་ཀྱི་ཉེ
་བར་འཚེ་བ་བྱུང་ན་དེའི་ཚེ་དང་པོར་ཚ་བ་སྐྱེ་བར་འགྱུར་ཞིང་ལག་པ་དང་རྐང་པའི་ཚིགས་རྣམས་གདུང་བར་འགྱུར་ཏེ། མགོ་བོ་ཡང་གདུང་བར་འགྱུར་རོ། །མཚན་ཉིད་འདི་ཤེས་ནས་ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །དེ་ལ
་འདི་ནི་ཆོ་ག་སྟེ། བུག་པ་མེད་པའི་ཁྱིམ་དུ་ཚ་བ་སྐྱེས་པ་རབ་ཏུ་ཞུགས་ནས་ལག་པ་གཉིས་པོ་དག་ནི་བརླའི་མཐར་ཐུག་པར་རབ་ཏུ་འབྱང་པར་བྱ་ཞིང། རྐང་པའི་པདྨ་མཉམ་པ་དག་བྱས་ཏེ། སྲོག་གི་རླུང་ནི་འགོག་པ་བུམ་པ་ཅན་བྱའོ། །ཇི་སྲིད
་ལུས་ནི་ས་ལ་རབ་ཏུ་ལྷུང་བར་མ་གྱུར་པ་དེ་སྲིད་དུ་སྟེ་ཚ་བའི་ནད་ཀྱི་ས་ལ་རབ་ཏུ་ལྟུང་བར་འགྱུར་རོ། །དེ་ནམ་མ་ལྷུང་བའི་བར་དུ་ཡང་དང་ཡང་དུ་སྲོག་སྲོལ་བྱའོ། །ཞེས་པ་ནི་ངེས་པའོ། །ཇི་སྲིད་ཚ་བ་དག་ནི་གྲོལ་བར་ཡང་མ་གྱུར་པ་དེ་སྲིད
་དུ་བྱ་སྟེ། ཚ་བ་གྲོལ་བར་གྱུར་ན་མི་བྱའོ། །ཞེས་པའི་ངེས་པའོ། །ཡང་དང་ཡང་དུ་ཏིང་ངེ་འཛིན་ལ་གནས་པས་འཆི་བའི་འཇིག་པ་བྱེད་པའི་ཚེར་མ་ཅན་ནི་ངེས་པར་འཇོམས་ཏེ། སྙིང་གའི་པདྨར་ཟླ་བའི་གཟུགས་ཅན་དྲི་མེད་རི་བོང་ཅན་མཚུངས
་སྣ་ཚོགས་ཡུམ་ནི་བསྒོམ་པས་སོ། །ཞེས་པ་ནི་སྲོག་སྩོལ་གྱི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་པདྨའི་གདན་ལ་བཞུགས་པ་ཞལ་གཅིག་པ་ཕྱག་གཉིས་པ་སྟེ་པདྨ་དང་མཆོག་སྦྱིན་གྱི་ཕྱག་གོ་ཞེས་པ་ནི་སྡིག་པའི་ནད་ཉེ་བར་ཞི་བའི་ངེས
་པའོ། །ད་ནི་སྡིག་པའི་ནད་ཉེ་བར་ཞི་བའི་དོན་དུ་སྨན་གསུངས་ཏེ། འདིར་གང་གི་ཚེ་སྡིག་པའི་ནད་ཀྱི་མཚན་མ་ཚ་བ་སྐྱེས་པ་དང་ལག་པ་དང་རྐང་པའི་ཚིག་རྣམས་གདུང་བར་གྱུར་ན། དེའི་ཆེ་སྲན་ཆུང་བཏགས་ནས་ཆུ་གྲངས་མོ་ཡིས་ཚ་བས
་རྣམ་པར་བསྣུན་པའི་མི་རྣམས་ལ་བྱིན་ན་ཚེར་མ་འཇོམས་པར་བྱེད་དོ། །དེ་བཞིན་དུ་ཚ་བའི་མཐར་ནི་ཞེས་པ་ཉིན་ཞག་གསུམ་པ་ལ་ཚེར་མ་འཐོན་པའི་དུས་སུ་སྡིག་པའི་ནད་ཀྱི་ཤི་བའི་ཐོད་པ་སྟེ། མ་རྙེད་ན་ཇི་ལྟར་རྙེད་པ་མདར་ནས་མི་སྐྱོང་བ
་སྲེས་པའི་སྐྱེད་པའི་ཐོད་པ་སྐྱེས་པ་དང། བུད་མེད་ཀྱི་ཐོད་པ་བུད་མེད་ཀྱི་འཐུངས་ཤིང་མ་རྙེད་ན་ཇི་ལྟར་རྙེད་པ་འཐུངས་པས་འཇིག་པར་བྱེད་པ་འམ། ཚེར་མ་ཅན་འཕྲོག་སྟེ། ཚ་བའི་མཐར་ཐོད་པ་ཇི་ལྟར་རྙེད་པས་སོ། །ཞེས་པ་ནི་ངེས་པའོ། །འདི་སྲན་ཆུང་ལ་སོགས
་པ་ལ་མངོན་པར་སྔགས་པའི་སླད་དུ་སྔགས་སུ་འགྱུར་རོ། །དེ་ཡང་དང་པོར་ཨོཾ་ཡིག་སྟེ། སྔགས་ཀྱང་ཆུ་མེ་རླུང་རྣམས་དག་གི་སྔོན་དུ་ཨོཾ་ཡིག་ཅེས་པས་ཐོག་མར་ཨོཾ་ཡིག་གོ་ཆུ་ཞེས་པ་ནི་པ་སྡེའི་ཡི་གེའི་གཉིས་པ་ཆུའི་ཁམས་ཏེ་ཕའོ། །མེ་ཞེས
་པ་འོག་ཏུ་རའོ། །སྟེང་དུ་ཨེ་ཡིག་སྟེ། ཆུ་མེ་རླུང་འདི་དག་རྣམས་གཅིག་པ་ཉིད་ན་ཕྲེམ་སྟེ། རྗེས་སུ་ང་རོ་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །བཛྲ་སྔ་མ་ཀཎྜ་ཀ་རྣམས་ཀྱི་མིང་ངོ། །དེ་ཉིད་ཀྱི་ནི་བསྲུང་བར་བྱ་སྟེ། སྲན་ཆུང་ལ་སོགས་པ
་ལ་ལན་བདུན་མངོན་པར་བསྔགས་པ་ཇི་ལྟ་བ་དེ་བཞིན་ཉིད་ཀྱི་བསྲུང་བ་སྟེ། མགོ་མགྲིན་སྙིང་ག་ལྟེ་བ་གསང་བ་དང་སོགས་པའི་སྒྲས་གཙུག་ཏོར་ཏེ། གནས་དྲག་པོ་འོད་རྣམས་སུ་ཐུན་གསུམ་དུ་བསྲུང་བར་བྱའོ། །ཞེས་པའི་ངེས་པའོ། །འདིར
་སྔགས་ནི་ཨོཾ་ཕྲེཾ་བི་ཤྭ་མཱ་ཏ(རྒྱུད་འགྲེལ་ལས་བདག་དང་གཞན་སྲུང་བ་ལ་དྲན་པར་བྱའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སྔགས་འདིས་ལན་བདུན་མངོན་པར་སྔགས་པའི་སྲན་ཆུང་ཆུ་གྲང་མོས་བཏགས་པ་བཏུང་བར་སྦྱིན་ཞིང། ཚ་བས་ཤི་བའི་ཐོང་པ་མི་བསྐྱོད་པས་བཏགས
་པ་སྦྱིན་ནོ། །འབྱུང་པོས་ཟིན་པ་ལ་ཚ་བ་གསུམ་དང་བཅས་པ་མི་བསྐྱོད་པས་བཏགས་ནས་སྦྱིན་ཏེ། སྡིག་པའི་ནད་ཉེ་བར་ཞི་བའི་ངེས་པའོ། །ད་ནི་མཉམ་པ་ཞེས་པ་ལ་སོགས་པས་ཉི་མའི་གདུང་བ་ཞི་བའི་ངེས་པ་མཛད་དེ། འདིར་གང་གི་ཚེ་སོ
་ཀ་ལམ་དུ་ཉི་མའི་འོད་ཟེར་གྱི་བསྲེགས་པར་གྱུར་པ་དེའི་ཚེ་མཉམ་པ་དྷ་དྲི་ཞེས་པ་སྐྱུ་རུ་རའི་འབྲས་བུའི་ཕྱེ་མ་དང་དྷཱ་ནྱ་ཞེས་པ་ཀུ་སྟུཾ་བུ་རུ་སྟེ་དེ་དང་མཉམ་བའོ། །གཞན་ཡང་དེ་བཞིན་ཏེ་ནྟི་རཱའི་འདབ་མའི་ཕྱེ་མ་ཞེས་པ་བནདྷུ
་ལིའི་འདབ་མའི་ཕྱེ་མ་མཉམ་པའོ། །དེ་ལྟར་ཐམས་ཅད་ཆ་མཉམ་པའོ། །དེ་ལྟར་ཐམས་ཅད་ཆ་མཉམ་པར་བྱས་ནས་ཉི་ཟླ་རེག་པ་ཞེས་པ་ཉི་མ་ཟླ་བའི་འོད་ཟེར་གྱིས་རེག་པའི་ཆུ་ནི་ངེས་པར་དྲི་མ་དང་དྲལ་བ་ཞེས་པ་ཉ་ལྕིབས་ལ་སོགས་པའི
་དྲི་མ་དང་བྲལ་བ་ལ་རྐང་པའི་ལྷག་མར་བསྐོལ་བར་བྱ་ཞེས་པ་ནི་རྫས་ཀྱི་བརྒྱད་འགྱུར་གྱི་ཆུ་བླུགས་ནས་ཇི་སྲིད་ཁུ་བ་རྐང་པ་གཅིག་ཏུ་གྱུར་པ་དེ་སྲིད་དུ་རྫས་གསུམ་པོ་བསྐོལ་བར་བྱའོ། །བསྐོལ་བའི་ཡུལ་འདི་ལ་སྲང་གི་ཚད་མ་ཡིན་ཏེ།
་ཐམས་ཅད་དུ་བྲེ་ཡི་ཚད་དོ། །ཞེས་པ་ནི་ངེས་པའོ། །དེ་ནི་ཁུ་བ་རྐང་པའི་ཆ་ཤས་ཙམ་དཀར་དང་བསྲེས་པ་གཞན་པའི་ཉིན་ཞག་ནས་བཏུང་སྟེ། དེ་ལྟར་རིམ་པ་འདིས་ཞག་གསུམ་དུ་ཐོ་རངས་ཀྱི་དུས་སུའོ། །སོས་ཀ་ཉི་མའི་འོད་ཟེར་དག
་གི་བསྲེགས་པ་འཆི་སྟེར་འཕྲོག་སྟེར་འཕྲོག་སྟེ། ཁམས་བདུན་སོང་བ་དག་ཀྱང་ངོ། །ཞེས་པ་སྤུ་དང་པགས་པ་ལ་སོགས་པ་སོང་བ་སྟེ། ཀྱང་ཡིག་གི་གཞན་ཡང་ངོ་ཞེས་པ་སྟེ། ངེས་པའོ། །ད་ནི་གསེར་ལ་ཉི་མ་ཞེས་པ་ལ་སོགས་པ་བཅུད
་ལེན་གཞན་གསུངས་ཏེ། འདིར་ལུས་ལ་ཕྱི་རོལ་གྱི་བཅུད་ལེན་དོན་དུ་གཉེར་བ་གང་སུ་ཞིག་གིས་གྲུབ་པའི་བཅུད་ལེན་བཅུད་ལེན་འབྲིང་པོ་འདི་བྱའོ། །འདིའི་ཆོ་ག་གསུངས་པ་འདི། གསེར་ལ་སྟེ་རྣམ་པར་དག་པའི་གསེར་ལ་ཉི་མ་ཞེས་པ་?
་ཁབ་ལེན་ལྕགས་དང་ཕཊ་ལས་སྐྱེས་ཞེས་པ་ལྷང་ཆེར་གྱི་ལྕགས་དང་ལྕགས་ཞེས་པ་རྣོན་པོ་སྟེ། སོ་སོར་མཉམ་པའི་ཆ་བཟུང་བ་འདི་དག་རྣམས་ཀྱི་ཆ་དང་གསེར་མཉམ་པའོ། །མཱ་ཀྵའི་ཀའི་ཕྱེ་མ་རབ་ཏུ་བཏབ་པ་ཁ་ཕྱེ་བའི་ཀོང་བུར་རླུང་དྲག
་པོས་བུད་པར་བྱ་སྟེ། ཇི་སྲིད་དུ་གསེར་གནས་པའོ། །དེ་ཉིད་ནི་ས་བོན་ཏེ། ས་བོན་དེ་ཕྱེད་ཀྱི་ཤེས་པ། གསེར་སྲང་གཉིས་ཀྱི་དངུལ་ཆུ་སྲང་བཞིའོ། །དྲི་དག་དང་བྲལ་བ་ཞེས་པ་ནི་ལན་བདུན་གྱི་བར་དུ་སྦྱང་བ་བྱས་པ་སྟེ། དགོངས་པས་སྲང་ནི་དྲུག
་ཏུ་བྱའོ། །དེ་ནས་པའི་དར་བ་མར་དང་བྲལ་བ་དྲག་པོའི་རྩེ་མོ་ཅན་གྱི་ཤེས་པ་མི་བཟད་པའི་མེ་ཡིས་བསད་ནས་།བསད་པ་དེ་རས་ཀྱིས་བརྩགས་ཏེ། སྙིགས་མ་དོར་ནས་ཤིན་དུ་དངས་པའི་དངས་མ་བཟུང་བར་བྱའོ། །དངས་མ་དེ་ཉིད་ཁབ་ལེན་གྱི་སྣོད་དུ་གསེར
་གྱི་གོང་བུ་དང་ལྷན་ཅིག་བསྐོལ་བར་བྱ་སྟེ། ཇི་སྲིད་བྱེད་ཀྱི་ཚད་དུ་གྱུར་བའོ། །དེ་ནས་རབ་ཏུ་བླངས་ཏེ་།དག་པའི་ཀ་ར་སྲང་བརྒྱད་ཅེས་པ་ལ། དེ་ནི་རྒྱལ་པོ་ལ་སོགས་པ་མ་ཡིན་པ་རྣམས་ཀྱིས་ཟས་ཡོངས་སུ་འཇུ་བའི་དབང་གིས་དགུ་ལ་སོགས་པ་དང
་བདུན་ལ་སོགས་པ་ཡང་ངོ། །འཕོ་བ་རིས་ཀྱི་ཕྱེ་མ་ཀ་རེའི་དྲུག་ཅུ་རྩ་བཞིའི་ཆ་ཡང་དེ་ལ་བསྲེ་བར་བྱའོ། །དེ་ཉིད་ཐམས་ཅད་དུས་སུ་བཟའ་བར་བྱ་སྟེ། ཁ་ཟས་རྣམས་སྤངས་བགྲོད་པ་ཇི་སྲིད་ཉིད་དུའོ། །ཟླ་བ་དྲུག་གི་ལྷ་ཡིས་ལུས་ཏེ་སྐྲ་དཀར་གཉེར
་མ་དང་འབྲལ་འདི་ཡིས་འཆི་མེད་ཉིད་དུ་འགྱུར། །འདིར་བཏུང་བ་ལ་ཏཱཾ་བུ་ལ་བཟའ་བ་སྒྲུབ་སྟེ་སྟཝཾ་བུ་ལའི་སྙིགས་མ་དོར་ནས་སོ། །དེ་ནི་ཐམས་ཅད་དུས་སུ་བཟའ་བར་བྱ་ཞེས་པ་ནི་དཔས་མ་དེ་ཉིད་ཆོ་ག་དེས་བཟའ་བར་བྱ་སྟེ། གསེར་གྱི་གོང་བུས
་རྣམ་པར་དམན་པ་ལོངས་སྤྱོད་པར་བྱའོ། །འོན་ཀྱང་ཇི་སྲིད་གོང་བུ་ཡོད་པ་དེ་སྲིད་དེ་དང་ལྷན་ཅིག་ཏུ་སྟེ། ཕྱི་ནས་དེ་དང་བྲལ་བ་དུས་ཐམས་ཅད་དུའོ། །ཞེས་པ་ནི་བཅུད་ལེན་གྱི་ངེས་པའོ། །ད་ནི་སྔར་བརྗོད་ཅེས་པ་ལ་སོགས་པས་ཟན་ལ་སོགས་པ་ལ
་ཉེ་བར་ལོངས་སྤྱོད་པའི་དོན་དུ་གསེར་ཕྱེད་ལྡན་གསུངས་ཏེ། སྔར་བརྗོད་ས་བོན་རྒྱལ་པོ་མཉམ་པ་དག་སྟེ་གཞན་ཡང་དངུལ་ཆུ་ལ་ནི་བླུགས་པ་ཕྱེད་ཙམ་མོ། །ལན་ཚྭ་སྒྱུར་པོ་དག་གི་མཉེས་ནས་རྣམ་པ་མང་པོའི་སྨན་གྱིས་ཏྲི་སྲིད་གཅིག་ཉིད་དུ་འགྱུར་བ་ཞེས
་པའོ། །དེ་ནས་མཁྲིས་པ་སྐྱུར་ལོས་མུ་ཟི་ལ་སོགས་དང་དར་ད་དང་ཤི་ལ་དག་ཀྱང་ཞེས་པ་ནི་འདིར་དངུལ་ཆུ་གནས་པའི་དོན་དུ་རྫས་རྣམ་པ་གསུམ་ནི་དངུལ་ཆུ་དང་མཚུངས་པ་སྟེ། དངུལ་ཆུ་དང་ལྷན་ཅིག་མཁྲིས་པ་དང་སྐྱུར་གྱིས
་མཉེས་པར་བྱ་སྟེ། བ་ལང་གི་མཁྲིས་པ་འམ། ཉའི་མཁྲིས་པའོ། །འབྲས་བུ་སྐྱུར་མོ་ཇི་ལྟར་རྙེད་པ་བའི་ཛ་པཱུ་ར་ལ་སོགས་པའོ། །མུ་ཟི་དང། ད་ར་དང། ཤཱི་ལཱ་དང། ཏཱ་ལཱ་ཀ་དང། ཤ་ཤ་ཀ་དང། ཀཱ་ཀྵའི་དང། ཀཱ་ཤཱི་ས་དང། ཏུད་ཐཱ་ཀ་དང།
་ཧེ་མ་གི་རི་ཀ་སྟེ། མུ་ཟི་ལ་སོགས་པ་འདི་དག་ནི་ཉེ་བའི་དངུལ་ཆུ་གཉིས་ཏེ། དངུལ་ཆུ་ཆེན་པོ་གཅིག་དང། གསུམ་ནི་དངུལ་ཆུར་མཚུངས་པའོ། །དེ་ཡི་དངུལ་གྱི་འདབ་མ་བྱུག་པ་ཉིན་ཞག་གསུམ་ཐབས་ཀྱི་འོག་ཏུ་གཞག་པ་ནི་གསེར
་ཉིད་དུ་འགྱུར་ཏེ་ཐབས་ཀྱི་མེ་ཡིས་སྨིན་པ་དག་གོ་།ཕྱེད་དང་ལྡན་པ་དེ་གསེར་གྱིས་སོ། ཞེས་པ་སྟེ། གསེར་ཕྱེད་ཅན་གྱི་ངེས་པའོ། །ད་ནི་རྣོན་པོ་ཞེས་པ་ལ་སོགས་པས་མེ་ཏོག་བྱ་བ་གསུངས་སོ། །འདིར་མེ་ཏོག་གི་སྒྲ་ཡིས་དྲམ་གཟུགས
་ཅན་གྱི་རྫས་བརྗོད་དེ། རྣོན་པོ་དངུལ་གྱི་བཀང་ཞིང་བརྡུངས་པའོ། །འདི་ནི་དེའི་འདབ་མ་དག་པ་སྟེ། རྣོན་པོ་དང། ནམ་མཁའ་ལས་སྐྱེས་ཞེས་པ་ལྷང་ཚེར་དེ་ཉིད་དང། ཨ་ལ་ཞེས་པ་ཏཱ་ལ་ཀ་དང། ལན་ཚྭ་ཞེས་པ་རྒྱམ་ཚྭ་དང། ཡ་རཀྵཱ
་ར་དང་ས་རྫ་ར་ས་སྟེ། རྣོན་པོ་ལ་སོགས་པ་རིམ་པ་ཡིས་འཕེལ་བ་ཞེས་པ་ནི་ཆ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་གི་བར་དུའོ། །དེ་དག་ཐམས་ཅད་གཅིག་ཏུ་བྱས་པ་ཉི་མ་སྟེ་ཟངས་ཉིས་འགྱུར་དག་ལ་རོ་མཉམ་བྱེད་པས།
་དང་པོ་ཀོང་བུ་ཁ་བསྔམས་པར་བསྲེག་སྟེ། དེ་ནས་ཀོང་བུ་ཁ་ཕྱེ་བར་ཉི་མའི་ལྷག་མར་གྱུར་གྱི་བར་དུ་བསྲེག་པར་བྱའོ། །སླར་ཡང་ལན་ཚྭ་སྟེ་ཊཾ་ག་ནའི་ལན་ཚྭས་དག་པར་འགྱུར་རོ། །དེ་བཞིན་པ་ལས་བྱུང་བ་ལ་སོགས་ཀྱིས་བྲམ་འཇམ་པར
་འགྱུར་ཞེས་པ་ལས། བ་ལས་བྱུང་བ་ནི་བའི་དར་བའོ། །སོགས་པས་ནི་ཨརྒའི་རྩ་བ་དང། བཛྲ་ཀ་ན་ཀའི་རྩ་བ་དང། ཨེ་རཎྜའི་རྩ་བ་དང། ཀྵའི་ར་ཀཉྩུ་ཀའི་རྩ་བ་རྣམས་བཏགས་ནས་ཞག་བདུན་གྱི་བར་དུ་མནན་པར་བྱའོ། །དེ་ནས་ཇི་སྲིད་གཉེན
་བར་གྱུར་གྱི་བར་དུ་དར་བ་དེ་ལས་བཀྲུ་བར་བྱའོ། །དེ་ཉིད་དངུལ་ལ་སུམ་ཆ་བྱིན་ཞིང་བཀང་བ་འམ། བསྣུན་པ་དག་ཀྱང་དག་པའི་མེ་ཏོག་ཉིད་དུ་འགྱུར་ཏེ། མེ་ཏོག་གི་འདབ་མའི་ངེས་པའོ། །ད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པའི
་དོན་དུ་དྲི་དང་སྤོས་ལ་སོགས་པའི་ལེ་ཚེ་སྦྱར་བ་གསུངས་པ། ཨེ་ལ་ཞེས་པ་ལ་སོགས་པ་སྟེ། འདིར་དྲིའི་བསྟན་བཅོས་ལས་གསུངས་པའི་ཆོ་གས་སྦྱངས་པའི་རྫས་རྣམས་རེ་མིག་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་ལེ་ཚེ་སྦྱར་བ་ལ་དགོད་པར་བྱ་སྟེ།
་རེ་མིག་དང་པོ་ལ་ཨེ་ལའོ། །གཉིས་པ་ལ་ག་བུར་རོ། །གསུམ་པ་ལ་ཕྲེང་བ་ཞེས་པ་པྲི་ཀའི་མེ་ཏོག་གོ་།བཞི་པ་ལ་གཡོ་བ་ཞེས་པ་སིཧལ་ཀི་ཕྱེ་མའོ། །ལྔ་པ་ལ་གྷ་ན་ཞེས་པ་བླ་སྒང་ངོ། །དྲུག་པ་ལ་འབྲས་བུ་ཅན་ཏེ། པྲི་ཡང་ཀུའི་མེ་ཏོག་གོ་བདུན་པ
་ལ་བྱ་རོག་སྟེ། ཨ་ཀ་རུ་ནག་པོའོ། བརྒྱད་པ་ལ་རི་སྐྱེས་ཏེ་ཤཻ་ལཻ་ཡའོ། །དགུ་པ་ལ་ཀཀྐོ་ལའོ། །བཅུ་པ་ལ་སིད་ཧ་མུ་ཏྲའོ། །བཅུ་གཅིག་པ་ཨུཏཔལ་ཏེ་རུ་རྟའོ། །བཅུ་གཉིས་པ་ལ་འབྲས་བུ་སྟེ་ཛཱ་ཐཱི་ཕ་ལའོ། །བཅུ་གསུམ་པ་ལ་རི་དགས་སྐྱེས་ཏེ་གླ
་རྩིའོ། །བཅུ་བཞི་པ་ལ་དམར་བ་སྟེ། གུར་གུམ་མོ། །བཅོ་ལྔ་པ་ལ་དཻ་དྱ་སྟེ་མུ་རཱའོ། །བཅུ་དྲུག་པ་ལ་པཱུ་ཏི་སྟེ། པུ་ཏྲ་ཀེ་ཤའོ། །བཅུ་བདུན་པ་ལ་ཀླུ་སྟེ་ནཱ་ག་གེ་སར་གྱི་མེ་ཏོག་གོ་།བཅོ་བརྒྱད་པ་ལ་བསིལ་བ་སྟེ་ཙན་དན་ནོ། །བཅུ་དགུ་པ་ལ་ར་ན
་སྟེ་ཨུ་ཤཱི་ར་ཀའོ། །ཉི་ཤུ་པ་ལ་འདབ་མ་སྟེ། ཏ་མ་ལའི་འདབ་མའོ་ཉི་ཤུ་རྩ་གཅིག་པ་ལ་ལ་སྟེ་མཾ་ས་།ཉི་ཤུ་རྩ་གཉིས་པ་ཆུ་སྟེ། བཱ་ལ་ཀའོ། །ཉི་ཤུ་རྩ་གསུམ་པ་ལ་འཁྲིས་ཤིང་གླ་རྩིའོ། །ཉི་ཤུ་རྩ་བཞི་པ་ལ་ནམ་མཁའ་སྟེ་བྷེ་རུཎྜ
་བཥྚིའོ། །ཉི་ཤུ་རྩ་ལྔ་པ་ལ་འཁྱོག་པོ་སྟེ་བ་ཎི་ཌཱ་ཏ་ཀའི་མེ་ཏོག་གོ་།དེ་ལྟར་འདི་དག་ནི་རྫས་རྣམས་ཏེ། ཇི་ལྟར་འདོད་པ་བཞིན་ལེ་ཚེ་སྦྱར་བ་ལས་ཕྱུང་བའི་རྫས་ལྔ་པ་འདི་དག་གིས་བཟང་པོའི་དྲི་མཛོད་ཅིག་ཅེས་པ་ནི
་ངེས་པའོ། །རི་དགས་རི་བོང་ཅན་སོགས་ཞེས་པ་ནི་གླ་རྩི་དང་ག་བུར་དང་བཅས་པའི་གདུག་པ་དག་གིས་སྨིན་པར་བྱའོ། །མེ་ཏོག་དྲི་བཟང་པོ་རྣམས་ཀྱིས་བསྒོ་བར་བྱའོ། །ཆད་ལ་སོགས་པས་སོ། །ཞེས་པ་ནི་ག་བུར་དང་གླ་རྩི་དང་ཛཱ་ཏཱི་ཕ་ལ
་དང་བཅས་པ་འཆང་བར་འགྱུར་བའི་ཆང་ཐམས་ཅད་ཀྱིས་དབུག་པར་བྱའོ། །ཞེས་པ་ནི་རྫས་དགོད་པའི་ངེས་པའོ། །ད་ནི་ལེ་ཚེ་སྦྱར་བ་ལ་བཀོད་པའི་རྫས་རྣམས་ཀྱི་ཆ་གསུངས་པ། མིག་ཅེས་པ་ལ་སོགས་པ་སྟེ། འདིར་རེ་མིག་དང་པོ་ལ་
་བཀོད་པའི་རྫས་ནི་མིག་ཅེས་པ་ཆ་གཉིས་སོ། །གཉིས་པ་ལ་ཟླ་ཞེས་པ་ཆ་གཅིག་གོ་།གསུམ་པ་ལ་མེ་ཞེས་པ་གསུམ་མོ། །བཞི་པ་ལ་རྒྱ་མཚོ་ཞེས་པ་བཞིའོ། །ལྔ་པ་ལ་མདའ་ཞེས་པ་ལྔའོ། །དྲུག་པ་ལ་ཡོན་ཏན་ཞེས་པ་གསུམ་མོ། །
་བདུན་པ་ལ་ཆུ་གཏེར་ཞེས་པ་བཞིའོ། །བརྒྱད་པ་ལ་མདའ་ཞེས་པ་ལྔའོ། །དགུ་པ་ལ་ལག་པ་ཞེས་པ་གཉིས་སོ། །བཅུ་པ་ལ་ཟླ་བ་ཞེས་པ་གཅིག་གོ་།བཅུ་གཅིག་པ་ལ་མདའ་ཞེས་པ་ལྔའོ། །བཅུ་གཉིས་པ་ལ་མིག་ཅེས་པ་གཉིས་སོ།
་བཅུ་གསུམ་པ་ལ་ཟླ་ཞེས་པ་གཅིག་གོ་།བཅུ་བཞི་པ་ལ་མེ་ཞེས་གསུམ་མོ། །བཅོ་ལྔ་པ་ལ་ཆུ་གཏེར་ཞེས་པ་བཞིའོ། །བཅུ་དྲུག་པ་ལ་ཟླ་བ་ཞེས་པ་གཅིག་གོ་།བཅུ་བདུན་པ་ལ་དུས་ཞེས་པ་གསུམ་མོ། །བཅོ་བརྒྱད་པ་ལ་དུས་ཞེས་པ
་བཞིའོ། །བཅུ་དགུ་པ་ལ་མདའ་ཞེས་པ་ལྔའོ། །ཉི་ཤུ་པ་ལ་མིག་ཅེས་པ་གཉིས་སོ། །ཉི་ཤུ་རྩ་གཅིག་པ་ལ་ཆུ་གཏེར་ཞེས་པ་བཞིའོ། །ཉི་ཤུ་རྩ་གཉིས་པ་ལ་མདའ་ཞེས་པ་ལྔའོ། །ཉི་ཤུ་རྩ་གསུམ་པ་ལ་མིག་ཅེས་པ་གཉིས་སོ། །
་ཉི་ཤུ་རྩ་བཞི་པ་ལ་ཟླ་བ་ཞེས་པ་གཅིག་གོ་།ཉི་ཤུ་རྩ་ལྔ་པ་ལ་འཇིག་རྟེན་ཞེས་པ་གསུམ་མོ། །དེ་ལྟར་བརྗོད་པའི་རིམ་པས་ཨེ་ལ་ལ་སོགས་པ་ཆ་ཤས་གྲངས་རྣམས་རིམ་པས་ཡོངས་སུ་བཀོད་པ་རེ་མིག་ལྔ་ལྔ་དག་ལ་སྟེ། རྫས་ལྔ་ནི་ལེ་ཚེ
་སྦྱར་བའི་གོང་ཁྱེར་ལ་གནས་ཏེ། གྲོང་ཁྱེར་ཞེས་པ་ནི་རེ་མིག་གོ་།དག་པའི་རྫས་ཀྱི་ཆ་ཤས་ཉིན་ཞག་ཅེས་བྱ་ཞེས་པ་བཅོ་ལྔའི་ཆ་ཤས་ཏེ། གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་གཅིག་ཏུ་གྱུར་པ། དེ་དག་གི་དྲིར་འགྱུར་རོ་ཞེས
་པ་ནི་དྲིའི་ལེ་ཚེ་སྦྱར་བ་ལས་རྫས་ཀྱི་ཆ་ཤས་ངེས་པའོ། །ད་ནི་སྤོས་ཀྱི་ལེ་ཚེ་སྦྱར་བ་གསུངས་ཛཱ་ཏཱི་ཞེས་པ་ལ་སོགས་པ་སྟེ་འདིར་སྔར་བཀོད་པའི་ལེ་ཚེ་སྦྱར་བའི་རྫས་རྣམས་ཀྱི་ནང་ན་ཛཱ་ཏཱི་ལ་སོགས་པའི་རྫས་ལྔ་ཕྱུང་སྟེ། དེ་རྣམས་ཀྱི་གནས
་སུ་རིམ་པ་བཞིན་གཞན་ལྔ་སྦྱིན་པར་བྱའོ། །དེ་ལ་ཛཱ་ཏཱི་ཞེས་པ་ཛཱ་ཏཱི་ཕ་ལ་སྟེ་སོགས་པ་ལས་གཉིས་པ་ནི་ཨེ་ལའོ། །གསུམ་པ་ནི་འཁྲི་ཤིང་གླ་རྩིའོ། །བཞི་པ་ནི་འདབ་མ་སྟེ་ཏ་མ་ལའི་འདབ་མའོ། །ལྔ་པ་ནི་ཀ་ལ་ཤ་སྟེ། ཀཀྐོ་ལའོ། །
་འདི་རྣམས་ཀྱི་གྲོང་དུ་སྟེ་རེ་མིག་ཏུ་རིམ་པས་དགོད་པར་བྱ་བ་ནི། ཛཱ་ཏཱི་ཕ་ལའི་རེ་མིག་ཏུ་རྒྱ་སྐྱེས་སོ། །ེ་ལའི་རེ་མིག་ཏུ་རྒྱ་སྐྱེས་སོ། །ེ་ལའི་རེ་མིག་ཏུ་ས་རྫར་སའོ། །འཁྲི་ཤིང་གི་རེ་མིག་ཏུ་འོ་མ་ཞེས་པ་ཤཱི་བཱ་སའོ། །འདབ་མའི་རེ
་མིག་ཏུ་པུ་ར་ཞེས་པ་གུ་གུལ་ལོ། །ཀཀྐོ་ལའི་རེ་མིག་ཏུ་སི་ཏ་ཞེས་པ་ཏུ་རུ་ཀའོ། །དེ་ལྟར་བདུག་པའི་བྱ་བ་རྣམས་ལ་འདུག་པ་ནི་རྫས་ལྔ་བོ་སྔར་བརྗོད་པའི་ཆ་ཤས་དག་གི་བྱའོ། ཞེས་པ་སྟེ་ངེས་པའོ། །ག་བུར་ཀ་ར་དང་བཅས་པ་སྟེ། གང་དུ་ཀ་ར
་ཡིན་པ་དེར་ཀ་ར་དང་ལྷན་ཅིག་སྦྲང་རྩི་སྦྱིན་པར་བྱའོ། །སེན་མོ་དག་ནི་མེའི་ཆ་ཤས་ཀྱིས་ལྷན་ཅིག་པ་སྟེ་དེ་ལྟར་ཆ་བཅོ་བརྒྱད་ཀྱི་ཡན་ལག་དྲུག་གི་སྤོས་སུ་འགྱུར་རོ། །ཀཱ་པཱུ་ར་དང་ཀ་ར་དང་སྦྲང་ཙི་དང་གླ་རྩི་དང་བཅས་པ་ནི་ཡན་ལག་བཅུ
་པ་ལ་སྟེ། བདུག་སྤོས་ཀྱི་ལེ་ཚེ་སྦྱར་བ་ལ་རྫས་ཀྱི་ངེས་པའོ། །ད་ནི་སྤོས་ཀྱི་རེང་བུ་གསུངས་པ། དེ་དག་ཅེས་པ་ལ་སོགས་པ་སྟེ། འདིར་བདུག་པའི་ལེ་ཚེ་སྦྱར་བ་ལས་གསུངས་པའི་སྤོས་ཀྱི་སྦྱོར་བ་སྦྲང་རྩི་དང་བྲལ་བ་དྲིའི
་ཆུ་ཀར་ཅུང་ཟད་བསྲེས་པ་དང་སྦྱར་བ་དེས་སྤོས་ཀྱི་རེང་བུ་ནཱ་རཱ་ཙའི་རྣམ་པ་བྱ་སྟེ། གོས་ལ་སོགས་པ་བདུག་པ་དང་དམ་པའི་ཆོས་དང་སྐུ་གཟུགས་ལ་སོགས་པའི་དོན་དུའོ། ཞེས་པ་སྟེ་ངེས་པའོ། །ད་ནི་ཁྲུས་ཀྱི་ལེ་ཚེ་སྦྱོར་བ་གསུངས་པ་ལྟེ་བ་དང
་པོ་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་བརྗོད་པའི་དྲི་ཡི་ལེ་ཚེ་སྦྱར་བ་ལ་བཀོད་པའི་རྫས་རྣམས་ཀྱི་ནང་ནས་ལྟེ་བ་ལ་སོགས་པའི་རྫས་ལྔ་ཕྱུང་སྟེ། དེ་དག་གི་རེ་མིག་རྣམས་ལ་གྲངས་བཞིན་དུ་ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ་གཞན་དག་སྦྱིན་པར
་བྱའོ། །དེ་ལ་ལྟེ་བའི་རེ་མིག་ལ་གྲན་ཐི་པཎྞ་དགོད་པར་བྱའོ། །སིད་ཧ་མུ་དྲའི་རེ་མིག་ལ་སྟག་གི་སེན་མོའོ། །རི་བོང་ཅན་གྱི་གྲོང་དུ་ཧ་རེ་ཎུའོ། །མཁའ་ཨི་གྲོང་དུ་ཧ་ཏ་ཞེས་པ་ཀ་ཙོ་རི་ཀའོ། །གཞན་ཡང་དེ་བཞིན་ཏེ་ཇི་ལྟར་སྤོས་ཀྱི་བྱ་བ་ལ་དུང
་ཞེས་པ་སེན་མོ་དེ་ཆ་གསུམ་མོ། །དེ་ལྟར་ཤུན་པ་དག་གི་ཆ་གསུམ་སྦྱིན་པར་བྱའོ། །ཁྲུས་ཀྱི་སྦྱོར་བ་ལ་ཁྲུས་ཀྱི་རྫས་རྣམས་ཀྱིས་ནང་ནས་དེ་ལྟར་བཅོ་བརྒྱད་ལ་རྫས་དྲུག་གི་ཁྲུས་སུ་འགྱུར་རོ། །ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ
་རྫས་ཀྱི་ངེས་པའོ། །ད་ནི་དྲིལ་ཕྱིས་ཀྱི་ལེ་ཚེ་སྦྱར་བ་གསུངས་ཏེ། འདིར་ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ་གསུངས་པའི་རྫས་རྣམས་ཀྱི་ནང་ནས་ཤུན་པ་བཞིན་དུ་རྫས་ལྔ་པོ་རྣམས་ཆ་གསུམ་བྱིན་པར་བྱ་སྟེ། དྷཱ་ནྱ་ཞེས་པ་ཀུ་སྟུཾ་བུ་རུ་དང་མཱུ་དྷཱི་ཞེས་པ་མ་རུ
་བ་ཀ་དང། བརྒྱ་ཡིས་མཚན་དང་ཞེས་པ་མེ་ཏོག་བརྒྱ་པ་དང། དམ་ཞེས་པ་དམ་ཀ་དང། མ་དུ་རི་སྟེ་ལྔ་པོ་འདི་རྣམས་ཆ་གསུམ་མོ། །དེ་ལྟར་ཆ་བཅོ་བརྒྱད་ཀྱིས་དྲིལ་ཕྱིས་སུ་འགྱུར་ཏེ། དྲིལ་ཕྱིས་ཀྱི་རྫས་ཀྱི་ངེས་པའོ། །ད་ནི་སྨིན་པའི་ཏིལ་མར
་གྱི་དོན་དུ་ཏིལ་མར་གྱི་རེ་མིག་སྦྱར་བ་གསུངས་པ། སྔར་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་བརྗོད་པ་དྲིའི་ལེ་ཚེ་སྦྱར་བའི་རྫས་ཀྱི་ཚོགས་མ་ཟློག་པ་ཆུ་སྐྱེས་ཞེས་པ་སེན་མོ་སྟེ་ཆུ་སྐྱེས་བཞིན་དུ་ལུས་དང་ཞེས་པ་ཤུན་པ་དང་གྲན་ཐི་པརྞ་དག་ཀྱང་སྟེ་དེ་དག་ཆ
་གསུམ་བྱིན་ནས་དྲིའི་ལེ་ཚེ་སྦྱོར་བའི་རྫས་ལྔ་དང་བཅས་པ་རྫས་བདུན་གྱི་ཆ་བཅོ་བརྒྱད་ཀྱིས་འཆད་པར་འགྱུར་བའི་རིམ་པས་ཏིལ་མར་སྨིན་པར་བྱ་སྟེ། དྲི་སྣ་ཚོགས་ཀྱི་ཏིལ་མར་དུ་འགྱུར་རོ། །ཏིལ་མར་གྱི་ལེ་ཚེ་སྦྱར་བའི་རྫས་ངེས་པའོ། །དེ་བཞིན་དུ
་ཕྱེ་མ་ལ་སོགས་པ་སྟེ། ཕྱེ་མ་དག་གི་ཡུལ་ལ་གྲན་ཐི་དེ་བཞིན་ཞེས་པ་ནི་སེན་མོ་བཞིན་དུ་རྫས་ལྔ་པོ་རྣམས་ལ་གྲན་ཐི་པརྞ་སྦྱིན་པར་བྱའོ། །ལུས་དང་ཧ་ཏ་བཏུང་བ་བསྒོ་བ་ལ་སྦྱིན་པར་བྱ་བར་འགྱུར་ཏེ། ཁ་བསྒོ་བ་ལ་ཡང་ངོ། །ཤུན་པ་པོ་ལ
་གྲན་ཐི་དུང་ཞེས་པ་ལ་རྫས་བཞིའི་ཆ་གསུམ་ནི་འབྲས་བུའི་སྨིན་པ་དང། འདབ་མ་སྦྱར་བའི་སྨིན་པ་དང་དང་པའི་སྨིན་པ་དང་སོགས་པ་ལས་ཁྱོགས་ཀྱི་སྨིན་པ་འཆད་པར་འགྱུར་བ་ལ་སྦྱིན་པར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་རབ་དབྱེ་སུམ
་ཅུ་དག་གི་དྲི་ལ་སོགས་པའི་སྦྱོར་བ་སུམ་ཅུ་ལེགས་སྤྲས་རྣམ་མང་དྲི་དང་སྤོས་ལ་སོགས་པའི་སྦྱོར་བ་དང་ཁྲུས་དང་དྲིལ་ཕྱིས་ལ་སོགས་པ་རྣམས་དྲི་དོན་དུ་གཉེར་བ་རྣམས་ཀྱི་བྱའོ། །རྫས་ཇི་ལྟར་གྱུར་པས་ཤེ་ན་རྣམ་པར་དག་ཅིང་འབྲས་པུ་སྦྱར་བས
་སྨིན་དང་བསྒོས་པ་དང་ནི་ཕུག་པ་དག་གིས་འདོད་པར་གྱུར་པས་སོ་ཞེས་པ་སྟེ། རྫས་བསྡུས་པའི་ངེས་པའོ། །ད་ནི་དྲི་སྡུག་པས་སྨིན་པ་གསུངས་པ་དང་དཔེར་བརྒྱད་ཆ་ཞེས་པ་ལ་སོགས་པའོ། །འདིར་དྲིའི་སྦྱོར་བ་ལ་འདབ་མ་རྣམ་པ་གསུམ
་སྟེ། ཐ་མ་དང་འབྲིང་དང་མཆོག་གོ་།དེ་ལ་ཐ་མ་ནི་གླ་སྒཾ་དང། ཤཻ་ལཻ་ཡ་དང། ཨུ་ཤཱི་ར་དང། བཱ་ལ་ཀ་དང། ཀ་བིད་ཐ་དང། བིལ་བ་དང་མཱུ་ར་དང། མཾ་སི་ཞེས་པ་སྟ་རྫས་འདི་དག་ནི་ཐ་མའོ། །འདི་དག་གིས་དབང་གིས་ནི་འདབ་མའི་དབང
་གིས་སོ། །དང་པོར་བསྐ་བ་སྟེ། ཨ་རུ་རའི་ཕྱེ་མ་བུ་རམ་གྱིས་སྤྱར་བའི་བདུག་པར་འགྱུར་ཏེ། དེ་འདབ་མའི་བརྒྱད་ཆས་དང་པོར་ཉིན་ཞག་གཅིག་བདུག་པར་བྱའོ། །དེ་ནས་ཉིན་ཞག་གཉིས་མེ་ཏོག་བསྒོ་བ་བྱས་ནས་ཉིན་ཞག་གསུམ
་པ་ལ་འབྲིང་པོའི་འདབ་མ་བསྲེ་བར་བྱའོ། །དེ་ནས་དེའི་ཉིས་འགྱུར་དག་ནི་དྲག་པོའི་སྤོས་ཞེས་པ་ནི་སྔ་མ་དང་ཕྱི་མ་དེ་མི་ཉིས་འགྱུར་དག་ནི་དྲག་པོའི་སྤོས་ཞེས་པ་སྟེ། རྒྱ་སྐྱེགས་དང་ས་རྫར་ས་དང་ཤྲཱི་བཱ་ས་དང། གུ་གུལ་དང་ཀུན་ཏུ་རུ་ཀ
་སྟེ། ལྔ་པོ་འདི་དག་བུ་རམ་གྱི་སྦྱར་བས་དྲག་པོའི་སྤོས་སུ་འགྱུར་རོ། །བཀའ་བའ་ཨི་ཉིས་འགྱུར་སྦྱིན་པར་བྱ་སྟེ། འདབ་མའི་རྐང་པའི་ཆ་ཤས་སོ། །འདིར་འབྲིང་པོའི་འདབ་མ་ནི། མེ་ཏོག་གི་སྡེ་དང། ཙནདན་དང། ཨ་ཀ་རུ་དང་འབྲས་བུའི་སྡེ་དང།
་སེན་མོ་དང། ཤུན་པའི་སྡེ་དང། ཁུ་བའི་སྡེ་སྟེ། དེ་ལྟར་ཉིན་ཞག་གཉིས་དྲག་པོའི་བདུག་པས་འདུག་པར་བྱ་སྟེ། །གཅིག་གིས་བར་དུ་ཆོད་པའི་ཉིན་ཞག་གཉིས་མེ་ཏོག་གི་བསྒོ་བར་བྱའོ། །ཕྱི་ནས་རྫས་ཀྱི་ཚད་ཀྱི་བུ་རམ་དག་ཀྱང་བདུག
་པ་དང་ལྷན་ཅིག་སོས་ཀ་ངེས་པར་བསྲེག་པར་བྱའོ། །དེ་ནས་སོས་ཀའི་སྦྱོར་བ་དག་ལས་འཕེལ་ཏེ། དབྱར་རྫས་ཀྱི་ཉིས་འགྱུར་དང་དགུན་སུམ་འགྱུར་སྦྱིན་པར་བྱའོ། །དེ་ནས་བུ་རམ་ཚིག་པར་གྱུར་པ་ན་དུང་ཞེས་པ་སེན་མོ་རྐང་པའི་ཆ་ཤས
་བུ་རམ་དང་ལྷན་ཅིག་སྔར་བརྗོད་པའི་ཆོ་གས་ཉིན་ཞག་གཉིས་ངེས་པར་བསྲེག་པར་བྱའོ། །དེ་ནས་སྦྲང་རྩི་དང་དཀར་པོ་སྟེ། ཤ་ཀ་ར་དག་ཀྱང་རྫས་མཉམ་པ་བོང་བུའི་བདུག་པ་དང་ལྷན་ཅིག་ངེས་པར་བསྲེག་སྟེ། བདུག་པ་ནི་ཁམ་བུའི
་དང་པོ་དང་མཇུག་ཏུ་འབའ་ཞིག་པ་ངེས་པར་བསྲེག་གོ་།དེ་བཞིན་དུ་བུར་མ་ཡང་ཉིན་ཞག་སོ་སོར་ཁམ་བུ་གསུམ་བསྲེགས་ནས་ངལ་བསོ་བར་བྱའོ། །ཉིན་ཞག་སོ་སོར་རྫས་ཀྱི་བརྒྱད་ཆའི་སྤོས་ངེས་པར་བསྲེག་པར་བྱའོ། །རྣམ་པ་གཞན་དུ
་དམན་པ་ཡིས་ནི་མ་སྨིན་པར་འགྱུར་ཞིང་ལྷག་པ་ཡིས་དྲི་ཚིག་པར་འགྱུར་ཏེ། མ་སྨིན་ན་སྐྱུར་བར་འགྱུར་རོ། ཞེས་པ་ནི་ངེས་པའོ་ཞེས་པ་ནི་གོང་བུའི་འདུག་པ་སྟེ། ལེ་ཚེ་སྦྱར་བ་ལས་བརྗོད་པའི་ག་བུར་དང་བཅས་ཤིང་དྲག་པོའི་རྫས་སྤངས་པ།
་རྫས་ལྔ་སྦྲང་རྩི་དང་བུ་རམ་གྱིས་སྦྱར་བས་གོང་བུའི་བདུག་པ་སྟེ། དེ་ཉིད་དུང་གི་ཚད་དེ་ཞེས་པ་ནི་རྫས་ཀྱི་རྐང་པ་ཆ་ཤས་ངེས་པར་བསྲེག་གོ་།དེ་ལ་པྲུ་ཏྲ་ཀེ་ཤ་དང་ཛཱ་ཏི་ཕཱ་ལ་དང། ག་བུར་དང། ལྟེ་བ་དང། གཞན་ལེ་ཚེ་སྦྱར་བ་ལས་བརྗོད་པ་མཆོག
་གི་འདབ་མ་བྱིན་ནས། མ་ལ་ཡ་ནི་ཙནདན་ནོ། །ཡང་པ་ཞེས་པ་ནི་ཨ་ཀ་རུའོ། །གཡོ་བ་ཞེས་པ་ནི་སིཧལ་ཀའོ། །ཟླ་བ་ཞེས་པ་ནི་ག་བུར་ཏེ། དེ་དང་ལྡན་པ་ནི་རྫས་གསུམ་མོ། །དེ་བཞིན་ནོ་ཞེས་པ་ནི་གོང་བུའི་བདུག་པ་དང་མཚུངས་པར་སྦྲང་རྩི་དང་ཤ
་ཀར་དང་བཅས་པ་ངེས་པར་བསྲེག་པར་བྱའོ། །འདིར་བུ་རམ་ནི་གོང་བུའི་ཕུ་རམ་སྟེ། ཁུ་བ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །ཞེས་པ་ནི་ངེས་པའོ། །དེ་ནས་སྨིན་པའི་དྲི་ཞེས་ནས་ཏེ། སྨིན་པ་མཉེས་པ་འདི་ཡི་དྲི་ཡིས་གལ་ཏེ་ལག་པའི་མཐིལ་དམར་པོར
་གྱུར་ན་དེའི་ཚེ་ཡོངས་སུ་སྨིན་པའོ། །ཅི་སྟེ་མ་སྨིན་ན་ཇི་སྲིད་སྨིན་པར་མ་གྱུར་པ་དེ་སྲིད་དུ་དཀར་པོའི་བདུག་པ་བསྲེག་པར་མི་བྱའོ། །སྨིན་པའི་དྲི་འདི་ནི་མེ་ཏོག་བཟང་པོ་ཙམ་པ་ཀ་ལ་སོགས་པ་དྲི་ཞིམ་པོ་རྣམས་ཀྱི་ཉིན་ཞག་འགའ་ཞིག་སྟེ་ཕྱོགས་ཀྱི་ཕྱེད་དམ
་ཕྱོགས་གཅིག་གི་བར་དུ་འདུག་པའི་སྐྱོན་སྤོང་སྟེ། དེ་ནས་འདོད་པར་འགྱུར་རོ། །དེ་ནས་དབུག་པ་བརྒྱའི་ཆ་ཤས་འབྲས་བུ་གསུམ་ཞེས་པ་ནི་ཛཱ་ཏཱི་ཕ་ལ་དང། ཀཀྐོ་ལ་དང། ཡང་ན་ཀཀྐོ་ལའི་གནས་སུ་ཨེ་ལ་དང། འཁྲི་ཤིང་གླ་རྩིའོ། །ཟླ་བ
་ཞེས་པ་ནི་ག་པུར་རོ། །མ་ད་ཞེས་པ་ནི་གླ་རྩི་སྟེ། འདི་དག་ཆ་མཉམ་པར་བྱས་ནས་རྒྱའི་ཆ་ཤས་ཀྱིས་དྲི་ཡི་འབུགས་པ་བྱའོ། །ཆང་དང་བཅས་པས་ཤེས་པ་ནི་འཆད་པར་འགྱུར་བའི་མྱོས་པའི་ཆང་དང་ལྷན་ཅིག་འབུགས་པ་བརྒྱའི་ཆ་ཤས་སྦྱིན་པར
་བྱའོ། །ཆང་ནི་འབུགས་པའི་བརྒྱད་འགྱུར་རོ། །འབུགས་པའི་ངེས་པའོ། །ད་ནི་གྲི་རྣམས་བསླང་བའི་དོན་དུ་ཆང་གསུངས་པ། ཤིང་གྲུ་ཞེས་པ་ལ་སོགས་པ་སྟེ། འདིར་དྲིའི་བསྟན་བཅོས་ལས་གསུངས་པའི་ཆོ་གས་རྒྱ
་ཆེར་གང་དུ་ཆང་ལ་སོགས་པ་སྨིན་པ་ཅི་འདྲ་བ་དེ་ནི་དྲིའི་བསྟན་བཅོས་དེ་ཉིད་ལས་ཤེས་པར་བྱ་སྟེ། འདིར་མང་མདོར་བསྡུས་པས་བརྗོད་དོ། །ཤི་གྲུའི་ཆུ་ཞེས་པ་ནི་ཤི་གྲུའི་ཁུ་བ་དང། ཚཱ་ག་མུ་ཏྲ་དང། མེ་ཏོག་བཅུད་ཅེས་པ་སྦྲང
་རྩི་སྟེ། དེ་དང་མཉམ་པ་ནི་ཚད་མཚུངས་པའོ། །མེ་ཏོག་ལས་སྐྱེས་མཐར་ཞེས་པ་ནི་སྦྲང་རྩིའི་མཐར་ཐུག་པར་མེ་ཡིས་བསྐོལ་བར་བྱའོ། །དེ་ནས་བླངས་ཏེ་ནཱ་རི་ཀེ་ལ་ལ་སོགས་པར་བླུགས་ནས་སོ་བའི་ཕུང་པོའི་དབུས་སུ་ཟླ་བ་གཅིག་དམིན
་པར་འགྱུར་རོ། །རི་དགས་དང་མཉམ་ཆང་དང་ལྟེ་བ་འབིགས་པའོ། ཞེས་པ་ནི་མེ་ཡིས་སྨིན་པའི་མཇུག་ཏུ་ལྟེ་བ་ཞེས་པ་གླ་རྩི་དང་མ་གསུངས་ཀྱང་ག་བུར་དང་འབྲས་བུ་གསུམ་སྟེ། དེས་བརྒྱའི་ཆ་ཤས་འབུགས་བ་བྱིན་ནས་སོ་བ་དེ་ལ
་བཞག་པར་བྱའོ། །དེ་ནས་དེ་ཡིས་དྲི་དབུགས་པ་སྔར་བརྗོད་པར་བྱའོ། ཞེས་པ་ནི་ངེས་པའོ། །དྲི་བསྟན་བཅོས་ཐམས་ཅད་ལས་བདུག་པ་སྨིན་པ་ལ་འདུག་པའི་འཁྲུལ་འཁོར་རྣམ་པ་གསུམ་ནི་མཉམ་པ་དང་ཌཱ་མ་རུའི་རྣམ་པ་དང། སྟེང
་ཁམ་པོར་གྱི་དབྱིབས་ཅན་ཏེ། དབུས་སུ་སོར་མོ་གཉིས་ཀྱི་བུག་པ་ཅན་སོར་མོ་དྲུག་པ་ནི་ཐ་མ་སྟེ། བསྐ་བ་དང་དྲག་པོའི་བདུག་དོན་ཏུའོ། །འབྲིང་པོ་ནི་སོར་མོ་བརྒྱད་པའི་སྤངས་ཏེ། སེན་མོ་དང་བུ་རམ་དང། གོང་བུའི་སྤོས་ཀྱི་དོན་དུའོ། །མཆོག
་ནི་སོར་མོ་བཅུ་པ་སྟེ་བསིལ་བའི་སྤོས་ཀྱི་དོན་དུའོ། །འཁྲུལ་འཁོར་འདིའི་འོག་ཏུ་བྱེ་མ་དང་བཅས་པའི་གྱོ་མོ་སྒྱེད་བུའི་སྟེང་དུ་བྱིན་ནས་ཚ་བའི་བྱེ་མ་ལ་བདུག་པ་འཛིན་པ་བྱིན་ཏེ། དེའི་སྟེང་དུ་འཁྲུལ་འཁོར་རོ། །འཁྲུལ་འཁོར་གྱི་སྟེང་དུ་དྲིའི
་རྫས་སོང་ཕྱེད་ཀྱི་སྤངས་སུ་རབ་ཏུ་བྱུགས་པའི་འཇིམ་པའི་ཐོད་པ་སྟེ། རྫས་ཤིན་ཏུ་ཆུང་བ་ལ་ནཱ་རི་ཀ་ལ་བྱིན་ནས་བདུག་པ་ངེས་པར་བསྲེག་པར་བྱ་སྟེ། དབྱུག་གུ་གཅིག་དང་དབྱུ་གུ་ཕྱེད་དུ་བདུག་པའི་ཚང་ཤེས་ནས་སོ། །དེ་ནས་ཐོད་པ་བླངས་ཏེ། སྤང་ལེབ་ཀྱི
་སྟེང་དུ་གིས་བྱིན་ནས་གང་གིས་དུ་བ་མི་འགྲོ་བ་ཁ་འོག་ཏུ་ཕྱོགས་པར་བཞག་པར་བྱའོ། །སྨིན་པའི་དུས་སུ་ཡང་ཐོད་པ་དང་འཁྲུལ་འཁོར་གྱི་བར་དུ་གཤེར་བའི་གོས་ཀྱི་བཀྲི་བར་བྱའོ། ཞེས་པ་ནི་བདུག་པས་སྨིན་པའི་ངེས་པའོ། །འབྲས་བུས་སྨིན་པ
་ནི་པཱི་ཛཱ་པུ་རའི་ནང་གི་འབྲས་བུ་ཕྱུང་ནས། པགས་པ་ཡོངས་སུ་སྒྱུར་བའི་ནང་དུ་དྲིའི་རྫས་རབ་ཏུ་བཞུག་པར་བྱའོ། །ཕྱི་རོལ་དུ་ཤིང་ཤུན་གྱིས་བཀྲིས་ནས་འཇིམ་པས་སོར་གཅིག་གི་དཔངས་སུ་བྱུག་པར་བྱའོ། །ཕྱི་ནས་བ་ལང་གི་གཅི་བའི་མེ་ཡིས་ཁ
་སྦྱོར་བས་སྨིན་པར་བྱ་སྟེ། ཇི་སྲིད་བྱུག་པ་མེའི་མདོག་ཏུ་གྱུར་པའི་བར་དུའོ། །དེ་ལས་ལྷག་མ་ནི་དྲི་ཉམས་པར་འགྱུར་རོ། །དེ་ནས་མེ་ལས་ཕྱུང་སྟེ་གསིལ་པར་གྱུར་པའི་དྲི་ནི་ལྟེ་བ་ལ་སོགས་པ་རྣམས་ཀྱི་སྔར་བརྗོད་པའི་ཆོ་གས་དབུགས་པར
་བྱ་སྟེ། འབྲས་བུས་སྨིན་པའི་ངེས་པའོ། །འདབ་མ་སྦྱར་བའི་སྨིན་པ་ལ་ཡང་ཀེ་ཏ་ཀིའི་འདབ་མ་རྣམས་ཀྱིས་སྣོད་བྱས་ནས་ནང་དུ་དྲིའི་རྫས་བཞུག་པར་བྱ་སྟེ། ལྷག་མ་ནི་འབྲས་བུ་སྨིན་པ་བཞིན་ནོ། །དང་བའི་སྨིན་པ་ལ་གསེར་རམ་དངུལ་གྱི་
་བུམ་པའི་ནང་ལ་དྲིའི་རྫས་དཔངས་སོར་གཅིག་གིས་བྱུགས་པ། ཟངས་ཀྱི་སྣོད་དྲིའི་ཆུས་ཕྱེད་ཡོངས་སུ་བཀང་བ་ལ་བརྐྱལ་བར་བྱེད་ཅིང་བསྐོལ་བ་ཉམས་སུ་མྱོང་བ་སྟེ། ངང་པ་བཞིན་རྐྱལ་བར་བྱེད་པའི་ངང་པའི་སྨིན་པ་ཞེས་པའོ། །དབུག
་པ་ལ་སོགས་པ་ནི་སྔར་བཞིན་ནོ། །ངང་པའི་སྨིན་པའི་ངེས་པའོ། །ངང་པའི་སྨིན་པ་དང་ཞེས་བྱ་བ་གསུངས་པའི་ཕྱིར་ཕྱོགས་ཀྱི་སྨིན་པ་ལ་སོགས་པ་བརྗོད་པར་བྱ་སྟེ། འདིར་དྲིའི་བསྟན་བཅོས་ལས་བརྗོད་པའི་རྫས་རྣམ་པ་དགུའི་ནང་ནས་དམན
་པའི་འདབ་མ་རྣམས་དག་པའི་སླད་དུ་ལས་རྣམ་པ་བརྒྱད་དེ་བཀྲུ་བ་དང། དུགས་དང། མཉེ་བ་དང། བརྡུང་བ་དང། སྤང་བ་དང། བདུག་པ་དང། བསྒོ་བ་དང། དབུག་པའོ། །དེ་ལ་བཀྲུ་བ་ནི་རྩབས་མོས་སོ། །དུགས
་ནི་ཁྱོགས་ཀྱི་སྨིན་པས་སོ། །མཉེ་བ་ནི་དྲི་ཡི་ཆུ་ཡིས་སོ། །བརྡུང་བ་ནི་བུ་རམ་གྱི་ཆུ་ལ་སོགས་པས་སོ། །སྤང་བ་ནི་ཤི་གྲུ་དང་ཆག་མུ་དྲ་ལ་སོགས་པས་སོ། །བདུག་པ་ནི་བསྐ་བ་དང་དྲག་པོ་དག་གིས་སོ། །བསྒོ་པ་ནི་ཀེ་ཏ་ཀཱི་ལ་སོགས་པའི
་མེ་ཏོག་རྣམས་ཀྱིས་སོ། །དབུག་པ་ནི་ལྟ་བ་ལ་སོགས་པའི་རྫས་རྣམས་ཀྱིས་སོ། །བླ་རྒང་ལ་སོགས་པ་དམན་པའི་འདབ་མ་རྣམས་དང་མེ་ཏོག་གི་ཚོགས་བཀྲུ་བ་དང་བསོ་བ་ལ་སོགས་པ་བྱ་སྟེ། བརྡུང་པ་སྤངས་ནས་སོ། །དེ་བཞིན་དུ་ཤུན
་པའི་ཚོགས་དང་འབྲིང་པོའི་འདབ་མ་རྣམས་དང་རྩ་བའི་ཚོགས་དང་ཤིང་གི་ཚོགས་དང་འདབ་མའི་ཚོགས་དང་འཚོ་བའི་ཚོགས་ལའོ། །སེན་མོ་ནི་བརྡུང་བའོ། །པུ་ཏྲ་ཀེ་ཤ་ནི་སྦྱར་བའི་སྨིན་པའོ། །ལྷག་མ་ནི་མེ་ཏོག་གི་ཚོགས་བཞིན་ནོ། །
་འབྲས་བུའི་ཚོགས་དང། ཁུ་བའི་ཚོགས་དང་ཞུ་བའི་རྫས་ཀྱི་ཚོགས་ལ་ལས་ཅི་ཡང་མི་བྱའོ། །བརྗོད་པའི་རྫས་འདི་རྣམས་ཕྱེ་མར་བྱས་ནས་སྣོད་ཀྱི་ཁར་གོས་ཀྱི་སྟེང་དུ་ཕྱེ་མ་སྦྱིན་ནོ། །སྣོད་དྲིའི་ཆུས་ཕྱེད་གང་བ་སྒྱེད་བུའི་སྟེང་དུ་བཞག་ནས
་རླབས་པའི་དུགས་ཀྱི་དུགས་བྱ་སྟེ། ཇི་སྲིད་ཕྱེ་མ་རློན་པར་གྱུར་གྱི་བར་དུའོ། །དེ་ནས་བླངས་ཏེ་མཉེ་བ་ལ་སོགས་པ་བྱའོ། །དེ་བཞིན་དུ་པུ་ཏྲ་ཀེ་ཤའི་ཡང་ཕྱོགས་ཀྱི་དུགས་དང་སེན་མོའི་དུགས་ཀྱི་གནས་སུ་བ་ལང་གི་གཅི་བ་དང་འཇིམ
་པས་བསྐོལ་བ་དང་བརྡུང་བའོ། །བསྐ་བའི་ཆུ་ཡི་བྲན་བ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །སྨིན་པ་རྣམ་པ་ལྔའི་ངེས་པའོ། །ལྷག་མ་ནི་དྲི་དོན་དུ་གཉེར་བ་རྣམས་ཀྱི་དྲིའི་བསྟན་བཅོས་ལས་ཤེས་པར་བྱའོ། །ད་ནི་དྲི་ལ་སོགས་པ་རྣམས
་ཀྱི་གསང་བ་གསུངས་པ། གསང་བ་ཞེས་པ་ལ་སོགས་པ་སྟེ། འདིར་དྲི་ལ་སོགས་པ་རྣམས་གསིལ་བའི་སྤོས་ཀྱི་སྨིན་པའི་དུས་སུ་གསང་བ་ནི་དྲི་ལ་པཱུ་ཏི་སྦྱིན་པར་བྱའོ། །ར་ས་སེན་མོ་གཡོ་བའི་ཞེས་པ་ནི་གསང་བ་སྟེ། འདིར་སྤོས་ཀྱི་སྨིན་པ་ལ
་སྒྱུར་བར་གྱུར་བའི་དྲི་རྣམས་ལ་སྤོས་སྦྱིན་པར་བྱ་སྟེ། སྤོས་ཀྱི་སྦྱོར་བ་བྱས་ནས་སོ། །སྤོས་ཀྱི་སྦྱོར་བ་ཞེས་པ་ནི་སྤོས་ཀྱི་སྨིན་པའི་ཡུལ་ལ་གན་དྷ་ར་ས་དང། སེན་མོ་དང་སིཧལ་ཀ་བུ་རཾ་གྱི་སྦྱངས་ནས་ཉིན་ཞག་གཅིག་གམ་ཉིན་ཞག་གཉིས་ཏེ་ཇི་སྲིད
་སྒྱུར་བ་ཉིད་འདོར་བའོ། །དེ་ནས་གོང་བུ་ལ་སོགས་པ་སྦྱིན་པར་བྱའོ། །ཞེས་པ་ནི་ངེས་པའོ། །ཅི་སྟེ་སྨིན་པ་དྲག་པོས་དྲི་ཚིག་པར་གྱུར་ན། མཚན་མོ་རི་བོང་མཚན་པའི་འོད་ཟེར་གྱིས་དྲི་ལ་རེག་པར་བྱའོ། །དེ་མེད་ན་ཇི་སྲིད་ཚིག་པའི་སྐྱོན་ཉེ་བར
་ཞི་བར་གྱུར་གྱི་བར་དུ་ཆུའི་འགྲམ་དུ་གཞག་པར་བྱའོ། །དྲི་རྣམས་རྣམ་པར་ཉམས་པའི་རྒྱུ་བརྗོད་པར་བྱ་སྟེ། འདིར་མ་དག་པ་དང་དག་པའི་རྫས་རྣམས་གཅིག་པ་ཉིད་ནི་རྣམ་པར་ཉམས་པའི་རྒྱུའོ། །དེ་བཞིན་དུ་འབྲུ་མར་དང་རླན་དང་བཅས་པའི
་གནས་དང་སོག་མ་དང་འགྱུར་བྱེད་ཀྱི་རྫས་དང། གཤང་གཅི་དང། བྱི་བ་ཡི་རེག་པ་དང། ཤིན་ཏུ་དྲོ་བའི་གནས་སོ། །དེ་བཞིན་གསིལ་བ་ཞེས་བ་ཙནདན་དང། ཏུ་རུ་སྐ་དང་གུ་རུ་དང་རི་བོང་ཅན་ནི་གསང་བ་སྟེ། པུ་ཏྲ་ཀེ་ཤཱའི་མཇུག་ཏུ
་གསིལ་བ་ལ་སོགས་པའི་སྤོས་སྦྱིན་པར་བྱའོ། ཞེས་པ་སྟེ་སྨིན་པའི་མཐར་ངེས་པའོ། །བསྒོ་བའི་བྱ་བར་མེ་ཏོག་གསང་བ་སྟེ། ཇི་སྲིད་སྤོས་ཀྱི་སྐྱོན་ཉེ་བར་ཞི་བར་གྱུར་པར་རོ། །འབུགས་པ་ལ་ཞེས་པ་འབུགས་པའི་ཡུལ་ལ་ག་བུར་དང་གླ་རྩི་དང
་འབྲས་བུ་གསུམ་དང་མ་དའི་ཆང་ཞེས་པ་གླ་རྩིའི་ཆང་གསང་བ་སྟེ། ཇི་སྲིད་མེ་ཏོག་བསྒོ་བའི་སྐྱོན་ཉེ་བར་ཞི་བར་གྱུར་བར་རོ། ཞེས་པ་སྟེ་དྲིའི་སྦྱོར་བའི་ངེས་པའོ། །ཡང་དག་ཁྲུས་སྦྱོར་ལ་ཞེས་པ་ནི་ཁྲུས་ཀྱི་ཡུལ་ལ་གདོན་མི་ཟ་བར་རོ། །གསང
་བ་ཞེས་པ་ནི་སྦྱིན་པར་བྱ་སྟེ། ཁྲུས་ཀྱི་རྫས་ཀྱི་ཚོགས་ཀྱི་ནང་དུ་ཤུན་པ་གྲན་ཐི་པརྞྞ་ནགས་སུ་རྒྱུ་བ་དང་བཅས་ཤེས་པ་ནི་པུ་ཏྲ་ཀེ་ཤ་དང་བཅས་པ་སྟེ། ཆ་གསུམ་ཆ་བཅོ་ལྔའི་དབུས་སུ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ། །
་དྲིལ་ཕྱིས་ཀྱི་སྦྱོར་བ་ལ་གྲན་ཐི་པཎྞ་སྦྱིན་པར་བྱ་སྟེ། ཆ་ནི་ཁྲུས་ལ་ཇི་ལྟ་བ་དེ་བཞིན་ནོ། །དྲིའི་ལེ་ཚེ་སྦྱར་བའི་ཆོ་ག་གསུངས་པའོ། །ད་ནི་ལྟེ་བའི་གཙོ་བོའི་དྲི་གསུངས་པ། ཆུ་སྐྱེས་དག་ལ་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་རྫས་གཅིག
་གིས་དྲིའི་རྒྱལ་པོ་བྱ་བར་འདོད་ན། དེའི་ཚེ་ཆུ་སྐྱེས་དག་པ་ཞེས་པ་ནི་སེན་མོའོ། །དེ་ཉིད་ནི་སྤྱིར་རྣམ་པ་བཞི་སྟེ། གླང་པོ་ཆེའི་རྣ་བ་དང། རྟའི་རྨིག་པ་དང། ཨུཏཔ་ལའི་འདབ་མ་དང། བ་ད་རའི་འདབ་མའོ། །དེ་རྣམས་ལ་དྲིའི་སྦྱོར་བ་ལ་གླང
་པོ་ཆེའི་རྣ་བ་དང་རྟའི་རྨིག་པ་སྦྱིན་པར་བྱའོ། །སྤོས་ཀྱི་སྦྱོར་བ་ལ་བ་དར་དང་ཨུཏཔ་ལའི་འདབ་མའོ། །འདིར་ཡང་བ་ད་རའི་འདབ་མ་མཆོག་སྟེ། དེ་མེད་ན་ཨུཏཔ་ལའི་འདབ་མ་ལ་སོགས་པ་བཟུང་བར་བྱའོ། །དག་པ་ནི་དྲིའི་བསྟན་བཅོས་ལས་བརྗོད
་པའི་ཆོ་གས་བསྐོལ་བ་དང་བརྡུང་བ་དང། བུ་རམ་དང་བསྐ་བའི་ཆུ་ཡིས་བྲན་པ་དང། ཕྱེ་མར་བྱས་པ་དང། འབྲས་བུ་གསུམ་ལ་སོགས་པ་བྱུག་པ་དང་བསྒོས་པའི་ཕྱིར་དག་པའོ། །དེ་ཉིད་གཞན་པའི་རྫས་ཀྱི་དམན་ཞིང་མངར་བདག་དང་ཞེས
་པ་ནི་ཆད་སྟེ་དེ་དང་རྣམ་པར་བྲལ་བའོ། །དྲི་ཡིས་ཆུ་ཡི་རྟགས་ཤེས་པ་ནི་འདིར་དྲིའི་ཆུའི་དོན་དུ་ཤིན་ཅུ་དང་པའི་ཆུ་བླངས་ནས་ཨེ་ལ་དང། ཤུན་པ་དང་མཱཾ་སཱི་དང་བཱ་ལ་ཀ་དང་ཙནདན་རྣམས་ཞོ་གཉིས་ཐུམ་པོར་བཅིངས་ཏེ་ཆུ་བྲེ་བརྒྱད་ལ
་བཞུགས་པར་བྱའོ། །དེ་ནས་རྐང་པའི་ལྷག་མར་བསྐོལ་བར་བྱ་སྟེ། ཇི་སྲིད་དྲིའི་ཆུ་གྱུར་པར་རོ། །དེ་ཡིས་དྲི་གཞན་ཡང་བརྟག་པར་བྱའོ། །ཞེས་པ་ནི་ངེས་པའོ། །སྤོས་ཀྱི་སྨིན་པ་ཞེས་པ་ནི་སེན་མོ་དག་པ་བཏགས་པ་དེ་ཉིད་བདུག་པས་སྨིན
་པའི་ཆོ་གས་སྤོས་ཀྱིས་སྨིན་པའོ། །བསྐལ་པ་དྲག་པོ་སྦྲང་རྩི་དང་བཅས་ལག་སྐྱེས་དག་གི་ཁམ་བུ་རིམ་པས་འཕེལ་ཞེས་པ་ལ། སྦྲང་རྩི་དང་ཀ་ར་དང་བཅས་པ་བསྐ་བའི་ཁམ་བུ་གཅིག་སྟེ། ཉིན་ཞག་དང་པོ་ལའོ། །ཁམ་བུའི་ཐོག་མ་ཐ་མར་སྦྲང་རྩི་དག་དང
་དཀར་པོ་ངེས་པར་བསྲེག་སྟེ་དང་པོ་སྤོས་ལས་སོ་ཞེས་པའི་ངེས་པ་ལས་དང་པོར་སྦྲང་རྩི་དང་ཤ་ཀ་རའོ། །བར་དུ་བསྐ་བའི་སྤོས་ཀྱིས་ཁམ་བུ་སྦྱིན་པར་བྱིན་པར་བྱའོ། །སླར་ཡང་ཁམ་བུའི་མཇུག་ཏུ་སྦྲང་རྩི་དང་ཀ་ར་ངེས་པར་བསྲེག་པར་བྱའོ་ཉིན་ཞག་གཉིས་པ་ལ
་མེ་ཏོག་བསྒོ་བར་བྱའོ། །དེ་ལྟར་གཅིག་གིས་བར་དུ་ཆོད་པའོ། །དྲག་པོའི་སྤོས་ཀྱིས་ཁམ་བུ་གཉིས་ཉིན་ཞག་གཉིས་ལ་ངེས་པར་བསྲེག་གོ་།སེན་མོའི་ཁམ་བུ་གསུམ་ཉིན་ཞག་གསུམ་གྱིས་སོ། །དེ་ནས་ཁམ་བུ་གཉིས་ནི་ཀ་ར་བསྲེས་པ་དག་སྟེ། ཞེས་པ་ནི་མ་ལ
་ཡའི་ཁམ་བུ་གཉིས་ཉིན་ཞག་གཉིས་ལའོ། །གཡོ་བའི་གཅིག་སྟེ་ལྕགས་དང་ག་བུར་དག་གི་ཡང་ངོ། །ཁམ་བུའི་ཐོག་མ་དང་ཐ་མར་སྦྲང་རྩི་དང་ཤ་ཀ་ར་སྔར་བཞིན་ནོ། །དེ་ལྟར་གཅིག་གིས་བར་དུ་ཆོད་པས་ཉིན་ཞག་ཉི་ཤུ་རྩ་བཞིའི་སྤོས་ཀྱིས་སྨིན་པར
་འགྱུར་རོ། །དེ་ནས་ཉིན་ཞག་བཅུས་མེ་ཏོག་བཟང་པོ་རྣམས་ཀྱི་བསྒོ་བར་བྱས་ནས་ཏེ། ཇི་སྲིད་སྤོས་ཀྱི་སྐྱོན་ཉེ་བར་ཞི་བར་གྱུར་པའི་བར་དུའོ། །དྲི་ཡིས་ཆུ་ཡི་བསྲེག་པ་དག་ཅེས་པ་ནི་སྔར་གྱི་ཆོ་གས་ཉིན་ཞག་སོ་སོར་དྲི་ཡིས་ཆུ་ཡི་བསྐོལ་བར་བྱའོ། །ཆུ་གྲང་མོ
་སྦྱིན་པར་མི་བྱ་སྟེ། ཆུ་གྲང་མོས་སྒྱུར་བར་འགྱུར་རོ་དྲི་ཡི་ཆུ་དེ་ཡིས་བསྲེས་པའི་དྲི་བྱས་ནས་འཇིམ་པའི་ཐོད་པ་འཛག་པ་མིན་པ། ཕྱི་རོལ་ནས་སྤྲ་ཚིལ་དང་གོས་ཀྱིས་བཅིངས་ཏེ། བརྟན་པ་ཁ་བཅད་ལ། དེ་ཉིད་ནི་གཞན་ཤིན་ཏུ་ཆེ་བའི་སྣོད་ཀྱི་རྫ་མར་རོ།།
་ཡང་ནས་འོག་ཏུ་སྟེ་དེ་མེད་ནའོ། །སྣོད་དེར་བཅུག་ལ་སྟེང་ནས་བྱེ་མ་སྦྱིན་པར་བྱ་སྟེ། ཇི་སྲིད་སྣོད་ཀྱི་མགྲིན་པའི་མཐར་ཐུག་པ་གང་བར་གྱུར་གྱི་བར་དུའོ། །བྱེ་མས་གང་བའི་སྣོད་དེ་ལ་ཐུན་མོང་བའི་ཆུ་ཉི་མས་དྲོས་པ་སྦྱིན་ནོ། །སྣོད་དེ་ཉིད་ཉི་མའི་འོད་ལས
་ཟླ་བ་དྲུག་གི་བར་དུ་བཞག་པར་བྱའོ། །དེ་ལྟར་ཟླ་བ་དྲུག་གི་ཉེ་བར་སྦྱོར་བས་སྨིན་པར་འགྱུར་ཏེ། ཆུ་ལ་གནས་པ་ལྟེ་བའི་གཙོ་བོའི་དྲི་ཞེས་པ་ནི་དྲིའི་རྒྱལ་པོའི་ངེས་པའོ། །ད་ནི་དྲིའི་ཏིལ་མར་གྱི་དོན་དང་མེ་ཏོག་གི་ཏིལ
་མར་གྱི་སླད་དུ་ཏིལ་དག་པ་གསུངས་པ། ཏིལ་ཞེས་པ་ལ་སོགས་པ་སྟེ། འདིར་ཏིལ་ཡོངས་སུ་སྨིན་པ་གསར་པ་རྣམས་ཡང་དག་པར་བཟུང་བར་བྱའོ། །འདབ་མ་བསྐོལ་བའི་ཆུ་དག་དང་ཞེས་པ་ལ་འདབ་མ་ནི་ཨ་མྲའི་འདབ་མའོ། །དེ་བཞིན
་དུ་འཛམ་བུ་དང་ཀ་བིད་ཐ་དང་མ་སྟུ་ལུང་ག་དང། བིལ་བ་རྣམས་ཀྱི་སྟེ་ཤིང་ལྔའི་འདབ་མའོ། །དེ་དག་བསྐོལ་བའི་ཆུ་ནི་འདབ་མའི་ཆུ་སྟེ་ངེས་མཉེས་ནས་ཏིལ་རྣམས་ཀྱི་སྦུན་པ་གསལ་བ་ནི་དག་པ་དང་པོའོ། །དེ་ནས་དྲ་བའི་འཁྲུལ་འཁོར
་གྱི་སྟེང་དུ་གོས་བྱིན་ནས་དེའི་སྟེང་དུ་ཏིལ་རྣམས་སྣོད་གཞན་གྱིས་བྱིབས་ནས་འདུག་པར་བྱ་སྟེ། དག་པ་གཉིས་པའོ། །བྱུག་པ་ལ་སོགས་རྣམས་ཀྱི་ཤེས་པ་ནི་འབྲས་བུ་གསུམ་དྲི་ཡིས་ཆུས་བཏགས་པའི་བྱུག་པ་སྦྱིན་པར་བྱའོ། །སོགས
་པས་ནི་ཉི་མའི་འོད་ཀྱིས་བསྐམ་པར་བྱའོ། །དེ་ལྟར་ཏིལ་རྣམས་དག་བྱས་ནས། ཕྱི་ནས་ཛཱ་ཏི་ལ་སོགས་མེ་ཏོག་རྣམས་ཀྱི་ཉིན་ཞག་འགའ་ཞིག་སྟེ། ཕྱོགས་སམ་ཉིན་ཞག་བཅུ་བར་ཆད་མེད་པར་བསྒོ་བར་བྱའོ། །ཇི་སྲིད་དགོས་པ་རྣམས
་དགོས་པའི་མེ་ཏོག་གི་དྲི་འཛིན་པའི་བར་དུ་སྟེ། དེ་ནི་འདོད་པར་བསྒོས་པ་ཡིན་ནོ། །དེ་ནས་ཏིལ་བཙིར་བའི་འཁྲུལ་འཁོར་གྱིས་ཏིལ་མར་བླངས་ནས་མིའི་བདག་པོ་ཞེས་པ་ནི་བོད་པའོ། །མཁས་པས་འཆིང་བུའི་སྣོད་དུ་བཞག་པར་བྱ
་སྟེ། ཏིལ་མར་དེ་ནི་ཁྲུས་སམ་ཡན་ལག་བྱུགས་པ་དག་ལ་མྱོས་བྱེད་མེ་ཏོག་ཏིལ་མར་ཉིད་ནི་སྨིན་པ་མིན་པར་འགྱུར་ཞེས་པའོ། །ཅི་སྟེ་སྨིན་པའི་ཏིལ་མར་བྱེད་པར་འདོད་ན་དེའི་ཚེ་ཏིལ་མར་དེ་ཉིད་དྲི་བཟང་པོའི་ཆུ་དང་མཉམ་པ
་བསྐོལ་བར་བྱ་སྟེ། ཇི་སྲིད་ཏིལ་མར་གྱི་དབུ་བ་འདོར་གྱི་བར་དུའོ། །དེ་ནས་འབོགས་པའི་དུས་སུ་དྲིའི་རྫས་བརྒྱད་ཆའི་དྲིའི་ཆུས་བཏགས་པ་སྦྱིན་པར་བྱའོ། །ཕྱི་ནས་དབོག་པར་བྱ་སྟེ། ཇི་སྲིད་གྲངས་པར་གྱུར་གྱི་བར་དུའོ། །དེ་ནས་གླ་རྩི་ལ་སོགས
་པའི་འབུགས་པ་བྱིན་ནས་མཆིང་བུའི་སྣོད་དུ་བཞག་པར་བྱའོ། །དེ་ཉིད་མ་དའི་ཆང་རྐང་པའི་ཆ་ཤས་ཀྱིས་བསྲེས་ནས་རྒྱ་སྐྱེགས་ཀྱི་སྣོད་དུ་ཉི་མའི་འོད་ཀྱི་ཞག་བདུན་གདུངས་ནས་གླ་རྩིའི་ཏིལ་མར་དུ་འགྱུར་རོ། །འོད་མའི་དོང་པར་སྨིན་པ་ནི་ཉི་མའི
་སྨིན་པར་འགྱུར་ཏེ། དེ་ལྟར་བྱུག་པ་ལ་སོགས་པ་ནི་འོད་མའི་དོང་པར་སྨིན་ཅིང་ལྟེ་བ་ལ་སོགས་པས་ཕུག་པ་མཆོག་གི་བྱུག་པར་འགྱུར་རོ། །དེ་ལྟར་ཆོ་ག་སྣ་ཚོགས་པ་དྲིའི་བསྟན་བཅོས་ལས་གསུངས་པའི་དྲི་ལ་སོགས་པའི་སྦྱོར་བ་བྱ་སྟེ། འདིར
་ནི་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་པ་གསུངས་སོ། །དྲིའི་རིགས་པ་ངེས་པའོ། །ད་ནི་སྦྲུམ་མ་རྣམས་བཙའ་བའ་ཨི་དོན་དུ་ཐམས་ཅད་ནས་སུམ་ཅུ་རྩ་བཞིའི་འཁྲུལ་འཁོར་གསུངས་པ། ས་འཛིན་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་སྦྲུམ་མ
་རྣམས་བཙའ་བའ་ཨི་དུས་སུ་ཕྱི་རོལ་གྱི་ཕོ་ཉ་མོའི་སྐྱོན་གྱིས་མངལ་རེངས་པར་གྱུར་ན་དེའི་ཚེ་འཁྲུལ་འཁོར་འདི་ཚད་ཀྱི་རྒྱབ་ཏུ་བྲི་བར་བྱ་སྟེ། ཚད་ཅེས་པ་ནི་བྲེའོ། །དེའི་རྒྱབ་ཏུ་རེ་མིག་བཅུ་དྲུག་བྱས་ནས་རེ་མིག་དང་པོ་ལ་ས་འཛིན་བདུན་ནོ། །གཉིས
་པ་ལ་ཉི་མ་སྟེ་བཅུ་གཉིས་སོ། །གསུམ་པ་ལ་ཟླ་བ་སྟེ། ཅིག་གོ་།བཞི་པ་ལ་མ་ནུ་སྟེ་བཅུ་བཞིའོ། །ལྔ་པ་ལ་མིག་སྟེ་གཉིས་སོ། །དྲུག་པ་ལ་འདོད་པ་སྟེ་བཅུ་གསུམ་མོ། །བདུན་པ་ལ་ནོར་ཏེ་བརྒྱད་དོ། །བརྒྱད་པ་ལ་དྲག་པོ་སྟེ་བཅུ་གཅིག་གོ་།
་དགུ་པ་ལ་རྒྱལ་པོ་སྟེ་བཅུ་དྲུག་གོ་།བཅུ་པ་ལ་མེ་ཞེས་པ་གསུམ་མོ། །བཅུ་གཅིག་པ་ལ་ཕྱོགས་ཞེས་པ་བཅུའོ། །བཅུ་གཉིས་པ་ལ་འབྱུང་བ་ཞེས་པ་ལྔའོ། །བཅུ་གསུམ་པ་ལ་བུག་པ་ཞེས་པ་དགུའོ། །བཅུ་བཞི་པ་ལ་དུས་ཞེས་པ་དྲུག་གོ་།
་བཅོ་ལྔ་པ་ལ་ཚེས་ཞེས་པ་བཅོ་ལྔའོ། །བཅུ་དྲུག་པ་ལ་ཆུ་གཏེར་དག་ཅེས་པ་ནི་བཞི་སྟེ་མཛའ་ཨི་རེ་མིག་བཅུ་དྲུག་པ་ལ་གཞག་པར་བྱའོ། །རེ་མིག་བཞི་ལ་གནས་པའི་ཨང་ཀ་འདི་རྣམས་ཀྱི་གྲངས་གཅིག་ཏུ་བསྡུས་པ་ནི
་ཆུའི་གཏེར་དང་རྩེ་མོ་ཅན་ཞེས་སུམ་ཅུ་རྩ་བཞིའོ། །ཐམས་ཅད་དུ་དཔལ་ལྡན་འཁོར་ལོ་མཛའ་དག་ནི་ཚད་ཀྱི་རྒྱབ་ཏུ་བྲིས་ནས་འཁྲུལ་འཁོར་འདི་རབ་ཏུ་བཙའ་བར་འགྱུར་བའི་དུས་སུ་སྦྲུམ་མ་རྣམས་ལ་བསྟན་པར་བྱ་ཞེས་པ་སྟེ། མངལ་བགྲོད
་པའི་ངེས་པའོ། །ད་ནི་མངལ་ལ་སོགས་པ་བྱིས་པའི་རྒྱུད་གསུངས་པ། རྣལ་འབྱོར་མ་རྣམས་ཤེས་པ་ལ་སོགས་པ་སྟེ། འདིར་སའི་སྟེང་དུ་རབ་གསལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་གང་ཡིན་པ་དེ་དག་ནི་བརྒྱད་པ་བརྒྱད་ཀྱི་མ་མོར་རབ
་ཏུ་གྲགས་སོ། །དེ་དག་གི་ནང་ན་མངལ་ཞེས་པ་སུམ་འགྱུར་དགུ་ཞེས་པ་ནི་ཉི་ཤུ་རྩ་བདུན་ནོ། །ཉིན་ཞག་ཅེས་བྱ་བ་བཅུའོ། །བཅུ་གཅིག་ཟླ་བ་ཞེས་བྱ་བའོ། །གཞན་ནི་ལྔ་པ་གསུམ་ཞེས་བཅོ་ལྔ་ནི་ལོ་ཞེས་བྱ་སྟེ། དྲུག་ཅུ་རྩ་གསུམ་པོ
་དེ་དག་བྱིས་པ་འཛིན་ཏེ་མཛའ་དག་སའི་སྟེང་དུའོ། །མངལ་དུ་ཟུག་རྔུ་དང་ནི་རབ་ཏུ་བཙའ་བའ་ཨི་དུས་སུ་སྐྱེ་གནས་ལ་ཡང་ཟུག་ཟེར་བྱེད་པ་ཉིད་ཅེས་པ་ནི། འདིར་མངལ་ཞེས་བྱ་བ་རྣམས་ཀྱི་ནང་ནས་བཅོ་ལྔ་ནི་མངལ་བཟུང་བའི་ཉིན་ཞག་ནས
་རྩམས་ཏེ་ཉིན་ཞག་བཅོ་ལྔའི་བར་དུ་མངལ་དུ་ཟུག་རྔུ་རབ་ཏུ་བྱེད་དོ། །དེ་ནས་དགུ་ནི་ཟླ་བ་དགུ་ཡིས་བར་དུའོ། །རབ་ཏུ་བཙའ་བའ་ཨི་དུས་སུ་གཅིག་གོ་།ནུ་མའི་འོ་མ་འཕྲོག་པ་གཉིས་ཏེ་མངལ་ཞེས་བྱ་བ་རྣམས་ཀྱི་ངེས་པའོ། །སྐྱེས་པ་རྣམས
་ལ་བྱིས་པའི་རྒྱུད་དུ་འགྱུར་ཏེ་ཉིན་ཞག་དབང་དང་ཟླ་བ་ལོ་ཡིས་རབ་དབྱེ་ལས། ཞེས་པ་ལ་འདིར་བྱིས་པའི་རྒྱུད་ཅེས་པ་ནི་མ་མོ་ཡིས་གཟིར་བ་རྣམས་ཀྱི་བྱིས་པ་གསོ་བའོ། །དེ་ལ་ཉིན་ཞག་ཅེས་བྱ་བ་རྣམས་ལ་འཆད་པར་འགྱུར་བའི
་གཏོར་མ་སྦྱིན་པར་བྱ་སྟེ། བྱིས་པ་སྐྱེས་པ་རྣམས་སྐྱེས་པའི་ཉིན་ཞག་ནས་བརྩམས་ཏེ་ཉིན་ཞག་བཅུའི་བར་དུ་རང་རང་གི་ཉིན་ཞག་ལ་གཟིར་བར་བྱེད་པ་རྣམས་ལའོ། །ཟླ་བ་རེ་རེའི་དབང་གིས་བཅུ་གཅིག་པོ་རྣམས་ལ་ཟླ་བ་བཅུ་གཅིག་གི་བར་དུའོ། །
་དེ་ནས་བཅོ་ལྔ་པོ་རྣམས་ལ་ལོ་བཅོ་ལྔའི་བར་དུའོ། །དེའི་སྟེང་དུ་བྱིས་པ་གཞོན་ནུ་ཉིད་མེད་དེ། ལོ་བཅུ་དྲུག་ལ་ཁུ་བ་འཛག་པའི་ཕྱིར་རོ། ཞེས་པ་ནི་ངེས་པའོ། །ད་ནི་མ་རུངས་པ་ལྔ་གསུངས་པ། མ་རུངས་པ་ཞེས་པ་ལ་སོགས་པ་སྟེ། འདིར་སའི
་སྟེང་དུ་དགའ་བ་ལ་སོགས་པའི་ཚེས་ཀྱི་དབྱེ་བས་ཚེས་ལྔ་པོ་རྣམས་ཀྱི་མཚམས་སུ་གཞོན་ནུ་རྣམས་ཏེ། ནམ་མཁའ་ལ་སོགས་པའི་རང་བཞིན་ཡོན་ཏན་དབང་གི་ཚིགས་མཚམས་དག་ལ་ཡང་དག་གནས་སོ། །དེ་དག་རང་གི་ཚེས་ལ་འཇིགས་འགྱུར་བྱིས
་པ་འཛིན་པར་བྱེད་དོ། །ཐམས་ཅད་ཐུན་མོང་གི་གཏོར་མས་བྱིས་པ་ངེས་པར་གཏོང་བར་མི་བྱེད་དོ། །རྒྱལ་པོ་ཞེས་པ་ནི་བོད་པའོ། །དེ་དག་ཞི་བའི་དོན་དུ་འདིར་ནི་རྣམ་མང་དཀྱིལ་འཁོར་ཁྲུས་དང་སྦྱིན་བསྲེག་གི་བྱ་བ་འཆད་པར་འགྱུར་བ་དག་ཏུ་རབ
་ཏུ་འགྱུར་ཞེས་པ་ནི་མ་རུངས་པའི་ངེས་པའོ། །ད་ནི་མངལ་ཞེས་བྱ་བ་རྣམས་ཀྱི་གཟིར་བའི་སྦྲུམ་མ་རྣམས་ཀྱི་སྨན་གསུངས་པ་རུ་རྟ་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་སྦྲུམ་མ་རྣམས་ཀྱི་མངལ་ན་བར་གྱུར་ན་དེའི་ཚེ་སྨན་ནི་དུ་རྟ་དང་ཨུ་ཤཱི་ར
་དང་ཀཱ་རེ་རུ་དང། ཏ་ཀ་རཱའི་རྩ་བ་དང། ཨུཏཔ་ལའི་རྩ་བ་དང། པདྨ་གེ་སར་ཏེ། རྫས་འདི་དག་གསིལ་བའི་ཆུ་ཡོངས་སུ་དངས་པས་བཏགས་ཤིང་རྡོ་རྗེ་ཡིས་ནི་བསྔགས་པ་དག་ཀྱང་ཞེས་པ་ལ། ཨོཾ་ཨཱ:ཧཱུཾ་ཨ་མུ་ཀཱ་ཡ་གརྦྷ་ཤུ་ལཾ་ཧ་ར་ཧ
་ར་སྭཱཧཱ། ཞེས་པ་ནི་བསྔགས་ཏེ། འདིས་མངོན་པར་བསྔགས་ནས་མངལ་གྱི་ཟུག་རྔུ་ལ་རབ་སྦྱིན་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་མངལ་ནི་རངས་ན་ན་ཀུ་ལའི་སྦུ་བརྒྱད་དང་ཙུག་ཕུད་ཅན་གྱི་སྟེ་རྨ་བྱའི་མཇུག་མ་བཟུང་ནས་བསིལ་བའི་ཆུས་བཏགས
་ཏེ། མངོན་པར་བསྔགས་ནས་སྔ་མ་བཞིན་དུ་སྦྱིན་པར་བྱའོ། །འོ་མ་ཕྲོགས་པ་རྣམས་འོ་མའི་ཤིང་གིས་འོག་ཏུ་ཁྲུས་བྱའོ། །བའི་འོ་མས་གང་བའི་ཁམ་ཕོར་བདུན་དང་འོ་མའི་ཟན་གྱི་གཏོར་མ་སྦྱིན་པར་བྱའོ།
་ཞེས་པ་ནི་མངལ་ཞེས་བྱ་བ་རྣམས་ཀྱི་ངེས་པའོ། །ད་ནི་འོ་མ་ཞེས་པ་ལ་སོགས་པས་ཉིན་ཞག་མ་རྣམས་ཀྱི་ཆོ་ག་གསུངས་ཏེ། འདིར་ཉིན་ཞག་བཅུའི་ནང་དུ་བཟུང་བའི་བྱིས་པ་ཞི་བའི་དོན་དུ་འོ་མ་དང་མར་དང་ཐུག་པ་དང་ཟན་དང་ཞོ་དང་བུ་རམ
་དང། བཅས་པའི་གཏོར་མ་ཉིན་ཞག་མ་རྣམས་དག་ལ་སྦྱིན་པར་བྱ་སྟེ། ཁྲུས་དང་སྤོས་ནི་འཆད་པར་འགྱུར་རོ། །ཉིན་ཞག་མ་རྣམས་ཀྱི་མཚན་མོ་གསུམ་དུ་གཏོར་མའི་ངེས་པའོ། །ད་ནི་སྨིན་པ་ཞེས་པ་ལ་སོགས་པས་ཟླ་བ་ཞེས་བྱ
་བ་རྣམས་ཀྱི་ཆོ་ག་གསུངས་ཏེ། འདིར་ཞག་བཅུའི་རྗེས་ལ་ཟླ་བའོ། །དེ་ནས་ཟླ་བ་བཅུ་གཅིག་གི་བར་དུ་ཟླ་བར་སྐྱེས་པ་རྣམས་ཞི་བའི་དོན་དུ་མ་མོ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །སྨིན་པའི་ཟས་ལྔ་ཐ་དད་ཅེས་པ་ནི་མར་གྱི་སྨིན་པ་སྟེ།
་པཱུ་རི་ཀ་དང། གྷྲི་ཧ་པཱུ་ར་དང། སོ་མ་ལི་དང། སེ་བ་ལི་དང། པ་ཊ་ཀ་ཞེས་པ་སྟེ། ལྔ་ཐ་དད་པའོ། །ཟས་གཞན་ཞོ་དང་བུ་རམ་དང་བཅས་པ་པོ་ལི་ཀ་དང། མོ་ད་ཀ་དག་ཀྱང་ངོ། །དྲི་ཞེས་པ་ཙན་དན་དང། དྲི་བཟང་པོའི་མེ
་ཏོག་དང། ཏིལ་གྱི་ཏིལ་མར་རམ། མར་གྱི་མར་མེ་དང་བཀྲུ་བ་དག་ཀྱང་འདབ་མ་རྣམས་ཀྱིས་ཤེས་པ་ནི་ཨ་ཤྭདཐ་ལ་སོགས་པའི་ཤིང་འོ་མ་ཅན་ལྔའི་འདབ་མ་རྣམས་ཀྱི་སྟེ། ཅུང་ཟད་བསྐོལ་བའི་ཆུ་དྲོ་བ་དང་བཅས་པས་བྱིས་པ
་ལ་ཁྲུས་བྱས་ཏེ། ཞག་ལྔའི་བར་དུ་ཐམས་ཅད་བྱའོ། །ཁྲུས་ཀྱི་མཇུག་ཏུ་བྱིས་པ་ལ་བདུག་པར་སྦྱིན་པར་བྱ་སྟེ། བ་ལང་གི་སོ་དང། ལུག་གི་རྭ་དང། རི་དྭགས་ཀྱི་སྦུ་དང། མིའི་སེན་མོ་དང། སྐྲ་དང་སྦྲུལ་གྱི་ཤུན་པ་སྟེ། འདི་དག
་གཅིག་ཏུ་བྱས་ནས་དྲག་པོའི་སོལ་བས་སྤོས་སོ། །ལྷའི་གཏོར་མ་ལ་ནི་སྔར་བརྗོད་པའི་དྲི་དང་སྤོས་ལ་སོགས་པ་སྦྱིན་པར་བྱའོ། །ཕྱོགས་བཞི་དང་གྲོང་གི་དབུས་སུའོ། ཞེས་པ་ངེས་པ་སྟེ། བྱིས་པ་ཟླ་སྐྱེས་རྣམས་ནི་རྒྱས་པའི་དོན་དུ་མཛའ་
་དག་བརྗོད་པ་རྣམས་ཀྱང་གཏོར་མ་དག་ལའོ། །ད་ནི་བཟའ་བ་ལྔ་ཞེས་པ་ལ་སོགས་པས་ལོ་ཅན་མ་རྣམས་ཀྱི་ཆོ་ག་གསུངས་ཏེ། འདིར་ཟླ་བ་བཅུའི་སྟེང་དུ་ཟླ་བ་གཉིས་ནི་འདིར་ལོར་བཟུང་བར་བྱའོ། །དེ་ནས་ལོ་བཅོ་ལྔའི་བར་དུ་ལོར་སྐྱེས་པ
་མ་མོས་བཞིར་བ་རྣམས་ཞི་བའི་དོན་དུ་ལོ་ཅན་མ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །བཟའ་བ་ལྔ་ཞེས་པ་ནི་ཡུང་བ་ལ་སོགས་པ་རྣམས་ཀྱི་ཟན་སེར་པོ་དང་དཀར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུར་བྱས་ཏེ། །འདི་དག་ནི་བཟའ་བ
་ལྔའོ། །བཅའ་བ་ལྔ་ཞེས་པ་ནི་སྨིན་པའི་ཟས་སྔར་བརྗོད་པའོ། །ཆུ་ལ་རྒྱུ་བ་ཉ་ཤ་དང་ཤ་དང། དྲི་ལ་སོགས་པ་སྔར་བརྗོད་པ་དང་ཆང་དང། སྔར་བརྗོད་པའི་སྤོས་ལ་སོགས་པ་སྟེ། ཐམས་ཅད་སྨིག་མའི་སྣོད་དུ་གཞག་ནས་མར་མེ་དང
་བཅས་པའི་གཏོར་མས་ལན་གསུམ་བྱས་པར་བྱའོ། །ཕྱོགས་ཞེས་པ་ཉིན་ཞག་བཅུར་ཕྱོགས་བཅུའི་ཆར་ཏེ། དབང་པོ་ནས་དབང་ལྡན་གྱི་མཐར་ཐུག་པ་དང་འོག་དང་སྟེང་དུ་གཏོར་མ་སྟེ་གྲོང་ཁྱེར་གྱི་དབུས་དང་ལམ་གྱི་བཞི་མདོར་སྦྱིན་པར
་བྱའོ། །བྱིས་པ་ལོར་ནི་སྐྱེས་པ་རྣམས་དག་རབ་ཏུ་གསལ་བ་ས་ལ་རྒྱས་པའི་སླད་དུ་མིའི་དབང་ཞེས་པ་ནི་བོང་པའོ། །ལོ་ཅན་མ་རྣམས་མཆོད་པའི་ངེས་པའོ། །དེ་ལྟར་མངལ་ནས་ལོ་ནི་ལྔ་པ་གསུམ་ཞེས་པ་ནི་ལོ་བཅོ་ལྔའི་མཐར་ཐུག་པར
་རྣལ་འབྱོར་མ་དྲུག་ཅུ་རྩ་གསུམ་པོ་རྣམས་ངེས་པར་མཆོད་པར་བྱའོ། །གཞན་དུ་ན་བྱིས་པ་རྣམས་ཞི་བ་ལ་སོགས་པར་མི་འགྱུར་རོ། །ཞེས་པ་ནི་རྣལ་འབྱོར་མ་རྣམས་མཆོད་པའི་ངེས་པའོ། །ད་ནི་མ་མོས་བཟུང་བ་རྣམས་ཀྱི་སྐྱོན་གྱི་མཚན་ཉིད
་གསུངས་པ་ཡན་ལག་ཅེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་བྱིས་པ་མ་མོས་བཟུང་བར་གྱུར་ན་དེའི་ཚེ་དེའི་ཡན་ལག་སྐྱོང་བར་འགྱུར་བ་དང། མིག་ན་བར་འགྱུར་བ་དང། ཁ་དང་ལག་པ་དག་དང་རྐང་པ་དག་ནི་ཁ་དང་ལག་པ་རྐང་པ་སྟེ། སེར
་པོ་ཉིད་དུ་ཡང་འགྱུར་བ་དང། གཅིན་ནི་ཁ་དོག་སེར་པོར་འགྱུར་བ་དང། ཚ་བ་སྐྱེ་བར་འགྱུར་བ་དང་སྐྱུག་པར་འགྱུར་བ་དང། སྐམ་པ་དང་རྒྱལ་བར་འགྱུར་ཏེ། མ་མོའི་སྐྱོན་གྱི་མཚན་མ་འདི་དག་རྣམས་ཤེས་པར་གྱུར་ནས་བྱིས་པ་དེ་དག
་དང་ཡང་གི་སྒྲས་གདུག་པའི་གདོན་གྱིས་བཟུང་བ་རྣམས་ལ་དཀྱིལ་འཁོར་དང་སྦྱིན་བསྲེག་ལ་སོགས་པ་བྱའོ། །རྣམ་པ་གཞན་དུ་གཏོར་མ་བྱིན་ན་ནི་གཏོང་བར་མི་འགྱུར་ཏེ། རང་བཞིན་ཡོན་ཏན་དབང་གི་འབྱུང་བ་ལས་སྐྱེས་མ་མོ་སྔར་བརྗོད
་པ་དག་གི་ཤེས་པ་སྟེ། གསོ་བའི་མཚན་ཉིད་དོ། །ད་ནི་དྲུག་ཅུ་རྩ་བཞི་མ་རིགས་ལྡན་མས་བཟུང་བའི་འཆི་བའི་མཚན་ཉིད་གསུངས་པ། གང་གི་ཞེས་པ་ལ་སོགས་པ་སྟེ། འདིར་དྲུག་ཅུ་རྩ་བཞི་མ་རིགས་ལྡན་མ་ནི་མངལ་དང་ཉིན་ཞག་དང་ཟླ
་བ་དང་ལོའི་མཚམས་སུ་རྣལ་འབྱོར་མ་ཐམས་ཅད་ཀྱི་མཚམས་སོ་སོ་ལ་ཁྱབ་པར་བྱེད་པའི་ངོ་བོས་གནས་པའོ། །དེ་བཟུང་བའི་བྱིས་པའི་ཡན་ལག་ཐམས་ཅད་དཀར་པོར་འགྱུར་བ་དང་འབྲུམ་པ་ཤིན་ཏུ་ཕྲ་མོ་ཡུངས་དཀར་དང་ཀེ་ཚེ་ཙམ་དུ
་འགྱུར་བ་དང། མགྲིན་པ་ལུས་དང་བཅས་པ་འཁྱོག་པོར་འགྱུར་བའི་ཁ་འམ་གསང་བ་འམ་བཤང་ལམ་དག་ལ་ཁྲག་ཟགས་པར་འགྱུར་བ་སྟེ། འདི་འདྲ་བའི་མཚན་ཉིད་མཐོང་ནས་ཡུལ་དེ་ལ་མཆོད་པ་བྱ་བ་མིན་ཏེ། གལ་ཏེ་བྱེད་ན
་དེའི་ཚེ་སྔགས་པ་རྨོངས་པ་རྣམས་ཆགས་པ་ལས་ཆུང་བ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་ནི་འཆི་བར་འགྱུར་ཏེ་ངེས་པར་ལྷ་དང་མི་དང་ལག་འགྲོ་རྣམས་ཀྱིས་སྲུང་བར་ནུས་པ་མིན་པའི་ཕྱིར་རོ། །འཆི་བའི་མཚན་མའི
་ངེས་པའོ། །ད་ནི་དཀྱིལ་འཁོར་ལ་མཆོད་པ་བྱས་པས་བདེ་བ་བྱེད་པ་གསུངས་པ། ཀླུ་ཞེས་པ་ལ་སོགས་པ་སྟེ། འདིར་ཀླུ་ལ་སོགས་པ་རྣམས་ཀྱིས་གཟིར་བ་རྣམས་ནི་ཀླུ་ལ་སོགས་པ་རྣམས་འཆད་པར་འགྱུར་བའི་དཀྱིལ་འཁོར་ལ
་མཆོད་པ་བྱས་པས་བདེ་བ་བྱེད་པར་འགྱུར་རོ། །འདི་དག་གི་མཚན་ཉིད་དུ་མ་འབྱུང་པོའི་རྒྱུད་ལས་བརྗོད་པ། ཤེས་པར་བྱ་བ་དག་ནི་འདི་ཉིད་དུ་འཆད་པར་འགྱུར་བའི་ཕྱག་རྒྱ་བཅིངས་པ་ལས་ཇི་སྙེད་གཅིག་གོ་།ད་ནི་མ་རུངས་པ་རྣམས
་མཆོད་པའི་དོན་དུ་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་གནས་གསུངས་པ་མ་རུངས་པ་རྣམས་ཞེས་པ་ལ་སོགས་པ་སྟེ། འདིར་མ་རུངས་པ་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་ནི་གྲོང་གི་ཕྱི་རོལ་ཏུ་འགྱུར་རོ། །དེ་ཉིད་དུ་ཤིང་གཅིག་གི་གནས
་དང་དུར་ཁྲོད་དང་ནི་ལྷ་མཆོག་ཁང་པ་དག་གམ་སྟེ་ལྷ་ཁང་སྟོང་པ་དང། ཆུ་བོ་འདུས་པ་རྣམས་སུའོ། །ཁྲུ་གང་དག་གམ་གཉིས་དང་བཞི་ཞེས་པ་ནི་འདིར་འབྱོར་པ་དང་རྗེས་སུ་འཚམ་པར་དཀྱིལ་འཁོར་ཁྲུ་གཅིག་པ་འམ་ཁྲུ་གཉིས
་པ་འམ་ཁྲུ་བཞི་པ་ནས་བརྩམས་ཏེ། ཁྲུ་སྟོང་པ་ཇི་སྲིད་པ་དེ་སྲིད་དུ་སློབ་དཔོན་གྱིས་བྲི་བར་བྱའོ། །དགུ་དང་བཅུ་གསུམ་མི་བདག་ཅེས་པ་ནི། འདིར་ལྷ་དགུ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚད་ནི་ཁྲུ་གཅིག་གོ་།བཅུ་གསུམ་རྣམས་ཀྱི
་ཁྲུ་གཉིས། །མི་བདག་ཅེས་པ་བཅུ་དྲུག་རྣམས་ཀྱི་ཁྲུ་བཞིའོ། །ཞེས་པ་ནས་བརྩམས་ཏེ། ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་རྣམས་ཀྱི་ཁྲུ་སྟོང་གི་མཐར་ཐུག་པར་དྲི་བར་བྱ་སྟེ། འབྱོར་པས་སོ། །འདིར་དཀྱིལ་འཁོར་ཐམས་ཅད
་ཀྱི་དབུས་སུ་རྩིབས་བརྒྱད་པའི་འཁོར་ལོ་འམ་པདྨར་འགྱུར་ཏེ། དཀྱིལ་འཁོར་གྱི་ཕྱེད་ཀྱི་ཆ་ཤས་སོ། །སྒོ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བརྒྱད་ཆའོ། །སྒོའི་ཕྱེད་ཀྱི་ཁ་ཁྱེར་དང་དོ་ཤལ་གྱི་སའོ། །ཁ་ཁྱེར་གྱི་ཁྱེད་ཀྱི་རྩིག་པའི་རི་ཁ་ལྔ
་དང་རིན་ཆེན་སྣམ་བུའོ། །སྒོའི་ཚད་ཀྱི་སྒོ་ཁྱུད་དང་ལོགས་དང་འགྲམ་མོ། །རྟ་བབ་ནི་སྒོ་ལས་སུམ་འགྱུར་རོ། །ཞེས་པ་སྟེ། དཀྱིལ་འཁོར་གྱི་མཚན་ཉིད་ངེས་པའོ། །ད་ནི་ཞི་བའི་ཐབས་གསུངས་པ། ཟླུམ་པོ་ཞེས
་པ་ལ་སོགས་པ་སྟེ། འདིར་འཆད་པར་འགྱུར་བའི་ཐབ་ཁུར་རྣམས་ཀྱི་ནང་ནས་ཞི་བ་ལ་ཟླུམ་པོའི་ཐབ་བཟུང་བར་བྱ་སྟེ། དེ་ཉིད་ཆ་གསུམ་ཞེས་པ་ནི་རྒྱར་མཐོ་གཉིས་དང་ཟབས་སུ་མཐོ་གཅིག་གོ་པདྨ་དཀར་པོའི་རང་བཞིན་ཞེས་པ་ནི། སྙིང་པོ་ནང
་དུ་རྡུལ་ཚོན་དཀར་པོས་པདྨ་དང། ཁ་ཁྱེར་གྱི་སྟེང་དུ་པདྨའི་ཕྲེང་བ་དང། ཕྱི་རོལ་གྱི་འོག་ཏུ་པདྨའི་ཕྲེང་བ་དང། ཕྱི་རོལ་གྱི་འོག་ཏུ་པདྨའི་འདབ་མ་རྣམས་ཏེ། དེ་ལྟར་དཀར་པོའི་ཚོན་རྣམས་དག་གི་བཀང་པའོ། །དེ་ནས་པདྨ་དཀར་པོའི་ལྟེ་བ་དང
་འདབ་མ་རྣམས་ལ་ཚོན་ལྔ་དག་གི་ལྷ་རྣམས་ཀྱི་མཚན་མ་བྱ་སྟེ། རང་ཕྱོགས་རིགས་ཀྱི་དབང་གིས་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་དབང་གིས་སོ། །རྡོ་རྗེ་དབུས་དང་ཞེས་པ་ནི་འདིར་འཆད་པར་འགྱུར་བ་ལས་ལས་ཐམས་ཅད་ལ་རྡོ་རྗེ
་འམ་ཞེས་གསུངས་པའི་ཕྱིར། པདྨའི་ལྟེ་བ་ལ་རྡོ་རྗེ་སྔོན་པོ་སྟེ་རྣམ་པར་ཤེས་པའི་ཕུང་པོའོ། །ཤར་གྱི་འདབ་མ་ལ་རལ་གྲི་ནག་པོར་འགྱུར་ཏེ་རིགས་ཀྱི་དབང་གིས་འདུ་བྱེད་དོ། །ལྷོར་རིན་ཆེན་དམར་པོ་སྟེ་ཚོར་བའོ། །གཡོན་ཏེ་བྱང་གི
་འདབ་མ་ལ་པདྨ་དཀར་པོ་འདབ་མ་བརྒྱད་པ་སྟེ་འདུ་ཤེས་སོ། །ནུབ་ཏུ་འཁོར་ལོའི་མཚན་མ་སེར་པོ་སྟེ། གཟུགས་ཀྱི་ཕུང་པོའོ། །མེའི་འདབ་མ་ལ་གྲི་གུག་ནག་པོ་སྟེ་རླུང་ངོ། །པདྨའི་འདབ་མ་ལ་གནས་ལྷ་མིན་ཟུར་དུ་སྟེ། བདེན་བྲལ
་དུ་ལྕགས་ཀྱུ་དམར་པོ་སྟེ་མེའོ། །རླུང་དུ་རྡོ་རྗེ་ཞགས་པ་སེར་པོ་སྟེ་སའོ། །དྲག་པོའི་འདབ་མ་དག་ལ་སྟེ་དབང་ལྡན་དུ་རྩེ་གསུམ་དཀར་པོ་སྟེ་ཆུའི་ཁམས་སོ། །དབུས་ཀྱི་རྡོ་རྗེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ནམ་མཁའ་ཨི་ཁམས་སོ། ཤར
་གྱི་སྒོར་རལ་གྲི་ནག་པོ་སྟེ་ཁྲོ་བོ་ཕྲག་དོག་རྡོ་རྗེའོ། །ལྷོའི་སྒོར་རྡོ་རྗེ་དབྱིག་བ་དམར་པོ་སྟེ་ཁྲོ་བོ་འདོད་ཆགས་རྡོ་རྗེའོ། །ཆུ་རུ་སྟེ་ནུབ་ཀྱི་སྒོར་བེ་ཅོན་སེར་པོ་སྟེ། ཁྲོ་བོ་གཏི་མུག་རྡོ་རྗེའོ། །བྱང་གི་སྒོར་ཐོ་བ་དཀར་པོ་སྟེ། ཁྲོ་བོ་ང་རྒྱལ་རྡོ་རྗེའོ། །དབུས
་སུ་རྡོ་རྗེ་སྔོན་པོ་ནི་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེའོ། །སེམས་ཀྱི་ཞེས་པ་ལ་སོགས་པ་ནས། དོན་དུ་འདི་དག་མཛོད་ཅེས་པའི་མཐར་ཐུག་པ་ནི་གོ་བླའོ། །ད་ནི་གདོན་གྱིས་གཟིར་བ་རྣམས་ཀྱི་ཁྲུས་ཀྱི་ཆོ་ག་གསུངས་པ། བུམ་པ་ཞེས་པ་ལ་སོགས
་པ་སྟེ། འདིར་དཀྱིལ་འཁོར་གྱི་ཕྱོགས་རྣམས་སུ་བུམ་པ་བརྒྱད་ནི་འཆད་པར་འགྱུར་བའི་མཚན་ཉིད་དང་ལྡན་པ། རིན་ཆེན་དང་བཅས་ཏེ་རིན་པོ་ཆེ་ལྔ་དང་བཅས་པ། འཆད་པར་འགྱུར་བའི་སྨན་ལ་སོགས་པ་དང་ལྡན་པའོ། །འདབ་མ་ཞེས་པ
་ནི་འོ་མའི་ཤིང་གི་ཡལ་འདབ་པོ། །པདྨའི་ཁ་སྟེ་དེ་དག་གིས་སོ། །དེ་བཞིན་དུ་སོ་མ་བཏང་བའི་ཁམ་ཕོར་ནི། བདུན་གྱི་ཤེས་པ་ནི་ཁམ་ཕོར་བདུན་གྱིས་སོ། །ཆུ་དང་བདུད་རྩི་ལྔ་ལ་སོགས་པས་ཞེས་པ་ནི་དེ་དག་དང་བཅས་པ་སྟེ། ཆུ་དང་འོ་མ་དང
་ཞོ་དང་མར་དང་སྦྲང་རྩི་དང་བུ་རམ་ཤིང་གི་ཁུ་བ་དང་དྲིའི་ཆུ་སྟེ། འདི་དག་གིས་གང་པའི་ཁམ་ཕོར་བདུན་གྱིས་རིམ་པ་བཞིན་དུ་བཀྲུ་བར་བྱའོ། །དེ་ནས་བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དག་གིས་ཏེ་སླར་ཡང་གི་སྒྲ་ལས་སོ། །
་ཡུངས་ཀར་སོགས་ཀྱིས་ངེས་པར་བྱ་བ་ཅེས་པ་སྟེ། དང་པོར་བའི་རྣམ་ལྔའི་གོང་བུ་རྣམས་ཀྱིས་སོ། །དེ་ནས་འབར་བའི་རྩའི་ཐབ་རྣམས་དང། ཡུངས་ཀར་ལ་སོགས་པ་དང། ཟན་གྱི་གོང་བུ་རྣམས་ཀྱི་སྟེ། འདི་དག་གིས་བྱས་པར་བྱའོ། །དེ་ནས་དྲི་ལ
་སོགས་པ་རྣམས་ཀྱིས་མཆོད་པ་དང། དེ་བཞིན་དུ་དཀྱིལ་འཁོར་རབ་ཏུ་གནས་པ་བྱས་ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེར་དབང་བསྐུར་བྱིན་ནས་ཏེ་དཀྱིལ་འཁོར་གྱི་བུམ་པའི་ཆུ་ཡིས་ཆུ་ལ་སོགས་པའི་དབང་བསྐུར་བ་བྱིན་ནས། དེ
་ནས་ཞི་བའི་བསྲེག་བྱ་སྦྱིན་བསྲེག་བྱའོ། །འོ་མ་ཞེས་པ་ལ་སོགས་པ་ནི་གོ་བླའོ། །གཞན་གང་ཞིག་མ་བརྗོད་པ་དེ་ཐམས་ཅད་ནི་དབང་གི་ལེའུ་ལས་བརྗོད་པའི་ཆོ་གས་སློབ་དཔོན་གྱིས་བྱའོ་ཞེས་པ་ནི་ངེས་པའོ། །བསྡུས
་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱིས་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། བཅུད་ལེན་ལ་སོགས་པ་དང་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་ཆེན་པོ་སྟེ་དྲུག་པའོ།། །།
་དུས་ཀྱི་འཁོར་ལོ་བདེ་བ་ཆེ། །འགྲོ་བའི་མགོན་ལ་ཕྱག་འཚལ་ཏེ། །རང་གཞན་ལྟ་བ་དག་ལ་གཞུང། །ཅུང་ཟད་གསུངས་པ་རྣམས་རྒྱས་བྱ། །ད་ནི་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་དཔལ་གྱིས་བསྡུས་པ་རང་དང་གཞན་གྱི་ལྟ་བའི
་འདོད་པའི་རྣམ་པར་བཞག་པ་གསུངས་པ་བདག་མེད་ཅེས་པ་ལ་སོགས་པ་སྟེ། འདིར་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་རྣམ་པར་དཔྱད་ན། འཇིག་རྟེན་གྱི་དངོས་གྲུབ་ཀྱི་སླད་དུ་ལྟ་བ་ཐམས་ཅད་ཀྱི་གྲུབ་པའི་མཛའ་མཚུངས་སོ། །འདི
་ལྟ་སྟེ། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། ཞེས་པ་སྟེ། དངོས་པོའི་རྣམ་པ་བརྟག་པར་མཚུངས་སོ། །དེ་བཞིན་དུ་ཁམས་དང
་དབང་པོ་ལ་སོགས་པ་རྣམ་པར་དཔྱོད་པ་ཡང་མཚུངས་སོ། །ཐ་སྙད་ཅན་བྱེད་པ་པོ་དང་བྱེད་པ་ལ་སོགས་པ་ཡང་མཚུངས་ཏེ། སངས་རྒྱས་པ་དང་མུ་སྟེགས་པ་དག་ལ་བྱེ་བྲག་མེད་དོ། །སྟོང་པ་ཉིད་ཀྱི་དེ་ཁོ་ན་ལ་ནི་བྱེ་བྲག་ཡོད་དེ། དེ་ཡང
་བདག་མེད་ཅེས་པ་ལ་སོགས་པའོ། །བདག་མེད་ནི་རྣམ་པ་གཉིས་ཏེ། གང་ཟག་གི་བདག་མེད་དང། ཆོས་ཀྱི་བདག་མེད་པའོ། །ལས་ཀྱི་རྣམ་སྨིན་ནི་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱིའོ། །སྲིད་པ་གསུམ་ཞེས་པ་ནི་འདོད་པ
་དང་གཟུགས་དང་གཟུགས་མེད་པའོ། །དུས་ཀྱི་འགྲོ་བ་ཞེས་པ་ནི་དམྱལ་བ་དང། ཡི་དགས་དང་དུད་འགྲོ་དང་མི་དང། ལྷ་མ་ཡིན་དང། ལྷ་རྣམས་ཀྱི་འགྲོ་བ་སྟེ་འགྲོ་བ་དྲུག་གོ་།ཡན་ལག་བཅུ་གཉིས་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ལས་དངོས་སུ་ཡང
་དག་འབྱུང་བ་ནི་འགྲོ་བ་དྲུག་པོ་རྣམས་སོ། །རིག་བྱེད་བདེན་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་དང། ཀུན་འབྱུང་དང། ལམ་དང་འགོག་པའི་མཚན་ཉིད་དོ། །གཉིས་ཀྱིས་བསྒྱུར་བའི་དགུ་ཞེས་པ་བཅོ་བརྒྱད་ནི་མ་འདྲེས
་སངས་རྒྱས་ཆོས་རྣམས་ཏེ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ཕུང་པོ་ལྔ་ཞེས་པ་ནི་གཟུགས་ལ་སོགས་པའོ། །སྐུ་གསུམ་ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་སྐུ་ནི་བཞི་པའོ། །དེ་བཞིན་ཉིད་དུ་བླུན་པ་མ་ཡིན
་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་པྲ་ཕབ་པ་ལྟ་བུའོ། །བདག་མེད་ལ་སོགས་པ་འདི་དག་གང་དུ་ཞེས་པ་ཐེག་པ་གསུམ་དུ་སྟོན་པ་པོས་བརྗོད་པ་དེ་ནི་རབ་ཏུ་གསལ་ཞིང་ངེས་པར་རྡོ་རྗེ་ཅན་གྱི་བསྟན་པ་སྟེ། སངས་རྒྱས་པའི་ལྟ
་བའི་དབང་གིས་སེམས་ཅན་གྱི་བསམ་པས་སོ། ཞེས་པ་ནི་དེ་བཞིན་གཤེགས་པའི་དགོངས་པ་ངེས་པའོ། །ད་ནི་ཚངས་པ་དང་ཁྱབ་འཇུག་གི་འདོད་པ་གསུངས་པ། གང་དུ་ཞེས་པ་ལ་སོགས་པ་སྟེ། འདིར་གཞུང་གང་དུ་རིག་བྱེད་རང་བྱུང་སྟེ
་མ་བྱས་པ་ནམ་མཁའ་ལྟ་བུ་དང། ཁ་དང་ལག་པ་རྐང་པ་སོགས་ཀྱང་སྐྱེ་བོའི་སྐྱེ་གནས་ཏེ་ཞེས་པ། ཚངས་པའི་ཁམས་ནི་བྲམ་ཟེའི་སྐྱེ་གནས་དང། ལག་པ་རྒྱལ་རིགས་ཀྱི་སྐྱེ་གནས་དང། སོགས་པའི་སྒྲས་བརླ་གཉིས་ནི་རྗེ་རིགས
་ཀྱི་སྐྱེ་གནས་དང། རྐང་པ་དག་ནི་དམངས་རིགས་ཀྱི་སྐྱེ་གནས་དང། ཨ་ཤྭ་མེ་དྷཱ་དག་ལས་གཞན་པ་མཆོག་གི་ཆོས་མེད་ཅེས་པ་ནི་འདིར་མཐོ་རིས་སྒྲུབ་པར་བྱེད་པ་ལ་ཨ་ཤྭ་མེ་དྷཱའི་མཆོད་སྦྱིན་ལས་གཞན་པ་མཆོག་གི་ཆོས་ཡོད་པ
་མ་ཡིན་ནོ། །ཞེས་པ་དེ་ནི་ཚངས་པའི་བསྟན་པར་འགྱུར་རོ། ཞེས་པ་ལ་སོགས་པ་ནི་ཚངས་པའི་འདོད་པ་ངེས་པའོ། །འདིར་དེའི་ནང་དུ་འདུས་པ་ཀླུའི་ཆོས་ཁྱབ་འཇུག་གི་འདོད་པ་ནི་འདི་ལྟ་སྟེ། བྱེད་པ་པོ་ཡོད་པ་དང།
་བདག་ཡོད་པ་དང། དགེ་བ་དང་མི་དགེ་བའི་ལས་ཡོད་པ་དང། དུས་ཡོད་པ་དང། ས་ལ་སོགས་པའི་རང་བཞིན་ཡོད་པ་དང། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་ཡོད་པ་དང། སྟོང་པ་ཉིད་ནི་ཉམས་པའི་ཆོས་ཉིད་ཡོད་དེ་གཅིག་ཏུ
་གྱུར་བ་ལ་སོགས་པས་མི་མཐོང་བའི་ཕྱིར་རོ། ཞེས་བརྗོད་པ་དང། བྱེད་པོ་དགེ་བ་དང་མི་དགེ་བས་བྱས་པའི་འབྲས་བུ་སྟེར་བར་བྱེད་པའི་རྒྱུ་ཡོད་དོ། ཞེས་པ་ནི་རབ་ཏུ་གསལ་ཞིང་ངེས་པར་བསྟན་པ་དེ་དུས་ཀྱི་འཁོར་ལོ་འདིར་ཁྱབ་འཇུག་དག
་གིའོ། ཞེས་པ་ནི་ཁྱབ་འཇུག་པའི་འདོད་པ་ངེས་པའོ། །ད་ནི་དབང་ཕྱུག་གི་འདོད་པ་གསུངས་པ། ལམ་དྲུག་ཅེས་པ་ལ་སོགས་པ་སྟེ། འདིར་སྔར་བརྗོད་པའི་ཁྱབ་འཇུག་གི་འདོད་པ་དང་ལྷན་ཅིག་ལམ་དྲུག་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན།
་ལྷ་གསུམ་པོ་ནི་གཟུགས་གཅིག་སྟེ། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ་ཞེས་པའི་ཚིག་ལས་སོ། །བྱེད་པ་པོ་དང། བདག་དང། ལས་དང། དུས་དང། རང་བཞིན་དང། ཡོན་ཏན་དང། སྟོང་པ་ཉིད་ཞིག་པའི་ཆོས་ནི་མྱ་ངན་ལས་འདས
་པ་སྟེ། མཛའ་ཨི་གནས་སྐབས་ལས་སོ། །འདི་དག་དང་ལྷན་ཅིག་ལམ་དྲུག་ལ་སོགས་པ་རྣམས་རིག་པར་བྱའོ། ཞེས་པ་ནི་ངེས་པའོ། །འདིར་ལུས་ལ་ལམ་དྲུག་རྣམས་ཞེས་པ་ནི་ཡུལ་དྲུག་པ་རྣམས་ལ་འཇུག་པར་བྱེད་པའོ། །དེ་ཉིད་ལྔ་དང
་ཞེས་པ་ནི་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་ཚོགས་སོ། །མཆོག་གི་གོ་འཕངས་ཞེས་པ་ནི་དྲུག་པ་ཡེ་ཤེས་ཀྱི་ཁམས་སོ། །མ་ལུས་པ་ཞེས་པ་ནི་ཁམས་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཡང་ཡིག་ལས་གཞན་ནོ། །སྔགས
་ཀྱི་ལུས་ཞེས་པ་ནི། ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་ཏེ། སྔགས་ཀྱི་དེ་ཉིད་དོ། །རིག་ཅེས་པ་ནི་དགའ་བ་ལ་སོགས་པ་འདོད་པའི་དེ་ཁོ་ན་ཉིད་དོ། །བདག་ཅེས་པ་ནི་བདག་གི་དེ་ཁོ་ན་ཉིད་རྟོག་པའོ། །དམ་པའི་ཞི་བ་ཉིད་ཅེས་པ་ནི་ཞི་བའི་དེ་ཉིད་དེ
་ཐམས་ཅད་དུ་ཁྱབ་པའོ། །གཟུགས་སྤངས་པ་དེའི་རྣམ་གསུམ་གནས་ན་གནས་པ་ནི་གོང་བུ་ལ་གནས་པ་དང་ཚིགས་ལ་གནས་པ་དང་གཟུགས་ལ་གནས་པ་སྟེ། ལུས་དང་ངག་དང་སེམས་ཀྱི་རྣམ་པར་རྟག་པའི་ཆོས་ཅན་ནོ། །རྣམ་གསུམ་གནས
་ན་གནས་པ་དེའི་སྦྱོར་དང་ཞེས་པ་ནི་སྐྱེ་བའི་དུས་སུ་ལམ་དྲུག་ལ་སོགས་པ་འདི་དག་རྣམས་སྦྱོར་བ་སྟེ། འདུས་པ་དང། འཆི་བའི་དུས་སུ་གཏོང་བའི་དངོས་ཏེ། དེ་རྣམས་རྣམ་པར་འབྲལ་ལོ་ཞེས་པའི་དོན་ཏོ། །ཐིག་ལེའི་དབྱེ་བ་ཞི་བ་ཉིད་དང་ཞེས
་པ་ནི་འདིར་ཁུ་བ་ཐིག་ལེའི་དབྱེ་བ་སྟེ། འཛག་པའི་བདེ་བའི་གནས་སྐབས་ཀྱི་མཚན་ཉིད་དེ་ཉིད་ཞི་བ་ཉིད་དོ། །མཛའ་དག་ལུས་ལ་གནས་པ་ཞེས་པ་ནི་རྒྱུ་བ་དང་མི་རྒྱུ་བ་ལ་ཁྱབ་པའོ། །བཅུ་གཉིས་མདུད་པའི་དབྱེ་བ་སྟེ་ཞེས་པ་ནི། འདིར་སྲོག
་ཆགས་རྣམས་ཀྱི་ལུས་ལ་གནས་པའི་ཁྱིམ་བཅུ་གཉིས་པོ་རྣམས་མདུད་པའི་སྒྲས་གསུངས་ཏེ། ཁྱིམ་བཅུ་གཉིས་པོ་འདི་རྣམས་ཀྱི་དབྱེ་བ་ནི་ལོ་དང་བགྲོད་པ་དང། དུས་གསུམ་དང། དུས་བཞི་དང། དུས་དྲུག་དང། ཟླ་བ་དང། ཕྱོགས་དང། ཉིན
་ཞག་དང། ཆུ་ཚོད་དང། ཆུ་སྲང་དང། དབུགས་ཏེ། འདི་དག་ཐམས་ཅད་གྲུབ་པའི་མཛའ་གང་དུ་རབ་ཏུ་གྱུར་པ་དེ་ནི་ངེས་པར་ཞི་བ་བའི་བསྟན་པའོ། །ཞེས་པ་ནི་ཞི་བ་པའི་འདོད་པ་ངེས་པའོ། །ད་ནི་འཇིག་རྟེན་རྒྱང་པན་པའི་འདོད་པ་གསུངས
་པ། དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ། འདིར་ལུས་ཅན་ལ་དབང་ཕྱུག་མེད་པ་དང། བྱེད་པ་པོ་མེད་པ་དང། ལས་ཀྱི་རྣམ་སྨིན་དག་ཀྱང་མེད་པ་དང། ཡོན་ཏན་ཡུལ་རྣམས་ཤེས་པ་ནི་ཡོན་ཏན་སྙིང་སྟོབས་ལ་སོགས་པ་དང། ཡུལ་དྲི་ལ
་སོགས་པའོ། །འབྱུང་ཚོགས་ཞེས་པ་ནི་ས་ལ་སོགས་པ་སྟེ། དེ་དག་ལོངས་སྤྱོད་པའོ། །འབྱུང་བའི་ཚོགས་དེ་མེད་པ་ན་སྟེ་ཤི་བའི་མཐར་ལས་ཀྱི་འབྲས་བུ་མེད་དོ། ། རུ་ར་དང་བུ་རམ་ལ་སོགས་པ་ཡང་དག་པར་སྦྱོར་བ་ལས
་ཆང་གི་ནུས་པ་བཞིན་འབྱུང་བ་རྣམས་ཡང་དག་པར་སྦྱོར་བའི་ནུས་པ་སྟེ། དེ་མེད་པ་ན་འཇིག་རྟེན་ཕ་རོལ་གྱི་ལུས་འགའ་ཡང་ཡོད་པ་མ་ཡིན་ནོ། ཞེས་པ་ནི་གསལ་བར་ལྷའི་བླ་མ་ཕུར་བུའི་བསྟན་པ་རིག་པར་བྱའོ། །འཇིག་རྟེན་རྒྱང་པན
་བའི་འདོད་པ་ངེས་པའོ། །ང་ནི་ཀླ་ཀློ་སྟག་གཟིག་རྣམས་ཀྱི་འདོད་པ་གསུངས་པ། བྱེད་པོ་ཞེས་པ་ལ་སོགས་པ་སྟེ། འདིར་བྱེད་པོ་རཧམ་ཎས་རྒྱུ་བ་གཡོ་བ་དང་མི་རྒྱུ་བ་བརྟན་པའི་དངོས་པོ་མཛའ་དག་བསྐྱེད་ཅིང། སྟག་གཟིག་རྣམས་ཀྱི་ཞེས་པ་ཀླ་ཀློ་གོས་དཀར་པོ
་ཅན་རྣམས་ཀྱི་ཐར་པ་དག་གི་རྒྱུ། རཧམ་ཎ་:དེ་མཉེས་པ་ལས་ངེས་པར་མི་རྣམས་མཐོ་རིས་དང་མ་མཉེས་པ་ལས་དམྱལ་བར་འགྱུར་རོ། ཞེས་པ་དེ་ནི་རཧམ་ཎའི་བསྟན་པ་སྟེ། བྱ་བ་ནི་སྔར་བརྗོད་པའོ། །སྟག་གཟིག་གི་འདོད་པ་ངེས་པའོ། །ད་ནི
་ཟད་བྱེད་པ་རྣམས་ཀྱི་འདོད་པ་གསུངས་པ། དུས་གསུམ་ཞེས་པ་ལ་སོགས་པ་སྟེ། འདིར་ཟད་བྱེད་པའི་གྲུབ་པའི་མཛའ་སྨྲ་བ་ལ་རྫས་དང་རྣམ་གྲངས་དག་གི་རྟག་པ་དང་ནི་མི་རྟག་པའི་ཐ་སྙད་དུ་འགྱུར་རོ། །དེ་ལ་དུས་གསུམ་ཉིད་དང་ཞེས
་པ་ནི་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བའོ། །རྫས་ནི་དྲུག་སྟེ་ཞེས་པ་ནི་སྲོག་དང། གང་ཟག་དང། དུས་དང། ནམ་མཁའ་དང། བསོད་ནམས་དང། སྡིག་པའོ། །འདི་དག་གི་ནང་ནས་སྲོག་དང་དུས་དང་ནམ་མཁའ་ནི་རྟག་པའོ
་ཚིག་དགུས་བསྒྲུབ་དང་ཞེས་པ་ནི། སྲོག་དང་སྲོག་མ་ཡིན་པ་དང། ཟག་པ་དང་སྡོམ་པ་དང། སྤངས་པ་དང། བཅིངས་པ་དང། ཐར་བ་དང། འགྲོ་བ་དང། འོང་བའོ། །སྲོག་ནི་དྲུག་གི་ལུས་ལ་ཆ་ཤས་སོ། །ཤེས་པ་ནི་སའི་ལུས
་ལ་ཆ་ཤས་དང། ཆུའི་ལུས་ལ་ཆ་ཤས་དང། མེའི་ལུས་ལ་ཆ་ཤས། རླུང་གི་ལུས་ལ་ཆ་ཤས་དང། ནགས་ཀྱི་བདག་པོའི་ལུས་ལ་ཆ་ཤས་དང། འབྲུའི་ལུས་ལ་ཆ་ཤས་སོ། ཞེས་པ་སྟེ། ལུས་དྲུག་ལ་སྲོག་རྣམས་ཀྱི་ཆ་ཤས་སོ། །གཞན་ནི་ཡོད
་པའི་ལུས་ལྔ་ཞེས་པ་ནི་ཁ་ཟས་ཅན་གྱི་ལུས་དང། འོད་ཀྱི་ལུས་དང། རང་བཞིན་ཅན་གྱི་ལུས་དང། བརྫུས་སྐྱེས་ཀྱི་ལུས་དང་མཛའ་ཨི་ལུས་སོ། །ཞེས་པ་ནི་སྲོག་རྣམས་ཀྱིའོ། །བརྟུལ་ཞུགས་སྡོམ་པ་འགྲོ་དང་ཡེ་ཤེས་སྤྱོད་པ་དག་གི་དབྱེ་བ
་རྣམས་ཀྱི་ཞེས་པ་ལ། ཟད་བྱེད་པ་རྣམས་བརྟུལ་ཞུགས་ནི་ལྔ་སྟེ། དང་པོ་འཚེ་བ་མེད་པ་དང། གཉིས་པ་བདེན་པར་སྨྲ་བ་དང། གསུམ་པ་བྱིན་པ་ལེན་པ་དང། བཞི་པ་ཚངས་པར་སྤྱོད་པ་དང། ལྔ་པ་ཡོངས་སུ་བཟུང་བ་ཐམས་ཅད་ཡོངས་སུ
་གཏོང་བའོ། །སྡོམ་པ་ནི་ལྔ་སྟེ། སྤྱོད་ལམ་གྱི་སྡོམ་པ་དང། སྐད་ཀྱི་སྡོམ་པ་དང། ཡོངས་སུ་ཚོལ་བའི་སྡོམ་པ་དང། བླངས་པ་མི་འདོར་བའི་སྡོམ་པ་དང། ཉེ་བར་རབ་ཏུ་གནས་པའི་སྡོམ་པའོ། །འགྲོ་བའི་དབྱེ་བ་ནི་ལྔ་སྟེ། དམྱལ་བ་དང
་དུད་འགྲོ་དང། མི་དང་ལྷ་དང། ཐར་པའི་འགྲོ་བའོ། །ཡེ་ཤེས་ཀྱི་དབྱེ་བ་ནི་ལྔ་སྟེ། བློ་གྲོས་དང། ཐོས་པ་དང། མཚམས་དང། ཡིད་ཀྱི་ཡོངས་སུ་ཚོལ་བ་དང། མོའི་ཡེ་ཤེས་སོ། །སྤྱོད་ཏཔའི་དབྱེ་བ་ནི་བཅུ་གསུམ་སྟེ། བརྟུལ་ཞུགས
་ཀྱི་དབྱེ་བ་ལྔ་དང། སྡོམ་པའི་དབྱེ་བ་ལྔ་དང། ལུས་ཀྱི་གསང་བ་དང། ངག་གི་གསང་བ་དང། སེམས་ཀྱི་གསང་བའོ། །ཞེས་པ་འདི་དག་ནི་མཆོད་འོས་པ་རྣམས་ཀྱི་ཐར་པའི་ལམ་དུ་རབ་ཏུ་བརྗོད་དོ། །སྲོག་ནི་ལུས་ཀྱི་ཚད་དེ་དཔག་ཏུ་མེད་པའི
་སྲིད་པ་དག་གི་རྟག་པའི་སྲོག་གི་ཐར་པའོ། །གྲུབ་པའི་མཛའ་གང་དུ་ཐར་པའི་ཚད་ནི་འཇིག་རྟེན་གསུམ་གྱི་སྟེང་དུ་གདུགས་ཀྱི་རྣམ་པ་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པར་ངེས་པར་བརྗོད་པ་དེ་ནི་རྒྱལ་བ་རྣམས་ཀྱི་བསྟན་པའོ་ཞེས་པ་ནི་ཟས་བྱེད་པའི
་འདོད་པའི་ངེས་པའོ། །ད་ནི་མུ་སྟེགས་པ་རྣམས་ཀྱི་འདོད་པ་རིགས་པས་རྣམ་པར་དཔྱད་ནས་སུན་དབྱུང་བ་གསུངས་པ། རིགས་བྱེད་ཅེས་པ་ལ་སོགས་པ་སྟེ། འདིར་རིག་པས་རྣམ་པར་དཔྱད་ན་རིག་བྱེད་ནི་རང་བྱུང་མ་ཡིན་ནོ། །
་ཅིའི་ཕྱིར་ཞེ་ན། སྨྲས་པ། རིག་བྱེད་ཀྱི་སྦྲས་དོན་བརྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་སྒྲས་གང་ཞིག་དོན་གྱི་རྗོད་བྱེད་ཡིན་པ་དེ་ནི་མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པ། གང་ཡིན་པ་དེའི་ཕྱིར་རང་བྱུང་མ་ཡིན་པར་གྲུབ
་བོ། །ཅི་སྟེ་འདི་ནི་རིག་བྱེད་ཀྱི་སྒྲ་མ་ཡིན་ཏེ་གཞན་ཉིད་དོ། །འདི་ནི་རྣ་བའི་བུག་པའི་ནང་དུ་སྒྲའི་དོན་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་ཅིང་རྟག་པ་དེའི་མངོན་པར་གསལ་བར་བྱེད་པའོ། །ཞེས་གྲུབ་པོ་ཞེ་ན། དེའི་ཕྱིར་སྨྲས་པ། འདིར་གལ
་ཏེ་རིག་བྱེད་སྒྲའི་དོན་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་པ་དེ་ཉིད་ཀྱི་གནས་ཤིང་རྟག་པ་ཡིན་ན་དེའི་ཚེ་བུམ་པ་ཞེས་བརྗོད་པར་གྱུར་པ་ན་རྣ་བའི་བུག་པའི་ནང་དུ་ཅ་ཅོར་རྟོགས་པར་བྱ་བར་འགྱུར་ཏེ། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རྟག་པའི
་སྒྲ་གཞན་ཁྱབ་པར་བྱེད་པ་ཡོད་པའི་དམ་བཅའ་བ་འདི་ནི་དོན་མེད་པའོ། །དོན་ནི་ཐ་དད་མེད་ན། གལ་ཏེ་སྒྲ་དང་དོན་དག་གཅིག་ཉིད་པ་དེ་ལྟ་ན་མེའི་སྒྲ་དག་བརྗོད་པ་དག་གི་རང་གི་ཁ་ཅིས་མི་སྲེག་།དེའི་ཕྱིར་རིག་བྱེད་ནི་རྟག་པ་ཉིད་མ་ཡིན
་ཞིང་དོན་དང་ལྷན་ཅིག་གཅིག་ཉིད་མ་ཡིན་ནོ། ཞེས་གྲུབ་སྟེ། གཞན་པ་ཅི་འདིར་གང་གི་ཚེ་ཀླ་ཀློ་རྣམས་ཀྱི་རིགས་བྱེད་ཀྱི་ཆོས་ཀྱིས་བསྒྲིབས་པར་གྱུར་པ་ན་རིག་བྱེད་མེད་པར་གྱུར་པ་དེའི་ཚེ་ཚངས་པའི་གདོང་བཞི་དག་གི་སྔོན་ནི་རིག་བྱེད་སྒྲ
་དག་གིས་ཀྱང་དོན་ནི་རབ་ཏུ་གསལ་བར་བྱ་སྟེ། དབང་པོ་ཕྱུགས་སུ་གྱུར་ཅེས་པ་ལ་སོགས་པའི་ཀློག་གིས་སོ། །ཞེས་ཟེར་པ་ཐོས་སོ་དེའི་ཕྱིར་དོན་གཞན་དང་རིག་བྱེད་གཞན་ཞེས་གྲུབ་བོ། དེའི་ཕྱིར་སྟོན་པ་པོ་ཚངས་པ་ཡོད་དེ་རིག་པའི
་ཡུལ་དང་མ་འོངས་དོན་དང་འདས་པ་དག་ལ་སྟོན་པ་པོ་གྲུབ་སྟེ། གྱུར་ཞེས་པའི་ཀློག་ལས་སོ། །ཁས་ཀློག་པ་ལས་བྱས་པར་འགྲུབ་བོ། །དེའི་ཕྱིར་རིག་བྱེད་ནམ་མཁའ་མཚུངས་མིན་འདིར་ནི་གནས་ཀྱི་དབྱེ་བ་དག་ལས་ཁ་ཡིས་རབ་བརྗོད་བྱས་པའོ།།
་ཞེས་པ་ནི་ངེས་པའོ། །རིག་པས་གཉིས་སྐྱེས་ཁ་ཡིས་ཀླགས་པ་ཉི་ཚེ་བ་སྟེ། ཀུན་ཏུ་འགྲོ་བ་གཞན་རྣམས་ཀློག་པའོ། །གང་ཕྱིར་དམངས་ལ་སོགས་པའི་རིགས་ནི་ཀུན་འགྲོ་མིན་པའི་རིག་བྱེད་འདི་དག་ཀློག་དང་འབྲི་བ་མིན། དེ་ཕྱིར་ཤེས་ལྡན་མཁས་པར
་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ། ཞེས་པ་ནི་མདོར་བསྡུས་པས་རིག་བྱེད་བྱས་པར་གྲུབ་པ་སྟེ། རྒྱ་ཆེར་ཚད་མའི་བསྟན་བཅོས་ལས་ཤེས་པར་བྱའོ། ཞེས་བྱ་བ་འཇམ་དཔལ་གྱིས་ངེས་པའོ། །ད་ནི་བྲམ་ཟེ་ལ་སོགས་པ
་རྣམས་ཀྱི་སྐྱེ་གནས་སྔར་བརྗོད་པ་སུན་དབྱུང་བ་བརྗོད་པར་བྱ་སྟེ། འདིར་ཚངས་པའི་ཁམས་ནི་བྲམ་ཟེ་རྣམས་ཀྱི་སྐྱེ་གནས་ཏེ་དེ་ལས་སྐྱེས་པའི་ཕྱིར་རོ། །ཞེས་གྲག་གོ་།དེ་བཞིན་དུ་དཔུང་པ་ནི་རྒྱལ་རིགས་རྣམས་ཀྱི་སྐྱེ་གནས་སོ། །སོགས་པའི་སྒྲས་བརླ་གཉིས
་ནི་རྗེ་རིགས་རྣམས་ཀྱི་སྐྱེ་གནས་སོ། །རྐང་པ་གཉིས་ནི་དམངས་རིགས་རྣམས་ཀྱི་སྐྱེ་གནས་ཏེ་དེ་ལྟར་རིགས་བཞིའོ། །རིགས་བཞི་པོ་འདི་དག་གི་མཛའ་ནི་རིགས་ལྔ་པ་སྟེ། གདོལ་པ་དེ་དག་རྣམས་ཀྱི་སྐྱེ་གནས་གང་ཡིན་ནི་རེ་ཞིག་བྲམ་ཟེ་རྣམས་ཀྱིས་མི
་ཤེས་སོ། ཞེས་པ་ལས་གཞན་པ་ཅི་འདིར་ཚངས་པའི་ཁ་ལས་བྲམ་ཟེ་རྣམས་སྐྱེས་པ་ནི་བདེན་པར་གྲག་གོ་།དེའི་ཕྱིར་བདག་གིས་དྲི་བར་བྱའོ། །བྲམ་ཟེ་མོ་རྣམས་ཀྱང་དེ་ལས་སྐྱེས་པར་གྱུར་ཏམ་ཅི་གལ་ཏེ་གྱུར་ན་དེའི་ཚེ་སྲིང་མོར་འགྱུར་ཏེ། སྐྱེ་གནས
་གཅིག་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རྒྱལ་རིགས་ལ་སོགས་པ་རྣམས་ཀྱང་ངོ། །དེའི་ཕྱིར་སྲིང་མོ་དང་ལྷན་ཅིག་བག་མ་ཇི་ལྟར་བྱེད། ཅི་སྟེ་བྱེད་ན་དེའི་ཚེ་ཀླ་ཀློའི་ཆོས་ལ་ཞུགས་སོ། །ཀླ་ཀློའི་ཆོས་ལ་ཞུགས་ན་རིགས་ཉམས་ཏེ། རིགས
་ཉམས་པ་ལས་དམྱལ་བར་འགྱུར་རོ། །ཞེས་པ་ནི་རིགས་པའོ། །གཞན་ཡང་རྣམ་པར་དཔྱད་པར་བྱ་སྟེ། འདིར་གལ་ཏེ་སྐྱེ་དགུ་རྣམས་གཅིག་གིས་བསྐྱེད་པ་ཡིན་ན། དེའི་ཚེ་རིགས་བཞིར་ཇི་ལྟར་འགྱུར་དཔེར་ན་ཕ་གཅིག
་གི་བུ་བཞི་བཞིན་ཏེ། དེ་དག་ནི་རིགས་སོ་སོ་སོ་སོ་མ་ཡིན་ནོ། །དེ་བཞིན་དུ་རིགས་རྣམས་ཀྱང་ངོ། །ཅི་སྟེ་ཚངས་པའི་ཁ་ལ་སོགས་པའི་དབྱེ་བས་ཐ་དད་ན། དེའི་ཚེ་དེ་ཉིད་རིགས་པས་མི་འཐད་དེ། ཇི་ལྟར་ཨུ་དུམ་བ་རའི་འབྲས་བུ་རྩ་བ་དང་རྐེད
་པ་དང། རྩེ་མོ་ལས་སྐྱེས་པ་རྣམས་ཐ་དད་མེད་པ་དེ་བཞིན་དུ་སྐྱེ་དགུ་རྣམས་ཀྱང་ངོ། །གཞན་ཡང་དཀར་པོ་དང་དམར་པོ་དང་སེར་པོ་དང། ནག་པོའི་ཁ་དོག་དབྱེ་བས་ཐ་དད་པ་ནི་མ་མཐོང་ངོ། །དེ་བཞིན་དུ་ཁམས་དང་དབང་པོ་དང། བདེ་བ
་དང་སྡུག་བསྔལ་དང་རིགས་པ་དང་ལུང་ལ་སོགས་པས་དབྱེ་བ་མ་མཐོང་བ་གང་ཡིན་པ་དེའི་ཕྱིར་རིགས་ངེས་པ་མེད་པའོ། ཞེས་གྲུབ་བོ། དེ་བཞིན་དུ་ཨ་ཤྭ་མེ་དྷཱ་ལ་སོགས་པའི་མཆོད་སྦྱིན་འབྲས་བུ་ཤུ་ཀས་སུན་ཕྱུང་བ་འདི་ལྟ་སྟེ། མཆོད་སྡོང
་བཅད་ཅིང་ཕྱུགས་བསད་དེ། ཁྲག་འདམ་བྱས་ནས་མཐོ་རིས་སུ། གལ་ཏེ་འགྲོ་བ་དེ་ལྟ་ན། དམྱལ་བར་གང་གིས་འགྲོ་བར་འགྱུར། ཞེས་པ་ཤུ་ཀའི་ཚིགས་རབ་ཏུ་གྲགས་སོ། །དེའི་ཕྱིར་རིག་བྱེད་རང་འབྱུང་མ་ཡིན་ཞིང། ཁ་ལ་སོགས
་པ་སྐྱེ་བོའི་སྐྱེ་གནས་དང་ཨ་ཤཱ་མེ་དྷ་ལས་གཞན་པ་མཆོག་གི་ཆོས་མེད་པ་མ་ཡིན་ཏེ། ཚངས་པའི་འདོད་པ་ཐམས་ཅད་རྣམ་པར་དཔྱད་ན་དོན་མེད་པའི་རབ་ཏུ་སྨྲ་བའོ། །ཁྱབ་འཇུག་པའི་འདོད་པ་ནི་དབང་ཕྱུག་དང་ལྷན་ཅིག་སུན
་དབྱུང་བར་བྱའོ། །ད་ནི་དབང་ཕྱུག་གི་འདོད་པ་སུན་དབྱུང་བ་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། འདིར་གལ་ཏེ་ཐམས་ཅད་བྱེད་པོ་དབང་ཕྱུག་ཡོད་པར་གྱུར་ན། དེའི་ཚེ་ལས་ལོངས་སྤྱོད་པ་པོ་ཡང་གཞན་མ་ཡིན་ཏེ
་ཇི་ལྟར་གཞན་གྱི་ཁུར་བ་ཟོས་པས་གཞན་སྐོམ་པས་འཆི་བར་འགྱུར་དེ་ལྟར་ཡང་མ་ཡིན་ནོ། །གང་གིས་བྱེད་པ་དེ་ནི་བྱེད་པ་པོ་སྟེ། གང་བྱ་བ་དེ་ནི་ལས་སོ། །ལས་བྱ་བ་དེའི་འབྲས་བུ་ལོངས་སྤྱོད་པ་པོ་ནི་ལས་བྱེད་པ་ཕོའོ། །ལས་མེད་ན་བྱེད་པ་པོ
་མི་འགྲུབ་སྟེ། དཔེར་ན་བུམ་པ་བྱེད་པའི་ཕྱིར་བུམ་པ་མཁན་ནོ། །དེ་བཞིན་དུ་གང་གིས་ལས་བྱེད་པ་དེ་ནི་བྱེད་པ་པོ་ཞེས་རིགས་སོ། །སྨྲས་པ་དབང་ཕྱུག་རང་དབང་དུ་ལས་ཀྱི་བྱེད་པ་པོ་མིན་ཏེ། རབ་ཏུ་སྦྱོར་བ་པོ་ཡིན་ནོ། །ཞེ་ན་སྨྲས་པ། འདིར
་གལ་ཏེ་ལས་བྱེད་པ་པོ་མ་ཡིན་ན་དེའི་ཚེ། ཀུན་ནས་ཐམས་ཅད་བྱེད་པ་པོ་ཞེས་པ་དོན་མེད་པར་འགྱུར་རོ། །འདིར་གལ་ཏེ་བྱེད་པ་པ་བསྐུལ་བར་གྱུར་པ་ན་ལས་བྱེད་ན། དེའི་ཚེ་བྱེད་པ་པོ་གཞན་དབང་མེད་དོ། །གང་གི་གཞན་དབང་ཉིད་དུ
་གྱུར་པ་དེས་འགལ་བའི་ལས་བྱས་པར་གྱུར་ན་རབ་ཏུ་སྦྱོར་བ་པོས་ཇི་ལྟར་ཚར་གཅོད་པར་བྱེད། རང་དབང་ཉིད་མེད་པར་རང་དབང་ཉིད་དུ་དབང་ཕྱུག་གི་ཁྱབ་པའོ། །དེ་ལྟར་བྱེད་པར་སྨྲ་བ་རྣམས་ལ་ལས་ཀྱི་འབྲས་བུ་མེད་པར་གྲུབ་སྟེ། དེ་ལྟར་ཡང
་མ་ཡིན་ནོ། །དེའི་ཕྱིར་དགེ་བ་དང་མི་དགེའི་འབྲས་སྟེར་བྱེད་པོ་དབང་ཕྱུག་འགའ་ཡང་མེད་དེ། སྲོག་ཆགས་ལས་ནི་དོར་ནས་སོ། ཞེས་པ་སྟེ། བྱེད་པ་པོ་མེད་པ་རང་གི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་གྲུབ་པོ། །ད་ནི་རང་དབང
་གི་བྱེད་པོ་གཞན་ལ་ལྟོས་པ་ཉིད་དུ་གསུངས་པ། ས་ཞེས་པ་ལ་སོགས་པ་སྟེ། འདིར་ནི་གལ་ཏེ་མཁའ་ལ་སྟེ། ནམ་མཁའ་ལས་ལ་སོགས་པའི་རྡུལ་ཕྲན་རྣམས་བྱེད་པོའི་དང་པོར་ཡོད་པ་མིན་ནོ། །དེའི་ཚེ་རྫས་དག་མེད་པ་ལ་ཞི་སྣ་ཚོགས
་མི་བྱེད་དེ། ཡུལ་དང་རྣམ་པར་བྲལ་བ་ཆ་མེད་པ་ལས་ཐམས་ཅད་བྱེད་པོ་ཇི་ལྟར་ཡོད། །ཡུལ་དང་རྣམ་པར་བྲལ་བ་བྱེད་པོ་འདི་ཡིས་བསྒྲུབ་བྱེད་ཀྱི་ཚད་མ་མངོན་སུམ་དང་ལྐོག་ཏུ་གྱུར་པ་མེད་པ་གང་ཡིན་པ་དེའི་ཕྱིར་?་ཡང་དག་སྦྱོར་བ་ཉིད
་ལས་རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་ཐམས་ཅད་དུ་འགྱུར་གྱི་བྱེད་པ་པོའི་འདོད་པས་མ་ཡིན་ལས་ཀྱི་གཟུགས་ཤེས་པ་ནི་རིགས་པ་སྟེ། བྱེད་པོའི་འདོད་པ་དགག་པའོ། །ད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས
་པ། ཡང་དག་སྦྱོར་བ་ལས་ཞེས་པ་ལ་སོགས་པ་སྟེ། འདིར་དངོས་པོ་ཐམས་ཅད་ཀྱི་ཡང་དག་པར་སྦྱོར་བ་ལས་འབྱུང་བ་ནི་འདི་ཐོབ་ནས་འདི་འབྱུང་བར་འགྱུར་བ་སྟེ། ཡང་དག་སྦྱོར་བ་ལས་ཞེས་པ་ནི་ཟླ་བའི་འོད་ཟེར་དང་ཡང་དག་པར་སྦྱོར
་བ་ལས་ཆུ་ཤེལ་ལས་ཆུ་རུ་འགྱུར་རོ། །ཀྱང་ཡིག་གི་མེ་ཤེལ་ལས་མེར་འགྱུར་རོ། །མེ་ལོང་ལས་དངོས་པོ་ཡང་དག་པར་སྦྱོར་བ་ལས་དངོས་པོ་གཟུགས་བརྙན་དུ་འགྱུར་རོ། །གཞན་གྱི་སྒྱུར་བཟོས་པའི་ཡང་དག་པར་སྦྱོར་བ་ལས་གཞན་གྱི
་ལྕེ་འཛག་པར་འགྱུར་ཏེ། སྐྱུར་བའི་རྒྱུ་ལས་སོ། །ཁྲོན་པ་ལ་སོགས་པ་རང་གི་སྒྲ་ཡིས་ཡང་དག་པར་སྦྱོར་བ་ལས་སྒྲ་བརྙན་དུ་འགྱུར་རོ། །དག་པའི་ས་བོན་ལས་ས་དང་ཆུ་ལ་སོགས་པའི་ཡང་དག་པའི་སྦྱོར་བ་ལས་མྱུ་གུར་འགྱུར་རོ། །
་ཁབ་ལེན་ལས་ཞེས་པ་ནི། ཁབ་ལེན་གྱི་རྡོ་ཡིས་ཡང་དག་པར་སྦྱོར་བ་ལས་ལྕགས་ཀྱི་ཐུར་མ་གཡོ་བར་འགྱུར་རོ། །འདོད་པས་དངོས་པོ་འདི་དག་ལ་དངོས་པོར་འགྱུར་བ་ཅི་ཡང་མིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་རྣམས་ཀྱི་ནུས་པ་སྟེ།
་འདི་ནི་སྲིད་པ་གསུམ་གྱི་གནས་སུ་སུ་ཞིག་གིས་ཀྱང་སྤྲུལ་པ་མིན་ནོ། ཞེས་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་གྲུབ་པའོ། །འདིར་སྨྲས་པ། གང་གི་ཕྱིར་རྒྱུ་མེད་ན་འབྲས་བུར་མི་འགྱུར་བ་དེའི་ཕྱིར་རྒྱུ་ཡོད་དོ། །དེ་ནས་དབང་ཕྱུག་ལ་སོགས
་པ་གྲུབ་པོ་ཞེ་ན། སྨྲས་པ། འདིར་རྒྱུ་ལ་འབྲས་བུར་འགྱུར་བ་གང་ཡིན་པ་དེ་ཅི་འབྲས་བུ་ཡོད་པའམ། མེད་པ་ཡིན། རྒྱུ་བ་ཡོད་པ་ནི་འབྲས་བུར་མི་འགྱུར་རོ། །བུམ་པ་ཡོད་པའི་ས་ལ་སོགས་པ་ནི་རྒྱུར་གྱུར་བར་མི་འགྱུར་ཏེ་ཡོད?་པའི
་ཕྱིར་རོ། །མེད་པ་ནི་འབྲས་བུར་མི་འགྱུར་ཏེ། མེད་པའི་ཕྱི་རུས་སྦལ་གྱི་སྤུ་བཞིན་ནོ། །དེ་བཞིན་དུ་སྣམ་བུའི་སྣལ་མ་ལ་སོགས་པ་རྣམས་རྒྱུར་གྱུར་པར་མི་འགྱུར་རོ། །གཉི་གའི་བདག་ཉིད་ནི་འབྲས་བུར་མི་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །
་གང་ཡོད་པ་ནི་མེད་པ་མ་ཡིན་ཞིང། གང་མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ལ་འབྲས་བུ་ཡོད་པ་དང་འབྲས་བུ་མེད་པ་དང། འབྲས་བུ་ཡོད་པ་དང་མེད་པར་མི་འགྱུར་རོ། །ཞེས་འགྲུབ་པོ། །སྨྲས་པ
་འདིར་རྒྱུ་བཀག་པས་འབྲས་བུ་ཡང་བཀག་པར་འགྱུར་རོ། །གཉི་ག་བཀག་པའི་ཕྱིར་ཐམས་ཅད་མེད་པར་གྲུབ་པོ་ཞེ་ན་སྨྲས་པ། འདིར་ཐམས་ཅད་མེད་པ་མ་ཡིན་ཏེ། གཞན་ལ་ལྟོས་པའི་ཕྱིར་རོ། །འདིར་རྒྱུ་ལ་རྒྱུ་ཉིད་གང་ཡིན
་པ་དེ་ནི་འབྲས་བུ་ལ་ལྟོས་ནས་ཡོངས་སུ་བརྟགས་པ་སྟེ། འབྲས་བུ་ཡང་རྒྱུ་ལ་ལྟོས་ནས་སོ། །དེ་ལྟར་གཞན་ལ་ལྟོས་པའི་ཕྱིར། གཉི་ག་ཡང་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །གཉི་ག་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་འབྲས་བུ་མེད་དེ། དེ་མེད
་ན་རྒྱུ་མེད་དོ། རྒྱུ་ནི་འབྲས་བུ་ལ་ལྟོས་པའི་ཕྱིར་དེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། ངེས་པ་མེད་པ་ཉིད་ཡིན་པ་དེའི་ཕྱིར་སྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དབང་ཕྱུག་ལ་སོགས་པའི་རྒྱུ་ཐམས་ཅད་ངེས་པ་མེད་པ་ཉིད་དང
་རྒྱུ་མ་ཡིན་པ་ཉིད་དུ་གྲུབ་པོ། །སྨྲས་པ། རྒྱུ་དང་འབྲས་བུ་ན་ལྟོས་པ་ཅན་དུ་གྲུབ་པ་མ་ཡིན་ཏེ། རྒྱུ་གང་ཡིན་པ་དེ་ནི་རྒྱུ་ཉིད་དང། །འབྲས་བུ་གང་ཡིན་པ་དེ་ནི་འབྲས་བུ་ཉིད་དུ་གྲུབ་པོ་ཞེ་ན། སྨྲས་པ། འདིར་ཁྱོད་ཀྱི་འདོད་པ་ལས
་འགྲུབ་ཅིང། བདག་གི་ལས་མ་ཡིན་བཞི་ཤིན་ཏུ་མི་བཟང་པའོ། །གལ་ཏེ་ཁྱོད་ཀྱི་འདོད་པ་ལས་གྲུབ་ན། དེའི་ཚེ་བདག་གི་ཡང་འདོད་པ་ལས་ཁྱོད་ཀྱི་ཡོད་པ་གང་ཡིན་པ་དེ་ནི་བདག་གི་མེད་པར་གྲུབ་སྟེ། རིགས་པ་རྣམ་པར་སྤངས་པའི་ཕྱིར
་རོ། སྨྲས་པ། ཡིད་ཆེས་ལུང་ལས་དམ་ཚིག་འདི། །དམ་ཚིག་མ་གྲུབ་དམ་ཚིག་ཅེས། །བརྗོད་པ་དག་ནི་མི་འཐོབ་སྟེ། །བསྟན་བཅོས་རིག་པ་རྣམས་ཀྱིས་གསུངས་ཞེས་པ་དང། འགའ་ཞིག
་གི་ཚེ་རིགས་པ་བརྗོད་པ་སྨྲས་པ། འདིར་ཉེ་བར་ལེན་པའི་རྒྱུ་ལས། ཐམས་ཅད་འབྱུང་བ་མེད་པའི་ཕྱིར། ནུས་པའི་རྒྱུ་ནུས་པ་ཅན་ལས་འབྲས་བུ་ཡོད་པ་གྲུབ་པོ་ཞེ་ན། སྨྲས་པ། འདིར་ཁྱེད་ཀྱི་བསྟན་ཚིགས་ནི་དོན་མེད་དོ། །
་ཇི་ལྟར་གལ་ཏེ་ཁྱོད་ཀྱི་ཕྱོགས་སྒྲུབ་པར་བྱེད་པའི་མཚན་ཉིད་ཐོབ་པ་དེའི་ཚེ། བདག་གི་ཕྱོགས་ཀྱང་བསྒྲུབ་པར་འགྱུར་ཞིང། ཅི་སྟེ་ཁྱོད་ཀྱི་ཕྱོགས་སུན་འབྱིན་པའི་མཚན་ཉིད་ཐོབ་པ་དེའི་ཚེ། བདག་གི་ཕྱོགས་ཀྱང་སུན་འབྱིན
་པར་འགྱུར་ཏེ། དཔེར་ན་མེ་འདི་ནི་གཉིས་ཀ་སྲེག་པར་བྱེད་ཀྱི་གཅིག་མ་ཡིན་པ་བཞིན་ནོ། །འདིར་དཔེར་ན་སྒྲ་སྨྲ་བ་པོ་རྣམས་ཀྱི་དམ་བཅའ་བ་ནི་སྒྲ་རྟག་པའོ། །གཏན་ཚིགས་གང་ཞེ་ན། ལུས་ཅན་མ་ཡིན་པའི་ཕྱིར་རོ། །དཔེ་གང
་ཞེ་ན། ནམ་མཁའ་བཞིན་ནོ། །གང་གི་ཕྱིར་ཇི་ལྟར་ནམ་མཁའ་ལུས་ཅན་མ་ཡིན་པ་ཉིད་ཀྱིས་རྟག་པ་དེ་བཞིན་དུ་སྒྲ་ཡང་ཡིན་ནོ། །དེའི་ཕྱིར་སྒྲ་རྟག་པར་གྲུབ་པོ་ཞེ་ན། སྨྲས་པ། འདི་ནི་དམ་བཅའ་པ་མ་ཡིན་ཏེ། གཞན་ཡང་སྨྲ་བར
་འགྱུར་བ་སྒྲ་མི་རྟག་གོ་།གཏན་ཚིག་གང་ཞེ་ན། བྱས་པའི་ཕྱིར་རོ། །དཔེ་གང་ཞེ་ན། བུམ་པ་བཞིན་ནོ། །གང་གི་ཕྱིར་ཇི་ལྟར་བུམ་པ་ས་དང་??། འཁོར་ལོ་དང། སྐུད་པ་དང། སྐྱེས་བུའི་རྩོལ་བས་བྱས་པ་དེ་བཞིན་དུ
་སྒྲ་ཡང་མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པ་དེའི་ཕྱིར་སྒྲ་མི་རྟག་པར་གྲུབ་པོ། །དེ་ནས་ཟོལ་གྱི་གཏན་ཚིགས་ཙམ་ལས་འབྲས་བུ་བསྒྲུབ?་པར་མི་འགྱུར་རོ། །གང་གི་ཇི་ལྟ་བ་དེ་བཞིན་དུ་བརྗོད་ན་དེ་ནི་ཚད་མེད?་འགྱུར་གྱི། ཟོལ?
་གྱི་གཏན་ཚིགས་ལས་མ་ཡིན་ནོ། །དེ་ལྟར་གཏན་ཚིགས་དོན་མེད་དོ། །གཞན་ཡང་བསྒྲུབ་བྱ་རྣམས་ཀྱི་དམ་བཅའ་བ་དང་འགལ་བས་གཏན་ཚིགས་ནི་སྒྲུབ་བྱེད་དུ་མི་འགྱུར་རོ། །འདིར་གང་གི་དུས་ན་དམ་བཅའ་བ་ཡོད་པ་དེའི་དུས་ན་གཏན་ཚིགས
་མེད་དོ། །གང་གི་དུས་ན་གཏན་ཚིགས་ཡོད་པ་དེའི་དུས་ན་དམ་བཅའ་མེད་དོ། །དེས་ན་དམ་བཅའ་མེད་པའི་གཏན་ཚིགས་འདི་གང་གི་ཡིན་ཏེ། གཅིག་ཅར་བའི་ཆོས་ཅན་མ་ཡིན་པའི་ཕྱིར་རོ། །གང་གིས་དུས་ན་པྲ་ཡིག་ཡོད་པ་དེའི་དུས་སུ་ཏི་ཡིག་དང་ཛྙཱ
་ཡིག་མེད་དོ། །དེ་བཞིན་དུ་པ་ཡིག་དང་ར་ཡིག་དང་ཨ་ཡིག་སྟེ། པྲ་ཡིག་གིས་ཇི་ལྟ་བ་བཞིན་དུ་ཡི་གེ་ཡི་གེ་ཡིའོ། མ་སྐྱེས་པ་འམ་ཤི་བའི་པུ་ཡིས་བྱ་བ་བྱེད་པར་མི་ནུས་ཏེ། དེ་བཞིན་དུ་གཏན་ཚིགས་ཀྱིས་ཀྱང་ངོ། །དེའི་ཕྱིར་རྒྱུ་ལ་བརྟེན་ནས
་འབྲས་བུར་མི་འགྱུར་ཏེ། རྒྱུ་མེད་པ་ལས་གྲུབ་པའི་ཕྱིར་རོ། །རྒྱུ་མེད་པ་ལས་ཞེས་པ་ནི་རྒྱུ་དང་བྱེད་པ་ཞེས་པ་དོན་གཞན་མ་ཡིན་ནོ། །དེ་ལྟར་རྒྱུ་ལས་འབྲས་བུར་མི་འགྱུར་ཏེ། རྒྱུ་མེད་པ་ལས་ཀྱང་འབྲས་བུར་མི་འགྱུར་རོ། །དེའི་ཕྱིར་འབྲས་བུ
་ནི་རང་ལས་མ་ཡིན། གཞན་ལས་མ་ཡིན། གཉིས་ཀ་ལས་མ་ཡིན། རྒྱུ་མེད་པ་ཅན་ཡང་མ་ཡིན་ནོ་ཞེས་གྲུབ་སྟེ། བྱེད་པ་པོ་དང་བྱེད་པ་རྟག་པ་སུན་དབྱུང་བའོ། །ད་ནི་བདག་སུན་དབྱུང་བ་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པ་སྟེ།།
་འདིར་གལ་ཏེ་བདག་ནི་ཀུན་ཏུ་འགྲོ་མ་གཉེན་དང་བྲལ་བའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བར་འགྱུར་ཞེས་པ་ནི་འདིར་གལ་ཏེ་བདག་ཐམས་ཅད་དུ་འགྲོ་བ་དེ་གཅིག་པུར་གྱུར་ན། དེ་ལ་གཉེན་དང་བྲལ་བའི་སྡུག་བསྔལ་དུ་མི་འགྱུར་ཞིང། སེམས
་ཅན་གཅིག་གི་སྡུག་བསྔལ་གྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་པར་འགྱུར་ཏེ། བདག་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་བདག་ཏུ་མ་ཡིན་ན་དེའི་ཚེ་བདག་ཏུ་མ་རྣམས་ཐམས་ཅད་དུ་འགྲོ་བ་ཉིད་མེད་དོ། །གལ་ཏེ་འདིར་ནི་བརྟག་པར་གྱུར་ན
་འདོད་པའི་མདའ་ཡིས་བསྣུན་པའི་གནས་སྐབས་ཉིད་དུ་ཅིས་རབ་འགྱུར་ཞེས་པ་ནི། འདིར་རྟག་པ་གང་ཡིན་པ་དེ་ལ་གནས་སྐབས་གཞན་མེད་དེ། རྣམ་པར་འགྱུར་བ་དང་བྲེལ་བའི་ཕྱིར་རོ། །དེའི་ཕྱིར་འདོད་པའི་མདའ་ཡི་བསྣུན
་པས་འདོད་པའི་གནས་སྐབས་རྣམ་པ་བཅུ་པོ་འདིར་ཇི་ལྟར་འགྱུར། དེའི་ཕྱིར་བདག་ནི་མི་བརྟག་པར་རྟོགས་པར་བྱ་སྟེ། རྣམ་འགྱུར་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །གལ་ཏེ་བྱ་བ་དང་བཅས་གྱུར་ན་གཉིད་ལོག་དུས་སུ་འདི་ནི་རྨོངས་པ་ཉིད་དུ་ཇི
་ལྟར་འགྲོ་ཞེས་པ་ནི། འདིར་སད་པའི་དུས་སུ་སད་པའི་གནས་སྐབས་ཀྱི་མཚན་ཉིད་ཀྱི་བྱ་བ་དང་བཅས་ཤིང་དང་ཡིག་ལས་རྟག་པ་ཡང་ཡིན་ན། དེའི་ཚེ་གཉིད་ལོག་པའི་དུས་སུ་བྱ་བ་དང་བྲལ་བ་རྨོངས་པ་ཉིད་དུ་ཇི་ལྟར་འགྲོ་།དེ་ལྟར་ངེས་པར
་མཛའ་གཅིག་ཏུ་རྣམ་པར་དཔྱད་ན་བདག་འདི་ནི་ཀུན་ཏུ་འགྲོ་བར་འགྱུར་བ་མ་ཡིན་ཞིང། ཁྱབ་བདག་གཙོ་བོ་རྟག་པ་ཡང་མ་ཡིན་ལ། བྱ་བ་དང་བཅས་པ་ཡང་མ་ཡིན་ནོ། །ཞེས་གྲུབ་པོ། །ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང
་རབ་གསུངས་པ་བདག་མེད་ཅེས་པ་ལ་སོགས་པ་སྟེ། འདིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ནི། འགོག་པ་ལས་སྐྱེ་བ་དང་སྐྱེ་བ་ལས་འགོག་པའོ། །དེ་ལྟར་འགོག་པའི་ཆོས་རྣམས་ལ་བདག་མེད་དེ། བདག་གི་བ་མེད་པའི་ཕྱིར་རོ། །སྐྱེ
་བའི་ཆོས་རྣམས་ལ་འབྱུང་བ་ཡོད་དེ། སླར་ཡང་སྐྱེ་བ་འཛིན་པར་བྱེད་པའི་ཕྱིར་རོ། །འདི་དག་ནི་ཁ་དོན་ལ་སོགས་པའི་དཔེ་ཡིས་གྲུབ་སྟེ། འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །དགེ་དང་མི་དགེའི་འབྲས་བུ་ཡོད་དེ་ཞེས་པ་ནི་སྐྱེ་བའི
་ཆོས་རྣམས་ལ་དགེ་བ་དང་མི་དགེའི་འབྲས་བུ་ཡོད་པའོ། །འགོག་པའི་ཆོས་རྣམས་ལ་མེད་པས་ན་བྱེད་པ་པོ་ཡིས་རྣམ་པར་དམན་ཏེ། བྱེད་པ་པོ་དང་བྲལ་བའོ་ཞེས་པའི་དོན་ཏོ། །འགོག་པའི་ཆོས་ཀྱི་ཚོགས་འགོ་བ་པོ་མེད་དོ། །མ་ལུས
་པ་ནི་མཛའ་དག་གོ་།ཐར་པའི་སླད་དུ་འགྲོ་བ་ཡོད་དེ། གཞན་དག་གི་གཞན་ནི་དེའི་རང་བཞིན་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འཆིང་བ་ཡོད་དེ་བཅིངས་པ་མེད་ཅེས་པ་ནི་འདིར་སྐྱེ་བའི་ཆོས་རྣམས་ལ་འཆིང་བ་ཡོད་དོ། །འགོག་པའི་ཆོས
་རྣམས་ལ་བཅིངས་པ་མེད་དོ། །དངོས་པོ་དངོས་མེད་དག་ཀྱང་ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ཡོད་ཅེས་པ་ནི། འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པ་རང་བཞིན་མེད་ཅིང་རྫས་ཀྱི་རྣམ་པར་རྟོག་པ
་དང་བྲལ་བ་པྲ་ཕབ་དང་མཚུངས་པ། སྐད་ཅིག་རྣམ་བྲལ་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་དོ། །འདི་དག་བདག་གི་སྟེ། གདོན་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཚིག་གང་ཡིན་པ་དེ
་ནི། ལྷ་དང་གདེངས་ཅན་རྣམས་ཀྱི་གདོན་བཅས་ཚིག་གིས་འཇོམས་མི་འགྱུར། འདིར་དཔེར་ན་གདོན་གྱིས་བཟུང་བའི་གྱད་གྱིས་གདོན་ལས་གྲོལ་བའི་གྱད་གཞོམ་པར་མི་ནུས་སོ། །དེ་བཞིན་དུ་རྣམ་པར་རྟོག་པའི་གདོན་གྱིས་གཟུང་བའི་རྣམ་པར
་རྟོག་པའི་གདོན་ལས་གྲོལ་བ་གཞོམ་པར་མི་ནུས་སོ། །བདག་མེད་པ་ལ་སོགས་པ་གྲུབ་པའོ། །འདིར་ནི་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་ལུང་རྒྱ་ཆེན་པོ་ལས་ཤེས་པར་བྱའོ། །ཞེས་པ་ནི་དེས་པའོ། །ད་ནི་བྱེ་བྲག་སྨྲ་བ་དང། མདོ་སྡེ་པ
་དང། རྣལ་འབྱོར་སྤྱོད་པའི་འདོད་པ་སུན་དབྱུང་བ་གསུངས་པ། གང་ཞིག་དེ་ཉིད་ཅེས་པ་ལ་སོགས་པ་སྟེ། འདིར་མུ་སྟེགས་སངས་རྒྱས་པ་གང་དག་ཕྱོགས་ཡོངས་སུ་འཛིན་ནོ། །རང་གི་ཕྱོགས་འཛིན་པ་དེས། གཞན་གྱི་ཕྱོགས་ཀྱང་འཛིན
་པར་བྱེད་པར་འགྱུར་ཏེ། བྱིས་པའི་བློ་ཅན་དེ་དག་རྣམས་ཀྱི་དེའི་ཆོས་ཀྱིས་སམ་ཆོས་མི་མཐུན་པས་སོ། །འདིར་བྱེ་བྲག་སྨྲ་བ་གང་ཞིག་དེ་ཉིད་གང་ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་གྱིས་ཉམས་ཞེས་པ་ནི་ཏེ། འདིར་གལ་ཏེ་གང
་ཟག་གི་ནང་ན་འདུས་པ་སྐྱེ་བའི་ཆ་ཤས་ཅན་གྱི་གང་ཟག་ཡོད་ན། དེའི་ཚེ་རང་བཞིན་བརྗོད་པར་བྱའོ། །ཅི་ཤེས་པའི་རང་བཞིན་ནམ། མི་ཤེས་པའི་རང་བཞིན། གལ་ཏེ་ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་མི་རྟག་སྟེ།
་འདིར་བུམ་པའི་ཤེས་པ་འགགས་པ་ན་སྣམ་བུའི་ཤེས་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་མི་བརྟག་གོ་།ཅི་སྟེ་མི་ཤེས་པའི་རང་བཞིན་ཡིན་ན་དེའི་ཚེ་མི་ཤེས་པ་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རིགས་མེད་དོ། །དེས་ན་བྱེ་བྲག་སྨྲ་བ་དེ་ནི
་དེའི་རང་བཞིན་རྣམ་པར་དཔྱད་ན་ཉམས་སོ། །འདིར་ཁུར་ཁུར་བའི་གང་ཟག་ཡོད་དེ་བརྟག་པར་ཡང་བདག་མི་སྨྲ་ཞིང་མི་རྟག་པར་ཡང་བདག་མི་སྨྲའོ། ཞེས་པ་བཅོམ་ལྡན་འདས་ཀྱི་གསུང་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ལེའུ་ལས་རྒྱ་ཆེར་བརྗོད
་པར་བྱའོ། །ཀུན་རྫོབ་དག་གི་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་ཏུ་འདོད་པའོ། །འདིར་ཀུན་རྫོབ་ཀྱི་སྔོན་པོ་ལ་སོགས་པའི་དོན་འཛིན་པའི་དོན་སྨྲ་བ་པོ་ནི་ཉམས་སོ། །ཇི་ལྟར་ཞེ་ན། དོན་པ་ཡེ་ཤེས་ཀྱི་སྐུ་མ་རིག་སྟེ། མོ
་གཤམ་གྱི་བུ་བཞིན་དུ་མེད་པ་དག་ཏུ་འདོད་པས་སོ། །དེ་བཞིན་དུ་སྨྲས་པ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ
་ནི་རྣམ་མེད་ཀྱི། །ཕྲ་རབ་བསགས་པ་དངོས་སུ་རིག་།ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུན་འདོད་འགྱུར། །ཤེས་པ་རྣམ་བཅད་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །བགེགས
་པ་དག་ནི་ནམ་མཁའ་བཞིན། །འདུ་བྱེད་བེམས་པོ་ཡོང་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག་།ཅེས་སོ། །དེས་ན་ཐོགས་པ་མེད་པའི་གཟུགས་དུས་གསུམ་རིག
་པར་བྱེད་པ་པོ་གལ་ཏེ་མར་མེ་བརྣལ་བ་དང་འདྲ་བར་མཚུངས་པ་ཡིན་ན། དེའི་ཚེ་ཐོགས་པ་མེད་པའི་གཟུགས་མེད་པའི་ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །སྐུ་བཞི་མ་གཏོགས་པར་ཉི་ཚེ་བའི་སྐུ་ཡིས་སངས་རྒྱས་ཉིད་དུ་མི་འགྱུར་རོ། །འདིར་ཐོགས་པ
་མེད་པའི་སྐུ་དང་བྲལ་བའི་སངས་རྒྱས་ནི་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་སྟོན་པར་མི་འགྱུར་རོ། །ཐམས་ཅད་ཀྱི་སྐད་ཀྱི་གསུང་དུ་མི་འགྱུར་རོ། །གཞན་གྱི་སེམས་མཁྱེན་པར་ཡང་མི་འགྱུར་རོ། །ལྷའི་མིག་ལ་སོགས་པ་ཐམས་ཅད་འབྲས་བུ
་མེད་པར་འགྱུར་རོ། །ཞེས་པ་ནི་མདོ་སྡེ་པའི་འཛིན་པའི་སྐྱོན་ནོ། །ད་ནི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་འཛིན་པའི་སྐྱོན་གསུངས་པ། སྲིད་གསུམ་མཛའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་འདོད་པར་བྱེད་ཅེས་པ་སྟེ།
་སྨྲས་པ། ཡན་ལག་ཅན་ཞེས་བྱ་བ་མེད། ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང། །གཟུང་དང་འཛིན་པ་རྣམ་གྲོལ་པའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར
་སྤྱོད་པའི་གཞུང། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །དེ་ཕྱིར་གཅིག་དང་དུ་མའི་རང་བཞིན་གྱི་རྣམ་པར་ཤེས་པ་རྣམ་པར་དཔྱད་པས་བྲལ་བའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་པོ་ཉམས་སོ། །འདིར་ཁམས་གསུམ་པ་ནི་རྣམ་པར་ཤེས་པ་ཙམ
་མོ། །གལ་ཏེ་རྣམ་པར་ཤེས་པ་ལས་གཞན་ཕྱི་རོལ་གྱི་དངོས་པོའི་རང་གཟུགས་མེད་ན་དེའི་ཚེ། འཛིན་པ་མིག་གི་རྣམ་པར་ཤེས་པ་ལ་ཕྱི་རོལ་གྱི་གཟུགས་ཇི་ལྟར་བཟུང་བའི་རང་བཞིན་གྱིས་རབ་ཏུ་སྣང་སྨྲས་པ། མ་རིག་པའི་བག་ཆགས་ཀྱི་དབང
་གིས་སོ་ཞེ་ན། སྨྲས་པ། ཅི་མ་རིག་པ་འདི་ཁམས་གསུམ་པའི་མཚན་ཉིད་ཅན་མ་ཡིན་ནམ། གལ་ཏེ་མ་རིག་པ་ཁམས་གསུམ་པའི་མཚན་ཉིད་ཅན་མ་ཡིན་ན། དེའི་ཚེ་འཁོར་བ་ལས་འདས་པའི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་ན་འདི་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་སྟེ། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་མ་རིག་པ་འདི་ནི་འཁོར་བའི་བག་ཆགས་སོ་འཁོར་བ་ཡང་སྲིད་པ་གསུམ་གྱི་མཚན་ཉིད་དེ་སྲིད་པ་གསུམ་ནི་ཁམས་གསུམ་མོ། །དེ་ཡང་རྣམ་པར་ཤེས་པ་ཙམ་སྟེ། དེ་ལྟར་མ
་རིག་པ་རྣམ་པར་ཤེས་པ་ཙམ་དང། རྣམ་པར་ཤེས་པ་ཙམ་དེའི་བདག་ཉིད་ཡིན་ན། དེའི་བདག་ཉིད་ཡིན་པའི་ཕྱིར་མ་རིག་པ་དང་བྲལ་བ་མེད་དེ། རྣམ་པར་ཤེས་པ་ནི་མ་རིག་པ་ཙམ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཁམས་གསུམ་པ་རྣམ་པར་ཤེས
་པ་ཙམ་མ་ཡིན་ན། དེའི་ཚེ་དམ་བཅའ་བ་ཉམས་ཏེ། ཁམས་གསུམ་པ་ཙམ་དུ་མ་གྲུབ་པོ། །ད་ནི་སྐད་ཅིག་འཇིག་པ་དང་སྐྱེ་བའི་སྐྱོན་གསུངས་པ། འདིར་ཆོས་རྣམས་སྐད་ཅིག་མ་གཅིག་ལ་འཇིག་པ་དང་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཅི
་གནས་པ་མེད་པར་རམ། གལ་ཏེ་གནས་པ་མེད་པར་འཇིག་པ་དང་སྐྱེ་བར་འགྱུར་ན། དེའི་ཚེ་རི་བོང་གི་རྭ་ལ་ཡང་འགྱུར་རོ། །ཅི་སྟེ་སྐྱེས་པ་ལ་གནས་ཤིང། གནས་པ་ལས་འཇིག་སྟེ། ཞིག་པ་ལས་སྐྱེ་བ་དེ་ལྟར་ན། གནས་པ་དང། འཇིག་པ
་དང། སྐྱེ་བ་རྣམས་གཅིག་ཉིད་མེད་དེ་མཚན་ཉིད་ཐ་དད་པས་རྟོགས་པར་བྱའོ། །འདིར་གང་གི་དུས་ན་གནས་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་འཇིག་པ་མེད་དོ། །གང་གི་དུས་ན་འཇིག་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་གནས་པ་མེད་པའོ། །གང་གི་དུས་ན
་སྐྱེ་བ་ཡོད་པ་དེའི་དུས་ན་གནས་པ་དང་འཇིག་པ་མེད་དོ། །དུས་ཞེས་པ་ནི་སྐད་གཅིག་གོ་།གལ་ཏེ་དུས་གཅིག་ལ་ཡིན་ན་སྐྱེ་བ་དང་རྒ་བ་དང། འཆི་བ་རྣམས་གཅིག་པ་ཉིད་དོ་ཞེས་པ་ལས་གཞན་པ་ཅི། འདིར་གང་དུ་སྐད་ཅིག་གཅིག་ལ་ཆོས་ཀྱི་སྐྱེ
་བ་དང། འཇིག་པ་དེ་ཅི། ཆོས་སྔ་མ་འགགས་པ་ལས་སམ། འོན་ཏེ་མ་འགག་པའི་ཆོས་ལ་ཆོས་ཕྱི་མ་སྐྱེ། གལ་ཏེ་འགགས་པའི་ཆོས་ལས་སྐྱེ་ན་དེའི་ཚེ། འགགས་པའི་མར་མེ་ལས་མར་མེ་གཞན་སྐྱེའོ། །ཅི་སྟེ་མ་འགགས་པ་ལས
་སྐྱེ་ན། དེའི་ཚེ་འགགས་པའི་མར་མེ་ལས་མར་མེ་སྐྱེ་བ་བཞིན་དུ་དེ་ལས་གཞན་སྐྱེའོ། །དེ་ལྟར་སྐྱེས་པ་ལས་སྐྱེ་བས་ན་མར་མེའི་ཕྲེང་བ་བཞིན་དུ་རྣམ་པར་ཤེས་པའི་ཕྲེང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་སྔ་མ་མ་འགགས་པ་ལས་གཞན་སྐྱེ
་བ་བརྗོད་པར་མི་ནུས་ཏེ་འགགས་པ་ལས་ཀྱང་ངོ། །འདྲེས་པ་ལས་ཀྱང་མ་ཡིན་ཏེ། དེ་དག་ཕན་ཚུན་འགལ་བས་གཅིག་པ་ཉིད་མེད་དོ། །དེའི་ཕྱིར་དབུ་མ་པས་སྨྲས་པ། རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང
་བཞིན་དང། །བྲལ་བས་ནམ་མཁའ་ཨི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཛའ་བཞི་རྣམ་པར་གྲོལ་བ་ཡིས། །དེ་ཉིད་དབུ་མ་པ་ཡིས་རིག་།ཅེས་སོ། །གང་ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ།།
་དེ་གང་ཞེ་ན། གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པ་སྨྲ་བོ་སྟེ། འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག
་པའོ། ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཛའ་ངེས་པའོ། །ད་ནི་སྔ་མའི་ལས་ཉེ་བར་ལོངས་སྤྱོད་པ་དང། ད་ལྟར་གྱི་ལ་སོགས་པ་ལ་དགག་པ་གསུངས་པ། སྐྱེ་བོ་ཞེས་པ་ལ་སོགས་པ་སྟེ། འདིར་གང་དག་གི་འདོད་པ་ལས། སྔར་བྱས་པའི་ལས་རྣམས་སྐྱེ་བོ་ལོངས་སྤྱོད་ཅིང
་སྐྱེ་བ་འདི་ལ་བྱ་བ་རྣམས་ནི་སྐྱེ་བ་གཞན་ལའོ། །ཞེས་སོ། །གལ་ཏེ་དེ་ལྟ་ཡིན་ན། དེའི་ཚེ་ལས་ནི་འཇིག་པར་མི་འགྱུར་ཏེ། མི་རྣམས་སྐྱེ་དང་སྐྱེ་བ་གཞན་དག་གི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེ་ལྟར་ན་དཔག་མེད་སྲིད་པ་དག་གིས་འཁོར་བ་ལས་འབྱུང
་བར་འགྱུར་བ་མེད་ཅིང། ཐར་པར་འཇུག་པ་མེད་པ་ཉིད་དུ་འགྱུར་རོ་འདི་དག་སྟག་གཟིག་རྣམས་ཀྱང་ངེས་པར་འདོད་པར་འགྱུར་ཏེ། འོན་ཀྱང་གཞན་པའི་རིགས་ཀྱིས་རབ་ཏུ་དམན་པའོ། །ཞེས་པ་ལ། ཀླ་ཀློ་སྟག་གཟིག་རྣམས་ཀྱི་འདོད་པ་ནི། མི་ཤི་བ་དག་།མཐོ་རིས་སམ་དམྱལ
་བར་མིའི་ལུས་འདིས་བདེ་བ་འམ། སྡུག་བསྔལ་ལོངས་སྤྱོད་དེ། རཧམ་ཎའི་ངེས་པས་སོ། ཞེས་པའོ། །དེའི་གཞན་པའི་རིགས་ཀྱིས་རབ་ཏུ་དམན་པའོ་ཞེས་ཏེ་ངེས་པའོ། །ད་ནི་ཚུ་རོལ་མཛེས་པའི་འདོད་པ་སུན་དབྱུང་བ་གསུངས་པ། གལ་ཏེ་འབྱུང
་བ་ཞེས་པ་ལ་སོགས་པ་སྟེ། འདིར་གལ་ཏེ་སྔར་བརྗོད་པ་ས་ལ་སོགས་པའི་བྱུང་བ་རྣམས་གཅིག་ཏུ་གྱུར་པས། ཨ་རུ་ར་དང། བུ་རམ་དང། དྷཱ་ཏ་ཀི་ཡང་དག་པར་སྦྱོར་བ་ལས་ཆང་གི་ནུས་པ་བཞིན་དུ། མི་རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་འགྲུབ
་ན། དེའི་ཚེས་ལ་སོགས་པ་གཅིག་ཏུ་གྱུར་པའི་ཤིང་རྣམས་ལ་འབྱུང་བ་ཡང་དག་པར་སྦྱོར་བ་ལས་དབང་པོ་དང་བཅས་པའི་སེམས་སུ་ཅིའི་ཕྱིར་མི་འགྱུར། ཅི་སྟེ་བསྟན་པ་འདི་རྣམས་ལ་སྐྱེ་བོའི་ནུས་པ་མེད་དོ་ཞེ་ན། དེའི་ཚེ་འབྱུང་བ་ཡང་དག་པར་སྦྱོར་བའི་ནུས་པ
་ཞེས་པ་མཆོག་ཏུ་བརྫུན་ནོ། །དེའི་ཕྱིར་ཚུ་རོལ་མཛེས་པའི་ཚིག་འདི་དག་ནི་མི་རྣམས་དག་ལ་བདེ་བའི་འབྲས་བུ་སྟེར་མིན་ལམ་ཉམས་སོ། ཞེས་པ་སྟེ། འཇིག་རྟེན་རྒྱང་པན་པ་སུན་དབྱུང་བའི་ངེས་པའོ། །ད་ནི་ཟད་བྱེད་པའི་འདོད་པ་སུན་དབྱུང་བ་གསུངས
་པ། སྲོག་ཅེས་པ་ལ་སོགས་པ་སྟེ། འདིར་གལ་ཏེ་ཟར་བྱེད་པའི་གྲུབ་པའི་མཛའ་ལས་སྲོག་ནི་རྟག་པ་སྟེ། དེ་ཡང་ལུས་ཀྱི་ཚད་དོ་ཞེས་གྲུབ་བོ་ཞེ་ན། དེའི་ཚེ་ལུས་ཀྱི་ཆ་ཤས་ལག་པ་དང། རྐང་པ་ལ་སོགས་པ་བཅད་པར་གྱུར་ན་ཉམས་པར་འགྱུར་མ་ཅི
་བཅད་པའི་ལུས་ཀྱི་ཆ་ཤས་མེད་པའི་ཕྱིར་རོ། །བརྟག་པ་དག་ནི་ལུས་ཀྱི་མཐུ་ལས་ཕྲ་མོ་བཟུང་བ་ལས་ཕྲ་མོར་འགྱུར་ཞིང་ལུས་སྦོམ་པོར་བཟུང་བ་ལས་སྦོམ་པོར་ཡང་ནི་རབ་ཏུ་འགྱུར་རམ་ཅི་ཞེས་པའོ། །འདིར་གང་ཞིག་བརྟག་པ་དེ་ནི་རྣམ་པར་འགྱུར་བ
་ཅན་མ་ཡིན་ལ། གང་ཞིག་རྣམ་པར་འགྱུར་བ་ཅན་དེ་ནི་བརྟག་པ་མ་ཡིན་ནོ་ཞེ་ན། སྨྲས་པ། རྫས་དང་རྣམ་གྲངས་དག་ལ་རྟག་པ་དང་མི་རྟག་པ་ཞེས་བརྗོད་པར་འགྱུར། །སྨྲས་པ། ཇི་ལྟར་གསེར་དང་རྣ་བརྒྱན་དག་རྟགས་དང། མི་བརྟག་པ་དེ་བཞིན་དུ
་རྫས་དང་རྣམ་གྲངས་དག་ལ་སྲོག་གི་རྫས་བརྟག་པ་དང། རྣམ་པར་འགྱུར་བ་མི་རྟག་པ་ཞེས་ཀྱང་བརྗོད་པར་འགྱུར་རོ། །དེ་བཞིན་དུ་གྲུབ་པའི་མཛའ་སྨྲས་པ། ལ་ལར་སྲོག་གི་སྟོབས་ལྡན་ཞིང། །ལ་ལར་ལས་ནི་སྟོབས་ལྡན་འགྱུར། །དེ་ལྟར་སྲོག་དང་ལས་དག་ལ། །ཁོན
་ན་མངོན་དུ་བཅིངས་པའོ། ཞེས་པ་སྟེ། ཚིགས་སུ་བཅད་པ་འདིའི་དོན་སྨྲས་པ་ནི། ལ་ལར་ཞེས་པ་ཐར་པའི་ཡུལ་ལ་སྲོག་ནི་སྟོབས་དང་ལྡན་ཏེ། ཡེ་ཤེས་འབའ་ཞིག་གི་སྟོབས་ཀྱིས་སོ། །ལ་ལར་ཏེ་འགྲོ་བ་བཞིའི་འཁོར་བའི་ཡུལ་ལ་ལས་སྟོབས་དང་ལྡན་ཏེ། མི་ཤེས
་པའི་སྟོབས་ཀྱིས་སོ། །དེ་ལྟར་སྲོག་དང་ལས་དག་ལ་ཡང་ཁོ་ནི་སྔོན་ཐོག་མ་མེད་པའི་དུས་སུ་བཅིངས་པའོ་ཞེས་གྲུབ་བོ། །དེ་ལྟར་རྫས་སྐྱེ་བ་དང། འཇིག་པའི་བདག་ཉིད་ནི་རང་གི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ། རྣམ་པ་གཞིན་དུ་འགྲུབ་པ་མེད་དོ། ཞེས་པ་ནི་གྲུབ
་པའི་མཛའ་ཨོ་ཞེ་ན། སྨྲས་པ། རྫས་དང་རྣམ་གྲངས་དག་གཅིག་ཉིད་དམ་གཞན་ཉིད། འདིར་གལ་ཏེ་གཅིག་ཉིད་ཡིན་ན་དེའི་ཚེ་རྫས་དང་རྣམ་གྲངས་དག་ལ་དབྱེ་བ་མེད་དོ། །ཅི་སྟེ་གཞན་ཉིད་ཡིན་ན་དེའི་ཚེ་རྫས་མེད་པར་རྣམ་གྲངས་སུ་འགྱུར་ཏེ། སྐུད་པ་མེད
་པའི་སྣམ་བུ་མཐོང་བར་འགྱུར་བ་དེ་ལྟར་ཡང་མ་ཡིན་ནོ། །དེ་བཞིན་དུ་རིགས་དང་གསལ་བ་དག་ལ་ཡང་བརྟག་པ་དང། མི་རྟག་པ་ཡང་དག་པར་སྦྱོར་བའི་སྐྱོན་ནོ། འདིར་རྟག་པ་དང་མི་རྟག་པ་དག་གཅིག་པ་ཉིད་ནི་མེད་དེ། ཕན་ཚུན་འགལ་བའི་ཕྱིར
་ཏེ། མི་འདྲ་བ་དང་འདྲ་བ་དགྲ་བཞིན་ནོ། །དེ་བཞིན་དུ་འཁོར་བའི་ལས་ལས་གྲོལ་བ་གང་ཞིག་འཇིག་རྟེན་སྟེང་ན་གནས་པ་བདེ་བ་དག་གི་གནས་སུ་འགྲོ་ཞེས་པ་སྟེ། འདིར་ཟད་བྱེད་པའི་གྲུབ་པའི་མཛའ་ལ་སྲིད་པ་གསུམ་ནི་གཅིག་ཉིད་གཉིས་པ་མེད་དོ། །དེས
་ན་སྲིད་པ་གསུམ་པོ་འདི་ནི་ཐོག་མ་དང་ཐ་མ་མེད་ཅིང། སྐྱེ་བ་དང་འཇིག་པ་དང་བྲལ་བ་ཐམས་ཅད་རྡོ་རྗེའི་རང་བཞིན་ཏེ། ནམ་ཡང་འཇིག་པར་མི་འགྱུར་རོ། །གལ་ཏེ་སྲིད་པ་འདི་འཇིག་པར་འགྱུར་ན། དེའི་ཚེ་གཞན་སྲིད་པ་གསུམ་མེད་པའི་ཕྱིར། སྲོག་ཆགས་ཐམས་ཅད
་གང་དུ་གནས་པར་འགྱུར། རྒྱུ་དེས་ན་འདི་ནི་རྟག་པ་སྟེ་སྲོག་ཀྱང་བརྟག་པའོ། །འཁོར་བ་ལས་གྲོལ་བར་གྱུར་ན་ཐར་པ་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ་བདེ་བའི་གནས་གང་ཟག་དང་བྲལ་བར་འགྲོའོ། ཞེས་པ་གྲུབ་བོ་ཞེ
་ན། སྨྲས་པ། འདིར་འཇིག་རྟེན་གསུམ་ཡང་ཕྲ་རབ་དག་གིས་བསྐྱེད་པ་ཡིན་གྱིས། ཕྲ་རབ་མེད་པ་མ་ཡིན་ལ་ཡང་ཡིག་ལས་ཐར་པ་ཡང་ངོ། །དེ་ལྟ་ན་ཇི་ལྟར་རྟག་པར་འགྱུར་ཏེ། གང་ཞིག་ཕྲ་རབ་དག་གིས་བཀོད་པ་ནི་རྟག་ཏུ་ཞེས་པ་དུས
་ཀུན་ཏུ་རྟག་པ་སྟེ། བསྟན་པ་ཡང་མི་འགྱུར་ཏེ། སྡུད་པའི་དུས་ཀྱི་དབང་གིས་འཇིག་པར་འགྱུར་རོ། །དེ་འཇིག་པ་ལས་གྲུབ་པ་རྣམས་ཀྱང་འཇིག་པ་འབྱུང་བར་འགྱུར་རོ། ཞེས་པ་གྲུབ་པ་ནི་རིགས་པ་ལས་ཏེ་གཞན་པ་ཅི་འདིར་སྔར་བརྗོད་པའི་སྲོག
་གི་ལུས་ཀྱི་ཆ་ཤས་དྲུག་པོ་རྣམས་ཀྱི་ནང་ནས་ནགས་ཀྱི་བདག་པོ་རྣམས་ཀྱི་སྲོག་སྟེ། ཅི་ནགས་ཀྱི་བདག་པོ་སོ་སོ་ལུས་གཅིག་གི་བདེ་བ་འམ་སྡུག་བསྔལ་ལས་ཀྱི་དབང་གིས་ཉམས་སུ་མྱོང་བར་འགྱུར་མ། ཅི་སྟེ་དུ་མས་ཡིན། སྨྲས་པ་སྲོག
་གཅིག་གིས་གང་ཟག་གཅིག་འཛིན་ཏེ། གང་གི་མཐུ་ཡིས་ནགས་ཀྱི་བདག་པོ་རྣམས་དང་འབྲུ་ལ་སོགས་པ་རྣམས་ལ་སྲོག་ཅེས་པའི་མིང་ངོ། །གལ་ཏེ་སྲོག་མེད་ན་དེའི་ཚེ་རྐང་འཐུང་ཞེས་པ་ཇི་ལྟར་གྲུབ། སྲོག་མེད་པའི་ཤིང་སྐམ་ལ་སོགས་པ
་རྣམས་ནི་ཆུ་འཐུངས་ནས་མེ་ཏོག་ལ་སོགས་པ་དུས་སུ་བྱེད་པར་མི་འགྱུར་རོ་ཞེས་གྲུབ་བོ་ཞེ་ན། སྨྲས་པ་འདིར་གལ་ཏེ་གང་ཟག་སོ་སོ་ལ་སྲོག་སོ་སོ་རེ་རེ་ཡོད་ན། དེའི་ཚེ་བུར་ཤིང་གི་དབྱིག་པ་དུམ་བུ་དུམ་བུར་བྱས་པ་ལས་དུམ་བུ་དུ་མར་འགྱུར་ཏེ། དེ་དག
་གི་ནང་ནས་དུམ་བུ་གཅིག་ནི་རྟག་ཏུ་སྲོག་དང་བཅས་པ་སྟེ། ལས་ཀྱི་དབང་གིས་བསྐུམས་ནས་རབ་ཏུ་ཞུགས་པའོ། །འགའ་ཞིག་ནི་དེ་ཡོངས་སུ་བཏང་བའོ། །རིག་པས་རྣམ་པར་དཔྱད་ན་དེ་ལྟར་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སླར་ཡང
་དེ་དག་ས་ལ་གཅུགས་ན་དུམ་བུ་སོ་སོ་ལ་མྱུ་གུ་ལ་སོགས་པ་མཐོང་བ་དེའི་ཕྱིར། ནགས་ཀྱི་བདག་པོ་རྣམས་ཀྱི་མྱུ་གུ་ལ་སོགས་པ་རྣམས་ཀྱིས་ནུས་པ་ནི་དངོས་པོའི་རང་བཞིན་ནོ་ཞེས་གྲུབ་བོ་ཞེས་པ་ནི་ཟད་བྱེད་པ་སུན་དབྱུང་བའི་ངེས་པའོ། །རྒྱ་ཆེ་དུ་མར་ཚད་མའི
་བསྟན་བཅོས་དུ་མ་དང་དབུ་མ་པས་མུ་སྟེགས་པ་རྣམས་ཀྱི་གྲུབ་པའི་མཛའ་སུན་དབྱུང་བར་བྱ་སྟེ། གང་ཞིག་ཀུན་རྫོབ་བཾ་དོན་དམ་པ་སངས་རྒྱས་ཀྱིས་གསུང་དང་མཚུངས་པ་དེ་ནི་སུན་དབྱུང་བར་མི་བྱའོ། ཞེས་པ་ནི་དུས་ཀྱི་འཁོར་ལོ་དང་སངས་རྒྱས་བཅོམ་ལྡན་འདས
་ཀྱི་ངེས་པའོ། ཞེས་པ་ལ་སོགས་ཡེ་ཤེས་སླད་དུ་དུས་ཀྱི་འཁོར་ལོས་ས་ལ་བསྟན་པ་རབ་ཏུ་གསལ་བར་མཛད་པ། །འཇམ་དང་སྲ་དང་གཞན་པའི་བག་ཆགས་སྟོབས་ཀྱིས་སྐྱེས་བུ་རྣམས་ཀྱི་སེམས་ཀྱི་རྗེས་སུ་འབྲངས་པ་སྟེ། །སེམས་ནི་ངེས་པར་དངོས་པོའི་མཚོན
་གྱིས་ཉེ་བར་གཞག་པ་ངག་ལས་ཤེལ་བཞིན་ཚོན་ལྡན་ཉིད་འགྱུར་བ། གང་ཡིན་དེ་ཕྱིར་རང་གཞན་རིགས་སུ་གྱུར་པའི་ཆོས་ནི་འགའ་ཡང་རྣལ་འབྱོར་པ་ཡི་སུན་མི་དབྱུང། ཆོས་ནི་སེམས་ཅན་ཕན་པ་ཡུལ་དང་རྣམ་པར་བྲལ་བ་དག་སྟེ་ཆོས་མིན་དག་ཀྱང་གནོད་པའོ།།
་འཚེ་བ་རིག་བྱེད་ཚང་མ་ཅན་ནི་བདེ་བའི་འབྲས་བུ་མི་སྟེར་དུས་ཀུན་ཏུ་ནི་སྡུག་བསྔལ་སྟེར། །དམ་པའི་བྱམས་ལྡན་རྨོངས་པའི་ཚིགས་ལས་མཆོག་གི་བདེ་བ་བྱེད་ཅིང་སེམས་ཅན་བདེ་ལ་རྗེས་སུ་ཆགས། །དེ་ཕྱིར་སེམས་ཅན་དོན་ནི་གཅིག་པུ་དག་དང་མི་བདག་ཡིད་ཀྱི
་རང་བཞིན་མེད་པ་བསྒོམ་པར་གྱིས། །ལྷ་མིའི་བླ་མ་ང་ནི་མཐོ་རིས་འཇིག་རྟེན་དག་ཏུ་དབང་པོ་ས་སྟེང་དུ་ནི་འཁོར་ལོས་སྒྱུར། །ས་འོག་དག་ཏུ་ཀླུའི་རྒྱལ་པོ་གདེངས་ཅན་རིགས་ཀྱི་བཏུང་དང་ཀུན་ཏུ་འགྲོ་དང་མཆོག་ང་སྟེ། ཡེ་ཤེས་སངས་རྒྱས་ཐུབ་དབང
་འགྱུར་མེད་མཆོག་དང་ཁྱབ་བདག་རྣལ་འབྱོར་རྣམས་ཀྱི་རྡོ་རྗེ་རྣལ་འབྱོར་དང། རིག་བྱེད་ཨོཾ་གྱི་ཡི་གེ་གཙང་མ་དག་སྟེ་རྒྱལ་པོ་དངོས་པོ་ཀུན་གྱི་བདག་ལ་སྐྱབས་སུ་སོང་ཞེས་པ་ནི་སྐྱབས་ཀྱི་ངེས་པའོ། །ད་ནི་ཉི་མའི་ཤིང་རྟས་ཕྱག་བྱས་པ་ཁྱོད་ནི་མ་དང་ཁྱོད་ནི་ཕ
་པ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ
་ཡང། །ཁྱོད་ནི་འབའ་ཞིག་གནས་པ་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ
་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཞེས་ཏེ། ཉི་མའི་ཤིང་རྟས་བླ་མའི་ཕྱག་གིས་བཅོམ་ལྡན་འདས་འཇམ་དཔལ་ལ་སྟོད་ནས་ཞབས་གཉིས་པོ་སྤྱི་བོར་བྱས་ཏེ་སླར་ཡང་རང
་གི་སྟན་ལ་འཁོད་དོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། རང་དང
་གཞན་གྱི་ལྟ་བ་རིག་པས་རྣམ་པར་དཔྱད་པའི་མདོར་བསྡུས་ཆེན་པོ་སྟེ། བདུན་པའོ།། །།
་ནང་གི་ལེའུའི་འགྲེལ་བཤད་རྫོགས་སོ།། སརྦ་མངྒ་ལཾ།། །།
་