CLOSE WINDOW

N817: dmyal ba nas 'don pa zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ན་ར་གོདྡྷི་ར་ནཱ་མ། བོད་སྐད་དུ། དམྱལ་བ་ནས་འདོན་པ་ཞེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །དབུལ་བའི་འདམ་དུ་བྱིང་བ་ལ། ཡོངས་སུ་མཁྱེན་པ་བསྐྱེད་ནས་ནི། །དེ ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །བདག་ནི་རབ་རིབ་ཁང་པར་ཞུགས། །མགོན་མེད་སྡུག་བསྔལ་ཉམས་སུ་མྱོང། །བདག་ནི་གཉེན་གྱི་ཚོགས་ཀྱིས་སྤངས། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །ཕ་དང་མ་དང་སྲིད་མོ་དང། །བུ་དང་ཆུང་མ ་མཛའ་བཤེས་མོ། །མིག་འཕྲུལ་ལྟ་བུར་བདག་གིས་འཁུམས། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །བདག་འདིར་འཁོར་འདབ་རྣམས་ཀྱི་ཕྱིར། །ལས་གང་ལེགས་དང་ཉེས་བྱས་པ། །དེ་ཡིས་བདག་ནི་གཅིག་པུར་གྱུར། །དེ་བཞིན་གཤེགས ་ཀྱི་བདག་ལ་སྐྱོབས། །འཁོན་རྙིང་མི་བཟད་ཆེན་པོ་དང། །གཏིང་མེད་རྒྱ་མཚོ་དག་རྣམས་སུ། །མགོན་པོ་བདག་ཅག་ལོང་གྱུར་ན། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །རྒྱ་མཚོ་ཆེན་པོ་རྒལ་བ་ཡི། །གྲུ་ནི་གོག་བོར་ཞུགས་པ་ལྟར། །བདག་གིས་ ་ཀྱང་ནི་རྒལ་དཀར་འཁུམས། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །ཆོས་དང་ཆོས་མིན་མ་འཚལ་ཤིང། །བགྲོད་དཀའ་བགྲོད་མིན་མི་རིགས་པས། །འདི་ནི་སེམས་མེད་ཤིང་དང་འདྲ། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས ་པ་བསད་པ་དང་མ་བསད་པ། །ཁོ་བོས་མཚམས་མེད་ལྔ་བགྱིས་པ། །མི་བཟད་རབ་རིབ་མུན་པར་འཁུམས། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །བདག་གིས་མཆོད་རྟེན་འཇིག་པར་བགྱིས། །དགེ་འདུན་དཀོར་ནི་རྣམ་པར་བླངས། །བདག་གིས ་སེམས་ཅན་འཚེ་བར་བགྱིས། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །འཇིག་རྟེན་འདི་ན་བདེ་བ་མཆིས། །འཇིག་རྟེན་ཕ་རོལ་འཚལ་མ་གྱུར། །ལས་ཀྱི་སྲད་བུས་དཀྲིས་པས་ན། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །དེ་ཡི་གཞོན་པ་འདི ་འདྲ་བས། །མཁའ་ལ་ཀ་ཤིའི་མེ་ཏོག་ནི། །རླུང་གིས་བཏབ་ནས་འཕྱན་བ་བཞིན། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །འབྲོག་དགོན་དང་ནི་ཚོར་མ་ཡི། །ལྗོན་ཤིང་མང་པོ་བརྟེན་མེད་པ། །དེ་ན་བདག་གི་ལམ་མ་མཐོང། །དེ་བཞིན་གཤེགས་ཀྱི ་བདག་ལ་སྐྱོབས། །ཉེས་པ་མེད་པར་ཕྱུགས་རྣམས་དང། །རི་དགས་མང་པོ་མངས་བསད་པས། །དེ་ཚེ་བདག་ནི་རྒྱལ་པོར་རློམ། །དེ་བཞིན་གཤེགས་ཀྱི་བདག་ལ་སྐྱོབས། །སེམས་ཅན་དམྱལ་བར་འཚང་བ་ན། །སྐྱོབ་པ་འགའ་ཡང་ཡོང་མ་མཆིས། ། ་གང་ལ་སྐྱབས་སུ་མཆི་བར་བགྱི། །བདག་ལ་སྐྱབ་པར་སུ་ཞིག་འགྱུར། །སྨན་པ་རྣམས་ཀྱི་སྨན་པའི་རྒྱལ། །ནད་རྣམས་ཐམས་ཅད་གསོ་མཛད་པ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །སྐྱོབ་བྱེད་འཇིག་རྟེན་མགོན་པོ་ལ། །དམྱལ་བ་ནས་འདོན་པ་ཞེས ་བྱ་བ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ།། །།འདིས་ཀྱང་འགྲོ་བ་དུ་མ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།དཔལ་ར་ས་ར་མོ་ཆེའི་གཙུག་ལག་ཁང་དུ་གྲོང་ཁྱེར་དཔེ་མེད་ཀྱི་པཎྜི ་ཏ་ཏིལ་ཀ་དང། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་པ་ཚ་བ་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། (བཅོམ་ལྡན་འདས་ལ་བསྟོད་པ་སྔགས་འོས་བསྔགས་བསྟོད་ཞེས་བྱ་བ་དྲི་ཟ་སྡེ་དབྱངས་ཀྱིས་མཛད་པ་བཞུགས།།)་།། ་