| Wylie | e-texts based on the ACIP/ALL Input |
འགྲོ་ལ་འབྲས་བུ་མཉམ་མེད་ཀུན་སྩོལ་ན། །བདག་ནི་བསྙེན་བཀུར་བགྱིད་ཀྱང་བདག་གི་ཕྱོགས། །རྣམ་པ་ཀུན་ཏུ་ཕྱི་བཤོལ་ཅི་ཕྱིར་མཛད། །དེ་ལྟར་སྨྲེ་གསོལ་བ་ཡིས་ཁྱོད་ཡོན་ཏན། །ཆ་ཙམ་བརྗོད་ལས་བདག་གིས་དགེ་བསགས ་པ། །གང་ཡིན་དེས་ནི་འགྲོ་ལ་བསོད་ནམས་དག་།རྒྱ་ཆེར་རང་བཞིན་གྲུབ་པའི་བུམ་པ་བཟང། །ཡིད་བཞིན་ནོར་བུ་ལྟ་བུ་གཟུགས་སྐུ་ཡི། །ཞབས་གཉིས་རྒྱུ་བའི་དཔག་བསམ་འདྲ་བ་ཡི། །ཁྱོད་ཀྱི་གཞོན་ནུའི་ལུས་སུ་བདག་གྱུར་ཅིང། །སྐྱེ་བ་ཀུན་ཏུ ་བདག་པོ་ཉིད་གྱུར་ཅིག་།རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཥྚ་མཧཱ་སྠ་ན་ཙཻ་ཏ་སྟོ་ཏྲ། བོད་སྐད་དུ། གནས་ཆེན་པོ ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་གཅིག་པུ་ལུམ་པིར་བལྟམས། །སེར་སྐྱའི་གྲོང་ཁྱེར་གཞི་རུ་གནས་པར་མཛད། །ཡོན་ཏན་རིན་ཆེན་བྱེ་བས་བརྒྱན་པ་ཡི། །བདེ་གཤེགས ་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །ཆུ་བོ་ནཻ་རཉྫན་ཞེས་བྱ་བའི། །འགྲམ་བཞུགས་མཆོད་རྟེན་ཡོན་ཏན་རྒྱ་ཆེ་བ། །བྱང་ཆུབ་རྟེན་དུ་གྱུར་ལ་ཕྱག་འཚལ་ལོ། །ཀ་ཤི་ཀ་ཡི་བ་ར་ཎཱ་སེ་རུ། །ཆོས ་ཀྱི་འཁོར་ལོ་རྣམ་གྲོལ་རྨད་བྱུང་ན། །ཉོན་མོངས་སྒྲིབ་པ་རྣམ་པར་གཅོད་མཛད་པ། །ཡེ་ཤེས་མཆོད་རྟེན་བཞི་ལ་ཕྱག་འཚལ་ལོ། །མཉན་དུ་ཡོད་པར་གཞན་སྟོབས་ཚར་བཅད་ནས། །ཛེ་ཏའི་ཚལ་དུ་ཆུ་འཕྲུལ་ཆེན་པོ་བསྟན། །ས ་གསུམ་དགོངས་པ་མཆོག་ཏུ་བསྒྲུབ་མཛད་པ། །མུ་སྟེགས་པ་མ་མཛད་མཆོད་རྟེན་ཕྱག་འཚལ་ལོ། །གྲོང་ཁྱེར་དམ་པ་མཆོག་ནི་གསལ་ལྡན་དུ། །ལྷ་རྣམས་གནས་གཤེགས་བླ་ན་མེད་པར་བབས། །ཞབས་ལ་ཚངས་དབང་ཅོད་པན་གྱིས་མཆོད ་པ། །སུམ་ཅུའི་ལྷས་མཆོད་མཆོད་རྟེན་ཕྱག་འཚལ་ལོ། །དགེ་འདུན་དབྱེན་དུ་སྔར་གྱུར་ལས། །སྟོན་པའི་ཉན་ཐོས་རབ་མཐུན་པ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། །བྱམས་ངོས་མཆོད་རྟེན་ཕྱག་འཚལ་ལོ། །སྐུ་ཚེ་འདུ་བྱེད་བཏང་བ་ལས། །སླར ་ཡང་སྐུ་ཚེ་བྱིན་བརླབས་པ། །རྣམ་གྲོལ་ཡངས་པ་ཅན་གྱི་ནི། །བྱིན་བརླབས་མཆོད་རྟེན་ཕྱག་འཚལ་ལོ། །ཀུ་ཤའི་གྲོང་དུ་འགྲོ་བ་རྣམས། །དགེ་བ་ལ་ནི་སྦྱོར་མཛད་ཅིང། །འགྲན་མེད་གྱད་གནས་ཟུང་གི་ཚལ། །མཆོད་རྟེན་མྱ་ངན་འདས་ཕྱག་འཚལ ་ཤཱཀ་ཐུབ་མཆོད་རྟེན་བརྒྱད་པོ་དང། །ཕྱོགས་བཅུ་གཞན་དང་གཞན་རྣམས་ན། །བཞུགས་པའི་ཆོས་སྐུ་ཀུན་ལ་འདུད། །ཞི་ལ་རྟག་ཏུ་སྤྱིས་ཕྱག་འཚལ་ལོ། །འདི་ལྟར་སྤྲོས་ཕ་ཀུན་བྲལ་དཔེ་མེད་དག་ཅིང་དག་པར་ངོ་བོ་ཉིད། །སངས་རྒྱས་ཆོས་སྐུ ་མཁས་ལྟར་འགྲོ་བ་ལ་ཁྱབ་ཡང་དག་ཕྱག་འཚལ་བས། །བསོད་ནམས་གངས་རིའི་ཁ་དོག་ལྟར་དཀར་བདག་གི་རྒྱུད་ལ་གང་བསགས་པ། །དེས་ན་སེམས་ཅན་མ་ལུས་རིགས་འཛིན་པ་དེ་རྟོགས་བྱང་ཆུབ་ཐོབ་པར་ཤོག་།གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ཨཥྚ་མཧཱ་སྠ་ན་ཙཻ་ཏ་སྟོ་ཏྲ། བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བྱང་ཆུབ་སྙིང་པོར་སངས་རྒྱས་བདུད་ནི་བཏུལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ཕྱག་འཚལ་ལོ། །ཆོས་ཀྱི་གཞིར་གྱུར་སེར་སྐྱའི་གྲོང ་ཁྱེར་དུ། །སྒྱུ་མའི་ཡུམ་ལས་ཟས་གཙང་ཤཱཀྱའི་རིགས་འཁྲུངས། །སྐུ་བཞེངས་སྟ་ཟུར་གཡས་པ་ཚངས་པས་བཞེས། །བཀྲ་ཤིས་འབྱུང་བའི་མཆོད་རྟེན་ཕྱག་འཚལ་ལོ། །ཝ་ར་ཎཱ་སི་ལ་སོགས་བསོད་སྙོམས་གཤེགས། །གཟུགས་ཅན་སྙིང ་