| Wylie | e-texts based on the ACIP/ALL Input |
སྔོན་གྱི་ཇི་ལྟར་ཕྱིས་དེ་བཞིན། །དེ་བཞིན་ཉིད་ནི་ཐུགས་སུ་ཆུད། །འཕགས་པ་རྣམས་ཀྱི་བརྟེན་པ་ཡི། །བསྒོམས་མ་ཞུགས་པར་མཚན་མེད་འདི། །རྣམ་པར་ཤེས་པར་འགར་འགྱུར་རམ། །མཚན་མ་མེད་ལ་མ་ཞུགས་པར། ། ་ཐབ་པ་མེད་ཅེས་གསུངས་པའི་ཕྱིར། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་རྣམས། །མ་ལུས་པར་ནི་དེ་ཉིད་བསྟན། །བསྟོད་པའི་སྣོད་ཁྱོད་བསྟོད་པ་ལས། །བདག་གི་བསོད་ནམས་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་རྣམས། །མཚན་མའི་འཆིང་ལས་གྲོལ ་གྱུར་ཅིག་།འཇིག་རྟེན་ལས་འདས་པར་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྚ་པཎྜི་ཏ་དང། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་*། (།སེམས་ཀྱི་རྡོ་རྗེའི་བསྟོད་པ།།)་།།རྒྱ་གར་སྐད་དུ། ཙིཏྟ་བཛྲ་སྟ་བ། བོད་སྐད་དུ། སེམས་ཀྱི་རྡོ་རྗེའི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་སེམས་བྱུང་དྲ་བ་ནི། །སེམས ་ཉིད་ཀྱི་ནི་བསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་མོས་པ་སྣ་ཚོགས་རྣམས། །ཐ་དད་ལྷ་ཡི་དམིགས་པ་ལ། །རིན་ཆེན་སེམས་ནི་རྣམ་གྲོལ་ལས། །ལྷ་གཞན་བསྒྲུབ་ཏུ ་ཡོད་མ་ཡིན། །རིམ་ཐོབ་པ་ནི་བྱང་ཆུབ་སྟེ། །སེམས་ནི་འགྲོ་བ་ལྔ་པོ་ཡིན། །བདེ་དང་སྡུག་བསྔལ་མཚན་ཉིད་དག་།སེམས་ལས་མ་གཏོགས་ཅུང་ཟད་མེད། །འགྲོ་བ་ཀུན་གྱིས་མཐོང་བ་རྣམས། །ཅུང་ཟད་བསྒོམ་པའི་རྣམ་པ ་ཡང། །དེ་ཀུན་སེམས་ཀྱི་དྲ་བ་རུ། །དེ་ཉིད་གསུང་བས་བསྟན་པ་ཡིན། །རྣམ་པར་རྟོག་པ་སྤངས་པའི་སེམས། །རྣམ་པར་རྟོག་པས་སྒོ་བྱས་པའི། །འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་རྟོག་མེད་པ་ཐར་པ་ཡིན། །དེ ་?ལས་ཀུན་གྱིས་འབད་པ་ཡིས། །བྱང་ཆུབ་སེམས་ལ་ཕྱག་བྱའོ། །སེམས་ཀྱི་རྡོ་རྗེའི་བསྒོམ་པའི་ཕྱིར། །དེ་ནི་བྱང་ཆུབ་མཆོག་ཅེས་བྱ། །ཁམས་བསྐྱེད་སེམས་ནི་ལུས་ཀྱིས་བཅིངས། །སེམས་མེད་ཁམས་ནི་ཁེད་པར་འཇུག་།དེ་ཕྱིར་སེམས་ནི་ཀུན ་ཏུ་བསྲུང། །བདེ་ལེགས་སེམས་ལ་སངས་རྒྱས་འབྱུང། །སེམས་ཀྱི་རྡོ་རྗེའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། *། (།དོན་དམ་པར་བསྟོད་པ།།)་།།རྒྱ་གར་སྐད་དུ། །བ་ར་མ་ཐཱ་རྠ་སྟ་བ། བོད་སྐད ་དུ། དོན་དམ་པར་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེ་བ་མེད་ཅིང་གནས་མེད་ལ། །འཇིག་རྟེན་དཔེ་ལས་ཤིན་ཏུ་འདས། །ངག་གིས་བརྗོད་པའི་སྤྱོད་ཡུལ་མིན། །མགོན་ཁྱོད་ཇི་ལྟར་བརྗོད་པར་བགྱི། །དེ་ལྟར ་ན་ཡང་གང་འདྲ་བས། །དེ་བཞིན་ཉིད་དོན་སྤྱོད་ཡུལ་གྱི། །འཇིག་རྟེན་བཏགས་པ་ལ་གནས་ནས། །གུས་པ་ཆེན་པོས་བདག་གིས་བསྟོད། །སྐྱེ་བ་མེད་པའི་ངོ་བོ་ཡིས། །ཁྱོད་ལ་སྐྱེ་བ་ཡོངས་མི་མངའ་། །མགོན་ཁྱོད་གཤེགས་དང་བྱོན་མི་མངའ་། །དངོས ་མི་མངའ་ལ་ཕྱག་འཚལ་འདུད། །དངོས་མེད་མ་ལགས་དངོས་མ་ལགས། །ཆད་པ་མ་ལགས་རྟག་མ་ལགས། །མི་རྟག་མ་ལགས་རྟག་མ་ལགས། །གཉིས་མི་མངའ་ལ་ཕྱག་འཚལ་འདུད། །དམར་དང་ལྗང་དང་བཙོད་མདོག་མིན། །སེར་དང ་ནག་དང་དཀར་མ་ལགས། །ཁྱོད་ལ་ཁ་དོག་ཡོངས་མི་དམིགས། །མདོག་མི་མངའ་ལ་ཕྱག་འཚལ་འདུད། །ཆེན་པོ་མ་ལགས་ཆུང་མ་ལགས། །རིང་དང་ཟླུམ་པས་མ་ལགས་ལ། །ཚད་མེད་པ་ཡི་དངོས་བརྙེས་པ། །ཚད་མི་མངའ་ལ་ཕྱག ་འཚལ་འདུད། །རིང་མིན་ཉེ་བ་མ་ལགས་ཤིང། །ནམ་མཁའ་མ་ལགས་ས་མ་ལགས། །འཁོར་མིན་མྱ་ངན་འདས་མ་ལགས། །གནས་མི་མངའ་ལ་ཕྱག་འཚལ་འདུད། །ཆོས་རྣམས་ཀུན་ལ་མི་གནས་པས། །ཆོས་ཀྱི་དབྱིངས་ཀྱི་དངོས་གྱུར ་