| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྚ་པཎྜི་ཏ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །། *། (།འཇིག་རྟེན་ལས་འདས་པར་བསྟོད་པ།།)་།།རྒྱ་གར་སྐད་དུ། ལོ་ཀཱ་ཏཱི་ཏ་སྟ་པ། བོད་སྐད་དུ། འཇིག ་རྟེན་ལས་འདས་པར་བསྟོད་པ། འཇམ་དཔལ་གཞོན་ནུ་པ་གྱུར་པ་ལ་ཕྱག་འཚལ་ལོ། །དབེན་པའི་ཡེ་ཤེས་རིག་གྱུར་པ། །འཇིག་རྟེན་འདས་ཁྱོད་ཕྱག་འཚལ་འདུད། །གང་ཁྱོད་འགྲོ་ལ་ཕན་པའི་ཕྱིར། །ཡུན་རིང་ཐུགས་རྗེས ་ངལ་བར་གྱུར། །ཕུང་པོ་ཙམ་ལས་གྲོལ་བ་ཡི། །སེམས་ཅན་མེད་པར་ཁྱོད་བཞེད་ལ། །སེམས་ཅན་དོན་ལའང་མཆོག་གཞོལ་བར། །ཐུབ་པ་ཆེན་པོ་ཁྱོད་ཉིད་བཞུགས། །བློ་ལྡན་ཁྱོད་ཀྱི་ཕུང་དེའང། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང ་ཁྱེར་རྨི་ལམ་ཇི་བཞིན་དུ། །བློ་ལྡན་རྣམས་ལ་རབ་ཏུ་བསྟན། །གང་དག་རྒྱུ་ལས་བྱུང་བ་རྣམས། །དེ་མེད་པར་ནི་ཡོད་མིན་པས། །གཟུགས་བརྙན་ཉིད་དང་མཚུངས་པ་རུ། །གསལ་བར་ཅི་ཡི་ཕྱིར་མི་འདོད། །འབྱུང་བ་མིག་གི་གཟུགས ་མིན་པས། །དེ་དངོས་མིག་གི་ཇི་ལྟར་ཡིན། །གཟུགས་ཉིད་གཟུང་བར་རབ་བཀག་པ། །གཟུགས་ཉིད་ཁྱོད་ཀྱིས་དེ་ལྟར་གསུངས། །ཚོར་བྱ་མེད་པར་དེ་མེད་པས། །ཚོར་བ་ཉིད་ནི་བདག་མེད་པས། །ཚོར་བ་དེ་ཡང་རང་བཞིན་གྱིས། ། ་ཡོད་པ་མེད་པར་ཁྱོད་ཉིད་བཞེད། །མིང་དང་དོན་དག་ཐ་དད་མིན། །མེ་ཡིས་ཁ་ཉིད་འཚིག་པར་འགྱུར། །གཞན་ནའང་རྟོགས་པ་མེད་འགྱུར་ཞེས། །བདེན་པ་གསུང་བ་ཁྱོད་ཀྱིས་བསྟན། །བྱེད་པོ་རང་དབང་ལས་ཉིད་ཀྱང། །ཐ་སྙད་དུ་ནི ་ཁྱོད་ཀྱིས་བསྟན། །ཕན་ཚུན་བལྟོས་པ་ཅན་ཉིད་དུ། །གྲུབ་པར་ཁྱོད་ནི་བཞེད་པ་ལགས། །བྱེད་པོ་ཡོད་མིང་སྤྱོད་བཏགས?་མེད། །བསོད་ནམས་དེ་མིན་རྟེན་འབྲེལ་སྐྱེས། །བརྟེན་ནས་སྐྱེས་ཀྱང་མ་སྐྱེས་ཞེས། །ཚིག་གི་བདག་པོ་ཁྱོད་ཀྱིས ་གསུངས། །ཤེས་པ་མེད་པར་ཤེས་པ་མིན། །དེ་མེད་རྣམ་པར་ཤེས་པའང་མེད། །དེ་ཕྱིར་ཤེས་དང་ཤེས་བྱ་དག་།རང་དངོས་མེད་ཅེས་ཁྱོད་ཀྱིས་གསུངས། །མཚན་ཉིད་མཚོན་བྱ་གཞན་ཉིད་ནི། །མཚོན་བྱ་མཚན་ཉིད་མེད་པར་འགྱུར། ་ཐ་དད་མིན་ནའང་དེ་མེད་པར། །ཁྱོད་ཀྱིས་གསལ་པོ་ཉིད་དུ་བསྟན། །མཚན་ཉིད་མཚོན་བྱ་རྣམ་བྲལ་ཞིང། །ཚིག་གིས་བརྗོད་པ་རྣམ་སྤངས་པར། །ཁྱོད་ཀྱིས་ཡེ་ཤེས་སྤྱན་ཉིད་ཀྱིས། །འགྲོ་བ་འདི་དག་ཞི་བར་མཛད། །དངོས་པོ་ཡོད་པ་ཉིད་མི་སྐྱེ། །མེད་པའང ་མ་?་ཡོད་མེད་མིན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་མིན་སྐྱེས་པ་ཇི་ལྟ་བུ། །ཡོད་པ་གནས་པར་རིགས་འགྱུར་གྱི། །འཇིག་པར་འགྱུར་བ་མ་ཡིན་ནོ། །མེད་པ་མི་གནས་པར་རིག་པས། །འཇིག་པར་འགྱུར་བ་མ་ཡིན་ནོ། །རེ ་ཞིག་ཞིག་པའི་རྒྱུ་ལས་ཀྱང། །འབྲས་བུ་འབྱུང་བར་མི་རིགས་ལ། །མ་ཞིག་ལས་མིན་རྨི་ལམ་དང། །འདྲ་བའི་སྐྱེ་བ་ཁྱོད་ཉིད་བཞེད། །ཞིག་དང་མ་ཞིག་པ་དག་གིས། །རྒྱུ་ལས་འབྲས་བུ་འབྱུང་བ་དག་།སྒྱུ་མ་འབྱུང་བ་བཞིན་དུ་འབྱུང། །ཀུན་ཀྱང ་དེ་བཞིན་ཁྱེད་ཀྱིས་བསྲུངས། །དེ་ཕྱིར་ཁྱོད་ཀྱིས་འགྲོ་འདི་དག་།ཡོངས་སུ་བརྟགས་པ་ལས་བྱུང་བར། །ཀུན་ཏུ་ཤེས་བྱ་འབྱུང་བ་ནའང། །སྐྱེ་བ་མེད་ཅིང་འགག་མེད་གསུངས། །རྟག་ལ་འཁོར་བ་ཡོད་མ་ཡིན། །མི་རྟག་པ་ལའང་འཁོར་བ་མེད།། ་དེ་ཉིད་རིག་པའི་མཆོག་ཁྱོད་ཀྱིས། །འཁོར་བ་རྨི་ལམ་འདྲ་བར་གསུངས། །སྡུག་བསྔལ་རང་གིས་བྱས་པ་དང། །གཞན་གྱིས་བྱས་དང་གཉིས་གས་བྱས། །རྒྱུ་མེད་པར་ནི་རྟོག་གེ་འདོད། །ཁྱོད་ཀྱི་རྟེན་ནས་འབྱུང་བར་གསུངས། །རྟེན་ཅིང་འབྲེལ་བར ་གང་བྱུང་བ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །དངོས་པོ་རང་དབང་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱི་སེང་གེའི་སྒྲ། །ཀུན་རྟོག་ཐམས་ཅད་སྤངས་པའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན ་ཏུ་སྨད། །བེམས་པོ་གཞན་དབང་སྟོང་པ་ཉིད། །སྒྱུ་མ་བཞིན་དུ་རྐྱེན་འབྱུང་བར། །མགོན་པོ་ཁྱོད་ཀྱིས་ཆོས་ཀུན་གྱི། །དངོས་མེད་གོམས་པར་མཛད་པ་ལགས། །ཁྱོད་ཀྱིས་ཅུང་ཞིག་མ་བསྐྱེད་ཅིང། །འགའ་ཡང་བཀག་པ་མ་མཆིས་ལ། ། ་སྔོན་གྱི་ཇི་ལྟར་ཕྱིས་དེ་བཞིན། །དེ་བཞིན་ཉིད་ནི་ཐུགས་སུ་ཆུད། །འཕགས་པ་རྣམས་ཀྱི་བརྟེན་པ་ཡི། །བསྒོམས་མ་ཞུགས་པར་མཚན་མེད་འདི། །རྣམ་པར་ཤེས་པར་འགར་འགྱུར་རམ། །མཚན་མ་མེད་ལ་མ་ཞུགས་པར། ། ་ཐབ་པ་མེད་ཅེས་གསུངས་པའི་ཕྱིར། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་རྣམས། །མ་ལུས་པར་ནི་དེ་ཉིད་བསྟན། །བསྟོད་པའི་སྣོད་ཁྱོད་བསྟོད་པ་ལས། །བདག་གི་བསོད་ནམས་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་རྣམས། །མཚན་མའི་འཆིང་ལས་གྲོལ ་གྱུར་ཅིག་།འཇིག་རྟེན་ལས་འདས་པར་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྚ་པཎྜི་ཏ་དང། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་