CLOSE WINDOW

N800: dpe med par bstod pa
Wyliee-texts based on the ACIP/ALL Input

མཛད། །ཆོས་ཀྱི་དབྱིངས་སུ་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །། *། (།དཔེ་མེད་པར་བསྟོད་པ།) ་རྒྱ་གར་སྐད་དུ། ནི་རཱུ་པ་མ་སྟ་བ། བོད་སྐད་དུ། དཔེ་མེད་པར་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ལྟ་བས་ཕོངས་པ་ཡི། །འཇིག་རྟེན་འདི་ལ་ཕན་བརྩོན་ཁྱོད། །དངོས་པོ་མེད་པའི་དོན་རིག་པས། ། ་དཔེ་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གང་ཞིག་ཁྱོད་ཀྱི་ཅུང་ཞིག་ཀྱང། །སངས་རྒྱས་སྤྱན་གྱིས་མ་གཟིགས་པ། །ཁྱོད་ཀྱི་གཟིགས་པ་བླ་མེད་དེ། །དེ་ཉིད་དོན་ནི་རིག་པ་ལགས། །དོན་དམ་པ་ཡི་ཡོད་པ་ཉིད། །རྟོགས་དང་རྟོགས་བྱ་མི ་མངའ་ཞིང། །ེ་མ་ཧོ་མཆོག་ཏུ་རྟོགས་དཀའ་བའི། །ཆོས་ཉིད་སངས་རྒྱས་རྣམས་ཀྱིས་རྟོགས། །ཁྱོད་ཀྱིས་ཅུང་ཞིག་མ་བསྐྱེད་ཅིང། །ཆོས་རྣམས་བཀག་པའང་མ་ལགས་ལ། །མཉམ་པ་ཉིད་ཀྱི་ལྟ་བ་ཡིས། །བླ་ན་མེད ་བའི་གོ་འཕང་བརྙེས། །འཁོར་བ་སྤངས་པར་གྱུར་བ་ཡིས། །མྱ་ངན་འདས་ཁྱོད་མི་བཞེད་ཀྱིས། །འཁོར་བ་མ་དམིགས་པ་ཉིད་ཀྱི། །ཞི་དེ་མགོན་པོ་ཁྱོད་ཀྱིས་རྟོགས། །ཁྱོད་ཀྱིས་ཀུན་ནས་ཉོན་མོངས་དང། །རྣམ་བྱང་རོ་གཅིག ་གྱུར་རིག་པས། །ཆོས་དབྱིངས་མངོན་པར་དབྱེར་མེད་པ། །ཀུན་ཏུ་རྣམ་པར་དག་པར་གྱུར། །གཙོ་བོ་ཁྱོད་ཀྱི་གང་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུངས་པ། །གདུལ་བྱའི་འགྲོ་བ་མ་ལུས་པ། །ཆོས་ཀྱི་ཆར་གྱིས ་ཚིམ་པའང་མཛད། །མཁའ་དང་མཉམ་པའི་ཐུགས་མངའ་ཁྱོད། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཆགས་པར་གྱུར་པ་མི་མངའ་བས། །ཆོས་རྣམས་ཀུན་ལ་བརྟེན་མ་ལགས། །མགོན་ཁྱོད་སེམས་ཅན་འདུ་ཤེས་ཀྱིས། །འཇུག་པ་ཀུན ་ཏུ་མི་མངའ་ཡང། །སྡུག་བསྔལ་གྱུར་པའི་སེམས་ཅན་ལ། །སྙིང་རྗེའི་བདག་ཉིད་གྱུར་པའང་ཁྱོད། །བདེ་དང་སྡུག་བསྔལ་དེ་གྱུར་པ། །རྟག་མི་རྟག་སོགས་ལས་གཙོ་ཁྱོད། །དེ་ལྟའི་རྣམ་རྟོག་སྣ་ཚོགས་ཀྱིས། །ཐུགས་ནི་ཆགས་པར ་གྱུར་མ་ལགས། །ཆོས་རྣམས་གང་དཱུང་འགྲོ་འོང་མེད། །དེ་བཞིན་ཁྱོད་ཀྱི་གཤེགས་པའང་ལགས། །འགའ་རུ་སྤུངས་པའང་མ་ལགས་ལ། །དེ་བཞིན་དོན་དམ་རིག་པའང་ལགས། །ཀུན་གྱི་རྗེས་སུ་ཞུགས་གྱུར་ཀྱང། །འགའ་རུ ་འབྱུང་ཡང་མ་ལགས་ལ། །སྐྱེ་དང་ཆོས་དང་སྐུ་རྣམས་ཀྱང། །ཐུབ་ཆེན་ཁྱོད་ཀྱི་བསམ་མི་ཁྱབ། །གཅིག་དང་གཞན་པ་རྣམས་སྤངས་པ། །བྲག་ཅ་ལྟ་བུའི་འགྲོ་བ་རྣམས། །འཕོ་དང་འཇིག་པ་རྣམས་སྤངས་པར། །སྨད་པ་མེད་པར་ཁྱོད་ཀྱིས ་རྟོགས། །རྟག་དང་ཆད་པ་དང་བྲལ་ཞིང། །མཚན་ཉིད་མཚོན་བྱ་རྣམ་སྤངས་པར། །གཙོ་བོས་རྨི་ལམ་སྒྱུ་སོགས་བཞིན། །འཁོར་བ་ངེས་པར་རྟོགས་པ་ལགས། །བག་ཆགས་བཞིར་གྱུར་མཐར་ཐུག་པའི། །ཁྱོད་ཀྱིས་ཉོན་མོངས་སྡིག་པ་སྤངས ་ཉོན་མོངས་ཉིད་ཀྱི་རང་བཞིན་ཡང། །ཁྱོད་ཀྱི་བདུད་རྩི་ཉིད་དུ་བསྒྲུབས། །དཔའ་བོ་ཁྱོད་ཀྱི་གཟུགས་རྣམས་ཀྱི། །མཚན་མ་མེད་མཐོང་གཟུགས་མེད་བཞིན། །མཚན་གྱིས་འབར་བའི་སྐུ་ཉིད་ཀྱང། །གཟུགས་སུ་སྤྱོད་ཡུལ་ཉིད་དུ་མཐོང། །གཟུགས་སུ་མཐོང་བས ་?་མེད་ཀྱང། །མཐོང་ངོ་ཞེས་ནི་རྗོད་པར་བྱེད། །ཆོས་མཐོང་བས་ནི་ཤིན་ཏུ་མཐོང། །ཆོས་ཉིད་མཐོང་བ་མ་ཡིན་ནོ། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ཨི་དབང་པོའི་གཞུ་བཞིན་དུ། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་སྙུན་མེད་རུས ་པའང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང། །ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་སྤྱོད་པའང་བསྟེན་པར་མཛད། །ལས་ཀྱི་སྒྲིབ་པའི་སྐྱོན་རྣམས་ཀྱང། །སྡིག་མེད་ཁྱོད་ཀྱི་ཀུན་སྤངས་ཀྱང། །ཁྱོད་ཀྱི་སེམས་ཅན་རྗེས ་བཟུང?་ཕྱིར། །ལས་སྤངས་པ་ཡང་རབ་ཏུ་བསྟན། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེ་མ་མཆིས་ཀྱང། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །རྟག་ཅིང་བརྟན་ལ་ཞི་བ་ཡི། །ཆོས ་ཀྱི་རང་བཞིན་ཁྱོད་ཀྱི་སྐུ། །རྒྱལ་བས་གདུལ་བྱ་དགྲོལ་བའི་ཕྱིར། །ཁྱོད་ཀྱིས་མྱ་ངན་འདས་པར་བསྟན། །གྲངས་མེད་འཇིག་རྟེན་ཁམས་རྣམས་སུ། །འདས་དང་བལྟམས་དང་མངོན་བྱང་ཆུབ། །འཁོར་བ་ཐར་པར་མོས་རྣམས་ཀྱི། །ཁྱོད་ལ ་གུས་རྣམས་ཀྱིས་ཀྱང་མཐོང། །མགོན་པོ་སེམས་པ་མི་མངའ་ཞིང། །རྣམ་རྟོག་གཡོ་བ་མི་མངའ་ཡང། །ཁྱོད་ཀྱིས་དང་གིས་འཇིག་རྟེན་ལ། །སངས་རྒྱས་མཛད་པའང་འཇུག་པར་འགྱུར། །དེ་ལྟར་བདེ་བར་གཤེགས་པ་བསམ་མི ་ཁྱབ་མེ་ཏོག། །གིས་བརྒྱན་པ་ལས་བདག་གི་བསོད་ནམས་གང་ཐོབ་པར། །གྱུར་པ་འདིས་ནི་སེམས་ཅན་མ་ལུས་པ་འདི་དག་།མཆོག་ཏུ་རྟོགས་དཀའ་ཐུབ་པའི་ཆོས་ཀྱི་སྣོད་གྱུར་ཅིག་།དཔེ་མེད་པར་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྚ་པཎྜི་ཏ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །། *། (།འཇིག་རྟེན་ལས་འདས་པར་བསྟོད་པ།།)་།།རྒྱ་གར་སྐད་དུ། ལོ་ཀཱ་ཏཱི་ཏ་སྟ་པ། བོད་སྐད་དུ། འཇིག ་