CLOSE WINDOW

N797: de kho na nyid la bstod pa
Wyliee-texts based on the ACIP/ALL Input

དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཤི་ལེནྡྲ་བོ་དྷི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། *། (།དེ་ཁོ་ན་ཉིད་ལ་བསྟོད་པ།)་། ་རྒྱ་གར་སྐད་དུ། ཏ་དྭསྟ་པ། བོད་སྐད་དུ། དེ་ཁོ་ན་ཉིད་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐོགས་པ་ཀུན་ལས་རྣམ་གྲོལ་བ། །ཁ་དོག་བྲལ་ཞིང་མ་སྐྱེས་ཤིང། །རང་གི་ངོ་བོ་འཇིག་མེད་པའི། །སྐུ་མངའ་ ་དེ་བཞིན་གཤེགས་ཕྱག་འཚལ། །ཉོན་མོངས་རགས་དང་ཕྲ་སྤངས་པ། །བདག་གི་མི་མངའ་སྒྲིབ་པ་དག་།དག་པོ་ཡོད་པས་སྟོང་པའི་ཕྱིར། །དོན་དམ་མཁའ་དཀྱིལ་འདྲ་ཕྱག་འཚལ། །རྣམ་རྟོག་སྦྲུལ་ནི་སྤངས་པས་ན།། ་ཅི་དགྱེས་པར་ནི་མཛད་གྱུར་པ། །གཏེར་མཆོག་དེ་ཉིད་རྟག་གཟིགས་པ། །ངན་འགྲོའི་རྒྱུད་པ་སྤངས་ཕྱག་འཚལ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །ཉིད་ཀྱིས་དགྱེས་བདར་མ་བྱས་སྐུ། །འཁོར་དང་ཞི་བར་རོ་མཉམ་སྐུ། །རྣམ་རྟོག ་དྲི་མ་མེད་ཕྱག་འཚལ། །ཡང་དག་དགོངས་པས་བརྣལ་མི་མངའ་། །གཏི་མུག་བྲལ་ཞིང་སྤངས་པས་བཞུགས། །རྟག་ཏུ་དེ་ཉིད་མ་གསལ་བ། །རང་བཞིན་མཁས་པས་ཤར་ཕྱག་འཚལ། །བསམ་གཏན་ཚེས་གྲངས་ཡོངས་རྫོགས་པས། ། ་མི་རྣམས་དགའ་བ་སྐྱེད་མཛད་པ། །རྣམ་གྲོལ་ཟླ་བ་ཡིད་འོང་བ། །ལྟ་ན་རབ་རིབ་སེལ་ཕྱག་འཚལ། །དངོས་པོ་དངོས་མེད་གཉིས་འདས་ནས། །རྟོག་པའི་དྲི་མ་ལས་གྲོལ་བ། །རྩེན་དོན་མེད་དེས་མཉམ་གནས། །སྤྲོས་མི་མངའ་ལ་ཕྱག ་འཚལ་ལོ། །དྲི་མེད་ཆུ་རླབས་བདེ་བའི་རྒྱུ། །མ་ལུས་སྲོག་ཆགས་འཚོ་མཛད་པ། །ཚ་ཞིང་མཛའ་མེད་ཚད་དང་བྲལ། །དེ་ཉིད་རྒྱ་མཚོ་ཆེ་ཕྱག་འཚལ། །ལེགས་སྤྱད་དུ་མ་རྒྱས་ཐོབ་པ། །དཔེ་མེད་རོ་ཞིམ་ཡིད་ལ་འབབ། །རྒ་ཤིའི ་འཇིགས་པ་མེད་མཛད་པ། །དེ་ཉིད་བདུད་རྩི་ལ་ཕྱག་འཚལ། །རང་གི་ཡིད་ལ་བརྟན་ལྡན་ཡང། །ཁྱབ་འཇུག་དབང་ཕྱུག་ཚངས་དབང་དང། །ལྷ་དང་དྲང་སྲོང་ཐབས་མེད་པ། །ཐབས་དེ་སྐད་ཅིག་བརྙེས་ཕྱག་འཚལ། །དྲི་མེད་རིན་ཐད་མཉམ་མེད ་པ། །ངོ་བོས་འདོད་རྣམས་ཡོངས་རྫོགས་མཛད། །བསོད་ནམས་བསགས་པས་དམིགས་གྱུར་པ། །ཡིད་བཞིན་བྱང་ཆུབ་སེམས་ཕྱག་འཚལ། །སྲིད་པའི་འཁོར་བས་ཡོངས་དུབ་པའི། །མཆོག་ཏུ་ལྟ་བ་བདེ་བའི་གནས། །བྱང་ཆུབ་ཡན་ལག ་མེ་ཏོག་ལྡན། །ཞི་བའི་དཔག་བསམ་ཤིང་ཕྱག་འཚལ། །ཤེས་བྱ་ཤེས་མེད་གཉིས་མེད་ཅིང། །བྲ་སྒོམ་དབྱེ་བ་རྣམས་ལས་གྲོལ། །སྣ་ཚོགས་དཔེ་ལས་འདས་གྱུར་པ། །ཚིག་གིས་བརྗེད་མི་དུས་ཕྱག་འཚལ། །རྟག་ཏུ་རྒྱལ་ཞིང་བསྙེམས་མི་མངའ་། ། ་གཞན་སྟོབས་འཇོམས་བྱེད་མདུད་པ་མེད། །གཉིས་སུ་མེད་སྐུ་བསམ་མི་ཁྱབ། །གཅིག་དཔའ་སྲིད་པ་འཇོམས་ཕྱག་འཚལ། །བྱེ་བྲག་མེད་པར་དབང་འགྱུར་ཞིང། །དངོས་ཚོགས་སྐད་ཅིག་ལས་བསྲེགས་པ། །ཤིན་ཏུ་དྲག་པའི་རང་བཞིན་གྱིས། །རབ་འབར ་དེ་ཉིད་མ་ཕྱག་འཚལ། །འདི་ལྟར་ཡང་དག་བསྟོད་པ་ལས། །བདག་གིས་དགེ་བ་གང་ཐོབ་པའི། །བསོད་ནམས་དེས་ནི་འགྲོ་བ་མ་ལུས་ཟད་འགྱུར་ཞིང། །སེམས་ཅན་རྣམས་ནི་སྡུག་བསྔལ་དག་དང་བྲལ་གྱུར་པ། །བདེ་བ་དང་ལྡན་སྒྲིབ་མེད་མྱ་ངན ་འདས་ཐོབ་ཤོག་།དེ་ཁོ་ན་ཉིད་ལ་བསྟོད་པ།། །།ཤཱཀྱའི་དགེ་སློང་དཔལ་གྱི་གོ་ཆས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་བྷ་དྲ་དང། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ ་ཕབ་པ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསམ་གཏན་ཕྱིན་ཅི་ལོག་གིས་ཅི་ཞིག་དགོངས་མཛད་སྐད་ཅིག་ལེགས་པར་སྤྱན་དབྱེ་གཟིགས། །ལུས་མེད་མདའ་ཡིས་གཟིར་བའི་སྐྱེ་བོ་བདག་ཅག་སྐྱོབ་པས་ཀྱང་ནི ་