CLOSE WINDOW

N795: sangs rgyas kyi bstod pa zhes bya ba
Wyliee-texts based on the ACIP/ALL Input

སྐྱོབ་ལ་ལྷ་ལས་ཕུལ་བྱུང་བར། །བསྟོད་པ་བདག་གིས་རྣམ་ཕྱེ་བས། །འདི་ལས་བསོད་ནམས་གང་བསགས་པ། །དེས་ནི་མྱ་ངན་འདས་ཐོབ་ཤོག་།ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཤེས་རབ་གོ་གནང ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་རནད་ནའི་ཞལ་སྔ་ནས་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་སྒྱུར་ཅིང་གཏན་ལ་ཕབ་པའོ།། །། *། (།སངས་རྒྱས་ཀྱི་བསྟོད་པ་ཞེས་བྱ་བ། །) ་རྒྱ་གར་སྐད་དུ། བུད་དྷ་སྱ་སྟོ་ཏྲ་ན་མ། བོད་སྐད་དུ། སངས་རྒྱས་ཀྱི་བསྟོད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་ལྷུན་པོའི་ཚད་ལས་ལྷག་པའི་དབུ་ནི་རབ ་ཏུ་བྱིན། །གང་གིས་རྒྱུ་སྐར་བས་ཀྱང་མང་བའི་བརྒྱ་ཕྲག་སྤྱན་རྣམས་ཀྱང་ནི་བཏང། །ས་གཞི་དང་མཉམ་རྒྱ་མཚོ་ལྟ་བུའི་ཤ་དང་ཁྲག་རྣམས་ཀྱང། །དེ་ལྟར་དཀའ་བ་སྤྱོད་མཛད་སངས་རྒྱས་བཅོམ་ལྡན་རྟག་ཏུ་ཕྱག་འཚལ་ལོ། །གཡོ་ཞིང་འཁྱུག ་འགྲོའི་གློག་འདྲའི་སེམས་ནི་གང་གིས་དབང་དུ་གནས་པ་དང། །འཇིག་རྟེན་གསུམ་པོ་མི་ཤེས་རྒྱ་མཚོ་ལས་ནི་གང་གིས་ཡང་དག་སྒྲོལ། །སྲིད་འཇོམས་བདུད་འཇིག་ཕྱིར་དུ་གང་ཞིག་སླར་ཡང་སྲིད་པར་འཇུག་།དེ་ལྟར་དཀའ་བ་སྤྱོད་མཛད ་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །གང་གིས་སྙིང་རྗེའི་སྡོམ་པའི་ཁུར་བུས་སེམས་ཅན་འདོན་ལ་དགྱེས་པའི་ཕྱིར། །ལྷ་དང་ལྷ་མིན་འཇིག་རྟེན་གསུམ་པོའི་གཙོ་བོས་མི་རྟོག་རྣམ་པར་སྤོང། །བཀྲེས་སྡུག་སྲོག་ཆགས་རྣམས་ལ ་བརྩེ་བ་མཆོག་གནས་གང་ཞིག་ལུས་རབ་སྟེར། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །གང་གིས་སྙིང་རྗེས་འཐོབ་པའི་སེམས་ཅན་མྱུར་དུ་བསྒྲལ་ཞིང་བསྐྱབ་པའི་ཕྱིར། །གང་ཞིག་ཕྱུགས་དང་ཉ་དང་རི ་དགས་འགྲོ་བར་དགོན་པའི་ནང་དུ་གནས། །ཡུན་རིང་ངལ་དང་ནུབ་པ་བཟོད་ཅིང་ལུས་རྣམས་ཀྱང་ནི་ཀུན་ཏུ་གཏོང། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་མང་བའི་ལུས་ཀྱི་ནད་ལ་སྨན་གྱི ་ཕྱིར་དུ་ནི། །འགྲོ་ལ་བྱམས་པ་འམ་སྙིང་རྗེའི་དབང་གིས་མཆོག་ཏུ་མུ་གེའི་དགོན་པ་རུ། ནགས་ཚོལ་རྣམས་སུ་གླང་ཆེན་ལུས་རྙེད་གཞན་གྱི་སྡུག་བསྔལ་སེལ་ལས་སྦྱོར། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །མུ ་གེའི་ཟུག་ངུ་ཟུག་པའི་དུས་སུ་དབུ་ལ་སྐྱེས་པའི་རིན་པོ་ཆེ། །བཅད་ནས་བྱིན་པས་བྲམ་ཟེ་དང་ནི་མི་བདག་ལ་སོགས་གནས་པའི་ཕྱིར། །ཀུན་ཏུ་དེ་བཞིན་ཐུགས་ཀྱི་བྱེད་པ་སླ་བས་ཐམས་ཅད་སེམས་ཅན་དོན། །དེ་ལྟར་དཀའ་བ་སྤྱོད་མཛད ་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །ནགས་རྣམས་སོ་སོར་གནས་མཛད་རྨི་ལམ་བཟང་པོས་ཡང་དག་སྨྲ་བ་ཐོབ། །མ་དང་རྒྱལ་པོ་ཕ་རོལ་ཕན་པ་སྤྱོད་པ་རྣམས་ཀྱི་སེངྒེའི་ཁྲིར། །གཉིས་འཐུང་མཆེ་བ་དྲུག་པར་འཁྲུངས་ཏེ་འགྲོ་བ ་གང་ཕྱིར་ཆོས་རྣམས་ཀུན། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །སྦྱིན་དང་ཚུལ་ཁྲིམས་ཡོན་ཏན་བཟོད་པའི་རང་བཞིན་བརྩོན་འགྲུས་བསམ་གཏན་དང། །ཤེས་རབ་རབ་གསུང་མཚུངས་པར་སྤྱོད་པའི་བྱམས ་དང་སྙིང་རྗེའི་ཡོན་ཏན་གྱིས། །འབྲོག་དགོན་གནས་པའི་འགྲོ་བ་འདྲེན་པའི་དེད་དཔོན་ཐོབ་ཅིང་ཡང་དག་རྟོགས། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །འཕགས་མ་ནོར་རྒྱུན་མས་མཛད་པའི་སངས་རྒྱས་ཀྱི་བསྟོད་པ ་རྫོགས་སོ།། །།རབ་ཏུ་བསྔགས་པའི་གནས་ཆེན་པོ་བལ་པོ་ཡམ་བུའི་གྲོང་ཁྱེར་དུ་སྒྲའི་མཁན་པོ་དཔལ་རྒྱལ་པོའི་སྙན་བཟང་པོ་དང། ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ།། །། ་