| Wylie | e-texts based on the ACIP/ALL Input |
(ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་བཞུགས་སོ།)་།*། །རྒྱ་གར་སྐད་དུ། དེ་ཝཱ་ཏི་ཤྱ་སྟོ་ཏྲ། །བོད་སྐད་དུ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བདེ་གཤེགས་མངོན་སུམ་མ་གྱུར་ཁྱབ ་འཇུག་མིན། །ཚངས་པ་མ་ཡིན་ལྷ་ཆེན་པོ་ཡང་མ་མཐོང་སྟེ། །དེ་དག་གི་གཟུགས་མཐུ་དང་སྦྱོད་པ་བསམ་པ་རྣམས། །ཐོས་ནས་སུ་ལ་ཡོན་ཏན་ཡོད་དམ་མེད་པ་དཔྱད། །ཁྱབ་འཇུག་དཔུང་དྲག་མཚོན་ཆ་དབྱུག་ཏོ་ཐོགས་པར་བརྩོན། །ལྷ་ཆེན ་མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱིས་བརྒྱན། །སངས་རྒྱས་ཆ་ལུགས་གཅིག་ཏུ་ཞི་བའི་ཕུལ་ཕྱིན་ན། །ཉེ་བར་ཞི་དང་མ་ཞི་གང་ལ་མཆོད་པར་བྱ། །ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར། །ལྷ་ཆེན ་པོས་ནི་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་ཅེས་གྲག་།སྐེམ་བྱེད་ཀྱིས་ཀྱང་མདུང་ཐུང་འཇེབས་བསྣུན་ཁྲུང་ཁྲུང་བསད་པར་གྱུར། །སངས་རྒྱས་ཉག་གཅིག་འགྲོལ་སྨན་པ་ཐམས་ཅད་མཛད་པ་ལགས། །རྗེ་ཡིས་འདི་ལ་གནོད་བྱ་འདི་ཉིད ་བསྲུང་བྱ་འདི། །གསད་བྱ་ཞེས་པ་ལྷ་ཡི་མཆོག་གི་གཞུང་ལུགས་ཡིན། །སངས་རྒྱས་ལ་ནི་དགྲ་དང་མཛའ་བཤེས་མི་མངའ་བར། །ངེས་པར་ལེགས་དང་མངོན་པར་མཐོ་བས་ཕན་འདོགས་མཛད། །ཁྱབ་འཇུག་ཚིག་ནི་འདོད་ཆགས་ལ་སོགས ་སྐྱོན་རྣམས་བསྐྱེད། །ལྷ་ཆེན་པོ་ཡི་བྱེད་སྤྱོད་གང་ཡིན་སྨྱོན་པ་བཞིན། །དེ་བཞིན་གཤེགས་པ་ཉེས་པ་མ་ལུས་སེལ་མཛད་ན། །སུ་ཞིག་སྟེན་པ་ཆེན་པོར་འོས་པ་སྤྱད་པར་བགྱིས། །གང་ཞིག་རྩེ་མེད་གཞན་ལ་གནོད་པར་རྩོམ་པ་དང། །གང་ལ་འགྲེ ་པ་དག་ནི་སྐྱབས་སུ་སོང་གྱུར་པ། །འདོད་ཆགས་བཅས་དང་གང་ཞིག་འདོད་ཆགས་རྣམ་བྲལ་བ། །དེ་ལས་གང་ཞིག་འདི་ནི་མཆོད་བྱ་སེམས་ཏེ་སྨྲོས། །བརྒྱ་བྱིན་རྡོ་རྗེ་ཐོགས་ཤིང་སྟོབས་ཅན་གཤོལ་ཐོགས་ཁྱབ་འཇུག་འཁོར་ལོའི་མཚོན་ཐོགས་དང། ་སྐེམས་བྱེད་མདུང་ཐུང་ཐོགས་ཤིང་ལྷ་ཆེན་རྩེ་གསུམ་མཚོན་ཐོགས་དུར་ཁྲོད་གནས་གྱུར་པ། །དེ་དག་བྱིས་པ་སྙིང་བརྩེ་མེད་པ་སྣ་ཚོགས་མཚོན་ཐོགས་སྡུག་བསྔལ་འཇིགས་པས་ཉེན། །རྟག་ཏུ་སྲོག་ཆགས་འཇོམས་པར་བརྩོན་པ་དེ་ལ་མཁས་པ་སུ་ཞིག་འདུད ་པར་བྱེད། །གང་ཞིག་རྩེ་གསུམ་མི་བསྣམས་ཆགས་བཅས་མཚན་ན་ཆུང་མ་མེད། །འཁོར་ལོ་མདུང་ཐུགས་རྡོ་རྗེ་དྲག་པོ་དང་ནི་གཤོལ་མི་བསྣམས། །ཉོན་མོངས་རྣམ་གྲོལ་མཁས་པ་གཞན་ལ་ཕན་འདོགས་རྣམ་པར་བརྩོན། །འཇིག་རྟེན་མཉམ་མེད་སྐྱབས ་གྱུར་དྲང་སྲོང་དེ་ལ་འདིར་ནི་སྐྱབས་སུ་མཆིས། །ལྷ་ཆེན་འདོད་ཆགས་དབང་གྱུར་ངོ་ཚ་སྤང་ཞིང་ཅོ་འདྲི་ཆུང་མ་ལེན་པར་བྱེད། །ཁྱབ་འཇུག་ལྷག་པར་གཏུམ་ཞིང་བྱས་པ་ཆུད་གསོན་སྐེམ་བྱེད་རང་གི་གཞན་ཡང་གསོད། །དཀའ་བཟློག་ཁྲོ་ཞིང་མ་ཧེ་གསོད་བྱེད ་མ་མོ་རྣམས་ནི་མི་ཡི་ཤ་ཚིལ་ཟ། །ལོག་འདྲེན་ཆང་དང་ཆེ་ཡི་སྟོབས་བཅུ་ལྡན་ལ་ཉེས་པ་ཆུང་ངཱུང་འགའ་མི་མངའ་། །བཅོམ་ལྡན་དེ་ནི་དག་གི་གཉེན་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན། །དེ་དག་གི་སྤྱོད་གཞན་ཡང་མངོན་སུམ་གྱུར་པར ་མ་མཐོང་སྟེ། །ཚིག་དང་སྤྱོད་པ་དག་གི་སོ་སོའི་ཁྱད་པར་ཐོས་པ་ལས། །སངས་རྒྱས་ཡོན་ཏན་ཕུལ་དུ་ཕྱིན་ལ་དང་ཕྱིར་བདག་རྟེན་ལེགས། །བདེ་བར་གཤེགས་པ་བདག་གི་ཕ་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན། །དེ་བཞིན་གཤེགས་དེས ་བདག་ནོར་མ་སྩལ་གཟེགས་ཟན་སོགས་ཀྱི་ཅང་མ་ཕྲོགས། །འོན་ཀྱང་སངས་རྒྱས་བཅོམ་ལྡན་དེ་ནི་གཅིག་ཏུ་འགྲོ་ལ་སྨན་མཛད་གསུང། །དྲི་མེད་དྲི་མ་ཐམས་ཅད་སེལ་བ་གང་ཡིན་དེ་ལ་བདག་དང་ལགས། །གང་ཞིག་རྟག་ཏུ་ཕན་དགྱེས་རྒྱུན ་དུ་འགྲོ་ལ་ཕན་འདོགས་མཛད། །གང་ཞིག་འགྲོ་བ་སྡུག་བསྔལ་རྣམ་མང་གདུངས་པ་བདེ་མཛད་དང། །གང་ཞིག་ཤེས་བྱ་མཛའ་དག་ལག་མཐིལ་བཞིན་དུ་གསལ་མཁྱེན་པ། །དྲང་སྲོང་མཉམ་མེད་རྒྱུ་མངའ་དེ་ལ་གློ་བ་དང་པར་གྱུར། །སྙིང་ནས ་དད་དམ་ཇི་ལྟར་དགའ་བ་དང། །ཐེ་ཚོམ་གྱིས་སམ་གཞན་གྱི་དོར་ཡང་རུང། །གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་བྱེད། །དེས་ནི་ལྷ་ཡི་བདེ་བ་ཕུན་ཚོགས་འཐོབ། །གནའ་སྔོན་ཁྱབ་འཇུག་འདི་ཡིས་འཇིག་རྟེན་སྐྱེ་རྒ་ན་འཆིའི་དབང་གྱུར ་ཐོས་ནས་སུ། །མི་རྣམས་སྐྱབ་ཕྱིར་རྨད་བྱུང་བློ་ཡིས་སྙིང་བརྩེ་བརྩོན་པས་ཤཱཀྱའི་རིགས་རྒྱས་པར། །གཽ་ཏ་མར་འཁྲུངས་ས་སྟེང་འཇིག་རྟེན་འདིར་ནི་སངས་རྒྱས་གྱུར་པར་གྲགས་ཅེས་ཐོས། །སྐྱེ་བོ་ཉོན་མོངས་བླུན་ཞིང་རྨོངས་པས་སྟོན་པ ་ཕན་འདོགས་ལགས་པར་མ་འཚལ་གྲང། །གང་ཚེ་འདོད་ཆགས་ཞེ་སྡང་གིས་ནི་ལྷ་མིན་ཁྱིམ་ནས་རིན་ཆེན་ཕྲོགས་པ་དང། །ཆགས་པའི་བློ་གྲོས་ཀྱིས་ནི་ངན་གཡོ་བྱས་ནས་ས་དག་ཕྲོགས་པར་གྱུར་ཀྱང་ནི། །དེ་ཚེ་ཁྱབ་འཇུག་མ་གྲོལ་བཞིན་དུ་སྐྱེ་བོ་བླུན ་པོ་རྣམས་ནི་མཆོད་ཕྱག་འཚལ། །སངས་རྒྱས་ངེས་པར་རྣམ་གྲོལ་གྱུར་ཀྱང་སྐྱེ་བོ་ཕལ་ཆེར་རྨོངས་པས་ཕྱག་མི་འཚལ། །ས་འདི་རྒྱ་མཚོ་བཞི་ཡིས་སྐ་རགས་བསྡམས་པའི་ལྗིད་ཀྱིས་ནི། །ལྕེ་ལྕི་ལྟར་འདུག་ཁྱབ་འཇུག་བྱིན་ཡང་སྟོབས་ཆེན་སྡུག་བསྔལ ་གནས་སྐབས་གྱུར། །ཐུབ་པ་ལ་ནི་རྡུལ་ཙམ་ཕུལ་བས་རྒྱལ་པོ་མྱ་ངན་མེད་པ་ཡིས། །ཟླ་བའི་དཀྱིལ་འཁོར་དཔལ་གྱི་འོད་ཟེར་གོས་ཅན་ས་སྟེང་མཛའ་དག་ཐོབ། །བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང། ། ་གང་ཞིག་རིགས་པར་ལྡན་པའི་ཚིག། དེ་ཉིད་སྟོན་པར་ཡོངས་སུ་འཛིན། །འདི་ལྟར་སུ་ཡང་རུང་སྟེ་ངེས་པར་ཀུན་མཁྱེན་དང། །འགྲོ་ལ་གཅིག་ཏུ་ཕན་འདོགས་མཛད་པའི་ལུགས་ཆེ་བ། །དེ་དག་བློ་གྲོས་ཞིབ་མོའི་མིག་གི་བཙལ་ནས་སུ། །བསྟེན་པར་བྱ་ཡི ་གཞན་བདག་མཁས་ལ་ཅི་ཞིག་མཁོ། །གང་ལ་སྐྱོན་ཀུན་ཡོད་མིན་ལ། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །དེ་ཡང་བདག་གི་སྟོན་པ་ཡིན། །གང་ལ་སྐྱོན་ནི་མི་མངའ་ཞིང། །ཡོན་ཏན་དཔག་མེད་མངའ་བ ་དང། །ཐམས་ཅད་མཁྱེན་དང་ཐུགས་རྗེ་ཅན། །དེ་ལ་བདག་ནི་སྐྱབས་སུ་མཆི། །པདྨ་ཁ་བྱེ་རྒྱས་པའི་འདབ་ལྟར་དཀྱུས་རིང་སྤྱན་མངའ་བ། །བསྟོད་པའི་ཆུ་ཀླུང་སྟོང་གིས་རྒྱ་མཚོ་དེ་ལྟར་བསྟོད་བགྱིས་པས། །བདག་གིས་ཚིག་གིས ་བསྐྲུན་པའི་དགེ་བ་ཅུང་ཟད་ཅི་མཆིས་པ། །དེས་ནི་སེམས་ཅན་ཐམས་ཅད་བདེ་བ་དག་དང་ལྡན་གྱུར་ཅིག་།ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ། །སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ ་སརྦ་ཛྙཱ་དེ་ཝ་དང། ལོཙྪ་བ་བནདེ་རིན་ཆེན་མཆོག་གིས་བསྒྱུར་ཞུ་ཆེ་གྱི་ལོ་ཙཱ་བ་ན་དེ་དཔལ་བརྩེགས་རཀྵི་ཏས་ཞུས་ཏེ་གཏན་ལ་ཕབ་པའོ།། (།།ལྷ་ལས་ཕུལ་བྱུང་གི་བསྟོད་པའི་གྲེལ་པ་བཞུ།།)་*། །རྒྱ་གར་སྐད་དུ། དེ་ཝཱ་ཏི་ཤཱ ་