CLOSE WINDOW

N791: khyad par du 'phags pa'i bstod pa'i rgya cher bshad pa
Wyliee-texts based on the ACIP/ALL Input

ལོ་ཙ་བ་བནདེ་རིན་ཆེན་མཆོག་གི་བསྒྱུར། སླད་ཀྱི་བནདེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཁྱད་པར་འཕགས་བསྟོད་རྒྱ་ཆེ་བཤད་པ་བཞུགས།། *། །རྒྱ་གར་སྐད་དུ། བི་ཤེ་ཤསྟ་བ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། ཁྱད་པར་དུ་འཕགས་པའི་བསྟོད ་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁྱད་པར་ཕུལ་དུ་བྱུང་ལྡན་ཞིང། །ལྷ་རྣམས་ཀྱིས་མཆོད་སངས་རྒྱས་ལ། །ཕྱག་འཚལ་ཁྱད་པར་འཕགས་བསྟོད་པ། །དོན་ལས་ཚུལ་བཞིན་བཤད་པར་བྱ། །མཐོ་བཙུན་གྲུབ་རྗེ ་ཞེས་བྱ་བའི་བྲམ་ཟེ་རིག་བྱེད་བཞི་ལ་མཁས་པ། བྲམ་ཟེ་རྣམས་ཀྱི་གཙོ་བོར་བཀུར་བ་ཞིག་ཡོད་པ་དང། དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་ལ་བརྩམས་ཏེ་བསྟོད་པ་འདི་བྱས་པར་གྱུར་པ་ཡིན་ནོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། ་ཡུལ་ཤར་ཕྱོགས་ན་ཁྱད་པར་ཅན་གྱི་བྲམ་ཟེ་ལས་དྲུག་ལ་མངོན་པར་དགའ་བའི་བྲམ་ཟེའི་རིགས་སུ་བྱུང་བ། སྔོན་ལེགས་པར་སྤྱད་པ་ཉེ་བར་བརྩམས་པ་ལས་མཐོ་བཙུན་གྲུབ་རྗེ་ཞེས་བྱ་བ་དང། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་སུ་སྐྱེས་བར་གྱུར་ཏོ། །དེ་དག་ཀྱང་བསྟན་བཅོས ་ཐམས་ཅད་རྟོགས་པར་གྱུར་པ་དང། དེའི་ཚེ་དེ་གཉིས་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་བདག་ཅག་གི་ཁྱིམ་ན་ནི་དབང་ཕྱུག་ཆེན་པོ་མཆོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ཤིན་ཏུ་ཕུལ་དུ་བྱུང་བར་སྣང་ན། དེས་ན་ཡུ་བུ་ཅག་གིས་ཅི་དབང་ཕྱུག་ཆེན་པོ་ཁྱད ་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པ་ངེས་པར་བརྟག་པར་བྱའོ། །སྙམ་པ་དང། དེ་གཉིས་ཀྱིས་ཐོས་པ། རི་བོ་ཏེ་སེ་ན་དབང་ཕྱུག་ཆེན་པོ་ཨུ་མ་དང། ཁྱུ་མཆོག་དང་བཅས་པར་མངོན་སུམ་དུ་གནས་སོ། །ཞེས་ཐོས་ཀྱིས། དེར་སོང་ལ་དབང་ཕྱུག་ཆེན ་པོ་ཡུ་བུ་ཅག་ལ་ཇི་ལྟར་བསྟན་པ་དེ་ལྟར་བྱའོ། །ཞེས་ངེས་པ་སྐྱེས་ནས། དེར་མྱུར་བར་སོང་སྟེ་འབང་མ་ཆེན་པོ་དང་ལྷ་དག་གི་གྲོགས་བྱས་ཏེ། རི་བོ་ཏེ་སེའི་ས་མཉམ་པར་སོད་པ་དང། ལྷ་ཆེན་པོའི་ཁྱུ་མཆོག་སྤྲིན་དཀར་པོའི་དུམྦུ་ལྟ་བུ་བཟས་ལ་ཡན་པ་མཐོང་ངོ། །དེ་མཐོང་བས་རབ་ཏུ ་དགའ་བ་དང། དེའི་རྗེས་ཐོགས་ཉིད་ལ་ལྷ་མོ་ཨུ་མ་འབྲས་བུའི་ཤིང་གི་ཚང་ཚིང་གི་ནགས་ན་འབྲས་བུ་ཐུབ་མཐོང་ནས། གུས་པ་དང་བཅས་པས་ཕྱག་བྱས་ཏེ། དེ་དག་གི་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་གནས་ན་ཡུ་བུ་ཅག་གི་རྗེ་བོ་གནས་སོ། །ཞེས་གཏམ་ཐོས་པ་དང། དེ་དག་ཡིད་ལ་རབ་ཏུ་བཤད ་པ་ཐོབ་པས་མེ་ཏོག་གསིལ་མ་གཏོར་བས་ཉེ་བར་མཛེས་པའི་སའི་ཆར་སོང་བ་དང། ལྷ་ཆེན་པོ་འབྱོར་པ་ཆེན་པོ་དང་ལྡན་པའི་བསྟན་ལ་འདུག་ཅིང་འཁོར་གྱི་ཚོགས་སྟོང་གི་བསྐོར་བ་མཐོང་ངོ། །མཐོང་བའི་རྗེས་ཐོགས་ཉིད་ལ་ཚོགས་ཀྱི་བདག་པོས་ལག་པ་ནས་གཟུང་སྟེ། དེའི ་ཐད་དུ་ཁྱེད་ནས་གུས་པ་དང་བཅས་པས་ཕྱག་བྱས་པ་དང། དེ་དག་ལ་སྨྲས་པ། ཁྱེད་ཅག་ག་ལས་འོངས་ཞེས་དེ་དག་ལས་དྲིས་པ་དང། དེ་གཉིས་ཀྱི་ཇི་ལྟར་གྱུར་བརྒྱས་པར་སྨྲས་སོ། །དེ་ནས་ཇི་ཙམ་ན་དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ལ་བབ་པ་དང། ཉེ་བར་གྱུར་པ་ན། ནམ ་མཁའ་ལས་སྤྲིན་ལྟ་བུ་འཛམྦུ་ཆུ་བོའི་གསེར་གྱི་མདོག་ཅན་གྱི་གོས་གྱོན་པ་མ་གྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་པ་ལྔ་བརྒྱ་བྱ་གཤོག་པ་དམར་པོ་དང་བཅས་པ་ལྟ་བུར་བབས་པར་གྱུར་ཏོ། །དེ་ནས་ལྷ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་གུས་པ་དང་བཅས་པས་སྤོས ་དང། བྱུག་པ་དང་མཆོད་པའི་ཡོ་བྱད་རྣམས་ཐོགས་ཏེ། དེ་དག་གི་ཐད་དུ་སོང་ནས་དེ་དག་རང་རང་གི་སྟན་ལ་འདུག་པ་ལ་རེ་རེ་ཞིང་གོས་རིན་ཆེ་བ་བསྐོན་ཏེ། །བདེ་བར་འདུག་པ་དང། བཟའ་བ་དང། བཅའ་བ་དང། བསོད་པ་རྣམས་ཀྱི་ཡང་དག་པར་ཚིམ་པར་བྱས་ནས། ཨུ ་མས་ཀྱང་མེ་ཏོག་དང། འབྲས་བུས་མཆོད་དེ། དེ་དག་ལ་ཆོས་ཀྱི་གཏམ་མཉན་ནས། དེ་དག་སླར་སོང་བ་དང། དེ་གཉིས་ལ་སྨྲས་པ། ཁྱེད་ཅག་འདིར་བྱ་བ་གང་གི་ཕྱིར་འོངས་བ་ཁོ་བོས་ཤེས་ཀྱིས་དེ་ཁྱེད་ལ་སྨྲ་བར་བྱའོ། །གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་ ་པས་མཆོད་བྱེད་ཡོན་ཏན་དམ་པར་ལྡན། །འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང། །ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚེ་ན་མྱ་ངན་འདས་འདྲར་སེམས། །འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ ་ནི་མཁས་པས་མཆོད། །དེ་བས་ན་ཁྱེད་ཅག་གིས་སྟོན་པ་དེ་ཉིད་དང། དེའི་གསུང་རབ་ལ་མཆོད་པར་བྱའོ། །དེ་ནས་དེ་ལྟར་རྟོགས་པར་གྱུར་ནས་སླར་ཡང་རང་གི་ཡུལ་དུ་སོང་སྟེ། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཆོས་ཁ་ན་མ་ཐོ་བ་མེད་པ་ཡིན་པར་ཤེས་པར་རིག་བྱེད་ཀྱི་ཚིག་རྣམས ་རྩཝ་ལྟར་བོར་ཏེ་རབ་ཏུ་བྱུང་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཁྱད་པར་དུ་འཕགས་པར་བསྟོད་པ་དང། ལྷ་ལས་ཕུལ་ཏུ་བྱུང་བའི་བསྟོད་པ་གཉིས་བྱས་སོ།། །།ད་ནི་ཚིགས་སུ་བཅད་པ་དང་པོའི་ཡན་ལག་གི་དོན་བཤད་པར་འདོད་ནས་སྨྲས་པ་ནི། བདག་ནི་སྟོན ་པ་གཞན་སྤངས་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་གཞན་དག་ཁྱེད་ཅིའི་ཕྱིར་བསྟན་བཅོས་མ་ལུས་པའི་དེ་ཁོ་ན་ཉིད་རྟོགས་ནས་སེར་སྐྱ་དང། གཟེགས་ཟན་དང་རྐང་མིག་ལ་སོགས་པའི་སྟོན་པ་དང། དེས་བྱས་པའི་བསྟན་པ་རྣམས་ཀྱང་སྤངས་ཏེ། སངས་རྒྱས་བཅོམ་ལྡན་འདས ་ཉིད་དང། དེའི་བསྟན་པ་ལ་འཇུག་པར་བྱེད་ཅེས་ཟེར་རོ། །སྙམ་དུ་དོགས་པའི་ཕྱིར། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱེད། སྐྱོན་མི་མདའ་ལ་ཡོན་ཏན་ལྡན་ཞེས་བྱ་བའི་ཚིགས་སུ་བཅད་པ་སྨྲས་པ་ཡིན་ནོ། །དེ་ལ་བདག ་ནི་ཞེས་བྱ་བ་ནི། བསྟོད་པར་བྱེད་པ་བདག་ཉིད་དོ། །སྟོན་པ་ཞེས་བྱ་བ་ནི་འཆོས་ཤིང་འདུལ་བར་བྱེད་པ་ཡིན་པས་ན་སྟོན་པ་སྟེ། འདི་ནི་སེར་སྐྱ་ལ་སོགས་པ་ཡིན་པར་འདོད་དོ། །དེ་སྤངས་པ་ནི་ཡོངས་སུ་སྤངས་ཤིང་དོར་བ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་ཞེས་པ་ནི་བོད་པ་སྟེ། འདོད ་ཆགས་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་བ། གང་ཡིན་པ་དེ་ལ་ནི་བཅོམ་པ་ཞེས་བྱ་བའི་སྒྲར་བཤད་ལ། དེ་གང་ལ་མངའ་བ་དེ་ནི་བཅོམ་ལྡན་ནོ། །ཁྱོད་ལ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ཁྱེད་ཇི་ལྟ་བུ་ཞེ་ན། སྐྱབས་ཞེས་བྱ་བ་སྨྲས་པ་ཡིན་ཏོ། རྟེན་ནས ་བྱ་བའི་དོན་ཏོ། །དེ་ཡང་གང་ལ་བརྟེན་ན་ཉེས་པར་སྤྱོད་པ་རྣམས་ཟད་བར་འགྱུར་བའོ། །མཆིས་པ་ཞེས་པ་བྱའི་དོན་ཏེ། ཡིད་མི་སྟོན་པ་ལ་སོགས་པ་ཉེས་པར་སྤྱོད་པ་རྣམ་པ་མང་པོ་ཉེ་བར་བསགས་པ་རྣམས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟེན་པས་སྡིག་པ་རྣམས་དང་བྲལ་བར་གྱུར་ཅིང ་མཐོ་རིས་སུ་སྐྱེས་པར་གྱུར་པ་འདིར་དབེར་སྦྱར་བར་བྱའོ། །སྟོན་པ་གཞན་དག་སྤངས་པ་དང། སྟོན་པ་དེ་ལ་སྐྱབས་སུ་འགྲོ་བའི་རྒྱུ་ཅི་ཞིག་ཡིན་ཞེ་ན། དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། གང་གི་ཕྱིར་ཁྱེད་ནི་མི་མདའ་ལ་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང ་འདི་ལྟར་གང་ལ་བག་ཆགས་ལ་སོགས་པའི་ཉེས་པ་མི་མངའ་བ་ནི་སྐྱོན་མི་མངའ་བའོ། །དེ་ལ་ཡང་ལུས་དང་ངག་དང་སེམས་སུན་འབྱིན་པར་བྱེད་པས་ན་སྐྱོན་ཏེ། ཉོན་མོངས་པོ་རྣམས་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེ་མཉམ་པ་མེད་པ་གང་ལ་མངའ་བ་ནི ་ཡོན་ཏན་དང་ལྡན་པ་སྟེ། དེ་ནི་ཁྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཉིད་སྐྱོན་མི་མངའ་ཞིང་ཤིན་ཏུ་ཕུལ་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ཡིན་ན། ཅིའི་ཕྱིར་གཞན་དག་ལ་ལ་བཅོམ་ལྡན་འདས་སྤངས་ནས་སེར་སྐྱ་ལ་སོགས་པ་གཞན་དག་ལ་བརྟེན་ཅེ་ན། དེའི་ཕྱིར་དང ་ཕྱིར་འཇིག་རྟེན་སྐྱོན་ལ་དགའ་། །ཡོན་ཏན་འཛིན་ལ་ཞན་བས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆིས་པར་གྱུར་ཅེས་བྱ་བ་སྨྲས་པ་ཡིན་ཏེ། ལང་ཞེས་བྱ་བ་ནི་རྣམ་པར་བརྟག་པའི་ཚིག་གི་ཕྲད་དོ། །འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་ཐ་མལ་པ་སོ་སོའི་སྐྱེ་བོ་ཞེས ་བྱ་བའི་དོན་ཡིན་ཏེ། འཕགས་པ་རྣམས་ནི་སྐྱོན་ལ་དགའ་བ་མ་ཡིན་ནོ། །དེ་ཡང་ཡུལ་རྣམས་ལ་ཆགས་བས་ན་འཇིག་རྟེན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ་།སྐྱོན་ལ་དགའ་ཞེས་བྱ་བ་ནི་སྨད་པར་བྱ་བའི་དངོས་པོ་རྣམས་ལ་དགའ་ཞིང་ཕྱོགས་སུ་ལྷུང་བ་ཞེས་བྱ་བའི་དོན་ཏེ། ཡང་ན་འཇིག་རྟེན ་འདི་ནི་སྐྱོན་ལ་དགའ་བ་མ་ཡིན་མོད་ཀྱི། འོན་ཀྱང་སྐྱོན་གང་ཡིན་པ་དེ་ཡོན་ཏན་ཉིད་དུ་རྟོགས་པ་ལ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་མཁྲིས་པའི་ནད་ཀྱི་བཅོམ་པའི་མིག་གིས་ཟླ་བའི་འོད་ཟེར་རྣམས་ཀྱི་མཛེས་པ་དངོས་པོ་དཀར་བར་གྱུར་པ་ཡང་སེར་པོར ་མཐོང་སྟེ། བདག་ཅག་གི་ཁ་དོག་སེར་པོར་མཐོང་ཞིང་རྟོགས་སོ། །སྙམ་དུ་སེམས་སོ་དེ་བཞིན་དུ་མི་དགེ་བའི་བཤེས་གཉེན་དང་འདྲེས་པ་དང། དམ་པའི་ཆོས་མ་ཡིན་པ་མཉམ་པའི་ཉེས་པས། གང་གི་ཉེས་པ་རྣམས་ལའང་ཡོན་ཏན་ཉིད་དུ་འཛིན་པར་འགྱུར་བར་སེམས་འཁྲུལ ་པར་འགྱུར་རོ། །ཡོན་ཏན་འཛིན་ལ་ཞན་པས་ན་ཞེས་བྱ་བས་ནི་ཡོན་ཏན་རྣམས་ལེན་པས་ན་ཡོན་ཏན་འཛིན་པ་སྟེ། ཡོན་ཏན་རྟོགས་པ་ཞེས་བྱ་བའི་དོན་ཡིན་ལ། ཡོན་ཏན་འཛིན་པ་ལ་དམན་པར་གྱུར་པ་ནི་རྨོངས་ཤིང་གཏི་མུག་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྐྱོན་ལ་དགའ་ཞེས ་བྱ་བ་འདིས་ནི་ཕྱིན་ཅི་ལོག་གི་ཉེས་པས་རྒྱུད་དྲི་མ་ཅན་དུ་བྱས་པར་བསྟན་པ་ཡིན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། ཞེས་བྱ་བ་འདིས་ནི་འགྲོ་བ་བློ་གྲོས་དང་བྲལ་ཞིང། རྣམ་པར་རྟོག་པས་རྨོངས་པས་འཛིན་པར་བྱེད་པ་བསྟན་པ་ཡིན་ནོ། །སྔར་བཤད་པ་དེ་དག་ངེས ་པར་བྱ་བར་ཇི་ལྟར་ནུས་ཤེ་ན། གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་ལྷ་ཆེན་པོ་དང་ཁྱབ་འཇུག་དང། ཚངས་པ་ལ་སོགས་པ་གཞན་དག་ལ་སྐྱབས་སུ་སོང་བ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཕྱིར་འཇིག་རྟེན་པ་རྣམས ་ནི་ཡོན་ཏན་མེད་ཅིང། ཉེས་པ་མང་པོ་བསགས་པ་ཡིན་པས་གཞན་དག་ལ་སྐྱབས་སུ་འགྲོ་བས་སྟོན་པ་གཞན་འདོད་པར་ངེས་པ་ཡིན་ནོ། །ཞེས་ཚིགས་སུ་བཅད་པ་འདིས་སྟོན་ཏོ། །ཇི་ལྟར་ན་གཞན་དག་སྐྱོན་དང་ལྡན་ཞིང། ཡོན་ཏན་དང་ལྡན་པ་མ་ཡིན་ཞེ་ན། ཁྱབ ་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནོར་ལྷ་དང། དབང་ཕྱུག་ཆེན་པོ་ནི་ཁྱབ་འཇུག་དབང་ཕྱུག་སྟེ། དེ་དག་ལ་སོགས་པ་གང་ཡིན་པ་དེ་ནི་ཁྱབ་འཇུག་དབང་ཕྱུག་ལ་སོགས་པའོ། །དེ་ལ་དད་པ་ནི་དེ་ལ་དགའ་ཞིང་རབ་ཏུ་དང་བའི་སྐྱེ་བོ་གང་ཡིན་པ་དེས་ཡོན ་ཏན་གང་ཡོངས་སུ་བསྒྲགས་ཤིང། ཁྱད་པར་གང་དག་མངོན་པར་སྒྲོགས་པ་དེ་ནི་ཁྱེད་ཀྱི་བསྟན་ལ་དེ་དག་སྐྱོན་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས། ཁྱེད་ཀྱི་བསྟན་པ་ལ་སྐྱོན་ཏེ། ཉེས་པ་དང། ཕོངས་པ་དང། སྨད་པར་བྱ་བའི་གནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཁྱེད་ཀྱི་བསྟན ་པ་ལ་ཉེས་པ་ཡིན་པའི་ཕྱིར་དེ་རྣམས་ཀྱི་ཡོན་ཏན་གང་ཞིག་སྒྲོགས་པར་བྱེད་ཅེ་ན། ལྷ་ཆེན་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས། དེ་དག་སྟོན་པ་ཡིན་ཏེ། ལྷ་ཆེན་ཁྲོས་བ་ཞེས་བྱ་བ་ནི་ཁྲོ་བས་ཁྱབ་པར་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་སོ། །གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བ་ནི ་གྲོང་ཁྱེར་གསུམ་པོ་གཅིག་ཏུ་བསྡུས་པ་ལ་གྲོང་ཁྱེར་སུམ་བརྩེགས་འཇིག་ཅེས་བྱ་སྟེ། དེ་དྲག་པོས་བསྲེགས་པའོ། །གྲག་ཅེས་བྱ་བ་ནི་ཡོན་ཏན་དུ་སྒྲོགས་པར་སྲིད་པར་སྟོན་ཏེ། དེ་ཡང་ལྷ་ཆེན་པོའི་ཡོན་ཏན་འཇིག་རྟེན་དུ་སྒྲོགས་ཤིང་སྟོན་པ་ནི། །ལྷ་མ་ཡིན་རྣམས་ཀྱི་གྲོང ་ཁྱེར་གསུམ་ནམ་མཁའ་ལ་རྒྱུ་བ་ཞིག་བྱུང་བ་དང། དེ་ལས་ལྷ་མ་ཡིན་དཔས?་ཤིང་མི་རྣམས་ལ་གནོད་པ་བྱེད་དོ། །དེ་ནས་ལྷ་ཆེན་བོས་ནི་རྣམས་ལ་བསྐྱབ་པར་བྱ་བའི་ཕྱིར། གཞུ་བླངས་ཏེ་མདའ་ཅིག་གིས་ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་སུམ་རྩེགས་བསྲེགས་པར་གྱུར ་ཏོ། །དེ་ཡང་ཇི་སྐད་དུ། འདི་ན་ལྷ་མིན་གྲོང་ཁྱེར་མཁའ་ལ་རྒྱུ། །སྐྱེས་པ་བུད་མེད་རྒན་དང་གཞོན་བཅས་པ། །གཞུ་ཆེན་བླངས་ནས་འབར་བའི་མདའ་ཡིས་ནི། །མེ་ཡི་བསྲེག་བྱ་བཞིན་དུ་སྐད་ཅིག་བསྲེགས་ཞེས་འབྱུང་བ་ཡིན། །འདི་ནི་ཁྱེད་ཀྱི་བསྟན་པ་བསྲོག་གཅོད ་པ་ཞེས་བྱ་བ་ཉེས་པ་ཆེན་པོ་ཡིན་ཏེ། དེས་དམྱལ་བར་ལྟུང་བར་འགྱུར་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། གང་ཞིག་ཁྱོད་མཐོང་སྲོག་གཅོད་ལས། །མི་ལྡོག་པ་ཡི་མཛའ་དེ་ནི། །ཁྱེད་རྣམས་དེང་ནི་དམྱལ་བ་རུ། །ཀྱེ་མ་འགྲོ་བར་འགྱུར་བར་ཤེས་ཞེས་མདོ་ལས ་གསུངས་པ་ཡིན་ནོ། །གལ་ཏེ་དེས་ལྷ་མ་ཡིན་གྱི་གྲོང་ཁྱེར་བསྲེགས་པ་དེ་ཉེས་པ་དང་ལྡན་པ་ཡིན་ན། ཁྱེད་ཀྱི་ཡོན་ཏན་དང་ལྡན་པའི་བསྲེགས་པ་གང་ཞེ་ན། ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚོན་ཆ་གང་ཞིག་ཅེ་ན། ཡེ་ཤེས་མདའ་ཆེན་གྱི་ཞེས་བྱ་བ ་ཡིན་ཏེ། ཡེ་ཤེས་ཉིད་མདའ་ཆེན་ཡིན་པས་ན། ཡེ་ཤེས་མདའ་ཆེན་ཏེ་དེས་སོ། །ཁྲོ་བོའི་མེ་ཞེས་བྱ་བ་ནི་ཁྲོ་བོ་ཉིད་མེ་དང་འདྲ་བས་ན་ཁྲོ་བོའི་མེ་སྟེ། དེ་ཉིད་ནི་བཅོམ་ལྡན་འདས་ཀྱི་ངེས་པར་སྲེགས་ཤིང། ཉེ་བར་ཞི་བར་མཛད་དོ། ཞེས་བྱ་བའི་དོན་ཏོ། །དྲིས་པ ་བྱམས་པའི་མདའ་ཆེན་པོའི་ཁྲོ་བའི་མེ་ཉེ་བར་ཞི་བ་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་།བྱམས་པ་བསྒོམས་ཤིག་།བྱམས་པ་བསྟེན་པ་དང། བསྒོམས་པ་དང། མང་དུ་བྱེད་པ་ནི་ཞེ་སྡང་སྤོང་བ་ལ་འཇུག་པར་འགྱུར་རོ། །ཞེས་གསུངས་པ་མ་ཡིན་ནམ། ་ཞེ་ན་དེ་ལྟ་ཡིན་མོད་ཀྱི་དེ་ནི་བྱམས་པས་ཁྲོ་བའི་མེ་ལྕེ་ཞི་བ་ཙམ་དུ་འགྱུར་གྱི་ཡེ་ཤེས་ཀྱིས་ནི་རྩ་བ་ནས་འབྱིན་པར་འགྱུར་བ་ནས། འདིར་ཡེ་ཤེས་སྨོས་པ་ཡིན་ནོ། །ལྷ་ཆེན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། བསྲེགས་ཉེས་པ་ནི་ལེགས་པར་མ་བསྲེགས་པ་སྟེ། རྩ་བ་ནས་འབྱིན་པར་མ ་བསྲེགས་པའོ། །འདི་སྐད་སྟོན་ཏེ། འདོད་པ་དེ་ཉིད་བསྲེག་ཉེས་པས་ལྷ་ཆེན་པོ་སླར་དྲངས་ཤིང། དབང་དུ་བྱས་པ་ཡིན་ནོ། །དེ་ཡང་འདི་སྐད་ཟེར་ཏེ། དུས་འགའ་ཞིག་ན་ལྷ་ཆེན་པོ་གྲོང་ཁྱེར་གསུམ་བསྲེག་པ་ལ་སོགས་པའི་བྱ་བས། ཤིན་ཏུ་ཡིད་བྱུང་ནས་ཁ་ན་མ་ཐོ་བ་དེ་སྦྱང་པར་བྱ་བའི་ཕྱིར ་རི་ཁ་བ་ཅན་གྱི་རི་སུལ་གྱི་ཚང་ཚིང་དུ་ཞུགས་ཏེ། བརྟུལ་ཞུགས་ལ་གནས་པའི་ཚེ། འདོད་པའི་ལྷས་བཟློག་པ་ན་ཁྱེད་ང་ལ་འཚེ་བར་མ་བྱེད་ཅིག་ཅེས་སྨྲས་ཀྱང་ཇི་ཙམ་ན་དེ་འཚེ་བར་བྱེད་པ་ན། ལྷ་ཆེན་པོ་ཁྲོ་བ་འབར་བས་གདུང་བའི་ཡིད་ཀྱི་མིག་གསུམ་པ་ལས་ཕྱུང་བའི་མེས་གང་འདི ་ཐལ་བ་ཡང་མི་ལུས་པ་དེ་ལྟར་འདོད་པའི་ལྷ་བསྲེགས་པ་དང། ཡང་འདོད་པའི་ལྷས་ལྷ་ཆེན་པོ་ལ་དཀའ་བཟློག་མའི་རོ་སྨད་ཀྱི་འཇོ་སྒེག་གིས་རྒྱུད་ཏུ་བཟློག་པར་གྱུར་ཏོ། །ཁྱེད་ཀྱི་ཡེ་ཤེས་ཞུགས་ཀྱི་ནི་ཞེས་བྱ་བ་ནི། ཁྱེད་ཀྱི་ཡེ་ཤེས་ཀྱིས་མེས་དེ་བསྲེགས་པའོ། །རྩར་བཅས་ཞེས་བྱ་བ ་ནི་ཐོབ་པར་བྱ་བའི་ལྷག་མ་མེད་པ་སྟེ་བག་ཆགས་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །བསྲེགས་ནས་སྟོན་ཞེས་བྱ་བ་ནི། ཇི་ལྟར་ན་སླར་ཡང་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཚུལ་གྱི་རྣམ་པར་གསལ་བའོ། །ལྷ་ཆེན་ཐིག་ལེའི་མཆོག་མ་ལ། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར ་རྗེས་སུ་?་ཏེ། །སུནདྷ་དང། ཨུ་པ་སུནདྷ་ཞེས་བྱ་བ་ལྷ་མ་ཡིན་སྤུན་གཉིས་ཤིག་བྱུང་བ་དང། དེ་གཉིས་ཀྱིས་ཚངས་པ་བསྒྲུབས་ཏེ། འཇིག་རྟེན་གསུམ་གྱི་མི་གསོད་པར་གྱུར་པ་དང། བདག་ཅག་ལུས་ཙམ་ཐ་དད་ཀྱི། སེམས་ནི་དེ་ལྟ་མ་ཡིན་པར་ཐ་དད་པ་མེད་པར་མཛོད་ཅིག་ཅེས་བྱ་བ་དང། ཚངས་པས ་ཀྱང་མཆོག་བྱིན་ནོ། །དེ་ནས་དེ་གཉིས་ཀྱིས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བྱ་བ་ལ་ཞུགས་པར་གྱུར་ཏོ། །ལྷ་རྣམས་ཀྱི་དེ་གཉིས་བསད་པའི་ཐབས་ལ་དཔྱོད་པར་གྱུར་པ་དང། ཚངས་པས་སྨྲས་པ། དེ་དག་གཅིག་ལ་གཅིག་གསོད་པའི་ཐབས་བསྒྲུབ་པར་བྱའོ། །ཞེས་སྨྲས་པ་དང་ལྷ ་རྣམས་ཀྱི་རང་གི་ལུས་ལ་ཏིལ་འབྲུ་ཏིལ་འབྲུ་ཙི་བྱིན་ནས། དེ་ལས་ཐིག་ལེའི་མཆོག་མ་ཞེས་བྱ་བའི་ལྷའི་བུ་མོ་ཞིག་བསྐྱེད་ནས། དེ་ལ་ཡང་ཚངས་པ་ལ་བསྐོར་བ་བྱེད་དུ་བཅུག་པ་དང། དེ་དེའི་གཟུགས་ལ་ཡིད་རྣམ་པར་གཡེངས་པས་ལྟ་བ་ན། ངོ་ཚ་བར་གྱུར་པས་གདོང་བཞི་སྤྲུལ་བར་གྱུར་ཏོ། ་དེ་བཞིན་དུ་ལྷ་ཆེན་པོ་ཡང་དེ་དང་འདྲ་བར་འདོད་ཆགས་ཀྱི་དབང་གིས་གདོང་བཞི་སྤྲུལ་པར་གྱུར་ཏོ། །དེ་བས་ན་ལྷ་ཆན་ཐིག་ལེའི་མཆོག་མ་ལ། རབ་ཏུ་ཆགས་པས་གདོང་བཞི་བྱུང་ཞེས་སྨྲོས་པ་ཡིན་ཏེ། ལྷ་ཆེན་ཞེས་བྱ་བ་ནི་རྩེ་གསུམ་གྱི་མཚོན་ཆ་ཡོད་པའོ། །ཐིག་ལེའི་མཆོད ་མ་ཞེས་བྱ་བ་ནི་ལྷའི་བུ་མོའོ། །ཆགས་པ་སྐྱེས་པས་ཞེས་བྱ་བ་ནི་ཆགས་པའི་བསམ་པ་སྐྱེས་པ་ལ་ཞུགས་པའོ། །གདོང་བཞི་བྱུང་ཞེས་བྱ་བ་ནི་གང་གདོང་བཞི་པར་གྱུར་པའོ། །ཡང་བཅོམ་ལྡན་འདས་ནི་བདུད་ཀྱི་བུ་མོས་སྒེག་པ་ཡིས། །ཁྱོད་ཀྱི་བ་སྤུའི་རྩེ་མི་གཡོ་ཞེས་བྱ་བ་ཡིན་ཏེ། ་བདུད་དང་རྗེས་སུ་འབྲེལ་བའི་བུ་མོ་བདུད་ཀྱི་བུ་མོ་སྟེ། སྲེད་མ་དང། དགའ་མོ་ཞེས་བྱ་བ་འཁོར་དང་བཅས་པ་ལ་བྱའོ། །དེ་རྣམས་ཀྱི་སྒེག་པ་ནི་རྒོད་ཅིང་སྨྲ་བ་དང་ཟུར་གྱི་ད་ལྟ་བ་དང། གར་བྱེད་པའི་མཚན་ཉིད་ཅན་ཏེ། དེ་དག་གིས་ཀྱང་ངོ། །ཁྱེད་ཀྱི་ཞེས་བྱ་བ་ནི་མགོན་པོ་ཁྱེད་ཀྱིའོ། །བ་སྤུའི་རྩེ་ཞེས ་བྱ་བ་སྐུའི་ཡན་ལག་གི་བ་སྤུའི་རྩེ་མོ་ཡང་མི་གཡོ་ཞིང་འགྱུར་བ་མེད་པའོ། །དེ་ཡང་བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་པའི་ཚེ། སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་དེ་དག་གི་འདོད་ཆགས་བསྐྱེད་པར་མ་ནུས་སོ་ཞེས་སྟོན་པ་ཡིན་ནོ། །ལྷ་ཆེན་ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱེད ་ནི་ཆུང་མ་ཞེས་བྱ་བ་ལུས་ཀྱི་ཕྱེད་ཆུང་མ་སྟེ། ལྷ་མོ་ཨུ་མ་འཆང་ཞིང་འཛིན་པར་བྱེད་པས་ན་ངུར་བ་ཞེས་བྱ་བའི་བྱས་ཀྱང་ཐུབ་ཅིང་རྒྱལ་བར་མི་ནུས་ཏེ། གང་གི་ཕྱིར་དེ་ནི་ཕན་ཚུན་ཐ་དད་པའི་ལུས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་གང་གི་ཚེ་ལྷ ་ཆེན་པོ་འདི་ཨུ་མ་དང་ལྷན་ཅིག་ལོ་སྟོང་གི་བར་དུ་འདོད་པའི་བདེ་བ་ཉམས་སུ་མྱོང་བ་ན། ཇི་ཙམ་ན་དེ་ཁུ་བ་འབྱིན་པའི་གནས་སྐབས་སུ་གྱུར་པའི་ཚེ། དེས་བསམས་པ། རེ་ཞིག་ལུས་ཀྱི་ཕྱོགས་གཅིག་གིས་འདོད་པའི་བདེ་བ་ལ་ངས་ལོངས་སྤྱོད་པར་གྱུར་གྱིས། ་ང་ནི་དགའ་བའི་ཡིད་ཀྱི་ངའི་ཕྱེད་ལུས་ཀྱི་ཕྱེད་དུ་ཞུགས་པར་བྱས་ལ་ཁྱད་པར་ཅན་གྱི་བདེ་བ་ཉམས་སུ་མྱོང་བར་བྱའོ། །སྙམ་སྟེ་དེ་ནས་ལུས་ཕྱེད་བུད་མེད་ཀྱི་དབང་ཕྱུག་ཅེས་བྱ་བར་གྱུར་ཏོ། །ཡང་ཁྱེད་ནི་བདེ་བར་བགྱིད་ཞེས་བྱ་བ་འཁྲུལ་པར་བྱེད་པའི ་འདོད་པ་ཉིད་ཀྱི་རྨོངས་མ་གྱུར་ཅེས་བྱ་བ་སྟེ། འཁྲུལ་ཅིང་ཆགས་པར་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་མདུང་ཐུང་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་གང་ལ་ཡོད་པ་དེ་ནི་འཁོར་ལོ་ཅན་ཏེ། འཁོར་ལོའི་མཚོན་ཆ་ཐོགས?་པ་ཁྱབ་འཇུག ་ཅེས་བྱ་བའི་དོན་ཏོ། །མདུང་ཐུང་ཅན་ནི་ལྷ་ཆེན་པོ་སྟེ། མདུང་རྩེ་གསུམ་པ་ཐོགས་པའོ། །བདུད་ཀྱི་སྟོབས་ནི་བདུད་ཀྱི་དཔུང་བྱེ་བ་ཕྲག་གསུམ་ཅུ་རྩ་དྲུག་གོ་།རྒྱལ་བ་ནི་ཟིལ་གྱི་མནོན་པ་སྟེ། དེས་དབང་དུ་བྱ་བར་མི་ནུས་པའོ། །ཁྱོད་ནི་འཁོར་ལོ ་མདུང་མེད་པར། །བྱམས་པའི་མཚོན་གང་ལགས་པས་རྒྱལ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། བདུད་ཀྱི་སྟོབས་ལས་རྒྱལ་བར་བྱ་བ་ལ་གང་ཁྱབ་འཇུག་དང། ལྷ་ཆེན་པོའི་འཁོར་ལོ་དང། མདུང་མེད་པར་ལས?་བྱམས་པའི་མཚོན་ཆས་མངོན་པར ་རྒྱལ་ཞིང་བཅོམ་པར་སྤྱོད་དོ། །ཞེས་བྱ་བའི་དོན་ཏོ། །རྒན་པོ་ཞེས་བྱ་བ་ལ་སོགས་པ་ལ་རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན་ཞེས་བྱ་བ་ནི་འདི་སྐད་ཐོས་ཏེ། ཁྱབ་འཇུག་གི་གཉེན་གྱི་ཚོགས་རྣམས་ས་ཕྱོགས་འགའ་ཞིག་ཏུ་ཆང་ཐུང་ཞིང་འདུག ་ན། ཇི་ཙམ་མན་དྲང་སྲོང་གནས་ངན་དེར་ཉེ་བར་སོང་བ་དང། མ་འགགས་པས་བསམ་པ་ཁོ་བོས་དྲང་སྲོང་འདི་ལ་ཅོ་འདྲི་བར་བྱའོ་སྙམ་ནས། བུད་མེད་ཀྱི་གཟུགས་སུ་བྱས་ནས་དེའི་ཐད་དུ་སོང་སྟེ། དེ་ལ་གུས་པ་དང་བཅས་པས་རྗེས་བྱས་ནས་ལྟོ་པར་གཞོང་པ་གླན ་ནས་གཡོགས་ཏེ་གཅིངས་པ་བསྟན་ནས། ཁོ་མོའི་དཀུ་འདི་ན་ཅི་ཞིག་ཡོད། འདི་ལས་ཅི་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་དང། དྲང་སྲོང་ངེས་བསམས་གཏན་གྱི་སྟོབས་ཀྱི་ལྟས་པ་ལས་དེ་ལ་ཤིན་ཏུ་ཁྲོ་བ་དྲག་པོ་སྐྱེས་པར་གྱུར་ནས་ཁྱོད་ཀྱི་ཁོང ་ནས་ལྕགས་ཀྱི་གཏུན་གང་གིས་ཁྱབ་འཇུག་གི་རིགས་མ་ལུས་པ་བརླག་པར་བྱེད་པ་འབྱུང་བར་གྱུར་ཅིག་ཅེས་དེ་ཐམས་ཅད་ལ་དམོད་པ་བཏབ་པོ། །དེ་ནས་ཅི་ཙམ་ན་ལྕགས་ཀྱི་གཏུན་བྱུང་བར་གྱུར་པ་དང། བིཥྞུའི་རིགས་ཐམས་ཅད་འོངས་ཏེ་ལྕགས་ཀྱི་གཏུན ་དེ་ཆུ་དང་རྡོ་ལ་བརྡར་ཏེ། དེ་འདམ་དང་བྱེ་མ་འདམ་བུའི་རྫིང་གི་ནང་དུ་བར་རོ། །དེ་ཡང་འདམ་བུའི་ཚལ་དུ་གྱུར་ཏོ། །ཡང་ལྕགས་ཀྱི་གཏུན་དེ་ལས་མདེའུ་ཙམ་ཞིག་ལུས་པར་གྱུར་པ་དང། འདིས་ཅི་ཞིག་ནུས་པར་འགྱུར་སྙམ་ནས། ཆུ་བོར ་དོར་རོ། །དོར་བའི་འོག་ཏུ་ཉས་མིད་ནས་དེ་ཡང་རྒྱའི་ནང་དུ་ཆུད་དེ། ཉ་བས་ཁྱེར་ནས་སྔོན་པ་རྒན་པོ་ཞིག་ལ་བཙོངས་སོ། །དེས་ཀྱང་ཉ་དེ་བཤས་པ་དང། ལྕགས་ཀྱི་མདེའུ་བྱུང་ནས་དེ་མདའི་མདེའུར་བཏགས་སོ། །ཇི་ཙམ་ན་དམོད་པས་ཉེ་བར་བཅོམ་པའི ་འཇིག་པས་དུས་འགའ་ཞིག་གི་ཚེ། རྫིང་གི་ངོགས་དེར་ཁྱབ་འཇུག་གི་རིགས་རྣམས་ཆང་འཐུངས་པས་ར་རོ་བ་དང། དམོད་པས་རྣམ་པར་འཕྲུལ་པས་རྩོད་པ་ཆེན་པོ་བྱུང་བར་གྱུར་ནས་འདམ་བུའི་དབྱུག་པས་ཕན་ཚུན་ཉེ་བར་བསྣུན་པར་བྱེད་ན། དེ་ན་མེད་པས ་ཁྱབ་འཇུག་མ་གཏོགས་པ་དེའི་རིགས་རྣམས་རྣམ་པར་འཇིག་པར་གྱུར་ཏོ། །དེ་ནས་ཁྱབ་འཇུག་གི་བསམས་པ། ངའི་ཆུང་མའི་ཚོགས་ཁྲི་དྲུག་སྟོང་གྲོང་ཁྱེར་སྒོ་ལྡན་ན་གནས་ཀྱི། དེ་དག་གལ་ཏེ་དམོད་པ་འདིས་ཕན་ཚུན་ཅིག་ལ་གཅིག་གནོད་པ ་བྱེད་པ་འམ། གཞན་དག་གིས་ཕྲོགས་པར་འགྱུར་བ་སྲིད་སྙམ་ནས། དེར་སྲིད་སྒྲུབ་བཏང་ངོ། །དེས་ཀྱང་དེ་རྣམས་བླངས་ལ་ཁྱབ་འཇུག་གིས་ཐད་དུ་ཁྱེར་ཏེ་འོང་ངོ་ཞེས་ཏེ་ཆས་སོ། །རི་བྲག་པ་རྣམས་ཀྱིས་ཀྱང་གཏམ་དེ་ཐོས་ནས་མཚོན་ཆ་སྣ་ཚོགས ་པ་ཐོགས་ཏེ། སྲིད་བསྒྲུབ་ཀྱི་ཐད་དུ་འཐབ་པའི་ཕྱིར་ལྷགས་པ་དང། དེ་རྣམས་ཀྱི་སྲིད་སྒྲུབ་ཀྱི་མཚོན་ཆ་མ་ལུས་པ་ཟད་པར་བྱས་ནས་དེ་ཐམས་ཅད་ཕྲོགས་སོ། །ཁྱབ་འཇུག་གི་དེ་ཐོས་པ་དང། ཡིད་ཀྱི་གདུང་བ་བཟློག་པར་མི་ནུས་པས་སེམས་གདུང་བཞིན ་དུ་མྱ་ངན་དེ་བསལ་བའི་ཕྱིར་དགོན་པར་སོང་ངོ། །དེར་ཚང་ཚིང་ཤིན་ཏུ་སྟུག་པ་ཞིག་ཏུ་མྱ་ངན་གྱི་དབང་གིས་ལུས་ཐམས་ཅད་ནས་འདུག་སྟེ། རྐང་པ་བརྐྱང་པའི་མཐེ་བོང་བསྐྱོད་པ་དང། ཇི་ཙམ་ན་རྔོན་པ་རྒན་པོ་དེ་རི་དགས་གཤོར་བའི་ཕྱིར་ནགས་ཚལ་དུ ་ཞུགས་ཏེ། རི་དགས་བལྟ་བའི་ཕྱིར་སེམས་བསྟོད་ཅིང་གནས་པ་དང། མཐེ་བོ་བསྐྱོད་པ་དེ་རི་དགས་ཀྱི་རྣ་བ་འགུལ་བ་ཡིན་ནོ་སྙམ་ནས་མདའ་བསྣུན་པ་དང་དེ་སྲོག་དང་བྲལ་བར་བྱས་སོ། །རྒན་པོ་ཞེས་བྱ་བ་ནི་རྔོན་པ་རྒན་པོས་སོ། །ཁྱབ་འཇུག་ཅེས ་བྱ་བ་ནི་སྲེད་མེད་ཀྱི་བུའོ། །མདའ་ཡིས་ཞེས་བྱ་བ་ནི་རྔོན་པའི་མདའ་ཡིས་སོ། །བསྣུན་ཞེས་བྱ་བ་ནི་བཅོམ་པའོ། །ལྷ་ཆེན་མགྲིན་པ་སྔོར་ཁྱུད་པས་ཞེས་བྱ་བ་ལ་ལྷ་ཆེན་ནི་དབང་ཕྱུག་ཆེན་པོ་སྟེ། དེ་ཡང་དུག་གི་ཉེ་བར་བཅོམ་པས་མགྲིན་པ་སྔོན ་པོར་གྱུར་ཏོ། །དེ་ཡང་འདི་ལྟར་ལྷ་རྣམས་རྒྱ་མཚོ་བསྲུབས་པའི་ཕྱིར་ཞུགས་པ་ན། དེའི་ཚེ་ནོར་བུ་ཀོསྟུ་བྷ་དང། རྟ་མགྲིན་?་ལ་སོགས་མང་པོ་ཞིག་རྒྱ་མཚོ་ལས་བྱུང་བར་གྱུར་པ་དང། ཇི་ཙམ་ན་དུག་གཅིག་བྱུང་བར་གྱུར་ནས་དེའི་མཐུས ་ཁྱབ་འཇུག་དེའི་གནན་གནས་པས་པགས་པའི་མདོག་ནག་པོར་གྱུར་ཏོ། །ལྷ་ཆེན་པོས་དེ་བླངས་?་འཇིག་པ་མེད་པར་མིང?་པར་རྩོམ་པ་ན་ཇི་ཙམ་ན་མགྲིན་པར་ཐོགས་ཏེ་སྟེང་དུ་ཡང་མ་བྱུང། འོག་ཏུ་ཡང་མ་སོང་བར་དེའི་མགྲིན་པ་རྨ་བྱའི་མགྲིན ་བ་ལྟར་སྣང་བར་གྱུར་པ་དང། ལྷ་རྣམས་ཀྱིས་སྨྲས་པ། འདི་ནི་ཤིན་ཏུ་མཛེས་བསད་ནི་དེང་ནས་དེ་མགྲིན་པ་ཉིད་དུ་བཞག་པའི་རིགས་སོ་ཞེས་སྨྲས་སོ། །ཞེས་བྲག་གོ་།ལྷ་འདི་གཉིས་ལ་ཞེས་བྱ་བ་ནི། ཁྱབ་འཇུག་དང། ལྷ་ཆེན་པོ་ལའོ། །གནོད་བགྱིད་མཆིས་ཞེས་བྱ་བ་ནི། ་གནོད་པ་དང?་བཅས་པར་གནས་པར་ན་གནོད་བགྱིད་མཆིས་ཞེས་བྱ་སྟེ། གཞན་གྱི་བྱས་པའི་ཉེ་བར་གནོད་པ་འམ་གསོད་པ་དང་ལྡན་པའོ། །མགོན་ཁྱོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པ་སྟེ། བདག་པོ་ཞེས་བྱ་བའི་དོན་ཏོ། །གནོད་པ་བགྱིད་པ་མེད་པས་ན་གནོད་བགྱིད ་བྲལ་བ་ལགས་ཞེས་བྱའོ། །དྲིས་པ་བཅོམ་ལྡན་འདས་ལ་གཞན་གྱིས་བྱས་པའི་བགྲོངས་པ་མི་མངའ་མོད་ཀྱི། གཞན་གྱི་བྱས་པའི་གནོད་པ་ནི་མངའ་སྟེ། བྱ་རྒོད་ཀྱི་ཕུང་པོར་རྡོའི་དུམ་བུས་ཞབས་སྣང་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ད་ནི་རྨ་གཏོད་པ་ཙམ་དུ་ཟད་ཀྱི་།ཉེ ་བར་གནོད་པ་ཞེས་མི་བྱ་སྟེ། དེ་ཡང་འདི་ལྟར་དུས་ཡུན་རིང་པོར་ཞུགས་པའི་ཉེ་བར་འཚེ་བ་ལ་གནོད་པ་ཞེས་བཤད་ཀྱི། སྐད་ཅིག་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ནི་སྐད་ཅིག་མ་དེ་ཉིད་ལ་དེ་ཙམ་ཞིག་ཏུ་འགྱུར་གྱི། ལྷ་ཆེན་པོའི་མགྲིན་པ་སྔོ་བ་ཇི་ལྟ་བ་དེ་ལྟ་ནི ་མ་ཡིན་ནོ། །ཁྱབ་འཇུག་མི་ཐུང་གཟུགས་བསྒྱུར་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཐོས་ཏེ། སྟོབས་ལྡན་ཞེས་བྱ་བའི་ལྷ་མ་ཡིན་ཞིག་བྱུང་བ་དང། དེས་རང་གི་ཕ་རོལ་གནོན་པས་ཁམས་གསུམ་མ་ལུས་པ་རྣམ་པར?་བཞིན་པ་ན་ཁྱབ་འཇུག་གི་བསམས་པ། ་ངས་འདི་དང་ལྷན་ཅིག་གཡུལ་སྤྲོང་པར་མི་ནུས་ཏེ། ཤིན་ཏུ་སྐྱེས་བུའི་རྩོལ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་དེས་པར་སྒྱུ་ཐབས་ཀྱི་བསླུ་བར་བྱའོ། །སྙམ་དུ་རྣམ་པར་བསམས་ནས། བདག་ཉིད་བྲམ་ཟེ་མི་ལུ་ཐུར་ཞིག་གཟུགས་སུ ་སྤྲུལ་ནས་སློང་མོའི་བདག་ཉིད་ཅན་དུ་བྱས་ཏེ་སོང་ནས། རྒྱལ་པོ་སྟོབས་ལྡན་རྟའི་མཆོད་སྦྱིན་བྱེད་པའི་བརྟུལ་ཞུགས་ལ་གནས་པའི་ཚེ་སུ་ཞིག་གང་ཞིག་ཅི་ཞིག་འདོད་གང་ལ་ཅི་ཞིག་སྦྱིན་པར་བྱ། ཞེས་ཟེར་བ་ལ་བརྩོན་པ་དེའི་ཐད་དུ་བྱོན་ནས། ཕ་དང་མའི་ཕྱིར་མེ ་ལ་མཆོད་སྦྱིན་བྱེད་པས་དེའི་དོན་དུ་ས་ཕྱོགས་གོམ་པ་ཉིད་ཀྱི་ཚད་སློང་ངོ། །ཞེས་སྨྲས་པ་དང། དེས་སྨྲས་པ། འདི་ཙམ་ཞིག་གིས་ཁྱོད་ལ་དགོས་པ་ཅི་ཞིག་རྫོགས་པར་འགྱུར་རོ། །གཞན་དུ་ན་གླང་པོ་དང་རྟ་དང་ཤིང་རྟ་དང། གསེར་ལ་སོགས་པའི་དངོས་པོ ་སློངས་ཤིག་དང། དེ་བས་དགག་པ་མེད་པ་དང། ཁྱད་པར་དང་བཅས་པ་སྦྱིན་པར་བྱའོ། །ཞེས་སྨྲས་ཀྱང་འདོད་པར་མ་གྱུར་ཏོ། །དེ་ནས་དེས་སྨྲས་པ། གལ་ཏེ་དེ་ལྟར་འདོད་ན་རེ་ཞིག་གོམ་པ་གསུམ་ཡང་ཁྱེར་ཅིག་ཅེས་སྨྲས་པ་དང། ཁྱབ་འཇུག་གི་གོམ་པ་གཉིས ་གྱི་འཇིག་རྟེན་གསུམ་གྱི་བར་དུ་རྐང་པ་ཅིག་བརྐྱང་ནས་གོམ་པ་གསུམ་པའི་གནས་མ་རྙེད་པ་དང། དམ་བཅས་པ་ལས་ཉམས་པར་བྱས་པའི་དོར་ཐབས་ཁས་བླངས་པས་ཡིད་ཞུམ་པར་གྱུར་པ་དང། འཇིགས་པ་ཆེན་པོས་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་བཅོམ་པར ་གྱུར་པས་སྟོབས་ལྡན་བཟུང་སྟེ། ས་འོག་ཏུ་བཅིངས་པར་གྱུར་ཏོ། །མེའུ་ཐུང་ནི་གཟུགས་ཐུང་བའོ། །གཟུགས་ནི་ལུས་སོ། །བསྒྱུར་ནས་ཞེས་བྱ་བ་ནི་མངོན་པར་སྤྲུལ་ནས་སོ། །གང་གིས་ཤེ་ན། ཁྱབ་འཇུག་གིས་སོ། །ཅི་ཕ་རོལ་གནོན་པས་སམ་ཞེ་ན། ་གཡོ་ཐབས་ཀྱི་ནི་ཞེས་བྱ་བ་སྨོས་ཏེ། བསླུ་ཐབས་ཀྱིས་སོ། །སྟོབས་ལྡན་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་རྒྱལ་པོའོ། །བསླུས་ཞེས་བྱ་བ་ནི་རྒྱལ་སྲིད་ལས་ཉམས་པར་བྱས་ཞེས་བྱ་བའི་དོན་ཏོ། །ཁྱེད་ནི་གཞན་དག་ལས་བསླུ་བར་མི་མཛད་དོ། །གལ་ཏེ་གཡོ་མི་མཁྱེན ་པས་དེའི་ཕྱིར་གཞན་དག་བསླུ་བར་མི་མཛད་དོ། །ཞེས་རྟོག་པ་ལ། དེའི་ཕྱིར་གཡོ་ཡང་མཁྱེན་གྱུར་ལ་ཞེས་པ་སྨོས་པ་ཡིན་ཏེ། དེ་ཡང་གཡོ་མཁྱེན་པས་ན་གཡོ་ཡང་མཁྱེན་གྱུར་ལ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན ་པ་ཡིན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་དངོས་པོ་ཐམས་ཅད་མཁྱེན་ཅིང། ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་སྤྱོད་པར་མི་མཛད་པ་སྟེ། འདིར་རལ་གྲི་ཐོགས་པའི་གཙོ་བོའི་མདོ་དཔེར་བརྗོད་པར་བྱའོ། ། ་མགོན་ཁྱོད་རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱི་རྫུ་འཕྲུལ་པ་རྣམས་ནི་མགོན་ཁྱོད་རྫུ་འཕྲུལ་ཏེ། ཡིད་འགྱོགས་པ་ལ་སོགས་པའོ། །དེའི་རྣམ་པར་འཕྲུལ་པ་ནི་རྣམ་པར་རོལ་པའོ། །ཇི་ལྟ་བུ་ཞེ་ན། རྨད་བྱུང་ཞེས་བྱ་བ་སྟེ། ངོ་མཚར་དུ་གྱུར་ཅིང་རྨད་དུ ་བྱུང་བ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །ཁྱབ་འཇུག་འཇིག་རྟེན་གསུམ་བརྒལ་བ་ཞེས་བྱ་བ་ནི་གོམ་པ་གསུམ་གྱི་འཇིག་རྟེན་གསུམ་བརྒལ་བའོ། །འཕྱེའོ་ཞེས་བྱ་བ་ནི་རྐང་པ་མེད་པ་སྟེ། འཕྱེ་ཞིང་འགྲོ་བས་འཕྱེ་བ་ཡིན་ལ། དེ་དང་འདྲ་བར་འཇུག་པས་ན་འཕྱེ་བོ་བཞིན ་དུའོ། །མཐོང་བ་ནི་རྟོགས་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་ཁྱེད་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་རྨད་དུ་བྱུང་བ་མཐོང་བ་དེས་ནི་ལྷ་ཡུལ་དང་ས་འོག་ཏུ་ཁྱབ་འཇུག་གིས་འཇིག་རྟེན་གསུམ་བརྒལ་པར་གྱུར་པ་ཡང་འཕྱེ་བོ?། ཚིབ་བཞིན་དུ་མཐོང་སྟེ། ཅིའི ་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་པ་རྣམས་ནི་འཛམ་བུའི་གླིང་ཙམ་ཉིད་ལ་འཇིག་རྟེན་གསུམ་དུ་འདོད་དེ། རྒྱ་མཚོ་བཞིས་ཡོངས་སུ་བཅད་པ་འཇིག་རྟེན་གཉིས་ཀྱི་བར་ཉི་མའི་འཇིག་ཏེན་ཡིན་ལ། འོག་གིས་གཞི་ནི་ཀླུའི་འཇིག་རྟེན་ནོ། །རི་ཁ་བ་ཅན་ལ ་སོགས་པ་རོ་བོ་ལྷ་རྣམས་གནས་པ་དང། སྐར་མ་ལ་སོགས་པ་ནི་ལྷའི་འཇིག་རྟེན་ཉིད་ཡིན་ནོ། དེ་ཁྱབ་འཇུག་གི་བརྒལ་བར་བྱས་པ་འདི་ཙམ་ལ་འཇིག་རྟེན་གསུམ་བརྒལ་བ་ཞེས་བྱ་བ་ལ། སངས་རྒྱས་བཅོམ་ལྡན་འདས་ནི་ཐུགས་བསྐྱེད་པ་ཙམ་གྱི། ཡིད ་ལྟར་འགྱོགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ས་ཡ་དཔག་ཏུ་མེད་པ་འདས་པའི་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ནས་མྱུར་བ་ཉིད་དུ་གཤེགས་པ་འདིར་དཔེར་སྦྱར་བར་བྱའོ། །གཞོན་ནུ་ཚངས་པར་སྤྱོད་པ་ན་ཞེས་བྱ་ལ། ་གཞོན་ནུ་དང། ཀརྟི་ཀ་དང་ཕུག་ན་གནས་པ་དང། རྨ་བྱ་ལ་ཞོན་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་པ་ལས་ལོག་པ་སྟེ། འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་ཚངས་པ་ཉིད་འདི་ལྟར་སྤྱོད་པའོ། ་ལྷན་ཅིག་ཅེས་བྱ་བ་ནི་དུས་གཅིག་དང་ཐབས་གཅིག་པའོ། །གང་དང་ཞེ་ན། དྲུག་ལྡན་མ་དང་ཞེས་བྱ་བ་སྟེ། དེའི་ཆུང་མ་དྲུག་ལྡན་མ་ཞེས་བྱ་བ་དང་ངོ། །སྤྱོད་ཅེས་བྱ་བ་ནི་སྤྱོད་པའི་བྱེད་པ་འམ་སྲུང་བའོ། །དེ་ཡང་འདི་ལྷར ་ཟོས་ཏེ་།དྲུག་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་མཆོག་ཏུ་གཟུགས་བཟང་བ་སྤྱོད་པ་ལ་མཁས་པ། གཟུགས་ཀྱི་ཉེ་བར་སྤྱོད་པ་དང་བུད་མེད་ཀྱི་ཡོན་ཏན་གྱི་གཞན་དག་ཟིལ་གྱིས་མནན་པས་གནས་པ་ཞིག་བྱུང་བར་གྱུར་ལ། དེ་ཡང་གཞོན་ནུས་ཆུང ་མའི་དོན་དུ་བླངས་པ་དང། དེ་ལ་དྲང་སྲོང་འགའ་ཞིག་གིས་སྨྲས་པ། གལ་ཏེ་ཁྱོད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དོན་དུ་གཉེར་ཞིང། གྲགས་པ་ཁྱད་པར་ཅན་བསྒྲགས་པར་བྱ་བའི་བསམ་པ་ཡོད་ན། དུས་འདིའི་ཚེ་ཁྱེད་ཀྱི་རལ་གྲིའི ་སོ་ཞེས་བྱ་བའི་བརྟུལ་ཞུགས་སྤྱད་པར་བྱའོ། །དེའི་བརྟུལ་ཞུགས་སྤྱད་པར་བྱའོ། །དེའི་བརྟུལ་ཞུགས་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། ལང་ཚོ་ལ་བབ་ཅིང་འདོད་པའི་བདེ་བ་ཉམས་སུ་མྱོང་བར་ནུས་པ་ན། ཆུང་མ་ཐམས་ཅད་ཀྱིས་གཙོ་མོར ་གྱུར་པ་གཟུགས་ཤིན་ཏུ་བཟང་བ་དང་ལྡན་པ་དེ་དང་ལྷན་ཅིག་རྩེ་ཞིང་ཡན་ལག་རེག་པ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཀྱང། གཉིས་སྙོམས་པར་ཞུགས་པ་ཡིན་ནོ། །ཞེས་ཚོར་བ་མེད་པར་བྱས་ཏེ། བརྟུལ་ཞུགས་འདི་དུས ་རིང་པོར་བསྟེན་ན་འབྲས་བུར་འགྱུར་རོ། །ཞེས་སྨྲས་པ་དང་དེ་ནས་བརྩམས་ཏེ་གཞོན་ནུས་བརྟུལ་ཞུགས་བརྩམས་པ་ཡིན་ནོ། །ཁྱོད་ཀྱི་འཁྲིག་པའི་ཞེས་བྱ་བ་ལ་སོགས་པ་ལ། འཁྲིག་པ་ནི་གཉིས་ཀྱི་གཉིས་སྦྱོར་བ་ཞེས་བྱ་བའི་ཐ ་ཚིག་གོ་།དེ་ཡང་འཁྲིག་པར་གྱུར་པ་ན། །འཁྲིག་པ་སྟེ། ཀུན་ཏུ་སྦྱོར་བ་ལ་ཉེ་བར་ལོངས་སྤྱོད་པའོ། །དེ་བས་ན་ཁྱེད་ཀྱི་ཐལ་བ་བཞིན་དུ་མཛད་པར་གྱུར་པ་ནི་ཐལ་བ་མ་ཡིན་པ་ལས་ཐལ་བ་ཉིད་དུ་མཛད་ཅིང་བརླག་པར་གྱུར་པའོ། །དེ་ཡང་བཅོམ ་ལྡན་འདས་ཀྱིས་འཁྲིག་པའི་སྦྱོར་བ་བདུན་དང་ལྡན་པའི་མདོ་ལས་གསུངས་ཏེ། བྲམ་ཟེ་འདི་ལ་ཁ་ཅིག་བདག་ཚངས་པར་སྤྱོད་པར་ཁ་འཕྱེ་ཞིང། དེ་བུད་མེད་དང་གཉིས་ཀྱི་སྦྱོར་ཡང་བུད་མེད་ལ་མིག་གིས་མིག་གི་ཡུལ་གཟུགས་ལ་ངེས་པར་སེམས་ཤིང་ལྟ་སྟེ། དེས ་དེ་ཉམས་སུ་ལེན་ཅིང་རྟོག་པ་ལ་ཞེན་ཅིང། ཞེན་ནས་གནས་པ་འདི་ནི་བྲམ་ཟེ་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་གྱིས། མི་ལྡན་པ་མ་ཡིན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པ་སྤྱོད་པ་ཡིན་ཞིང། ཞིག་པ་དང་བུ་ག་ཅན་དང། འདྲེན་མ་དང ་ནག་ནོག་ཅན་ཡིན་ཏེ། སྐྱེ་བ་དང་རྒ་བ་དང་ན་པ་དང་འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཕོངས་པ་རྣམས་ལས་ཡོངས་སུ་གྲོལ་བར་མི་འགྱུར་ཞིང་སྡུག་བསྔལ་རྣམས་ལས་ཐར་བར ་ང་མི་སྨྲའོ། །གཞན་ཡང་བུད་མེད་ཀྱི་ཡུལ་ལ་མིག་གིས་མིག་གི་ཡུལ་གཟུགས་ལ་ངེས་པར་སེམས་ཤིང། ལྟ་བར་ཡང་བྱེད་པས་ན་དེ་དང་ལྷན་ཅིག་རྩེ་བ་དང། ཅ་ཅོ་འདོན་པ་ཉམས་སུ་ལེན་པ་ཡང་ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པ་ཡིན་ཏེ། སྔ ་མ་བཞིན་ནོ། །གཞན་ཡང་བུད་མེད་དང་ལྷན་ཅིག་ཅ་ཅོ་འདོན་པ་ཉམས་སུ་ལེན་པར་ཡང་བྱེད་ཅིང། བུད་མེད་ལས་བསྐུ་བ་དང། མཉེ་བ་དང། ཁྲུས་བྱ་བ་དག་གིར་བྱེད་ཅིང། ཉམས་སུ་ལེན་པ་དེ་ཡང་དེ་བཞིན་ནོ། །གཞན་ཡང་དེ་བཞིན་དུ་ཡོངས་སུ ་མཉེ་བའི་བར་དུ་བདག་གིར་ཡང་བྱེད་ཅིང། རྩིག་པས་ཆོད་པ་དང། ཡོལ་བས་ཆོད་པའི་བུད་མེད་ཀྱི་རྒྱན་དང། གླུ་དང། གར་ལ་སོགས་པའི་སྒྲ་ཉམས་སུ་ལེན་པར་བྱེད་ཅིང་ཉན་པར་བྱེད་པ་དེ་ཡང་དེ་བཞིན་ནོ། །གཞན་ཡང་སྒྲའི་བར་དུ?་ཉམས་སུ་ལེན ་པར་བྱེད་པ་ནས། གཞན་ཡང་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལ་བལྟས་ནས་ཉམས་སུ་ལེན་ཅིང་རྩེ་བ་དང། དགའ་བས་ཡོངས་སུ་སྤྱོད་པ་ཉམས་སུ་མྱོང་བར་བྱེད་པ་ཡང་དེ་བཞིན་ནོ། །གཞན་ཡང་ཡོངས་སུ་སྤྱོད་པའི་བར་དུ་ཡང་བྱེད་ལ། སྔོན་ཉམས་སུ་མྱོང ་བའི་རྒོད་པ་དང། རྩེ་བ་དང། དགའ་མགུར་ཡོངས་སུ་སྤྱོད་པ་དེས་རྗེས་སུ་དྲན་པར་བྱེད་ཅིང། དེ་ལས་དེ་བདག་གིར་བྱེད་པ་ཡང་དེ་བཞིན་ནོ། །གཞན་ཡང་རྗེས་སུ་དྲན་པའི་བར་དུ་ཡང་བྱེད་ལ། བདག་ནི་ཚུལ་ཁྲིམས་དང། བརྟུལ་ཞུགས ་སམ། དཀའ་ཐུབ་བམ། ཚངས་པར་སྤྱོད་པ་སྤྱད་པ་འདི་ལྷ་ལ་སོགས་པའི་གནས་སུ་བསྔོ་སྟེ། ཚངས་པར་སྤྱོད་པའང་དེ་བཞིན་ནོ། །ཞེས་བྱ་བ་ནས། བྲམ་ཟེའི་འཁྲིག་པའི་ཆོས་བདུན་གྱི་སྦྱོར་བ་འདི་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེ་སྲིད་ལྷ་དང་བཅས ་པའི་འཇིག་རྟེན་ལས་འདའ་བར་འགྱུར་བར་ང་མི་སྨྲའོ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །ཚངས་སོགས་ཞེས་བྱ་བ་ལ་ཚངས་པ་ལ་སོགས་པ་ནི་འདི་སྐད་སྨྲའོ་ཞེས་གྲག་སྟེ། ཇི་ལྟར་ཁོ་བོ་སེམས་ཅན་གྱི་འཇིག་རྟེན་དང། སྣོད་ཀྱི་འཇིག་རྟེན ་མ་ལུས་པར་འབྱིན་པར་བྱེད་པ་ནས། ངའི་ཚངས་པ་འཇུག་པར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གྲག་ཅེས་བྱ་བ་ནི་གཏམ་དུ་རྒྱུད་པ་འབའ་ཞིག་ཡིན་ནོ། །ཞེས་བྱ་བར་སྟོན་ཏོ་དེ་ཉིད་གཟིགས་ཁྱོད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་གཟིགས་པའི་ངང་ཚུལ ་གང་ལ་ཡོད་པ་དེ་ནི་དེ་ཉིད་གཟིགས་པ་སྟེ། ཐམས་ཅད་མཁྱེན་པ་དེས་ཞེས་བྱ་བའི་དོན་ཏོ། །དེས་ཇི་སྐད་བསྟན་ཅེ་ན། འཇིག་རྟེན་པ་དང། དེ་ཡང་ལས་ལས་སྐྱེས་ཞེས་བསྟན་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་དག་དང། གང་དེ་དག་འབྱིན་པར་བཤད་པ ་ཚངས་པ་ལ་སོགས་པ་དེ་ཡང་ལས་ལས་སྐྱེས་པར་ཁྱོད་ཀྱིས་བསྟན་ཅིང་གསུངས་པའོ། །དེ་ཡང་སེམས་ཅན་རྣམས་ཀྱི་ལས་ལས་སྐྱེས་པ། ལས་ཀྱི་སྒོ་སྐལ་ལ་སྤྱོད་པ། ལས་ཀྱི་རྗེས་སུ་འབྲེལ་བ་སྟེ། དགེ་བ་འམ་སྡིག་པའི་ལས་གང་དག་བྱེད་པ ་དེ་ལས་དེ་ཉིད་ཀྱི་སྐལ་བ་ཅན་དུ་འགྱུར་རོ་ཞེས་མདོ་ལས་གསུངས་པ་ཡིན་ནོ། །བརྒྱ་བྱིན་གྱིས་ནི་གཤོལ་མེད་མ་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་ཞེས་བྱ་བ་ནི་རྡོ་རྗེ་མཚོན་དུ་ཐོགས་པ་སྟེ། དབང་པོ་ཞེས་བྱ་བའི་དོན་ཏོ། །གཤོལ་མེད་མ་ནི་དྲང་སྲོང་གི་བུ ་མོ་སྟེ། དེ་མཐོང་བར་གྱུར་པ་ལས་སོ། །འདོད་པས་ཞེས་བྱ་བ་ནི་འདོད་པའི་ལྷའི་འདོད་ཆགས་ཀྱིས་སོ། །རྨོངས་པ་ནི་འཁྲུལ་པར་གྱུར་པའོ། །གྲག་ཅེས་བྱ་བ་ནི་འཇིག་རྟེན་གྱི་གཏམ་ཡིན་པར་སྟོན་ཏོ། །དེ་ཡང་འདི་ལྟར་ཐོས་ཏེ། དྲང་སྲོང་གཽ་ཏ་མ་ཞེས་བྱ་བ་ཞིག་ཡོད་པ་དེ ་ལ་གཤོལ་མེད་མ་ཞེས་བྱ་བའི་ཆུང་མ་ཡོད་དེ། དེ་ལང་ཚོའི་མདངས་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པས་དེ་ལ་བརྒྱ་བྱིན་ཆགས་པར་གྱུར་ལ། དེ་ཡང་དེ་ལ་ཆགས་ཏེ། དེས་ན་དེ་དག་ཕན་ཚུན་འབྲེལ་པར་གྱུར་ཏོ། །དུས་ལན་འགའ་ཞིག་ན་དྲང་སྲོང་དེ་བསྟི ་གནས་གཞན་དུ་མགྲོན་དུ་བོས་པར་གྱུར་ནས། མེ་ཏོག་དང། ལམ་ཤིང་དང། ཀུ་ཤའི་དོན་དུ་ཕྱི་རོལ་ཏུ་བྱུང་ངོ། །བརྒྱ་བྱིན་ཡང་དར་འོངས་ནས་གཤོལ་མེད་མ་དང་བག་ཕེབས་པར་མངོན་པར་རྩེ་ཞིང་འདུག་པ་ན། གཽ་ཏ་མས་ཡོངས་སུ་མ་ཤེས་པ་ཉིད་དུ ་བསྟི་གནས་སུ་ཞུགས་པ་དང། གཤོལ་མེད་མ་ཡང་འཇིགས་ཤིང་སྟབས་པས་བརྒྱ་བྱིན་མིད་དོ། །དེ་ནས་གཽ་ཏ་མ་ཡང་གཤོལ་མེད་མ་ཁྲིད་དེ། བསྟི་གནས་གཞན་དུ་མགྲོན་དུ་བོས་པར་སོང་བ་དང། དྲང་སྲོང་དེས་རྣལ་འབྱོར་གྱི་སྟོབས་ཀྱི་ཇི་ལྟར་གྱུར་པ ་དེ་དག་ཤེས་ནས་སྟན་གསུམ་བཤམས་སོ། །གཽ་ཏ་མས་བསམས་པ། ཅིའི་ཕྱིར་སྟན་གསུམ་ཤོམ་སྙམ་ནས་རྟགས་པ་དང། ཇི་ཙམ་ན་གཤོལ་མེད་མའི་ཁོང་ན་བརྒྱ་བྱིན་ཡོད་པར་མཐོང་ནས་དེ་ངོ་ཚ་བར་གྱུར་པ་དང། །ཟད་ལ་སྤྱད་ནས་རང་གི་གནས་སུ ་སོང་སྟེ། གཤོལ་མེད་མ་ལ་བརྒྱ་བྱིན་སྐྱུགས་ཤིག་ཅེས་སྨྲས་པ་དང། དེས་ཀྱང་སྐྱུགས་སོ། །དེ་ནས་དེས་བརྒྱ་བྱིན་ལ་མོ་མཚན་སྟོང་གིས་མཚན་པར་གྱུར་ཅེས་དམོད་པ་བཏབ་པོ། །དེ་ནས་ཅི་ཙམ་ན། ལྷ་རྣམས་དེར་འོངས་ཏེ་གཽ་ཏ་མ་མགུ ་བར་བྱས་པ་དང། གང་འདི་ཁྱེད་ཀྱི་མོ་མཚན་སྟོང་མིག་སྟོང་དུ་གྱུར་ཅིག་ཅེས་མཆོག་བྱིན་པ་ཡིན་ནོ། །དེ་ནས་བརྩམས་ཏེ་མིག་སྟོང་པར་གྱུར་ཏོ། །དཔའ་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ་བརྩོན་འགྲུས་ཀྱི་ཁྱད་པར་དང་ལྡན་པས་ན་དཔའ་བ་སྟེ། བཅོམ་ལྡན་འདས་དེ་ལ་བོད་པ་ནི་དཔའ་ ་ཁྱོད་ཅེས་བྱའོ། །འདོད་པ་ཉིད་ཀྱི་ནི་མ་རྨོངས་སླད་དུ་ཞེས་བྱ་བ་ནི་འདོད་པ་རྣམ་པར་བཅོམ་པའི་ཕྱིར་རོ། །བཙུན་མོ་བཏང་ཞེས་བྱ་བ་ནི་གྲགས་ལྡན་མ་དང་རི་དགས་སྐྱེས་དང། ས་འཚོམ་ལ་སོགས་པ་བཙུན་མོའི་འཁོར་སྟོང་ཕྲག་དྲུག་ཅུ་བཏང་ཞིང ་ཡོངས་སུ་སྤངས་པ་ཡིན་ནོ། །སྒྲ་གཅན་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་གཅན་ཉིད་ཀྱི་ལག་པས་ཟིན་པས་ན། སྒྲ་གཅན་ལག་པས་སོ། །ཟླ་བ་ནི་རི་བོང་གིས་མཚན་པའོ། །ཇི་ལྟ་བུའི་ཟླ་བ་ཞེ་ན། དབང་མེད་པ་སྟེ་དབང་དང་ནུས་པ་དང་བྲལ་ཞིང་རང་དབང་མེད ་པར་གཞན་དབང་དུ་གྱུར་པའོ། །མིད་པ་ནི་ཟིན་པའོ། །དེ་ཡང་འདི་ལྟར་ཐོས་ཏེ། ཇི་ཙམ་ན་ལྷ་རྣམས་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ན་ཇི་སྲིད་ཅིག་ན་བདུད་རྩི་བྱུང་བར་གྱུར་པ་དང། ལྷ་མ་ཡིན་སྒྲ་གཅན་གྱིས་ཕྲོགས་ནས་སྤྱོད་པར་རྩོམ་པ། ་ཁྱབ་འཇུག་གིས་བསམས་པ། གལ་ཏེ་འདིས་བདུད་རྩི་འཐུངས་པར་གྱུར་ན་ལྷ་ཐམས་ཅད་ཀྱིས་ཀྱང་མི་ཐུབ་པར་འགྱུར་རོ། །སྙམ་ནས་འཁོར་ལོས་མགོ་བཅད་པ་དང། དེས་དེ་བོར་བ་ན་ལྷ་རྣམས་ཀྱིས་ཡང་བླངས་སོ། །སྒྲ་གཅན་དེའི་ལྐོག་མའི་ཕྱོགས་ཀྱི་བར ་བདུད་རྩི་ཆུས་ཁྱབ་པར་གྱུར་པ་དང། དེས་དེའི་འོག་གི་ཆའི་ལུས་ཤི་བར་གྱུར་ཀྱང་གསོན་ལ། དེ་ཡང་ལྷ་དང་མི་རྣམས་ལ་གནོད་པ་བྱ་བའི་ཕྱིར་རྒྱུའོ། །གནས་སྐབས་དེ་ནས་བརྩམས་ཏེ། ས་གསུམ་སྣང་བར་བྱེད་པའི་ཉི་མ་དང་ཟླ་བ་འཛིན་པར་བྱེད་པ་ཡིན་ནོ། ། ་མངའ་བརྙེས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ནམ་འབྱུང་པོ་གང་མགོན་པོ་ཁྱེད་ལ་རང་དབང་མེད་པར་བགྱིད་ཅིང། གནོད་པར་བགྱིད་པའི་གཞན་དབང་ཅན་ཏེ། འགའ་ཡང་མ་མཆིས་སོ་ཞེས་བྱ་བའི་དོན་ཏོ། །མི་དབང་ཞེས་བྱ་བ་ལ་སོགས་པ་ལ། དགའ་ ་བྱེད་དགོངས་སྲེད་ནི་དགའ་བྱེད་གོས་སྲེད་དེ། དེ་དག་ལ་སོགས་པའི་རྒྱལ་པོ་གང་ཡིན་པ་དེ་ནི། ནགས་ཚལ་ནས་ཞེས་བྱ་བ་དཀའ་ཐུབ་ཀྱི་ནགས་ནས། ཕྱིར་ཡང་མཆིས་ཞེས་བྱ་བ་འདོད་པའི་འདོད་ཆགས་ཀྱིས་ཡིད་བརླན་པར་བྱས་ནས་སླར་ཡང་ཁྱིམ་དུ་འོངས་པའོ། །དེ ་ཡང་འདི་ལྟར་རྒྱལ་པོ་ཤིང་རྟ་བཅུ་པ་སུམ་ཅུ་རྩ་གསུམ་པ་དང། ལྷ་མ་ཡིན་གཡུལ་འགྱོད་པར་ཕྱིན་ཏེ། ལུས་ལ་ལྷ་མ་ཡིན་གྱི་མཚོན་གྱི་ཟུག་རྔུ་མང་ངོ་ཟུག་པ་དང། གྲོང་ཁྱེར་འཐབ་པ་མེད་པར་ཕྱིན་ནས། དེའི་ཆུང་མ་ཀེ་ཀེ་ཡ་ཞེས་བྱ་བས་བསྙེན་བཀུར་བྱས་པས་བསོས ་པར་གྱུར་པ་དང། དེས་ཀྱང་དེ་ལ་མཆོག་སྦྱིན་པར་བྱས་སོ་དེ་ནས་དུས་གཞན་ཞིག་ན་ཕས་དགའ་བྱེད་རྒྱལ་སྲིད་ལ་དབང་བསྐུར་བར་རྩོམ་པ་ན། ཀེ་ཀེ་ཡ་རྒྱལ་སྲིད་ལ་ཕྲག་དོག་གིས་བཀྲུགས་པའི་སེམས་ཀྱིས་སྨྲས་པ། ལྷས་བདག་ལ་མཆོག་སྩལ་པར་དམ་བཅས་པ་ལགས་ཀྱི། ། ་ངེད་གསོལ་བར་བགྱིད་དེ། དགའ་བྱེད་ལོ་བཅུ་གཉིས་ཀྱིས་བར་དུ་ནགས་སུ་?་ལ་བདག་གིས་བུ་བྷ་ར་ཏ་རྒྱལ་སྲིད་ལ་དབང་བསྐུར་བར་གསོལ་ཞེས་བྱ་བ་ནས། སྲིད་བྱེད་ན་དགའ་བྱེད་ནགས་སུ་སོང་སྟེ། དེར་སི་ཏ་ཕྲོགས་པ་དང། སྒྲ་སྒྲོགས་པ་སད་པ་ལ་སོགས་པ་བྱས་ནས། །མེ ་ཏོག་ཅན་ཞེས་བྱ་བའི་རྒྱུ་བའི་གཞལ་ཡས་ཁང་དུ་ཞུགས་ཏེ། བྷ་ར་ཏ་ལ་སོགས་པས་གསོལ་བ་བཏབ་ཅིང་མཆོད་པ་དང། གྲོང་ཁྱེར་འཐབ་པ་མེད་པར་སོང་སྟེ། དགའ་བྱེད་བདེ་བ་རྣམས་ལ་མངོན་པར་རོལ་པར་གྱུར་ཏོ། །གོས་སྲེད་ལ་འགོས་པའི་རྒྱལ་པོ་གཞན་དག་ཀྱང་སྡུག་བསྔལ ་གྱི་ཉེན་པར་གཅེས་པའི་འཇིག་རྟེན་མཐོང་བ་དང། ང་ཡང་གནས་སྐབས་འདི་ལྟ་བུར་འགྱུར་དུ་འོང་ངོ། །སྙམ་ནས་རྒྱལ་སྲིད་སྤངས་ནས་ནགས་སུ་སོང་བ་དང། སླར་ཡང་དེ་དང་བྲལ་བས་ས་ཆེན་པོ་འདི་དག་ལ་གནས་པ་མི་རིགས་པ་ལ་ཞུགས་པས་སྐྱེ་བོ་མ་ལུས་པ་སོང་སྟེ། གུས ་པ་དང་བཅས་པས་སླར་ཡང་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲང་བའི་ཕྱིར་གསོལ་བ་བཏབ་ཅིང། དེ་ཡང་འདོད་ཆགས་ལ་ཉེ་བར་དགའ་བའི་ཡིད་ཀྱིས་སླར་གྲོང་ཁྱེར་དུ་འོང་སོ་ཞེས་ཐོས་སོ། །བདེ་གཤེགས་ཁྱོད་ནི་ཞེས་བྱ་བ་བོད་པའོ། །དབེན་པ་ཞེས་བྱ་བ་ནི་ལུས་དབེན་པ་དག་ཀྱང་དབེན ་པའི་སྒྲར་གྲག་མོད་ཀྱི་འོད་ཀྱང་འདིར་ནི་དེ་གཉིས་ཀ་བསྐྱེད་པ་ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་པར་འདོད་དོ། །དེ་ཉིད་ནི་བདུད་རྩི་སྟེ་མི་འཆི་བར་བྱེད་པ་ཡིན་ལ། དེས་ཁྱེད་ངོམ་པར་གྱུར་པས་ནགས་སུ་གཤེགས་ནས་སླར་ཁྱིམ་དུ་ཕྱིར་མི་བྱོན་ནོ་ཞེས་བྱ་བའོ། །མཆོད་སྦྱིན ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཆོད་སྦྱིན་ཞེས་བྱ་བ་ནི་མཆོད་ཅིང་སྦྱིན་པར་བྱེད་པ་སྟེ། བ་ལང་གི་མཆོད་སྦྱིན་ལ་སོགས་པའོ། །ཕྱུགས་འགུམ་པ་ཞེས་བྱ་བ་ནི་བ་ལང་དང། རྟ་ལ་སོགས་པའི་དུད་འགྲོ་གསོད་པའོ། །དེ་སྐད་སུ ་ཞིག་སྨྲ་ཞེ་ན། དྲང་སྲོང་རྣམས་ནི་སྨྲ་ཞེས་གྲག་ཅེས་བྱ་བ་སྟེ། གཟེགས་ཟན་ལ་སོགས་པ་སྔོན་གྱི་དྲང་སྲོང་རྣམས་ཀྱི་དེ་ལྟར་བཤད་པ་ཡིན་ནོ། །ཞེས་ཐོས་སོ། །སྡིག་མེད་ཁྱོད་ཀྱིས་ཞེས་བྱ་བ་ནི་གང་ལ་སྡིག་པ་ཡོད་པ་མ་ཡིན་པ་དེ་ནི་སྡིག་མེད་དེ། དེ་ལ་ཀྱེ ་སྡིག་མེད་ཁྱོད་ཅེས་བོད་པ་ཡིན་ནོ། །གྲོག་མ་ལའང་ཞེས་བྱ་བ་ནི་ལུས་ཤིན་ཏུ་ཆུང་བའི་སྲོག་ཆགས་སོ། །གནོད་པ་བགྱིད་པ་ནི་གསོད་པའོ། །རྗེས་མ་གནང་བ་ཞེས་བྱ་བ་ནི་དེ་ལྟར་མ་གསུངས་ཤིང་དེ་བྱ་བར་མ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། ། ་དེ་ཡང་ཆོས་ཀྱི་རྒྱལ་པོའི་མདོ་ལས། གང་ཁྱེད་རྣམས་ཀྱི་མ་མཐོང་བ་སྲོག་གཅོད་པ་ལས་མི་ལྡོག་པའི་མཛའ་ནི་ངེས་པར་ཀྱེ་མ་དམྱལ་བ་འམ། གཞན་དག་དུ་ཁོ་བོས་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དམྱལ་བར་བྱེད་པའི་ཆོས་རྣམས་ཡང་དག་པར་བླངས ་ཏེ་གནས་པ་ཡིན་ནོ། །ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །གཞན་དག་རང་དོན་ཞེས་བྱ་བ་ལ་སོགས་པ་ལ། གཟེགས་ཟན་ལ་སོགས་པ་གཞན་དག་ནི་རང་དོན་ཞེས་བྱ་བ་རང་ལ་ཕན་པའི་ཕྱིར་རོ། །ཐབས་གང་གི་ཞེ་ན། མཆོད་སྦྱིན་ལ་ཞེས་པ་སྟེ། ་མཆོད་སྦྱིན་ཤེས་པའི་ཐབས་ཀྱིས་སོ། །གཞན་གྱི་སྲོག་གི་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་སྲོག་བཅད་ནས་མཆོད་སྦྱིན་གྱི་རྫས་སུ་བྱས་ཏེ། མཆོད་སྦྱིན་བྱེད་པའོ། །དེ་ཡང་སེམས་ཅན་ལ་ཉེ་བར་འཚེ་བ་དང་ལྡན་པའི་མཆོད་སྦྱིན་གྱི་ཆོ་ག་བསྟན་པས ་རང་གི་དོན་བསྲེགས་པ་འམ་མཐོ་རིས་ལ་སོགས་པ་ཐོབ་པའི་རྒྱུ་བདག་ཉིད་གསོད་པ་ཉེ་བར་སྟོན་པ་ཡིན་ཏེ། ཇི་སྐད་དུ། ཆུར་ནི་སྟོང་ཕྲག་བདུན་དག་སྟེ། མེ་ལ་སྟོང་ཕྲག་བཅུ་གཅིག་ཡིན། །མི་དབང་ཟས་བཅད་པ་ཡིས་ནི། །གྲངས་ཡོད་པ་ནི་མ་ཡིན་ནོ། ། ་ཞེས་གདུལ་ཏོར་བསྟན་པ་ལ་འཇིག་བྱེད་ཀྱི་སྨྲས་པ་ཡིན་ནོ། །ཡང་མགོན་པོ་ཁྱེད་ནི་གཞན་གྱི་དོན་དུ་ཞེས་བྱ་བ་གཞན་དག་ལ་ཕན་པའི་ཕྱིར་རོ། །ཁྱོད་གཅིག་པུ་ཞེས་བྱ་བ་གྲོགས་མེད་པར་རོ། །རང་གིས་སྲོག་གིས་ཞེས་བྱ་བ་ཉིད་ཀྱི་འཚོ་བ་དེ་ཉིད་ཀྱིས་སོ། །སྦྱིན་སྲེག་མཛད ་ཞེས་བྱ་བ་ནི་སྦྱིན་སྲེག་གི་རྫས་སུ་མཛད་དེ། བསྲེགས་ཤིང་གཞན་གྱི་དོན་མཛད་པའོ། །འདིར་ནི་སྟག་མོའི་སྐྱེས་པའི་རབས་ལ་སོགས་པ་དཔེར་བརྗོད་པར་བྱའོ། །དྲང་སྲོང་དམོད་མེ་ཞེས་བྱ་བ་ལ། དྲང་སྲོང་ནི་མངོན་གྱི་དྲང་སྲོང་རྣམས་ཀྱིས་སོ། །དམོད་མེ་ཞེས་བྱ་བ་ནི་དམོད་པ ་ཉིད་མེ་དང་འདྲ་བའོ། །ཇི་ལྟ་བུས་ཤིན། མི་བཟད་པས་ཞེས་བྱ་བ་སྟེ། འཇིགས་སུ་རུང་བས་སོ། །སྐྱེ་བོ་མང་པོ་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པའོ། །བསྲེགས་པ་ནི་ཐལ་བར་བྱས་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཉེ་བ་འཁོར་འདི་ཇི་སྙམ ་དུ་སེམས། མ་གདྷའི་དགོན་པ་འདི་གང་གིས་སྟོངས་པར་བྱས་ཤིང་གཙང་མར་བྱས། ཀྱེ་གཽ་ཏ་མ་དྲང་སྲོང་རྣམས་ཀྱི་ཡིད་ཀྱི་འདི་འདོད་པ་མི་བཟད་པའི་དམོད་པས་སོ་ཞེས་རྒྱ་ཆེར་མདོ་ལས་གསུངས་སོ། །ཁྱོད་ནི་བཅོམ་ལྡན་འདས་སོ། །ཡེ་ཤེས་མེ་ཡིས་ཞེས་བྱ་བ་ནི་ཤེས ་རབ་ཀྱེ་མེས་བསྲེགས་ཤིང་ཐལ་བར་མཛད་པའོ། །སྐྱེ་བོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱིའོ། །སྐྱེ་རྒྱུ་ཞེས་བྱ་བ་ནི་བདག་གི་དངོས་པོ་མངོན་པར་འཕེལ་བའི་རྒྱུར་གྱུར་པ་ལས་དང་ཉོན་མོངས་པ་ཞེས་པའི་དོན་ཏོ། །དྲང་སྲོང་ཞེས་བྱ་བ་ལ་སོགས་པའོ། །དམོད་པ་བྱུང་བ་ནི ་དམོད་པ་བྱེད་པའི་ནུས་པ་ཡོད་པའོ། །དཀའ་ཐུབ་ནི་བརྟུལ་ཞུགས་སོ། །གྲུབ་པ་ནི་རྫོགས་པའོ། །རྗེས་སུ་དཔག་པ་ནི་ཤེས་པར་འགྱུར་བའོ། །དེ་ཡང་འདི་ལྟར་གང་གི་ཚེ། དེ་རྣམས་དམོད་པ་འདོར་བར་ནུས་པར་གྱུར་པ་དེའི་ཚེ། འདི་དག་ནི་བརྟུལ་ཞུགས་གྲུབ་པ་ཡིན་ནོ། །ཞེས ་ཤེས་པར་ནུས་པ་ཡིན་ནོ། །གང་གི་ཚེ་གཞན་དག་ལ་གནོད་པ་དང་དམོད་པ་དེ་ཡང་བྱེད་པར་མི་ནུས་པ་དེའི་ཚེ། དེ་གྲགས་པ་དང་ལྡན་པར་མི་འགྱུར་བའོ། །མགོན་ཁྱོད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བོད་པའོ། །ཐུགས་བརྩེ་གྲུབ་པ་ཞེས་བྱ་བ་ནི་ ་ཐུགས་རྗེ་ཡོངས་སུ་རྫོགས་པ་སྟེ། གཞན་གྱི་དགོས་པ་བྱ་བའི་མཐར་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྙིང་རྩེ་བས་འཇུག་པའི་གཞན་གྱིས་དོན་གྱི་བྱ་བ་ལ་ཐུགས་བརྩེ་བ་ཞེས་བཤད་དོ། །དེ་གྲུབ་པ་ནི་བསྒྲུབས་པའི་བྱ་བ་གཞན་གྱི་དོན་གྱི་བྱ་བ ་བྱེད་པ་ཞེས་བྱ་བའི་དོན་ཏེ། །དཀའ་ཐུབས་གྲུབ་པ་ནི་བརྟུལ་ཞུགས་རྫོགས་པའོ། །ལྷ་ཆེན་འདོད་པ་ཅན་གྱི་མཚན་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། ཐང་ཤིང་གི་ནགས་འགའ་ཞིག་ཏུ་དྲང་སྲོང་མང་པོ་བུ་དང་བུ་མོ་དང་ཆུང་མ་དང་བཅས ་པར་དཀའ་ཐུབ་ཤིན་ཏུ་དཀའ་གདུངས་ཤིང་གནས་པར་གྱུར་ལ། དེ་རྣམས་ཀྱི་དཀའ་ཐུབ་མི་བཟད་པ་མཐོང་བས་ལྷ་མོ་ཨུ་མ་དེ་རྣམས་ལ་ཀུན་ཏུ་སྐྱོ་བ་སྐྱེས་ཏེ། ལྷ་ཆེན་པོའི་ཐད་དུ་སོང་ནས་དབེན་པར་བག་ཕེབས་པའི་དབང་གིས་འདི་སྐད་ཅེས་སྨྲས་ཏེ། ་དྲང་སྲོང་འདི་རྣམས་ནི་དཀའ་ཐུབ་ཆེན་པོ་ལ་སྤྱོད་པར་བརྩོན་པ། ཐར་པ་འདོད་པ་ལགས་པས་འདི་རྣམས་ལ་ཁྱེད་ཀྱི་ངེས་པར་ཐར་པ་ཐོབ་པར་མཛད་པའི་རིགས་སོ། །ལྷ་ཆེན་པོས་སྨྲས་པ། ཐར་པའི་བདེ་བ་ནི་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་བྲལ ་བས་ཐོབ་པར་འགྱུར་ལ། འདི་དག་ནི་དེ་ལྟ་མ་ཡིན་ན་ཇི་ལྟར་ན་ངས་དེ་དག་ལ་ཐར་པ་ཐོབ་པར་བྱ། ཨུ་མས་སྨྲས་པ། དེ་སྐད་མ་གསུང་ཞིག་།འདི་དག་ནི་ངེས་པར་ཞེ་སྡང་དང་བྲལ་བ་ཡིན་པས་རྣམ་པ་ཐམས་ཅད་དུ་བདག་གིས་གསོལ་བ་གསོན་ལ། ཁྱེད ་ཀྱིས་མྱ་ངན་ལས་འདས་པའི་བདེ་བའི་བདུད་རྩིས་ལུས་ཚིམ་པར་མཛོད་ཅིག་།དེ་ནས་ལྷ་ཆེན་པོས་ཨུ་མའི་བསམ་པ་ངེས་པར་ཤེས་པ་དང། དྲང་སྲོང་གི་བུ་མོ་རྣམས་ལ་འདོད་ཆགས་ཀྱི་ཤུགས་སྐྱེས་པ་དང། རེ་ཤིག་འདི་དག་བསད་པར་བྱའོ་ཞེས་བློ་སྐྱེས ་ནས་ཉི་མ་གཉིས་པ་ལ་མགོ་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། ལུས་བསྟན་ཅིང་སྲ་བར་བྱས་པ་དང། ལང་ཚོ་བདེ་བར་གྱུར་པ་ལ་གནས་ཤིང་ཤིན་ཏུ་སྒེག་པའི་ཆ་ལུགས་ཀྱིས་བརྒྱན་ཏེ། བཞག་པའི་བདག་ཉིད་ཀྱི་དངོས་པོ་གཞོན་པར་བྱས་ནས། རང་གི ་མཚན་མ་བཀའ་ཅིང་མངོན་པར་ལྡང་ལ་འཇིག་བཞིན་པར་བྱས་ནས་སོང་བ་དང། དྲང་སྲོང་གི་ཆུང་མ་དང། བུ་མོ་གཞོན་ནུའི་ཚོགས་ལོ་མའི་སྤྱིལ་བུ་ལས་བྱུང་སྟེ། དེའི་ལུས་ལ་རེག་ཅིང་འཛིན་པ་ལ་མངོན་པར་དགའ་བས་ཐང་ཤིང་གི་ནགས་ཀྱི་གནས་སུ་ཞུགས་པ་དང། དེས་ཀྱང ་ཡིད་ཕྲོགས་པ་མཐོང་ཞིང་ཤིན་ཏུ་གཟུགས་དང་ལྡན་པ་ལ་བལྟས་ནས། འདོད་ཆགས་ཀྱི་དབང་གིས་བརླའི་ཕྱོགས་གཉིས་སུ་ཆུ་འཛག་པས་ཁྱབ་པར་གྱུར་ཅིང། ཤས་ཆེར་བརྒྱབ་པར་གྱུར་ཏོ། །དེ་ནས་ལོ་མའི་སྤྱིལ་བུ་ལས་བྱུང་པའི་དྲང་སྲོང་རྣམས་ཀྱིས་དེ་མཐོང ་པ་ཙམ་གྱི་ཁྲོ་བོའི་ཤུགས་ཀྱི་སྟོབས་ཀྱི་ཡིད་རྙོག་པ་ཅན་དུ་གྱུར་པས་ཁྱོད་མ་དུལ་ཞིང་འདོད་ཆགས་ཀྱི་ལྡང་བར་བྱས་པའི་དབང་པོ་ལྷུང་བར་གྱུར་ཅིག་ལྷུང་བར་གྱུར་ཅིག་ནས་དེ་ལ་དམོད་པ་བཏག་གོ། དེའི་རྗེས་ཐོགས་ལ་བརྒྱ་བྱིན་གྱི་གླང་པོ་ཆེའི་སྣ་ལྟ་བུའི་མཚན་མ་ལ་ལྷུང་བར ་གྱུར་ཏོ། །ཇི་ཙམ་ན་དེ་རྣམས་བསམ་གཏན་གྱི་སྟོབས་དང། ལྷ་མོས་སྨྲས་པ། འདི་ནི་ལྷ་ཆེན་པོ་ཡིན་ཏེ། ཁོ་བོ་ཅག་བསད་པའི་ཕྱིར་འདིར་འོངས་པ་ཡིན་ནོ་ཞེས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་སྙིང་པོར་གྱུར་པའི་མཚན་དེ་བླངས་ནས་མཆོད་པའི་ཁྱད་པར་རྣམ ་པ་མང་པོས་མཆོད་པར་གྱུར་ཏོ། །དེ་ནས་བརྩམས་ཏེ། འཇིག་རྟེན་འདིར་མཚན་ལ་མཆོད་པ་བྱུང་བ་ཡིན་ནོ། །ལྷ་ཆེན་པོ་ནི་བདེ་བྱེད་དོ། །འདོད་པ་ཅན་གྱི་ངང་ཚུལ་འདི་ལ་ཡོད་པས་ན་འདོད་པ་ཅན་ཏེ་དེ་ཡང་འདི་དྲང་སོང་གི་བུ་མོ་རྣམས་དང་ལྷན་ཅིག་འདོད་པ ་སྤྱོད་པས་ན་འདོད་པའོ། །ཡང་ན་འདོད་པ་ནི་འདོད་པའི་འདོད་ཆགས་སོ། །དེ་གང་ལ་ཡོད་པ་ནི་འདོད་ཆགས་ཅན་ནོ། །མཚན་ནི་སྐྱེས་པའི་དབང་པོའོ། །དྲང་སྲོང་རྣམས་ཀྱི་ཞེས་བྱ་བ་ནི་ཐང་ཤིང་གི་ནགས་ན་གནས་པའིའོ། །གང་གིས་ཤེ་ན་དམོད་པ་སྟེ། ཁྱེད་ཀྱི ་མཚན་ལྷུང་བར་གྱུར་ཅིག་།ལྷུང་བར་གྱུར་ཅིག་ཅེས་བྱ་བའི་ཁྲོ་བས་ཀུན་ནས་བསླང་བའི་ཚིག་རྩུབ་པོས་སོ། །ལྷུང་བ་ནི་ས་ལ་ལྷགས་པར་གྱུར་པའོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་ནི་འདོད་པ་ཉིད་ལྷུང་པར་མཛད་པ་སྟེ། འདོད་པའི་འདོད་ཆགས ་ཉིད་བག་ཆགས་དང་བཅས་པར་སྤངས་པའོ། །ཇི་ལྟ་བུའི་འདོད་པ་ཞེ་ན། ཕུང་ཁྲོལ་པ་དག་གི་རྩ་བ་ཞེས་སྨོས་ཏེ། གང་གི་ཚེ་འདིའི་དང། ཚེ་རབས་གཞན་གྱི་གནོད་པའི་ཕུང་ཁྲོལ་དེ་རྣམས་ཀྱི་རྩ་བ་ནི་འདོད་པ་ཉིད་ཡིན་ནོ། །དེ་ཡང ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། འདོད་ཆགས་ཀྱི་རྒྱུ་དང་འདོད་ཆགས་ཀྱི་གཞི་དང། འདོད་ཆགས་ཀྱི་དབང་གིས་མ་དང་བུ་ལྷན་ཅིག་ཀུན་ཏུ་སྨྲ་ཞིང་བུ་ཡང་མ་དང་ལྷན་ཅིག་རྩོད་དོ་ཞེས་མདོ་ལས་རྒྱ་ཆེར་གསུངས་པ་དང། སློབ་དཔོན་དཔའ་བོས་ཀྱང། འཇིག ་རྟེན་འདོད་པས་བཅིངས་དང་གསོད་དང་ཁེངས་པ་དང། དུ་བ་དང་འཇིགས་དང་སྡུག་བསྔལ་སྣ་ཚོགས་ཉེར་ཐོབ་ཅིང། འདོད་དོན་ཉིད་ཀྱིས་བདག་རྣམས་ནི་ལྷུང་གྱུར་ལ། ཆོས་རྣམས་མངོན་དུ་འཇོམས་ཤིང་གཞན་དུ་དམྱལ་བར་འགྲོ་ཞེས་བཤད་པ ་ཡིན་ནོ། །གླིང་ལས་སྐྱེས་སོགས་ཞེས་བྱ་བ་ལ་སོགས་པ་ལ། གླིང་ལས་སྐྱེས་ནི་དྲང་སྲོང་རྒྱས་པའོ། །སོགས་པའི་སྒྲས་ནི་ར་མ་ནཱི་གཏམ་གྱི་བྱེད་མཁན་དྲང་སྲོང་བལ་མི་ཀ་དང། གཞན་ཡང་སྙན་ངག་གཞན་དག་སྦྱོར་བ་རྣམས་ལ་བྱའོ། ། ་ཕལ་ཆེར་ཞེས་བྱ་བ་ནི་མང་དུ་སྟེ། དེ་དག་རང་གི་རྗེས་སུ་དཔགས་ནས་རབ་ཏུ་བརྟགས་པ་ནི་དེ་ན་ཅུང་ཟད་ཅིག་ཡོད་དོ། །ཞེས་སྟོན་ཏོ། །གཞན་གྱི་གང་སྨྲས་ཞེས་བྱ་བ་ནི་ཕ་རོལ་གྱི་བཤད་པ་གང་ཡིན་པ་སྟེ། དེ་དག་སྨྲ་བར་བྱེད་ཅིང་དེ་ལ་འཇིག་རྟེན ་པ་རྣམས་དགའ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། གང་གླིང་ལས་སྐྱེས་ལ་སོགས་པ་རྣམས་ཀྱི་བྷ་ར་ཏ་ལ་སོགས་པ་ལས་སྨྲས་པ་ནི་ཕལ་ཆེར་གཞན་དག་གིས་སྨྲས་པ་དེ་སྨྲ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །ཁྱོད་ཀྱི་ཐུན་མོང་མ་ཡིན་ཆོས་ཞེས་བྱ་བ་ལ་སོགས ་པ་ལ་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་གཞན་དག་གི་མ་སྨྲས་པའོ། །ཆོས་ཞེས་བྱ་བ་ནི་གསུང་རབ་ཀྱི་ཁྱད་པར་འཕགས་པའི་བདེན་པ་བཞི་ཡོངས་སུ་གསལ་བར་བྱེད་པའོ། །རང་གི་ཐུགས་སུ་ཆུད་ནས་ཞེས་བྱ་བ་ནི་རང་ཉིད་ཀྱི་གཞན་གྱི་རྗེས་སུ་བསྟན ་པ་ལམ་ལྟོས་པར་ཐུགས་སུ་ཆུད་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་ལས། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་པར་?དོན་ནི་སྡུག་བསྔལ་གྱི་བདེན་པའོ། །ཞེས་བློ་དང་རིག་པ་དང་རྟོགས་པ་སྐྱེས་སོ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་ཡིན་ནོ་བསྟན་ཅེས་བྱ་བ་ནི། ་གཞན་དག་ལ་སྟོན་པར་མཛད་པ་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་རྒྱུ་བ་སྤྱོད་པ་པ་གཞན་ལ་བསྟན་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །མུ་སྟེགས་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ཅན་གྱི་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཀྱིའོ། ། ་དེ་གང་ཡིན་ཞེ་ན། རིག་བྱེད་ཚིག་སྟེ། མུ་སྟེགས་ཅན་བྱ་ཚིག་གཞན་དག་གོ་།དབེན་པ་ནི་སྐྱེ་བོ་མེད་པར་རོ། །ཁོ་ནར་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཇི་ལྟར་ཞེ་ན། དེ་དག་སྨྲ་ཞིང་སྟོན་པར་བྱེད་པ་ཉིད་ཡིན་ནོ། །ཡང་ན་བྲམ་ཟེ་རྣམས་འདི་སྐད་ཅེས་སྨྲ་སྟེ། རིག་བྱེད ་ནི་ཇི་ལྟར་ཡང་བྲམ་ཟེ་མ་ཡིན་པ་རྟག་ཏུ་མི་གཞུག་གོ་ཞེས་?་སྨྲ་བ་དང།?་གཅེར་བུའི་དགེ་སྦྱོང་?་བསྟན་བཅོས་དགེ་སྦྱོང་གཅེར་བུ་བ་མ་ཡིན་པ་ལ་མི་སྦྱིན་པ་དང། ཁྱབ་འཇུག་པའི་མཚན་མོ་ལྔ་པ་ལ་སོགས་པའི་བསྟན་བཅོས་རྣམས་ནི་གཞན་དག་ལ་སྨྲ་བར་མི་བྱའི། ་དབེན་པ་དག་ཏུ་སོ་སོའི་ངེས་པའི་སེམས་ཅན་དག་ལ་འདིར། །སྨྲ་བར་བྱའོ། །ཞེས་པའོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་སེང་གེའི་སྒྲ་དང་འདྲ་བ་ཡིན་པས་ན། སེང་གེའི་སྒྲའོ། །འདི་སྐད་སྟོན་ཏེ། ཁྱེད་ནི་སེང་གེའི་སྒྲ་སྒྲོགས་པས་དགེ་སྦྱོང་དང། བྲམ་ཟེ་དང། ་སྤྱོད་པ་བ་དང། ཀུན་ཏུ་རྒྱུ་བ་ཐམས་ཅད་ལ་སེར་སྣ་མི་མངའ་བ་དང། ཕྱོགས་སུ་ལྷུང་བར་མི་མངའ་བར་སྟོན་པར་མཛད་པ་ཡིན་ནོ། །གྲགས་ཅན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གྲངས་ཅན་གྱི་དེ་ཁོ་ན་ཉིད་ནི་འདི་སྐད་ཅེས་འཆད་དེ། གང་གི་ཚེ་སྐྱེས་བུ་འདིའི་སྙིང་སྟོབས་དང། རྡུལ ་དང་མུན་པའི་གཟུགས་ཅན་གྱི། རང་བཞིན་འདི་ལ་འཇུག་པ་ན། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་མཐོང་བར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དབེན་པར་གྱུར་པ་དེའི་ཚེ་གྲོལ་བར་འགྱུར་བ་ཡིན་ནོ། །ཞེས་ཟེར་རོ་དྷར་དྷཝ་ཛ་ནི་ཞེས་བྱ་བ་ནི། དྲང་སྲོང་བྷ་ར་དྷཝ་ཛ་བའི་བུ་ཡིན་པས་ན་བྷ་ར ་དྷཝ་ཛའོ། །དེ་ཉིད་མཐོང་ཡང་ཞེས་བྱ་བ་ནི་གང་གྲངས་ཅན་རྣམས་ཀྱིས་བཤད་པའི་དེ་ཁོ་ན་ཉིད་མཐོང་བའོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། བྷ་ར་དྷཝ་ཛ་དེ་བརྟུལ་ཞུགས་དྲག་པོའི་སྤྱོད་པ་ལ་བརྩོན་ཞིང། གྲངས་ཅན་གྱི་ཤེས ་པས་ཁོ་ན་ཉིད་ཤེས་པས་ནགས་ན་གནས་སོ། །ནགས་ན་གནས་པའི་ལྷ་རྣམས་ཀྱི་མཐོང་བ་དང། དེ་འདི་ལྟ་བུའི་དཀའ་ཐུབ་སྤྱོད་པ་ལས་ན་བདག་ཅག་རྣམས་ཀྱི་བགེགས་བྱེད་པར་ནུས་པར་འགྱུར་དུ་འོང་གི་མ་ལ་བདག་ཅག་གིས་འདི་དཀའ་ཐུབ ་ལས་ཉམས་པར་བྱའོ། །སྙམ་ནས་དཔྱིད་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་དེར་བཏང་བ་དང། ཇི་ཙམ་ན་དེའི་བསྟི་གནས་དང་ཉེ་བར་གར་བྱེད་པ་དང། གླུ་ལེན་པར་བརྩམས་སོ། །དྲང་སྲོང་ངེས་དེ་ཐོས་པ་དང། ལོ་མའི་སྤྱིལ་བུ་ལས་བྱུང་བ་ན། ལྷ་མོ་དེ་མཐོང ་བ་ཙམ་གྱིས་འདོད་ཆགས་རབ་ཏུ་གཡོས་པས་ཡིད་གདུངས་ཤིང་གཟིང་བར་གྱུར་པས་དེས་བླངས་ཏེ་ལོ་མའི་སྤྱིལ་བུར་ཞུགས་ནས། དུས་ཤིན་ཏུ་ཡུན་རིང་མོར་དེ་དང་ལྷན་ཅིག་འདོད་པའི་བདེ་བ་ལ་ལོངས་སྤྱད་པ་རྗེས་སུ་མྱོང་བར་གྱུར་ཏོ། །དེ་ལྟར་ན་བྷ་ར་དྷཝ ་ཛ་ཞེས་བྱ་བ་ད་ནི་དཔྱིད་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་ལ་ཡོངས་སུ་ཆགས་ཤིང་ཞེན་པ་དང་ལྡན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གཙོ་ཁྱོད་ཅེས་བྱ་བ་ནི་བོད་པ་སྟེ། ཆོས་རྣམས་ལ་དབང་ཕྱུག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ་ཁྱེད་ཀྱི་སློབ་མ་དེ་རྣམས་ཀྱང་བུད་མེད ་རྣམས་ལ་ཆགས་པ་མེད་ན། ཁྱེད་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་འཁོར་བའི་དངོས་པོའི་རང་བཞིན་ཤེས་པ་ནི་ནམ་ཡང་འདོད་པའི་ཡོན་ཏན་ལྔ་པོ་འཇིག་ཅིང་ཡིད་བརྟན་དུ་མི་རུང་བ་ལ་ཆགས་པར་ག་ལ་འགྱུར། །འུག་པ ་པས་ནི་ཞེས་བྱ་བ་ལ་སོགས་པ་ལ། འུག་པ་པ་ནི་གཟེགས་ཟན་ལ་སོགས་པ་བྱེ་བྲག་པའི་བསྟན་བཅོས་རྩོམ་པ་རྣམས་ཀྱི་བཤད་པའོ། །ཁྱད་པར་ཅན་ལ་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པ་ཡོན་ཏན་དང་ལྡན་པ་ལ་སྦྱིན་གྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ། བྲམ་ཟེ་ལས་ནི ་མཉམ་པོ་སྟེ། ཐ་མལ་བྲམ་ཟེ་ལས་གཉིས་འགྱུར་འདོད་པ་ནི་བརྒྱ་སྟོང་སྟེ། རིག་བྱེད་?་འགྲོ་མཛའ་ཡས། ཞེས་བཤད་པ་ཡིན་ཏེ། དེ་བས་ན་རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྲམ་ཟེ་ལ་སྦྱིན་པ་པོ་ཁྱད་པར་ཅན་གྱི་འབྲས་བུ་འདོད་པས་སྦྱིན་པར་བྱའི། བྲམ་ཟེ་མ་ཡིན་པ་གཞན་དག་ལ་ནི་མ ་ཡིན་ཏེ། གང་དེ་ཡོད་ན་རིག་བྱེད་མ་ལུས་པ་མ་ཟད?་ཆུབ་བར་མ་བྱས་པ་ལ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །མགོན་པོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་མགོན་པོ་སྐྱབས་སུ་གྱུར་པ་ཁྱོད་ཀྱི་ནི་ཁྱིའི་བར་ལའང་སྦྱིན་པར་བྱའོ། །ཞེས་གསུངས་སོ། །དྲིས་པ་ཁྱི་འདི་ནི་ཁྱད་པར་གྱི་ཞིང་མ་ཡིན་ན། ཅིའི་ཕྱིར་དེ་ལ་སྦྱིན་པར་བྱ་ཞེས ་གསུངས་ཤེ་ན། དེའི་ཕྱིར་ཐུགས་རྗེ་ཡིས་ཞེས་བྱ་བ་གསུངས་ཏེ། དེ་ཡང་བདག་ཉིད་ཆེན་པོ་རྣམས་ཀྱི་ནི་སྙིང་རྗེས་སྦྱིན་པ་ལ་འཇུག་པར་བྱའི། འབྲས་བུ་མངོན་པར་འཕེལ་བ་ལ་ཆགས་པ་ནི་མ་ཡིན་ནོ། །དེ་ཡང་གནས་བརྟན་དཀོན་མཆོག་འབངས་ཀྱི། གང་ཞིག་སྐྱེ་བོ་དམན་དང ་འཕོངས་པ་རེ་བའི་བསམ་ལྡན་མཐོང་ན་ཡང། བརྩེ་མེད་འབྲས་བུ་འདོད་པས་གནོད་གཞན་ཡོན་ཏན་དག་དང་ལྡན་ཚོལ་བ། བསམ་རླག་དེ་ནི་སྦྱིན་པར་བྱེད་ཀྱང་སློང་བ་རྣམས་དང་མཚུངས་སོ་ཞེས། དེ་སླད་ཁྱོད་ནི་ཐུགས་རྗེས་སློང་བ་རྣམས་ལ་སྦྱིན་པར་བཞེད་ལ་ཞུགས་ཞེས་བཤད ་པ་ཡིན་ནོ། །དེ་བས་ན་ཁྱེད་སྦྱིན་པ་ལ་འཇུག་པར་མཛད་པ་ནི་སློང་བ་རྣམས་ལ་ཐུགས་རྗེ་ཆེན་པོ་ཉིད་ཀྱི་གུས་པས་མཛད་པ་ཡིན་ནོ། །ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་དཀའ་ཐུབ་ནི་ཉོན་མོངས་པའི་གདུང་བ་ཞེས་བྱ་བའི་དོན་ཏོ། །དེས་བྱས་པའི་མདུད་པ་ཞེས་བྱ་བ་ནི་འཆིང་བ་སྟེ། ་ཉོན་མོངས་པའོ་ཞེས་བྱ་བའི་དོན་ཏོ། །དེ་འཇིག་པ་ནི་བཤིག་ཅིང་རྣམ་པར་སྤངས་པ་ཞེས་བྱ་བའི་དོན་ཏེ་ལུས་ལས་ཀྱང་མདུད་པ་འཇིག་པར་འདོད་པ་དེ་གང་ཞིག་ཡིན་ཞེ་ན། གཅེར་བུས་འཚལ་ཞེས་བྱ་བ་སྨོས་ཏེ། གོས་མེད་པའི་དགེ་སྦྱོང་གཅེར་བུ་པ་ཞེས་བྱ་བའི་དོན་ཏོ། །དེ ་ཡང་དེ་རྣམས་ཀྱི་གྲུབ་པའི་མཛའ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཚེ་སྔ་མ་ལ་བྱས་པའི་ལས་ནི་དཀའ་ཐུབ་ཀྱི་ཟད་པར་བྱས་ལ། འདིར་ཡང་དགེ་བ་འམ་མི་དགེ་བ་སྔོན་མེད་པ་ཉེ་བར་བསགས་པར་མི་བྱ་ལ། དེས་ན་ལུས་ཀྱི་རྒྱུད་ལ་ཡོད་པའི་ལས་ཟད་པས་སྐྱེ་བ་ཟད་ལ། སྐྱེ་བ་ཟད་པས ་སྡུག་བསྔལ་ཟད་དེ། དེ་ཟད་པས་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །ཞེས་འདོད་དོ། །ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ཡིན་པས་ན་ཐུགས་ཀྱི་ཞེས་བྱ་བ་འམ། འདི་ནི་ཐུགས་ཀྱི་ཡིན་པས་ཐུགས་ཀྱི་དཀའ་ཐུབ་བོ། །འདི་སྐད་སྟོན་ཏེ། ཁྱེད་ནི་ཐུགས་ཀྱི ་བཀའ་ཐུབ་ཉིད་ཀྱི་མདུད་པ་འཇིག་ཅིང་ལས་ཟད་པ་དང། ཉོན་མོངས་པ་ཟད་པར་བཞེད་པ་ལགས་ཀྱི་ལུས་ཀྱི་ནི་མ་ཡིན་ནོ། །དེ་སྐད་དུ་སློབ་དཔོན་རྟ་སྐད་ཀྱིས་བདག་ཉིད་ཉོན་མོངས་སྐྱེ་བོ་བྱིས་པ་འདོད། །དེ་བཞིན་དབང་པོའི་སྤྱོད་ཡུལ་རྣམས་ལ་ཆགས། །འདི་དག་གཉིས་ཀ་ཉེས་དང་ལྡན ་པར་མཐོང། །ང་ཡི་བདུད་རྩི་རྟོགས་ལམ་དག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་བས་ན་འདི་ལྟར་རིགས་ཏེ། གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གནས་ཡིན་པས་སེམས་ཉིད་གནོད་པ་ཐམས་ཅད་བྱེད་པ་ཡིན་ལ། དེ་བས་ན་དེ་ཉིད་ཅི་ནས་ཀྱང ་བྱིས་ཉོན་མོངས་པ་རྣམས་ཀྱི་རྟེན་དུ་གྱུར་པ་མི་བྱེད་པ་དེ་ལྟར་ཡོངས་སུ་སྦྱང་བར་བྱ་སྟེ། གནས་མེད་པ་ལས་ནི་ཉོན་མོངས་པ་སྐྱེ་བར་མི་འགྱུར་ལ། ཉོན་མོངས་པ་མེད་པར་ལས་རྣམས་མི་འབྱུང་ཞིང་དེ་དག་མེད་པ་ལས་ནི་སྐྱེ་བ་ལེན་པར་མི་འགྱུར་ལ། དེ་མེད་པ་ནི་ཐར་པ ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱི་ལེགས་པར་བསྟན་པ་ཡིན་ནོ། །ལུས་ཀྱི་དཀའ་ཐུབ་ནི་དོན་མེད་པ་ཡིན་ཏེ། སེམས་ཀྱི་རྒྱལ་པོའི་ཁ་ན་ལས་པས་དེ་ལས་རང་ཉིད་བྱ་བ་མ་ཡིན་པ་ལས་ལྡོག་པ་ཡིན་པའི་ཕྱིར་རོ། །རྟོག་གེ་པ་དག་དངོས་པོ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། རྟོག་གེ ་པ་ནི་མུ་སྟེགས་པ་རྣམས་སོ། །དངོས་པོ་རྣམས་ཞེས་བྱ་བ་ནི་བདག་དང་རང་བཞིན་དང་དུས་དང་ཕྱོགས་ལ་སོགས་པ་མེད་པར་གྱུར་པ་རྣམས་ཀྱང་ཡོད་གནས་པ་ཉིད་དུ་འདོད་ཅིང་ཁས་ལེན་ཏོ། བལྟོས་པ་མེད་པ་ཞེས་བྱ་བ་ནི། མ་བརྟགས་མ་དཔྱད་པར་ཞེས་བྱ་བའི་དོན་ཏོ། །དེ ་ཡང་དེ་རྣམས་འདི་སྐད་ཅེས་སྨྲ་སྟེ། ཆོས་མ་ཡིན་པའི་རྟོག་པ་ཡིས། །དཔྱད་པ་དག་ནི་མི་བྱ་སྟེ། །ལོང་བལྐུགས་པ་ལྟར་གྱུར་ནས། །གང་ཞིག་བཤད་པ་དེ་དཔྱད་ཀྱིས། །ཡང་ན་རྟོག་པ་ངན་པའི་བསྟན་བཅོས་ལ་མཆོག་ཏུ་གཞོལ་བ་དེ་ནི་རྟོག་པ་སྟེ། །དེ་ཡང་ཕྱིན་ཅི་ལོག་གི ་མིག་དང། དུ་མའི་མཛའ་ཅན་གྱི་རྒྱུ་དང་ལྡན་པའི་གཞུང་ཁས་བླངས་ནས། མེད་པའི་དངོས་པོ་རྣམས་ཀྱང་དངོས་པོ་ལྟར་སྒྲུབ་པར་བྱེད་དོ། །དེ་ཡང་འདི་ལྟར་འོ་མའི་རྒྱུ་ནི་ལྕི་བ་ཡིན་ཏེ། དེའི་རྒྱུ་ལས་བྱུང་བའི་ཕྱིར་འོ་མ་དང་འདྲའོ། །དེ་ཡང་གང་བ་ལང་གི་རྒྱུད་ལས་བྱུང་བ་ནི་འོ་མའི་རྒྱུད་ཡིན་ཏེ། དེ་ཡང ་འོ་ན་དང་བའི་ལྕི་བ་ནི་དེའི་རྒྱུད་ལས་བྱུང་བ་ཡིན་ལ། དེ་བས་ན་བ་ལང་གི་ལྕི་བ་ཡང་འོ་མའི་རྒྱུ་ཡིན་ནོ། །གང་དུ་འོ་མའི་རྒྱུར་མ་གྱུར་པ་དེ་ནི་དེའི་རྒྱུ་ལས་འབྱུང་བ་མ་ཡིན་ཏེ། དཔེར་ན་རྡོ་བ་ལ་སོགས་པ་བཞིན་ནོ། །འདིར་མི་ཤེས་པ་དག་ནི་འོ་མའི་རྒྱུར་བ་ལང་གི་ལྕི་བ་ཉིད་ཡིན་པ་མི་སྲིད་དུ ་ཡིན་ཀྱང་དེ་དེ་ལྟར་ཁས་ལེན་པ་ལ་དགའ་བར་འགྱུར་ལ། གང་ཤེས་རབ་དང་ལྡན་པ་དེ་ནི་པགས་པ་དང་སྤུ་དང། གཅིན་ལ་སོགས་པ་དུ་མའི་མཛའ་ཅན་ཉིད་དུ་ཤེས་པར་འགྱུར་རོ། །ཡང་བདག་ནི་ཡོད་པར་འདོད། དེའི་བྱ་བ་ཉེ་བར་དམིགས་པས་མེ་དང་འདྲའོ། །དེ་ཡང་གང་དང་གང་གིས ་བྱ་བ་ཉེ་བར་དམིགས་སུ་ཡོད་པ་དེ་དང་དེ་ནི་ཡོད་པ་ཡིན་ཏེ། དཔེར་ན་མེ་ནི་དེའི་སྨིན་པ་ལ་སོགས་པའི་བྱ་བ་ཉེ་བར་དམིགས་སུ་ཡོད་པ་ཡིན་ལ། གང་དུ་མེ་མེད་པ་དེར་ནི་བྱ་བ་དམིགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་དང་འདྲའོ། །བདག་གི་བྱ་བ་ཡང་བྱེད་པ་དང། སྤྱོད་པ་པོ ་དང། འགྲོ་བ་པོ་ཉིད་དང། སྟོན་པ་པོ་ཉིད་ལ་སོགས་པའོ། །ཞེས་ཟེར་ལ། ཤེས་རབ་དང་ལྡན་པ་དག་ནི་རྟེན་དུ་འགྱུར་པའི་ལུས་མ་གྲུབ་པས་དེའི་རྒྱུ་མེད་པ་ཉིད་དུ་འདོད་དེ། འདི་ལ་ནི་ཉེས་པ་མང་པོ་ཡོད་དོ་ཞེས་སྦྱར་བར་བྱའོ། །ཚིག་དབང་ཞེས་བྱ་བ་ལ་སོགས་པ་ལ། ཚིག་དབང་ཁྱོད་ཅེས་བྱ་བ་ནི་བོད་པ་སྟེ་ཚིག ་ལ་དབང་བ་ནི་གསུང་གི་དབང་ཕྱུག་ཅེས་བྱ་བའི་དོན་ཏོ། །ཅུང་ཟད་ཀྱང་མི་བལྟོས་མེད་ཅེས་ལེགས་པར་གསུངས་ཞེས་བྱ་བ་ནི་གང་མ་བརྟགས་ཤིང་རྣམ་པར་མ་དཔྱད་པར་གསུངས་པ་རིག་པ་དང་མི་ལྡན་པའི་ལེགས་པར་གསུངས་པ་ནི་འགའ་ཡང་མེད་དོ། །ཞེས་བྱ་བའི ་དོན་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། སྐྱེ་བའི་སྡུག་བསྔལ་དང། རྒ་བའི་སྡུག་བསྔལ་དང་ཞེས་བྱ་བ་ནས། འདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ། །ཞེས་བྱ་བ་གསུངས་པ་ཐམས་ཅད་ཀྱང་དེ་ལྟ་བུ་ཉིད་ཡིན་ནོ། །གཞན་ཡང་ཚུལ་ཁྲིམས་བླངས ་པ་བདེ་བ་ཡིན་བྱིན་ན་དགའ་བར་འགྱུར་བ་དང་བྱམས་པའི་མཉེན་པོས་ཞེ་སྡང་ཡིན་ཞེས་བྱ་བ་ལ་སོགས་པ་དེ་ཐམས་ཅད་བྱིན་ཅི་མ་ལོག་པ་དང། གཅིག་ཏུ་བདེན་པ་ཉིད་ཡིན་ནོ། །ཞེས་རྒྱ་ཆེར་སྦྱར་བར་བྱའོ། །ནེ་ཙོས་ཞེས་བྱ་བ་ལ་སོགས་པ་ལ། ནེ ་ཙོ་ནི་རྒྱས་པའི་བུའོ། །ལམ་གང་ནས་ཤེ་ན། ཉི་མ་བརྟོལ་ནས་ཞེས་བྱ་བ་སྨོས་ཏེ། ཉི་མའི་དཀྱིལ་འཁོར་བརྟོལ་ཞིང་ཡུག་པའོ། དེ་ཡང་ཐར་བ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འགྲོ་ཞེས་འཇིག་རྟེན་པ་རྣམས་སྨྲའོ། །ཐར་པ་ཞེས་བྱ་བ་ལ་ཐར་པ་ནི་སངས་རྒྱས་པ་དག ་ཕུང་པོ་མེད་པ་ཡིན་པར་འདོད། ཕུང་པོ་ནི་སྡུག་བསྔལ་ཡིན་ལ། དེ་མེད་པ་ནི་ཐར་པ་ཡིན་ཏེ། དེ་ཡང་འདི་ལྟར་ཕུང་པོ་ལྔ་པོ་ཐམས་ཅད་སྡུག་བསྔལ་གསུམ་པོ་ཉིད་དང་ལྡན་པས་མི་འདོད་བཞིན་དུ་སྡུག་བསྔལ་བར་གནས་ཏེ། འདི་དག་ལ་ནི་སྡུག་བསྔལ་བའམ་འདོད་པར ་བྱ་བ་ཅི་ཡང་མེད་དེ། དཔེར་ན་མི་གཙང་བའི་ཕུང་པོ་ནི། གང་གི་ཕྱིར་མི་གཙང་བའི་ཕུང་པོ་ཆེན་པོ་ཡང་མི་གཙང་བ་ཡིན་ཞིང། མི་རྣམས་ཀྱིས་མི་མཐུན་པར་གྱུར་པ་ཡིན་ལ། དེ་བཞིན་དུ་དབུས་སམ། ཅུང་ཟད་དམ། ཕྲ་རབ་ཙམ་གྱི་བར་དུ་ཡང་མི་མཐུན་པ་ཉིད་ཡིན ་ཏེ། ལྷ་དང་མི་རྣམས་ཀྱི་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོད་པར་བྱ་བ་ཉིད་ཡིན་ནོ། །ཞེས་བཤད་དེ་གཙང་བ་དང་ནི་ལྷ་རྣམས་དང། མི་རྣམས་སྔགས་པ་བྱེད་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་གང་སྲིད་པའི་རྩེ་མོའི་ཕུང་པོ་དེ་ཡང་སྐད་ཅིག་མ་རེ་རེ་ཞིང་འདུ ་བྱེད་དང་ལྡན་པའི་ཕྱིར། མི་འདོད་པ་བྱས་པ་ཡིན་ཞིང། འཕགས་པ་རྣམས་ཀྱི་སྡུག་བསྔལ་བ་ཉིད་ཡིན་པར་བཞེད་ན། དམྱལ་བའི་བར་ལྟ་སྨོས་ཀྱང་ཅི་དགོས། དེས་ན་སྡུག་བསྔལ་བར་གྱུར་པའི་ཕུང་པོ་འདི་མེད་པ་གང་ཡིན་པ་དེ་ནི་བདེ་བའི་མཆོག་ཡིན་ལ་དེ ་ནི་ཐར་པ་ཡིན་ནོ། །ཞེས་བཤད་དོ། །ཕྱི་རོལ་པ་དག་ལས་ལ་ལ་དག་གི་བཤད་པ་ནི་ཡེ་ཤེས་ཀྱི་དབང་གིས་ལས་དང་ཉོན་མོངས་པ་ཟད་པ་ལས། སྐྱེས་བུའི་ལུས་དང་དབང་པོ་ལ་སོགས་པས་སྡུག་བསྔལ་བར་མི་འགྱུར་བ་དང་བར་ཆད་ལྷག་མ་རྣམས་དང་བྲལ་བ་ནི ་ཐར་པ་ཡིན་ནོ། །ཞེས་ཟེར་རོ་ཡང་ལ་ལ་ནི་འདོད་པའི་བདེ་བའི་ལོངས་སྤྱོད་ཀྱི་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་ཤིང། རྟག་ཏུ་ཤེས་པའི་ཁྱད་པར་ལ་གོམས་པས་སྒྲུབས་པའི་གནས་ཀྱི་ཁྱད་པར་ནི་ཐར་པ་ཡིན་ནོ། །ཞེས་བཤད་དོ། །དེས་ན་འདིར་ཐར་པ་གང་ཡིན་པར་འདོད་ཅེ་ན། ་སྔར་རྟོགས་པར་གྱུར་བ་མེད་པ་འདིར་རྟོགས་པའི་སྒྲ་ཉེ་བར་སྨོས་པས་ཕྱིན་ནས་གང་ངེས་པར་ཤེས་པའི་ཐར་པ་དེར་སོང་བར་གྱུར་བའོ། །དེ་ནི་ནེ་ཙོས་ཉི་མ་བརྟོལ་ཏེ་ཐོབ་བོ་ཞེས་སྦྱར་རོ། །དེ་ཡང་འདི་ལྟར་ཐོས་ཏེ། ཇི་ལྟར་དྲང་སྲོང་རྒྱས་པའི་བུ་ནེ་ཙོ་ཞེས་བྱ་བས་ཕོངས་པས་རྒྱས་སྡུག་བསྔལ ་བར་གྱུར་བའི་འགྲོ་བ་ལ་ལྟས་ནས་སྐྱོ་བ་ཆེན་པོ་སྐྱེས་ཏེ། ཤིན་ཏུ་འཇིགས་པ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་འདོད་པ་དང། རྒྱལ་པོ་བསྐྱེད་པ་པོའི་མན་ངག་གིས་རྫུ་འཕྲུལ་ཐོབ་ནས་ནམ་མཁར་འཕགས་ཏེ། ཉི་མའི་དཀྱིལ་འཁོར་གྱི་དབུས་རྫུ་འཕྲུལ་གྱི་སྟོབས ་ཀྱིས་བརྟོལ་ནས་ཐར་པའི་གྲོང་ཁྱེར་དུ་ཞུགས་སོ་ཞེས་ཟེར་རོ། །ཡང་ཁྱེད་ནི་མྱ་ངན་ལས་འདས་པ་སྟེ། ཐར་པ་ཡང་དག་པར་བསྙེས་སུ་ཟིན་ཀྱང། གང་དུ་ཡང་ནི་གཤེགས་མ་མཆིས། །ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ནི་གང་དུ་ཡང་གཤེགས་པར་མི་མཛད་པའོ། ་དེ་ཡང་དེ་ནི་མར་མེ་ཤི་བ་ལྟར། དེ་ཡིས་སེམས་ནི་རྣམ་པར་གྲོལ་ཞེས་གསུངས་པས་གང་དུ་དེ་རྣལ་འབྱོར་བྱེད་པ་དེ་ཉིད་དེའི་ཕུང་པོ་ལྔ་མྱ་ངན་ལས་འདས་པར་འགྱུར་གྱི། སླར་འབྱུང་བར་མི་འགྱུར་རོ། །དེ་ཡང་སློབ་དཔོན་རྟ་སྐད་ཀྱིས། དཔེར་ན་མར་མེ་ཤི་བར་གྱུར་པ་ལ། །འོག་ཏུ་མི ་འགྲོ་སྟེང་དུ་མི་འགྲོ་ཞིང། །ཕྱོགས་དང་ཕྱོགས་མཚམས་གར་ཡང་མི་འགྲོ་བར། །སྣུམ་ཟད་པ་ཡིས་ཤི་བ་ཁོ་ནར་ཟད། །དེ་བཞིན་ཐུབ་པ་ཉེ་བར་མྱ་ངན་འདས། །ས་རུ་མི་འགྲོ་བར་སྣང་མི་འགྲོ་ཞིང། །ཕྱོགས་སུ་མ་ཡིན་ཕྱོགས་མཚམས་འགར་ཡང་མིན། །ཉོན་མོངས་ཟད་པས་ཞི་བ་ཁོ་ན་ར ་ཟད་ཅེས་བཤད་པ་ཡིན་ནོ། །ཐར་པ་གཞན་འགྱུར་སྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་ལས། རྒྱལ་པོ་བསྐྱེད་པ་པོ་ཞེས་བྱ་བ་དེས་དཀའ་ཐུབ་ཆེན་པོ་ལ་གནས་ནས། རྣལ་འབྱོར་གྱི་ལམ་ལ་སློབ་དཔོན་ཉིད་ཐོབ་ནས་དུས་ལ་བབ་ཅིང་ལུས་དང་བྲལ་ནས་མྱ་ངན་ལས་འདས་པར་སོང་ལ། ཡང་དེའི ་སློབ་མ་ནེ་ཙོ་ནི་རང་གི་ལུས་ཉིད་ཀྱི་ཉི་མའི་དཀྱིལ་འཁོར་གྱི་དབུས་བརྟོལ་ཏེ། ཐར་པར་ལམ་གཞན་གྱི་སོང་བར་གྱུར་ཏོ། །ཞེས་གྲག་གོ་།ཁྱོད་ཉིད་ལམ་གང་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བཅོམ་ལྡན་འདས་ཁྱེད་ཐར་པའི་ལམ་གང ་ནས་གཤེགས་པ་སློབ་མ་ཤཱ་རིའི་བུ་ལ་སོགས་པ་ལམ་དེ་ཉིད་ནས་སོང་ཞེས་ཐར་པ་ཐོབ་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཁྱབ་འཇུག་གི་ནི་བུད་མེད་དག་ཅེས་བྱ་བ་ལ་སོགས་པ་ལ། ཁྱབ་འཇུག་ནི་ན་ར་ཡ་ནའོ། །བུད་མེད་སྟོང་ཕྲག་དྲུག་ཅུ་ནི་བུད་མེད་གྲངས་དེ་སྙེད་པའོ། ་ཡོངས་བཟུང་ཞེས་བྱ་བ་ནི་བསྙེན་བཀུར་བ་དང། མངག་གཞུག་མར་བྱས་པའོ། །རྒྱུར་པ་ནི་བྱུང་བའོ། །འདིར་གཏམ་ནི་རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། ཞེས་བྱ་བའི་སྐབས་སུ་སྨྲས་པ་ཡིན་ནོ། །སྟོན་པ་ཞེས་བྱ་བ་ནི་སྟོན་ཅིང་འཆོས་པ་སྟེ། ཡང་དག་པར ་སྟོན་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་འདས་ཞེས་བྱ་བའི་དོན་ནི་འཇིག་རྟེན་རྣམས་ཀྱི་དམ་པར་གྱུར་བས་ན་འཇིག་རྟེན་འདས་པ་སྟེ། །འཇིག་རྟེན་གྱི་གཙོ་བོར་གྱུར་བའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་གང་རྐང་མེད་དམ། རྐང་མངས ་སམ། གཟུགས་ཅན་ནམ། གཟུགས་མེད་པའི་སེམས་ཅན་དེ་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་མཆོག་ཡིན་ནོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བདག་གི་མེད་ཅིང་ཞེས་བྱ་བའི་རྣམ་པ་མེད་པར་གྱུར་པ་དེ་ནི་བདག་གི་མེད་པའོ། །འདིས་ནི་འཇིག་ཚོགས ་ལ་ལྟ་བ་སྤངས་པའི་སྒོ་ནས་ཉོན་མོངས་པ་དང་བྲལ་བ་ཉིད་དུ་སྟོན་ཏོ། །ཡོངས་འཛིན་མེད་ཅེས་བྱ་བ་ནི་བཙུན་མོ་ལ་སོགས་པ་དང་འབྲེལ་བ་འམ། ལོངས་སྤྱོད་དང་འབྲེལ་བའི་ཡོངས་སུ་བཟུང་བ་མི་མངའ་བ་གང་ཡིན་པ་དེ་ནི་ཡོངས་སུ་འཛིན་པ་མེད་ཅེས་བྱ་སྟེ། འདིས་ནི ་ཉོན་མོངས་པའི་དངོས་པོ་སྤང་བ་ཉིད་དུ་སྟོན་ཏོ། །དེ་ཡང་ཉོན་མོངས་པའི་དངོས་པོ་ལ་ཡོངས་སུ་འཛིན་པ་མེད་པས་ན་དེ་སྐད་ཅེས་བྱའོ། །ཀ་ཤི་མཛེས་དགའ་མོ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། བྷ་ར་ཏའི་འཐབ་མོ་འདས་ནས་ཡུན་རིང་པོ་མ་ལོན་པ་ན། རྒྱས ་པ་ཏེ་དུའི་ཕོངས་པ་དང། སྡུག་བསྔལ་གྱི་སེམས་ཀྱི་རྒྱུར་ཞུམ་པ་དང། ཡོངས་སུ་འཁྱམ་ཞིང། བ་ར་ཎཱ་སིར་སོང་བ་དང། སྲང་བར་ན་ཀ་ཤི་མཛེས་དགའ་མོ་ཞེས་བྱ་བའི་སྨད་འཚོང་པའི་གཙོ་མོ་ཞིག་སྒོ་དང། ཉེ་བ་ན་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་བ་མཐོང་བ་དང། དེ་ལྟད་མོ་ལ་ཞེན་པའི་ཡིད་ཀྱིས་དེའི ་ཐད་དུ་སོང་སྟེ་དྲིས་པ། འདི་སུ་ཞིག་གི་ཕྱི་ཡིན་ཞེས་དྲིས་ནས། དེའི་གཟུགས་ལ་སོགས་པའི་ཡོན་ཏན་ཐོས་པས་སེམས་ཕྲོགས་པ་དང་འདུག་གོ་།དེ་ནས་མངག་གཞུག་པའི་སྐྱེ་བོ་ཞིག་གི་ཀ་ཤི་མཛེས་དགའ་མོ་ལ་སྨྲས་པ། དྲང་སྲོང་འགའ་ཞིག་སྒོ་ན་སྡོང་ཅིང་འདུག་གོ་།དེ་ཡང་དམོད་པས་འཇིག་སྐྲག ་ནས་མཆོད་ཡོན་དང། རྐང་ཁྲུས་ལ་སོགས་པ་བསྙེན་བཀུར་མངོན་དུ་འགྲོ་བས་བདག་ཉིད་ཀྱི་མདུན་བསུ་སྟེ། ནང་དུ་བཅུག་ནས། དབེན་པར་སྟན་ལ་འདུག་ཏུ་བཅུག་སྟེ། རང་ཉིད་ཀྱི་རྐང་པ་བཀྲུས་སོ། །རྒྱས་པས་བགད་པ་དང། ངེས་དེ་མཚན་མར་བཟུང་ནས་ཀླགས་ཐོད་པར་ཤེས་ཏེ། རབ་ཏུ ་དགའ་བས་ཁྱེད་རྒྱུ་མེད་པར་འཛུམ་མམ་ཞེས་སྨྲས་པ་དང། ངེས་སྨྲས་པ། ཁྱེད་ནི་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་ཐོས་ན་ལག་པ་དང་རྐང་པ་མཉེ་པ་མི་ཤེས་སོ། །དེས་སྨྲས་པ། གལ་ཏེ་ཁྱེད་འདི་ལ་མཁས་པར་གྱུར་ན། །ལག་པ་བརྐྱོང་ཤིག་དང་བསྟན་པར་བྱའོ། །ངེས་ཀྱང ་དེ་ལ་ལག་པ་བྱིན་ནོ། །དེ་ནས་དེས་ཇི་ལྟར་ན་འདོད་པའི་སྐྱེ་བོ་ཁྱད་པར་ཅན་དུ་མ་དང། རེག་པར་གྱུར་ཀྱང་དེ་ལྟ་བུའི་རེག་པ་སྔོན་ཆད་ཉམས་སུ་མྱོང་བར་མ་གྱུར་པ་དེ་ལྟར་ཚོར་བར་བྱས་སོ། །དེ་ཡང་དེ་དང་ལྷན་ཅིག་དུས་ཤིན་ཏུ་ཡུན་རིང་མོར་སྔོན་པར་དགའ་བར་བྱའོ། །ཞེས་ཡོངས་སུ་ཆགས ་ཤིང་འདོད་པའི་འདོད་ཆགས་སྐྱེས་པར་གྱུར་ཏོ། །གང་ལ་ཆགས་ཤེན། ཀ་ཤི་མཛེས་དགའ་མོ་ལ་སྟེ། སྨད་འཚོང་མའི་གཙོ་མོ་ལའོ། །རྣམ་པར་བསྒྱུར་ཞེས་བྱ་བ་ནི་དུས་ཤིན་ཏུ་ཡུན་རིང་མོར་ཡང་འདོད་པ་རྗེས་སུ་མྱོང་བས་རྣམ་པར་འགྱུར་བ་ཉིད་དུ་གྱུར་པའོ། །ཁྱོད་ཁབ་ཞུགས་ནའང་ཞེས་བྱ་བ་ནི ་རབ་ཏུ་མ་བྱུང་བ་ན་ཡང་ངོ། །ཕུང་ཁྲོལ་བའི་ཞེས་བྱ་བ་འཕགས་པ་མ་ཡིན་ཞིང་སྨད་པར་གྱུར་བའོ། །དོན་གྱི་དབང་པོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཡུལ་ལྔ་པོ་སྟེ་འདོད་པའི་ཡོན་ཏན་ལྔས་ཞེས་བྱ་བའི་དོན་ཏོ། །རྨོངས་པར་གྱུར་ཅེས་བྱ་བ་ནི་རྣམ་པར་འགྱུར་པར་མ་གྱུར་བའོ། །རྒྱས་པ ་འདོད་གདུངས་གཡེན་སྤྱོ་བ་ཞེས་བྱ་བ་ལ་སོགས་པ་ལ་འདོད་པས་གདུངས་ཤིང་གཟིར་མ་ཡིན་པས་ན་འདོད་གདུངས་ཏེ། འདོད་པའི་འདོད་ཆགས་ཀྱིས་གཙེས་ཞེས་བྱ་བའི་དོན་ནོ། །གཡེན་སྤྱོ་བ་ཞེས་བྱ་བ་ནི་བརྟན་པ་དང་བྲལ་ཞིང་སེམས་གཡོ་བ་ཉིད་ཀྱི་ངོ་ཚ་མེད་པར་གྱུར་པའོ།། ་བུད་མེད་ཀྱི་ནི་རྡོག་པས་བསྣུན་ཞེས་བྱ་བ་ནི། བུད་མེད་ཀྱི་རྡོག་བདག་སྟི། དེའི་རྐང་པ་གཉིས་ཀྱིས་བསྣུན་ཞིང་བརྡེག་པ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་ཡིན་ཞེ་ན་རྒྱས་པའོ། །དེ་ཡང་འདི་ལྟར་དྲང་སྲོང་རྒྱས་པ་ཀ་ཤི་མཛེས་དགའ་མོ་དང་ལྷན་ཅིག་བག་ཕེབས་པར་འདོད་པའི་བདེ་བ་རྗེས་སུ་མྱོང་ཞིང ་འདུག་པ་ན། དུས་འགའ་ཞིག་གི་ཚོ་གྲོང་ཁྱེར་བ་ར་ཎཱ་སིར་རྒྱལ་པོ་ཚངས་པས་བྱིན་ལ་ཕས་ཀྱི་རྒོལ་བའི་འཇིགས་པ་ཉེ་བར་གྱུར་ནས། གང་གི་ཕྱིར་གཞོན་ནུ་རྣམས་ཀྱང་ཉིན་གཅིག་ལ་འོབས་ཁྲུ་བཅུ་བཅུ་རྐོར་བཅུག་པའི་ལུང་བསྒོ་བ་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཀ་ཤི་མཛེས ་དགའ་མོ་ལའང་ལུང་བསྒོ་བ་དང། དེས་གླ་རྔན་ཆེན་པོས་གླ་མའི་སྐྱེས་བུ་བརྩལ་ཀྱང་མ་སྙེད་ནས་སེམས་པ་ལ་ཞུགས་པར་གྱུར་ཏོ། །རྒྱས་པས་སྨྲས་པ། ཅིའི་ཕྱིར་ཁྱོད་མི་དགའ་བར་བྱེད། ཏོག་ཙེ་དང་སྐོན་པ་བྱིན་ཅིག་ངས་འོབས་བརྐོ་བར་བྱའོ། །ཞེས་སྨྲས་ནས། ཇི་ཙམ་ན་སོང་སྟེ། ། ་བརྐོས་པ་དང་འོབས་མ་རྫོགས་པར་ཉི་མ་ནུབ་བ་ལ་མངོན་དུ་ཕྱོགས་པར་གྱུར་ཏོ། །དེ་ནས་རྒྱས་པས་དགོངས་ཀའི་དུས་ལ་བབ་པོ། །སྙམ་ནས་མ་ལོག་པར་དེ་ཉིད་དུ་གནས་པར་གྱུར་ཏོ། །ཆུ་ཚོད་ལ་སོགས་པའི་མཚན་མས་ཉིན་མོ་རྫོགས་པར་གྱུར་ཅིང། མཚན་མོའི་དུས་ལ ་བབ་པར་ཤེས་ནས་རྒྱལ་པོ་དང་བློན་པོའི་གྲོང་ཁྱེར་བ་དང་བཅས་པ་སེམས་རྣམ་པར་གཡེངས་པ་དང། རྣམ་པ་དེ་འགྲོ་བ་ལ་བརྩོན་པར་གྱུར་བ་ན། ཇི་ཙམ་ན་བྲམ་ཟེ་གཞན་ཞིག་གི་འོབས་བརྐོ་བ་ལ་གཡེངས་པའི་སེམས་ཀྱི་རྒྱས་པ་མཐོང་བ་དང། ཡུན་རིང་མོ་ཞིག་ན་ངོ་ཤེས་པར་གྱུར་ཏོ། ། ་དེ་ནས་དེ་ལས་ཐོས་པ་དང། རྒྱལ་པོ་དང་བློན་པོ་གྲོང་ཁྱེར་གྱི་སྐྱེ་བོ་དང་བཅས་པ་དེའི་ཐང་དུ་སོང་སྟེ། རྐང་པ་གཉིས་ལ་གཏུགས་ནས་གཟོད་པར་གསོལ་བ་དང། དེ་གདོང་གཞན་དུ་ལྟ་ཞིང་བརྐོ་བ་ཉིད་ཀྱི་གནས་སོ། །དེ་ཡང་དམོད་པས་འཇིགས་སྐྲག་པ་དང། འདི་ནི་ཀ་ཤི་མཛེས ་དགའ་མོའི་སྐལ་བ་བསྐོ་བར་ཤེས་ནས་དེ་ལ་ཕྲིན་དུ་བསྐུར་བ། ཐུབ་པ་ཁྱད་པར་ཅན་འདི་ཁྱེད་ཀྱི་སྐལ་པའི་འོབས་བརྐོར་བཅུག་པ་ལས་སློང་ཞིག་ཅེས་བྱས་པ་དང། དེས་བུ་མོ་མངག་གཞུག་མ་ཞིག་ལན་གསུམ་གྱི་བར་དུ་གཏང་ཡང་དེ་ལངས་སུ་མ་འདོད་དོ། །དེ་ནས་དེ་རང་ཉིད་གཞོན་པ་ལ་ཞོན་ཏེ། འོངས ་ནས་དེ་ལས་བབས་ཏེ་རྐང་གདུབ་དང་བཅས་པའི་རྐང་པས་མགོ་བོར་བསྣུན་ཏེ། གང་གི་ཕྱིར་ད་ནི་སྐྱོ་བར་གྱུར་པས་ངས་ལན་གསུམ་གྱི་བར་དུ་ཕྲིན་བསྐུར་ན་ཅིའི་ཕྱིར་ལྡང་བར་མི་བྱེད། རྒྱས་པ་ཡིད་དགའ་བར་གྱུར་པ་དང་སྨྲས་པ། གང་གི་ཕྱིར་འདི་ལྟར་བར་དུ་བརྩེ་བས་ན་ཤིན་ཏུ་རྗེས་སུ ་བཟུང་བ་ཡིན་ནོ། །ཞེས་སྨྲས་ནས་ལངས་པར་གྱུར་ཏོ། །ཡང་ཁྱེད་ནི་ཁྱིམ་པར་གཞུག་པ་ནའང་ཞེས་བྱ་བ་བཙུན་མོའི་འཁོར་ལོ་སྟོང་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་དུ་ཟིན་ན་ཡང། ཕྱིར་ཞིང་འཁྲུགས་པར་གྱུར་པ་མེད་ཅེས་བྱ་བ་སྟེ། འདི་ལྟར་བཙུན་མོ་ལ་ཡིད་རྣམ་པར་བསྐྱོད་པའང་མེད་ན། འདི ་ལྟ་བུའི་གནས་སྐབས་སུ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་མི་སྲིད་པ་ཉིད་དུ་སྟོན་པ་ཡིན་ནོ། །རྣ་ཅན་འཐབ་དཀའ་ལ་སོགས་ལ་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་ཐོས་ཏེ། ཀུན་ཏི་བོ་ཛ་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད་པ་དེ་ལ་ཀུན་དི་ཞེས་བྱ་བའི་བུ་མོ་གཟུགས་དང་ལང་ཚོ་ལ་སོགས་པ་ཕུན་སུམ་ཚོགས ་པ་ཞིག་ཡོད་པ་དང། ཇི་ཙམ་ན་དྲང་སྲོང་གནས་ངན་ཞེས་བྱ་བ་དེའི་ཁྱིམ་དུ་ཞུགས་ནས་འོ་ཐུག་བླངས་པ་དང་མྱུར་བར་སྒྲུབ་སྟེ། འོ་ཐུག་གི་བཀང་བའི་སྣོད་ལག་པར་བླངས་ནས་ལག་པའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ཡང་བཞིན་དང་མདོག་རྣམ་པར་འགྱུར་བ་མེད་པར་གུས་པ་དང་བཅས་པར་ཟད་ལ ་སྤྱོད་དུ་བཅུག་ནས་ཟས་ཀྱི་མཐར་ཡང་ལག་པའི་པདྨ་གཉིས་པོ་དེ་མ་ཚིག་པར་མཐོང་ནས་ཡོངས་སུ་མགུ་བས་སྨྲས་པ། ང་ལས་མཆོག་ཁོར་ཞིག་གལ་ཏེ་མཉེས་པར་གྱུར་ན་བདག་སྐྱེས་བུ་གང་དང་གང་འདོད་པ་དེ་དང་དེ་བདག་ཉིད་ཀྱི་དབང་དུ་འགྱུར་བ་དེ་ལྟ་བུའི་མཆོག་སྩོལ་ཅིག་དེས་དེ་ལ་རིག་སྔགས་བྱིན་ནས ་རིག་སྔགས་འདི་ཁྱེད་ཀྱི་བཟླས་ན་ལན་ལྔའི་བར་དུ་ཁྱེད་མངོན་པར་འདོད་པའི་དངོས་གྲུབ་བྱེད་པར་འགྱུར་རོ། །ཞེས་སྨྲས་ནས་སོང་ངོ། །དེ་ཡང་གནས་ཀྱི་གཞིར་འདུག་སྟེ། ཅི་རིག་པ་འདིའི་དོན་བདེན་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་རྟོག་པ་སྐྱེ་ཞིང་དེ་ཉམས་སད་པའི་ཕྱིར་དེ་བཟླས་ནས་ཉི་མ ་དང་ཕྲད་པར་གསོལ་བ་བཏབ་པ་དང། སྐད་ཅིག་མ་དེ་ཉིད་ལ་ཉི་མ་ཤིང་རྟ་དང་བཅས་ཤིང་གོ་ཆ་དང་བཅས་པར་དྲུང་ན་འདུག་པ་དང་དེ་མཐོང་ནས་ཀུན་འདིས་ངའི་གན་དུ་མ་འོད་ཞིག་ཅེས་བཟློག་པ་དང། ཉི་མས་སྨྲས་པ། ང་ལ་གསོལ་བ་བཏབ་ནས་བྱ་བ་མ་བྱས་པར ་ང་མི་ལྡོག་གོ་།ཡང་ན་ཁྱེད་ཀྱི་རིགས་མ་ལུས་པ་རྣམ་པར་བརླག་པའི་དམོད་པ་གདབ་པར་བྱའོ། །དེས་སྨྲས་པ། ཇི་ལྟར་ན་རང་གི་རིག་གསུན་པར་བྱེད་ཅེས་སྨྲས་པ་དང། སླར་ཡང་གཞོན་ནུ་ཉིད་དུ་གྱུར་བའི་མཆོག་བྱིན་ནས་དེ་དང་ལྷན་ཅིག་འདོད་པའི་བདེ་བ་སྤྱད་ནས་ཉི་མ་སོང་ངོ། །དེའི་རྗེས་ཐོགས་ཉིད ་ལ་རྣ་ཅན་གོ་ཆ་བགེས་པ་དང་བཅས་པ། རྣ་བ་གཉིས་རྣ་ཆས་བརྒྱན་པ་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་གྲོགས་མོ་ཞིག་གི་སྦྲང་རྩི་དང་ནར་གྱི་ཁ་བཀང་སྟེ། ཤིན་ཏུ་འཇམ་པའི་གོས་ཀྱི་ལུས་དཀྲིས་ནས་སྒྲོམ་གྱི་ནང་དུ་བཅུག་ཏེ། དེ་བླངས་ནས་གང་གཱའི་?་གསུམ་མཚན་མོ་སོང་སྟེ་ཉི་མའི་བུ་ནི་མཛེས ་པ་འདི། སྒྲོམ་གྱི་རྒྱ་མཚོས་བསྲུང་བར་གྱིས། ལྷ་ཡི་ཚོགས་ནི་འདུས་པ་དང། །ཚངས་པས་ཀྱང་ནི་རྟག་ཏུ་སྲུངས་ཞེས་སྨྲས་ནས་གང་གར་བོར་རོ། །གང་གཱ་དང་ཐག་མི་རིང་བ་ན་ཡུལ་འཁོར་སྲུང་གི་རྟའི་སྤྱན་ལྷག་པའི་ཤིང་རྟ་ཞེས་བྱ་བ་རྟ་འཚོ་ཞིང་འདུག་པས་གང་གཱའི་ཆུ་བོས་སྒྲོམ ་ཁྱེར་ཞིང་འགྲོ་བ་མཐོང་བ་དང། དེ་བྲང་བའི་ཕྱིར་འཁོར་རྣམས་ལ་བསྒོ་ནས་ཁྱེར་ཏེ་འོངས་པ་མཐོང་བ་དང་འདིར་ངའི་བུར་བྱའོ། །སྙམ་ནས་བསོས་པར་གྱུར་ཏོ། །ཡང་དེའི་ཚེ་རི་དབང་ཆེན་ན་དགའ་བྱེད་དགྲ་སྟ་ཅན་ཞེས་བྱ་བ་མཚོན་ཆའི་སྦྱོར་བ་ལ་མཁས་པ་ཞིག་དཀའ་ཐུབ་སྤྱོད་པ་དང། ངེས ་འདི་ལྟར་དམ་བཅས་ཏེ་བྲམ་ཟེ་མ་ཡིན་པ་རྣམས་ལ་ངས་མཚོན་ཆའི་སྦྱོར་བ་འདི་བསླབ་པར་མི་བྱའོ། །ཞེས་དམ་བཅས་སོ། །རྣ་ཅན་ངེས་ཀྱང་བྲམ་ཟེའི་ཆ་ལུགས་སུ་བྱས་ཏེ། དེའི་གན་དུ་སོང་ནས་བྲམ་ཟེའི་མཚོན་ཆའི་སྦྱོར་བ་བསླབས་སོ། །དེས་ཀྱང་དེ་ལ་ཐམས་ཅད་བསླབས་སོ། །དེས་མཚོན ་ཆའི་སྦྱོར་བ་ལེགས་པར་བསླབས་ནས་འཐབ་དཀའ་ཨི་ཐད་དུ་སོང་སྟེ། དེ་ལ་བདག་ཉིད་རྟེན་པའི་ཕྱིར་སྟབས་ལ། དེས་ཀྱང་ཨང་གའི་ཡུལ་བྱིན་ཏེ། ཨང་གའི་རྒྱལ་པོར་གྱུར་ཏོ། །དེ་བཞིན་དུ་རྒྱ་ཆེར་སྦྱར་ཏེ། ཇི་ཙམ་ན་བརྒྱ་བྱིན་གྱི་བསམས་པ། ད་ནི་འཐབ་པའི་དུས་དང་ཉེ་བར་གྱུར ་བྱེད་རྣ?་ཅན་འདི་དང་སྲིད་བསྒྲུབ་རྩོད་པ་བྱེད་པར་འགྱུར་རོ། །སྙམ་ནས་བརྒྱ་བྱིན་བྲམ་ཟེའི་ཆ་ལུགས་སུ་བྱས་ཏེ་རྣ་ཅན་གྱི་གན་དུ་སོང་ངོ། །དེས་ཀྱང་ཅིའི་དོན་དུ་འོངས་ཞེས་ལན་གསུམ་གྱི་བར་དུ་དྲིས་ཤིང་མགྲོན་དུ་བོས་ཀྱང་གསལ་བར་སྨྲར་མ་འདོད་དོ། །ཇི་ཙམ་ན་ལན་བདུན་གྱི་བར་དུ་ཅི ་ཞིག་འདོད་ཅེས་དྲིས་པ་དང། ཁྱོད་ཀྱི་གོ་ཆ་འདོད་དོ། །ཞེའོ་དེས་སྨྲས་པ། ཅིའི་ཕྱིར་སྔར་ཁྱེད་མི་སྨྲ། ཐེ་ཚོམ་མེད་པར་ཁྱོད་ལ་སྦྱིན་པར་བྱའོ་ཞེས་སྨྲས་ནས། དེའི་འོག་ཏུ་རྡོ་རྗེའི་སྤུ་གྲི་བླངས་ནས་དེ་ལུས་ལས་གོ་ཆ་བཤུས་ཏེ་དེ་ལ་བྱིན་པ་དང། བརྒྱ་བྱིན་ཡོངས་སུ་འགུ་ནས་སྨྲས་པ ་གང་གིས་སློང་བ་མགུ་བྱའི་ཕྱིར། །རང་གི་སྲོག་ལའང་མི་སྤྱོད་པར། །རྣ་ཅན་ལྟ་བུའི་སྦྱིན་བྱེད་མེད། །ང་དང་འདྲ་བའི་རྩེ་བྲལ་མེད་ཅེས་སྨྲས་སོ། །འདི་དག་གི་གཏམ་ནི་ཤིན་ཏུ་མང་མོད་ཀྱི། འདིར་རྒྱས་པར་མ་སྨྲས་སོ། །འཐབ་དཀའ་བྱུང་བའི་གཏམ་ནི་འདི་སྐད་ཐོས་ཏེ། ཡན་ལག་དཀྲི་སྦྱིན ་དང་སྣ་ཚོགས་བརྩོན་འགྲུས་དང། འཇིགས་བྱེད་དང། རྒྱས་པ་སྟེ་བཞིན་ནི་གང་གཱ་ལས་སྐྱེས་པས་སྤུན་ཡིན་ནོ། །ཡན་ལག་བཀྲ་སྦྱིན་ནི་དྲི་ཟའི་རྒྱལ་པོ་ཡན་ལག་བཀྲ་སྦྱིན་ཞེས་བྱ་བས་མིང་གི་འཁོན་གྱི་གཡུལ་ངོར་བསད་དོ། །སྣ་ཚོགས་བརྩོན་འགྲུས་ནི་གཅོད་ཆེན་པོས་བཏབ་ནས་ཤིའོ ་འཇིག་བྱེད་ནི་ཚངས་པར་སྤྱོད་པ་ལ་ཞུགས་པར་གྱུར་པ་དང། བདེ་ལྡན་མས་འཇིག་བྱེད་ལ་སྨྲས་པ། ཡུ་བུག་ཅིག་རབས་ཆད་པར་འོང་བས་བུ་སྐྱེད་པའི་རྩོལ་པ་གྱིས་ཤིག་།དེ་སྨྲས་པ། ངེད་གཉིས་སྤུན་ཡིན་མོད་ཀྱི། ང་ནི་གཞོན་ནུ་ཉིད་ནས་ཚངས་པར་སྤྱོད་པས་འདོད་པའི་བདེ་བ་ཉམས ་སུ་མྱོང་བར་མི་ཕྱེའོ། །ཞེས་བཟློག་པ་དང། དེའི་རིགས་རྒྱུད་ཐམས་ཅད་འདུས་ཏེ། རྒྱས་པ་ལ་གསོལ་བ་བཏབ་ནས། ཨོཾ་བ་ཀི་དང། ཨོཾ་པ་ལི་ཀ་དང། ཏོག་ལྡན་མ་དེ་གསུམ་དང། རྒྱས་པ་འདུས་པ་ལས་རིམ་པ་བཞིན་དུ། ཡུལ་འཁོར་བསྲུང་དང། སྐྱ་བསེང་དང། བློ ་ལྡན་ཞེས་བྱ་བ་གསུམ་སྐྱེས་པ་ལས། ཡུལ་འཁོར་བསྲུང་དམུས་ལོང་དུ་གྱུར་པ་དང། སྐྱ་བསེང་གིས་ཆེན་པོ་ཀུན་ཏུ་རྒྱལ་བར་བྱས་ཏེ། ཡུལ་འཁོར་བསྲུང་ལ་བྱིན་ནོ། །ཡུལ་འཁོར་བསྲུང་ལ་རྒྱས་པས་མཆོག་སྦྱིན་དང། ཁྱེད་ཀྱི་ཆུང་མའི་དམ་པ་དྲི་ཟ་མོ་ལས་བུ་བརྒྱ་བསྐྱེད་པར ་གྱུར་ཅིག་།དེ་ལས་ཕུ་བོ་འཐབ་དཀའ་ཞེས་བྱ་བ་འབྱུང་པར་འགྱུར་རོ། །ཇི་ཙམ་ན་དྲི་ཟ་མོ་མངལ་དང་ལྡན་པར་གྱུར་ནས་ལོ་གསུམ་ནས་ཤའི་གོང་བུ་ལྕགས་ཀྱི་ཐོ་བ་འདྲ་བ་སྐྱེས་པ་དང། རྒྱས་པས་སྨྲས་པ། འདི་ཤའི་དུམ་བུ་བརྒྱར་གྱི་ལ་སོ་སོར་བཞག་སྟེ། ཆུ་གསིལ ་མོས་ཡང་དང་ཡང་དུ་གཏོར་ཅིག་།དེ་ནས་ཇི་ཙམ་ན་དེ་ལས་བུ་བརྒྱ་དབང་པོ་ཡོངས་སུ་རྫོགས་པ་བྱུང་བ་དང། བློ་ལྡན་གྱིས་ཡུལ་འཁོར་བསྲུང་ལ་སྨྲས་པ། འཐབ་དཀའ་འདི་ནི་སྡིག་པའི་མཚན་ཉིད་དང་ལྡན་པའི་གང་གིས་ན་འདི་ལ་བརྟེན་ནས་སྒ་ངན་གྱི་རིགས་ཐམས་ཅད་འཇིག་པར་འགྱུར ་བར་ཤེས་ཀྱི། འདི་རྣམ་པ་ཐམས་ཅད་དུ་བསད་པར་བྱ་སྟེ། བུ་གཅིག་བསད་ནས་སྲོག་ཆགས་མང་བའི་སྲོག་བྱིན་པ་ལ་ནི་ཉེས་པ་འགའ་ཡང་ཡོད་པར་མ་མཐོང་སྟེ། ཆོས་ཀྱི་བསྟན་བཅོས་དག་ལས། གང་གིས་འབྲས་བུ་ཆུང་འགྱུར་བ། །སྡིག་པ་ཆེན་པོ་དེ་མི་བྱ།། སྡིག་པ་ཆུང་ལ་དོན ་བྱ་བ། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་འབྱུང་ངོ་ཞེས་སྨྲས་པ་དང། དེ་བུ་ལ་རྩེ་བས་གསོད་པར་མ་ནུས་སོ། །སྐྱབས་བསེང་ནི་ནགས་སུ་དཀའ་ཐུབ་ལ་སོང། །བློ་ལྡན་ནི་ཆོས་ཀྱི་ཚིག་ཅན་ཡིན་ལ། ཡུལ་འཁོར་བསྲུང་ནི་ནུས་པ་མེད་པར་གྱུར་པ་དང། འཐབ་དཀས་རྒྱལ་པོ་བྱས་སོ། །དེ་ནས ་རྣ་ཅན་དང། འཐབ་དཀའ་གཡུལ་འགྱེད་པའི་བར་དུ་རྒྱ་ཆེར་སྦྱར་ཏེ། དེའི་ཚེ་སྲིང་སྒྲུབ་ཀྱི་གསོལ་བ་བཏབ་པས་ཁྱབ་འཇུག་ནི་ཤིང་རྟའི་ཁ་ལོ་བར་གྱུར་ནས་གཡུལ་ངོར་དེ་གྲངས་པར་གྱུར་ཏོ། །དེར་གནས་པ་ན། སྲིང་སྒྲུབ་ཀྱི་དཔུང་གི་ཚོགས་ཐམས་ཅད་ལ་བལྟས་ནས། འདི ་ལྟར་ཀུན་དིའི་བུས་ནི་དེ་བལྟས་ན། །ཐམས་ཅད་གཉེན་དུ་རྣམ་པར་གནས། །མཆོག་ཏུ་བརྩེ་བས་ནོན་པ་ཡིས། །ཞུམ་པ་ཡིས་ནི་འདི་སྐད་སྨྲས། །ཁྱབ་འཇུག་གཉེན་རྣམས་མཐོང་བས་ན། །འཐབ་པར་འདོད་དེ་གནས་པ་ལ། །བདག་གི་ལུས་ནི་ཞུམ་གྱུར་ཅིང། །ཁ་ཡང་ཡོངས་སུ་སྐམས ་པར་བྱེད། །ང་ཡི་ལུས་ནི་འདར་གྱུར་ཅིང། །སྤུ་ཡང་རྣམ་པར་ལྡང་བར་འགྱུར། །གཞུ་ནི་ལག་ནས་ལྷུང་གྱུར་ཅིང། །པགས་པའང་ཡོངས་སུ་ཚིག་པར་གྱུར། །ང་ཡི་ཡིད་ནི་རྣམ་འཁོར་བས། །གནས་པར་བྱ་བར་ནུས་མ་གྱུར། །གང་གི་དོན་དུ་རྒྱལ་སྲིད་དང། །ལོངས་སྤྱོད་བདེ་བ ་འདོད་གྱུར་པ། །དེ་ཉིད་སྲོག་དང་ནོར་རྣམས་ནི། །སྤངས་ནས་ང་དང་འཐབ་པར་གནས་ཞེས་བྱ་བ་ལ་སོགས་པ་སྨྲ་ཞིང་འཐབ་པར་མི་བྱེད་དོ། །ཇི་ཙམ་ན་ཁྱབ་འཇུག་གིས་དེ་སྤྲོ་བ་དང་བྲལ་བར་མཐོང་བ་དང། སྒྲ་ངན་རྣམས་བསད་པར་བྱ་བའི་ཕྱིར་སྤྲོ་བ་བསྐྱེད་པ་སྨྲས་པ། བུམ་སྐྱེས་འཇིགས་བྱེད་རྒྱས་པའི་ཤིང་རྟ ་རྣ་ཅན་དང། །དེ་བཞིན་འཇིག་རྟེན་དཔའ་བོ་གཞན་དག་ང་ཡིས་བསད། །ཁྱེད་ནི་སེམས་ལ་མི་དགར་མ་བྱེད་གསོད་པར་གྱིས། །གཡུལ་དུ་དགྲ་ལས་ངེས་པར་རྒྱལ་བ་ཉིད་དུ་གྱུར། །གཞན་ཡང་གང་གིས་འདི་ཀུན་རྒྱས་འགྱུར་བ། །དེ་ནི་མ་འཇིགས་ཤེས་པར་གྱིས། །མི་འཇིགས་པ་རང་མི་ཟད་པ། ་དེ་ནི་སུས་ཀྱང་བསད་མི་ནུས། །ལུས་འདི་མཛའ་དང་ལྡན་གྱུར་གྱི། །ལུས་ཅན་དག་ན་རྟེག་པར་བཤད། །འཇིག་ཅིང་ཚད་མེད་གྱུར་པས་ན། །འཐབ་པར་གྱིས་ཤིག་བྷ་ར་ཏ། །དཔེར་ན་གོས་སྙིང་དག་ནི་བོར་ནས་སུ། །སར་པ་གཞན་དག་མི་ནི་ལེན་པར་བྱེད། །དེ་བཞིན་ལུས་ནི་རྙིང་པ་སྤངས་ནས་སུ། །ལུས་གཞན་སར་པ ་དག་ནས་ངན་པར་བྱེད་ཅེས་བྱ་བ་ལ་སོགས་པ་སྨྲས་པས། དེའི་ཚིག་གི་རྗེས་སུ་འབྲེང་སྟེ། སྲིང་སྒྲུབ་ཀྱིས་གཡུལ་རྩེ་བ་ནས་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པས་བསད་པར་གྱུར་ཏོ། །སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་སོགས་པ། །སེམས་ཅན་ཞེས་བྱ་བ་ནི་སྲོག་ཆགས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕན་པར ་བཞེད་པ་ནི་ཕན་པ་ཉིད་མཛད་པར་བཞེད་པའི། །བཞེད་ནས་ཅི་ཞིག་མཛད་ཅེ་ནས། །ཁྱོད་ཀྱི་སྲོག་ཀྱང་བཏང་བར་མཛད་ཅེས་བྱ་བ་ཡིན་ཏེ། འདིར་པདྨ་ཅན་ལ་སོགས་པའི་སྐྱེས་པའི་རབས་དཔེར་སྦྱར་བར་བྱའོ།། །།ཁྱབ་འཇུག་གིས་ནི་སྒྱུ་བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་ནི་གཡོ ་བའི་རྣམ་པའོ། །དེ་སྒྱུ་བྱས་ནས་ཅི་ཞིག་བྱས་ཤེ་ན། གོམ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདི་སྐད་སྟོན་པར་འགྱུར་ཏེ། སའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་མིའུ་ཐུང་གི་གཟུགས་སུ་བསྒྱུར་ནས་སྟོབས་ལྡན་ལས་ཕྲོགས་པ་ཡིན་ལ། ས་དེ་ནི་ཁྱེད་ཀྱི་རྩ་དང་འདྲ་བར་ལན་མང་དུ་བཏང ་ཞིང་པོར་བར་གྱུར་ཏོ། །ཇི་ལྟ་བུ་ཁྱེད་ཀྱིས་ཤེ་ན། །ཐར་བཞེད་པ་ཞེས་བྱ་བ་སྨོས་ཏེ། ངེས་པར་ཐར་པ་ཉིད་ཐོབ་པར་བཞེད་པ་གང་ཡིན་པ་དེ་ནི་ཐར་པ་བཞེད་པའོ། །འདིར་མཐོང་དགའ་ཆེན་པོ་ལ་སོགས་པའི་མདོ་དཔེར་སྦྱར་བར་བྱའོ། །ཁྱབ་འཇུག་གི་སྒྱུ་བྱས་པའི་གཏམ་གང་ཡིན་པ་དེ་ནི་སྔར ་ཁྱབ་འཇུག་མིའུ་ཐུང་གཟུགས་བསྒྱུར་ནས་ཞེས་བྱ་བའི་སྐབས་སུ་སྨྲས་ཟིན་ཏོ། །དགའ་བྱེད་སྲོག་གཅོད་བྱེད་པའི་མདས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། དྲང་སྲོང་ཛ་མ་དག་ནི་ཞེས་བྱ་བ་དེའི་ཆུང་མ་རྡུལ་ཅན་མ་ཞེས་བྱ་བ་ལ། དེའི་བུ་ནི་དགའ་ ་བྱེད་ཅེས་བྱ་བ་ཤིན་ཏུ་དཔའ་བ་ཞིག་ཡོད་ལ། ཡང་དེའི་ཚེ་སྲིང་སྒྲུབ་བྱེད་རྩོམ་ཞེས་བྱ་བའི་རྒྱལ་པོ་ཞིག་བྱུང་སྟེ། དེ་བ་ལང་གི་ཚོགས་ཀྱི་གནས་སུ་སོང་བ་དང། དྲང་སྲོང་མིས་བྱིན་ཞེས་བྱ་བ་འཐབ་མོ་ལ་མངོན་པར་དགའ་བ་ཞིག་ཡོད་པ་དེའི་ཐད་དུ་སོང་སྟེ། སེར་བའི་སྒྲས་ཛ་མཱ་དག་ནི ་འདོད་བཞོས་ཀྱི་བཞིག་ཡོད་པ་སྐྲག་པ་དང། རྒྱལ་པོ་སྲིད་བསྒྲུབ་ཀྱིས་དྲིས་པ་ན། མིས་བྱིན་གྱིས་སྨྲས་པ། ཛ་མཱནའི་བུ་འཕོང་སློབ་བའི་གཞུ་རྒྱུད་བརྡབས་པས་བ་འདི་སྐྲག་པ་ཡིན་ནོ་ཞེས་བྱ་བ་དང། ངན་སྤོང་གི་རིགས་ལས་བྱུང་བའི་དགའ་བྱེད་ཀྱི་ཕ་རོལ་གནོན་པ་དང། ཡོན་ཏན ་གྱི་སྔགས་པ་སྨྲས་པ་དང་དེ་ཁྲོས་ནས་ཅི་ནས་ཀྱང། དགའ་བྱེད་དང་ལྷན་ཅིག་འཐབ་པར་བྱ་བའི་ང་རྒྱལ་སྐྱེས་ནས་བསྟི་གནས་སུ་སོང་སྟེ། བེའུ་ཕྲོགས་པ་དང། དགའ་བྱེད་བསམ་གཏན་ལ་གནས་པའི་ལུས་ཀྱི་སྟེང་དུ་སྤྲུལ་ཤི་བར་བསྒྱུར་རོ། །རྡུལ་ཅན་མ་ནི་ངང་ཚུལ་བཟང་བོ་ཅན་? ་ཡིན་པས། དེ་མེ་ཏོག་ཐུར་སོང་བ་ན་ཤིང་རྣམས་རང་ཉིད?་འདུད་པར་བྱེད་དོ། །དེས་རྒྱལ་པོ་མཐོང་ནས་ཡིད་ཆགས་པར་གྱུར་པ་དང། དེ་ནས་བརྩམས་ཏེ་ཤིང་རྣམས་འདུད་པར་མི་བྱེད་དོ། །དེ་ཛ་མཱན་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་ཤེས་པ་དང། ཆུང་མ་ལ་ཁྲོས་པས་དགའ་ ་བྱེད་ལ། མའི་མགོ་བོ་ཆོད་ཅིག་ཅེས་སྨྲས་པ་དང། དེས་ཀྱང་ཕས་ཚིག་ཏུ་བསྒོ་མ་ཐག་མགོ་བཅད་པར་གྱུར་ཏོ། །དེ་ནས་ཕ་མགུ་སྟེ། བུམ་མཆོག་སློངས་ཤིག་ཅེས་བྱས་པ་དང། དེས་ཀྱང་བདག་གི་མ་སླར་འཚོ་བར་མཛོད་ཅིག་པའི་མཆོག་བླངས་ནས་དེའི་ཚེ་བར་གྱུར་ཏོ། །དེ་ནས་བརྩམ ་ཏེ་རྒྱུ་དེ་ཁྲོས་པས་དགའ་བྱེད་ཀྱི་བདག་གི་འཇིག་རྟེན་དུ་རྒྱལ་རིགས་ཅིག་ཀྱང་མེད་པར་བྱའོ། །ཞེས་དམ་བཅས་སོ། །དེའི་འོག་ཏུ་དགྲ་སྟ་ཐོགས་ཏེ་ཆ་ནས་རྒྱལ་པོ་སྲིང་སྒྲུབ་དང་ལྷན་ཅིག་གཡུལ་སྦྲང་ནས་ཇི་ཙམ་ན་དེ་ལ་ལག་པ་སྟོང་ཡོད་པ་དགྲ་སྟས་ཐམས་ཅད་བཅད་དེ་ས་ལ་ལྷག ་པར་བྱས་སོ། །དེ་ནས་མགོ་བཙུགས་ནས་རྒྱལ་རིགས་རྣམས་རྩད་ནས་བརླག་པའི་ཕྱིར། ཞུགས་ཤིང། འཇིག་རྟེན་དུ་རྒྱལ་རིགས་རྣམས་མེད་པར་བྱས་སོ། །དེ་ལྟར་ན་འཇིག་རྟེན་དུ་རྒྱལ་རིགས་རྣམས་མེད་པ་ཉིད་དུ་བྱས་པས། །འཇིག་རྟེན་རྒྱལ་རིགས་མེད་བྱས་ནས་ཞེས་བྱའོ། །གང་གིས་བྱས་ཤེ་ན། ་སྲོག་གཅོད་བྱེད་པའི་མ་ངས་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་རྣམས་ཟད་ཅིང་མེད་པར་བྱེད་པ་ནི་སྲོག་གཅོད་པ་སྟེ། དེ་བྱེད་བ་རི་མདའ་ཡིན་པས་ན། སྲོག་གཅོད་བྱེད་པའི་མདའ་སྟེ་དེས་སོ། །གྲགས་པ་ཐོབ་པ་གང་ཡིན་པ་ཞེས་བྱ་བ་ནི་སྙན་པ་ཐོབ་ཅིང་སྙེད་པའོ། །དགའ་བྱེད་ཅེས་བྱ་བ་ནི་དགའ་བྱེད་དགྲ་སྟ་ཅན་ནོ། །དེ ་ཞེས་བྱ་བ་ནི་དགའ་བྱེད་ཀྱི་བྱ་བའོ། །ཁྱོད་ཀྱི་བསྟན་ལ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལའོ། །གྲགས་པ་མིན་ཞེས་བྱ་བ་ནི་མི་སྟན་པར་གྱུར་པའོ། །དེ་ཡང་འདི་ལྟར་ཁྱོད་ཀྱི་བསྟན་པ་ལ་སྲོག་ཆགས་གྲོག་སྐུར་ཙམ་བསད་པ་ཡང་སྨད་པར་བྱ་བའི་གནས་ཡིན་ན། རྒྱལ་རིགས ་རྣམས་བསད་པ་ལྟ་སྨོས་ཀྱང་ཅི་དགོས།། །།སྒྲ་ངན་དང་ནི་སྐྱ་བསེང་དག་ཅེས་བྱ་བ་ལ་སོགས་པ་ལ། སྒྲ་ངན་ནི་འཐབ་དཀའ་ལ་སོགས་པའོ། །སྐྱ་བསེང་ནི་གཡུལ་ངོར་བསྟན་པ་ལ་སོགས་པ་སྟེ་དེ་དག་གོ་།གང་གི་ཕྱིར་ནི་གཡུལ་བཀྱེ་བ་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་དཔལ ་གང་གི་དོན་དུ་གཡུལ་འགྱེད་ཅིང་འཐབ་པར་བྱེད་པའོ། །དེ་ཡང་རྒྱལ་སྲིད་ཀྱི་དཔལ་ཉེ་བར་བསྡུ་བའི་དོན་དུ་དེ་རྣམས་ཀྱི་གཡུལ་སྤྲད་པས་དཔུང་གི་སྡེ་ཚོགས་བཅོ་བརྒྱད་ཀྱི་གྲངས་ཀྱི་བསྡུས་པའི་སྲོག་ཆགས་རྣམས་འཆི་བའི་དབང་དུ་གྱུར་ཏོ། །དཔལ་དེ་ཞེས་བྱ་བ་ནི་ས་སྟེང་གི་རྒྱལ་སྲིད་ཕུན་སུམ ་ཚོགས་པ་སྟེ། དེ་སྤངས་ཤིང་ཡོངས་སུ་དོར་བའོ། །དེ་ཇི་ལྟ་བུར་སྤངས་ཤེ་ན། འཁྲི་ཤིང་གདུག་པ་བཞིན་དུ་ནི་ཞེས་བྱ་བ་སྨོས་སོ། །ཤིང་གར་ལ་གདུག་པའི་སྦྲུལ་རྣམས་ཀྱིས་དཀྲིས་ནས་འདུག་པ་དེ་ལ་འགའ་ཞིག་འཇིགས་པས་སྤོང་བར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཉེ་བར་སྤྱོད ་པའི་སྦྲུལ་གྱི་དུག་གིས་རྨེས་ཤིང། སྐད་ཅིག་མ་ཙམ་དུ་དགའ་བ་ཡོངས་སུ་གྱུར་ན་སྡུག་བསྔལ་གྱི་རྒྱལ་སྲིད་དཔལ་ཡོངས་སུ་སྤངས་ནས་བལྟོས་པ་མེད་པར་རབ་ཏུ་གཤེགས་པ་ཡིན་ནོ། །ཁྱོད་ཀྱི་བསྟན་པ་རྙེད་པ་ན་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་བསྟན་པ་ཞེས་བྱ་བ་ནི་མགོན་པོ་ཁྱོད་ཀྱི ་བསྟན་པ་ཆོས་འདུལ་བའི་གསུང་རབ་ཅེས་བྱ་བའི་དོན་ཏོ། །དེ་རྙེད་པ་ནི་བརྟགས་ནས་ཤེས་པའོ། །ཐང་ཤིང་ནགས་ན་ཞེས་བྱ་བ་ནི་ཐང་ཤིང་གི་ནགས་ཚལ་ཏེ། དེ་ན་ལྷ་ཆེན་པོ་ཞེས་བྱ་བ་བདེ་བྱེད་དོ། །རྣལ་འབྱོར་ནི་བསམ་གཏན་གྱི་ཁྱད་པར་ཏེ། ་དེ་ལ་དབང་བྱེད་པས་ན་རྣལ་འབྱོར་དབང་ཕྱུག་ཅེས་བྱ་སྟེ། བསམ་གཏན་སྣ་ཚོགས་པ་ཐོབ་པའི་དྲང་སྲོང་རྣམས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་གྱི་དབང་ཕྱུག་གི་སྤྱོད་པ་ནི་ལུས་ཀྱི་རྣམ་པར་འགྱུར་བའོ། །གང་ཞེས་བྱ་བ་ནི་བསྟན་པའོ། །དེ་ནི་ཞེས་བྱ་བ་ནི་བཤད་པའོ། ། ་མི་ཤེས་པ་ནི་ཀུན་ཏུ་རྨོངས་པ་སྟེ། དེའི་སྤྱོད་པ་ནི་རྣམ་པར་འགྱུར་བའི་ཚུལ་ཡིན་པས་ན་མི་ཤེས་སྤྱོད་པར་བས་ཞེས་བྱའོ། །དེ་ཡང་འདི་སྐད་སྟོན་ཏེ། ཐང་ཤིང་གི་ནགས་ན་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་གི་དྲང་སྲོང་རྣམས་ལ་ལྷ་ཆེན་པོས་སྤྱོད་པ་གང་ཞིག་བྱས ་པ་ཐོས་ན་དེ་ནི་ཁྱེད་ཀྱི་བསྟན་པའི་གསུང་རབ་ལ་བལྟོས་ན་ཤིན་ཏུ་མི་ཤེས་པས་ལྡོངས་པའི་རྣམ་པར་འཕྲུལ་པ་ཡིན་པར་ཤེས་སོ། །འདིའི་གཏམ་གང་ཡིན་པ་དེ་ནི་ལྷ་ཆེན་འདོད་པ་ཅན་གྱི་མཚན་ཞེས་བྱ་བའི་སྐབས་སུ་བྲིས་པས་ཡང་མ་བྲིས་སོ།། །། ་དབང་པོ་གཤོལ་མེད་བྱི་བོ་ཞེས། ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་ཞེས་བྱ་བ་ནི་བརྒྱ་བྱིན་ནོ། །གཤོལ་མེད་ཅེས་བྱ་བ་ནི་དྲང་སྲོང་གཽ་ཏ་མའི་ཆུང་མའོ། །བྲམ་ཟེ་ད་དུང་བར་དུ་སྒྲོགས་ཞེས་བྱ་བ་ནི་བྲམ་ཟེ་རྣམས་ད་དུང་ཡང་དམོད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། བྱི་པོ་ཞེས ་བྱ་བ་སྟེ་མི་རིགས་པར་སྤྱོད་པའོ། །དེ་ཡང་རིགས་བྱེད་ཀྱི་བརྒྱ་བྱིན་འབོད་པའི་སྐབས་ནས་གཤོལ་མེད་བྱི་བོ་ཞེས་འདོན་པའི་ཕྱིར་རོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཁྱོད་ཀྱི་ཡོན་ཏན་གྱི་གྲགས་པ་ནི་བརྒྱ་བྱིན་ཉིད་སྒྲོགས་ཤིང་བསལ་བར་བྱེད་དོ། །ཅི་ཞིག་སྒྲོགས ་ཤེ་ན། འབྲས་བུ་མཆོག་བརྙེས་པ་ཞེས་བྱ་བ་ཡིན་ཏེ། འབྲས་བུ་མཆོག་གི་སྒྲ་ནི་འདིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིན་པར་འདོད་དེ། འཇིག་རྟེན་པའི་འབྲས་བུ་ཐམས་ཅད་ལ་བལྟོས་ནས་དེ་སྐད་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཟག་པ་མེད་པའི་ལམ་གྱིས ་ཐོབ་པ་དང། མི་འཕོ་བ་ཉིད་ཡིན་ནོ། །དེ་ཡང་འབྲས་བུ་རམ། ངེས་པ་སྔོན་འགྲོ་ལས་ཞེས་བྱ་བ་ལ་སོགས་པ་ཆོས་མངོན་པ་ལས་བཤད་པ་དང། འདིར་བརྒྱ་བྱིན་གྱིས་ནུས་པའི་མདོ་དཔེར་སྦྱར་བར་བྱའོ།། །།ཁྱབ་འཇུག་གིས་ནི་ནག་ཁྲ་བོས་ཞེས་བྱ་བ་ལ་སོགས ་པ་ལ། འཇིག་རྟེན་འདིར་ལྷ་མ་ཡིན་ནག་ཁྲ་བོ་ཞེས་བྱ་བ་དང། ཀུན་གཏོང་ཞེས་བྱ་བ་ཕ་རོལ་གནོན་པ་ཆེན་པོ་དང་ལྡན་པ་གཉིས་ཤིག་བྱུང་བ་དང། དེ་དག་ཕན་ཚུན་དྲེགས་པའི་དབང་གིས་མི་མཐུན་པར་གྱུར་ལ། དེས་ཀྱང་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱིར་རོ། ། ་བརྩོན་པ་ནི་ཁྱབ་འཇུག་གིས་དེའི་བརྩོན་པ་མི་བཟོད་པས་གསོད་པའི་ཐབས་ལ་བརྩོན་པར་བྱེད་དོ། །ཇི་ཙམ་དུ་དུས་གཞན་ཞིག་གི་ཚེ་ཁྱབ་འཇུག་འཁོར་ལོ་ཐོགས་ཏེ། ནག་ཁྲ་བོའི་གན་དུ་སོང་ནས་དེ་དང་ལྷན་ཅིག་འཐབ་པ་ལ་ཞུགས་པ་དང། དེ་ནས་དེའི་དབྱུག ་པས་བསྣུན་ཏེ། ལུས་སྣད་པར་གྱུར་པས་ཁྱབ་འཇུག་འདར་ཞིང་ཞུམ་དང། །འབྲོས་པར་རྩོམ་པ་དང། གནས་གཞན་མ་རྙེད་པས་ཀུན་གཏོང་ཉལ་བའི་ཁྲིའི་འོག་ཏུ་ཞུགས་པར་གྱུར་ཏོ། །དེ་ཡང་འགྱོགས་པར་འོང་ནས་གར་སོང། སླར་བྱུང་ཞིག་ཅེས་སྨྲས་པ ་དང་།ཀུན་གཏོང་གཉིད་སད་པར་གྱུར་ཏོ། །སད་ནས་ཀྱང་དེ་འོངས་པ་མཐོང་ཞིང་ཁྲིའི་འོག་ནས་སྐྱོབས་ཤིག་ཅེས་ཉམ་ཐག་པའི་སྒྲ་ཐོས་ཏེ་བསམ་པ། འདི་ནི་ངེས་པར་ཁོ་བོ་བསང་བའི་ཕྱིར་འོངས་ལ་ངའི་བསྙེན་བཀུར་བ་ནི་སྐྲག་ནས་ཁྲི་འདིའི་འོག་ཏུ་ཞུགས་པ་ཡིན་ནོ། ། ་སྙམ་དུ་བསམས་ནས། གཞན་གྱི་བརྙས་པ་ཆེན་པོ་འདི་ལྟ་བུ་སུ་ཞིག་གིས་བཟོད་པར་ནུས་ཞེས་སྨྲ་ཞིང། མཚོན་ཆ་བླངས་ཏེ་ལངས་ནས། དེ་དག་ཕན་ཚུན་འཐབ་པར་གྱུར་པ་དང། གཉིས་ཀ་ཤི་བར་གྱུར་ཏོ། །ཁྱབ་འཇུག་ནི་སྲེད་མེད་ཀྱི་བུའོ། །ནག་ཁྲ་བོ་ནི་ལྷ་མ་ཡིན ་ཏེ། དེས་བྲེད་ཅིང་འཇིག་པས་ནག་ཁྲ་བོས་བྲེད་པའོ། །དེས་འཐོམས་པར་གྱུར་པ་ནི་སེམས་འཁྲུག་པར་གྱུར་པའོ། །ཀུན་གཏོང་ཁྲིའི་འོག་ཏུ་ཞུགས་པར་གྱུར་ཅེས་བྱ་བ་ནི་ལྷ་མ་ཡིན་ཀུན་གཏོང་གི་ཁྲིའི་འོག་ཏུ་འཇིགས་པས་ཞུགས་པར་གྱུར་པའོ། །གཙོ་ཁྱོད ་ཅེས་བྱ་བ་ནི་བོད་པ་སྟེ། དབང་ཕྱུག་ཅེས་བྱ་བའི་དོན་ཏོ། །བསྙེངས་མི་མངའ་ཞེས་བྱ་བ་ནི་བསྙེངས་ཤིང་འཇིགས་པ་མི་མངའ་བ་གང་ཡིན་པ་དེ་ནི་བསྙེངས་པ་མི་མངའ་བའོ། །གང་ལ་མི་བསྙེངས་ཤེ་ན། ཀུན་ཏུ་ཞེས་སྨོས་པ་ཡིན་ཏེ། ་དེ་བཞིན་གཤེགས་པ་ནི་འཇིག་པ་ཐམས་ཅད་ལས་བརྒལ་བའོ། །ཞེས་གསུངས་པ་ཡིན་ནོ། །སྐྱེ་དགུའི་བདག་པོ་རང་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཐོས་ཏེ་བར་གྱི་བསྐལ་པ་འདི་ལ་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་ལ། ཇི་ཙམ་ན་བུ་མོ་བརྟུལ་ཞུགས ་བཟང་མི་ཞེས་བྱ་བ་གཟུགས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ལྷའི་བུ་མོ་གཞན་རྣམས་ཟིལ་གྱིས་མནན་ནས་གནས་པ་ཞིག་སྐྱེས་ཏེ། གང་གིས་ན་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་འཇིག་རྟེན་ཐམས་ཅད་འབྱིན་པ་ཡང་ངོ་མཚར་གྱི་བློ་སྐྱེས་ཏེ། ངས་ནི་འདི ་ལྟ་བུ་འབྱིན་ཅིང་སྐྱེད་པར་མི་ནུས་སོ་སྙམ་མོ། །དེ་ནས་དེ་བླངས་ཏེ། ཚངས་པའི་འཇིག་རྟེན་དུ་སོང་བའི་བར་དུ་སྦྱར་རོ། །ཇི་ཙམ་ན་ཚངས་པ་དང། དབང་ཕྱུག་ཆེན་པོ་དང། ཆོས་ཀྱང་ལུས་དང་ལྡན་པར་གནས་གཅིག་ཏུ་ཚོགས་པར་གྱུར་པ་དང། ངའི་བུ་མོ་དཔལ ་མོ་ཡང་ཟིལ་གྱི་མནོན་པ་འདི་ལ་ལྟོས་ཤིག་ཅེས་སྨྲས་ནས་དེ་ཉིད་དུ་འདུག་གོ་།ཇི་ཙམ་ན་ཚངས་པ་འདོད་ཆགས་སྐྱེས་ཏེ། རང་གི་ཡིད་འཛིན་པར་མ་ནུས་ནས་དེ་དང་ལྷན་ཅིག་ལོག་པར་ཞུགས་སོ། །དེ་བཞིན་དུ་དབང་ཕྱུག་ཆེན་པོ་དང་ཆོས་དང། སྐྱེ་དགུའི་བདག་པོ ་མྱུར་བ་ཡང་དེ་ལ་ལོག་པར་སྤྱོད་པར་ཞུགས་སོ། །དེའི་རྗེས་ཐོགས་ཉིད་ལ་བུ་ཞིག་ཁ་དོག་བཅས་ཞེས་བྱ་བ་དུས་གཅིག་ཏུ་སྐྱེས་སོ། །དེ་ནས་ཚངས་པས་སྨྲས་པ། ཐམས་ཅད་ངའི་བུ་ཡིན་ནོ། །དབང་ཕྱུག་ཆེན་པོ་ལ་སོགས་པས་ཀྱང་དེ་སྐད་སྨྲས་པ་དང། ་རྒྱུ་དེ་ལས་ཚངས་པའི་འཇིག་རྟེན་ནས་ཅ་ཅོའི་སྒྲ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །གཏམ་དེ་ཐོས་ནས་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་འོངས་ནས་རྩོད་པ་ཞི་བར་བྱ་བའི་ཕྱིར། བུ་ནི་ཕལ་ཆེར་འཇིག་རྟེན་ན། ཕ་དང་འདྲ་བར་འགྱུར་བས་ན། གཟུགས་ཀྱི ་གང?་ཞིག་གང་དང་འདྲ། །དེ་ནི་དེ་ཡི་ཡིན་ཞེས་བྱ་ཞེས་སྨྲས་སོ། །དེའི་འོག་ཏུ་གཟུགས་དང་མཐུན་མཐུན་དུ་རང་རང་གི་སུ་ཡོངས་སུ་བླངས་པར་གྱུར་ཏོ། །སྐྱེ་དགུའི་བདག་པོ་ནི་མྱུར་བ་ཞེས་བྱ་བའོ། །རང་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །བུ་མོ་ནི་བདག་ཉིད་ཀྱིའོ། །འཁྲིག ་ཞེས་བྱ་བ་ནི་འདོད་པ་སྤྱད་པ་སྟེ། དེ་དང་ལྷན་ཅིག་འདོད་པའི་བདེ་བ་ཉམས་སུ་མྱོང་བའོ། །ཐོས་ཞེས་བྱ་བ་ནི་གཏམ་དེ་ལྟར་ཐོས་པའོ། །ཐུབ་པ་ཁྱོད་ཅེས་བྱ་བ་ནི་བོད་པའོ། །སློབ་མ་ལའང་ཞེས་བྱ་བ་ནི་ཉན་ཐོས་རྣམས་ལའང་ཞེས་བྱ་བའི་དོན་ཏེ། སངས་རྒྱས་བཅོམ་ལྡན་འདས ་ལན་སྨོས་ཀྱང་ཅི་དགོས། ཞེས་པའི་པའང་གི་སྒྲ་ལས་ཤེས་པར་བྱའོ། །ཚངས་པར་སྤྱོད་པ་སྐྱོན་མ་མཆིས་ཞེས་བྱ་བ་ལ་ཚངས་པར་སྤྱོད་པ་ནི་དབང་པོ་སྡོམ་པ་དང། ཚུལ་ཁྲིམས་ཀྱི་སྡོམ་པ་ཞེས་བྱ་བའི་དོན་ཏོ། །སྐྱོན་མ་མཆིས་ཞེས་བྱ་བའི་ཚངས་པར་སྤྱོད་པ་གང ་ལ་རྙོག་པའི་དྲི་མ་མེད་པ་དེ་ནི་སྐྱོན་མ་མཆིས་པའོ། །བྲམ་ཟེ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་ལེན་པ་ནི་སྦྱིན་པ་ལེན་པ་སྟེ། དེ་གཉིས་མཉམ་པར་གནས་པའི་ཕྱིར་སྦྱིན་པ་ལེན་བཞིན་ཞེས་བྱའོ། །ཅི་ཞིག་ཅེ་ན་འཕོ་བར་སྨྲ་ཞེས་བྱ་བ་སྨོས་སོ། ། ་ཇི་ལྟར་ཞེ་ན། དགེ་སྡིག་དག་ཅེས་བྱ་བ་སྨོས་ཏེ། དགེ་བ་ནི་བསོད་ནམས་ཏེ་ལེགས་པར་སྤྱད་པའོ། །སྡིག་པ་ནི་བསོད་ནམས་མ་ཡིན་པ་དེ། ཉེས་པར་སྤྱོད་པའོ། །དགེ་བ་དང་སྡིག་པ་དེ་དག་འཕོ་བ་ནི་རྣམ་པར་འཕོ་བའོ། །སུ་ཞིག་ད་ལྟར་ཟེར་ཞེ་ན། བྲམ ་ཟེ་རྣམས་ནི་ཞེས་བྱ་བ་སྨོས་ཏེ། དྲང་སྲོང་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་གསེར་དང། དབྱིག་དང། ཟས་དང་སྐོམ་ལ་སོགས་པ་ནི་གཞན་དག་ལ་སྦྱིན་པ་དང། གཞན་དག་ལས་ལེན་པ་རིགས་པ་དེ་བཞིན་དུ། བསོད་ནམས་དང་སྡིག ་པ་ཡང་དེ་དང་འདྲའོ། །ཞེས་བྱ་སྟེ། དེ་ཡང་བྲམ་ཟེ་རྣམས་འདི་སྐད་ཅེས། བྲམ་ཟེ་གསོད་པ་ལ་སོགས་པའི་སྡིག་པ་གཞན་དག་ལ་རང་དགས་ལེན་པ་ནི་འཕོ་བར་འགྱུར་ཞིང། བསོད་ནམས་ཀྱང་དེ་དང་འདྲའོ། །ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་ནོ།། ་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེ་ལྟར་ཡིན་ན་བྱས་པ་ཆུད་ཟ་པར་འགྱུར་ཏེ། ལེགས་པར་སྤྱོད་པ་དང་ཉེས་པར་སྤྱོད་པ་བྱས་ནས་རྣམ་པར་སྨིན་པ་མ་སྨིན་པར་ཆུད་ཟ་བར་ཐལ་བར་འགྱུར་ཏེ། གཞན་དག་པ་རྣམ ་པར་སྨིན་པ་བྱིན་པའི་ཕྱིར་རོ། །ལེགས་པར་སྤྱོད་པ་དང། ཉེས་པར་སྤྱོད་པ་མ་བྱས་པ་དང་ནི་ཕྲད་པར་ཐལ་བར་འགྱུར་ཏེ། གཞན་གྱིས་བྱས་པའི་སྡུག་པ་དང་མི་སྡུག་པའི་འབྲས་བུ་འདི་དག་ལ་སྤྱོད་པའི་ཕྱིར་རོ། །དེ་བས་ན་དེ་དག་ནི་རིག་པ་མ་ཡིན་ཏེ། ་གང་གི་ཕྱིར་གལ་ཏེ་གཞན་གྱི་བྱས་པ་གཞན་སྤྱོད་པར་འགྱུར་ན་ནི། ཕས་ཟན་ཟོས་པ་ཙམ་གྱིས་ཅིའི་ཕྱིར་བུ་འབྲངས་པར་མི་འགྱུར། གལ་ཏེ་རང་གིས་རྟོགས་པ་གཞན་ལ་སྐྱེ་ན་ནི་བསྟན་བཅོས་ལན་ཅིག་ཐོས་པས་བསྟན་བཅོས་ཐམས་ཅད་འཛིན་ཅིང ་ཤེས་པར་ཇི་ལྟར་མི་འགྱུར་གལ་ཏེ་འཕོ་བ་ཡོད་ན་ཅིའི་ཕྱིར་རྟོག་པ་ཉིད་ལས་འཕོ་བར་འགྱུར། གཞན་དག་བསྟན་ལ་དགེ་བ་མི་བྱེད་དེ། གཞན་གྱི་བྱས་པ་འདི་ཡིས་རྗེས་མི་འགྲོ། རང་གི་ཐོབ་པས་བྱང་ཆུབ་མི་ཟ་ཞིང། །མ་བྱས་པ་ཡི་མ ་བྱས་གྲུབ་ཡོད་མིན། །མ་བྱས་པ་ནི་ནམ་ཡང་བྱས་མ་ཡིན། །མ་བྱས་པ་ལས་གཞན་དུ་བདེར་མི་འགྱུར། །འབྱོར་པ་དེར་ནི་འགྲོ་བ་ཡོད་མིན་ཏེ། །དེ་བས་དགེ་ལས་བྱ་བ་ལ་འབད་ཀྱི། །ཤེས་བཤད་པ་ཡིན་ནོ། །སེར་སྐྱས་བདག ་གི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་མཚན་ཉིད་ཅེས་བྱ་བ་ནི་སྐྱེས་བུའི་མཚན་ཉིད་དོ། །ཤེས་དང་ལྡན་ཞེས་བྱ་བ་ནི་རྟོགས་པ་དང་ལྡན་པ་སྟེ། ཤེས་པའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་ནི་ཤེས་པ་དང་ལྡན་པ་སྐྱེས་བུའི་རང་གི ་ངོ་བོར་བརྟགས་པའོ། །དེ་ཡང་བསྐལ་བ་དང་པོའི་ཚེ་སེར་སྐྱ་ཞེས་བྱ་བའི་དྲང་སྲོང་ཞིག་བྱུང་སྟེ། དེ་ནི་གྲངས་ཅན་གྱི་བསྟན་བཅོས་རྩོམ་པར་བྱེད་པ་ཡིན་ལ། དེའི་སློབ་མ་ཡང་སེར་སྐྱ་པ་ཞེས་བྱ་སྟེ། སེར་སྐྱའི་བུ་ཡིན་པས་ན་སེར་སྐྱ་པ་ཞེས་སློབ ་མ་ལ་ཡང་བུ་ཞེས་བྱ་ལ་སེར་སྐྱ་པ་སྟེ་ཡོངས་སུ་བརྟག་པ་ནི་ཁས་བླངས་པ། འདི་ནི་རིག་པ་མེད་པས་ཡོངས་སུ་བརྟགས་པ་ཙམ་ཁོ་ན་ཡིན་ནོ། །ཞེས་སྟོན་ཏོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཁས་བླངས་པར་གྱུར་ན་བདག་དེ་མི་རྟག་པ་དང་མི ་བསྟན་པ་དང། སྐད་ཅིག་མར་འཇིག་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་མགོན་པོ་ཁྱོད་ཀྱི་བསྟན་ཏོ། །དེ་ཡང་དེ་རྣམས་ཀྱིས་སྐྱེས་བུ་ནི་སེམས་དང་ལྡན་པ་དང། རྟག་པ་ཉིད་ཡིན་པར་ཁས་འཆེ་བ་མི་རིགས་སོ། །དེ་ཡང་གང་གི་ཕྱིར་དང་པོ་མིག་གི་དབང་པོས ་གཟུགས་ཤེས་པར་འགྱུར་ལ། དེའི་ཚེ་སྐྱེས་བུ་སྒྲ་ལ་སོགས་པ་ཤེས་པར་འགྱུར་བ་ན། གལ་ཏེ་ཤེས་པའི་གཟུགས་ཅན་རྟག་པ་ཡིན་ན་དེ་རྟག་ཏུ་ཡུལ་གཟུགས་ཤེས་པ་ཉིད་དུ་འགྱུར་ལ། དེ་བས་ན་སྒྲ་ལ་སོགས་པ་ལ་འོན་པ་དང་ལྐུག་པ་དང་འདྲ་བར ་འགྱུར་ན། འཇིག་རྟེན་ན་འདི་ལྟ་བུ་ནི་མི་སྣང་ངོ། །ཡང་ན་དབང་པོ་གཞན་དག་གིས་གཟུགས་ཤེས་པར་འགྱུར་ན། ཡང་ལན་འགའ་སྒྲ་ལ་སོགས་པ་གཞན་དག་གིས་ཤེས་པར་འགྱུར་བས་འདི་ནི་གསལ་བ་ཉིད་དུ་ཤེས་པ་དང་ལྡན་པར་འགྱུར་ཏེ། རྣམ་པར ་འགྱུར་བ་ལ་སོགས་པའི་ཉེས་པ་ཡོད་པར་ཐལ་བར་འགྱུར་རོ། །འདིར་སྨྲས་པ། རྟག་འགྱུར་ཡུལ་རྣམས་ཀུན་ལྡན་པའི། །སྐྱེས་བུ་ཞེས་ནི་ཇི་ལྟར་བརྗོད། །རྒྱུ་གཞན་དག་ལ་བལྟོས་བཅས་ན། །དེ་ལྟ་ན་ནི་ཇི་ལྟར་བརྟག་།གང་ཡང་ཅུང་ཟད་རྟོགས ་གྱུར་པ། །དེ་ཀུན་བསྟན་པའི་བདག་ཅག་མིན། །གལ་ཏེ་བུམ་ལྟར་བདག་མི་བརྟག་།དེ་ཚེ་རི་བོང་རས་མཚུངས་འགྱུར། །དོན་གྱི་བྱ་བ་ནུས་པ་གང། །དོན་དེ་དམ་པའི་དོན་དུ་ཡོད། །མེད་ཅིང་སྐད་ཅིག་པར་དེ་འགྱུར། །རིམ་དང་རིམ་པ་མིན་པར་འགའ་ ་ཞེས་བྱ་བ་ལ་སོགས་པའི་རིགས་པ་ཡིན་ནོ། །གཟེགས་ཟན་ཞེས་བྱ་བ་ནི་དྲང་སྲོང་ཆེན་པོའོ། །ཤེས་པ་ཞེས་བྱ་བ་ནི་རྟོགས་པའི་བདག་ཉིད་ཅན་ཏེ། གཞན་གྱི་དོན་གྱི་རང་གི་ཡོན་ཏན་ནའོ། །དེ་བས་ན་བདག་ནི་གཞན་ཡིན་གྱི། །ཇི་ལྟར་གྲངས་ཅན་གྱི ་ཤེས་པའི་སྐྱེས་བུའི་རང་གི་གཟུགས་སུ་བརྟགས་པ་དེ་ལྟར་ནི་མ་ཡིན་ནོ། །ཁྱད་པ་ཞེས་བྱ་བ་ནི་ཐམས་ཅད་ཁྱབ་པའོ། །ཡོངས་སུ་བརྗོད་པར་བྱ་བ་ནི་ཤེས་པ་དག་ལས་བདག་དེ་གཞན་པ་དང་ཁྱབ་པ་ཡིན་པར་ཡོངས་སུ་བཤད་དོ། །ཞེས ་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་དྲང་སྲོང་ཆེན་པོ་གཟེགས་ཅན་ཞེས་བྱ་བ་བྱེ་བྲག་པའི་བསྟན་བཅོས་རྩོམ་པ་པོ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་རྟོགས་པའི་རང་བཞིན་ཅན་ཡིན་ན་ནི་རྟག་པར་ཐལ་བར་འགྱུར་ལ། བདག་ནི་རྟག་པ་ཉིད་དུ་ཁས་བླང ་དགོས་སོ། །དེ་བས་ན་བདག་ནི་ཤེས་པའི་གཟུགས་ཅན་མ་ཡིན་གྱི། ཤེས་པ་ནི་རྟོགས་པའི་བདག་ཉིད་ཡིན་ཏེ། དེས་ཀྱང་ཡུལ་ལ་ཉེ་བར་སྤྱད་ནས། ཡུལ་གྱི་གཟུགས་བརྙན་གྱིས་སྐྱེས་བུར་ཉེ་བར་གནས་ལ། དེ་ཡང་ཁྱབ་པར་བརྟག་པ་ཡིན་པས ་འདིར་ཉེས་པ་འགའ་ཡང་མེད་དོ། །ཞེས་ཟེར་རོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེ་ལྟར་ཡིན་ན་དེ་ཤེས་པ་མེད་པས་ཤིང་དང་འདྲ་བར་ཐལ་བར་འགྱུར་རོ། །ཞེས་གསུང་ངོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་གལ་ཏེ་འདི་ཅུང་ཟད་ཀྱང་མི་ཤེས་ན ་རྩཝ་དང་ཤིང་ལ་སོགས་ཀྱང་ཅུང་ཟད་ཀྱང་མི་ཤེས་ལ། དེ་ལྟར་ཡིན་ན་ནི་རྩཝ་དང་ཤིང་ལ་སོགས་པ་དང། བདག་འདི་ཡིན་ནོ་ཞེས་?་རྒྱུན་ཅིག་གི་།ཁྱད་པར་འགའ་ཡང་ཡོད་པར་མི་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་མི་ཤེས་བདག་ཡིན་ན། །ཤིང་དང ་རྩ་སོགས་ཅིས་མི་འདོད། །མི་ཤེས་པར་ནི་མཚུངས་པ་ལས། །ཇི་ལྟར་ཅིག་ཤོས་སེམས་མེད་ཡིན། །བདག་གི་དེ་ཉིད་རྟག་ཡིན་ན། །དེ་ཡི་རྟག་པ་ཇི་ལྟ་བུ། །བྱེད་པ་དང་ནི་སྤྱོད་པ་དག་།རྟག་པར་འགྱུར་བ་ཇི་ལྟར་རིགས། །དེ་ལ་སོགས་པའི ་ཉེས་པ་ནི། །གཞུང་འདིར་ཡོད་པར་ཐལ་འགྱུར་བས། །དེ་ཕྱིར་ཕྱོགས་འདིའང་རིགས་པ་ནི། །མཁས་པ་རྣམས་ནི་ཁས་མི་ལེན། །ཞེས་བྱ་བའོ། །གཅེར་བུ་ལུས་ཀྱི་ཚད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། གཅེར་བུ་ཞེས་བྱ་བ་ནི་ཕྱོགས་ཀྱི་གོས ་ཅན་ནོ། །ལུས་ཀྱི་ཚད་བཞིན་དུ་བྱ་བ་ནི་ལུས་ཏེ་གཟུགས་ཀྱི་ཚད་ཡིན་པས་ན། ལུས་ཀྱི་ཚེད་བཞིན་དུ་སྟེ། དེ་ན་ལྡན་པའོ། །དེ་?ནས་མེ་ཤིན་ཏུ་ཕྲ་བར་ཡིན་ལ། ཆེན་པོ་ལ་ནི་ཆེན་པོ་ཡིན་ལ། སྲོག་ཅེས་བྱ་བ་སྟེ་ལུས་ཐམས་ཅད་ཁྱབ་པ་ཡིན་ལ། ལུས་དེ ་མེ་དེ་ནི་ཟ་མ་ཏོག་བཞིན་དུ་གནས་སོ། །དེས་ན་འདི་ཞུམ་པར་གྱུར་ན། དེ་ཞུམ་པར་འགྱུར་ལ་འདི་རྒྱས་པར་གྱུར་ན་དེ་རྒྱས་པར་འགྱུར་རོ། །དེ་ཡང་ཞུམ་པ་ནི་འདུས་པར་གྱུར་པ་སྟེ། དེ་གང་ལ་ཡོད་པ་དང། རྒྱས་པ་ནི་བརྐྱང་བར་གྱུར་པ་སྟེ། དེ་ནི་སྲོག་དང། འཚོ་བ་དང། བདག་ཅེས་བྱ་བ ་ཡིན་ནོ། །ཞེས་ཟེར་ཏེ་སྲོག་གམ། སྐྱེ་བ་འམ། གསོ་ང་འམ། གང་ཟག་གམ། སྐྱེས་བུ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སྨྲ་ཞེས་བྱ་བ་ནི་གཅེར་བུའི་བའི་སྟོན་པ་དེ་སྐད་སྨྲ་བའོ། །དེ་ཡང་ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ། གཅེར་བུ་ཟང་བྱེད་ཀྱི་སྟོན་པ་ཉི་ཤུ་རྩ་ལྔ་འདི་སྐད་སྟོན་ཅིང ་སྨྲའོ། །ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱི་སྲོག་དང་འཚེ་བ་དེ་འཇིག་ཅིང་མི་རྟག་པ་ཡིན་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ལ་ཕྱོགས་གཅིག་ཡོད་པ་དེ་ནི་ཕྱོགས་གཅིག་པ་སྟེ། ཆ་ཤས་དང་བཅས་པ་ཞེས་བྱ་བའི་དོན་ཏོ།། ་ཕྱོགས་ཆ་མེད་པ་ནི་རྫ་སྐྱི་ནི་དངོས་པོར་མི་རུང་སྟེ། ཕྱོགས་དང་བཅས་པ་གང་དང་གང་ཡིན་པ་དེ་ནི་མི་རྟག་པ་ཉིད་དེ། འདི་ལྟར་ལུས་དང་སྲོག་ནི་ཕྱོགས་གཅིག་པར་འདོད་ལ། དེ་བས་ན་འདི་ཡང་ཆ་ཤས་ཅན་ལྟར་མི་རྟག་པ་ཡིན་ཏེ། དེ་དང་ཕྱོགས་གཅིག་ཅིག་པའི་ལུས་ནི་མི་རྟག ་པ་ཡིན་ནོ། །རྟག་པ་དང་ཆ་ཤས་དང་བཅས་པ་ནི་མི་རིགས་པས་ཚད་མ་དང་འགལ་བ་ཡིན་ནོ། །འདིར་བསྡུས་པའི་ཚིགས་སུ་བཅད་པ་ནི། གལ་ཏེ་ཕྱོགས་གཅིག་ཇི་ལྟར་རྟག་།རྟག་པ་ཡིན་ན་ཕྱོགས་གཅིག་མིན། །རྫས་ཀྱི་འབྲེལ་བ་རྣམ་གཉིས་མེད། །དེ་བས་གཞུང་འདི་རིགས ་མ་ཡིན་ཞེས་བྱ་བའོ། །བྲམ་ཟེ་འགྲོ་བ་རྣམས་ཀྱི་རྒྱུ་ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེ་ཞེས་བྱ་བ་ནི་ཇི་མི་ནི་ལ་སོགས་པ་དཔྱོད་པ་པ་ལ་སོགས་པའི་བསྟན་བཅོས་མཁས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེས་ནི་རྒྱུ་སྐྱེས་བུ་ཡིན་པར་འདོད་དོ། །གང་གི་རྒྱུ་ཞེ་ན། འགྲོ་བ་རྣམས་ཀྱི་རྒྱུ་ཞེས ་བྱ་བ་སྨོས་ཏེ། འཇིག་རྟེན་མ་ལུས་པའི་འོ། །དེ་ཡང་གང་གི་ཕྱིར་ལྷས་བྱིན་གྱི་རྒྱུད་ལ་ཡོད་པའི་སྐྱེས་བུ་ནི་ལྷས་བྱིན་ཉིད་ཀྱི་རྒྱུ་ཡིན་གྱི། མཆོད་སྦྱིན་ལ་སོགས་པའི་ནི་མ་ཡིན་ནོ། །ཞེས་བྱ་བ་གྲུབ་པའི་མཛའ་ཨོ། །རྒྱུ་ཞེས་བྱ་བ་ནི་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། ་ཇི་ལྟ་བུའི་རྒྱུ་ཞེ་ན། སྐྱེས་བུ་རྟག་པ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་དང་བདག་ཅེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །རྟག་པ་ཞེས་བྱ་བ་ནི་མི་འགྱུར་བ་སྟེ། གང་གི་ཕྱིར་ས་བོན་ལ་སོགས་པ་ཡང་རྒྱུར་འགྱུར་མོད་ཀྱི། དེ་ནི་རྟག་པ་མ་ཡིན་ཏེ། དེས་ན་ཁྱད་པར་ངེས་བྱེ་བྲག་ཏུ་ཕྱེ་བ་ཡིན་ནོ། ་བརྟགས་ཞེས་བྱ་བ་ནི་ནན་གྱིས་འདོད་པའོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རྟག་པ་ཡིན་ན་ནི་རྒྱུ་མ་ཡིན་ལ། འོན་ཏེ་རྒྱུ་ཡིན་ན་ནི་རྟག་པ་མ་ཡིན་ཏེ། རྟག་པ་དང་རྒྱུ་ཞེས་བྱ་བ་ནི་འབྲེལ་བ་མེད་པའི་ཚིག་ཡིན་ནོ། །འདིར་ནི་འདི་ལྟར་བརྗོད་པར་རིགས་ཏེ། གང་དང་གང་རྒྱུར ་གྱུར་པ་དེ་དང་དེ་ནི་མི་རྟག་པ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་བཞིན་ནོ། །དེས་ན་དེ་རྣམས་ཀྱི་རྒྱུར་འདོད་པའི་སྐྱེས་བུ་དེ་ནི་མི་རྟག་པ་ཡིན་པར་ཤེས་པར་བྱའོ། །གང་ཡང་རྟག་པ་ཞེས་བྱ་བའི་རྒྱུ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །རྟག་པ་རྒྱུ་ཉིད་ཡིན་ན་དེ་རྟག ་བར་འགྱུར་བ་ཚད་མ་དང་འགལ་བ་ཉིད་ཡིན་ཏེ། རྟག་ཅིང་མི་འགྱུར་བ་དང། རྒྱུ་ཉིད་དུ་གྱུར་ལ་རྟག་པ་ཞེས་བྱ་བ་དེ་ལྟ་བུ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཅི་ཡང་མེད་ཅེས་ཁྱོད་ཀྱི་གསུངས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདིར་སྨྲས་པ། རྟག་ན་གང་གི་རྒྱུ་ཉིད་ཡིན། །མི་འཇིགས ་ན་ནི་ཇི་ལྟར་རྒྱུ། །རྟག་དང་རྒྱུ་ཉིད་ཅེས་བྱ་བ། །གཉིས་པོ་གཅིག་ཏུ་རིགས་མ་ཡིན། །རྒྱུ་ཉིད་དུ་ནི་གང་རྟག་པར། །འདོད་དེ་དེ་ལྟར་རྟག་པ་མིན། །གང་ཕྱིར་དེ་ཡི་བྱ་བ་ཡོད། །རྣམ་པ་ཀུན་ཏུ་སྙེད་མི་འགྱུར། །གལ་ཏེ་བྱ་བ་བྱེད་འགྱུར་ལ། །གང་དེ་འདི་ནི་མི་བྱེད་ན། ། ་དེ་ལྟར་ཡང་ནི་མི་རྟག་པར། །དེ་ནི་ངེས་པར་ཐལ་བར་འགྱུར་ཞེས་བྱ་བའོ།། །།བདག་ཉིད་ཆེན་པོ་དུག་ཅན་བའི་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། རླུང་ཐོབ་སར་ལྡན་ཞེས་བྱ་བའི་ལྷ་མ་ཡིན་སྡུན་གཉིས་ཤིག་ཡོད་དེ། རླུང ་ཐོབ་ནི་ཐུག་པོའི་གཟུགས་ཅན་དུ་བྱས། སར་ལྡན་ནི་མིའི་ཆ་ལུགས་སུ་བྱས་ནས་དྲང་སྲོང་རྣམས་མགྲོན་དུ་བོས་ཏེ། རླུང་ཐོབ་བཤས་ནས་བསྙེན་བཀུར་ཆེན་པོ་དང། །ཁ་ཟས་སྟབས་ཏེ་དེ་རྣམས་ཀྱི་ཟོས་པ་དང། །སར་ལྡན་ཕྱི་རོལ་དུ་སོང་སྟེ། །བུ་རླུང་ཐོབ་གང་ན་གནས། །ཚུར ་ཤོག་ཅེས་སར་ལྡན་གྱིས་བོས་པ་དང། །དེའི་རྗེས་ཐོགས་ཉིད་ལ་གང་དང་གང་གིས་ཟོས་པ་དེ་དང་དེའི་གསུམ་པ་བརྟོལ་ཏེ་བྱུང་བར་གྱུར་ཏོ། །བྱ་བ་འདིས་དྲང་སྲོང་གི་རིགས་དང་བྲམ་ཟེའི་རིགས་ལྷག་མ་ཅུང་ཟད་ཅིག་ལུས་པར་བྱས་སོ། །ལྷ་རྣམས་ཀྱི་མཆོད་སྦྱིན་བྱེད་པ ་ཡང་ཆད་པར་གྱུར་ཏོ། །དེ་ནས་ལྷ་རྣམས་འདུས་ཏེ་དྲང་སྲོང་ཆེན་པོ་ཨ་ག་ཏའི་གནས་སུ་སོང་སྟེ། ལྷ་མ་ཡིན་དེ་བསད་པའི་དོན་དུ་གསོལ་བ་བཏབ་པོ། །ཇི་ཙམ་ན་དེ་གཉིས་ཀྱིས་དེ་མགྲོན་དུ་བོས་པས་དེར་ཟན་ཟོས་པ་དང། བུ་རླུང་ཐོབ་གར་སོང་ཞེས་སར་ལྡན ་གྱིས་ཟོས་པ་དང། དྲང་སྲོང་གིས་སྒྲེགས་པ་བཏོན་ཏེ། དེ་ནི་ངས་ཞུ་བར་བྱས་ཟིན་ཏོ། །ཞེས་སྨྲས་ནས། ཁྲོ་བས་འཁྲུགས་པ་དང་སར་ལྡན་ཡང་མངོན་སུམ་དུ་ཟོས་སོ། །ཇི་ཙམ་ན་སྐོམ་པ་སྟོབས་དང་ལྡན་པས་གདུངས་པ་དང། མཚོ་དང་རྫིང་བུ་ལ་སོགས་པ ་གང་དང་གང་དག་ཡོང་བ་དེ་རྣམས་འཐུངས་ཀྱང་ངོམས་པར་མ་གྱུར་ཏོ། །དེ་ནས་སོང་སྟེ་རྒྱ་མཚོ་འཐུངས་པ་ལས། དེའི་ཚེ་དུག་ཅན་པ་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད་པ་དང། དེ་ལ་ཆུང་མ་གཉིས་ཡོད་པ་ལས། གཅིག་ལ་འཆོལ་པ་ཞེས་བྱ་བའི་བུ་ཡོད་ལ། ་ཅིག་ཤོས་ལ་ལྷ་ཆེན་པོ་ལས་མཆོག་ཐོབ་པས་བུ་དྲུག་ཁྲི་ཡོད་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་རྟའི་ཚིལ་ཞེས་བྱ་བའི་མཆོད་སྦྱིན་བྱེད་པར་རྩོམ་པར་གྱུར་ནས་སྡོམ་པ་བླངས་ཏེ། མཆོད་སྡོང་ལ་བཏགས་པའི་རྟ་མཆོད་སྦྱིན་གྱི་ཡོ་བྱད་དུ་སོགས་ཤིང་མེ་ཐབ ་གྱི་འཁྱེད་ལ་སོགས་པ་བྱས་ནས་རྟ་དེ་དག་ཡོངས་སུ་བསྲུང་བའི་ཕྱིར། བུ་དྲུག་ཁྲི་ཐམས་ཅད་གོ་ཆ་དགོས་ཤིང་མཚོན་ཆའི་ཁྱད་པར་དུ་མ་ལག་ན་ཐོགས་པར་བྱས་ནས་བསྲུང་དུ་བཅུག་གོ་།ཇི་ཙམ་ན་ཁྱབ་འཇུག་གི་བསམ་པ། རྒྱ་མཚོ་འདི་ཐམས་ཅད་སྐམས ་པར་གྱུར་ན་ཐབས་གང་གིས་འདི་ཡོངས་སུ་དགའ་བར་བྱ། མ་ལ་ངས་རྒྱལ་པོ་དུག་ཅན་པའི་མཆོད་སྦྱིན་བྱ་བའི་གནས་ནས། རྟ་བརྐུས་ན་རྒྱུ་འདི་ལས་ངའི་དོན་འདི་འགྲུབ་པར་འགྱུར་རོ་སྙམ་དུ་བསམས་ནས་སོང་སྟེ། རྟ་བླངས་ནས་ས ་འོག་ཏུ་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་དུག་ཅན་པའི་བུ་རྣམས་ཀྱི་གཏམ་དེ་ཐོས་པ་དང། རྒྱ་མཚོ་རྐོས་ཏེ་ས་འོག་ཏུ་ཞུགས་པ་ལས་ཁྱབ་འཇུག་དྲང་སྲོང་སེར་སྐྱའི་གཟུགས་ཀྱི་ཆ་ལུགས་འཛིན་པ་སེང་གེའི་ཁྲིའི་སྟེང་ན་འདུག་པའི་གན་ན་རྟ་ཐམས་ཅད་འདུག་པར ་མཐོང་བ་དང། འདིས་འདི་དག་ཕྲོགས་སོ་སྙམ་ནས་ཁྲོ་བོའི་ཤུགས་མི་བཟད་པར་གྱུར་པས་ཁྱབ་འཇུག་ལ་སྙས་པ་ཉིད་ཀྱིས། རྟ་རྣམས་ཁྱེར་བར་བརྩམས་པ་དང། །དེས་དུག་ཅན་པའི་བུས་རྙས་པར་ཤེས་ནས་ཁྲོ་བས་གདུངས་པའི་མིག་དག་བལྟས་པས་ཐམས ་ཅད་ཐལ་བར་བྱས་སོ། །དེ་དག་ཤིན་ནས་དམྱལ་བར་སྐྱེས་པ་དང། དུག་ཅན་པས་ཇི་ལྟར་གྱུར་པ་དེ་ཐོས་ནས་རྟ་བླང་བའི་ཕྱིར་འཆོལ་པ་བཏང་ངོ། །དེ་སོང་ཏེ་ཁྱབ་འཇུག་ལ་བསྟོད་པ་ལ་སོགས་པའི་མཆོད་པས་མགུ་བར་བྱས་ནས་རྟ་བླངས་ཏེ། སླར་རང་གི ་གྲོང་ཁྱེར་དུ་འོངས་ནས་རྒྱལ་པོས་ཀྱང་མཆོད་སྦྱིན་གྱི་བྱ་བ་བར་ཆད་མེད་པ་ཉིད་དུ་བྱས་སོ། །རྒྱལ་པོ་དེ་དུས་བྱས་ནས་ལྷའི་གནས་སུ་སྐྱེས་སོ། །དེ་ནས་འཆོལ་པ་རྒྱལ་པོར་གྱུར་ཏེ། དེའི་བུ་མྱུར་བ་ཞེས་བྱ་བ་རྒྱལ་སྲིད་ལ་དབང་བསྐུར་བ་དང། ཇི་ལྟར་བདག་གི་ཁུ་བོ ་རྣམས་རྒྱུ་འདིས་དམྱལ་བར་སྐྱེས་ཞེས་ཐོས་ཀྱིས། དེ་རྣམས་ཀྱི་དོན་གྱི་བྱ་བ་དུག་ཅན་པ་འམ། བདག་གི་ཕ་འཆོལ་བས་ཅི་ཡང་མ་བྱས་ཀྱི། ད་ངས་དེའི་དགོས་པ་བྱའོ་སྙམ་ནས་གང་གཱ་དབབ་པར་བྱ་བའི་ཕྱིར། ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས ་གང་གཱ་དབབ་པར་མ་ནུས་སོ། །དེ་འདས་པར་གྱུར་པ་དང། དེའི་བུ་ལི་པས་གང་གཱ་དབབ་པར་བྱ་བའི་ཕྱིར་ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས་ཀྱང་མ་ནུས་སོ། །དེ་ཡང་འཇིག་རྟེན་གཞན་དུ་སོང་བ་དང། དེའི་བུ་བྷ་གིར་ཐས་དཀའ་ཐུབ་ཆེན་པོས་ཚངས ་པ་མགུ་བར་བྱས་པ་དང་དེས་དེ་ལ་མཆོག་སྦྱིན་པ། ཅི་ནས་ཀྱང་ངས་མིའི་འཇིག་རྟེན་དུ་གང་གཱ་དབབ་པ་དེ་ལྟར་བྱའོ། །ཞེས་སྨྲས་ནས། ཚངས་པས་ཀྱང་གང་གཱ་ལ་མིའི་ཡུལ་དུ་འབབ་པར་གྱིས་ཤིག་ཅེས་སྨྲས་པ་དང། དེ་ཤིན་ཏུ་སྨྲེ་སྔགས་འདོན་ཏེ། ཇི་ལྟར་རང་དེར་སོང་ནས ་ཐུན་མོང་དུ་འགྱུར་ཞིང། རིགས་ངན་ལ་སོགས་པ་རྣམས་ཀྱིས་ཀྱང་བསྟེན་པར་འགྱུར་ན། གནས་སྐབས་འདི་ལྟ་བུ་ཇི་ལྟར་སྤྱད་པར་བྱ། མེས་པོའི་དཀའ་ལས་འདའ་བར་བྱ་བ་ཡང་རིགས་པ་མ་ཡིན་ནོ། །འོན་ཀྱང་ཤུགས་ཆེན་པོས་སོང་ལ། ས་འོག་ཉིད་དུ་ཞུགས ་པར་བྱའོ། །སྙམ་པ་དང་ཅི་ཁྱོད་ཀྱིས་མིའི་འཇིག་རྟེན་དུ་དག་བྱེད་མ་བྱས་པར་ས་འོག་དུ་འབབ་པར་བྱེད་དམ། ཞེས་ཚར་བཅད་ནས་ལྷ་ཆེན་པོས་རང་གི་རལ་པའི་ཚོགས་ཀྱི་ནང་དུ་བཞག་པར་གྱུར་ཏོ། །དེ་ཡང་དེ་ནས་འབྱུང་བ་ལ་ལྷའི་ལོ་སྟོང་གི་བར་དུ་འཁོར་ཞིང། ་འབབ་ཀྱང་རལ་བ་དེའི་མཛའ་སྙེད་པར་མ་གྱུར་ཏོ། །དེ་ནས་ཡང་བྷ་གི་ར་ཐས་དཀའ་ཐུབ་ཀྱི་ཁྱད་པར་ཆེན་པོས་ལྷ་ཆེན་པོ་དགའ་བར་བྱས་ནས། རལ་པ་གཅིར་བ་དང། རི་ཏེ་སེའི་སྟེང་དུ་ཐིགས་པ་གཅིག་བབ་པར་གྱུར་པ་ལས་སྐད་ཅིག་མ་གཅིག་ལས་དེར་མཚོ ་ཆེན་པོ་གཅིག་ཏུ་གྱུར་ཏེ། དིང་སང་ན་ཡང་ཐིགས་པ་བདུན་དུ་གྱུར་ནས། སི་ཏཱ་སིནདྷུ་པཀྵུ་དང། གང་གཱ་དེ་བཞིན་འཇིག་རྟེན་རྒྱན། །རྒལ་དང་ཚིམ་པ་ཉིད་དང་ནི། །ན་ལི་ནི་ནི་བདུན་པར་བཤད་ཅེས་བྱ་བ་ཡིན་ནོ། །ཇི་ཙམ་ན་གང་གཱ་ལྷོ་ཕྱོགས་ཀྱི་རྒྱ་མཚོ ་ཆེན་པོ་དེ་འདའ་བར་བྱའོ། །སྙམ་ནས་དྲེག་པ་དང་བཅས་པར་རི་ཁ་བ་ཅན་ཕུག་སྟེ། དེའི་སུལ་ནས་བདེ་བར་འབབ་པར་གྱུར་ཏོ། །ཡང་དེའི་ཚེ་དྲང་སྲོང་ཛནཧུ་ཞེས་བྱ་བ་དཀའ་ཐུབ་དྲག་པོ་ཅན་ཞིག་ཡོད་པ་དེ་རི་ཁ་བ་ཅན་གྱི་སུལ་ན་རྣལ་འབྱོར་བསྒོམ་པ་ལ་བརྩོན་ཞིང ་གནས་པར་གྱུར་ཏོ། །དེས་ཀྱང་ཅ་ཅོའི་སྒྲ་སྒྲོགས་ཤིང་སྒེག་པས་ངལ་གྱི་འབབ་པར་མཐོང་བ་དང། ཤིན་ཏུ་ཁྲོས་པར་གྱུར་ཏེ། སོང་ནས་སྨྲས་པ། ང་ཡི་གནས་དང་ཉེ་བ་འདིར། །བུད་མེད་འདི་ནི་སྒེག་པ་ཡིས། །འཛེམ་པ་མེད་པར་ཅི་ཕྱིར་འགྲོ་། ་སྤྱོད་ངན་སྡིག་པ་ཆེན་པོ་ཡིན། །ཞེས་སྨྲས་ཏེ་དེ་བླངས་ནས་འཐུངས་སོ། །ཡང་བྷ་གི་ར་ཐས་དྲང་སྲོང་དེ་དཀའ་ཐུབ་ཀྱིས་མགུ་བར་བྱས་པ་དང། དེས་བསྐྱུགས་སོ། །དེ་དེ་ནས་བྱུང་ནས་གེགས་མེད་པར་ཕྱོགས་བཞིར་སོང་སྟེ། ས་འོག་གད ་པར་བྱས་ནས་དུག་ཅན་པའི་བུ་དང་འབྲེལ་པའི་གནས་སྐབས་ཀྱིས་ལྷག་མ་རྣམས་རྣམ་པར་བཀྲུས་ལ། །དེས་ཀྱང་དེ་རྣམས་དམྱལ་བ་ལས་འཕོས་ཏེ། མཐོ་རིས་སུ་སྐྱེས་སོ་ཞེས་ཟེར་རོ། །དེ་ལྟར་ན་དུག་ཅན་པའི་བུ་སྟོང་ཕྲག་དྲུག་ཅུ་བསྲེགས་སོ། །ཞེས་བྱ་བར ་སྦྱར་རོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བདག་ཉིད་ཆེ་བ་ཉིད་ཡོད་པས་ན་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། ཤིན་ཏུ་ལོངས་སྤྱོད་ཆེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་སུ་ཞིག་ཡིན་ཞེ་ན། དུག་ཅན་པ་ཞེས་བྱ་བ་སྟེ། རྒྱ་མཚོ་ཞེས་བྱ་བའི་རྒྱལ་པོ་ལ་དུག ་ཅན་པ་ཞེས་བྱ་བའོ། །སུ་ཞིག་ཅེ་ན། སྲས་པོ་སྟོང་ཕྲག་དྲུག་ཅུ་དག་ཅེས་བྱ་སྟེ། །དེའི་བུ་དྲུག་ཁྲིའོ། །གང་གི་ས་བསྲེགས་ཤེ་ན། སེར་སྐྱས་ཞེས་བྱ་སྟེ། སེར་སྐྱའི་གཟུགས་སུ་གནས་པའི་ཁྱབ་འཇུག་གིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ་བལྟས་པ་ཙམ་གྱིས་ཞེས་བྱ་སྟེ། ཁྲོ་བས་གདུངས་པའི་མིག་གཉིས་ཀྱིས་སོ། །ཞེས་སྟོན་པ་ཡིན་ནོ། །ཅི་ཞིག་ཏུ་བྱས་ཤེ་ན། བསྲེགས་ཞེས་བྱ་བ་སྟེ། ཐལ་བར་བྱས་པའོ། །དེ་ལའང་ཞེས་བྱ་བ་ནི་རྒྱ་མཚོའི་བུ་སྟོང་ཕྲག་དྲུག་ཅུ་ལའོ། །ཡང་ན་དེ་ལ་ཞེས ་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པ་དེ་ལའོ། །ཁྱེད་ནི་ཐུགས་རྗེས་མཛད་ཅེས་བྱ་བ་ནི། དེས་ཁྱེད་དགོས་པ་མཛད་པའི་ཐུགས་སྐྱེས་པར་གྱུར་པའོ། །དེ་ཡང་དེ་བཞིན་གཤེགས་པ་ནི་ཐུགས་རྗེ་ཆེན་པོ་ཉིད་ཀྱི་རྒྱུད་ལས་ནམ་ཡང་མི་འདོར་ཏེ། ཇི་སྐད་དུ། ཐུགས་རྗེའི་ཐུགས ་ལ་གནས་ཤིང་རྟག་ཏུ་ཞི་བ་ཉིད་ནི་སྤྱན་ལ་གནས། བཟོད་པ་སྐད་ཅིག་ཙམ་ཡང་ཁྱེད་དང་བྲལ་བར་ནུས་པ་མ་ཡིན་ལ། །དེ་ནི་ཤིན་ཏུ་མཛེས་པས་ཡུན་རིང་ཐུགས་ནི་རྣམ་པར་འཁྱུད་པར་གྱུར། །འོན་ཀྱང་ཁྱེད་ནི་འདོད་ཆགས་བྲལ་བ་ལྟ་བུར་གྲགས་པ་རྣམ་པར་རྒྱས། ་ཞེས་བ་སྟོང་པ་བྱེད་པ་འགའ་ཞིག་གིས་བཤད་པ་ཡིན་ནོ། །སེར་སྐྱས་དེ་ཉིད་རིག་པས་ནི་ཞེས་བྱ་བ་ལ་སོགས་པ་ལ། གཙོ་བོ་ལས་འགྲོ་བ་མ་ལུས་པ་སྐྱེའོ། །ཞེས་དྲང་སྲོང་སེར་སྐྱས་བཤད་པ་ཡིན་ནོ། །དེ་ཡང་འདི་ལྟར་ཐོས་ཏེ། བསྐལ་པ་དང་པོའི་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཚད་མེད་པ ་?་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཞིག་བྱུང་སྟེ་བསྟི་གནས་ཀྱི་གནས་སུ་འདུག་ནས་དཀའ་ཐུབ་ཀྱི་ཁྱད་པར་ལས་ཐར་པ་འབའ་ཞིག་པ་ཐོབ་སྟེ། གཞན་དག་ལ་ལམ་ལེགས་པར་བསྟན་པའི་ཕྱིར་བསྟན་བཅོས་དག་བྱས་སོ། །དེ་ཡང་དེ་རྩཝ་བའི་དངོས་པོའི་དོན་གཉིས་ཤིག ་བསྟན་ཏེ། འདི་ལྟར་གཙོ་བོ་དང་སྐྱེས་བུའོ། །དེ་ལ་གཙོ་བོ་ནི་ཡོན་ཏན་གསུམ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པའི་གཟུགས་ཀྱི་བྱེད་པ་པོ་དང། ཡོངས་སུ་འགྱུར་བ་དང། སེམས་མེད་ཅེས་བྱ་བ་ཡིན་ལ། སྐྱེས་བུ་ཤེས་པ་ཅན་དང། སྤྱོད་པ་པོ་དང། རྟག་པ ་དང་ཆ་མཉམ་པའོ། །ཇི་ལྟར་ན་གཙོ་བོ་བྱེད་པ་པོར་བཤད་ཅེ་ན། སྙིང་སྟོབས་དང། རྡུལ་དང་མུན་པའི་ཡོན་ཏན་ཆ་མཉམ་པའི་གནས་སྐབས་ཡན་ལག་དང། ཡན་ལག་ཅན་དུ་གྱུར་པའི་གནས་སྐབས་ནི་གཙོ་བོའོ། །ཡང་གང་གི་ཚེ་གསུམ་པོ་ལས་གང་ཡང ་?རུང་ཅུང་ཟད་ཙམ་སྩོལ་བར་གྱུར་ཅིག་ནི་གསལ་བ་ཉིད་ཡིན་པ་དེའི་ཚེ་ནི་ཆེན་པོ་ཞེས་བྱའོ། །དེ་ལས་ཀྱང་ཅུང་ཟད་སྦོམ་པ་ང་རྒྱལ་དང་དེ་ཙམ་ཡོངས་སུ་གྱུར་པར་འགྱུར་རོ། །ང་རྒྱལ་ལས་ཡང་དབང་པོ་བཅུ་གཅིག་ཏུ་རྣམ་པར་འགྱུར་བར་འགྱུར་ཏེ། མིག་དང་རྣ་བ་དང་སྣ་དང ་ལྕེ་དང་ལུས་ཤེས་བྱ་བའི་བློའི་དབང་པོ་ལྔ་དང། ལག་པ་དང་རྐང་པ་དང་ངག་དང་རྐུབ་དང། འདོམས་ཏེ་ལུས་ཀྱི་དབང་པོ་ལྔ་དང་ཡིད་དོ། །དེ་ཙམ་ལྔ་ལས་འབྱུང་བ་ཆེན་པོ་ལྔར་ཡོངས་སུ་འགྱུར་ཏེ། སྒྲའི་དེ་ཙམ་ལས་ནི་ནམ་མཁར་རོ། །རེག་པ་དང་འདྲེས་པའི ་?་ལས་ནི་རླུང་ངོ། །གཟུགས་དང་འདྲེས་པའི་སྔ་མ་གཉིས་ལས་ནི་མེའོ། །རོ་དང་འདྲེས་པའི་སྔ་མ་གསུམ་ལས་ནི་ཆུའོ། །དྲི་དང་འདྲེས་པའི་སྔ་མ་བཞི་ལས་ནི་སའོ། །དེ་ལྟར་བྱས་ནས་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞིར་འགྱུར་རོ། །སྐྱེས་བུ་ནི་ཉི་ཤུ་རྩ་ལྔ་པའོ། ་གང་གི་ཚེ་འདི་ནི་ཡོན་ཏན་ཡིན་ནོ། །འདི་ནི་སྐྱེས་བུ་ཡིན་ནོ་ཞེས་ཁྱད་པར་མི་ཤེས་པ་དེའི་ཚེ། སྐྱེས་བུ་དང་ཡོན་ཏན་འདུས་པར་འགྱུར་ཏེ། དཔེར་ན་མཚན་མོ་མུན་ནག་གིས་ཁྱབ་པའི་ཁང་པའི་ནང་དུ་སྐྱེས་བུ་འདོད་ཆགས་ཅན་དང། བུད ་མེད་མཛེ་ཅན་དགའ་བ་དང་བཅས་པར་འདུག་པར་གྱུར་པ་དང་འདྲལ། གང་གི་ཚེ་ཡོན་ཏན་དང་ཐ་དད་པར་བྱེད་པ་པོ་དང། ཡོངས་སུ་འགྱུར་བ་པོ་ཉིད་དུ་ཤེས་པ་དེའི་ཚེ། སྐྱེས་བུ་འདི་ནམ་ཡང་དེ་དང་ལྷན་ཅིག་འདྲིས་པར་མི་བྱེད་དེ། དཔེར་ན་ཉིན་མོ་མིག་དང་ལྡན་པའི་སྐྱེས་བུ་བུད ་མེད་མཛེ་ཅན་ལ་རེག་པར་མི་བྱེད་པ་དང་འདྲའོ། །ཡོན་ཏན་དང་སྐྱེས་བུ་ཐ་དད་པར་མཐོང་བ་ནི་ཐར་པ་ཐོང་པའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ནི་གྲངས་ཅན་གྱི་གྲུབ་པའི་མཛའ་ཨོ། །སེར་སྐྱ་ཇི་ལྟ་བུ་ཞིག་དེ་སྐད་ཅེས་སྨྲ་ཞེ་ན། དེ་ཉིད་རིག་པས་ཞེས་པ་སྨོས་པ་ཡིན་ཏེ། དེ་ཁོ་ན་ཉིད ་ཀྱི?་སྒྲ་ནི་འདིར་ཉི་ཤུ་རྩ་ལྔ་པོ་ཡིན་པར་བཤད་ལ། དེ་རྣམས་ཤེས་པས་ན་དེ་ཉིད་རིག་པ་སྟེ། དེ་ཉིད་རིགས་པ་ནི་མཁས་པ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་འགྲོ་བའི་སྐྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། ལས་དང་ཉོན་མོངས་པ་ནི་ཉོན་མོངས་དང་ལས་ཏེ། ། ་དེ་ལས་བྱུང་ཞིང་སྐྱེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་གི་ཕྱིར་སྐྱེ་བ་ནི་ཉོན་མོངས་པ་ལས་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ཡང་གནས་བརྟན་རྟ་སྐད་ཀྱི། །ཉོན་མོངས་ཟད་པས་སྲིད་པའི་འཆིང་བ་མེད། །ལས་ཟད་གྱུར་ན་སྡུག་བསྔལ་ཡོད་མ ་ཡིན། །གང་ཕྱིར་ཡོད་ལས་བྱུང་བའི་དོན་གང་ཡིན། །དེ་ཕྱིར་མེད་ལས་དེ་ནི་སླར་མི་འབྱུང་ཞེས་བཤད་པ་ཡིན་ནོ། །གང་ཞིག་ཉོན་མོངས་ལས་བྱུང་བ་ཡིན་ཞེ་ན། འགྲོ་བའི་ཞེས་བྱ་བ་སྨོས་ཏེ། འཆི་བ་དང་ལྡན་པས་ན་འགྲོ་བ་ཞེས་བྱ་སྟེ། སེམས ་ཅན་གྱི་འཇིག་རྟེན་ནོ། །དེ་ཡི་སྐྱེ་བ་ནི་ཉོན་མོངས་པ་དང་ལས་ལས་བྱུང་བ་ཡིན་པར་ཁྱེད་ཀྱི་གསུངས་ཤིང་བསྒྲགས་པ་ཡིན་ནོ། །འདིར་སྨྲས་པ། ཉོན་མོངས་མེད་ལ་འགྲོ་བ་རྣམས། །སྐྱེ་བར་གང་དཱུང་འདོད་པ་མིན། །ལས་ནི་གང་ཡང་རུང་མེད་པར། །བདེ་དང ་སྡུག་བསྔལ་འབྱུང་མི་འགྱུར། །དགྲ་བཅོམ་ཉོན་མོངས་ཡོད་པ་མ་ཡིན་ཏེ། །དེ་མེད་ལས་ཀྱང་ཡོད་པ་མ་ཡིན་ལ། །དེ་བས་འདི་ལ་སྐྱེ་བོ་ཡོད་མིན་ཏེ། །ས་བོན་མེད་པའི་མྱུ་གུ་དག་དང་མཚུངས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །། ་སེར་སྐྱ་ལ་སོགས་ཐར་པ་ཡི་ཞེས་བྱ་བ་ལ་སོགས་པ་ལ། སེར་སྐྱ་ལ་སོགས་པའི་བདག་ཉིད་གང་ཡིན་པ་དེ་ཐར་པར་ཡང་གནས་ཤིང། སྲིད་པའི་རྒྱུ་ཡིན་པར་འདོད་དོ་ཞེས་ཟེར་རོ། །དེ་ཡང་སྐྱེས་བུ་རྟག་པར་ཡང་འགྱུར་ལ། །སྔར་ལུས་དང་དབང་པོ་འདུས་བྱས་པར་གྱུར ་?པ་གང་ཡིན་པ་དེ་ཕྱིས་ཀྱང་བྱེད་པར་འགྱུར་རོ། །དེ་ཡང་སྐྱེས་བུ་རྟག་པ་ཉིད་གྱུར་ཅིང། །ལུས་དང་དབང་པོ་འབྱོར་ལྡན་པ། །ཕྱིས་ཀྱང་དེ་དང་འདྲར་གྱུར་པ། །རྐྱེན་ལས་གྱུར་པར་ཐེ་ཚོམ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཁྱོད་ནི་ཞེས་བྱ་བ་ལ་སོགས ་?པ་?་ཞི་བར་གཤེགས་གྱུར་ནས་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་དབྱིངས་བརྙེས་པ་ཞེས་བྱ་བའི་དོན་ཏོ། །ཞུགས་གུམ་ལྟ་བུར་ཞེས་བྱ་བ་ནི་མར་མེ་ཤི་བ་ལྟ་བུར་ཞེས་བྱ་བའི་དོན་ཏོ། །བགྲང་དུ་མེད་ཅེས་བྱ་བ་ནི་གྲངས་སུ་མི་འགྲོའོ། །མུ་སྟེགས ་?་པ་ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ནི་ཐར་པ་དང་མཐོ་རིས་ཀྱི་ལམ་ཏེ། དེ་སྟོན་པར་བྱེད་པའི་བསྟན་བཅོས་ལ་མུ་སྟེགས་ཞེས་བྱ་ལ། དེ་བྱེད་པ་ཡིན་པས་ན་མུ་སྟེགས་བྱེད་པའོ། །དེས་ཐར་པ་སྟེ་མྱ་ངན་ལས་འདས་པར་འགྲོ་བ ་དང་ལྡན་པའོ། འགྲོ་བ་ནི་སོང་བ་ཡིན་ལ་དེ་གང་ལ་ཡོད་པ་དེ་ནི་འགྲོ་བ་དང་ལྡན་པ་སྟེ། འགྲོ་བས་ཐོབ་པ་ཞེས་བྱ་བའི་དོན་ཏོ། །སྨྲ་ཞེས་བྱ་བ་ནི་གཏམ་ཡིན་པར་སྟོན་ཏོ། །སྨྲ་ཞེས་བྱ་བ་ནི་བརྗོད་པ་སྟེ། སྔར་ཇི་ལྟར་ནེ་ཙོས་ཉི་མ་བརྟོལ་ནས་ནི། ཐར ་པ་མཆིས་པར་བཤད་ཅེས་གྲག་ཅེས་སྨོས་པའི་སྐབས་སུ་བཤད་པ་ཡིན་ནོ། །གང་ལ་འགྲོ་ཡོད་དེ་འཁོར་བ་ཞེས་བྱ་བ་ནི་གནས་གང་དུ་འགྲོ་བ་ཡོད་པ་དེ་ནི་འཁོར་བ་སྟེ། སྲིད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་འགྲོ་བ་མྱ་ངན་ལས་འདས་པ་རྟོགས་པ་ནི ་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང། རྟ་དམར་གང་དུ་སྐྱེ་བ་མེད་པ་དང་འཆི་བ་མེད་པ་དང་འབྱུང་བ་མེད་པ་དེ་ནི་འགྲོ་བས་ཐོབ་པར་མི་སྨྲའོ། །ཞེས་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཁྱོད་ཀྱི་ཐུགས་སུ་ཆུད་ནས་བསྟན་ཅེས་བྱ ་བ་ནི་བཅོམ་ལྡན་འདས་ཀྱིས་མཁྱེན་ཅིང་ཐུགས་སུ་ཆུད་ནས་བསྟན་ཅིང་བཤད་པ་ཡིན་ནོ། །ཞེས་བྱ་བའོ། །གཅེར་བུ་ཀུན་དགའ་ར་བ་སོགས་ཞེས་བྱ་བ་ལ། གཅེར་བུ་ཞེས་བྱ་བ་ནི་དགེ་སྦྱོང་གཅེར་བུ་པ་རྣམས་སོ། །འདི་ཀུན་ཏུ་དགའ་བའི་ར་བས་ན་ཀུན་དགའ་རབ ་སྟེ། སྐྱེད་མོས་ཚལ་སོགས་གང་ཡིན་པ་དེ་ནི་ཀུན་དགའ་ར་བ་ལ་སོགས་ཞེས་བྱ་བ་སྟེ། ཁྲུས་ཀྱི་རྫིང་བུ་ལ་སོགས་པའོ། །རྩིག་པ་ཞེས་བྱ་བ་ནི་འབད་པས་མངོན་པར་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྡིག་པའི་རྒྱུ་ཞེས་བྱ་བ་ནི་ཉེས་པར་སྤྱད་པའི་རྒྱུ ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་རྣམས་རྒྱུ་མེད་པར་སྡིག་པ་ཁས་ལེན་ཅིང་རྟོགས་ལ་སྨྲ་བར་བྱེད་པའོ། །དེ་ཡང་ཀུན་དགའ་ར་བ་གནས་བྱེད་དང། སྲོག་གཅོད་པ་ལས་བཟློག་པར་བྱ། །གལ་ཏེ་དེར་ནི་སྲོག་ཆགས་འཆི། །སྡིག་པ་བྱེད་དེ་བྱེད་ལ་འགོ་།སེམས ་དང་ལྡན་པ་དེ་འཆི་བས། །སྡིག་པ་ཆེན་པོ་ཉིད་དུ་འགྱུར། །དེ་བས་བསོད་ནམས་རྩོམ་པ་དང། །དེ་ཡིས་ད་ལྟར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་མང་དུ་སྨྲ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བོད་པ་ཡིན་ནོ། ། ་དེ་ཉིད་ཅེས་བྱ་བ་ནི་ཀུན་དགའ་ར་བ་ལ་སོགས་པ་རྩིག་པའོ། །བསོད་ནམས་རྒྱུ་ཞེས་བྱ་བ་ནི་བསོད་ནམས་ཉེ་བར་བསགས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཇུག་པར་མི་བྱ་བའི་ལས་ལ་འཇུག་ན་དེ་ལ་ཉེས་པ་ནི་ཤིན་ཏུ་མང་པོ་འབྱུང་བར་ཐལ་བར་འགྱུར་རོ།། །། ་སྲོག་ཆགས་འགྲོ་བ་བསད་པ་ན། །ཁྱེད་ཀྱི་ཡང་ནི་སྡིག་འགྱུར་ཏེ། །ཁྱེད་ནི་འགྲོ་བ་མེད་འགྱུར་ན། །སྲོག་ཆགས་གསོད་པ་ཡོད་མ་ཡིན། །གལ་ཏེ་ཡོད་ན་སྡིག་ལྡན་པས། །ཇི་ལྟར་གྲོལ་བ་ཉིད་དུ་འགྱུར། །གྲོལ་འགྱུར་དེ་དང་ཇི་ལྟར་ལྡན། །སྡིག་པ་བསགས ་?་?སྦྱོང་གྲོལ་ལམ། །འོན་ཏེ་སྡིག་པ་སྤངས་པ་དག། ཐར་པ་ཀུན་ཏུ་བཤད་པ་ཡིན། །བློ་ནི་སྔོན་དུ་མ་སོང་སྡིག། ཡོད་ཅེས་པ་ནི་ལེགས་སྨྲས་མིན། །ཕ་ཟས་བསོད་པ་དག་གིས་ནི། །དགའ་བས་སློབ་དཔོན་ཆི་མ་བྱས་ནས། །མ་ཞུ་བ་ཡིས་དེ་ཤི་ན། །སྡིག་པ་ཉེ ་བར་བསགས་པ་འབྱུང། །ཆགས་པ་མེད་པ་དབེན་པ་རུ། །ལས་བྱེད་པ་ནི་མ་མཐོང་ངོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བ་ནགས་ཚལ་བསྐྱེད། སྐྱེ་བོ་གང་ཞིག་ཟན་པ་བྱེད། །ཆུ་གཏེར་ཁང་དང་ཆུ་མིག་དང། །གང་ཞིག ་ངལ་གསོའི་གནས་སྟེར་དང། ཞེས་བྱ་བ་དང། དེ་བཞིན་དུ་བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར། །ས་ནི་སྦྱིན་པ་གཏོང་བྱེད་པ། །ཚངས་པའི་བསོད་ནམས་རབ་བསྐྱེད་དེ། །མཐོ་རིས་དག་ཏུ་བསྐལ་པར་དགའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །། ་?་ལས་ལུས་གཞན་དག་ཏུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལས་ཞེས་བྱ་བ་ནི་རྒ་བ་ལ་སོགས་པའི་ཉེ་བར་འཚེ་བས་གདུངས་པ་ལས་སོ། །ལུས་གཞན་དག་ཏུ་ནི་ཞེས་བྱ་བ་ནི་ལུས་གཞན་པ་དག་ཏུ་འཕོ་ཞིང་སོང་བའོ། །ཅི་ཞིག་ཅེ་ན། སྲོག་ནི་ཞེས་བྱ ་བ་སྟེ། བདག་དང་སྐྱེས་བུ་ཞེས་བྱ་བའི་དོན་ཏོ། །སྲོག་དེ་ཇི་ལྟ་བུ་ཞེ་ན། ཕྲ་བ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཕྲ་ཞིང་དབང་པོའི་ཡུལ་ལས་འདས་པའོ། །དེ་ཡང་ཁྱབ་འཇུག་གིས། །དཔེར་ན་གོས་རྙིང་དག་ནི་བོར་ནས་སུ། །སར་པ་གཞན་དག་མི་ནི་ལེན ་པར་བྱེད། །དེ་བཞིན་ལུས་ནི་རྙིང་པ་སྤངས་ནས་སུ། །ལུས་གཞན་སར་པ་དག་ནི་ལེན་པར་བྱེད། །འདི་ནི་མཚོན་གྱི་མི་ཆོད་ཅིང། །འདི་ནི་མེ་ཡིས་མི་འཆིག་ལ། །ཆུ་ཡིས་འདྲུལ་བར་མི་འགྱུར་སྟེ། །འདི་ནི་རླུང་གི་སྐེམས་མི་འགྱུར། །ཞེས་བྱ་བ ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །ཕྲག་ཅེས་བྱ་བ་ནི་འཇིག་རྟེན་པའི་གཏམ་ཙམ་ཡིན་པར་སྟོན་ཏེ། དེ་ཡང་དོན་དམ་པར་ནི་བདག་མེད་དོ། །གལ་ཏེ་བདག་ཡོད་ན་རྟག་པ་དང་མི་རྟག་པ་ཉིད་དུ་འགྱུར་བས་བདེ་བ་ལ་ལོངས་སྤྱོད་པ་ནི། རྟག་པར་ཉེ་བས ་སྤྱོད་ཀྱི། །སྡུག་བསྔལ་ལ་སོགས་པའི་ཉེས་པ་རྣམས་སུ་ཐལ་བར་མི་འགྱུར་རོ། །དེ་བས་ན་བདག་ནི་རྣམ་པ་ཐམས་ཅད་དུ་མེད་དོ། །ལུས་གཞན་གྱུར་བའི་ཞེས་བྱ་བ་ནི་ལུས་ཞེས་བྱ་བའི་སྒྲས་འདིར་ཕུང་པོ་ལྔ་ཉིད་བདག་གི་དངོས་པོར་བརྗོད་ལ། ལུས་དེ་ལས ་གཞན་དུ་གྱུར་ཅིང་ཐ་དད་པའི་སྲོག་ཅེས་བྱ་བའི་བདག་ཡོད་པ་ནི་མ་ཡིན་པ་ཉིད་དུ་ཁྱོད་ཀྱིས་གསུངས་སོ། །ཞེས་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་བཀའ་སྩལ་པའོ། །དེ་ཡང་ཆོས་ཐམས་ཅད་ནི་སོག་མེད་པ་དང། གསོ་བ་མེད་པ། གང་ཟག་མེད་པ་ཞེས་བྱ་བ་ནས། འདུ་བྱེད་ཀྱི་ཚོགས ་འབའ་ཞིག་ཏུ་ཟད་དོ། །ཞེས་བྱ་བའི་བར་དུ་གསུངས་པ་དང། བདག་གི་ང་རྒྱལ་རྣམ་པར་བཞག་ནས་གང་དུ་བདག་དེའི་ཕུང་པོ་ལྔའི་བདག་གི་དངོས་པོར་གྱུར་པ་དེ་ཙམ་ལ་ཉེ་བར་གདགས་པས་བདག་ཉིད་ཀྱི་དངོས་པོར་བཅོམ་ལྡན་འདས་ཀྱི་ལ་ལར་གསུངས་པ་ཡོད་དོ། །ཁྲོས་པས་གཡུལ་ངོར ་བསད་ན་ནི་ཞེས་བྱ་བ་ལ་སོགས་པ་ལ། །བྲོས་པས་ཞེས་བྱ་བ་ཁྲོ་བ་ཉིད་དུ་གྱུར་པས་སོ། །གཡུལ་ངོར་ཏེ་འཐབ་སར་བསད་པའི་སྐྱེས་བུ་བདེ་འགྲོར་འགྲོ་བར་འགྱུར་རོ་ཞེས་རྒྱས་པ་ཟེར་ཏེ་དེ་ཡང་འདི་སྐད་དུ། སྣ་ཚོགས་རྒྱན་གྱི་བརྒྱན་པ་ཡིས། །ལྷ་ཡི་བུ་མོ་འོངས་ནས་ནི། །གཡུལ་ངོར་བསད ་པ་ཡོངས་འཁྱུད་དེ། །ལྷ་ཡི་ཁྱིམ་དུ་ཁྱེར་བར་འགྱུར་ཞེས་ཟེར་རོ། །མགོན་པོ་ཁྱོད་ཀྱི་ཞེས་བྱ་བ་ནི་བོད་པའོ། །གནས་སྐབས་དེའི་ཞེས་བྱ་བ་ནི་གནས་སྐབས་དེ་ཉིད་ཀྱི་སེམས་ཏེ། སེམས་དེ་ལྟ་བུས་ཤི་བ་ནི་ངན་འགྲོ་ཉིད་ཡིན་ནོ་ཞེས་གསུངས་ཤིང་བཀའ་སྩལ་བ་ཡིན་ནོ། །དེ་ཡང་སྐལ་ངན་ཁྲོས་ནས ་ཤི་བར་གྱུར་པ་ནི། །འཇིག་རྟེན་གཞན་དུ་ངན་འགྲོར་མཁས་པས་བཤད། །རེ་ཞིག་འདིར་ནི་གྲགས་པར་མི་འགྱུར་ཞིང། །འཇིག་རྟེན་ཕ་རོལ་ཏུ་ཡང་བདེར་མི་འགྱུར། །ཞེས་གསུངས་པ་ཡིན་ནོ།། །།སྐྱ་བསེང་བུ་ནི་བརྗོད་བྱས་ན་ཞེས་བྱ་བ་ལ་སོགས་པ་ལ། འདི ་ལྟར་ཐོས་ཏེ། རྒྱལ་པོ་སྐྱ་བསེང་རི་དགས་ལ་ཆབ་པ་དང། དེའི་ཚེ་དྲང་སྲོང་ངན་འདུལ་ཞེས་བྱ་བ་ཞིག་རི་དགས་ཀྱི་གཟུགས་སུ་གྱུར་ནས་རི་དགས་མོ་དང་ལྷན་ཅིག་འདོད་པའི་དགའ་བ་ཉམས་སུ་མྱོང་བར་གྱུར་བ་ན། སྐྱ་བསེང་གི་ངོ་མ་ཤེས་ཏེ་མདས་བསྣུན་པ་དང། དེའི་རྗེས་ཐོགས་ཉིད ་?་དྲང་སྲོང་དེ་རང་གི་གཟུགས་སུ་གནས་ཏེ། ཁྲོ་བའི་དབང་གིས་ཇི་ལྟར་ཁྱོད་ཀྱི་ང་དགའ་བ་སྤྱོད་པ་ན། དགའ་བ་ཉམས་སུ་མ་མྱོང་བ་ཉིད་དུ་འཇིག་རྟེན་གཞན་དུ་འགྲོ་བར་འགྱུར་བར་བྱས་པས་ཁྱོད་ཀྱང་དེ་བཞིན་དུ་འཆི་བར་གྱུར་ཅིག་ཅེས་དམོད་པ་བཏབ་པོ། །དྲང་སྲོང་གི་ཆུང་མས་ཀྱང་བདག་ཉིད ་དྲང་སྲོང་དེ་ཤིང་གི་ཕུང་པོ་ཆེན་པོའི་སྟེང་དུ་འཛེགས་ཏེ། ཁྱོད་ཀྱི་ཆུང་མ་ཡང་ཁྱོད་ཤི་ནས་སྲེག་པའི་ཤིང་བརྩིགས་པ་ལ་འཛེག་པར་གྱུར་ཅིག་ཅེས་དམོད་པའི་ཚིག་སྨྲས་སོ། །སྐྱ་བསེང་ལ་མ་དྲི་དང་ཀུན་དྲིས་ཞེས་བྱ་བའི་ཆུང་མ་གཉིས་ཡོད་པ་དང། རྒྱལ་པོ་དམོད་པའི་འཇིགས་པས་དེ་དང ་ལྷན་ཅིག་སྤྱོད་པར་བྱེད་མ་ནུས་སོ། །དེའི་ཚེ་ཀུན་དཱིས་བསམས་པ། ངས་ནི་དྲང་སྲོང་གནས་ངན་ལས་རིགས་སྔགས་ཐོབ་ལ། དེས་ངའི་མངོན་པར་འདོད་པ་ཅིག་ནི་སྒྲུབས་ཟིན་མོད་ཀྱི། དེས་ནི་ད་དུང་ཡང་ལན་བཞིའི་བར་དུ་འདོད་པའི་དོན་བྱེད་པར་འགྱུར་གྱི། གལ་ཏེ་རྒྱལ་པོས ་?གནང་ན་དེའི་ཚངས་བུ་བསྐྱེད་པའི་བྱ་བ་བྱའོ་སྙམ་མོ། །རྒྱལ་པོ་ཡང་ཐབས་གང་གི་ང་ལ་བུ་ཡོད་པར་འགྱུར་སྙམ་དུ་སེམས་སོ། །དེ་ནས་དབེན་པར་སོང་སྟེ། རྒྱལ་པོ་ལ་དོན་དེ་སྨྲས་པ་དང། དེ་ཐོས་པས་རྒྱལ་པོ་དགའ་སྟེ་དེ་ལ་རྗེས་སུ་གནང་བ་བྱིན་ནོ། །དེ་ཁང་པར་ཞུགས་ནས་རི ་སྔགས་བཟླས་ནས་ཆོས་ཞེས་བྱ་བའི་ལྷ་དེ་དང་སྦྱད་པའི་ཕྱིར་ཤོག་ཅིག་ཅེས་སྨྲས་བ་དང། ཇི་ཙམ་ན་ཆོས་འོངས་ཏེ་དེ་དང་ལྷན་ཅིག་འདུས་པ་ལས་གཡུལ་ངོར་བསྟན་པ་ཞེས་བྱ་བའི་བུ་སྐྱེས་སོ། །དེ་བཞིན་དུ་རླུང་ལྷ་བཀུག་སྟེ་འདུས་པ་ལས་འཇིག་སྡེའོ། །དེ་བཞིན་དུ་བརྒྱ་བྱིན ་??་སྟེ་འདུས་པ་ལས་སྲིང་སྒྲུབ་སྐྱེས་སོ། །ཇི་ཙམ་ན་མ་དྲིལ་བུ་མེད་པས་མྱ་ངན་གྱི་ཡིད་གདུངས་ཏེ། ང་ནི་འཆི་བར་བྱའོ། ཞེས་སྨྲ་ཞིང་མྱ་ངན་བྱེད་ལ། ཞུམ་པའི་ཚིག་གི་ཀུན་དཱི་ལ་གསོལ་བ་བཏབ་པ། རིགས་སྔགས་དེ་ང་ལ་ལན་ཅིག་བྱིན་ཅིག་།གལ་ཏེ་ན་བདག་ལ་ཡང ་?་སྐྱེ་བར་འགྱུར་རོ། །ཞེས་སྨྲས་པ་དང། དེ་སྐྱ་བསེང་ལ་དྲིས་ཏེ་རིགས་སྔགས་དེ་བྱིན་ནོ། །དེས་ཀྱང་རིགས་སྔགས་བཟླས་ནས་ལྷའི་དམན་པ་ཐ་སྐར་གཉིས་བཀུག་སྟེ། དེ་གཉིས་དང་འདུས་པ་ལས་ལྷར་བཅས་དང། ཀུན་ལ་ཞེས་བྱ་བ་གཉིས་མཚེ་མར་དུས་གཅིག་ཏུ་སྐྱེས་སོ ་ཇི་ཙམ་ན་སྐྱ་བསེང་གིས་ཆེན་པོ་རྒྱལ་བར་བྱས་ཏེ། ཡུལ་འཁོར་བསྲུང་ལ་སྦྱིན་ནས། བདག་ཉིད་དང་ཆུང་མ་གཉིས་དང། བུ་ཡང་ཁྱེར་ཏེ། རི་བོ་རྩེ་མོ་བརྒྱ་པར་སོང་ནས་ཚངས་པར་སྤྱོད་པ་ལ་བརྩོན་པར་གནས་པ་ན། དེ་ཡུན་རིང་པོར་ཚངས་པར་སྤྱོད་པ་སྤྱད ་པ་དང། མ་དྲིའི་གཟུགས་སྡུག་པ་མཐོང་བས་འདོད་པའི་འདོད་ཆགས་སྐྱེས་ཏེ། ཁོ་བོ་ཤི་བ་ནི་བླའི་འདི་དང་ལྷན་ཅིག་དགའ་བ་ཉེ་བར་ལོངས་མི་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་ནས། དེ་དང་ལྷན་ཅིག་ཏུ་སྤྱོད་པར་བརྩམས་པ་དང་དེའི་ཚེ་ཉིད་དུས་ལས་འདས་པར་གྱུར་ཏོ། །ཇི་ཙམ ་ན་བསྟི་གནས་དེ་ན་དྲང་སྲོང་ཆེན་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་སྡུག་བསྔལ་བར་མཐོང་བས་མགོན་མེད་པར་གྱུར་ངའི་རོ་དང། མ་དྲི་དང། ཀུནཌཱི་དང། བུ་ལྔ་པོ་ཁྱེར་ཏེ་ཡུལ་འཁོར་བསྲུང་གི་གནད་དུ་ཕྱིན་ནས། དེ་དང་ཇི་ལྟར་མཚམ་པའི་བསྲེག་ཤིང་བརྩིགས་ཏེ། ་བསྙེན་བཀུར་ཆེན་པོས་སྟེང་དུ་བཞག་ནས། སྐྱ་བསེང་ལ་ཡུལ་འཁོར་བསྲུང་གི་མཆོད་དོ། །མ་དྲིས་ཀྱང་བུ་གཉིས་ཀུན་དཱི་ལ་གཏད་དེ། རོ་བསྲེགས་སར་བདག་ཉིད་དོར་རོ། །དེ་ནས་ཇི་ཙམ་ན་འཐབ་དཀའ་ལ་སོགས་པ་དང། གདུལ་དོར་བརྟན་པ་ལ་སོགས་པ་འཕོང་སློབ་པའི ་གནས་སུ་ལྷན་ཅིག་ཚོགས་ཏེ། ཀྲི་བ་དང་ཀྲོ་ན་ལ་སོགས་པའི་མཚོན་ཆའི་ཐབས་ཀྱི་རིག་པ་སློབ་ནས་རྣ་ཅན་ལས་འཁོན་བཅུགས་སུ་གྱུར་ཏེ། སྐྱ་བསེང་གི་བུ་ལྔ་བརྒྱ་ལྕགས་ཀྱི་ཁང་པར་བཅུག་པ་དང། དེ་ནས་མཚན་མོ་བྲོས་ནས་སྲིན་པོ་ཧི་དིམ་བ་བསད་དེ། དེའི་སྲིང་མོ་འཇིག་སྡེས ་བླངས་ནས་དེ་ལས་བུ་བུམ་སྒྲ་ཞེས་བྱ་བ་སྐྱེས་སོ། །དེ་ནས་སོང་སྟེ་གྲོང་ཁྱེར་འཁོར་ལོ་གཅིག་པར་སོང་པ་དང། དེའི་ལམ་ཁར་རྒྱས་པ་དང་ཕྲད་ནས། དབུགས་ཕྱུང་སྟེ། རྒྱལ་སྲིད་དང་ཆུང་མ་ཐོབ་པའི་མཆོག་བྱིན་ནོ། །དེ་ནས་གྲོང་ཁྱེར་དེར་ཕྱིན་ནས་བྲམ་ཟེ་ཞིག་གི་ཁྱིམ་དུ་ལོ ་བཞི་འདུག་སྟེ། དེ་ལ་ཕན་པ་བྱ་བའི་ཕྱིར་སྲིན་པོ་ཆུ་སྐྱར་ཞེས་བྱ་བ་བསད་ནས། གྲོང་ཁྱེར་ལྔ་ལེན་དུ་སོང་སྟེ། རྒྱལ་པོ་རྣམས་ཁྱོ་གདམ་པའི་སྐབས་སུ་ཏྲོ་པ་ཏི་ཞེས་བྱ་བའི་ཆུང་མ་ཐོབ་པ་དང། སྤུན་ལྔས་སྤྱིར་བླངས་མས་ལོ་གཅིག་འདུག་སྟེ། དབང་པོའི་གནས་ཞེས་བྱ་བ ་ནས་རྒྱལ་སྲིད་ཐོབ་བོ། །ལོ་ཉི་ཤུ་རྩ་དགུའི་བར་དུ་རྒྱལ་སྲིད་བྱས་ནས། རྒན་པོས་སྦྱར་བ་ཞེས་བྱ་བ་ལ་སོགས་པའི་རྒྱལ་པོ་བསད་དེ། མཆོད་སྦྱིན་བྱས་ནས། འཐབ་དཀའ་དང། གཡུལ་ངོར་བསྟན་པ་ལ་སོགས་པ་ཆོ་ལོ་རྩེ་བ་དང། སྒྱུ་ཐབས་ཀྱི་ཕམ་པར་བྱས་ཏེ། རྒྱལ ་སྲིད་ནས་བདག་ཉིད་ཀྱི་བར་དུ་ལྐུགས་ལ་ཤོར་ཏོ། །ཡང་ལོ་བཅུ་གཉིས་ཀྱི་བར་དུ་ནགས་སུ་གནས་པར་བྱས་ནས་སླར་འོངས་ཏེ། གྲོང་ཁྱེར་བིར་ཏར་ལོ་གཅིག་གནས་ནས། འཇིགས་སྡེས་ཀཙི་ཀ་བསད་དོ། །དེ་ནས་ཀུ་རུག་ཀྵེམ་ཏྲར་འཐབ་མ་ལ་ཞུགས་པའི་བར་དུ་སྦྱར་ཏེ། ་?་དགའ་ཅན་དཔུང་ཆོམས་བཅུ་གཅིག་སྐྱ་བསེང་ལ་བུ་བདུན་ཏེ། དེ་ཐམས་ཅད་གཡུལ་ངོར་ཤི་ནས་གཡུལ་ངོར་བརྟན་པ་རྒྱལ་པོར་གྱུར་ཏེ། ལོ་སུམ་ཅུ་རྩ་དྲུག་གི་བར་དུ་རྒྱལ་སྲིད་བྱས་ནས་ཇི་སྲིད་ན་ཁྱབ་འཇུག་ལྷ་ཡུལ་དུ་སོང་སྟེ། ཡུལ་འཁོར་བསྲུང་དང། སྐྱ་བསེང་གི ་བུ་ཐམས་ཅད་དང། ཆོས་ཞེས་བྱ་བའི་ལྷ་ཁྱིར་སྐྱེས་པ་དེ་དག་ཐམས་ཅད་ཀྱང་དུས་ལས་འདས་པར་གྱུར་ཏོ། །འདིར་ཆོས་ཞེས་བྱ་བའི་ལྷ་ཇི་ལྟར་ཁྱིར་སྐྱེས་པའི་གཏམ་བྲི་བར་བྱ་སྟེ། དྲང་སྲོང་བརྒྱན་པ་ཞེས་བྱ་བ་ཞིག་བསྟི་གནས་ཞིག་ན་དཀའ་ཐུབ་ཀྱི་འབྱོར་པས་གནས་པར་གྱུར་ཏོ། ་ཡང་ཇི་ཙམ་ན་དེ་དང་ཐག་མི་རིང་བ་ཞིག་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པ་དེ་ལས་རྐུན་པོ་རྣམས་ཀྱི་རྫས་བརྐུས་ཏེ། བསྟི་གནས་དེའི་ནགས་ཀྱི་ཚང་ཚིང་དུ་ཞུགས་ནས་གནས་བཅས་པ་དང། རྒྱལ་པོའི་སྐྱེས་བུ་མང་པོ་འོངས་ཏེ། དེ་དག་གིས་དྲང་སྲོང་ལ་སྨྲས་པ། ཁྱེད་ཀྱི་རྐུན ་པོ་འགའ་ཞིག་མཐོང་ངམ། དེས་ཀྱང་མ་མཐོང་ངོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོའི་སྐྱེས་བུ་རྣམས་ཀྱི་ནགས་ཀྱི་ཚང་ཚིང་དུ་བཙལ་བ་དང། རྐུན་པོ་རྙེད་དེ་བཟུང་ནས་འོངས་ཏེ་དྲང་སྲོང་འདི་ནི་འདི་རྣམས་ཀྱི་སྤོད་མཁན་ཡིན་ནོ། །ཞེས་བཟུང་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོ་ལ་ནས ་ཕུལ་ནས་ཇི་ལྟར་གྱུར་པ་ཡང་སྨྲས་སོ། །རྒྱལ་པོ་ཡང་འདི་ནི་ཉེས་པ་དང་བཅས་པའོ། །ཞེས་ཁྲོས་ནས་གསལ་ཤིང་ལ་སྐྱོན་པའི་ཕྱིར། དེ་གསོད་མི་རྣམས་ལ་གཏོད། །དེ་རྣམས་ཀྱི་དྲང་སྲོང་གསོད་སར་ཁྱེར་ཏེ། དེར་སེང་ལྡེང་ལ་སོགས་པའི་ཤིང་བསྡུས་པ་དང། ་དེ་དག་ཐམས་ཅད་བྲོས་ཤིང་མི་སྣང་བར་གྱུར་ཏོ། །དེ་ནས་སྦར་མའི་ཤིང་ཁྱེར་དེ་འོངས་པ་དང། །དེ་མ་བྲོས་སོ། །དེ་ནས་གསོད་མི་དེ་རྣམས་ཀྱིས་གསལ་ཤིང་བཙུགས་ནས་དེ་ལ་དྲང་སྲོང་བསྐྱོན་ནོ། །ཇི་ཙམ་ན་ཤིང་དེ་ལས་འདབ་མ་སྐྱེས་ནས་དེས ་ཀྱང་དྲང་སྲོང་དེའི་ལུས་ཀྱི་འོག་ནས་ཕུག་སྟེ་སྐྱེས་པ་དང། རྒྱལ་པོ་ཡང་དེར་འོངས་ནས་དྲང་སྲོང་འདི་ལ་ནི་ནོངས་པ་མེད་པར་ཞིག་གོ་།སྙམ་ནས་གསལ་ཤིང་དེ་ལས་བབ་པོ། །དེ་ཡང་ཁྲོས་པས་ཆོས་ཀྱི་གན་དུ་སོང་སྟེ། ཁྱོད་གནས་བཞིན་དུ་ཆོས་མ་ཡིན་པས་ཡུན ་རིང་པོར་ཁོ་བོ་སྡུག་བསྔལ་བར་གྱུར་ཏེ། ཤིན་ཏུ་མི་རིགས་པར་བྱས་ཀྱི། འདི་ལ་གཅིག་ཏུ་ལེགས་པར་རྟོགས་ཤིག། ཁོ་བོས་མི་རིགས་པ་ཅི་ཞིག་བྱས་ཞེས་སྨྲས་པ་དང། ཆོས་ཀྱིས་སྨྲས་པ། འདི་ནི་ངེས་པར་ཁྱེད་ཉིད་ཀྱིས་ཉེས་པ་ཡིན་ཏེ། གང་གི ་ཕྱིར་ཁྱེད་ཀྱི་སྐྱེ་བ་གཞན་དག་ཏུ་སྦྲང་མ་ལ་རྩ་ཤིང་གི་ཚལ་པས་ལུས་ཀྱི་སྨད་ནས་ཕུག་སྟེ། མཆུའི་རྩེ་མོར་ཕྱུང་ནས་གྱེན་ཏུ་འཕེན་པ་བྱས་པས་ན་དེ་ལས་འབྲས་བུར་གྱུར་པ་འདི་ཡིན་ནོ། །ཞེས་སྨྲས་པ་དང། དྲང་སྲོང་དེ་ཁྲོས་ཏེ་ཁྲོ་བོ་ཉིད་ཀྱི་ཉེས་པར་བཀལ་གྱིས ་ཆོས་ལ་དམོད་པ་གདབ་པར་བྱའོ། །སྙམ་ནས་གང་གི་ཕྱིར་ཁོ་བོ་བྲམ་ཟེའི་དྲང་སྲོང་ཡིན་པ་ལས་ཤིན་ཏུ་གནོད་པ་བྱས་པ་ཁྱོད་གནོད་སྦྱིན་དུ་གྱུར་ཅིག་།གང་གི་ཕྱིར་ངའི་ཀུན་ཏུ་སྤྱོད་པའི་བྱ་བ་མི་ཤེས་ལས་དམངས་རིགས་སུ་གྱུར་ཅིག། གང་གི་ཕྱིར ་ཁོ་བོ་ལ་སྐྱེ་བོ་དམ་པ་མ་ཡིན་པའི་སྤྱོད་པ་བྱས་པས་ཁྱིར་སྐྱེ་བར་གྱུར་ཅིག་ཅེས་བྱ་བའི་དྲང་སྲོང་གི་དམོད་པ་འདིས་ཆོས་འཛམ་བུའི་གླིང་དུ་བབས་ཏེ། དེ་ལས་རེ་ཞིག་དམངས་རིགས་ནི་བེ་དུ་རའི་ཡུལ་འཁོར་བསྲུང་གི་སྤུན་ཟླར་སྐྱེས་སོ། །འདོད་པ་ཅན་ཞེས་བྱ ་བའི་དགོན་པར་དྲང་སྲོང་རྩའི་ཐིག་ལེའི་བསྟི་གནས་དང་ཉེ་བར་གནོད་སྦྱིན་དུ་སྐྱེས་སོ། །ཁྱི་ནི་འདིར་སྐབས་སུ་བཤད་པ་ཡིན་ནོ། །དེས་ན་ནི་ཡང་ཆོ་འཕོས་ཏེ་ལྷར་སྐྱེས་སོ། །དེ་ལྟར་ན་སྐྱེ་བསེང་གི་བུ་དེ་རྣམས་ཀྱི་མིང་བརྗོད་པ་བྱས་པས་ཀྱང་བསོད་ནམས ་ཆེན་པོ་བསགས་པ་དང་ལྡན་པར་འགྱུར་རོ་ཞེས་སོ་སོ་སྐྱེ་བོ་དག་སྨྲའོ། །ཞེས་འཇིག་རྟེན་ན་ཐོས་སོ་དེ་ཡང་མཁས་པས་སྐྱ་བསེང་རྣམས་ཀྱི་ནི། མིང་ནི་བཟུང་བ་ཙམ་གྱིས་ཀྱང། །བསོད་ནམས་ཆེ་དང་ལྡན་པར་ནི། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །ཅེས་ཟེར་བ་ཡིན་ནོ། ། ་བརྗོད་བྱས་ན་ཞེས་བྱ་བ་ནི་ཀུན་ཏུ་བརྗོད་ཅིང་མིང་འཛིན་ལ་དེ་དང་ལྡན་པའི་གཏམ་བརྗོད་པས་ཞེས་བྱ་བའི་དོན་ཏོ། །གང་བརྗོད་པས་ཤེ་ན། སྐྱ་བསེང་བུ་ནི་ཞེས་བྱ་བ་སྨོས་ཏེ། རྒྱལ་པོ་སྐྱ་བསེང་གི་བུ་ཡིན་པས་ན་སྐྱ་བསེང་གི་བུ་སྟེ། གཡུལ་དོར་བརྟན་པ་ལ་སོགས་པའོ།། ་བསོད་ནམས་འགྱུར་ཞེས་བྱ་བ་ནི་བསོད་ནམས་ལ་སོགས་པར་འགྱུར་རོ་ཞེས་རྒྱས་པ་སྨྲའོ། །ཅ་ཐམས་ཅད་ཀྱི་བརྗོད་པས་སམ། འོན་ཏེ་རེ་རེའི་བརྗོད་པས་ཤེ་ན། སོ་སོའི་ཞེས་བྱ་བ་སྨོས་ཏེ་རེ་རེ་ནས་ཞེས་བྱ་བའི་དོན་ཏོ། །གང་ཞིག་བགྲོང་མིན་བགྲོང་བྱེད་པ་ཞེས་བྱ ་བ་ལ། སྤུ་ཟླའི་ཆུང་མ་ནི་བགྲོད་པར་བྱ་བ་མ་ཡིན་པ་སྟེ། དེ་ལ་གང་ཞིག་བགྲོང་པ་དེ་དག་ནི་ཁྱེད་ཀྱི་བསྟན་པ་ལ་ཤིན་ཏུ་སྨད་པ་ཡིན་པས་ན་དེ་དག་ནི་བགྲོང་མིན་བགྲོད་པའོ།། །།སྐེམ་ཕྱེད་དབང་པོ་ཉེ་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ་སྐེམ་བྱེད ་ནི་སྨིན་དྲུག་གི་བུའོ། །དབང་པོ་ནི་བརྒྱ་བྱིན་ནོ་ཉེ་དབང་ནི་ནོར་ལྷའི་བུའོ། །དྲག་པོ་ནི་དབང་ཕྱུག་ཆེན་པོའོ། །སོགས་ཀྱི་སྒྲས་ནི་འདོད་པའི་ལྷ་དང། ཚོགས་ཀྱི་བདག་པོ་ལ་སོགས་པ་བཟུང་ངོ། །འཇིགས་པ་ནི་བདག་ཉིད་སྐྲག་པའོ། །སྡིག་པ་ནི་ཕ་རོལ་ལ་འཚེ་བ ་སྟེ། དེ་དག་གི་ཕྱིར་ལག་ན་མཚོན་ཆ་རྟག་ཏུ་ཐོགས་པ་སྟེ། འདི་ལྟར་སྐེམ་བྱེད་ནི་མདུང་ཐུང། དབང་པོ་ནི་རྡོ་རྗེ་ཉེ་དབང་ནི་འཁོར་ལོ། དྲག་པོ་ནི་རྩེ་གསུམ་འདོད་པའི་ལྷ་ནི་མངའ་གཞུ། ཚོགས་ཀྱི་བདག་པོ་ནི་དགྲ་སྟ་འཛིན་པ་ལ་སོགས་པའོ། །དེ་དག ་འཇིགས་པ་དང། སྡིག་པའི་ལོ་རྒྱུས་ཀྱང་གོང་དུ་རྒན་པོས་ཁྱབ་འཇུག་མངའ་ཡིས་བསྣུན་ཞེས་བྱ་བ་དང་ལྷ་ཆེན་འདོད་པ་ཅན་གྱི་མཚན་ཞེས་བྱ་བ་དང། སྣ་ཆེན་འཐབ་དཀའ་ལ་སོགས་པ་ཞེས་བྱ་བ་དང། ཁྱབ་འཇུག་དག་ནི་ནག་སྐྲ་བོས་ཞེས་བྱ་བ་ལ་སོགས་པ་དང། འོག་ནས ་ཀྱང་གཞོན་ནུ་རང་གི་ཞང་པོ་ལ་ཞེས་བྱ་བ་དང། །རྒན་པོས་སྦྱར་བའི་འཇིགས་ཤེས་ནས་ཞེས་བྱ་བ་དང། ཁྱབ་འཇུག་གིས་ནི་མཉེན་འདུན་དག་ཅེས་བྱ་བ་ལ་སོགས་པའི་སྐབས་སུ་བཤད་པ་ཉིད་ཡིན་ནོ། །དཔའ་བོ་ཆེན་པོ་ཁྱོད་ནི་བསྙེངས་པ ་དང་དྲག་པ་སྟེ། བདག་ཉིད་ལ་ངོ་ཟླ་མེད་པར་མཁྱེན་པས་འཇིགས་པ་དང་བྲལ་ལ། བསྡིགས་པར་མི་མཛད་པ་ནི་ཐུགས་རྗེ་ཆེན་པོས་རྒྱུད་གང་བས་གཞན་ལ་གནོད་པ་མི་མཛད་པ་སྟེ། སྐྱེས་པའི་རབས་སྣ་ཚོགས་ལས་ཇི་ལྟར་འབྱུང་བ་ཉིད་འདིར་སྦྱར་བར་བྱའོ། ། ་ཁྱོད་ནི་སུས་ཀྱང་མི་བསྙེངས་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་བཤད་པ་ཡིན་ཏེ། ཁྱོད་ནི་ཞེས་བྱ་བ་ནི་བདེ་བར་གཤེགས་པའོ། །མི་བསྙེངས་པ་ནི་འཇིག་པ་དང་བག་ཚ་བ་མོད་པའོ། །གང་གི་མི་འཇིགས་ཤེ་ན། སུས་ཀྱང་སྟེ་འཇིག་རྟེན་ན་མངོན་པར ་མཐོ་བར་རློན་པ་དགེ་སྦྱོང་དང་བྲམ་ཟེ་དང་བདུད་དང། ཚངས་པ་ལ་སོགས་པས་འཇིག་པར་མི་འགྱུར་བ་སྟེ། འཇིགས་པའི་རྒྱུ་མ་ལུས་པ་སྤངས་པའི་ཕྱིར་རོ། །གལ་ཏེ་རང་ཉིད་ལ་གནོད་པ་མེད་ཅིང་ཁ་བཙན་པ་དག་ཕལ་ཆེར་གཞན་ལ་གནོད་ཅིང། གདུང་བ ་སྐྱེད་པ་ཡིན་པར་འཇིག་རྟེན་ན་མཐོང་ངོ་སྙམ་ན། ཁོ་བོ་ཅག་གི་སྟོན་པ་འདི་ལ་དེ་ལྟ་བུ་མངའ་ཨོ་ཞེས་སྟོན་པ་ནི། སུ་ལའང་བསྡིགས་པར་མི་མཛད་པས་ཅེས་པ་སྟེ། དེའི་ཕྱིར་བདེ་བར་གཤེགས་པ་ཁྱོད་ཉིད་གཅིག་པུ་རྩེ་གསུམ་ལ་སོགས་པའི་མཚོན་ཆ་རྣམས་མི་བསྣམས་པས་དབང་ཕྱུག་ལ་སོགས་པའི་འགྲོ་བ་རྣམས་ལས་ཁྱད་པར་དུ་འཕགས་སོ། །ཞེས་བྱ་བའི་དོན་ཏོ། །འདིར་སྨྲས་པ། གལ་ཏེ་དབང་ཕྱུག་ལ་སོགས་པ་དག་ཀྱང། མཚོན་ཆ་ཐམས་ཅད་སྤངས་ཏེ། དགོན་པར་དཀའ་ཐུབ་སྤྱད་པ་དག་ཀྱང་ཐོས ་ལ། བདེ་བར་གཤེགས་པ་ཉིད་ཀྱང་རེས་འགའ་གནོད་སྦྱིན་དང་སྲིན་པོའི་ཆ་བྱད་དུ་བསྒྱུར་ནས་མཚོན་ཆ་བསྲེལ་ཞིང་གཞན་དག་ཚར་གཅོད་པར་ཐོས་ཏེ་དེ་དག་མཚུངས་པ་མ་ཡིན་ནམ་ཞེ་ན། མི་མཚུངས་ཏེ། དབང་ཕྱུག་དང། ཁྱབ་འཇུག་ལ་སོགས་པ ་?དག་ནི་རང་བཞིན་གྱི་ལུས་ལ་ཉོན་མོངས་པ་མནག་པར་མ་ནུས་པའི་སྤྱོད་པ་ཡིན་པར་ཁོང་རང་གི་ཚད་མར་ཁས་བླངས་པའི་རིག་བྱེད་ཀྱི་ཆ་དག་ལས་འབྱུང་ལ། སངས་རྒྱས་བཅོམ་ལྡན་འདས་ནི་གཞན་གདུལ་བའི་ཕྱིར་སྤྲུལ་པའི་ལུས་ལས་སྙིང་རྗེའི་སྟོབས་ཀྱིས་བཅོས་ཏེ། ་ཞེ་སྡང་ལ་སོགས་པ་དང་འབྲེལ་པའི་སྤྱོད་པ་ལྟ་བུར་སྟོན་པ་ཡིན་པས་ག་ལ་མཚུངས། གལ་ཏེ་དབང་ཕྱུག་ལ་སོགས་པའང་སྤྲུལ་པའི་ལུས་ཉོན་མོངས་པ་དང་འབྲེལ་བ་ལྟ་བུར་སྟོན་པ་ཡིན་གྱི། རང་བཞིན་གྱི་ལུས་ནི་ཉོན་མོངས་པ་ཞི་བ་ཉིད་ཡིན་ནོ། །སྙམ་ན་དེ་ལྟ་ཡིན ་ན་མི་བརྩད་མོད་ཀྱི། འོན་ཀྱང་ཁྱེད་རང་གི་གཞུང་ལས། དབང་ཕྱུག་ཆེན་པོའི་རང་བཞིན་གྱི་ལུས་ཉིད་ཀྱི་ཚངས་པ་བསད་པ་དང། ཁྱབ་འཇུག་གི་ཞེ་སྡང་གི་བསམ་པས་སྒྲ་ངན་བརླག་པར་བྱས་སོ། །ཞེས་འབྱུང་བ་ལ་སོགས་པ་རྣམས་དང་འགལ་བར་འགྱུར་རོ། །སྨྲ་བོ་ཉོན ་མོངས་བཅས་པའི་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སྨྲ་བོ་ནི་རྗོད་པར་བྱེད་པ་པའོ། །དེ་ཉིད་ཉོན་མོངས་བཅས་པ་སྟེ། རང་གི་ཕྱོགས་ལ་མངོན་པར་ཞེན་ཅིང། གཞན་གྱི་ཕྱོགས་ལ་ཞེ་སྡང་ལ། ཐམས་ཅད་དུ་བདག་ཏུ་འཛིན་པས་གཟིར་བའི་ཉོན་མོངས་པ ་གསུམ་དང་རྗེས་སུ་འབྲེལ་པ་གང་ཡིན་པའོ། །ངེས་བྱས་པའི་ངག་ནི་དེའི་ཚིག་སྟེ། རིག་བྱེད་ལ་སོགས་པའོ། །དེ་ཉིད་རིག་བྱེད་ལ་སོགས་པའང་ཡིན་ལ། ཚིག་ཀྱང་ཡིན་པས་རིག་བྱེད་ལ་སོགས་པའི་ཚིག་སྟེ། ངེས་བརྗོད་ལ་སོགས་པའི་རིག་བྱེད་དོ། །སོགས ་ཀྱི་སྒྲས་རྒྱས་པས་སྦྱར་བའི་སྐྱ་བསེང་གི་རབས་དང། གྲོག་མཁར་གྱི་སྦྱར་བའི་དགའ་བྱེད་ཀྱི་འཇུག་པ་ལ་སོགས་པ་གཟུང་ངོ། །གལ་ཏེ་སྐྱ་བསེང་གི་རབས་ལ་སོགས་པ་དག་སྐྱེས་བུས་བྱས་པས་ཚིག་ཉིད་ཡིན་དུ་བཅུག་ཀྱང། རིག་བྱེད་ནི་ཉེས་པ་ཐམས་ཅད་ཀྱི ་རྒྱུ་སྐྱེས་བུས་མ་བྱས་པའི་སྐྱེས་བུའི་ཚིག་ག་ལ་ཡིན་སྙམ་ན། འདི་ནི་ཆེས་མ་འབྲེལ་ཏེ། འདི་ལྟར་རིག་བྱེད་ཀྱང་སྐྱེས་བུའི་ཚིག་ཡིན་ཏེ། སྐྱེས་བུའི་འདུ་བྱེད་པ་ལས་བྱུང་བའི་ཕྱིར། དཔེར་ན་དགའ་བྱེད་ཀྱི་འཇུག་པ་བཞིན་ཞེས་བྱ་བ་ལ་སོགས་པས་ཤེས་པར་ནུས་ཏེ། ་།འདིའི་སྤྲོས་པ་རེ་ཞིག་བཞག་གོ་།ཕལ་ཆེར་ལྟག་འོག་འགལ་བ་ལགས་ཞེས་བྱ་བ་ལ། ཕལ་ཆེར་ནི་མང་པོ་ཞིག་གོ་།ལྟག་འོག་འགལ་བ་ནི་གོང་འོག་གི་ཚིག་ཕན་ཚུན་གནོད་པ་ཡོད་པ་སྟེ། དེའི་རྒྱུ་འཆད་པ་པོ་ཉོན་མོངས་པ་དང་བཅས་པ ་ཡིན་པར་དགོངས་སོ། །ཁྱོད་ཀྱི་གསུང་ལ་འགལ་བ་མེད་དོ། །ཞེས་བར་གྱི་ཚིག་མི་མངོན་པའི་བསྡུ་བར་སྦྱར་ཏེ། དཔེར་ན་ཞོའི་བུམ་པ་ཞེས་བྱ་བ་ལྟ་བུའོ། །འགལ་བ་མེད་པར་ཅིས་མངོན་ཞེ་ན། ཐམས་ཅད་མཁྱེན་པའི་གསུང་ཞེས་སྨོས་ཏེ། ཉོན་མོངས་དང། ་ཤེས་བྱའི་སྒྲིབ་པ་ཟད་པས་ཤེས་བྱ་ཐམས་ཅད་ལ་དབང་འབྱོར་པ་བརྙེས་པའི་གསུང་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་གྱི་བསྟན་བཅོས་གཞན་དག་ནི་ཞེས་བྱ་བ་ལ། གཞན་གྱིས་བསྟན་བཅོས་ནི་སེར་སྐྱ་དང། གཟེགས་ཟན་ལ་སོགས་པས་བཤད་པའི ་གྲངས་ཅན་དང། རིགས་པ་ཅན་ལ་སོགས་པའོ། །གཞན་དག་ནི་གཞན་ཇི་སྙེད་པ་དེ་དག་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །ཕལ་ཆེར་སྔ་ཕྱིའི་འགལ་བ་ལགས་ཞེས་བྱ་བ་ནི་འདིར་ལྟར་གཙོ་བོ་རྟག་པར་འདོད་ལ། དེ་ཉིད་ཐམས་ཅད་ཀྱི་རྒྱུར་ཡང་འདོད་པ་ལྟ་བུ་སྟེ། ་རྟག་པ་རྒྱུར་འགྱུར་བ་ཤིན་ཏུ་འགལ་བ་དང། རིགས་པ་ཅན་ནི་བདག་བེམས་པོ་ཡང་ཡིན་ལ། ཡུལ་ལ་ལོངས་སྤྱོད་པ་པོ་ཡང་ཡིན་ནོ་ཞེས་ཟེར་བ་དང། རིག་བྱེད་པ་ནི་རིག་བྱེད་ངག་གི་འདུ་བྱེད་པ་འང་ཡིན་ལ། སྐྱེས་བུས་མ་བྱས་པ་ཡང་ཡིན་ནོ་ཞེས་འདོད་པ་དང། ་གཞན་ཡང་ཁྱབ་འཇུག་དང། དབང་ཕྱུག་ལ་སོགས་པའི་ལྷ་ཆེན་པོ་དེ་དག་ནི། ཐམས་ཅད་མཁྱེན་པར་འདོད་བཞིན་དུ་ཕུང་ཁྲོལ་དཔག་ཏུ་མེད་པ་ལ་ཞུགས་ནས། ཕྱིས་འགྱོད་བཞིན་དུ་དེ་སེལ་བའི་ཐབས་ལ་ཞུགས་པར་འདོད་པ་སྟེ། བདེ་བར་གཤེགས་པ་དག ་གིས་མཐོང་ན་བཞད་གད་དུ་འགྱུར་བ་དུ་མ་སྨྲ་བ་ཡིན་ནོ། །ཁྱོད་ཉིད་ཀྱི་ནི་གཞུང་ལུགས་དག་ཅེས་བྱ་བ་ནི་བདེ་བར་གཤེགས་པ་ཁྱོད་ཉིད་ཀྱི་གསུངས་པའི་གཞུང་ལུགས་སྡེ་སྣོད་གསུམ་གྱི་བདག་ཉིད་ཅན་གང་ཡིན་པ་དེ་ལ་ནི། ཐོགས་པར་མཐར་སྐྱོན་མ་མཆིས་ཞེས ་སྦྱར་ཏེ། ཐོག་མར་གསུངས་པའི་ཚིག་དེ་བར་དང་ཐ་མར་གསུངས་པའི་ཚིགས་གིས་མི་གནོད་ཅིང། དེ་བཞིན་དུ་སྦྱར་ཏེ། བར་དང་ཐ་མར་གསུངས་པ་དེ་ལ་སྔ་ཕྱིར་དང་གོང་མ་དག་གིས་མི་གནོད་པའང་ཡིན་ལ། རང་གི་ངོ་བོའི་ཚིག་གང་ཡིན་པ་དེ་ལའང་རིགས་པས་གནོད ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཡང་ན་ཐོག་མ་བར་མཛའ་ནི་ཐོས་པ་དང། བསམ་པ་དང། བསྒོམ་པ་དག་གི་དུས་ན་རིགས་པ་དག་གིས་མི་གནོད་པའི་ཕྱིར། སྐྱོན་མེད་པ་ཡིན་ནོ་ཞེས་ཀྱང་སྦྱར་ཏེ། ཧ་ཅང་ཡི་གེའི་དོན་མ་ཡིན་ནོ། །ཆོས་འདོད་པ་དག ་དམངས་རིགས་ལ་ཞེས་བྱ་བ་ལ་སོགས་པ་ལ།། ཆོས་སྨྲ་བར་འདོད་པའི་གང་ཟག་རྒྱལ་དཔོག་པ་ལ་སོགས་པ་དག་།དམངས་རིགས་ལ་བློ་གྲོས་ཏེ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་སྦྱིན་བྱ་མིན་ཏེ། བཤད་པའི་སྣོད་མ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟར་དམངས ་རིགས་ལ་རིག་བྱེད་འདོན་ན་དམྱལ་བར་ལྟུང་ངོ། །ཞེས་འཆད་དོ། །ད་ལྟར་འཆད་པའི་རྒྱུ་ཡང་དམངས་རིགས་ལ་སོགས་པ་ཐམས་ཅད་ཐུན་མོང་དུ་གྱུར་ན། བྲམ་ཟེ་རྣམས་ལ་གཞན་གུས་པར་མི་འགྱུར་བས་དེས་ན་ཕྲག་དོག་གིས་དེ་སྐད་སྦྱར་བ་ཡིན་ནོ། །ཁྱོད་ནི ་གདོལ་པ་རྣམས་ལའང་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ཁྱོད་ནི། གདོལ་པ་ནི་ཉེ་བར་མཚོན་པ་སྟེ། ལྷམ་མཁན་དང། ཉ་པ་ལ་སོགས་པ་རིགས་མེད་པ་རྣམས་བཟུང་ངོ། །འང་གི་སྒྲས་ནི་རྒྱལ་རིགས་ལ་སོགས་པ་རྣམས་བསྡུའོ། །ཐུགས་རྗེས་དམ་ཆོས་སྟོན་པར ་མཛད་ཅེས་བྱ་བ་ནི་ཐུགས་རྗེ་ཁོ་ནས་ཞེས་བྱ་སྟེ། ཐུགས་རྗེས་ཁོ་ནས་དམ་ཆོས་སྟོན་གྱི་གྲགས་པ་དང་ཁེའི་ཕྱིར་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདི་ལྟར་ན་བའི་བུ་ལ་ཁྱད་པར་དུ། །མ་སྣིང་གདུང་བ་སྐྱེ་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང། །དམ ་པ་མིན་ལ་ཁྱད་པར་བརྩེ། །ཞེས་བཤད་པ་ལྟ་བུའོ། ལྗོན་ཤིང་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། ལྗོན་ཤིང་ཡན་ཡིན་ལ་བཟང་པོ་ཡང་ཡིན་པས་ན་ལྗོན་ཤིང་བཟང་པོ་སྟེ། ལོ་མ་དང། མེ་ཏོག་དང། འབྲས་བུ་ཕུན་སུམ་ཚོགས་པ་གང་ཡིན་པའོ། ་དེ་སྤངས་ཏེ་ཞེས་བྱ་བ་ནི་དོར་ནས་ཞེས་བྱ་བའི་དོན་ཏོ། །ངན་པ་ནི་ཤིང་ཨེ་རཎྜ་ལ་སོགས་པ་སྟེ་དེ་ལ་སུ་ཞིག་བསྟེན་ཞེས་བྱ་སྟེ། དཔྱོད་པ་དང་ལྡན་པ་སུ་ཞིག་ལེན་པར་བྱེད་མི་བྱེད་དོ། །དེ་ཉིད་དོན་ལ་སྦྱར་བ་ན། འདོད་ཆགས་བྲལ་བརྙེས་ཞེས་བྱ་བ ་ནི་ཉེ་བར་མཚོན་པ་སྟེ། ཉོན་མོངས་པ་མཛའ་དག་དང་བྲལ་བའི་ཆོས་ཐོབ་པ་ཉིད་གཟུང་ངོ། །དེ་གང་ལ་ཡོད་པའི་བདེ་བར་གཤེགས་པ་ཁྱོད་བཞུགས་བཞིན་དུ། མཁས་པ་སུ་ཞིག་ཉོན་མོངས་པའི་འདམ་དུ་བྱིང་བའི་སེར་སྐྱ་དང། གཟེགས་ཟན་ལ་སོགས་པའི་སྟོན་པ་གཞན་ལ་འདུད་ཅིང ་ཕྱག་འཚལ་བར་བྱེད་དེ། མི་བྱེད་ཅེས་བྱ་བའི་དོན་ཏོ། །སེར་སྐྱ་ཡུལ་རྣམས་ལ་སྦྱང་བཞིན་ཞེས་བྱ་བ་ལ། སེར་སྐྱ་ནི་གྲངས་ཅན་གྱི་སྟོན་པའོ། །ཡུལ་རྣམས་ལ་སྦྱང་བ་ནི་ཡུལ་གཟུགས་ལ་སོགས་པ་འདོད་པའི་བདེ་བ་ལ་ལོངས་སྤྱོད་བཞིན་དུ། ཡེ་ཤེས་ཏེ་ཡང་དག་པའི་དེ་ཁོ་ན་ཉིད ་མཐོང་བར་འགྱུར་བའོ། །འདི་ཡང་གོང་དུ་སེར་སྐྱས་བདག་གི་མཚན་ཉིད་ནི་ཞེས་བྱ་བའི་སྐབས་སུ་བཤད་པ་ལྟར་རོ། །འཆི་ཞེས་བྱ་བ་ནི་དེ་སྐད་ཅེས་དྲག་ཅེས་བྱ་བའི་དོན་ཏོ། །མ་རངས་པའི་ཚིག་གོ་།སྡིག་བྲལ་བ་ཞེས་བྱ་བ་ནི་བོད་པ་སྟེ། མི་དགེ་བ་ཐམས་ཅད་ཟད་པའི་བདེ་བར་གཤེགས ་པ་ཁྱོད་ཀྱིས་སོ། །ཀུན་ནས་ཉོན་མོངས་ལ། ཐར་པ་གང་ལ་ཡོད་ཅེས་གསུངས་ཞེས་བྱ་བ་ནི། སེམས་གང་ལ་ཀུན་ནས་ཉོན་མོངས་པ་ཡོད་པ་ཞེས་འབྲུ་མང་པོ་བའི་བསྡུ་བར་སྦྱར་རོ། །ཐར་བ་ནི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་མྱ་ངན་ལས་འདས་པའོ། །ག་ལ ་ཡོད་ཅེས་བྱ་བ་ནི་སྤོང་བའི་ཚིག་སྟེ། མེད་ཅེས་བྱ་བའི་དོན་ཏོ། །གདུངས་པ་ནི་བཀའ་སྩལ་བ་སྟེ། མདོ་སྡེ་དག་ལས་ཇི་སྐད་དུ། འདོད་པའི་ཡོན་ཏན་ལྔ་ལ་བརྟེན་ན་བར་དུ་གཅོད་པའི་ཆོས་སུ་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །བསོད་ནམས་བྱས་པའི་ཚོགས ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་སོགས་པ་ཡིན་ལ། བྱས་པ་ནི་ལུས་དང་ངག་དང། ཡིད་ཀྱི་མངོན་པར་འདུས་བྱས་པ་གང་ཡིན་པའོ། །ཚོགས་ནི་མང་དུ་བསྒྲུབས་པའོ། །དེ་དག་ནི ་སེམས་ཅན་རྣམས་ལ་ཡོངས་སུ་བསྔོ་བར་བཅོམ་ལྡན་འདས་ཁྱོད་ཀྱིས་གང་གསུངས་པ་ནི་ཇི་སྐད་དུ། དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ ་བསྔོ་བར་བྱའོ། །ཞེས་བྱ་བ་ལ་སོགས་པའི་རྒྱ་ཆེར་འབྱུང་བ་དེ་ལྟ་བུ་ནི་གཞན་སེར་སྐྱ་དང། གཟེགས་ཟན་ལ་སོགས་པའི་གཞུང་ལུགས་ཀྱི་བསྟན་བཅོས་རྣམས་ལས་ཆ་ཙམ་ཡང་མ་བཤད་དོ། །ལྷ་རྟེན་དང་མི་མཆོད་སྦྱིན་ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྟེན་ནི ་དབང་ཕྱུག་དང། །ུ་མ་ལ་སོགས་པའི་གཟུགས་བརྙན་ནོ། །མཆོད་སྦྱིན་ནི་མི་བསད་དང། རྟ་བསང་ལ་སོགས་པའི་མཆོད་སྦྱིན་ནོ། །ལ་ཞེས་བྱ་བ་ནི་བདུན་པའི་སྒྲ་སྟེ། གཉིས་ཀའི་མཐར་སྦྱར་ལ། དེ་ཡང་ལྷ་བརྟེན་ལ་སེམས་ཅན་རྣམས་གསོད་པ་ཞེས་སྦྱར ་ན་ཡུལ་གྱི་བདུན་པར་འགྱུར་ལ། མཆོད་སྦྱིན་ལ་སེམས་ཅན་ཞེས་སྦྱར་ན། དུས་ཀྱི་བདུན་པར་འགྱུར་རོ། །གསོད་པའི་ཚུལ་ཡང། རིག་བྱེད་ཀྱི་གཞུང་ལས། བར་གྱིས་དུས་ལ་བབ་པ་ན། བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡིས་བཙང་མའི ་རིགས་ཡིན་ཏེ། །མིན་ན་བྱོལ་སོང་གསུམ་གྱིས་སོ། །རེ་རེ་ལ་ཡང་གྲོང་གི་མི། །བྱོལ་སོང་བཅུ་དྲུག་བཅུ་དྲུག་སྦྱིན། །ཆོ་ག་བཞིན་དུ་མཆོད་སྡོང་གཟུགས། །བར་དུ་བཅུ་དང་བདུན་སྦྱིན་བྱ་ཞེས་བྱ་བ་དང། བྲམ་ཟེ་ལ་ནི་བྲམ་ཟེ་བསང། །རྒྱལ་རིགས་ལ་ནི་རྒྱལ་རིགས ་བསད། །མ་རུ་དག་ལ་རྗེ་རིགས་ཏེ། །དཀའ་ཐུབ་དག་ལ་དམངས་རིགས་སོ། །ཞེས་བྱ་བ་ལ་སོགས་གཞུང་འཇིག་རྟེན་པ་ཆོས་སུ་འདོད་པའོ། །ཁྱོད་ཀྱི་བསྟན་ལ་དེ་སྨད་ལགས་ཞེས་བྱ་བ་ནི། །བདེ་བར་གཤེགས་པ་ཁྱོད་ཀྱི་བསྟན་པ་ལ་དེ་དག་སྨད་པ་སྟེ། ཇི་སྐད་དུ ་སྲོག་གཅོད་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བ་དང། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དེ་ལ་འདི་སྙམ་དུ། སྲོག་གཅོད་པ་སྤྱི་ཙམ་ཆོས་མ་ཡིན་མོད་མཆོད་སྦྱིན་གྱི་དུས་སུ་རིག་བྱེད་ལས་འབྱུང་བའི་ཆོ་ག་ཕུན་སུམ་ཚོགས ་པས་བསང་བ་ནི་ཆོས་ཡིན་ནོ། །སྔ་མ་ན་མ་ཡིན་ཏེ། ཆོས་གང་ཞིག་སྲོག་ཆགས་ལ་རྟག་ཏུ་གནོད་པ་གང་ཡིན་པ་དེ་ནི་རིན་ཕྱེད་ཟུང་འབྱུང་ངམ། དྲང་སྲོང་གི་བཤད་དོན་ནོ། མཆོད་སྦྱིན་གྱི་དུས་སུ་འང་རུང་སྟེ། དེ་ལྟ་བུའི་ཚུལ་དེ་ལ་ཆོས་ཉིད་གང ་བ་ཡོད་དེ་མེད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ནི་ངན་སོང་དུ་ལྷུང་བ་ལས་འཛིན་པའམ། འཕོས་ནས་བདེ་བ་སྟེར་བར་བྱེད་པའི་དོན་གྱི་ན་དྷརྨཱ་ཞེས་བྱ་བ་ཡིན་ལ། མི་བསད་ཀྱི་མཆོད་སྦྱིན་ལ་སོགས་པ་ནི་དེ་ལས་བཟློག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གཞན་ལ་གནོད ་པ་ཡིན་པའི་ཕྱིར་ཏེ། དཔེར་ན་གདོལ་པའི་བྱ་བ་བཞིན་ནོ། །དེ་ལྟར་དྲང་སྲོང་རྒྱས་པས་མཆོད་སྦྱིན་གྱི་སྔགས་པ་བརྗོད་པ་ན། དེའི་བུ་ནི་བཅོས་སྨྲས་པ། མཆོད་སྡོང་གཙུགས་ཏེ་ཕྱུགས་བསད་ནས། །ཁྲག་གི་འདམ་ནི་བྱས་གྱུར་པ། །དེས་ཀྱང་མཐོ་རིས ་འགྱུར་ནས་སོ། །དམྱལ་བར་གང་གི་འགྱུར་བ་གསུངས་ཞེས་སྨྲས་པར་གྲག་གོ། དེའི་ཕྱིར་གཙོ་བོ་ཁྱོད་ཀྱི་གཞན་ལ་གནོད་པ་ལྟ་ཞོག་གི། རང་ཉིད་སྲོག་གི་སེམས་ཅན་ལེགས་པར་བསྲུངས་ཏེ། གླང་པོ་ཆེའི་སྐྱེས་པའི་རབས་ལ་སོགས་པ་དཔེར་བརྗོད་པར་བྱའོ། །འོ་ན ་མཆོད་སྦྱིན་གྱི་ཆོ་ག་ཆོས་སུ་མི་རུང་ན། ཕྱིན་ཅི་མ་ལོག་པའི་ཆོས་དེ་གང་ཡིན་པ་སྨྲོས་ཤིག་ཅེ་ན། སྨྲས་པ་ཤཱཀྱའི་རྒྱལ་རིགས་འཁྲུངས་ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། ཤཱཀྱ་ནི་ཁྱིམ་པའི་ཕྱོགས་ཀྱི་རིགས་རྣམས་ཀྱི་བླ་མ་སྨོས་པའོ། །དེ་ཡང་རྒྱལ་པོ་མང ་པོས་བཀུར་བ་ཞེས་བྱ་བ་ནས་བརྩམས་ཏེ། རྒྱལ་རབས་ས་ཡ་ཕྲག་གཅིག་དང། ཁྲི་ཕྲག་གཅིག་དང། དགུ་སྟོང་དང། བཞི་བརྒྱ་དང། བརྒྱད་ཅུ་གྱི་དགུ་འདས་པ་ན། གྲོང་ཁྱེར་གྲུ་འཛིན་ཅེས་བྱ་བར། རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་ངོ། ་དེ་ལ་བུ་ལྔ་སྟེ། སྐར་མངའ་གཏང། ལག་ན་གླང་པོ་ཆེ་འདུལ། རྐང་འདུབ་ཅན། རྒྱལ་སྲིད་དགའ་བོ། །དེའི་ཆེ་བོ་བཞིས་གྲོང་ཁྱེར་སེར་སྐྱ་གཟུང་ནས་ཤིན་ཏུ་ཕོད་པ་ཆེ་བས་ཤཱཀྱ་ཞེས་གྲགས་སོ། །དེའི་རྒྱུད་ཡིན་པས་ན་ཤཱཀྱའི་རྒྱལ་རིགས་སོ། །དེར་འཁྲུངས ་པ་ནི་བསམས་བཞིན་དུ་སྐྱེ་བ་ཞེས་པའོ། །བདེན་པ་ནི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པའོ། །མི་བསླུ་བ་ནི་ཞུགས་པ་ཡིད་ཆེས་པ་བསྐྱེད་པའོ། །ཚངས་པར་སྤྱོད་པ་ནི་དབང་པོའི་སྒོ་བསྡམས་པའོ། །དུལ་བ་ནི་མཚན་མ་དང་རྣམ་པར་རྟོག་པ་ཞི་བའོ། །བརྩེར་ལྡན་ནི་ཕ ་རོལ་ལ་ཕན་པར་སྦྱོར་བ་སྟེ། ཚུལ་དེ་ལྟ་བུ་ནི་ཁྱོད་ཀྱི་དམ་པའི་ཆོས་ལེགས་པར་དགོངས་ཀྱི། ཉེ་བར་འཚེ་བ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །རིག་བྱེད་མཛའ་ལ་བྱམས་པས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། རིག་བྱེད་མཛའ་དག་འབྱམས་པར་ཤེས ་པ་ནི་རྒྱས་པ་ལ་སོགས་པ་སྟེ། དེ་དག་ཀྱང་གཡུལ་ངོ་སྟེ་འཐབ་སར་དགྲ་འོངས་ན་བསད་པར་སྨྲ་སྟེ། དེ་ཡང་གོང་དུ། ཁྲོས་པས་གཡུལ་ངོར་བསད་བྱས་ན་ཞེས་གསུངས་པ་ལྟ་བུའོ། །བདེ་བར་གཤེགས་པ་ཁྱོད་ནི་དགྲ་ལའང་སྙིང་རྗེ་ཁོ་ན་བྱ་བར་གསུངས ་ཏེ། བཟོད་པར་སྨྲ་བའི་སྐྱེས་པའི་རབས་དཔེར་སྦྱར་བར་བྱའོ།། །།གཞོན་ནུས་རང་གི་ཞང་པོ་ལ་ཞེས་བྱ་ལ་སོགས་པ་ལ། སྐེམ་བྱེད་ཀྱི་སྔོན་གྱི་གཏམ་རྒྱུད་ལས་འདི་ལྟར་ཐོས་ཏེ། རིལ་བ་ཅན་ལ་ཉ་ཅན་དང། ངུར་པ་ཞེས་བྱ་བའི ་བུ་གཉིས་ཡོད་དེ། རི་བོང་དུར་པ་ནི་ཤིན་ཏུ་ཡང་ཉམས་དགའ་བ་ཡིན་པས། རི་རབ་ཀྱང་ཟིལ་གྱི་མནན་ནས་ལྷག་པར་གནས་ཤིང། ཕྲག་དོག་ཅན་ཡིན་པས་གྲུབ་པ་གང་ལ་ཡང་སྐབས་མི་འབྱེད་དོ། །དེ་ནས་གྲུབ་པའི་ལྷ་རྣམས་ཀྱིས་བསམས་པ། ཁོ ་བོ་ཅག་དར་འདུག་ནས་འདོད་པའི་བདེ་བ་སྤྱོད་པར་ནམ་ཞིག་འགྱུར་སྙམ་ཞིང་འདོད་པ་དང་བཅས་པར་གྱུར་པ་དང། གཞོན་ནུ་རི་བོ་ཏི་སེ་ན་བསྟོད་པ་བྱེད་ཅིང་འདུག་པའི་གན་དུ་སོང་སྟེ་གསོལ་བ་བཏབ་པ། ཅི་ནས་ཀྱང་རི་བོ་དུང་པར་བདག་ཅག་རྣམས་ཆུང་མ་དང ་ལྷན་ཅིག་འདོད་པའི་བདེ་བ་སྤྱོད་པར་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་སྨྲས་པ་དང། གཞོན་ནུས་བསམས་པ། གཞན་གྱི་གསོལ་བ་ངོར་བཟློག་པ། །སྲོག་འདོར་བས་ཀྱང་སྨད་བྱ་ཡིན། །དེ་བས་འདི་ཡིས་ལས་ལ་ནི། །ད་ནི་ཀུན་ཏུ་བརྩོན་པར་བྱ་སྙམ་ནས། ་དེ་སོང་སྟེ་བསྙེན་བཀུར་ཆེན་པོས་རི་བོ་དུར་པ་ལ་གསོལ་བ་བཏབ་པ། དུ་རི་བ་ཁོ་བོའི་གསོལ་བ་བྱ་བ་ཅིག་ཅིག་ངེས་པར་སྤྱད་པར་གྱིས་ཤིག་།དེས་སྨྲས་པ། ཅི་ཞིག་གཞོན་ནུས་སྨྲས་པ། གྲུབ་པ་རྣམས་ཀྱི་སྐབས་རྙེད་པའི་ཕྱིར་རྗེས་སུ ་བརྩེ་བར་གྱིས་ཤིག་ཅེས་སྨྲས་པ་དང། སྨྲས་མ་ཐག་ཏུ་ཁྲོ་བས་དྲེགས་པར་གྱུར་པའི་གདོང་གིས་ཁྲོ་གཉེར་བསྡུས་པའི་བཞིན་དང། ང་ནི་སུ་ལའང་གོ་སྐབས་མི་འཕྱེད་དོ། །ཞེས་སྨྲས་པ་དང། གཞན་ནུས་འབད་པ་སྣ་ཚོགས་བྱས་ཀྱང་དོན་དེ་མ་གྲུབ་པས། ་དེའི་ཚེ་དེ་དང་ལྷན་ཅིག་འཐབ་པར་བརྩམས་སོ། །གཏམ་འདི་ལྷ་མོ་ཨུ་མས་ཐོས་པ་དང། བུ་ལ་གཙེས་པར་དོགས་པའི་སྡུག་བསྔལ་དང་ལྡན་པས་ལག་པ་འགྲམ་པ་ལ་གཏད་དེ། མྱ་ངན་གྱི་གནས་པར་གྱུར་ཅིང། འདི་ལྟ་བུའི་རྣམ་པར་འཁྲུག་པ་བྱུང་བ་ལས་ན་ས ་གསུམ་དག་འཁྲུག་པར་མི་འགྱུར་རམ་སྙམ་མོ། །ཏི་སེ་དང། ས་ཧཡ་དང། འབིགས་བྱེད་དང། མལ་ཡ་ལ་སོགས་པའི་རི་བོ་རྣམས་ཀྱང་དེར་སོང་སྟེ་སྨྲས་ཀྱང། རྩོད་པ་དེ་ཞི་བར་བྱ་མ་ནུས་སོ། །དེ་ནས་གཞོན་ནུ་ཁྲོ་བོའི་གདོན་གྱི་འཁྲུགས་ཤིང་ཁྲོས་པའི་སེམས་ཀྱི ་རྣམ་པར་མ་དཔྱད་པར་མདུང་འཕངས་པས་འདི་བཞིག་པར་ནུས་སོ་སྙམ་ནས། གཞོན་ནུ་ཁྲོས་པས་ཅི་ནས་ཀྱང་རི་བོ་དུར་པ་དུམ་བུ་གཉིས་སུ་གྱུར་པ་དེ་ལྟར་བསྣུན་ནོ། །དེ་ཡང་བཤོང་ཆེན་པོར་གྱུར་ནས་དེར་རིག་འཛིན་གྲུབ་པ་རྣམས་རང་གི་ཆུང་མ་རྣམས་དང་ལྷན་ཅིག ་ཏུ་རང་དགར་འདོད་པའི་བདེ་བ་སྤྱད་པར་བྱས་སོ། །གཞོན་ནུ་ཞེས་བྱ་བ་ནི་ཀརྟི་ཀས་སོ། །རང་གི་ཞང་པོ་ཞེས་བྱ་བ་ནི་རི་བོ་དུར་པ་སྟེ། མའི་སྤུན་ཟླའོ། །དེ་ལ་གང་གིས་བསྣུན་ཅེ་ན། མདུང་གིས་ཞེས་བྱ་བ་སྨོས་ཏེ། མདུང་རྩེ་གཅིག་པས་སོ། །བསྣུན་ཞེས་བྱ་བ་ནི་དུམ་བུ་གཉིས་སུ ་བྱས་སོ། བཀའ་མཆིད་གདའ་ཞེས་བྱ་བ་ནི་གཏམ་དུ་གྲགས་པ་ཐོས་པའོ། །དཔའ་ཆེན་ཞེས་བྱ་བ་ནི་བོད་པ་སྟེ། དཔའ་བོ་ཆེན་པོ་དང་ལྡན་པས་ན་དཔའ་བོ་ཆེན་པོའོ། །ཁྱོད་ཀྱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ། །ཉོན་མོངས་པའི་དྲ་བ་ཞེས་བྱ་བ་ནི་མཐོང་བ་དང། ་བསྒོམ་པའི་ལམ་གྱིས་སྤོང་བར་བྱ་བ་རྣམས་ཏེ། བག་ལ་ཉལ་གྱི་ཚོགས་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་ཚོགས་ཅི་ཞིག་ལྟར་མཛད་ཅེ་ན། དྲལ་ཅེས་བྱ་བ་སྨོས་ཏེ། རྣམ་པར་བཅོམ་ཞིང་བཤིག་ལ་སྤངས་པ་ཞེས་བྱ་བའི་དོན་ཏོ། །གང་གི་དྲལ་ཅིང་ཟད་པར ་མཛད་ཅེ་ན། ཤེས་རབ་མཚོན་གྱི་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ཀྱི་མདུང་གིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། གློག་དང་འདྲ་བའི་སེམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཚོགས་རྣམས་བསད་དོ། །ཞེས་གསུངས་པ་ཡིན་ནོ། ་ཁྱབ་འཇུག་དག་གི་རང་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་ཀྱི་ཕོ་བྲང་གི་སླས་ཡིན་པས་ན་རང་ཉིད་ཀྱི་སླས་ཏེ། བཙུན་མོའི་འཁོར་གྱི་ཚོགས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་བསྐྱབ་མི་ནུས་ཞེས་བྱ་བ་ནི་ཡོངས་སུ་བསྲུང་བར་མི་ནུས་པའི་དོན་ཏོ། །གང་གི ་མི་ནུས་ཞེས་ན་ཁྱབ་འཇུག་གིས་སོ་འདིར་གཏམ་དུ་བྱ་བ་ནི་རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན་ཞེས་བྱ་བའི་སྐབས་སུ་བཤད་ཟིན་ཏོ། །གཙོ་བོ་ཁྱོད་ཀྱི་ཞེས་བྱ་བ་ནི་བོད་པའོ། །སེམས་ཅན་ཀུན་ཞེས་བྱ་བ་ནི་ཁམས་གསུམ་པར་གཏོགས་པ་སྟེ། དེ་རྣམས་བསྐྱབ ་པའི་དོན་དུ་ཞེས་བྱ་བ་ཕན་པར་མཛད་ཅིང་སྐྱབ་པ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་བརྩོན་ཞེས་བྱ་བ་ནི་དུས་རྟག་པར་རྒྱུན་དུ་བརྩོན་ཞིང་འབད་པར་མཛད་པ་སྟེ། དེ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་རྣམས་ལ། སུ་ནི ་འཕེལ། སུ་ནི་འགྲིབ་ཅེས་གཟིགས་པར་མཛད་དོ་ཞེས་བྱ་བ་ལ་སོགས་པ་གདུངས་པ་ཡིན་ནོ། །རྒན་པོས་སྦྱར་བའི་འཇིགས་ཤེས་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། རྒན་པོས་སྦྱར་བ་ཞེས་བྱ་བའི་ལྷ་མ་ཡིན་ཞིག་ཡོད་པ་དང། ་དེ་ཁྱད་པར་གྱི་དཀའ་ཐུབ་ལ་སྤྱད་པས་ཚངས་པ་ཆེན་པོ་ལས་འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པའི་མཆོག་བླངས་ནས་དེས་བསམས་པ། ཁྱབ་འཇུག་ནི་ཀུན་ལས་རྒྱལ་བར་འདོད་ཅེས་ཐོས་ཀྱི་དེ་བས་ནི་དེ་དང་པོར་བརླག་པར་བྱ་སྟེ། དེ་བརླག ་ནས་གེགས་མེད་པར་ས་གསུམ་རྣམ་པར་གནོན་པར་བྱའོ། །སྙམ་ནས་ཁྱབ་འཇུག་བསད་པའི་ཕྱིར་བརྩོན་པར་བྱེད་པ་དང་ཁྱབ་འཇུག་ནི་བཅོམ་བརླག་ན་འདུག་གོ་།ཞེས་ཐོས་ནས་རིང་པོ་ཉིད་ནས་དབྱུག་པ་ཆེན་པོ་གཅིག་འཕངས ་ཏེ། དེའི་རྗེས་ལ་བདག་ཉིད་ཆས་སོ། །དེ་ནས་དབྱིག་པ་འཕངས་པའི་སྒྲ་ཐོས་པས་དེ་འོང་བར་ཁྱབ་འཇུག་གིས་ཤེས་ནས། འཆི་བའི་འཇིག་པས་བཅོམ་བརླག་གཏང་སྟེ། རྒྱ་མཚོའི་ནང་དུ་སྒོར་ལྡན་གྱི་གྲོང་ཁྱེར་ཡོད་པ་དེར་སོང་བར་གྱུར་ཏོ། །རྒན་པོས་སྦྱར་བའི ་འཇིག་པ་ཡིན་པས་རྒན་པོས་སྦྱར་བའི་འཇིག་པའོ། །ཤེས་པ་ནི་རྟོགས་པའོ། །སུ་ཞིག་གིས་ཤེ་ན། ཁྱབ་འཇུག་གིས་སོ། །གང་གིས་བཏང་ཞེ་ན། བཅོམ་བརླག་གཏང་ཞེས་བྱ་བ་སྨོས་ཏེ། བཅོམ་བརླག་ཅེས་བྱ་བའི་གྲོང་ཁྱེར་གཏང་ཞིང་སྤངས་པར་གྱུར་པའོ། ་ཐུབ་པ་ཁྱོད་ལ་བསྙེངས་བགྱིད་གང་ཞེས་བྱ་བ་ལ། ཐུབ་པ་ཁྱོད་ཅེས་བྱ་བ་ནི་བོད་པའོ། །བསྙེངས་བགྱིད་གང་ཞེས་བྱ་བ་ནི་གང་ལས་བསྙེངས་ཤིང་འཇིག་པ་བྱེད་པའོ། །སེམས་ཅན་དེ་ནི་འགའ་མ་མཆིས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་དག་ན་འགྲོ་བ ་དེ་ལྟ་བུ་འགའ་ཡང་མ་མཆིས་པའོ། །དེ་ཡང་འདིར་བ་ཀུ་ལའི་མདོ་དཔེར་བརྗོད་པར་བྱ་སྟེ། བ་ཀུལ་དེ་བཞིན་གཤེགས་པ་འཇིགས་པར་བྱེད་པ་དེ་ནི་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་པ་ཡིན་ནོ། །ཁྱབ་འཇུག་གིས་ནི་ཞེས་བྱ་བ ་ལ་སོགས་པ་ལ་ཁྱབ་འཇུག་གིས་ནི་ཞེས་བྱ་བ་ནི་ཁྱབ་འཇུག་རྨོངས་པར་གྱུར་བས་ཞེས་བྱ་བའི་དོན་ཏེ། གལ་ཏེ་མ་འགགས་པ་ལ་སོགས་པས་དྲང་སྲོང་གནས་ངན་བསྙེན་བཀུར་མ་ཡིན་པ་མི་བྱེད་དེ། དེ་རྣམས་འདི་ལྟར་བརླག་པར་མི་འགྱུར་བའི་ཕྱིར་རོ། ། ་གཉེན་འདུན་དག་ཞེས་བྱ་བ་ནི་ཁྱབ་འཇུག་གི་གཉེན་བིཥྚི་རྣམས་ཏེ། དེ་རྣམས་བརླག་ཅིང་བཏུགས་པར་གྱུར་བའོ། །འདིར་གཏམ་དུ་བྱ་བ་ནི། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན་ཅེས་བྱ་བའི་སྐབས་སུ་བྲིས་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཁྱེད་ཀྱི་ནི། ་?གཉེན་འདུན་ཐམས་ཅད་ནི་ཞེས་བྱ་བ་ཏེ་དུའི་ཚོགས་ཐམས་ཅད་དོ། །འཁོར་བ་ལས་ནི་ཞེས་བྱ་བ་ནི། །སྲིད་པའི་བརྩོན་ར་ལས་སོ། །རྣམ་པར་དཀྲོལ་ཞེས་བྱ་བ་ནི་མྱ་ངན་འདས་པ་ཐོབ་པར་མཛད་དོ། །ཞེས་བྱ་བའི་དོན་ཏོ། །འདིར་ཡབ་དང་སྲས་མཇལ་བར་བྲེ་བོ་ཟས་ལ ་སོགས་པ་ཁྱད་པར་རྟོགས་པར་མཛད་པ་དང། ཡུམ་ལ་ཆོས་སྟོན་པའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་གནས་སུ་གཤེགས་པ་ལ་སོགས་པ་ཐམས་ཅད་སྦྱར་བར་བྱའོ།། །།མུ་སྟེགས་གཞན་གྱི་གཞུང་ལུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས ་གཞན་གྱི་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་དུ་གྱུར་པའོ། །གཞུང་ལུགས་ལ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ལའོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་བཟླས་པ་སྟེ། ཇི་སྲིད་ཇི་སྲིད་དུ་ཞེས་བྱ་བའི་དོན་ཏོ། །རྣམ་བསམས་པ་ཞེས་བྱ་བ་ནི་རྣམ་པར་དཔྱད་པའོ། །དེ་ལྟ་དེ་ལྟར་ཞེས་བྱ ་བ་དེ་སྲིད་དེ་སྲིད་དུའོ། །མགོན་ཁྱོད་ལ་ཞེས་བྱ་བ་ནི་བོད་པའོ། །བདག་གི་སེམས་ནི་དད་པར་གྱུར་ཅེས་བྱ་བ་ནི། དད་པ་དང་ལྡན་ཞིང་ཡིད་དང་བ་དང་ལྡན་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐམས་ཅད་མཁྱེན་མིན་པའི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར ་ཞེས་བྱ་བའི་སྒྲ་ནི་སྔར་སྨྲས་པའི་ཉེས་པའི་རྣམ་པ་སྟོན་ཏེ། དེས་ཟིན་ཅིང་དབང་དུ་བྱས་ལ་དྲངས་པའི་སེམས་དང་ལྡན་པ་གང་ཡིན་པ་དེ་ནི་འདི་ལྟར་སེམས་པའོ། །ཐམས་ཅད་མཁྱེན་མིན་པའི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་སྟེ། སེར་སྐྱ ་ལ་སོགས་པའོ། །དེས་བྱས་པའི་གྲུབ་པའི་མཛའ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའི་མཛའ་ཞེས་བྱའོ། །དེའི་སྐྱོན་ཡིན་པས་ན་ཐམས་ཅད་མཁྱེན་པ་མ་ཡིན་པའི་གྲུབ་པའི་མཛའ་ཨི་སྐྱོན་ནོ། །བསམ་བརླག་རྣམས་ཀྱི་ཞེས་བྱ་བ་ནི་བྱིས་པ་སྟེ། བློ་གྲོས་ཡོད་པ་མ ་ཡིན་པ་གང་ཡིན་པ་དེ་ལ་བསམ་བརླག་ཅེས་བྱའོ། །སྐྱོན་མེད་པའི་སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་ཞེས་བྱ་བ་ལ། སྐྱོན་མེད་པ་ནི་ཉོན་མོངས་པའི་སྐྱོན་མ་ལུས་པ་བག་ཆགས་དང་བཅས་པ་ཡིན་པས་སོ། །སྟོན་པ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ལ་སྟོན་པ ་མཛད་པའོ། །ཁྱོད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །མི་མཐོང་ངོ་ཞེས་བྱ་བ་ནི་མ་རྟགས་པའོ། །འཇིག་རྟེན་ལྷ་དང་བྲམ་ཟེ་དང། ཞེས་བྱ་བ་ལ་སོགས་པ་ལ། །མུ་སྟེགས་པའི་འཇིག་རྟེན་འདི་དག་ནི་?? ་ཤཱཀྱའི་དུ་འདི་ནི་ལྷ་དང་བྲམ་ཟེ་དང། རིག་བྱེད་ལ་སྡང་ངོ་ཞེས་སྨྲའི། རང་ཉིད་སྐྱོན་བྱེད་པ་ནི་དེ་ལྟ་ནའང་སེམས་པར་མི་བྱེད་ཅིང། རྟོགས་པར་མི་བྱེད་དོ། །དེ་ཡང་འདི་ལྟར་འཇིག་རྟེན་པ་རྣམས་མ་དད་པའི་དབང་གིས་གང་དག་དྲན་པའམ་རྣམ་པར་རྟོག་པ། ་དེ་ཐམས་ཅད་སྔོན་དང་ཕྱི་མའི་མཛའ་མི་རྟོག་པར་དེ་རྣམས་ཚིག་གིས་སྒྲོ་འདོགས་པར་བྱེད་ལ། ཤཱཀྱ་དེ་ཡང་སྔོན་དང་ཕྱི་མའི་མཛའ་བལྟས་ཏེ། འབྲེལ་པ་མེད་ཅིང་སྙིང་པོ་མེད་པར་ཤེས་ནས་དེ་ལྟར་སྟོན་མོད་ཀྱི། དེ་ཉེས་པ་དང་བཅས་པར་གྱུར་པ་མ་ཡིན་གྱི། འཇིག ་བརྟེན་འདི་ལྟ་བུར་གྱུར་པ་ཉིད་སྐྱོན་དང་བཅས་པ་ཡིན་ནོ། །གཞན་ཡང་བདག་ཅག་ལྟ་བུའི་སྐྱེ་བོ་དག་ཅིའི་ཕྱིར་ཁྱེད་ཀྱི་བསྟན་པ་ལ་དགའ་བར་བྱེད་ཅེ་ན། གང་སླད་ཁྱེད་ཀྱི་བསྟན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སླད་ཅེས་བྱ་བ་ནི་གང་གི་ཕྱིར། །ཁྱེད་ཀྱི ་བསྟན་པ་ནི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་བོ། །བདེ་བ་ཞེས་བྱ་བ་ནི་ཐར་པའི་བདེ་བའམ། མཐོ་རིས་ལ་སོགས་པའི་བདེ་བའོ། །བདེ་ཉིད་ཅེས་བྱ་བ་ནི་རྗེས་སུ་མཐུན་པའི་ཐབས་ཀྱིས་ལམ་ཉིད་ཀྱིས་སོ། །ཐོབ་བགྱིད་པ་ཞེས་བྱ་བ་དེ་རྙེད་པར ་བྱེད་པའོ། །དེ་སླད་ཅེས་བྱ་བ་ནི་དེའི་ཕྱིར་རོ། །སྨྲ་བའི་སེང་གེ་ཞེས་བྱ་བ་ནི་བོད་པ་སྟེ། སྨྲ་བའི་སེང་གེ་བྱེད་ཀྱི་ཞེས་བྱ་བའི་དོན་ཏོ། །གཞུང་ལུགས་ཞེས་བྱ་བ་ནི་བསྟན་པ་སྟེ། དེ་ལ་དགའ་བའོ། །སུ་ཞིག་ཅེ་ན། འགྲོ་འདི་ཞེས་བྱ་བ་སྨོས་ཏེ། བདག་ཅག་ལྟ ་བུའི་སེམས་ཅན་དག་གོ་།དགའ་ཞིང་ཞེས་བྱ་བ་ནི་དིང་ཞིང་མོས་པའོ། །བསྟོད་པ་ལས་བྱུང་བའི་བསོད་ནམས་བསྔོ་བར་བྱ་བའི་ཕྱིར། ཁྱེད་ཀྱི་ཡོན་ཏན་ཡང་དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཀྱི་ཞེས་པ་ནི་དེ་བཞིན་གཤེགས་པའིའོ། །ཡོན་ཏན་ཞེས ་བྱ་བ་ནི་ཉོན་མོངས་པ་སྤངས་པ་ལ་སོགས་པའོ། །ཡང་དག་པ་ཞེས་བྱ་བ་ནི་ངེས་པར་མདའ་བར་གྱུར་པའོ། །རྣམ་པ་འདི་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རྣམ་པས་ཞེས་བྱ་བའི་དོན་ཏོ། །བརྗོད་པས་ཞེས་བྱ་བ་ནི་སྨྲས་པས་སོ། །བདག་གིས་ཞེས་བྱ་བ་ནི་བསྟོད་པ་བྱེད ་པ་པོའོ། །བསོད་ནམས་གང་ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་གང་ཡིན་པའོ། །ཐོབ་པ་ཞེས་བྱ་བ་ནི་འབྱུང་བ་འམ་སྙེད་པའོ། །འགྲོ་བའི་འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་དོ། །ཁྱོད་འདྲར་ཤོག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན ་འདས་ཁྱེད་དང་འདྲ་བར་ཤོག་ཅེས་བྱ་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། །།དེ་དང་དེ་ལས་རྣམ་བསགས་ཤིང། །དེ་བཞིན་ལས་ཀྱིས་ཉེར་མཛེས་པ། །རྒྱས་བཤད་སེམས་ཅན ་ལ་བརྩེ་བས། །ཤེས་རབ་གོ་ཆས་འདི་བྱས་སོ། །དེ་རྣམས་དེ་འདྲའི་རིགས་ལྡན་དེ་ནི་ཤེས་ནས་སུ། །ཐུབ་པའི་ཡོན་ཏན་ཚོགས་ཀྱི་དེ་ཉིད་རྣམ་ངེས་པ། །ཉེས་པ་བོད་པ་རྣམ་མང་ཡང་དག་སྤངས་ནས་ནི། །འཇིག་རྟེན་འདི་དག་བདེ་གཤེགས་ལ་གཞོལ ་དེ་ལྟར་འགྱུར། །བདག་གི་དད་པ་སྔོན་འགྲོ་ལས་བྱས་བསོད་ནམས་གང། །ཟླ་བའི་འོད་ཟེར་ཟིལ་གནོན་ལེགས་པར་སྐྱེས་གྱུར་པ། དེ་ནི་གཏི་མུག་རབ་རིབ་ཀྱིས་བསྒྲིབས་འཇིག་རྟེན་དག་།བློ་ཡི་ནམ་མཁའ་དྲི་མེད་སྨན་དང་མྱུར་ལྡན་ཤོག། །། ་ཁྱད་པར་དུ་འཕགས་ཞེས་བྱ་བ་དེ་བཞིན་གཤེགས་པའི་བསྟོད་པ། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་རྒྱ་ཆེར་བཤད་པ། བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བྷཾ་ག་ལའི་ཡུལ་གྱིས་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་རྫོགས་སོ། །། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛཱ་རནད་ན་དང། ཞུ་ཚན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕེབ་པ།། །།ཡིད་སྲུབས་ཟླ་བའི་གཙུག་དང་གོས་གསེར་ཅན། །རིག་བྱེད་བྱེད་པོ་དགའ་བྱེད་གྲོག་མཁར་པ། །རྒྱས་པ་རྒྱལ ་དཔོག་པ་དང་ས་ཡི་བུ། །ཐུབ་པ་རྐང་མིག་ཕུར་བུ་ལྷ་མིན་རྗེས། །སྐྱོབ་པ་ཉིན་མོར་བྱེད་པའི་རྒྱུད་འཁྲུངས་པ། །སྲིད་གསུམ་བླ་མ་ཤཱཀྱའི་རྒྱལ་པོ་དེའི། །རྣམ་པར་ཐར་ལ་བསྐྲུན་མིན་དེར་བསྟོད་པ། །དེ་ཡི་འགྲེལ་པ་དེ་འདིར་རྫོགས་པར་བྱས། །དགེ་བ་དེ ་ཡིས་སྲིད་པའི་ལྗོངས་རྒྱུ་བས། །བདག་ཏུ་འཛིན་པའི་ཐིབས་པར་འཁྱབས་གྱུར་པ། །མུ་སྟེགས་བྱེད་ཀྱི་མུན་པ་འཇོམས་བྱེད་པའི། །རྒྱལ་བ་ཉིན་མོར་བྱེད་པར་བདག་གྱུར་ཅིག་།ཁྱད་པར་དུ་འཕགས་པར་བསྟོད་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། བར་སྐབས ་སུ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་འགྲེལ་པའི་རྒྱ་དཔེ་མ་སྙེད་ནས། དུས་ཕྱིས་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། དཔལ་ས་སྐྱའི་དགོན་པར་སྦྱར་བ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། སརྦ་ཛྙེ་མཧཱ་ཤྭ་ར་སྟོ་ཏྲ་ན་མ། བོད ་