CLOSE WINDOW

N4761: rigs gsum gyi bkra shis kyi tshigs su bcad pa
Wyliee-texts based on the ACIP/ALL Input

དང་ཤེས་རབ་གཉིས་མེད་ཕྱག་ན་རྡོ་རྗེ་བསྣམས། །འཕགས་པ་ཕྱག་ན་རྡོ་རྗེ་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དང་འདིར་བདེ་ལེགས་ཤོག། རིགས་གསུམ་གྱི་བཀྲ་ཤིས་རྫོགས་སོ།། །། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་གཞོན་ནུའི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡིན་པ། བཀྲ་ཤིས་དམ་པ་དེས ་ནི་དང་འདིར་བདེ་ལེགས་ཤོག། བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང། །བདེར་གཤེགས་མ་གསུང་གི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ནི་དེང་འདིར་བདེ་ལེགས་ཤོག། །བཅོམ་ལྡན ་ལྗང་སེར་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ། །བདེར་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ཡིན་པ། བཀྲ་ཤིས་དམ་པ་དེས་ནི་དང་འདིར་བདེ་ལེགས་ཤོག། རིགས་གསུམ་གྱི་བཀྲིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །། ་ལྟར་ནི་སྐྲོན་མ་བཞུགས་སོ།། །།གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རྒྱལ་བ་རྒྱ་མཚོའི་ཐུས་དང་ཡེ་ནས་མཉམ། །རིག་དང་གཏི་མུག་སྒྱུ་མའི་ཁྱད་པར་ལས། །སྲིད་དང་རྣམ་གྲོལ་རྒྱུ་དང་འབྲས་བུར་སྣང། །དངོས་པོ་མེད་ཕྱིར་དངོས ་པོར་རྟོགས་པའང་མེད། །ཆོས་ཅན་མ་རིམ་གིས་ཆོས་ཉིད་ཡོད་མ་ཡིན། །ཞེས་པ་ཟློག་ཕྱིར་རྐྱན་བཤད་མ་གཏོགས་པ། །ཆོས་ཀྱི་དང་ལ་ཚིག་མས་བརྗོད་དུ་མེད། །སྣང་བ་ཉིད་ན་མེད་པའི་སྨིན་རྒྱུས། །ཤེས་ལྡན་རྣམས་མི་མེད་པའི་བློ་མི ་འབྱུང། །ཆོས་རྣམས་རང་བཞིན་མ་སྐྱེས་རྟོགས་པ་བྱེས། །མཁས་པས་སྐྱེ་མར་སྟང་པར་སྒྲོ་མི་འདོགས། །ཇི་བཞིན་མ་སྐྱེས་གདོང་ནས་ཞི་བ་ཡི། །གཉིས་མེད་སྤྲོས་བྲལ་རང་རིག་བློ་ལྡན་པ། །བརྗོད་མེད་དང་?་དུ་ཡང་མི ་གནས་ན། །དངོས་དང་ཐ་སྙད་འཛིན་པར་གལ?་འགྱུར། །བདག་མེད་ཆོས་སྐུ་བྱང་ཆུབ་སྙིང་པོ་བས། །གཞན་ནས་བཙལ་ཞིང་ཐོབ་པ་མ་ཡིན་ཡང། །རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན། །སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས ་རྒྱལ་བས་གསུངས། །རྨི་ལམ་སྐྱེས་བུས་དུག་འཐུངས་ཇི་བཞིན་དུ། །སྲིད་རྒྱུ་ཉོན་མོངས་ལས་རྣམས་དེ་ལྟར་ཤེས།། རྨི་ལམ་དུག་ནང་སྡུག་བསྔལ་བཟོད་དཀའ་བ། །སྐྱེ་རྒད་འཆི་འཁོར་བའི་སྡུག་བསྔལ་ཡིན། །རྨི་ལམ་ནད་སེལ་སྨན་དྲངས? ་འདྲ་བ་ནི། །འཕགས་ལམ་རྣམ་ཐར་མང་པོར་རིག་པར་བྱ། །སྡུག་བསྔལ་ཁད་ཀྱིས་འབྱང་བའི་སྐད་ཅིག་མ།། ཤེས་རབ་ཏིང་འཛིན་ཁྱད་པར་སྐྱེ་བའི་ཚུལ། །རྨི་ལམ་ནང་བསལ་སོས་པའི་བདེ་རྙེད་པ། །སེམས་ཀྱི་རང་བཞིན ་བྱང་ཆུབ་ཐོབ་པའི་དཔེ། །རྨི་ལམ་ཉིད་ན་རྒྱུ་འབྲས་རྨི་བསླུ་བཞིན། །མ་རིག་གཉིད་ལོག་རྣམས་ལ་དེ་ལྟར་ངེས། །རྨོངས་པའི་གཉིད་སད་ཤེས་རབ་ལྡན་པ་དང། །འཁོར་བ་རྨི་ལམ་ལྟ་བུའི་དབང་ཙམ་དུ།། ་འཕགས་ལམ་དོན་བརྩོན་འབྲས་བུ་རིག་པར་གསལ། །རང་བཞིན་མི་འགྱུར་ཐོབ་པའི་རློམ་སེམས་མེད། །མཉམ་པའི་དོན་ཉིད་བློ་དང་མ་མཉམ་ན། །ཚིག་གི་མཉམ་པས་རྟོག་པའི་ཀླུང་མི་བཟློག་།དམྱལ ་སོགས་འཁོར་བ་མཉམ་ལས་མ་གཡོས་ཀྱང། །སྡུག་བསྔལ་མི་བཟད་སྲིད་ལས་འཁྱམ་པར་སྣང། །ཡེ་ནས་རྣམ་དག་ཐོབ་པ་མེད་རིག་ནས། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་རབ་བརྩོན་ཞིང།། ་སྐུ་གསུང་ཆེ་བའི་ཡོན་ཏན་ཀུན་བསྡུས་པས། །མཚན་མའི་ཉེས་དང་ལྡན་པ་ག་ལ་ཡིན། །ཤེས་རབ་མཆོག་གིས་ལོག་རྟོག་སེམས་སྦྱངས་ནས། །ཡེ་ཤེ་ཚོགས་ཆེན་རྒྱལ་བ་ཆོས་ཀྱི་སྐུ། ་དཔེ་བྱད་མཚན་གྱིས་ཏིང་འཛིན་དབང་ཐོབ་ནས་། བསོད་ནམས་ཚོགས་ཆེན་རྒྱལ་བ་གཟུགས་ཀྱི་སྐུ་།རྣམ་སྨིན་ཚུལ་གྱིས་གྲུབ་པར་མི་བལྟ་ཞིང་། ཡེ་ཤེས་གཞན་ནས་ཐོབ་པར ་མི་བྱེད་དེ། །སྐུ་གསུམ་ཇི་བཞིན་སྦྱོར་བས་འབྲས་བུའི་མཆོག་།རྩོལ་བྱས་སྒྲུབ་པའི་དབང་གིས་རྒྱུ་ཡང་ཡིན། རང་སེམས་རྣལ་འབྱོར་ཤེས་རབ་ཏིང་འཛིན་ཡིན། །སེམས་ཅན ་ཉིད་ན་བདེ་གཤེགས་ཡུལ་ལ་འཇུག། །དག་པའི་ཞིང་དུ་སྨིན་པར་མི་བྱེད་དེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་བསྒོམ། ཤེས་རབ་གནས་མེད་ཆགས་པའི་རྡུལ་བྲལ་ཡང། །སྙིང་རྗེ་སེམས་ཅན་ཁམས ་ལ་སྐྱོབ་མེད་། སྒྱུ་མའི་མཚན་ཉིད་མ་འགགས་མངོན་སུམ་ཏེ། མཚན་མེད་རོ་གཅིག་དོན་དམ་དབྱིངས་སུ་རྟོགས་། སློབ་དཔོན་དཔལ་དབྱངས་ཀྱི་མཛད་པ་ལྟ་བ་རིན་པོ་ཆེ་སྒྲོན་མ ་རྫོགས་སོ།། །།བཀྲ་ཤིས།། མངྒལ་ལཾ།། །།སྟ་ཐ་ཡང་དག་སྒྲོན་མ་བཞུགས་སོ།། །།དཔལ་ལྡན་ཐུགས་ཀྱི་དཀྱིལ་འཁོར་ཉི་མའི་འོད་སྟོང་གིས། །ཤིན ་ཏུ་འབར་བའི་ཟེར་ཙམ་བདག་བློ་མུན་པར་བྱུང། །དབྱངས་དང་ཚིགས་འདས་ནས་མཁའ་ཨི་མཚན་ཉིད་ལས་འདས་པའི། །རང་སེམས་སྐྱེ་མེད་ཟབ་མོའི་དོན་གྱིས་ཕྱོགས་ཙམ་སྣང། །རང་གི་རྟོག་པ་མཁས་པས་གསུངས་པའི ་རྣམ་མང་བ། །རྟོག་གི་བདག་འདྲའི་སྤྱོད་ཡུལ་བརྩམ་པར་མི་འོས་ཀྱང། །རིག་པའི་བརྗོད་བྱ་རྩམ་འདི་དེས་དོན་མོས་རྣམས་ཀྱིས། །ཆོས་ཕྱིར་འབྲང་བའི་བློ་ཡིས་དབྱད་ཅིང་གོམས་པར་བྱ། །བསྐལ་པ་མང་པོར ་རྒྱལ་བ་རྣམས་ལ་ནི། །དགེ་ཙ་བསྐྱེད་ཅིང་རང་སེམས་སྦྱངས་པ་ཡིས། །རྣལ་འབྱོར་དམ་པ་ངེས་པའི་ལུང་ཆེན་ལ། །ཤེས་རབ་མཆོག་ལྡན་རིག་པའི་མོས་བློ་གསལ། །རྣམ་པར་མི་རྟོག་དོན་དམ་རང་བཞིན ་གྱིས། །རིག་པའི་ཚུལ་ལས་སེམས་ཀྱིས་དམིགས་པ་ནི། །ལུང་དང་མན་ངག་རིག་པས་ཐག་བཅད་དེ། །ཆོས་ཀྱི་རང་བཞིན་ཡང་དག་ཡིད་ཆེས་བྱ། །ཇི་ལྟར་ནམ་མཁའ་ལ་ནི་ཐ་སྙད་དུ།། མིང་དང་ཚིག་གིས ་བརྗོད་པར་བྱེད་མོད་ཀྱིས། །མཚན་མ་མེད་ཅིང་སྤྲོས་དང་བྲལ་བ་སྟེ། །ངོ་བོ་ཉིད་ཀྱི་སེམས་ཀྱི་ཡུལ་ལས་འདས། །ཇི་ལྟར་སྨིག་རྒྱུའི་ཕུང་པོ་སྣང་བ་དག་།སྣང་བ་ཉིད་ན་ནམ་མཁའ་ཨི་རང་བཞིན་ལྟར།། ་དེ་བཞིན་ཆོས་རྣམས་སྣ་ཚོགས་སྣང་བ་ཡང། །སྣང་བ་ཉིད་མ་མཚན་མེད་ནམ་མཁའ་བཞིན། །རྒྱུ་ཆེ་རབ་ཟབ་ཐེག་མཆོག་ཡངས་པའི་ལམ། །དོན་དམ་སྤྲོས་མེད་སྤྲོས་པ་ཀུན་ལས་འདས། །བདག་དང་ཆོས ་ཀྱི་དབྱིངས་སུ་མཉམ་པ་ཡི། །དབུ་མའི་དོན་ཅན་བློ་ཡིས་གོ་བར་བྱས། །ཡང་དག་དོན་དམ་གཅིག་ཅང་གོ་ནས་ནི། །ཡིད་མེད་ལ་སོགས་སེམས་ཀྱི་ཡུལ་འདས་ཤིང། །དེ་དང་དོགས་པའི་མཛའ་ནི་རང་སྤངས་ནས། ་ཅོལ་བ་མེད་པའི་བརྩོན་འགྲུས་བརྩམ་པར་བྱ། །ཆོས་རྣམས་ཐམས་ཅད་ཡེ་ནས་རོ་གཅིག་ཕྱིར། །སྒོམ་པ་དང་ནི་བསྒོམ་བྱའང་དམིགས་སུ་མེད། །སེམས་ཉིད་ཡེ་ནས་ཆོས་ཉིད་ཡིན་ཤེས་ན།། ཆོས་ཀྱི་དབྱིངས་ཉིད ་གཞན་དུ་བསྒོམ་མི་དགོས། །རྨི་ལམ་དག་གི་བདེ་དང་སྡུག་བསྔལ་དག། །སེད་པར་གྱུར་ན་རང་བཞིན་མཉམ་པ་ལྟར། །རྣམ་པར་རྟོག་དང་མི་རྟོག་གཉིས་ཀ་ཡང། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། །དེ་ལྟར་དུས ་གསུམ་རྣམ་པར་དག་པ་དང། །རང་བཞིན་ཉིད་ལས་མ་འདས་ཤེས་ན་ནི། །སྒྲོ་འདོགས་བུས་པའི་རྗེས་སུ་མ་འབྲངས་ན། །རང་བཞིན་ཉིད་དུ་ཡོད་གིས་བཅོས་མི་དགོས། །ཇི་ལྟར་ནམ་མཁའ་མཚན་མ་མེད་པའི་ཕྱིར། ། ་ནམ་མཁའ་དེ་ཉིད་བསྒོམ་པར་མི་འགྱུར་བཞིན། །ངོ་བོ་ཉིད་ཀྱིས་མ་སྐྱེས་སེམས་ཀྱིས་ནི། །མ་སྐྱེས་དེ་ཉིད་སྒོམ་པར་ག་ལ་འགྱུར། །མི་མཐུན་པ་དང་གཉེན་པོ་དབྱེར་མེད་དོན། །རང་གི་ཤེས་ན་རྩོལ་བ་ཀུན་སྦྱངས་ཏེ ་བཏང་སྙོམས་ཆེན་པོར་མ་བཅོས་དང་བཞག་ན། །ཐ་སྙད་ཙམ་དཱུང་བསྒོམ་ཞེས་དེ་ལ་བྱ། །སྐྱོན་དང་ཡོན་ཏན་གཉིས་པོ་མ་སྐྱེས་ཕྱིར། །རྣམ་པར་རྟོགས་པའི་མཚན་མ་ཅི་བྱུང་ཡང། །མ་བཀག་རང་བྱུང་བ་འབྲངས་རང་ཞི་སྟེ།། ་མ་བརྩིས་མ་བྱས་རང་གི་དང་གིས་གསལ། །ལྟ་བ་ཡང་དག་སྒྲོན་མ་རྫོགས་སོ།། །།གཉན་ཨཱ་ཙརྱ་དཔལ་དབྱངས་ཀྱིས་མཛད་པའོ།། །།མངྒལ་ལཾ། །གཅིག་ཞུས།། ་མཛའ་ཨི་མུན་སེལ་སྒྲོན་མ་བཞུགས་སོ།། །།ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ལས་མ་གཏོགས་ཚེས་རྣམས་མེད། །ཆོས་སུ་སྣང་བ་འཁྲུལ་པའི་སེམས། །རྟེན་འབྲེལ་སྒྱུ་མ་སྐྱོ་བ་མེད། །སྐྱེ་བ་མེད་ཅེས་བསྟན་པའང།། ་དངོས་པོར་འཛིན་པ་བཟློག་ཕྱིར་ཏེ། །སྒྱུ་མ་ཡེ་ནས་སྐྱེ་མེད་ལ། །སྐྱེ་མེད་གནས་གྱི་སྔ་མ་གདགས། །ནམ་མཁའ་འདི་ནི་མེད་དོ་ཞེས། །བླུན་པོ་གང་ཞིག་རྟོག་པར་བྱེད། །མཁས་པ་སྔོན་ནས་ཡང་མི་འཛིན། །མེད་པར་མི་རྟོག་ཚིག་མི ་བརྗོད། །སེམས་ལས་མ་གཏོགས་ཆོས་མེད་ཕྱིར། །བསྒོམ་བྱའི་ཆོས་ཉིད་གུང་མ་མེད། །སེམས་ཀྱང་ཡེ་ནས་མ་སྐྱེས་ན། །སྒོམ་པ་པོའང་གང་ལ་ཡོད། །བརྗོད་པའི་རྩ་བས་སེམས་ཉིད་དོ། །མ་སྐྱེས་དངོས་གཞི་ཉིད་མིན་ན།། ་བསྒོམ་དང་བསྒོམ་དུ་མེད་པ་ཡི། །ཐ་སྙད་གང་ཞིག་གང་ལ་འཇུག་།འགོ་ལ་སེམས་རྒྱུད་གཉིས་མི་འཆད། །དེ་ནི་མ་སྐྱེས་རང་མི་དམིགས།། དེ་ལས་གཞན་པའི་སེམས་མེད་ཕྱིར། །བཅོས་ཤིང་གནས་པ་གང་ཞིག་ཡོད། ། ་འཁྲུལ་རྟོག་རྐྱེན་དང་ལྡན་གྱི་བར། །སྨིག་རྒྱུ་བཞིན་དུ་སེམས་སྣང་ན། །རང་བཞིན་ཤེས་པས་བཙས་སུ་མེད། །མི་ཤེས་སྨིག་རྒྱུ་བཅོས་པ་བཞིན། །མི་རྟོག་མཚན་མེད་སེམས་རྣམས་ཀྱིས། །མཚན་མ་མེད་ལའང་གནས ་མི་བྱེད། །མཚན་མ་མེད་ལ་མི་གནས་ན། །མཚན་མར་གནས་པ་སྨོས་ཅི་དགོས། །བསྒྲུབ་པ་མེད་ཅིང་གནས་པ་མེད། །འདུ་བྱེད་མེད་པ་མཁའ་འདྲ་བྲ། །འདུ་བྱེད་ལས་བྱུང་བསམ་གཏན་སྐྱོན། །མ་ལུས་ཀུན་གི་དགོས ་པ་མེད། །ཇི་ལྟར་རྟོག་མེད་ཟབ་མོ་ཞིག་།བློ་ཡི་ཡུལ་དུ་སྣང་ཞེ་ན། །མི་རྟོག་ཟབ་མོའི་ཉམས་མྱོང་བ། །མྱོང་བ་ཡིན་ཕྱིར་དེ་ཉིད་མིན། །ལྟ་བ་དགུམ་ཆུང་མཛའ་མུན་སེལ་སྒོན་མ། །བོད་ཀྱི་པཎྜི་ཏ་ཨཱ་ཙརྱ་གཉན་དཔལ་དབྱངས་ཀྱིས ་མཛད་པའོ། །མངྒ་ལཾ། །།ཐབས་ཤེས་སྒྲོལ་མ་བཞུགས།། །།དུ་གསུམ་གྱལ་བས་ཇི་ལྟར་ཐུགས་ཆུད་པའི། །ཆོས་ཀྱི་རང་བཞིན་རིག་པའི་རྣལ་འབྱོར་པས། །མ་ཐོབ་ཐོབ་ཕྱིར་བརྩོན་པར་མི་བྱེད་ཀྱང། །སྙིང་རྗེའི་བྱེ་བྲག ་ཐབས་ཀྱི་སྤྱོད་པའང་སྟོན། །ཇི་ལྟར་མཁའ་ལ་འཇའ་ཚོན་རྣམ་མང་ཡང། །ནམ་མཁའ་ཨི་དང་དུ་རོ་གཅིག་བྱེ་བྲག་མེད། །དེ་བཞིན་རྒྱལ་བའི་གཟུགས་སྐུ་རྣམ་མང་ཡང། །ཡེ་ཤེས་དབྱིངས་སུ་རོ་གཅིག་བྱེ་བྲག་མེད། །བདེ་གཤེགས ་སྙིང་པོ་སེམས་ཀྱི་རང་བཞིན་ལ། །ཡུལ་རིང་དུས་ནས་རྨོངས་པའི་སེམས་ཅན་རྣམས། །བདག་ཏུ་འཛིན་པའི་སེམས་རྒྱུད་སོ་སོར་སྣང། །རང་བཞིན་ཉིད་ན་རྒྱལ་བའི་ཆོས་སྐུར་གཅིག། ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་དང། །ལོག ་རྟོག་རྒྱུ་མར་སྣང་བའི་སེམས་ཅན་གཉིས། །ཡེ་ཤེས་ལོག་རྟོག་ཁྱད་པར་བསམ་ཡས་ཀྱང། །སྒྱུ་མ་ཡིན་ཕྱིར་རང་བཞིན་ཡོངས་ཀྱིས་མཉམ། །སེམས་ཅན་སངས་རྒྱས་བདེན་པར་ཚུལ་གཅིག་ཅིང། །རང་གི་སེམས་ཉིད་སངས ་རྒྱས་ཡིན་ཤེས་ན། །གཞན་ནས་བསྒྲུབ་པར་བྱ་བ་ཅི་ཡང་མེད། །དེ་ལྟ་བས་ན་སྤང་བར་བྱ་བའང་མེད། །འདི་ལྟ་བུ་ཡི་ཆོས་ཀྱི་ཚུལ་རིག་ན། །མ་རིག་རྣམས་ལ་སྙིང་རྗེ་ཡོངས་ཀྱིས་སྐྱེ། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང ་འཛིན་གྱིས། །ཕན་འདོགས་ཐབས་ཀྱིས་སྤྱོད་པ་ཅིར་ཡང་སྟོན། །སངས་རྒྱས་རྣམས་ཀྱི་དགོངས་པ་ཇི་ལྟ་བ། །སེམས་ཀྱི་རང་བཞིན་གནས་མེད་དེ་ལྟར་བསྒོམ། །ཐུགས་རྗེའི་འབད་པ་རབ་འབྱམས་ཇི་ལྟ་བ། །རྣལ་འབྱོར་ཐབས་ཀྱི་ཏིང་འཛིན ་དེ་ལྟར་སྤྲུལ། །བདག་དང་བདག་གིར་འཛིན་པ་མེད་པའི་ཕྱིར། །ཕ་རོལ་ཕྱིན་དྲུག་དམིགས་མེད་རྫོགས་པར་ལྡན། །ཐབས་ཀྱི་སྤྱོད་པས་གདུལ་བྱ་ཀུན་འདུལ་ཡང། །སྒྱུ་མའི་བློ་ལྡན་རློམ་སེམས་ཅི་ཡང་མེད། །མ་སྐྱེས་སེམས་ལ ་སེམས་ཅན་མེད་པའི་ཕྱིར། །ངོ་བོ་ཉིད་ཀྱི་ཆོས་སྐུའི་ང་རྒྱལ་འཆད། །ཆོས་ཀུན་སྒྱུ་མར་མངོན་སུམ་གསལ་བའི་ཕྱིར། །ཏིང་འཛིན་སྒྱུ་མས་ཅི་འདུལ་དེ་ལྟར་སྟོན། །ཆོས་སྐུ་མཉམ་ཉིད་རྟོགས་ནས་འགྲོ་དོན་དུ། །བདེ་གཤེགས ་བྱིན་རླབས་ཅིང་ཡང་སྟོན་པ་ལྟར། །བདག་ཉིད་ཆོས་སྐུ་རིག་པའི་རྣལ་འབྱོར་བས། །ཐབས་ཀྱི་བྱེ་བྲག་པ?་ནས་དེ་ལྟར་མཛོད། །ཐབས་དང་ཤེས་རབ་ལྡན་པའི་སྒྲོན་མ་རྫོགས་སོ།། །།སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པའོ།། ་རྣལ་འབྱོར་སྤྱོད་པའི་ལུགས་དེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས་ཀྱི་སྒྲོན་མ་བཞུགས་སོ།། །།ཇི་བཞིན་པ་ཡིས་ཆོས་བཙན་པར། །ཆོས་ལ་ཆོས་ནི་མི་འཇུག་སྟེ། །ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང། །དོན་དང་མཐུན་པར་མི་འགྱུར་རོ། །སེམས ་ནི་ཅི་ལའང་མི་གནས་དང། །ཅི་ལའང་མི་དམིགས་ཞེས་བྱ་བ། །སེམས་ལ་གནས་དམིགས་སྐྱོན་སེལ་བའི། །སེམས་འཛིན་ཕྲ་མོ་དེ་ལ་ཡོད། །སྨིག་རྒྱུ་བཞིན་དུ་སེམས་མེད་ན། །མི་གནས་མི་དམིགས་བྱེད་པ་གང། །ནམ་མཁའ་ ་བའི་?་?་མིག་ཞེས། །བསྒོམ་པ་དོན་དང་ལྡན་པ་ཡིན། །དེ་བཞིན་སྐྱིལ་ཀྲུང་དྲང་འདུག་དང། །ལུས་ཀྱི་བཅོས་པ་ཐམས་ཅད་ཀྱང། །ལུས་རྟོག་མངོན་པར་ཞེན་ལས་བྱུང། །ལུས་མེད་མཁའ་ལ་བཅོས་སུ་མེད། །སྒྱུ་མ་བཞིན་? ་ལུས་ཤེས་ན། །དྲང་འདུག་སྐྱིལ་དྲུང་འཆའ་བ་མེད། སྤྱོད་ལམ་གསུམ་གྱི་གནས་བ་གང། ཆེད་དུ་བྱ་མེད་བྱེད་པའང་མེད། ལུས་སེམས་མ་སྐྱེས་བཞི་མེད་པ། །མཁའ་ལྟར ་བཅོས་པའི་ཁ་ན་མེད། །ཚད་མར་ལུས་སེམས་འཆོས་བྱེད་པ། །འཛིན་པའི་ཕུར་པ་དེ་ལ་ཡོད། །ཇི་ལྟར་མཚན་མེད་ནམ་མཁའ་ནི། །དམིགས་དང་དམིགས་མེད་རྩོལ་དང་བྲག། ་དེ་བཞིན་སེམས་ཉིད་ནམ་མཁའ་ཡང། །རང་བཞིན་ཉིད་ཀྱིས་དེ་ལྟའོ། །ལུས་ལ་སོགས་ཀྱང་དེ་བཞིན་ཏེ། །རྩོལ་བ་མེད་ཕྱིར་གང་ལྟར་ཡང། །གནས་པ་མེད་དེ་མི་གནས་ན། །མི ་འགལ་ཙམ་དུ་གྱུར་པ་ཡིན། །རྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས་རྫོགས་སོ།། །། ་མན་ངག་དགུ་མ་ཆུང། །གཉན་དཔལ་དབྱངས་ཀྱིས་མཛད་པའོ།། །བཀྲ་ཤིས།། །། ་