CLOSE WINDOW

N4756: sangs rgyas rabs bdun gyi bkra shis kyi tshigs su bcad pa
Wyliee-texts based on the ACIP/ALL Input

ཤིས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་ནི་མི་ཏྲ་དང། །ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་སྦྱར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །སངས་རྒྱས་རབས་བདུན་གྱི ་བཀྲ་ཤིས་གར?། །ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྣམ་པར་གཟིགས་འདི་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤར་ཤི་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དང་འདིར ་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག་།བདེར་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ནས་སུ་བའི་གྲོང་ཁྱེར་དུ། །ཤིང་མཆོག་སུན་དྷའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར ་བདིར་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། རྒྱལ་བ་ཐམས་ཅད་སྐྱོབ་བ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པ། །དེང་འདིརྱཱ?་གཤེགས ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། ཐུབ་པ་འཁོར་པ་འཇིག་ནི་བཅོམ་ལྡན་འདས་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཤ་རི་ཤ་ལི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེད་འདིར་བདེར་གཤེགས ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟ་རི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ུ་དུམ་པ་རའི་ཤིང་དྲུང་མངོན་པ་སངས་རྒྱས་ནས། །དེང་འདིར་བདེར་གཤེགས་བཀྲིས་ན ་སུམ་ཚོགས་གྱུར་ཅིག། སྐྱོབ་པ་འོད་སྲུངས་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་བ་ར་ཎཱ་སི་རུ། །ནྱ་གྲོ་དྷའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེར་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག་འགྲོ ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བཙོན་འགྲུས་ཅན། །ཚེ་ལོ་བརྒྱ་བའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། ། ཤཱཎྛཱ?་ཡི་ཤིད་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེར་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། །སངས་རྒྱས ་རབས་བདུན་བཀྲ་ཤིས་ཕུན་སུམ་ཚོགས་པ་གང། །ཕྱོགས་དུས་ཀུན་གྱི་བདེར་གཤེགས་བྱིན་རླབས་རྨད་བྱུང་བ། །ཆོས་དབྱིངས་རྣམ་དག་རྟེན་འབྲེལ་སྟོབས་ལྡན་མི་འགྱུར་བ། །དེང་འདིར་བདེར་གཤེགས་བཀྲ་ཤིས་ཕུན་སུམ ་ཚོགས་གྱུར་ཅིག། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། །ཏྲི་རཏན་ན་མཾ་གཱ་ལཱ་གཱ་ཐ་ཁོང་སྐད་དུ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག ་