| Wylie | e-texts based on the ACIP/ALL Input |
བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་སེངྒེས་གང་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། མུ་སྟེགས་བྱེད་པ་རྣམས་ཀྱི་ང་རྒྱལ་གཞོམ་པ་དང། །འགྲོལ་བདེ་བ་བསྐྱེད་ཕྱིར་ཆོས་?་དམ ་པ་དག། ཏེ་བར་སྟོན་པའི་རྒྱལ་བའི་བཀྲིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས ་པས་ཡོངས་སུ་བསྐོར་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནར་དཔའ་ཨི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན ་པར་བསྟོད་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ལྷ་དབང་ཀླུ་དར་མི་ཡིས་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་བའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ ་ལྡན་པའི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅང་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར ་གྱི་མ། བར་པོ་ཇི་ན་མི་ཏྲ་དང། །ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ར་རྣ་སྟྲི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན ་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉིད་མ་རྒྱལ་བའི་བྱིན་བརླབས་ཀྱིས། །བདུང་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚོན་བཀྲ་ཤིས་ཤོག། ཆོས་ཉིད་བདེན ་བའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩིའི་བདེན་པའི་བྱིན་བརླབས་གྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམས་འཕེལ་པ། །ཏག་ཏུ་དང་ལ་གནས་ཉིན་མཚན་བཀྲ་ཤིས་ཤོག། དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན ་བརླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། ཚངས་དང་ལྷ་དབང་སྲུངས་མའི་བྱིན་བརླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན ་འགྲུབ་པ་དང། །ཚེ་རིངས་ནད་མེད་བདེ་སྐྱེད་ལྡན་པར་ཤོག། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅང་པ།། །།བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་ན་མི་ཏྲ་དང།། ། ་ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། མཾ་ག་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྨི་ངན་འཇིགས་དང་སྡིག་པ ་ཐམས་ཅད་འཇིག་བྱེད་པ། །ཚེ་དང་འབྱོར་དང་སྟོབས་དང་བདེ་པ་རྣམ་འཕེལ་བྱེད། །ཁྱེད་ཀྱི་བཀྲ་ཤིས་ཐམས་ཅད་སྒྲུབ་པར་བྱེད་འདི་དག། རབ་ཏུ་བརྗོད་གྱིས་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །སངས་རྒྱས་པདྨ་རྒྱས་པ་དད་པ་འདབ་འདྲའི་སྦྱན་མངའ་ ་བ། གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང། །ཆོས་དང་དགེ་འདུན་ལྟ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ་འཇོམས་པའི་བཀྲ་ཤིས་གང་ཡིན་པ། །རྣམ ་སྣང་མཛད་དང་ཐམས་ཅད་སྐྱོབ་དང་རྣམ་པར་གཟིགས། །ཀུན་ཏུ་མཆོད་ཅིང་རྒྱས་འགྱུར་བ་གཟི་བརྗིད་མཆོག། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨའི་སྤྱན་དང་ཤཱཀྱ་ཐུབ་པ་ཐུབ་ཆེན་དང། །ཡེ་ཤེས་དབང་ཕྱུག ་