CLOSE WINDOW

N4750: 'phags pa stong chen po rab tu 'joms pa las gsungs pa'i bde legs su 'gyur ba'i tshigs su bcad pa bzhugs
Wyliee-texts based on the ACIP/ALL Input

པའི་གྲོང་ཁྱེར་ཏུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་ནརྫོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་འམ་ཡང་ན་?་པ་དང་ ་མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་ན། དེ་བཞིན་གཤེགས་པ་ལྷ་ཡིས་ལྷར་གྱུར་པ། །མི་མཆོག་དེ་དང་འདི་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་བུ་གསུངས། །བདེན་པ་དེ་ཡི་འདིར་ནི་དགེ་བར་ཤོག་ཟད་པ་ཆགས ་བྲལ་བདུད་རྩི་འདུས་མ་བྱས། ཤེས་པར་ཤཱཀྱ་ཐུབ་དེ་རབ་ཏུ་ཕྱེ། བདུག་རྩེ་ཞི་བ་འདུས་མ་བྱས་ཡིན་པ། །ཡོས?་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་དུ་གསུང། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།ཟད ་བ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་ཏུ་བསྟན། །སྟོན་པའི་བླ་མེད་རྣལ་འབྱོར་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདིར ་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།གང་ཟག་ཆེན་པོ་བརྒྱད་པོས་ངབ་བསྔགས་ཤར། །གང་ཟག་ཟུང་བཞིན་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། བདེ་བར་གཤེགས་པ་སྦྱིན་པའི ་གནས་ཞེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཚན་འགྱུར་ཏེ། །ཞིང་རབ་གཤིན་ལས་བོན་བཏབ་པ་ཤིན། འདི་ནི་དགེ་འདུན?་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། གང་དག་བརྟན་པའི་ཡིད་ཀྱིས་རབ ་བརྩོན་ཞིང། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོས་ནས་བདུད་རྩི་མཆོག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། མཐོང ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང། ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག་ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་པ་མཐོང། །དེ་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུང ་བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། ལུས་སམ་དག་གམ་འོན་ཏེ་ཡིད་ཀྱིས་ཀྱང། །སྡིག་པ་རྣམས་གསུམ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང། །དེ་ལྟར་དེ་ལ་ལྟ་བས་འཛིན་མི་བྱེད། །དེས་ན་དགེ་འདུན་རིན་ཆེན་མཆོག། ་ཏུ་གསུང། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། ཇི་ལྟར་དབང་པོའི་སྡོང་པོ་རབ་བཅུགས་པ། །ཕྱོགས་བཅུའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡིས། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེ་ལ ་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུང། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་སྐོམ་ཞིང། །ལུས་ཀྱང་སྦྱིན་པ་ཡིད་ལས་བྱས་པས་ནི། །དེ་དག་འཇིགས་པ ་བརྒྱད་དང་མི་ལྡན་འགྱུར། །ངེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུང། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། ཇི་ལྟར་?་རླུང་གིས་རབ་གཏོར་ལ། །ལག་དུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་དེ་ཀུན་སྦྱོར་བ་རབ་བཏང་པའི། །སངས་རྒྱས ་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུང། །བདེན་པ་དེ་ཡིས་འདིར་ནི་བདེ་?་ཤོག་སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་དགེ་བར་ཤོག། སྟོན་མཆོག་དམ་པ་ལྟ་མིས ་མཆོད་འོས་ཕ། །སངས་རྒྱས་ཕྱག་འཚལ་དེང་རིང་བདེ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དག་ཐམས་ཅད་འདིར་ནི་དགེ་བར་ཤོག། ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དང་འདིར་བདེ ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅི་?་ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དག་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། འབྱུང་པོ་གང་དག་འདིར་ནི ་ལྷགས་གྱུར་ཅིག་།སའམ་འོན་ཏེ་བར་སྣང་འཁོད་པ་དག། སྐྱེད་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག། འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། ཤིན་ཏུ་བདེན་པ་གསུངས་ཞིང་རྫུན་མི་དང ་བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག། རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བ་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང། །མཐུ ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩ་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་བ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག། དེ་བཞིན་ལྷ་མོ་འཕྲོག་མ ་ཡི་ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་ར་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་དེ་དག་གིS། ནད་པ་རྣམས་ཀྱི་ནད་སེལ་ཅིང། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུན་རྩིར་གྱུར་པར ་ཤོག། སངས་རྒྱས་རྣམ་གཟིགས་གཟི?་བརྗིད་དང། །གཙུག་ཕུད་ཅན་གྱི་སྟོབས་རྣམས་དང། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང། །ལོག་དང་སེལ་གྱི་ཏིང་འཛིན་དང། །གསེར་ཞེས་བྱ་བའི་ཡེ་ཤེས་དང། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ ་དང། །ཤཱཀྱ་སེངྒེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་དང། །རང་རྒྱལ་དག་གི་གཟི་བརྗིད་དང། །དགྲ་བཅོམ་རྣམས་ཀྱི ་མཐུ་དག་དང། །གསང་སྔགས་འཛིན་པ་ཐམས་ཅད་དང། །ཤཱ་རིའི་བུ་ཡི་ཤེས་རབ་དང། །མཽངྒལ་བུ་ཡི་རྫུ་འཕྲུལ་དང། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང། །ཀཽ་དི་རྒྱའི་སར་ཐོབ་དང། །ཀུན ་དགའ་བོ་ཡི་ཐོས་བ་དང། ཚངས་པ་ཡིན་བྱམས་པ་དང། །བརྒྱ་བྱིན་གྱི་ནི་དབང་རྣམས་དང། །འཇིག་རྟེན་སྐྱོང་གི་ཡུལ་རྣམས་དང། །དབང་ཕྱུག་ཆེན་པོ་སྟོབས་རྣམས་དང། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང། །དེ་དག ་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག། འཕགས་པ་སྟོད་ཆེན་མོའི་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་རྫོགས་སོ། །།སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་གཟིཌ ་