| Wylie | e-texts based on the ACIP/ALL Input |
བཟང་པོའི་ལེའུ་ལས་བྱུང་བ་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་རྫོགས་སོ།། །།ལེགས་པར་གྱུར་ཅིག། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཆལ་ལོ ་གང་ལ་སེར་སྣ་རྣམས་ཆགས་པ། །རྣམ་འཛོམས་དྲི་མ་མེད་མཛད་པ། །ཐུགས་ཞི་གནོད་པ་མངའ་དེ། །ཁྱེད་ལ་བདེ་ལེགས་མཛོད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུད་མཛད་ཅིང། །ཆོས ་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མང་ལ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག? ་བྱམས་པ་ཡི། །ཐུགས་ཀྱི་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱེད་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འབོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང། །གླིང་དང་དབུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཅད་ཞིང་བསླུ་བ་མི་མངའ་ལ། །གསུང་བཅང་ག་བུ?་མང་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱོས་པས། །ཕུན་སུམ་ཚོགས ་དོན་འབྱོར་གྱུར་ཅིག། དོན་འགྲུབ་ཚོགས་ཀྱང་གྲུབ་པ་ཏེ། །བྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི་ནགས་ཚལ་བཅས་པ་རབ་གཡོས་ནས། །སེམས་ཅན་ཐམས་ཅད་རབ་དགའ་དེ། །ཁྱོད་ལ་བདེ་ལེགས་མཛད ་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་རྣམས་རྣམ་དྲུག་གཡོས་གྱུར་ཅིག་།བདུང་མིང་མི་བདེར་གྱུར་པ་ཏེ། ཁྱེད་ལ་བདེ་ལེགས་བཅས་པར་གྱུར། །ཚོས་ཀྱི་འཁོར་ལོ་སྐོར་བ་ན། །འཕགས་པའི་བདེན་པ་?་གསུངས་པས ་ཐུབ་པའི་གྲགས་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་དེ། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་? ་ལེགས་མཛད། བརྒྱ་བྱིན་ལྟར་བཅས་བདེ་ལེགས་དང། །འབྱུང་པོ་ཀུན་གྱིས་བདེ་ལེགས་ནི། ཁྱེད་ལ་དུས་ཀུན་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང། །ལྷ་རྣམས་གྱིས་ནི་བསམས་པ་ཡི། །ཁྱེད་ཀྱིས་དོན་འདར་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར ་ཅིག། དེ་དག་ཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག་ཕྱིར་འོད་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། ཉིན་མའི་གུང་ལ་བདེ་ལེགས་ཤིང། །ཁྱེད་རྣམས་ཀུན ་ལ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག་སངས་རྒྱས་ལྟ་ནི་སྟོང་རྣམས་ཀྱིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ཅན་རྣམས་ཕྱེར་གྱུར་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་ཁོང། །སངས་རྒྱས་རང་སངས་རྒྱས་རྣམས ་དང། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ན་སྟོང་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་གནས་གྱུར་ཅིག། ཐམས་ཅད་ནད་ནི་ནང་གྱུར་ཅིག ་ཀུན་གྱི་བཟང་པོ་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་བོ་གང་དག་འདིར་ནི་ལྷགས་གྱུར་ཅིག། ས་འམ་འོན་ཏེ་བར་སྣང་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིག། ཉིན་དང་མཚན་ཏུ་ཚོས་ལ་སྤྱོད་པར་ཤོག། ཡངས ་པའི་གྲོང་ཁྱེར་ཏུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་ནརྫོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་འམ་ཡང་ན་?་པ་དང་ ་