| Wylie | e-texts based on the ACIP/ALL Input |
ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་ཡི་བཀྲ་ཤིས་དོན་འགྲུབ་ཅིང། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱིས་དོན་རྣམས་འགྲུབ་གྱུར་ཅིག། ཐམས་ཅད་མྱུར་དུ་མཐུག་པར ་ཤོག། ཕྲེད་བ་མགོ་ལ་འདུག་བ་ལྟར། །ལག་པ་གཡས་ན་དཔལ་ཡོད་ཤོག། གཡོན་ནའང་དཔལ་ནི་གནས་གྱུར་ཅིག། ཡན་ལག་ཀུན་ལའང་དཔལ་ཡོད་ཤོག་ཆོད་པ་དག་ནི་ནོར་ཆོ་ལ་ཞིང། །ཕྱོགས་བཅུ་དག་ཏུ་འགྲོ་བ་རྣམས། །རྙེད་པ་ཆེན་བོ ་རྙེད་གྱུར་ཅིག། དེ་དག་བདེ་བ་བསྐྱིད་པར་ཤོག། དགོས་པ་ལ་ལ་གང་གི་ཕྱིར། །ཤར་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག། སྨིན་དྲུག་དང་ནི་སྨར་མ་དང། །མགོ་དང་ལག་དང་ནབས་སོ་དང། །རྒྱལ་དང ་སྐག་ཅེས་བྱ་བ་སྟེ། །དེ་དག་རྣམས་ནི་ཤར་ཕྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ཤར་ཕྱོགས་ལོག་ན་ཡོད་ཅེས་བྱ། །དེ་དག་ཁྱེད་ལ་ཀུན་ཏུ་བསྲུང། །དེ་དག་བདག་པོ་རྒྱལ་པོ་ནི། །ཡུལ་འཁོར་བསྲུང་ཞེས ་གྲགས་པ་སྟེ། །དེ་ནི་དྲི་ཟ་ཀུན་གྱི་བདག། ཉི་མ་ལྷན་ཅིག་སྲུང་བར་ཤོག། དེ་ལ་བུ་ནི་མང་ཡོད་པ། །མཁས་ཤིང་མིང་ཡོད་པ། །མཐུན་པ་སྟེ།། ། དགུ་བཅུ་རྩ་ཅིག་ཟད་པར་ཡང། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནད་མེད ་ཅིང། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག། ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རྒྱལ་དང་རྣམ་པར་རྒྱལ་མ་དང། །དོན་འགྲུབ་མ་དང་མི་ཕམ་དང། །དགའ་མཆོག་མ་དང་དགའ་སྡེ་དང། །དགའ་ཅན ་མ་དང་དགའ་འཕེལ་མ། །དེ་དག་ཁྱེད་ལ་ནད་མེད་ཅིང། །ཤིས་པར་ལྷག་པར་སྐྱོང་བར་ཤོག། ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །གཞི་འཛིན་ཅེས་བྱའི་མཆོད་རྟེན་ཡོད། །རྒྱལ་བ་སྐྱོབ་པ་དགྲ་བཅོམ་པ། །དེ་རྣམས་ཀྱིས ་ནི་བཞུགས་ཤིང་མཁྱེན། །དེ་ཡང་ཁྱེད་ལ་ནད་མེད་ཅིང། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག་ཁྱེད་ཅག་སྡིག་པར་མ་གྱུར་ཅིག། ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག། དགོས་པ་ལ་ལ ་གང་གི་ཕྱིར། །ལྷ་ཕྱོགས་སུ་ནི་འགྲོ་བ་ལ། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག། མཆུ་ད་དགྲོད?་ངོ་བོ་དང་ནི། །མེ་བཞི་ནག་པ་ལྔ་པ་ཡིན། །ས་རི་དང་ནི་ས་ག་སྟེ། །ད་དག་རྣམས་ནི་ལྷོ་ཕྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག ་ནི། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ལྷོ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་བསྲུང། །དེ་དག་བདག་པོ་རྒྱལ་པོ་ནི། །འཕགས་སྐྱེས་པོ་ཞེས་བྱ་བར་བརྗོད། །དེ་ནི་གྲུལ?་བུམ་ཀུན་གྱི་བདག་།གཤིན་རྗེ་ལྷན་ཅིག་བསྲུང་པར ་ཤོག། །དེ་ལ་བུ་ནི་མང་ཡོད་ལ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་ཅུ་རྩ་གཅིག་ཟང་པར་ཡང། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནང་མེད་ཅིང། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག། ལྷོ་ཕྱོགས་ལོགས་ཀྱི་ཕྱོགས ་ཆན། །ལྷ་མོ་གཞན་ཅུ་བརྒྱབ?་ཡོད་དེ། །དཔལ་ལྡན་མ་དང་གྲགས་ལྡན་མ། །གྲགས་པ་ཐོབ་དང་གྲགས་འཛིན་མ། །ལེགས་པར་ལངས་དང་རབ་སྔ་དང། །ལེགས་པར་སད་དད་བདེ་སྒྲུབ་མ། །དེ་དག་ཁྱེད་ལ་ནར་མེད་ཅིང། །ཤིས་བ་ལྷག་བར ་སྐྱོང་བར་ཤོག། ལྷ་ཕྱོགས་ལོགས?་ཀྱི་ཕྱོགས་ཆན། །པདྨ་ཞེས་བྱའི་མཆོད་རྟེན་ཡོད། །རྟག་ཏུ་གཟི་རྗིད་ཀྱིས་ཀྱང་འབར། །རྟག་ཏུ་ཐམས་ཅད་གསལ་བྱེད་པ། །དེ་ཡང་ཁྱེད་ལ་ནད་མེད་ཅིང། །ཤེས་པར་ལྷག་པར་སྐྱོང་གྱུར་ཅིག། ་ཕྱོགས་ཅུ?་ཁྱེད་ཅག་བདེ་བར་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅག། ལྷ་རྣམས་ཀུན་ཕྱིས་རང་གསུངས་ནས། །ནོར་རྣམས་སྙེད་དེ་ལྡོག་པར་ཤོག། དགོས་པ་ལ་ལ་གང་གི་ཕྱིར། །ནུབ་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས? ་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག། ལྷ་མཚམས་དང་ནི་སྣརོན་དང་ཡང། །བརྩོན་འགྲུས་བརྟན་ལྡན་སྨྲུབས?་དང་ནི། །ཆུ་སྟོང་ཆུ་སྨ་?་དབྱི་བཞིན་དང། །གྲོ་བཞིན་ད་ནི་བདུན་པ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། འཇིག་རྟེན་སྐྱོང་བ ་གྲགས་ལྡན་པ། །ནུབ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །མིག་མི་བཟང་ཞེས་བྱ་བར་ཤེས། །དེ་ནི་ཀཱུ?་རྣམས་ཀུན་གྱི་བདག་ཆུ་ལྷ་ལྷན་ཅིག་སྲུང་བར་ཤོག་།དེ་ལ་བུ་ནི་མར་ཡོད ་པ། མཁས་ཤིང་མིང་ཡང་མཐུན་པ་དེས། །དགུ་ཅུ་རྩག་ཅིག་ཟད་པར་ཡང། །བཟང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅིང། །ཤིས་པར་ལྷག་པར་སྐྱོང་བར་ཤོག། ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། ལྷ་མི་གཞོན་ནུ ་བརྒྱད་ཡོད་དེ། །རྣ་ཆ་སྐྲ་འདྲེས་མ་དང་ནི། །པདྨ་དཀར་དང་སྐྱ་རངས་དང། །ཆ་མེད་གཅིག་དང་དགུ་པ་དང། །རོལ་དང་གནག་དང་སྟོབས་མྱུར་སིང། །དེ་དག་ཁྱེད་ལ་ནད་མེད་ཅིང། །ཤིས་པ་ལྷག་པར་སྐྱོང་བར་ཤོག་ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན།། ་ནུབ་ཅེས་བྱ་བའི་ངོ་བོ་ཡོད། །ཉི་མ་ཟ་བ་གཉིས་ཀའང་ནུབ། །ནུབ་བའང་ཁྱེད་ལ་ནོར་སྦྱིན་འགྱུར། །དེ་ཡང་ཁྱེད་ལ་ནད་མེད་ཅིང། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག། ཕྱོགས་ན་ཁྱེད་བཅག་བདེ་བར་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། ལྷ ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོང་རྣམས་རྙེད་ནས་ལྡོག་པར་ཤོག། །དགོས་པ་ལ་ལ་གང་གི་ཕྱིར། །བྱང་ཕྱོགས་སུ་ནི་འགྲོ་པ་ན། གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག། མོན་གྲ་དང་ནི་མོན་གྲུ་དང། །ཁྲུས ་སྟོང་དང་ནི་ཁྲུམས་སླང་དང། །ནམ་གྲུ་དང་ན་ཐ་དཀར་དང། བྲ་ཉེ་དད་ནི་བདུན་ཡིན། །རྒྱུ་སྐར་བདུན་པོ་ད་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །བྱང་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་བསྲུང། །དེ་དག་བདག་པོ་རྒྱལ ་པོ་ནི། །མི་ལ་གཞོན་པ་ལུས་ངན་པོ། །གནོད་སྦྱིན་ཀུན་གྱིས་བདག་པོ་སྟེ། ནོར?་བཟང་ལྷན་ཅིག་བསྲུང་པར་ཤོག། དེ་ལ་བུ་ནི་མང་ཡོད་པ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་ཅུ་རྩ་གཅིག་ཟད་པར་ཡང། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། དེ་དག ་ཁྱེད་ལ་ནང་མེད་ཅིང། ཤིས་པར་ལྷག་པར་སྐྱོང་གྱུར་ཅིག་བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རབ་ཆགས་ལྷ་མོ་སྟོང་ལྷ་མོ། །ས་དང་དེ་བཞིན་པདྨ་ཅན། །རྒྱལ་པོ་ཆེ་ལ་ཉེར་གནས་དང། །དེ་དང་ཁྲེལ་ཡོད ་དཔལ་ལྡན་མ། །དེ་དག་ཁྱེད་ལ་ནང་མེད་ཅིང། །ཤིས་པར་ལྷག་པར་སྐྱོང་བར་ཤོག། བྱང་ཕྱོགས་ལེགས་ཀྱི་ཕྱོགས་ཆ་ན། །སྤོས་དང་ལྡན་པའི་རི་གོ?་ཡོད། །གནོད་སྦྱིན་འབྱུང་པོ་རྣམས་ཀྱི་གནས། །རྩེ་མོ་སྣ་ཚོགས་བལྟ་ན་སྡུག། དེ་ཡང་ཁྱེད་ལ་ནད་མེད ་ཅིང། ཤེས་པར་ལྷག་པར་སྐྱོང་གྱུར་ཅིག། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག་ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་ད་ལྡོག་པར་ཤོས། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །ཕྱོགས་བཞི་དག་ན་བདུན་བདུན ་གནས། །ལྷ་ཡི་བུ་མོ་སུམ་ཅུ་གཉིས། །ཕྱོགས་བཞི་དག་ན་བརྒྱད་བརྒྱད་གནས། །དགེ་སྦྱོང་བརྒྱད་དང་བྲམ་ཟེ་བརྒྱད། །ཡུལ་རྣམས་ནི་ནི་གྲོང་བརྡལ་བརྒྱད། །དབང་པོར་བཅས་པའི་ལྷ་བརྒྱད་རྣམས། །དེ་དག་ཁྱེད་ལ་ཀུན་ཏུ་བསྲུང། །ཁྱེད་ཅག ་འགྲོ་ནའང་བརྐ་ཤིས་གྱུར། །ལྡོག་པ་ན་ཡང་བཀྲ་ཤིས་ཤོག་གཉེན་གྱིས་ལྟ་ནའང་བཀྲ་ཤིས་ཤོག། དབང་བཅས་གནོད་སྦྱིན་རྒྱལ་ཆེན་དང། །དགྲ་བཅོམ་པ་དག་སྙིང་བརྩེ་བས། །ཐམས་ཅད་དུ་ནི་བཀྲ་ཤིས་དང། །བདུད་རྩི་ཤིས་བ་ཐོབ་པར ་ཤོག། ཚངས་པ་དང་ནི་དེ་བཞིན་ནོར་རྒྱས་དང་།ཟག་པ་མེད་པ་རྣམས་པར་གྲོལ་རྣམས་དང། །ཀླུ་དང་གནོད་སྦྱིན་རྟག་ཏུ་སྙིང་རྗེས་བསྲུང། །སྟོན་བརྒྱ་མཚུངས་པར་ཆེན་སྐྱོང་བར་ཤོག། འཕགས་པ་རྒྱ་ཚར་ངོལ་པའི་མདོའི། ཚོད་དཔོན་? ་བཟང་པོའི་ལེའུ་ལས་བྱུང་བ་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་རྫོགས་སོ།། །།ལེགས་པར་གྱུར་ཅིག། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཆལ་ལོ ་