| Wylie | e-texts based on the ACIP/ALL Input |
གིས། བདེར་གཤེགས་ཡང་དག་དོན་གཟིགས་པ་ཞེས་མཚན་བཏགས་པ། །དྲི་མེད་རྩེ་མོར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག་བཀྲ་ཤིས་དམ་པ་གང་ཞིག་གིས། །དེ་བཞིན་གཤེགས་པ་རང་རྒྱུར ་མཆོག་ཅེས་མཚན་བཏགས་བ། །རིན་ཆེན་སྤོས་སུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག། བཀྲིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་དབྱིག་གི་ལྷ་ཞེས་མཚན་བཏགས་བ། །དྲི་མེད་སྣ་ཚོགས་གཤེགས་པ ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །འགྲོ་བ་མེད་པ་སྨྲ་བའི་སྟག་ཅེས་མཚན་བཏགས་པ། །ཐམས་ཅད་ཚལ་དུ་གཤེགས་པ་ལྟར། །ངེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག། བཀྲ་ཤིས ་དམ་པ་གང་ཞིག་གིས། །ཡོན་ཏན་ཀུན་མངའ་དཔལ་གྱི་རྒྱལ་བར་མཚན་བཏགས་པ། །དགའ་བའི་རྒྱུན་ཏུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག། །བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་པན ་བརྩོན་དཀའ་ཐུབ་དྲག་པོར་མཚན་བཏགས་པ། །ཀུན་ནས་མཆོག་ཏུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག། བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་འཚེ་མས་བཀྲ་ཤིས་ཚིགས་སུ་བཅད་པའོ།། །། ་བཅོམ་ལྡན་འདས་ལྷི?་རྒྱལ་པོ་རབ་དགའ་ལྡན་གྱིས་བཀྲ་ཤིས་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དམ་པ་གང་ཞིག་གིས། །ཆགས་བ་མེད་པའི་ཟླ་བར་མཚན་གསོལ་མཚན་བཏགས་པ། ་ཕོ་རང་མཆོག་ཏུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །ཡེ་ཤེས་མཛའ་ཡས་དབང་ཞེས་བྱ་བར་མཚན་བཏགས་པ། །ཁ་དོག་གསེར་དུ་རབ་གཤེགས ་དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲིས་དམ་པ་གང་ཞིག་གིས། །ཀུན་ཏུ་མཛའ་ཡས་སྦྱན་ཞེས་བྱ་བར་མཚན་བཏགས་པ། །པདྨའི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པར ་གང་ཞིག་གིས། །ཡན་ལག་རིན་པོ་ཆེ་ཞེས་བྱ་བར་མཚན་བཏགས་པ། རིན་ཆེན་མཛད་དུ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །དཔལ་རབ ་རྒོལ་བའི་སྟག་ཅེས་བྱ་བར་མཚན་བཏགས་པ། །དབང་པོའི་ཁང་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །ཡོན་ཏན་ཐམས་ཅད་སྟན་པའི་ཉི་མར་མཚན་བཏགས་པ། །མེ་ཏོག་སྙིང ་པོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །ཡན་ལག་འོད་ཟེར་མཛའ་ཡས་པར་ནི་མཚན་བཏགས་པ། ཤིང་གིས་བརྒྱན་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས ་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་ཐེ་ཚོམ་འཇོམས་བ་ཆོས་ཀྱི་རྒྱལ་མཚན་དེ། །རིན་ཆེན་ཁང་པར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །མི་ལི ་སེངྒེ་ཡེ་ཤེས་སྒྲོན་མ་མཛའ་ཡས་པ། །སྤོས་ཀྱི་རྩེ་མོར་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་ཡོན་ཏན་ཀུན་གྱི་འབྱུང་གནས་འོད་མངའ་བ། །ནོར་བུས་བརྒྱན་པར ་རབ་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། ཅེས་པ་ནི་བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་བཀྲི་ཤིས་ཀྱི་ཚིགས་སུ་བཅད་པས་བསྟོད་པའོ། །སངས་རྒྱས་ཕལ་པོ་ཆེ་ལས་གསུངས་པའི་བཀྲ་ཤིས་ཚིགས་སུ་བཅང་བའོ?།། ་