CLOSE WINDOW

N4745: bcom ldan 'das la lha'i dbang po brgya byin gyis bkra shis kyi tshigs su bcad pa
Wyliee-texts based on the ACIP/ALL Input

བྱས་ནས་འགྱུར་བ་དང། །དགྲ་བཅོམ་རྣམ་གྲོལ་སེམས་ལྡན་པ། །དེ་དག་ཀུན་ཏུ་བདེ་ལེགས་འགྱུར། །གང་གིས་འདོད་ཆགས་ཞེ་སྡང་དང། །གཏི་མུག་རྣམས་དང་ཆགས་བྲལ་ཞིང། །ཡེ་ཤེས་འཁྲུགས་མེད་སྐྱེད་གྱུར་བཤད ་དག་ཀུན་ཏུ་བདེ་ལེགས་འགྱུར། །གང་ཞིག་ལྷར་བཅས་འཇིག་རྟེན་གྱི། །མགོན་པོ་ཡང་སྲིད་སྤངས་པ་ཡི། །སངས་རྒྱས་ཁོང་དུ་ཆུད་གྱུར་པ། །དེ་དག་ཀུན་ཏུ་བདེ་ལེགས་འགྱུར། །ལྷས་ཞུས་པའི་བདེ་ལེགས་གྱུར་བའི་ཚིགས་སུ་བཅད་པ་རྫོགས་ཧོ།། །། ་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དམ་པ་གང་ཞིག་གིས། ཐུགས་རྗེ་ཆེན་པོ་མངའ་བ་འོད་སྲུངས་རིགས་སྐྱེད་པ། །རྣམ་པར ་རྒྱལ་བར་གཤེགས་གྱུར་བ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །གསེར་ཐུབ་སྒྲིབ་པ་མེད་པར་རབ་ཏུ་གཟིགས་པ་དེ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདིར ་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །བསོད་སྐྱབ་གསེར་གྱི་རི་བོ་འབར་བ་འདྲ་བ་དེ། །རྩེ་མོ་མཆོག་ཏུ་གཤེགས་གྱུར་པ། །དེས་ནི་འདི་རེ་ཡང་བཀྲ་ཤིས་ལེགས་གྱུར་ཅིག། དཀྲ་ཤིས་དམ་པ ་གང་ཞིག་གིས། །ཐམས་ཅད་མངའ་བ་དགྲ་བཅོམ་དྲི་མ་གསུམ་སེལ་བ།། །མཛོད་སྤུའི་རྩེ་མོར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་གཙུག་ཏོར་དགོངས་པ ་ཟིལ་གྱིས་མི་ནོན་བ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདི?་དེ་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །རྣམ་པར་གཟིགས་བ་སྐྱེས་བུ་ཟླ་བ་མི་ཡི་མགོན། །རིན་ཆེན་རྒྱན་དུ་གཤེགས་གྱུར་པ།། ་དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །ཤིན་ཏུ་རྒྱས་པ་དོན་དམ་མཁས་ཤིང་བསྟན་པ་དེ། །མ་ལ་ཡ་ཡི་རྩེར་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས ་སངས་རྒྱས་སྟོན་མཆོག་ཐོས་པ་མི་མངའ་བ། །དྲི་མེད་ཟླ་བར་གཤེགས་གྱུར་བ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །གྲགས་པ་དྲི་མ་མེད་པར་མགོན་པོ་པདྨ་པདྨའི་ཟླ། །དྲི་མ་མེད་པར་ཤེགས ་གྱུར་བ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་མར་མེ་མཛད་པ་འོང་སྣང་མངའ་བ་དེས། །འོད་ཟེར་དྲ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་དཀྲ་ཤིས་ལེགས་གྱུར་ཅིག་བཅོམ་ལྡན ་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅང་པའོ།། །།བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་མཚེ་མས་བཀྲ་ཤིས་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ། །བཀྲ་ཤིས་དམ་པ་གང་ཞིག་གིས།། ་སངས་རྒྱས་གྲགས་པའི་དམ་པར་མཚན་བཏགས་པ། །ནོར་བུའི་གཙུག་ཏུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག། དཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་བློ་ཞེས་མཚན་བཏགས་བ། །སྦྱངས་པའི ་ལམ་དུ་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག་གིས། །སྒྲིབ་མེད་གཟིགས་པ་འཛུམ་པའི་སྦྱན་ཏུ་མཚན་བཏགས་པ། །རྒྱན་ཅིག་ལྡན་པར་ཤེགས་པ་ལྟར། །དེས་ནི་འདིར་ཡང་དཀྲ ་ཤིས་མཆོག་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །འཇིག་རྟེན་སྒྲོན་མ་མང?་མེ་མཛད་ཅེས་མཚན་བཏགས་བ། །རྣམ་པར་རྒྱལ་བར་གཤེགས་པ་ལྟར། །དེས་ནི་འདིར་ཡང་བཀྲ་ཤིས་མཆོག་གྱུར་ཅིག། བཀྲ་ཤིས་དམ་པ་གང་ཞིག ་