CLOSE WINDOW

N4743: bde legs kyi tshigs su bcad pa
Wyliee-texts based on the ACIP/ALL Input

བདེ་ལེགས་ཀྱི་བཀྲ་ཤིས་ཚུགས་སུ་བཅད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། །སྭ་སྟི་དཱ་ཐཱ། བོད་སྐད་དུ། བདེ་ལེགས་ཀྱི་ཚིགས་སུ་གཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་ཅིག་ཉེ་བར་སོང་ནས་སུ། །ལྷས་མཆོད་པ་ལ་ཞུས་བྱས་ཏེ། །སངས ་རྒྱས་ཆེན་པོ་ཐུབ་པ་ཆེ། །ཅི་ཞིག་སྨྲས་ན་བདེ་ལེགས་འགྱུར། །དེས་ནི?་ཚིག་དེ་གསན་གྱུར་ནས། །འཇིག་རྟེན་རྩ་ལག་བཀའ་སྩལ་པ། །གང་ཞིག་རྟག་ཏུ་རྗོད་བྱེད་པ། །ད་ཡི་བདེ་ལེགས་འགྱུར་དེ་ཉོན། །འཇིག་རྟེན་འདི་དང་གཞན་དང་མཐོ་རིས ་ན། །རིན་ཆེན་རྨད་བྱུང་རྒྱ་ཆེན་མཆོག་ཡོད་པ། །དེས་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ། །ཅིས་ཀྱང་གྲངས་དང་བགྲངས་དང་ཆར་མི་ཕོང། །ངོ་ཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་ཆོག ་ཇི་ལྟར་རའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག། ཞི་འགོག་བདུད་རྩི་ཤིན་ཏུ་གྱ་ནོམ་གང། །ཤཱཀྱ་ཐུབ་པས་མཉམ་གཞག་ཐུགས་ཆུད་པས། །ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་མངོན་རྒྱས ་ན་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། རྒྱལ་བས་གང་དག་གང་ཟག་བརྒྱད ་གསུངས་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་དེ་དག་ས་སྟེང་བཞིན་དུ་དཀོན། །དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར། །ངོ་ཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི ་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག་དམ་པ་གཙོ་བོ་མཆོག་སྦྱིན་གྱ་ནོམ་པ། །འོད་མཆོག་དཔའ་བོ་དམ་པ་མཆོག་གི་གནས། །ཤེས་རབ་དམ་པ་མཆོག་གིས་དམ་པ་མཆོག། ་མཆོག་མིན་མཆོག་མཁྱེན་འདི་ནི་བཅོམ་ལྡན་གཅིག། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས ་ཤོག། ཏིང་འཛིན་དམ་པ་བར་ཆད་མེད་པ་གང། །མཛའ་ལས་བློ་ལྡན་དེ་བཞིན་གཤེགས་གསུངས་པ། །ཏིང་འཛིན་དེ་བརྟན་རྡོ་རྗེ་དཔེར་བྱས་ན། །ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །ཏིང ་འཛིན་རིན་ཆེན་འཇིག་རྟེན་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ཏུ། །འདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཇི་ལྟར་སྒོ་གཏན་དམ་ཞིང་རབ་དམ་སྟེ། །སྟོབས་ཆེན་རླུང་བཞིན་དག་གིས་མི་བསྐྱེད་པ། །དེ་ལྟར ་མཁས་པ་བདེན་བཞི་མཐོང་གནས་པ། །འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་ཡོད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི ་ཤིན་ཏུ་བདེ་ལེགས་ཤོག་ཐམས་ཅད་ཟིལ་ནོན་ཀུན་མཁྱེན་ཐམས་ཅད་གཟིགས། །ཐམས་ཅད་མཁྱེན་པ་སྟོབས་རྣམས་ཀུན་དང་ལྡན། །ཀུན་གྱི་དམ་པ་འཛིན་པ་ཀུན་དང་བྲལ། །བསམ་པ་ཀུན་མཁྱེན་འདི་ནི་བཅོམ་ལྡན་གཅིག། །ངོ་མཚར ་ཤིན་ཏུ་རྨད་བྱུང་དཔག་མེད་དོ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། བདེན་པ་འདིས་ན་ཤིན་ཏུ་བདེ་ལེགས་ཤོག། སྲིད་པ་འགོག་ཅིང་མི་གཡོར་འགྱུར་བ་མེད། །སྐྱོན་མེད་འཇིགས་པ ་ཀུན་ལས་རྣམ་པར་གྲོལ། །ཤིན་ཏུ་འགག་ཅིང་གྱ་ནོམ་ངེས་པར་འབྱུང། །ཤིན་ཏུ་དྲི་མེད་ཞི་བ་བློས་མི་འཕྲོས། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། ་བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཤིན་ཏུ་སྡུག་བསྔལ་སྟོན་ཅིང། །བདེ་སྦྱིན་པའི། །བདེན་རྣམས་མཐོང་སྟེ་གང་དག་བག་ཡོད་པ། །བདེན་པ་རིན་ཆེན་རྣམས་ལ་དགོངས་བྲལ་བ། །དེ་དག་སྐྱེ་བ་བརྒྱད་པ་ཕྱིས་མི་ལེན། །ངོ་མཚར ་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། དམ་པ་རྣམས་ཀྱིས་དམ་པ་དོན་དམ་མཁྱེན། མཆོག་དང་མཆོག ་མིན་མཁྱེན་ཅིང་དོན་དམ་བརྩོན། །གཞན་གྱི་མི་ཕྲོགས་དམ་པ་ཐུགས་ཆུད་རྟོགས། །ཤིན་ཏུ་སྡུག་བསྔལ་རྣམས་ཀྱི་དཔུང་གཉེན་མཆོག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོད? ་ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། འདུན་པ་བསྐྱེད་པས་རྣལ་འབྱོར་ལྡན་གྱུར་ཅིང། །གཽ་ཏམ་བརྟན་ལ་རྟག་རྩོན་རབ་གྲོལ་ཞིང། །གཞན་གྱིས་མི་བཀྲི་བ་དག་ཞིང ་དེ་རེ་དག། འདི་ལ་དེ་རིག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་དའི་དའི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། བདེན་པ་ང་ངག་དང་ནི། །ཡི ་རྒྱ་ལམ་ན། །གལ་ཏེ་སྡིག་པ་འགའ་ཞིག་བྱས་གྱུར་ཀྱང། །དེ་??ནི་དེ་འཆབ་བ་ཡིན་འོས་མིན་ཏེ། །ཆོས་ཉིད་འདི་ནི་སི་གཡོ་གནས་ཕྱིར་རོ། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག ་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་དང་ནི་ལྷག་པ་འམ་མཚུངས་པ་མེད། །ལྷ་དང་མི་ཡི་སྟོན་བ་བླ་ན་མེད། །སྟོན་པ ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག་ངོ་མཚར་ཤིན་ཏུ་སླད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སོ་གའི་ཟླ་བ་དང་པོར་ཐུབ ་པ་ཡིས། །ནགས་ཁྲོད་ཆོས་ཀྱི་དམ་པ་རབ་བརྙེས་པ། །ཆོས་དེ་དང་ནི་ལྟག་པ་འམ་མཚུངས་པ་མེད། །འདི་ལ་དེ་དག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་སླད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར ་དེའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སྡིག་པ་སྙིང་ཟད་གསར་དུ་བྱས་མང་ལ། །རིམས་ནད་མེད་པས་འཇིགས་མེད་མྱ་ངན་གྲལ། །རྩ་བ་འགག་པས་སྲིད་པ་མི་སྐྱེད་པ། །བསྟན་པ་མར་མེ་ཤིན་ཏུ ་འབར་བར་འགྱུར། །ངོ་མཚར་ཤིན་ཏུ་རྨད་གྱུར་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་དའི་འདི་དེ་བཞིན་བདེན་མཆོག་ན། །བདེན་ལ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག་ལྷས་ཞུས་པའི་བདེ་ལེགས་ཀྱི་ཚིགས་སུ་བཅས་པ ་རྫོགས་སྟོ།། །།རྒྱ་གར་སྐད་དུ། སྭ་སྐྱ་ཡ་ན་གཱ་སླ། །བོད་སྐད་དུ། བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་དྲུང་དུ་ནི། ལྷ་ཞིག་ཉེ་བར་སོང་ནས་སུ། །གང་གིས་རྟག་ཏུ་བདེ་ལེགས་པ། །བདག་གིས ་