| Wylie | e-texts based on the ACIP/ALL Input |
ཡོངས་ཀྱི་སྐྱབས་སུ་གྱུར་བར་ཤོག་།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱོཌ་ཀྱི་སྨོན་ལམ་རྫོགས་ཤོ།། འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་མདོ་སྡེ་ཆེན་པོ་བཀླགས་ནས། །ཆོས་ཀྱི་སྦྱིན་པའི་བསྔོ་བ། དམ་ཆོས་གསུང ་རབ་ཡིད་བཞིན་ནོར་བུ་འོད་འབར་བར། །ཡིད་དང་རིན་ཆེན་མང་པོས་སྣ་ཚོགས་འབྱུང་བའི་གནས། །མཁྱེན་བཞི་ཤེས་བཅུ་གང་ཆེན་མཚོ་དང་ལྡན་པ་ཡི། །ཆོས་རྗེས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། །ཆོས ་མཛད་རང་རྒྱལ་ཉན་ཐོས་འཕགས་པ་ཐམས་ཅད་ལ། །ལུས་བཏུད་དང་བའི་སྤྱི?་བོས་ཕྱག་འཚལ་མཆོད་པར་བགྱི། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། ཐུགས་རྗེ་སྙོམས་པའི་མར་དང་ཏིང་འཛིན་སྙིང་པོ་ལS ་རྣམ་པར་དག་པའི་ཡེ་ཤེས་གསལ་བའི་མར་མེ་འབར། །འོད་བཟང་བདུད་རྩིས་སྲིད་གསུམ་འཇིག་རྟེན་ཐམས་ཅད་ཁྱབ། །སྡུག་བསྔལ་ནད་སེལ་མི་ཤེས་མུན་པ་ཀུན་སེལ་བ། །དམ་ཆོས་མདོ་ཡི་སྡེ་ལ་གུས་པས་ཕྱག་འཚལ་ལོ། །དབྱངས་ཀྱིས་བསྟན ་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །དམ་པའི་ཆོས་ལུང་བསྟན་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །ཚིགས་སུ་བཅད་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །ཆེད་དུ་བརྗོད་པའི་སྡེ་ལས་གུས་པས་ཕྱག་འཚལ་མཆོད། །དམ་ཆོས ་གླིང་བཞིའི་སྡེ་ལ་གུས་པས་ཕྱག་འཚལ་མཚལ་མགོ?་འདི་ལྟར་འདས་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །སྐྱེས་པའི་རབས་ཀྱི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །ཤིན་ཏུ་རྒྱས་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །རྨད?་དུ ་བྱུང་བའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །རྟོགས་པ་བརྗོད་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །གཏན་འབེབས་པའི་སྡེ་ལ་གུས་པས་ཕྱག་འཚལ་མཆོད། །སྐྱེས་བུ་གང་གིས་ཆོས་ལ་གུས་པས་གང་ཞིག་གིས། །བློ་དང ་ལྕེ་ལས་དམ་ཆོས་སྒྲོན་མ་འབར་བ་དང། །མདོ་སྡེའི་ཚིག་འབྲུ་བདུད་རྩི་ཐིགས་པ་འགའ་ཙམ་ཡང། །སུ་ཡི་སྙིང་དང་ལྕེ་ལ་སྣང་བར་བྱེད་པ་ཡི། །བློ་གསལ་དག་བཟད་སྐྱེ་བོ་ཇི་སྙེད་བཞུགས་གང་ལ། །དད་པའི་སེམས་ཀྱི་རྗེས་སུ ་ཡི་རང་ཕྱག་འཚལ་ནས། ཚས་བརྗེད་སེངྒེའི་སྒྲ་སྒྲོགས་ཆོས་ཀྱི་སྦྱིན་པ་འདི། །འཕགས་པ་ཆོས་མངའ་མཛད་ཚིག་ལ་དབང་སྒྱུར་དང། །ཁྱུ་མཆོག་དགེ་སློང་རྒྱ་མཚོའི་རྒྱལ་ཚབ་ཇི་བཞིན་དུ། །ཚིག་གཅིག་ཡན་ལག་རྒྱ་མཚོའི ་སྒྲ་སྐད་ཐམས་ཅད་ཀྱི། །འཇིག་རྟེན་སོ་སོའི་ཡིད་མཐུན་ཆོས་ཀྱི་འཆར་འབབ་ཤོག་།འདི་ལྟར་སྙིང་པོ་བྱང་ཆུབ་མཆོག་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་དབྱིངས་གཞི་བྱ་ཕྲག་མངོན་སུམ་དུ་ཤེས་པའི ་སྤྲིན་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་བར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་དབང་སྒྱུར་བ་ཐོབ་པ་རྣམས་ལ། གཞི་ཀུན་དུ་བརྟེན་པའི་སྤྲིན་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ?་བར ་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ཨི་ཆོས་ཆེན་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་རྣམས་ལ་སྒོ་ཀུན་ནས་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར ་པ་རྣམས་ལ། །ཀུན་ནས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་བར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་བ་རྣམས་ལ་སྙིང་རྗེ་ཆེན་པོའི་མཆོག་ཤིན་ཏུ་བརྟན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར ་མངོན་པར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རྣམ་པར་དག་པ་རྣམས་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་བྱེ་བྲག་ཤེས་པའི་རྡོ་རྗེ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར ་ཅིག་།བྱང་ཆུབ་སེམས་དཔའ་སྔོན་གྱི་སྦྱོར་བ་དང་ལྡན་པ་རྣམས་ལ་།འགྲོ་བ་ཡོངས་སུ་བསྡུས་པས་ཀུན་ནས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་པ་མངོན་པར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ཆེར་སྐྱེས ་པ་རྣམས་ལ། དུས་གསུམ་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མངོན་སུམ་དུ་དམིགས་བའི་སྤྲིན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱིས་ཆར་མངོན་པར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་རྣལ་འབྱོར་ལ་སྤྱོད་པ ་རྣམས་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་དང། གཞི་རབ་ཏུ་སྒྲོགས་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔལ་ལས་དང་པོ་པ་རྣམས་ལ། སྙིང་རྗེ་ཆེན་པོའི་ཚུལ་དང ་ཐབས་ཀྱིས་སྙིང་པོའི་བྱེ་བྲག་གི་སྤྲིན་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་སེམས་དང་པོ་སྐྱེད་བ་རྣམས་ལ་དགའ་བར་བྱ་བའི་མཛོད་ཤིན་ཏུ་བརྩེགས་པའི་སྙིང་པོ་ཞེས ་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ཡང་དག་པ་ལ་མོས་པ་རྣམས་ལ། རྣམ་པར་ཐར་པ་མི་ཟད་པ་དང། དེ་བཞིན་གཤེགས་པའི་སྨོན་ལམ་གྱིས་དགའ་བར་བྱེད་པའི་མཛོད་ཅེས་བྱ ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།གཟུགས་ལ་སྤྱོད་བའི་སེམས་ཅན་རྣམས་ལ་བཞི་ཀུན་ཏུ་མི་གྲད་པའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་ཚངས་རིས་ཀྱི་ལྷ་རྣམས་ལ། ཚུལ་གྱི་རྒྱ་མཚོ ་ཚད་མེད་པའི་འབྲུག་སྒྲའི་དབྱངས་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་དབང་སྒྱུར་གྱི་ལྷ་རྣམས་ལ། སྟོབས་འབྱུང་བའི་ཆོས་ཀྱི་ཡོ་བྱད་མི་ཟད་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར ་འབབ་པར་གྱུར་ཅིག་།བདུད་རིགས་ཀྱི་ལྷ་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཅན་ཡང་དག་པར་བསྒྲུབ་པའི་དབྱངས་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།འཕྲུལ་དགའ་ཨི་ལྷ་རྣམས་ལ་ཡེ་ཤེས་རིན་པོ ་ཆེ་སྣ་ཚོགས་ལ་བརྩོན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།དགའ་ལྡན་གྱི་ལྷ་རྣམས་ལ་བྱང་ཆུབ་སེམས་པའི་སྨོན་ལམ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཚར་མངོན ་མངོན་པར་འབབ་བར་གྱུར་ཅིག་།མཆེ་མའི་ལྷ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་བར་འབབ་པར་གྱུར་ཅིག་།ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་སུ་དེ་བཞིན ་གཤེགས་པ་མཐོང་ན་དགའ་བའི་ཤུགས་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།གནོད?་སྤྱིན་གྱི་དབང་པོའི་གནས་སུ་ཆོས་ཀྱི་དབྱིངས་ནམ་མཁའ་ལ་དེ་བཞིན་གཤེགས་པའི་རྣམ་པར ་འཕྲུལ་བས་རྒྱས་བར་འགེངས་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།དྲི་ཟའི་དབང་པོའི་གནས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཡང་དག་པར་འགྲེ་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི ་ཆར་མངོན་པར་འབབ་པར་གྱུར་ཅིག་།ལྷ་མ་ཡིན་གྱི་དབང་བའི་གནས་སུ་ཡེ་ཤེས་ཚུལ་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་ཆོས་ཀྱི་སྤྲན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།མིའི་གནས་སུ་འགྲོ་བ་ཐམས་ཅད་ལས་ཁྱད་པར ་འཕགས་པའི་ཡེ་ཤེས་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།སེམས་ཅན་དམྱལ་བའི་འཇིག་རྟེན་དུ་འཁོར་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དབྱངས་དང། འཕགས་པའི ་ལམ་གྱི་ཚིག་གི་རྒྱུད་ཀྱིས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།བྱོལ་སོང་གི་སྐྱེ་གནས་སུ་ལས་ཀྱི་ལམ་ཁ་ན་མ་ཐོ་བ་མེད་པ་ལ་ནན་ཏན་དུ་བྱ་བའི་དབྱངས་དང། དེ་བཞིན་གཤེགས་བ ་རྗེས་སུ་དྲན་པའི་སྤྲིན་གྱི་དཀྱིལ་འཁོར་ལྷུན་ཞེས་བྱ་བའི་ཆོས་ཀྱི་ཆར་མངོན་བར་འབབ་པར་གྱུར་ཅིག་།གཤིན་རྗེའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲགས་པས། སེམས་ཅན ་ཐམས་ཅད་ཀྱི་སྟོང་པའི་སེམས་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་བར་འབབ་བར་གྱུར་ཅིག། སེམས་ཅན་ལོག་པར་ལྟུང་བ་རྣམས་ལ་སྡུག་བསྔལ་ཐམས་ཅད་ཞི་བར་རབ་ཏུ་ཐོབ་པའི་དབུགས་དབྱུང ་བའི་དབྱངས་ཀྱི་ང་རོ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པར་གྱུར་ཅིག་།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དུས་ཐམས་ཅད་དུ་མཆོད་པ་རྒྱ་མཚོའི་སྤྲིན་རྟག་པར་འབྱུང་བ་དང། སེམས་ཅན ་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པའི་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གྲོགས་སུ་གྱུར་ཏེ། ཕྱོགས་བཅུ་ན་བྱང་ཆུབ་ཏུ་སེམས་མ་སྐྱེས་པ་རྣམས་ནི་སྐྱེས་པར་གྱུར་ཅིག་།སེམས་སྐྱེས་པ་རྣམས་ནི ་སླར་ལྡོག་པའི་ས་ཐོབ་པར་གྱུར་ཅིག་།སླར་ལྡོག་པའི་ས་ཐོབ་པ་རྣམས་ནི། སླར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག་།སླར་མི་ལྡོག་པའི་ས་ཐོབ་པ་རྣམས་ནི་།།ན་མེད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཐོབ་སྟེ། སེམས་ཅན་ཐམS ་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་གྱུར་ཅིག་།ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གྲོགས་སུ་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད་ནས། །ཐེག་པ་ཆེན་པོ་བླ་ན་མེད་པའི་སྒོར་གཞོལ་ཞིང་འབབ་བར་ཤོག་ཅིག་།འཇིག་རྟེན ་སྐྱོང་བ་ཚངས་པ་དང་བརྒྱ་བྱིན་གྱིས་གྲོགས་སུ་གྱུར་ཏེ། ལྷ་མ་ཡིན་གྱི་དགྲ་ལས་རྒྱལ་བ་དང། སོ་སོའི་རྣམ་པར་ཐར་པའི་སྒོ་ཀུན་ཡོངས་སུ་རྫོགས་པར་གྱུར་ཅིག་།ལོངས་སྤྱོད་ཀྱིས་ཡོངས་སུ་རྒྱས་པར་གྱུར་ཅིག་།རྒྱལ་པོ་ཆེན་པོ་བཞི་གྲོགS ་སུ་གྱུར་ཏེ། སོ་སོའི་རྣམ་པར་ཐར་སྒོ་ཀུན་ཡོངས་སུ་རྫོགས་པ་དང་།ལོངས་སྤྱོད་ཀྱིས་རྒྱས་པར་ཅིག་།འཇིག་རྟེན་སྐྱོང་བ་ཉི་ཤུ་རྩ་བརྒྱད་དང་།བློན་པོ་སུམ་ཅུ་རྩ་གཉིས་ཀྱི་གྲོགས་སུ་གྱུར་ཏེ། ལྷ་སོ་སོའི་རྣམ་པར་ཐར་པའི་སྒོ་ཀུན ་ཡོངས་སུ་རྫོགས་པ་དང། ལོངས་སྤྱོད་ཀྱིས་རྒྱས་པར་གྱུར་ཅིག་།གཙུག་ལག་ཁང་གི་བདག་པོ་ཐམས་ཅད་ཀྱི་གྲོགས་སུ་གྱུར་ཏེ། སོ་སོའི་རྣམ་པར་ཐར་པའི་སྒོ་ཀུན་ཡོངས་སུ་རྫོགས་པ་དང། ལོངས་སྤྱོད་ཀྱིས་རྒྱས་པར་གྱུར་ཅིག་།འབྱུང་བ ་ཆེན་པོ་བཞི་དང། ལོ་ཏོག་གི་ལྷ་དང། སྨན་གྱི་ལྷ་ལ་སོགས་མི་དང་མི་མ་ཡིན་པའི་རིས་ན། འཇིག་རྟེན་སྐྱོང་བ་ཇི་སྙེད་བཞུགས་པའི་གྲོགས་སུ་གྱུར་ཏེ། སོ་སོའི་རྣམ་པར་ཐར་པའི་སྒོ་ཀུན་ཡོངས་སུ་རྫོགས་པ་དང། ལོངས་སྤྱོད་ཀྱིས་རྒྱས་པར ་གྱུར་ཅིག་།སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོས་པའི་ཆོས་ཀྱི་སྦྱིན་པ་འདི་ལྷའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་སྟེ། ལྷའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག་།མིའི?་རིས་ཐམས་ཅད་དུ་ཁྱབ་སྟེ། མིའི་འཇིག་རྟེན་དགེ་ཞིང་སྐྱིད་བར་ཤོག་ཅིག། ་ཀླུའི་རིགས་ཐམས་ཅད་དུ་ཁྱབ་སྟེ། ཀླུའི་འཇིག་རྟེན་ཐམས་ཅད་དགེ་ཞིང་སྐྱིད་བར་ཤོག་ཅིག་གནོད་སྦྱིན་གྱི་རིས་ཐམས་ཅད་དུ་ཁྱབ་སྟེ། གནོད་སྦྱིན་གྱི་རིས་དགེ་ཞིང་སྐྱིད་པར་ཤོག་ཅིག་།དྲི་ཟའི་རིས་ཐམས་ཅད་དུ་ཁྱབ་སྟེ། དྲི་ཟའི་འཇིག་རྟེན་དགེ ་ཞིང་སྐྱིད་པར་ཤོག་ཅིག་།ལྷ་མ་ཡིན་གྱི་རིས་ཐམས་ཅད་དུ་ཁྱབ་སྟེ། ལྷ་མ་ཡིན་གྱི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག་།གཤིན་རྗེའི་རིས་ཐམས་ཅད་དུ་ཁྱབ་སྟེ་།གཤིན་རྗེའི་འཇིག་རྟེན་དག་ཞིན་སྐྱིད་པར་ཤོག་ཅིག་།དེ་བཞིན་དུ་མི ་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང། ནམ་མཁའ་ལྡིང་དང། གྲུལ་བུམ་དང། སྲིན་པོའི་རིས་ཐམས་ཅད་དུ་ཁྱབ་སྟེ་།སོ་སོའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག་།བྱོལ་སོང་གི་རིས་ཐམས་ཅད་དུ་ཁྱབ་སྟེ། བྱོལ་སོང་གི་འཇིག་རྟེན་དགེ་ཞིང ་སྐྱིད་པར་ཤོག་ཅིག་།དབང་པོ་གསལ་བར་གྱུར་ཅིག་།ཡིད་དགས་ཀྱི་གནས་རིས་ཐམས་ཅད་དུ་ཁྱབ་སྟེ། ཡི་དགས་ཀྱི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག་།དམྱལ་བའི་རིས་ཐམས་ཅད་དུ་ཁྱབ་སྟེ་།དམྱལ་བའི་སྡུག་བསྔལ་ཐམས་ཅད ་རབ་ཏུ་ཞི་ནས། །དམྱལ་བའི་འཇིག་རྟེན་དགེ་ཞིང་སྐྱིད་པར་ཤོག་ཅིག་།སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུ་ཁྱབ་སྟེ་།སའི་བདག་པོ་ཐམས་ཅད་དགྱེས་ཤིང་ཞི་ནས་ཕན་འདོགས་བས་སྤྲིན་ཆེན་པོ་དུས་དུས་སུ་འདུ། འབྲུག་སྒྲ་དུས་དུས་སུ་སྒྲོགས ་ཤིང། ཆར་ཆུ་དུས་དུས་སུ་འབབ་སྟེ། ལོ་ཏོག་སྐྱེ་འཁྲུངས་དུས་སུ་སྨིན་ཅིང་འཕེལ་བར་ཤོག་ཅིག་།སངས་རྒྱས་ཀྱི་བསྟན་པ་ལ་ཁྱབ་སྟེ། གནས་ཐམས་ཅད་དང་དུས་ཐམས་ཅད་དུ། དམ་པའི་ཆོས་རྣམ་པ་ཐམས་ཅད་དུ། ཀུན་ཏུ་རྒྱས་ཤིང་རྫོགས་པར་ཤོག ་ཅིག། ཡོན་བདག་ཐམས་ཅད་ཀྱི་རིས་སུ་ཁྱབ་སྟེ་།ལེགས་པའི་ཡོན་ཏན་ཐམས་ཅད་རྒྱས་ཤིང་འཕེལ་བ་དང། ཉེས་པའི་སྐྱོན་ཐམས་ཅད་བྱང་ཞིང་ཞི་ནས། ཡིད་ལ་བསམ་ཤིང་བཟང་པོར་སྨོན་པ་ཐམས་ཅད་གྲུབ་པར་ཤོག་།ཅིག་བསམ ་བ་མྱུར་དུ་འགྲུབ་པར་ཤོག་ཅིག་།རྫོགས་ཤོ།། །།བླ་ཆེན་དགོངས་པ་རབ་གསལ་གྱིས་མཛད་པའི་སྔོ་བ་བཞུགས་སོ།། །།རྐང་གཉིས་མཆོད་གྱུར་རྒྱལ་བ་སྲས་བཅས་དང། །ཆགས་སྡང་བྲལ་བའི་དམ་ཆོས་བདུད་རྩི་དང། །སྡུག་བསྔལ་ཆོགས ་