| Wylie | e-texts based on the ACIP/ALL Input |
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་བ། གློག་གི་དུས་སུ་སྨོན་ལམ་དུ་གསོལ་པ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དག་ན་སྟོན་པ་བླ་ན་མེད་པ་སངས་རྒྱས ་བཅོམ་ལྡན་འདས། ཞི་བ་ཆོས་ཀྱི་སྐུ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། སྟོབས་དང། མི་འཇིགས་པ་དང། མ་འདྲེས་པའི་ཆོས་ཀྱིས་བརྒྱན་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་སྟོན་པ་དམ་པའི་འདུ་ཤེས་ཀྱིས་གུས ་པར་ཕྱག་འཚལ་ཞིང་དང་བས་སྐྱབས་སུ་མཆིའོ། །བསྟོན་པ་བླ་མེད་པ་དམ་པའི་ཆོས་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང་རང་བཞིན་གྱིས་རྣམ་པར་གྲོལ་པ། འཕགས་པ་སོ་སོར་རང་གིས་རིག་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ། །རྣམ་གྲངས་བྱིས་པ་ལྟ་བུའི ་སྤྱོད་ཡུལ་དུ་མ་གྱུར་བ། །དོན་དམ་བའི་ཆོས་དང། །དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་པའི་བཤུལ་ལམ་གྱིས་ཆོས་འཕགས་པའི་ལམ་ལམ་ཡན་ལག་བརྒྱད་ཀྱིས་བསྡུས་པ་དང། བསྟན་པའི་ཆོས་སྐྱེས་བུ་ཆེན་པོའི་དཔལ ་གྱི་དགུར་ནས་ལེགས་བར་གསུངས་པ། །ཐོག་མར་དགེ་བ། ཐར?་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་ཞིང་ཚིག་འབྲུ་གསལ་བ། །མངོན་པར་མཐོང་བ། ངེས་པར་ལེགས་པའི་ལན་དུ་གྱུར་པ། མདོ་སྡེ་འདུལ་བ་མངོན་པ་བསྟན་བཅོས་ལ་སོགས་པ་དམ་པའི་ཆོས་ཡི ་གེ་འགྲུ་གཉེད?་གྱིས་བསྙད་པ་ཐམས་ཅད་ལ་བསྟན་པ་དམ་པའི་འདུ་ཤེས་ཀྱིས་གུས་པར་ཕྱག་འཚལ་ཞིང། དང་བས་སྐྱབས་སུ་མཆིའོ། །སྒྲུབ་པ་བླ་ན་མེད་པ། །འཕགས་པའི་དགེ་འདུན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ?་འཇིགས་པ་ལྔ ་ལས་ཤིན་ཏུ་འདས་པ། །ཕྱིར་མི་ལྡོག་པའི་སའི་གོ?་འཕངས་བརྙེས་པ། ས་ཆེན་པོ་ལ་རྟོགས་པའི་ཁྱད་པར་གྱིས་རིམ་པར་ཞུགས་པ། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས། འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་གྱུར་ཅིང། སེམས་ཅན་ཐམས་ཅད་ཀྱི ་དོན་མཛད་པ་ལ། བརྩོན་པ་སྐུ་ཉམས་སུ་བཞེས་པ་རྣམས་དང། འཕགས་པ་རང་སངས་རྒྱས་རང་གི་ཤེས་ཀྱི་རྩལ་གྱིས་གོ་ཞིང། བསམ་གཏན་དང་ཏིང་འཛིན་ལ་དབང་ཐོབ་བས་རྫུ་འཕྲུལ་གྱིས་གཞན་གྱི་དོན་མཛད་པ་རྣམས་དང། ཉན་ཐོས? ་དགྲ་བཅོམ་པ་གནས་བརྟན་ཆེན་པོ་མཆོག་བཅུ་དྲུག་ལ་སོགས་པ་དེ་བཞིན་གཤེགས་པའི་གསུང་ལས་བྱུང་བའི་སྲས་ཆོས་ལས་སྐྱེས་པ། རང་གི་དོན་རྗེས་སུ་ཐོབ་པ། །སྲིད་པར་ཀུན་དུ་སྦྱོར་གཡོངས་སུ་ཟད་པ། ཤེས་རབ་དང་ཏིང ་འཛིན་གྱི་ཆ་ལས་རྣམ་པར་གྲོལ་བ། །ལྷ་དང་མི་ཡི་འཇིག་རྟེན་ཀུན་གྱིས་མཆོད་ཅིང་ཕྱག་བྱ་བར་འོས་པ་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དང་མཆོད་གནས་དམ་པའི་འདུ་ཤེས་ཀྱིས་གུས་བས་ཕྱག་འཚལ་ཞིང་དང་བས་སྐྱབས་སུ་མཆིའོ ་ཁྱད་པར་དུ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡུམ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་ལྷ་མོ་དང། སྲས་ཕྱོགས་བཅུའི་སངས་རྒྱས་དང། ཕྱོགས་བཅུའི་བྱང ་ཆུབ་སེམས་དཔའ་འཁོར་མཛའ་ཡས་པ་དང་བཅས་པ། ཐམས་ཅད་ལ་བདག་མིང་འདི་ཞེས་བགྱི་བ་འཁོར་དང་བཅས་པ་དང། མཛའ་ཡས་པའི་སེམས་ཅན་ཐམས་ཅད་ལུས་དང་ངག་དང་ཡིད་རབ་ཏུ་དང་བས་གུས་པར་ཕྱག་འཚལ་ཞིང ་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་འཁོར་མཛའ་ཡས་པ་དང་བཅས་པ་ཕྱག་གི་གནས། །བསོད་ནམས་ཀྱི་དཔལ་གྱི་ཞིང་མཐུ་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལ་བདག་མིང་འདི་ཞེས་བགྱི་བས། །མཆོད་དོ། བསྟོད་དོ། །བསྔགས་སོ། །ལུས ་དབུལ་ལོ། །སྲོག་ཕྱོགས་སོ། །དཀོན་མཆོག་གསུམ་མཆོད་ནས་དེ་དག་ཐམས་ཅད་ལ་མཆོད་པར་འབུལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་འཛིན་དང། ཆོས་ཀྱི་དབྱིངས་རྟོགས་པར་གྱུར་པ་རྣམས་ཀྱི་བྱིན་གྱིས་རླབས་ལས་བྱུང་བ། གསེར་གྱི ་པདྨ་སྟིར་འདབ་མ་སྟོང་དང། གཞན་ཡང་མཆོད་པ་བླ་ན་མེད་པ་དང། བླ་ན་མེད་པའི་ལྷའི་མེ་ཏོག་དང། ལྷའི་བདུག་སྤོས་དང། ལྷའི་ཕྲེང་བ་དང། ལྷའི་བྱུག་པ་དང། ལྷའི་ན་བཟའ་དང། རྒྱན་དང་གདུགས་དང། རྒྱལ་མཚན་དང། བདུན?་དག ་གིས་རིམ་གྲོར་བགྱིའོ། །བཀུར་སྟི་བགྱིའོ། །ཕུ་དུད་དུ་བགྱིའོ། །མཆོད་པར་བགྱིའོ། །གཞན་ཡང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། །རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། མེ་ཏོག ་གི་གསིལ་མ་སྣ་ཚོགས་ཀྱིས་ཀུན་ཏུ་གང་བ་དང། དར་གྱི་ལྡ་ལྡི་དང། ཚུན?་པོ་མང་པོས་ཀུན་ཏུ་བྲེས་པ་དང། སྣོད་སྣ་ཚོགས་ནས་བདུག་སྤོས་མར་པོ་འཐུལ་བ་དང། དཔག་བསམ་གྱི་ཤིང་མང་པོ་ཡལ་གའི་རྩེ་མོ་གཡུར་ཟ་བ་དང། མེ་ཏོག་གི་ཤིང་དང ་འབྲས་བུའི་ཤིང་དང། སྤོས་ཀྱི་ཤིང་དང། ཕྲེང་བའི་ཤིང་དང། འདུག་སྤོས་སྣ་ཚོགས་ཀྱི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་ཀུན་ནས་གནས་པར་གྱུར་པ། བླ་ན་མ་མཆིས་པ་མཆོད་བར་དབུལ་གྱིས་བ་ཞེས་སུ་གསོལ་ལོ། །ད་ལྟར་གྱི་མཆོད་པ་རྣམ་པ་ལྔ་ལ ་སོགས་པ་དངོས་སུ་འབྱོར་བ་རྣམས་ཀྱང། ལྷ་དང་མིའི་མཆོད་པ་ཁྱད་པར་ཅན་རྒྱ་ཆེན་པོར་སྤྲུལ་པས། །ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་དང། སྲས་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས ་པ་རྣམས་མངོན་སུམ་དང་འདྲ་བར་དམིགས་ཏེ། མཆོད་པར་དབུལ་གྱིས་བཞེས་སུ་གསོལ་ལོ། །བདག་གིར་མཛད་དུ་གསོལ་ལོ། །ལོངས་སྤྱད་ནས་མཉེས་ཤིང་དགྱེས་པ་ཆེན་བོར་མཛད་དུ་གསོལ་ལོ། །བདག་མིང་འདི་ཞེས་བགྱི་བ། འཁོར་བ་ཐོག་མ ་མཆིས་པ་ནས། །ཡང་དག་པའི་དོན་མ་མཐོང་སྟེ། ཕྱིན་ཅི་ལོག་གིས་བསླད་ནས། སྡིག་པ་མི་དགེ་བའི་ལས་མཚམས་མེད་པ་ལྔ་དང། དེ་དང་ཉེ་བ་ལྔ་དང། མི་དགེ་བ་བཅུ་སྤྱད་པ་དང། འཕགས་པ་ལ་སྐུར་པ་བཏབ་པ་དང། དམ་པའི་ཆོས་སྤོང་བའི་ལས ་བགྱིས་པ་དང། སེམས་ཅན་གཞན་ལ་གནོད་པའི་ལས་རྣམ་པ་མང་པོ་བགྱིས་པས། །འཁོར་པ་དང་ངན་སོང་གི་རྒྱུར་གྱུར་ཅིང། །མཐོ་རིས་དང་ཐར་པའི་སྒྲིབ་པར་གྱུར་པ། སྡིག་པ་མི་དགེ་བའི་ལས་ཅིས་བགྱིས་སོ། །འཚལ་ཐམས་ཅད་མི་འཆང་མི? ་ཐེད་བར་མནོང་ཞིང་འགྱོད་པའི་སེམས་ཀྱིས་མ་ལུས་བར་མཐོལ་ཞིང་བཤགས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྒྱུ་དང་འབྲས་བུར་བཅས་པ། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས ་པའི་དགེ་བའི་རྩ་བར་གྱུར་པ། རྣམ་པར་དཀར་བའི་ཕྱོགས་ཐམས་ཅད་ལ། ཤིན་ཏུ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ། །དེ་བཞིན་གཤེགས་པ་གང་དག་དམ་པའི་ཆོས་བཙུན་པར་མཛད་པའི་སླད་དུ། ནད་དུ་ཡང་དག་འཇོག་ལ་བཞག ་ནས། ཆོས་ཀྱི་འཁོར་ལོ་མི་བསྐོར་ཞིང། །བསྐུལ་བའི་ས་གཞེས་པ་དེ་དག་ལ་ཡང། ཆོས་ཀྱི་འཁོར་ལོ་རྣམ་བ་བཅུ་གཉིས། །བདེན་པ་བཞིའི་ཚུལ་དུ་བསྐོར་ནས་དམ་པའི་ཆོས་བདུད་རྩིའི་ཆར་དབབ་པས། བསྐུལ་ཞིང་གསོལ། །བདེ་བར ་གཤེགས་པ་གང་དག་གདུལ་བྱ་རྣམས་ཀྱི་དོན་མཛད་ནས། འདུས་བྱས་ཐམས་ཅད་མི་རྟག་ཅིང། །འབྱོར་པ་ཐམས་ཅད་རྒུད་པར་བསྟན་ཏེ། འཇིག་རྟེན་མི་རྟག་པར་བསྟན་པའི་སླད་དུ། རྡོ་རྗེ་ལྟ་བུའི་སྐུ་བཤིགས་ནས། །ཐབས་ཀྱིས་མྱ ་ངན་འདའ་བའ་ཨི་ཚུལ་སྟོན་པར་བཞེད་པ་དེ་དག་ལ་ཡང། ཐུགས་རྗེ་ཆེན་པོའི་གཟུགས་ཀྱིས། །འཁོར་བ་མ་ཏོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་ཞིང། །འཇིག་རྟེན་ན་ཡུན་རིང་པོར་བཞུགས་ན། ལྷ་དང་མིའི་སྟོན་པ་དང། དགེ་བའི་བཤེས་གཉེན་དུ ་བཞུགས་པར་གསོལ་བ་འདེབས་སོ། །དེ་བཞིན་གཤེགས་པ་གང་དག་གིས་སེམས་ཅན་མ་ལུས་པའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་དུས་ཐམས་ཅད་དང་གནས་ཐམས་ཅད་དུ། དཀོན་མཆོག ་གསུམ་ལ་སྐྱབས་སུ་གསོལ་ཏེ། བླ་ན་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད་པར་བགྱིའོ། །དེ་ལྟར་ཕྱག་འཚལ་བ་ནས་བྱང་ཆུབ་དུ་སེམས་བསྐྱེད་པའི་བར་གྱི་དགེ་པའི་རྩ་བ་དང། སྲུང་མ་ཐུགས་དམ་ཅན་མི་བཇེད་ཀྱི་བདག་པོ་ཚངས་པ་དང། ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་འཁོར་མཛའ་ཡས་པ་དང་བཅས་པ། སངས་རྒྱས་མཐོང་བ་ཆོས་ཐོས་པ། བསྟན་པ་བསྲུང་བར་ཁས་བླང་པ། ལྷའི་དགེ་བསྙེན་ཆེན་པོ་པ་དག་ལ་ཆོས་དང་ཟང་ཟིང?་གི་ལོངས་སྤྱད་རྒྱ ་ཆེན་པོ་གཏམས་ཤིང་ཕུལ་བ་དང། འགྲོ་བ་རིས་དྲུག་ཁམས་གསུམ་གྱིས་བསྡུས་པ། ལམ་རྒྱུད་ལྔར་འཁོར་ཞིང། འགྲོ་བ་རིས་དྲུག་ཏུ་སྐྱེ་གནས་རྣམ་པ་བཞི་ལས་སྐྱེས་པ། །ཇི་ཅམ?་སེམས་ཅན་གྱི་རིས་ན་མཆིས་པ། སེམས་ཅན་བསྡུ་བར ་བསྡུས་པ་ཐམས་ཅད་ལ་ཡང་བསྡུ་བ་རྣམ་པ་བཞིས་བསྡུས་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཁྱབ་པར་བསྔོས་པ་དང། ཚེ་རབས་རྒྱུད་པ་ནས་ལན་ཆགས་པར་གྱུར་པའི་བགེགས་རྣམས་ལ་ཡང། གནས་དང། དུས་དང། ལོངས་སྤྱོད་ཇི་ལྟར ་འདོད་པའི་མཆེད་སྦྱིན་གྱི་གཏོར་མ་ཆེན་པོ་བསྔོས་ཤིང་སྩལ་བ། དེ་ལྟ་བུའི་དགེ་བའི་རྩ་བ་དང། གཞན་ཡང་བདག་ཅག་གི་སྔ་སླད་དགེ་བའི་རྩ་བ་བགྱིས་སོ། །འཚལ་གྱི་མཐུ་དང། ཁྱད་པར་དུ་ཡང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ ་པ་ལ་སོགས་ཏེ། ཤེས་རབ་རྣམ་གསུམ་གྱི་དོན་དུ་གསུངས་པའི་ཕྱོགས། གཡོ་རྒྱུ་མེད་པར་བྲིས་པ་དང། བཀླགས་ཤིང་གཏོན་པ་དང། མཆོད་ཅིང་རིམ་གྲོ་བགྱིད་པ་དང། རིག་སྔགས་དང། གསང་སྔགས་ཀྱི་མཐུ་དང། ལྷ་དང་དྲང་སྲོང་ལ་སོགS ་པ། རིག་པ་འཛིན་པ་ཐམས་ཅད་ཀྱི་གཟི་བརྗིད་དང། བདེན་པའི་བྱིན་གྱིས་རླབས་ཀྱིས། །བདག་ཅག་གིས་མཆོད་པ་བཤམ་པའི་གནས་འདི། །སྔོན་བྱ་རྒོད་ཡི་ཕུང་པོའི་རི་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་།ཐམས་ཅད་དང་ལྡན་པའི་འ་ཁོར་གྱི་དཀྱིལ་འཁོར་དུ། ཡུམ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་བསྟན་ཅིང་བཤད་པ་དེ་བཞིན་དུ། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པར་གྱུར་ཅིང། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྲས་ཕྱོགས་བཅུའི་སངས་རྒྱས་འཁོར ་ཕུན?་བུམ?་ཚོགས་བ་དང་བཅས་པ། ཕོ་དྲང་གི་དཀྱིལ་འཁོར་རྣམ་པར་དག་པའི་གནས་འདིར་སྤྱན་དྲངས་ཏེ། མཆོད་པ་དང། བཀླཌ་པ་དང། མདོ་སྡེ་དང། མི་མཉམ་པ་དང། མཉམ་པའི་གསང་སྔགས་ཀྱི་གཞུང་དང། དངོས་གྲུབ་ཀྱི་ཆོག་དང། ་མཆང་པ་ལ་སོགས་པའི་དབང་དང་བྱིན་གྱིས་བརླབས་ཀྱིས། བདག་ཅིག་འཁོར་དང་བཅས་བ་དང། མཛའ་ཡས་པའི་སེམས་ཅན་ཐམས་ཅད་ཚེ་རབ་ལ་གར་སྐྱེས་གར་གནས་ཀྱང། ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ནི་བྱང། ངན ་སོང?་གསུམ་དང། མི་ཁོམ་བརྒྱད་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ལས་ནི་ཡང་དག་པར་གྲལ་ཞིང་ཐར་ཏེ། བདེ་འགྲོ་ལྷའི་འཇིག་རྟེན་དུ་སྐྱེས་ནས། འཕགས་པ་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་སྟེ། ཕྱག་གཡས་པས ་གསེར་གྱི་ཁ་དོག་ཅན་བརྒྱད་ནས། བདག་གི་སྤྱི་བོར་བཞག་སྟེ། རིགས་ཀྱི་བུ་ཁྱོད་མ་འོང་པའི་དུས་ན། འཇིག་རྟེན་ཁམས་འདི་ཞེས་བྱ་བར། སངས་རྒྱས་འདི་ལྟ་བུས་ཞེས་བྱ་པར་འགྱུར། ཞེས་ལུང་བསྟན་པ་མྱུར་དུ་ཐོབ་ནས་བླ་ན་མེད ་པའི་སངས་རྒྱས་སུ་མྱུར་དུ་གྲུབ་པར་གྱུར་ཅིག་སངས་རྒྱས་མ་གྲུབ་ཀྱི་བར་དུ་འཇིག་རྟེན་འདི་དག་ཏུ་ཡང། ཚེ་འདི། ནད་མེད། ལོངས་སྤྱོད་འཕེལ། རིགས་རྒྱུད་རྒྱས་ཞིང་བདེ་སྐྱིད་ཕུན་བུམ?་ཚོགས་པ་དང་ལྡན་པར་གྱུར་ཅིག་།མི་དང་མི་མ་ཡིན་པ ་ལ་སོགས་པ་དགྲ་བགེགས་པར་དུ་གཅད་པ་ཅིས་ཀྱང་མི་ཚུགས་ཤིང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་པ་ཐམས་ཅད་ཡིད་བཞན་དུ་འགྲུབ་པར་གྱུར་ཅིག་།ཁྱད་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས ་སྤྱོད་རྣམས་པ་བཅུའི་སྒོ་ནས་ཆུ་ལ་བཞིན་།བགྱིས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ན་ཡང། མངོར་བསྡུས་བ་བཅུ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་སྲས་སུ་བགོངས་ཤིང་བྱིན་གྱིས་བརླབ་པར་འགྱུར་པ་དང། ཚར་ས་པ་དང ་བརྒྱ་བྱིན་ལ་སོགས་པ་བསྲུང་མ་ཐུགས་དམ་ཅན་རྣམས་ཀྱིས་བུ་བཞིན་དུ་སྐྱོང་བར་འགྱུར་པ་དང། ཚེ?་དང་དབང་ཕྱུག་ཕུན་སུམ་ཚོགས་པར་འགྱུར་བ་དང། །བགེགས་དང་ལོག་འདྲེན་ལ་སོགས་པ་གནོད་པ་ཐམས་ཅད་ཀྱིས་བསམ་སྦྱོར་དན་པས་མི་ཆུགས་པ་དང། གཟའ? ་དང་རྨ་ལྟས་ལ་སོགས་པའི་མཚན་མ་ངན་པ་ཐམས་ཅད་ཞི་བར་འགྱུར་བ་དང་།ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཟློགས་པར་འགྱུར་བ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་པོས་པ་བཞིན་དུ་འདུ་བར་འགྱུར་བ་དང། ཚེ་རབས་ཐམས་ཅད ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོན་དང་མི་སྐོལ་བར་འགྱུར་པ་དང། དེ་བཞིན་གཤེགས་པའི་ཞལ་མངོན་སུམ་དུ་མཐོང་བ་དང། མཐར་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མཛའ་ཡས་ཤིང་རྨད ་བྱུང་བ་རྣམས་བདག་ཅག་འཁོར་དང་བཅས་པ་ལ་སྨིན་ཅིང་གྲུབ་པར་ཨུགྱུར་ཅིག་།ཁྱད་པར་དུ་ཡང་བདེ?་ཀྱི་རྒྱལ་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོར་བཞུགས་པར་གྱུར་ཅིག་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞུགས་པའི་ཡུལ་ཕྱོགས་སུ ་ཡང། ངན་སེམས་ཀྱི་འཁྲུག་པ་མི་འབྱུང་བ་དང། མི་ནང་དང་ཕྱུགས་ནད་རྒྱུན་ཆད་པ་དང། ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་སུ་ཕེབས་བདེ་ཀྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་དགེ་བ་སྤྱོད་བའི་བསམ་པ་བཟང་པོ ་དང་ལྡན་པར་གྱུར་ཅིག་།སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བའི་གང་ཟག་ལོག་སྲེད་ཅན་བསྟན་པ་བཞིག་པའི་སེམས་དང་ལྡན་པ་རྣམས་ན། ཆུ་ཤིང་གི་རྩ་བ་བཞིན་དུ་གྱུར་ཅིག་།དཀོན་མཆོག་གསུམ་ལ་དད་ཅིང་།དམ་པའི་ཆོས་བསྲུང་བའི ་བསམ་པ་བཟང་པོ་དང། ལྡན་པའི་གང་ཟག་རྣམས་ནི་ཚེ?་རིང་ཞིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་གྱུར་ཅིག་།བདག?་དང་སེམས་ཅན་ཐམས་ཅད་རྣམ་པ་ཀུན་ཏུ། །དཀོན་མཆོག་གསུམ་གྱི་བདེན་པའི་བབྱིན་བརླབས་དང། དུས ་གསུམ་རྒྱལ་བའི་ཡུམ་གྱི་མཐུ་བྱིན་གྱིས། །གང་དང་གང་ན་ཇི་ལྟར་གནས་པ་ཡི། །སྒྲིབ་དང་སྡུག་བསྔལ་མ་ལུས་ཀུན་བསལ་ཅིང། འཁོར་བའི་སྡུག་བསྔལ་མ་ལུས་རབ་བསྙིལ་ནས། །རྒྱུད་དྲུག་འགྲོ་བ་མ་ལུས་ཀུན?་བསྒྲལ་ཏེ།། ་ཀུན་ཏུ་བཟང་པོའི་སྤྱོད་པས་བསྒྲུབས་པའི་ཞིང། །རིན་ཆེན་མཛེས་པ་རྣམ་བཀོད་བདེ་བ་ཅན། །བདུད་རྩི་མཚོ་དང་དཔག་བསམ་ཤིང་དང་ལྡན། །དེར་འབྱུང་སྐལ་ལྡན་པདྨའི་མཆོག་ལས་སྐྱེས། །ཡིཌ་བཞིན་ཕུན་སུམ་ཚོགས་པ་འཕགས ་པའི་ས། །རྣམ་དག་ཁྱད་པར་ཅན་གྱི་གནས་མཆོག་དེར། །ཐོག་མེད་བརྫུས་ཏེ་བདེ་བར་གཤེགས་གྱུར་ནས། །མཚན་ཙམ་ཐོས་པས་སྒྲིབ་པ་རྣམ་སེལ་བ། །རིན་ཆེན་འོད་འབར་སྐུ་མཆོག་འགྲོ་བའི་སྐྱབས། །ཚེ་དང་ལོངས་སྤྱོད་དཔག་མེད ་སྦྱིན་པའི་གཙོ། །སྣང་བ་མཛའ་ཡས་འགྲོ་དོན་མངོན་སུམ་སྟེ། །དེ་ལས་མཆོག་ཐོབ་ལུང་བསྟན་དབང་བསྐུར་ནས། །རྒྱལ་སྲས་གཉིས་དང་སྤྱོད་པའི་བློ་མཐུན་ཞིང། །ཕྱོགས་བཅུར་འགྲོ་ལ་ཕན་པའི་དོན་མཛད་ནས། །སྲིད་གསུམ ་ཡོངས་ཀྱི་སྐྱབས་སུ་གྱུར་བར་ཤོག་།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱོཌ་ཀྱི་སྨོན་ལམ་རྫོགས་ཤོ།། འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་མདོ་སྡེ་ཆེན་པོ་བཀླགས་ནས། །ཆོས་ཀྱི་སྦྱིན་པའི་བསྔོ་བ། དམ་ཆོས་གསུང ་