CLOSE WINDOW

N4738: mchog gi spyod pa'i smon lam
Wyliee-texts based on the ACIP/ALL Input

པར་གྲུབ་པར་བྱེད་པའི་རྒྱུད་ལས་གསུང་པའི་སྨོན་ལམ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ། གྲ་ཙརྱ་པྲ་ཎི་དྷཱ་ན། །བོད་སྐད་དུ། མཆོག་གི་སྤྱོད་པའི་སྨོན་ལམ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱེ ་དགུ་ཀུན་ལ་སྨན་དང་བདེ་སླད་དུ། །ཕྱོགས་བཅུའི་འཇིག་རྟེན་སངས་རྒྱས་རྣམས་ལ་འདུད། །དེ་དག་ལ་ནི་བརྗོད་ཅིང་མཆོད་པར་གྱི། །འགྲོ་ཀུན་བྱང་ཆུབ་མཆོག་ལ་རག་གྱུར་ཅིག་།བྱམས་པ་དང་ནི་འཇམ་དཔལ་མངའ་བདག་ཏོག་།ཆོས་ཀྱི་བློ་གྲོས་དཔའ་ ་བོ་བདུད་རྩི་གསུངས། །དཔའ་བོ་དེ་ལ་ཕྱག་འཚལ་མཁྱེན་པ་ལྟར། །དེ་བཞིན་བདག་ཀྱང་མི་དབང་རྣམས་ལ་འདུད། །ཐུགས་རྗེས་ལྡན་ཞིང་འཇིག་རྟེན་དོན་མཛད་པ། །རྒྱལ་བ་མི་མཁྱེན་མི་གཟིགས་མི་མངའ་བ། །མི་དབང་ཐུགས་རྩེ ་བྱམས་ལ་གནས་པ་ཡི། །རྒྱལ་བ་དེ་ཀུན་བདག་ལ་དགོངས་སུ་གསོལ། །སྔོན་གྱི་སྲིད་པ་དག་ཏུ་བདག་ཉིད་ཀྱིས། །སྡིག་པའི་ལས་རྣམས་གང་བགྱིད་བདག་གིས་བཤགས། །དེ་བཞིན་ལུས་དག་ཡིད་ཀྱིས་བགྱིད་པ་རྣམས། །དེ་དག ་ཐམས་ཅད་བདག་གིས་སོ་སོར་བཤགས། །ཤཱཀྱ་ཐུབ་དང་མི་འཁྲུགས་འོད་དཔག་མེད། །དེ་དག་གིས་ནི་ཕྲིན་ལས་ཡོངས་སྤངས་དང། །ཆགས་དང་བཤགས་པ་མཁྱེན་ཅིང་རྟགས་གྱུར་ལྟར། །དེ་བཞིན་བདག་གི་སྡིག་པ་བཤགས་པར་བགྱི?་སེམས? ་ཅད་དགའ་མཛད་སྐྱེས་བུ་དམ་པ་གང། །བྱང་ཆུབ་བཞུགས་བ་ཀུན་ལ་གསོལ་བར་འཚལ། །ངན་སོང་བཞི་པོ་མྱུར་དུ་ཞི་གྱུར་ཅིག་།མི་ཁོམ་འཇོམས་པར་བགྱིད་ཅིང་རྒྱུ་བར་ཤོག་།སངས་རྒྱས་བཟང་སྤྱོད་དྲི་མེད་མངའ་བདག་དང། དེ་བཞིན ་ལྷུན་པོའི་དཔལ་དང་ཉི་མ་སྒྲོན། །དེ་དག་བསོད་ནམས་ཡི་རང་མཁྱེན་པ་ལྟར། །དེ་བཞིན་བདག་ཀྱང་བསོད་ནམས་རྗེས་ཡི་རང། །ཕྱོགས་བཅུ་དག་ན་སྦྱིན་པ་སྤྱོད་པ་གང། །དེ་བཞིན་ཏིང་འཛིན་ཚུལ་ཁྲིམས་སྤྱོད་རྣམས་དང། །ཤེས་རབ ་བསྒོམ་དང་བསོད་ནམས་སྟོབས་ཀུན་ལ། །བྱང་ཆུབ་ཡོན་ཏན་དོན་དུ་ཡི་རང་ངོ། །རྒྱལ་བ་ཀུན་གྱི་ཡོན་ཏན་མཛའ་ཡས་དང། །ཆོས་བསྟན་བྱང་ཆུབ་འཇོག་བགྱིར?་ཐམས་ཅད་ལ། །བྱང་ཆུབ་ཡོན་ཏན་དོན་དུ་ཡི་རང་ངོ། །འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག། ་འཇིག་རྟེན་རྒྱལ་བ་གང་བཞུགས་ཀུན་ལ་བསྐུལ། །ཕྱོགས་བཅུ་དག་ན་བྱང་ཆུབ་རྙེད་པ་གང། །དེ་དག་སངས་རྒྱས་ཇི་ལྟར་གསོལ་པ་ལྟར། །རྒྱལ་རྣམས་བཞུགས་ཤིང་ཆོས་མཆོག་སྟོན་གྱུར་ཅིག་།རྒྱལ་ཀུན་བསྐལ་པ་མང་པོར་བཞུགས་བར ་ཤོག་།འགྲོ་ཀུན་བྱང་ཆུབ་མཆོག་ལ?་རེག་གྱུར་ཅིག་།མི་རྣམས་ཐམས་ཅད་མཆོག་དང་བླ་མེད་པ། །འཇིག་རྟེན་སྒྲོན་མ་བདེར་གཤེགས་གྱུར་གྱུར་ཅིག་།སངས་རྒྱས་རྣམས་ལ་ཕྱག་འཚལ་མཆོད་གང་དང། །ལས་དགེ་རྣམས་ལ་ཡི་རང་གང་ལ ་ལགས་དང། །སྡིག་པའི་ལས་རྣམས་བཤགས་པ་གང་ལགས་དང། །རྒྱལ་བ་རྐང་གཉིས་དབང་རྣམས་མཐོང་གང་དང། །བདག་གིས་དགེ་བ་ཅུང་ཟད་ཅི་བགྱིས་བ། །ལུས་དང་ངག་དང་སེམས་ལས་བྱུང་བའང་རུང། །བདག་གིས་དགྱིད?་དང ་བགྱིད་དང་བགྱིད་འགྱུར་?་།ཐམས་ཅད་སྐྱེ་དགུ་སྨན་སླད་སྩལ་བ་བགྱི། །ཇི་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་མཁྱེན་ནས་ཀ?་སྩལ་བ་ལེགས་པར་རྩལ་ཞིང་ལེགས་རྒྱས་ལ། །དེ་བཞིན་བདག་གི་སྐྱེ་དགུ་སྨན་སླད་རྩལ ་འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག་།བདག་གི་འགྲོ་ལ་རྩལ་བ་གང་ལགས་པའི། །བསོད་ནམས་འབྲས་བུ་བླ་མེད་ཅི་མཆིས་པ། །ཐེག་པ་ཆེན་པོར་ཡོངས་སུ་བསྔོ་བར་བགྱི། །བདག་ལ་བྱང་ཆུབ་འབྲས་བུ་གྲུབ་པར་ཤོག་།མཚུངས་པ ་མ་མཆིས་ཀུན་ནས་སྒོ་མོ་རྣམས། །འགྲོ་བའི་དོན་དུ་བདག་ལ་མངོན་སུམ་ཤོག་།འཇམ་དཔལ་གྱི་ནི་རྗེས་སུ་སློབ་བགྱིད་ཅིང། །བྱང་ཆུབ་སྤྱོད་པའི་སྨོན་ལམ་གདབ་པར་བགྱི། །མི་གཅིག་ཙམ་གྱི་ཆེད་དཱུང་མནར་མེད་པའི། །ཚོར་བ་ཐམས ་ཅད་བདག་གིས་མྱོང་འགྱུར་བར། །བསྐལ་པ་དུ་མར་བདག་ནི་སྤྲོ་བར་བགྱི། །འགྲོ་བ་ཐམས་ཅད་མྱ་ངན་མེད་པར་ཤོག་།སེམས་དམྱལ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་དང། །དུད་འགྲོའི་གནས་རྣམས་མི་ཡི་སྡུག་བསྔལ་དང། །འགྲོ་བའི་སྡུག ་བསྔལ་གུང?་པོ་མཛའ་ཡས་དག་བདག་ལ་བབ་འགྱུར་འགྲོ་བ་བདེ་བར་ཤོག་།རྒྱལ་བ་རྣམས་ཀྱི་ཞིང་ནི་རྣམ་དག་དང། །སེམས་ཅན་རྣམ་དག་ཡེ་ཤེས་རྣམ་དག་དང། །རྒྱལ་བ་རྣམས་ཀྱི་སྨོན་ལམ་མཛའ་ཡས་གང། །སྨོན་ལམ་དེ་ཀུན་བདག ་ལ་གྲུབ་པར་ཤོག་།བདག་གི་སྨོན་ལམ་ཉམས་པར་མ་གྱུར་ཅིག་བདག་ན་ནམས་ཀྱང་སྐྱེ་བར་མི་འགྱུར་ཤོག་།བྱང་ཆུབ་མཆོག་ནི་བདག་གིས་ཐོབ་བར་དུ། །བསྐལ་པ་དུ་མར་བདག་ནི་སྤྲོ་བར་ཤོག་།མཆོག་གི་སྤྱོད་བའི་སྨོན་ལམ་རྫོགས་ཤོ། ། ་