CLOSE WINDOW

N4737: dpal legs par grub par byed pa'i rgyud las gsungs pa'i smon lam bzhugs
Wyliee-texts based on the ACIP/ALL Input

ངན་འགྲོ་བདེ་ལ་འགོད་པ་དང། །ཐེག་པ་ཆུང་ངུར་སེམས་བསྐྱེད་ནས། །ཐེག་ཆེན་ས་ལ་འགོད་ནུས་ཤོག་།སློབ་དཔོན་ཀ་མ་ལ་ཤྲཱི་ལའི་སྨོན་ལམ་ཅུ་གཉིས་མ་ཞེས་བྱ་བ་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན ་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག། དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་ཅི་བགྱིས་དང། །སྔོན་གྱི་ཚེ་རབས་གཞན་དག་ན ་ཚེ་རབ་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང། །ཁྲོ་བདག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང། །སྦྱིན་གནས་གང་ཡང་རུང་བ་དང། །དེ་ལས་གཞན ་པའི་སེམས་ཅན་དག་།ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང། །གང་ཡང་བགྱིད་དུ་སྩལ་བ་དང། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང། །ལུས་ངག་ཡིད་ཀྱིས་བགྱིས་བ་རྣམས། །དེ་དག་མ་ལུས་བློས ་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གིས་དེ་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས ་མི་དགེ་བགྱིད་བ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོད་མི་བགྱིད། །སྲོག་ཆགས་སྡུག་བསྔལ་ཞི་བའི་ཕྱིར། །བདག་ཉིད་ཇི་སྲིད་འཚོའི་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས ་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང། །ཐར་པ་བདུད་རྩིའི་འབྲས་བུ་སྦྱིན། །ཤིན་ཏུ་བསྒོམས ་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཛའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང། །ངན་འགྲོ་རྣམས་ལས་བསྒྲལ་བ་དང། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོག་པ་ན། །སྡུག ་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་དག་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །ཉོན་མོངས་སྐྱབས་སུ་བདག་ཉིད་ཤོག་།བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག ་སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང། །སྡུག་བསྔལ་བདེ་བར་བྱེད་པ་དང། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག་།དགེ་བའི་ལས་རྣམས་གང་དང་གང། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས ་ཡེ་ཤེས་ཞེས་བྱ་བའི། །ཆོ་ག་ལ་ནི་རྣམ་པ་གཉིས་སུ་ཤག་།ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་བར་ཤོག། ཚེ་ཡི་མཛའ་ཀླས་བྱེད་པ་དང། །གང་ཡང་ཅུང་ཟད ་བྱེད་འགྱུར་བ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་དུ་བསྐྱེད། །སེམས་ཅན ་ཀུན་ལ་སྙིང་རྗེ་དང། །བྱམས་པ་ཉེ་བར་གནས་པར་བྱ། །སེམས་ནི་ལེགས་པར་སྤྱད་པའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་པ་གནད་གི་བདག་ཉིད་ཞི་བ་ཡིས། །བསམ་པ་ཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས།། ་སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ། །སེམས་ཅན་ཐམས་ཅད་བདེ་བ་དང། །ཞི་ཞིང་ནད་བ་མེད ་པར་ཤོག་།བདག་ཀྱང་བྱ་བ་ཀུན་ནུས་ཤི་ངག?་ཡོན་ཏན་དང་ཡང་ལྡན་པར་ཤོག་།ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་ཡི། །སེམས་ལྡན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཅིང་བརྩེར་ལྡན་ཤོག་།དཔལ་ལེཌ ་པར་གྲུབ་པར་བྱེད་པའི་རྒྱུད་ལས་གསུང་པའི་སྨོན་ལམ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ། གྲ་ཙརྱ་པྲ་ཎི་དྷཱ་ན། །བོད་སྐད་དུ། མཆོག་གི་སྤྱོད་པའི་སྨོན་ལམ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱེ ་