| Wylie | e-texts based on the ACIP/ALL Input |
གཏན་ལ་ཕབ་པོ།། །།སློབ་དཔོན་ཀམ་ཤཱི་ལས་མཛད་པའི་སྨོན་ལམ་བཅུ་གཉིས་མ་བཞུགས་སོ།། །།དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །བདག་ལ་བརྟེན་ནས་སེམས་སྐྱེས་པའི། །དྲི་མ་མེད་བའི་སྦྱིན་པ་ལ། །བརྟེན་ནས་ཡིན་དག་ཉིད་གྲོལ་ཏེ ་དེ་ལ་ཡོན་དག་མི་རེ་ཞིང། །འཇིག་རྟེན་རེ་བཞི་བར་ཤོག་།སྒོ་གསུམ་དྲི་མ་མེད་པ་ཡི། །ཚུལ་ཁྲིམས་རྒྱན་དང་ལྡན་པར་ཤོག། སྦྱིན་བ་འདི་ཡི་བྱིན་རླབས་ཀྱིས། །རྟག་ཏུ་ལོངས་སྤྱོད་ལྡན་པར་ཤོག། ལོངས་སྤྱོད་དེ་ལ་མ་ཆགས་ཤིང། །སེམས་ཅན ་ཀུན་ལ་སྙིང་བརྩེ་བས། །སྟོད་པའི་སེམས་དང་ལྡན་པར་ཤོག། སྦྱིན་པ་འདི་ཡི་སྦྱིན་རླབས་ཀྱིས། །དུས་འདིར་བར་དུ་གཅོད་པ་ཡི། །བགེགས་རྣམས་མ་ལུས་ཞི་གྱུར་ནས། །རྐྱེན་རྣམས་མ་ལུས་བཟློགས་པར་ཤོག། བསྲུང་བར་གྱུར་པའི་ལྷ་རྣམས ་ཀྱིས། །གཡེལ་བ་མེད་པར་བསྲུང་བར་ཤོག། ཡིད་ཆེས་རྟེན་ཏེ་འཕེལ་བར་ཤོག། འདི་དང་ཕྱི་མ་གཉིས་ཀར་ཡང། །མི་རྣམས་ཀུན་གྱིས་ཁུར་བར་ཤོག། ཤིན་ཏུ་ཕྲ་བར་གྱུར་པ་ཡི། །སྦྱིན་པ་ཤིན་ཏུ་ཆུང་འགྱུར་ཀྱང། །སེམས་ཀྱིས་ཐོངས་བའི ་སྦྱིན་པ་འདི། །དཔག་ཏུ་མེད་པ་འཕེལ་འགྱུར་ཏེ། །བྱང་ཆུབ་ཐོབ་བའི་རྟེན་དུ་ཤོག། བླ་མེད་བྱང་ཆུབ་ཐོབ་གྱུར་ནས། །འགྲོ་བ་འདྲེན་པའི་དཔལ་དུ་ཤོག་། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཀྱང་བདེ་ལ་མ་ཆགས་ཤིང། །ཁེ་དྲང་རྙེད? ་པ་བཀུར་སྟི་དང། །འཇིག་རྟེན་སྙན་གྲགས་ཞི་བར་ཤོག་།ཆགས་པ་མེད་པའི་རྔ་མ་སེམས་ཀྱིས། །གཞན་ལ་རེ་བ་མེད་པར་ཤོག་།ཕྱོགས་འཛིན་དོ་བསྲུངས་མེད་པར་ཤོག། བདག་གི་དགེ་བ་མཐར་ཕྱིན་ནས། །དྲི་མ་མེད་པའི་དགེ་བ ་ཡིས། །གཞན་གྱི་བསོད་ནམས་འཕེལ་ནུས་ཤོག་།དྲི་མ་མེད་བས་ཀུན་དག་ཤོག་།བརྗོད་པའི་སྟོབས་ཀྱིས་ཀུན་བྲལ་ཤོག། བདག་གཞན་དགེ་བ་མ་ཆད་པའི། །བར་ཆད་པའི་བརྩོན་འགྲུས་ཀྱིས། །བྱང་ཆུབ་འབྲས་བུ་ཐོབ་ནས་ཀྱང།། ་ངན་འགྲོ་བདེ་ལ་འགོད་པ་དང། །ཐེག་པ་ཆུང་ངུར་སེམས་བསྐྱེད་ནས། །ཐེག་ཆེན་ས་ལ་འགོད་ནུས་ཤོག་།སློབ་དཔོན་ཀ་མ་ལ་ཤྲཱི་ལའི་སྨོན་ལམ་ཅུ་གཉིས་མ་ཞེས་བྱ་བ་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན ་