CLOSE WINDOW

N4735: smon lam bdun cu pa zhes bya ba'i tshigs su bcad pa
Wyliee-texts based on the ACIP/ALL Input

འབྱུང་བའི་སྨོན་ལམ་རྫོགས། །སྨོན་ལམ་བདུན་པའི་ཚིགས་སུ་བཅད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། པྲ་ཎི་དྷཱ་ན་ས་པཏ་ཏི་ནཱ་མ་གཱ་ཐཱ། བོད་སྐད་དུ། སྨོན་ལམ་བདུན་བཅུ་བ་ཞེས་བྱ་བའི་ཚིགས་སུ་བཅད་པ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག ་འཚལ་ལོ། །ཡོན་ཏན་རིན་ཆེན་དཔག་མེད་ཚིགས་མདའ་ཞིང། །ཉེས་པའི་དུག་སྡོང་མཛའ་དག་དྲུངས་ཕྱུང་བ། །ཕྱོགས་བཅུ་དག་ན་དུས་གསུམ་བཞུགས་པ་ཡི། །བ་དེ་པར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །མི་ཤེས་པ་ཡི་རབ་རིབ་སེལ?་བར?་ ་ཅིང་དེ?་བག་ལ་ཉལ་བའི་མདའ་དུག་འབྱིན་པའི་ཐབས། །འགྲོ་བ་གསུམ་བོ་ཀུན་གྱི་བློ་གྲོས་ཀྱི། །མིག་འབྱེད་པ་ཡི་ཆོས་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྲས་པོ་དགེ་འདུན་མི་ལྡོག་པ། །ཐུགས་རྗེ་ཆེན་པོས་ཡིད་ནི་དྲངས་གྱུར་ཏེ། བློ་ཅན་སྐྱེ?་བར་གྱུར ་པ་མ་ལུས་ལ། །རྒྱུན་མི་ཆད་པར་མགོ་བོས་ཕྱག་འཚལ། །འགྲོ་བ་རྣམས་སུ་བདག་གིས་མི་དགེ་གང། །ཅུང་ཟད་བགྱིས་སམ་བགྱིད་རྩལ་རྗེས་ཡི་རང། །རྒྱལ་བ་རྣམས་ལ་དེ་དག་བཤགས་ནས་ནི། །སླན་ཆད་མི་བགྱིད་པ་ཡི་སྡོམ་པ་ནོད། །བདེར་གཤེགས ་རང་རྒྱལ་དང་ནི་ཉན་ཐོས་དང། །རྒྱལ་བའི་སྲས་ཀྱིས་དགེ་བ་བསགས་པ་དང། །འཇིག་རྟེན་པ་ཡི་ལེགས་པར་སྤྱད་པ་བཞིན། །མ་ལུས་པའང་བདག་ནི་ཡི་རང་ངོ། །སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་པ། །དེ་དག་རྣམས་ལ་མི་དགེ་གང ་མཆིས་པ། །དེས་ནི་བདག་ཉིད་ཁ་ན་དགའ་བཞིན་དུ། །ཅི་ནས་དམྱལ་བ་རྣམས་སུ་གཞོལ་བར་བགྱི། །འཇིག་རྟེན་རབ་ཞེ་བདེ་བའི་བདུད་རྩི་ཡིས། །ཚིམ་ནས་ཡིད་ནི་དགེ་བར་བགྱིད་གྱུར་ཅིག་འགྲོ་བ་བདག་གི་སྡུག་བསྔལ་ཇི་སྙེད་པ། །དེ་ནི་བདག ་གིས་དང་དུ་ལེན་པར་ཤོག། འགྲོ་བ་འདི་དག་ཡིད་ལ་མྱུར་དུ་ནི། །ཡང་དག་བྱང་ཆུབ་ཉིད་ནི་སྐྱེ་གྱུར་ཅིག། ཡིད་ལ་བྱང་ཆུབ་དག་ནི་བསྐྱེད་པ་དག། བྱང་ཆུབ་ཚོགས་རྣམས་ཡང་དག་སྒྲུབ་པར་ཤིག་དགེ་བའི་ཚོགས?་གྲུབ་ནས་ནི་ས་ཐོབ་ཅིང། །སྲིད་པ ་གསུམ་གྱི་མགོན་པོའི་གདུང་བཟུང་ནས། །དགྲ་རྣམས་བཅོམ་ནས་འཇིག་རྟེན་གསུམ་དག་ནི། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་གནས་ཐོབ་ཤོག་།བྱང་ཆུབ་ཤིང་དྲུང་སངས་རྒྱས་རང་སངས་རྒྱས། །ཉིན་ཞག་ཇི་སྙེད་གཞེས་ཤིང་བཞུགས་པ་དག། དཔེ་མ་མཆིས ་པའི་ཆོས་ཀྱི་བདུད་རྩིའི་ཆར། འགྲོ་ལ་དབབ་པའི་སླད་དུ་གསོལ་བར་བགྱི། །གཞན་དོན་ཕུན་སུམ་ཚོགས་པ་རྫོགས་མཛད་ནས། །མྱ་ངན་འདས་པ་མཆོག་ཏུ་གཤེགས་པ་གང། །གཞན་ལ་ཕན་པ་མཛད་ཅིང་ཡུན་རིང་དུ། །བཞུགས ་པར་བློ་བཟང་དེ་ལ་གསོལ་བར་གྱི། །འཇིག་རྟེན་གསུམ་པོ་ཐིབས་པོ་དེར་རྒྱུ་བའི། །སེམས་ཅན་སུ་དག་ཇི་སྙེད་མཆིས་པ་དག། དེ་དག་རབ་ཏུ་ཞི་བའི་བདེ་བ་ཡི། །བདུད་རྩིའི་ལོངས་སྤྱོད་དགྲ་དོན་དུ་གཉེར་བར་བགྱི། །དེ་ལྟར་དགེ་བ་གང་དག་བསྒྲུབས་པ་འདི། །མ ་ལུས་ཡང་དག་བྱང་ཆུབ་བསྔོ་བར་བགྱི། །དེས་ནི་བདག་ནི་བྱང་ཆུབ་སེམས་དང་ནི། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག། ཇི་སྲིད་ཕུན་སུམ་ཚོགས་པའི་གཞིར་གྱུར་བ། །བདེ་བར་གཤེགས་པའི་གོ་འཕང་མ་མནན་པ། །དེ་སྲིད་དུ་ནི་ཐབ་པའི་ཁྱུ? ་མཆོག་དང། །བྱང་ཆུབ། སེམས་དཔའ་རྣམས་དང་འབྲལ་མ་གྱུར། །དི་དག་ཁོ་ནས་གཞན་ལ་སྨན་པ་ཡི། །སྦྱོད་པའི་ལམ་དག་ཉེ་བར་བསྟན་པ་ལ། །སྐྱོ་བ་མ་མཆིས་པར་ནི་སངས་རྒྱས་ཀྱི། །སྲས་ཀྱིས་ཀུན་ལའང་སྦྱར་བར་བགྱི། །བདག་གི་ལུས་ཀྱ ་ཡན་ལག་ཉིད་ལག་དག། ཚང་ཞིང་སྐྱེ་བ་ཀུན་གྱིས་བསྟོད་འོས་པའི། །ཡོན་ཏན་ཕུང་པོ་ཚེ་རབས་དྲན་པ་དང། །ཚེ་རིགས་བཙུན་ཞིང་ལུས་ནི་མཛེས?་པར་ཤོག་།གཞན་ཕན་སྤོད་ཞིང་རང་དོན་ལྷུར་ལེན་པ། །ཐ་ཆད་དུག་དང་འདྲ་བ་སྤངས་ནས་སུ།? ་སྙིང་རྗེས?་གདངས་པའི་ཡིད་ཀྱི་སྐྱེ་བོ་ཀུན། །གཅིག་ཏུ་གཞོལ་བར་རྗེས་སུ་འཛིན་པར་ཤོག། བདག་གི་བདོག?་པ་རྣམས་ལ་གཞན་གྱི་བློ། །གཞན་གྱི་ནོར་ཉམས་ཅུང་ཟད་མི་འཛིན་ཅིང། །རང་གི་ནོར་བ་ས་མོ་ཉི་མ་མཆིས་ལྟར། །བག་ཡངས་དག ་ཏུ་ལེན་ཅིར།?་སྤྱོད་པར་ཤོག། བདག་གི་ཤ་ཞིག་སློང་པ་མཆིས་ན་ཡང། །བྲོད་ལ་འཛུམ་པའི་མིག་གིས་སྩལ་བར་བགྱི། །བདག་གི་རྐང་ལ་སོགས་པ་རྟག་ཏུ་ཡང། །ལུས་ཅན་རྣམས་ཀྱི་དོན་ཏུ་གཏོང་བར་ཤོག་།བདག་ནི་ཡིད་བཞིན་ནོར་བུས་འགྲོ ་བ་ཡིས་།འདོད?་པའི་དངོས་པོ་མཛའ་དག་སྒྲུབ་པ་དང། །ཡིད་ལ་རེ་བ་ཡོངས་རྫོགས་བགྱིད་པ་ཡི། །དཔག་བསམ་གྱི་ནི་ཤིང་དང་འདྲ་བར་ཤོག། བདག་ནི་རང་གི་དང་གིས་སྡིག་པ་དག། མི་གཙང་བ་ལྟར་རྒྱང་རིང་སྤང་བ་དང། །ཐུབ་པའི་སྐྱེས ་མཆོག་གིས་ནི་བསླབ་བཅས་པའི། །ཆུ་ལོན་འདྲལ་བར་བགྱིད་པར་མ་གྱུར་ཅིག། ལུས་དང་སྲོག་ལ་ལྟ་བརྒྱད་བསྲིངས་ནས། །རྟག་པར་དཀོན་པ་རྣམས་སུ་དགའ་བར་བགྱི། །རྙེད་པ་དག་དང་བཀུར་སྟི་མཛའ་དག་ལ། །སློན་པའི་ཟས་བཞིན་ཟློ?་ནི་བཟློག་བར་བགྱི། །འགྲོ་བ་རྣམས་ལ་གདོལ་བའི་ཕྲུག་གུ་བཞིན། །རྒྱགས་དང་ང་རྒྱལ་དྲེགས་པ་སྤངས་བ་དང། །རིགས་བརྩུན་པ་ཡི་ཉེ་དུའི་ཚོགས་བཞིན་དུ། །རྗེས་སུ་མཐུན་པ་སྒྲུབ་ཅིང་སྤྱད་པར་བགྱི། །ཟླ་ཟེར་པདྨ་རྩ་ལག་དྲི་མ་བྲལ། །མ་རལ་མ་འདྲེས་ནག ་ནོག་མ་མཆིས་ལ། །མ་ལུས་རབ་ཏུ་ཞི་བའི་རྒྱུར་གྱུར་པའི། །ཚུལ་ཁྲིམས་ལ་ནི་བདག་གིས་གོམས་པར་བགྱི། །སུ་དག་ནོངས་མ་མཆིས་པར་བདག་གི་མགོ། །སོག་ལེས་ཚལ་པ་བརྒྱར་ནི་གཤེགས་བགྱིད་ཀྱང། །དེ་ལའང་བུ་གཅིག་གཅས་པ ་བཞིན་དུ་ནི། །རྒྱུན་མི་འཆད་པར་སེམས་ནི་ཕངས་པར་བགྱི། །སུ་དག་སྙིང་ནས་བདག་ལ་ཁྲོས་གྱུར་ཏེ། །དགོས་པ་མ་མཆིས་བཞིན་དུ་སྲོག་འཕྲོག་ནའང། །དེ་ལའང་ལས་ཀྱི་འབྲས་བུ་མི་བཟད་པ། །མི་འཚལ་བ་དག་འབྱུང་བར་མ་གྱུར་ཅིག་།ཁྲོ་བ་དང ་ནི་གཤེ་དང་འཚང་འདུ་དང། །བརྡེགས་པར་གྱུར་ཀྱང་བཟོད་པ་མི་བཏང་སྟེ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་བསྒྲུབ་པའི་ཕྱིར། །སྡུག་བསྔལ་མ་ལུས་པ་དག་དང་དུ་བླང། །སྔོན་ཆད་རྙེད་མ་མྱོང་བ་ཐུབ་བའི་ཆོས། །ཤིན་ཏུ་ཟབ་ཅིང་རིགས་པའི ་མཆོག་ལ་ཡང། །བདག་གི་སེམས་ལ་སྐད་ཅིག་ཙམ་ཡང་ནི། །སོམ་ཉིའི་སྤྱད་ཐག་གཡོ་བར་མ་གྱུར་ཅིག། བདག་གི་སྐྱེ་བ་ཚེ་རབ་ཚེ་རབས་སུ། །འགྲོ་བ་ཀུན་ལ་སྨན་པ་ལྷུར་སྦྱད་ཅིང། །སྐད་ཅིག་ཙམ་ཡང་དགེ་བ་རྒྱ་ཆ3ན་པོ། །བགྱིད་པར་མི་འགྱུར ་བར་ནི་མ་གྱུར་ཅིག་བྲན་དང་འདྲ་བར་འགྲོ་བ་ཐམས་ཅད་ཀྱི། །བགྱི་བ་མ་ལུས་པ་དག་བསྒྲུབ་པར་བགྱི། །བདག་གིས་ཀུན་གྱི་བགྱི་བའི་ཁུར་བླངས་ནས། །སེམས་ཅན་རྣམས་ནི་བདེ་བར་ཤོག། ལུས་ནི་གཞན་གྱི་བྲན་བགྱིད་ཚིག་སྨྲ་ནའང། །གཞན ་ལ་ཆོས་སྟོན་པ་ལ་དགའ་བ་དང། །བདག་གི་ཡིད་ཀྱང་རྟག་ཏུ་གཞན་དག་ལ། །ཕན་པར་སེམས་པའི་དབང་དུ་བགྱིད་པར་ཤོག། གལ་ཏེ་དམྱལ་བར་བསྐལ་པ་གྲངས་མེད་དུ། །གཅིག་ཏུ་སྡུག་བསྔལ་ཉམས་སུ་མྱོང་ན་ཡང། །འོན་ཀྱང་སྐྱོ་བ་དག་ནི་མ་མཆིས་པར། །སེམས ་ཅན་ཡོངས་སུ་སྨིན་པར་བགྱིད་པར་ཤོག། གཅིག་གནས་བསྒྲུབ་པའི་རིམ་འདི་ཉིད་ཀྱིས། །ལུས་ཅན་རྣམས་ནི་འདུལ་བར་བགྱིད་སླད་དུ། །འགྲོ་བ་གསུམ་པོ་ཡོངས་སུ་སྨིན་བགྱི་པའི། །གོ་ཆ་འདི་ཉིད་ཀྱང་ནི་དགོ་བར་བགྱི། །མེ་ཡི་མདག་མས་པར་མཚམས་མ་མཆིས ་པའི། །འོབས་རྣམས་གང་ལས་བརྒལ་ནས་ལེགས་གསུངས་པའི། །ཚིག་གཅིག་ཙམ་ཡང་མཉན་པའི་ཆེད་དུ་ནི། །ལེ་ལོ་མ་མཆིས་སྤྲོ་བ་བགྱིད་པར་ཤོག་།བསམ་གཏན་གཟུགས་མེད་ཏིང་འཛིན་མཛའ་དག་གི། འབྲས་བུ་རྣམས་ལ་དགའ་བ་སྤངས ་ནས་ནི། །རབ་ཏུ་མཐར་ཕྱིན་པ་ཡི་གནས་པ་ཡིས། །དགའ་བར་འགྱུར་བ་དག་ཏུ་གོམས་པར་བགྱི། ཞེན་པ་མ་མཆིས་ཞི་གནས་རྟ་ཞོན་ནས། །རང་བཞིན་གཡོ་བའི་སེམས་ཀྱི་གླང་པོ་ཆེ། །ཤིན་ཏུ་གདུལ་བར་དཀའ་བ་ལོག་པ་ཡི། །ལམ་དུ་ཞུགས་པ ་རྣམས?་ནི་གདུལ་བར་བགྱི། །ལྷ་དབང་དག་དང་འཁོར་ལོས་སྒྱུར་བ་ཡི་།འབྱོར་བ་དམ་པ་མཆོད་དག་མཆིས་པ་རྣམས། །འདོད་པའི་རང་བཞིན་མི་གཙང་བ་བཞིན་དུ། །བདག་གི་ཡིད་ནི་ལྟོས་པ་མ་མཆིས་ཤོག་།ལྕགས་ཀྱི་ཁང་པ་འབའ་?་བ་འདྲ་བ་ཡི། །སྲིད ་པར་རྒྱུ་བར་བདག་ནི་དགར་མ་གྱུར། །སྙིང་རྗེས་དྲངས་པས་གཞན་ལ་སྨན་པ་དག། བགྱིད་པར་རྗེས་སུ་མཐུན་པར་སྐྱེ་བར་ཤོག་།འགྲོ་བའི་མགོན་གྱི་སྲས་པོ་ཐམས་ཅད་ཀྱི། །ཏིང་འཛིན་གང་ཞིག་ལ་ནི་དབང་བརྙིས་པས། །རྣམ་པར་བསྒྱིངས་པ་བསམ ་གྱིས་མི་ཁྱབ་པ། །དཔའ་བོ་རོལ་པ་སྣ་ཚོགས་མཛད་པ་ཡི། །དཔའ་པར་འགྲོ་བ་དག་དང་ནམ་མཁའ་ཨི་མཛོད། །དྲི་མེད་ལ་སོགས་མ་ལུས་ཐོབ་བགྱིད་ནས། །འགྲོ་བ་གསུམ་པོ་མ་ལུས་པ་དག་གིས། །བདེ་བ་གྱ་ནོམ་བསྒྲུབས་ནས་རྩེར་སྩལ་ཏོ། །ཁ་ཟོ་དང ་བསྟན་བཅས་སྒྱུ་རྩལ་རྒྱ་མཚོ་དག་།མཆོག་ཏུ་ཕ་མཛའ་ཕུལ་དུ་ཕྱིན་པ་དང། །སེམས་ཅན་ཐམས་ཅད་ཀྱིས་ནི་ཚིག་གི་དོན། །མ་ལུས་པ་དག་རྟོགས་ཤིང་མཁས་པར་ཤོག། ཚིག་དོན་མ་ལུས་སྤྱོད་པའི་ཤེས་རབ་ནི། །དྲི་མེད་རྣོན་པོ་དཔག ་ཏུ་མེད་ཐོབ་ནས། །སེམས་ཅན་རྣམས་ལ་ཤིན་ཏུ་ཟབ་བ་ཡི། །རིགས་པའི་ཆོས་རྣམས་ཀྱིས་ནི་གོ་བཤའ་བགྱི། །སངས་རྒྱས་གསུང་དག་མཐར་ཕྱིན་མ་རྟོགས་པའི་སེམས་ཅན་མ་ལུས་པ་ནི་མཛའ་དག་ལ། །སེམས་ལ་ཡི་གེ་བྲིས་པ་འདྲ་བར་ནི ་མང་པོ་བདག་གིས་རབ་ཏུ་བསྟན་པར་བགྱི། །ཅི་ནས་འབྲས་བུར་བཅས་པ་སྟོབས་བཅུ་ཡི། །གོ་འཕང་མངོན་པར་འཛེགས་ནས་འགྲོ་བའི་དོན། །མ་ཚད་མ་ལུས་འབྲས་མཆིས་བགྱིད་པ་ཡི། །ཐབས་ཀྱི་སྦྱོད་པ་དེ་དག་བསྒྲུབ་པར་བགྱི། །ཇི་ལྟ་ཇི་ལྟར ་སེམས་ཅན་ཕན་པའི་རྒྱུ། །ཐུབ་པ་རྣམས་ཀྱི་སྨོན་ལམ་མ་ལུས་པ། །དེ་ལྟ་དེ་ལྟར་རྒྱུན་དུ་སྨོན་ལམ་གྱི། །ཕ་རོལ་ཕྱིན་པ་དག་ནི་ཐོབ་བར་བགྱི། །ཡུལ་གྱི་དགྲ་ཡི་ཚོགས་ནི་མི་བཟད་པ། །མོད་ལ་མ་ལུས་ཅིང་གར་ཟིལ་མནན་ནས། །སེམས་ཀྱི་སྤྱོད་པ ་རྣམས་ནི་མི་གཡོ་ཞིང། །ས་སྟེང་ཕན་པ་ཁོ་ནས་གནས་པར་བགྱི། །ཆོས་འདི་དག་ནི་སྒྱུ་མ་མིག་རྒྱུ་དང། །སྤྲུལ་པ་ལྟ་བུར་ཡང་དག་རྟོགས་བགྱིས་ནས། །རྟོག་བའི་དྲི་མ་རྣམས་ནི་སྤངས་ནས་སུ། །འཇིག་རྟེན་གསུམ་ལ་ཕན་པ་བགྱིད་གྱུར་ཅིག། ཕ ་དག་བུ་གཅིག་ལྷག་པར་གཅེས་པ་བཞིན། །ནག་ནོག་མ་ལུས་པ་དག་སྤངས་ནས་སུ། །རྒྱུན་མི་འཆད་བར་འགྲོ་བ་མཛའ་དག་ལ། །བྱམས་པའི་བསྒོམ་པ་དག་གིས་གནས་པར་བགྱི། །ཇི་ལྟར་མ་དག་བརྩེབས་ཁུ་འཇོ་བའི། །བུ་ན་བ་ལ་རྗེས་སུ་མཐུན་སྤྱོད་པ། །དེ་བཞིན ་བདག་ཀྱང་འགྲོ་བ་སེམས་ཅན་ལ། །སྙིང་རྗེས་རྒྱས་འགྱུར་སོ་སོར་བགྱིད་པར་ཤོག། ཕ་རོལ་བདེ་བའི་འབྱོར་བ་མཐོང་ནས་ནི། །ལྷག་པར་དཀའ་བ་མང་པོ་སྐྱེས་ནས་སུ། །སྙིང་གི་བུ་གཅིག་པ་ལ་བདེ་སྐྱེས་བཞིན། །དགའ་བའི་སྒོམ་པ་དག་གིས ་གནས་པར་བགྱི། །སེམས་ཅན་རྣམས་ལ་ཕན་དང་གནོད་པའི་རྒྱུ། །ཁོང་ཁྲོ་རྗེས་སུ་ཆགས་པ་སྤངས་ནས་ནི། །རང་གི་བུ་ལ་བགྱི་བ་བསྒྲུབ་པ་བཞིན། །འཇིག་རྟེན་གསུམ་པོ་ཀུན་གྱི་བགྱི་བ་བསྒྲུབ། །དབང་དང་མངོན་ཤེས་སོ་སོར་རིག་པ་དང། གཟུངས་དང་རྣམ ་པར་ཐར་བའི་སྒྲ་རྟོགས་ནས། །འཇིག་རྟེན་ཁམས་ནི་དཔག་ཏུ་མ་མཆིས་བའི། །སེམས་ཅན་རྣམས་ལ་ཕན་པ་དུས་གཅིག་བགྱི། །སངས་རྒྱས་ཞེས་བགྱིའི་སྒྲ་ནི་རྣ་ལམ་དུ། །ཐོས་མ་གྱུར་བའི་ཡུལ་ཁམས་གང་ལགས་པ། །དེར་ནི་ཐབས་ཀྱི་རྣམ ་པ་སྣ་ཚོགས་ཀྱི། །སངས་རྒྱས་མཛད་པ་དག་དང་མཐུན་པར་བགྱི། །ནམ་ཞིག་འཇིག་རྟེན་འདིར་ནི་སྲིད་གསུམ་གྱི། །བླ་མ་ཉི་མ་ཤར་བར་མ་གྱུར་བ། །དེར་ནི་བདག་གིས་ཉི་མ་བཞིན་དུ་ནི། །ལུས་ཅན་ཀུན་གྱི་རབ་རིབ་བསལ་བར་བགྱི། །བདེ་གཤེགས་རབ་ཏུ ་མང་པོས་སྤངས་པ་ཡི། །ཡིད་དག་སྡིག་པས་སྩགས་པ་སོང་ལགས་པའི། །འགྲོ་བ་དེ་ནི་བདག་གི་ཚིག་དག་གི། སྤྱོད་ཡུལ་རྣམས་ལ་བརྟེན་ནས་འདུལ་བར་ཤོག། བདག་ནི་འཇིག་རྟེན་མ་ལུས་བ་དག་གིས། །བསྙེན་བཀུར་བགྱིད་པ་དག་ལ་ཉེ་དུ་དང།། ་བྱམས་ལ་མཛའ་བཤེས་མ་བཞིན་སྒྲུབ་པ་དང། །ཕ་བཞིན་ཕན་བའི་གདམས་དག་འདོན་པར་ཤོག། བདག་གི་མིང་ནི་དྲན་པ་ཙམ་གྱིས་ཀྱང། །འགྲོ་བ་མ་ལུས་བ་དག་འཇིག་པ་དག། མདོ་ལ་སྐྱོང་བར་གྱུར་ཅིག་སྲིད་གསུམ་གྱི། །སྡུག ་བསྔལ་མ་ལུས་པ་དག་སྤངས་པར་ཤོག། ཕོངས་པ་བརྒྱ་ཕྲག་རྟེན་པའི་མི་དག་ལ། །བུམ་པ་བཟང་དང་ནད་པའི་སྨན་དག་ནི། །ཡི་དགས་སོགས་ལ་རྒྱུན་མི་འཆད་པར་ཡང། །བདུད་རྩིའི་ཆབ་ཀྱི་རྫིང་བུ་བཟང་པོར་ཤོག་།བདག་ནི་གྲང་བའི ་དམྱལ་བར་དྲོ་བ་དང། །ཚ་བར་རྫི་ཆར་བཅས་པའི་ཆར་འབབས་ཤིང། །གཞན་ཡང་ཤིན་ཏུ་སྨད་པའི་དན་འགྲོ་དག། གནོད་པ་མ་ལུས་ཞི་བར་བགྱིད་པར་ཤོག། འགྲོ་བས་བདག་ནི་དྲན་པ་ཙམ་གྱིས་ཀྱང། །ཕོངས་པ་མངོན་སུམ་གྱུར་ལས?་ཉེན ་བཤེས་དང། །ཉམ་ཐག་མདའ་ཆར་འབབ་ལ་གོ་སྲ་དང། །མྱ་ངན་མེ་ལ་བསིལ་བའི་ཆབ་གྱུར་ཅིག། འགྲོ་བ་དག་གིས་དྲན་ན་ཉོན་མོངས་པའི། །དུག་གི་གཉེན་བོར་གྱུར་ཅིང་སྲིད་གསུམ་གྱི། །ཆུ་བོ་དག་ལ་ཟམ་པ་བརྟན་པོ་དང། །ངན་སོང་གནས ་ཀྱི་སྒོ་གཏན་བགྱིད་པར་ཤག། བདག་གི་མིང་ཙམ་དྲན་ནའང་འཇུས་པ་བཞིན། །འགྲོ་བ་མ་ལུས་སྲིད་པའི་གཡང་ས་རུ། །ལྷུང་བ་ཞི་བ་དག་གི་རྩེ་མོ་ལ། །འཛེག་པར་གྱུར་ཅིང་ཐེམ་སྐས་གཞིར་གྱུར་ཅིག། སྐད་ཅིག་ཙམ་ཏེ།?་ར་ཁྲོ་ཞིང་བདག་གི་མིང། །བློ་ལ ་དྲན་པ་ཙམ་ཞིག་བགྱིད་བར་ཤོག། ངན་སོང་རྣམས་སུ་ལྟུང་བར་མི་འགྱུར་ཞིང། །ངེས་པར་བྱང་ཆུབ་ཡང་དག་སྒྲུབ་པར་ཤོག་།བདག་གི་ཡོན་ཏན་ཟླ་ཟེར་དྲི་མེད་ལྟར་ཏཱ?་འཇིག་རྟེན་མ་ལུས་པ་ལ་དགེར་གྱུར་ཅིག། དབུགས་ཙམ་ཕྱུང་བ་རྣམས་ཀྱང ་ཕ་རོལ་ལ། །བདེ་བ་དཔག་མེད་སྐྱེད་པར་བགྱིད་པར་ཤོག། ཤིན་ཏུ་ཕུན་སུམ་ཆོགས་པ་མ་ལུས་པ། །མཐར་ཕྱིན་པ་ཡི་སངས་རྒྱས་ཉིད་ཐོབ་ནས། །དམ་པའི་སངས་རྒྱས་དེ་ཉིད་ཁོ་ན་ལ། །འགྲོ་བ་མ་ལུས་པ་ཡང་སྦྱར་བར་བགྱི། །དེའི ་ཚེ་ན་སུ་ཡི་སེམས་ལ་ཡང་གཉིས་བྱས་ཕྲན་ཚིགས་ཙམ་ཡང་མི་འབྱུང་ལ། །སྐྱེ་བོ་གཞན་ལ་རྒྱུན་ཏུ་ཕན་བགྱིད་ཅིང། །དགེ་བ་བཅུ་ཡི་ལམ་ལ་གནས་པར་ཤོག། སུ་ཡང་རུང་སྟེ། །ངན་སོང་གནས་རྣམས་ནི་རྨི་ལམ་ན་ཡང་མཐོང་བར ་མི་འགྱུར་ཞིང། །ངན་འགྲོ་རྣམས་ཀྱི་གནས་ནི་མཛའ་དག་ཀྱང། །ལྷའི་འཇིག་རྟེན་བཞིན་དུ་དགའ་བར་ཤོག། ཇི་སྲིད་འཇིག་རྟེན་གསུམ་གྱི་མི་དགེ་བའི། །མཚོ་ཀླུང་དབུས་སུ་འགའ་ཞིག་ཆུད་ན་ཡང། །སངས་རྒྱས་བགྱི་བ་ཡོངས་སུ་མཐར་ཕྱིན ་ཀྱང། །དེ་སྲིད་དེ་ཡི་ཆེད་དུ་བསྡད་པར་བགྱི། །བདག་ནི་མྱ་ངན་འདས་འགྲོ་སྟོན་པ་ན། །གསུང་རབ་རྣམས་ནི་འཁྲུག་པར་མི་འགྱུར་ཞིང། །དེ་ལ་འགའ་ཡང་སོམ་ཉིའི་སྤྱད་ཐག་ལ། །སྐད་ཅིག་ཙམ་ཡང་འཇུ་བར་མ་གྱུར་ཅིག། དེ་ལྟར་རྒྱལ ་བའི་སྲས་ཀྱི་རྣམ་འཕྲུལ་ལ། །མངོན་བསགས་བདག་གི་དགེ་བ་བསྒྲུབ་པ་གང། །དེ་ནི་འགྲོ་བ་མ་ལུས་འདི་དག་གི། མ་ལུས་བར་ནི་ཐུན་མོང་འགྱུར་བར་ཤོག། སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་གསུང་རབ་མཛའ་དག་ཆུབ་བར་བྱས ་པ་རྟག་གིས་རང་ལ་སྐྱོན་དེ་ནགས་ཁུང་དུ་ཕྱིན་པ་ན། །སྙིང་རྗེས་གདུང་བའི་ཡིད་ཀྱིས་འགྲོ་བའི་དོན་སྒྲུབ་པའི་སྨོན་ལམ་བདུན་ཅུ་པ་མཛད་པ་རྫོགས་སོ།། །།པཎྜི་ཏ་དྷརྨམཱ་ཤྲཱི་པྲ་བྷཱ་དང། ལོ་ཙཱ་བ་བནད?་དཔལ་གྱིས་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པོ།། །།སློབ་དཔོན་ཀམ་ཤཱི་ལས་མཛད་པའི་སྨོན་ལམ་བཅུ་གཉིས་མ་བཞུགས་སོ།། །།དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །བདག་ལ་བརྟེན་ནས་སེམས་སྐྱེས་པའི། །དྲི་མ་མེད་བའི་སྦྱིན་པ་ལ། །བརྟེན་ནས་ཡིན་དག་ཉིད་གྲོལ་ཏེ ་