CLOSE WINDOW

N4734: rgyal ba'i lam la 'jug pa las byung ba'i smon lam bzhugs
Wyliee-texts based on the ACIP/ALL Input

ལུས་སྒྲོལ་བར་ཤོག། ཅེས་བྱ་བ་ནི་སློབ་དཔོན་བཙུན་པ་རྟ་དབྱངས་ཀྱི་བསྔོ?་བ་ཤིན་ཏུ་བསྡུས་པ་ཡིན་ནོ། །པཎྜི་ཏ་དཱ་ན་ཤཱི་ལས་བསྒྱུར་བའོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ། །རྒྱལ་བའི་ལམ་འཇུག་ཡང་དག་པར། །སྦྱར ་ལས་བསོད་ནམས་ཚད་མེད་གང། །དེ་ཡིས་འགྲོ་ཀུན་རྒྱལ་བ་ཡི། །ལམ་ལ་ལེགས་པར་འཇུག་པར་ཤོག་།བདག་གི་བསོད་ནམས་འདི་ཡིས་ནི། །ནམ་མཁའ་ཀུན་ཁྱབ་སྐྱེ་བོ་རྣམས། །ངན་འགྲོ་ཀུན་ལས་ངེས་གྲོལ་ཞིང། །མི་ཁོམ?་ཐམས ་ཅད་རྣམ་པར་སྤངས། །སྐྱེ་བར་ལྷ་དང་མ་ཡི་ནི། །སྐྱེ་བ་ཡོངས་སུ་ཐོབ་པར་ཤོག། སྲིད་པའི་སྡུག་བསྔལ་གྱིས་སྐྲག་པ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང། །དམ་ཆོས་ཉན་སེམས་དོན་སྒོམ་དང། །སེམས་ནི་དབེན་པར་གནས ་པར་ཤོག་།ཐེག་པ་ཆེན?་པོ་ལ་གནས་ཏེ། །ཚངས་པའི་སྤྱོད་དང་ལྡན་བར་ཤོག་། ལམ་ཀུན་རྣམ་པར་བསྒོམ་པ་ཡིས། །ས་ལ་སོགས་པ་ཀུན་ཐོབ་ནས། །ཞིང་ཀུན་ཡང་དག་སྦྱངས་ནས་སུ། །མྱུར?་དུ་སངས་རྒྱས་ཐོབ་པར་ཤོག་།ཇི་ལྟར་འཁོར་བའི ་གནས་སྐབས་སུ། །བསམ་པའི་དོན་ཀུན་ཐམས་ཅད་ནི། །ནམ་མཁའ་ཨི་མཛོད་འཛིན་ནམ་མཁའ་ཉིད་ནས། །སེམས་ཅན་ཀུན་ལ་འབྱུང་བར་ཤོག། ཕྱོགས་བཅུ་ནམ་མཁའ་ཨི་མཐར་གནས་པའི། །འཇིག་རྟེན་ཁམས་ནི་དེ་དག་རྣམས། །དོན་ཀུན་འཇིག ་རྟེན་ཁམས་བཞིན་དུ། །དེ་དག་ཐམས་ཅད་དག་པར་ཤོག་།བདག་ཀྱང་བྱང་ཆུབ་སྙིང་པོའི་པར། །ཟད་ཟིང་མི་འཇིགས་དམ་ཆོས་དང། །བྱམས་པས་སེམས་ཅན་ཐམས་ཅད་ཀྱི། །བསམ་ཀུན་ཡོངས་སུ་རྫོགས་བྱེད་ཅིང། །རྟག་པ་ཉིད་དུ་ཚངས ་སྤྱོད་དང། །སྡོམ་པ་ཀུན་གྱིས་བསྡམས་པར་ཤོག། སེམས་ཅན་དོན་ཀུན་བྱེད་པ་དང། །ཆོས་ཀུན་དོན་ནི་སྟོན་པར་ཤོག། འཇིག་རྟེན་ཁམས་ནི་སེམས་ཅན་ཀུན། །གང་ལ་གནོད་པ་བྱེད་ཀྱང་ནི། །བདག་ནི་དེ་དག་ཐམས་ཅད་ལ། །ཕན་འདོགས་བྱེད་པ ་ཉིད་དུ་ཤོག། འཁོར་བའི་སྡུག་བསྔལ་བསྲན་ནས་བདག། རྟག་པར་སེམས་ནི་དམ་ཆོས་བསམ་གཏན་ལ། །རོ་གཅིག་བརྟན་པ་ཉིད་དུ་ཤོག་ཇི་ལྟར་བརྩོན་ལྡན་བརྩོན་འགྲུས་བཞིན། །བདག་ཀྱང་གོ་ཆ་སྦྱོར་བ་དང། །དེ་བཞིན་མི་ཟློག་པ་ཞེས་པའི། །བརྩོན་འགྲུས ་དང་ནི་ལྡན་པར་ཤོག། ཏིང་འཛིན་ཕུན་སུམ་ཚོགས་པ་ཡི། །ཚོགས་ཀྱི་བྱང་ཆུབ་བསྒྲུབས་པ་ཡི། །བསམ་གཏན་ཀུན་ལ་གཅིག་ཏུ་གནས། །བདག་སེམས་རྡོ་རྗེ་ལྟ་བུར་ཤོག། ཤེས་རབ་ནམ་མཁའ་ཨི་མཁས་ཁྱབ་པ། །རྡོ་རྗེ་ཡི་ནི་མཚན་ཉིད་དང། །རབ་མཐུན ་ཀུན་དགའ་ཚོགས་དང་ནི། །སྙིང་རྗེའི་རོ་ཡིས་ངེས་གང་ཞིག། །ཐབས་དང་སྨོན་ལམ་དེ་བཞིན་དུ། །སྟོབས་ནི་རབ་ཏུ་འབྱོར་བ་དང། །ཡེ་ཤེས་བདག་ཉིད་འདི་དག་ནི། །བདག་ལ་རྣམ་པར་དག་པར་ཤོག་།མངོན་ཤེས་ཀུན་གྱི་ཕར་ཕྱིན་ཏེ། །ཁྱད་པར ་ལམ་ནི་ཐོབ་པར་ཤོག། སངས་རྒྱས་ཞིང་ནི་རྣམ་སྦྱངས་ཏེ། །བདག་ནི། །སངས་རྒྱས་ཉིད་གྱུར་ཅིག། འདི་ཉིད་ཀྱིས་ནི་རིམ་པ་ཡིས། །བདག་ནི་བསོད་ནམས་མཐུ་ཡིས་ནི། །འཁོར་བར་གནས་པའི་སེམས་ཅན་ཀུན། །མྱུར་དུ་རྒྱལ་བ་ཉིད་དུ་ཤོག? ་བསོད་ནམས་ཡོངས་སུ་བསྔོ་བ་འདི། །བདག་ཉིད་ཀྱི་ནི་བློ་ཡིས་བྱས། །ཀུན་ནས་ཀུན་ཏུ་མ་ལུས་པ། །སངས་རྒྱས་ཉིད་ཀྱིས་མཁྱེན་པས་ན། །ཀུན་ཏུ་བཟང་པོ་ཞེས་བགྱི་བའི། །སྨོན་ལམ་རྒྱ་མཚོ་ཇི་ལྟ་བ། །དེ་བཞིན་དུ་དི?་བདག་ལ་ཡང། །དགེ་བ་རྒྱ་མཚོད? ་མྱུར་དུ། །འབྲས་བུ་དང་ནི་བཅས་པར་ཤོག་།ཕྱོགས་བཅུ་ནམ་མཁའ་ཨི་ཀུན་ཁྱབ་པའི། །སངས་རྒྱས་ཞིང་གི་རྒྱལ་རྣམས་གང། །དེ་དག་ཇི་ལྟར་སྨོན་ལམ་ན། །སྔོན་དུ་བྱ་བའི་རིམ་པ་རྣམས། །དེ་ཙམ་ཉིད་དུ་བདག་གིས་ཀྱང། །བསམ་པ་གཏན་པས་དེ་བཞིན་བགྱི ་བསོད་ནམས་མཐུ་ཡིས་འདི་དག་ནི། །དེ་བཞིན་དུ་ནི་གྲུབ་བར་ཤོག་།ཇི་ལྟར་དཔལ་ལྡན་འཇམ་དབྱངས་ཀྱི། །སྨོན?་ལམ་དེ་དག་བདག་ཡི་རང། །དུས་ནི་ཡུན་མི་རིང་བ་ཡིས། །སྨོན་ལམ་འདི་ནི་རྫོགས་པ་ཤོག། སངས་རྒྱས་ཀུན་རྣམས་རང་རང་གི། ཞིང་བཞུགས་མྱ་ངན་མི ་འདའ་ཞིང། །མཁའ་མཉམ་ཚས་ཀྱི་ཆར་གྱིས་ནོ?། །རྟག་ཏུ་སེམས་ཅན་ཚིམ་བྱེད་ཤོག། །སེམས་ཅན་རྣམས་ཀྱང་སངས་རྒྱས་ཆོས། །དགེ་འདུན་བཅས་པ་ཐམས་ཅད་ལ། །ལྷ་རྫས་མཆོད་སྤྲིན་མཛའ་ཡས་པས། །ཡང་དག་པར་ནི་མཆོད་བྱེད་ཤོག། ་དེ་བཞིན་གཤེགས་པའི་ཡོན་ཏན་གྱིས། འཇིག་རྟེན་ཁམས་ཀུན་གང་བར་ཤོག། མཆོག་གི་ཆོས་རྣམས་སེམས་འགྱུར་ཞོད། །སྲིད་པ་སྤྱོད་པ་བྱེད་པར་ཤོག། པཎྜི་ཏ་སངས་རྒྱས་དཔལ་ཡེ་ཤེས་ཀྱིས་མཛད་པ། །རྒྱལ་བའི་ལམ་ལ་འཇུག་པའི་ལས ་འབྱུང་བའི་སྨོན་ལམ་རྫོགས། །སྨོན་ལམ་བདུན་པའི་ཚིགས་སུ་བཅད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། པྲ་ཎི་དྷཱ་ན་ས་པཏ་ཏི་ནཱ་མ་གཱ་ཐཱ། བོད་སྐད་དུ། སྨོན་ལམ་བདུན་བཅུ་བ་ཞེས་བྱ་བའི་ཚིགས་སུ་བཅད་པ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག ་