| Wylie | e-texts based on the ACIP/ALL Input |
པའི་ལུས་སུ་སྐྱེས་ནས་ཀྱང། །མི་དགེ་གཞན་གྱི་དབང་དུ་མི་འགྱུར་ཞིང། །ཚེ་ལ་ནད་ཀྱིས་བར་གཅོད་མེད་པ་དང། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་བར་ཤོག། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་ནས་ཀྱང། །མཉན་བསམས་བསྒོམ ་པས་རིག་པའི་རྒྱུད་སྦྱངས་ཏེ། ཏིང་འཛིན་རྩེ་གཅིག་སེམས་ལ་དབང་ཐོབ་སྟེ། །རྣམ་ཤེས་དྲུག་པོ་ཡུལ་ལ་གཡེངས་མ་གྱུར། །ལུས་ཀྱི་ཡན་ལག་རྒྱས་ཤིང་སྐྱོན་མེད་དེ། །དབང་པོ་མཉམས་རིགས་མཐོ་བཀུར་བའི་གནས། །སངས་རྒྱས་ཆོས་ཀུན་རྫོབ ་པར་བྱེད་པ་དང། །གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང། །དགེ་བཤེས་མཆོག་རྣམས་རྟག་ཏུ་བསྟེན་བྱེད་ཅིང། །ས་བཅུ་རིམ་གྱིས་བགྲོད་རྣམས་ཐོགས་མེད་དེ། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག་བླ་མེད་བྱང་ཆུབ་མྱར་དུ་ཐོབ ་ནས་ཀྱང། །རྒྱུད་དྲུག་འཁོར་བའི་སེམས་ཅན་ཐམས་ཅད་ལ། །བསྡུ་བ་རྣམ་བཞིས་འགྲོ་དོན་བྱེད་པར་ཤོག། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་སྐད་དུ། །ཀུ་ལ་པྲི་ཎ་དྷ་མནཱ?་མ། བོད ་སྐད་དུ། རིགས་ཀྱི་སྨོན་ལམ་ཞེས་བྱ་བ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བདག་ནི་འཆི་བའི་དུས་ཀྱི་ཚེ། །དབང་པོ་གསལ་པར་འཆི་བ་དང། །གནད་གཅོད་སྡུག་བསྔལ་མེད་པ་དང། །སྲིད་བ་པར་མ་ངོ་རུ་ཡང། །རང་བྱུང་ཡེ་ཤེས་རྟོགS་པར ་ཤོག་།རང་བྱུང་ཡེ་ཤེས་རྟོགས་ནས་ཀྱང། །གང་སྐྱེ་རང་དབང་ཡོད་པར་ཤག?་།གང་དུ་སྐྱེས་པའི་ས་དེར་ཡང། །ཉོན་མོངས་མཛའ་དག་ཆུང་བ་ཡི། །ཆོས་ལྡན་རིགས་སུ་སྐྱེ་བར་ཤོག་།ཆོས་ལྡན་རིགས་སུ་སྐྱེས་ནས་ཀྱང། །ཆོས་ལྡན་གྲོཌ་དང་ཕྲད་པ་ཤོག། ་ཆོས་ལྡན་གྲོགས་དང་ཕྲད་ནས་ཀྱང། །གཙོ་བོ་དཀོན་མཆོག་མཆོད་པ་དང། །སྡོམ་པ་གསུམ་ལ་གནས་པར་ཤོག། སྡོམ་པ་གསུམ་ལ་གནས་ནས་ཀྱང། །སྟོང་ཉིད་དམ་པ་སྒོམ་པ་དང། །ཐོས་པའི་ཆོས་རྣམས་དྲན་པར་ཤོག་།?་པའི་ཆོས ་རྣམས་དྲན་ནས་ཀྱང། །ཐེག་པ་ཆེན་པོའི་དོན་རྟོགས་ནས། །རང་དོན་གཙོ་བོར་མི་བྱེད་ཅིང། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་བདག་ལ་སྨིན་པར་ཤོག། སྡུག་བསྔལ་བདག་ལ་སྨིན་ནས་ཀྱང། །ལུས་ངག་སེམས་ལ་མི་གནོད་ཅིང ་མཚན་པའི་སྤྱོད་པས་མི་གཡེལ་བའི། །གཞན་དོན་དམིགས་པའི་སེམས་ཀྱིས་སུ། །གཞན་དོན་ཐམས་ཅད་བྱེད་པར་ཤིག། གཞན་དོན་ཐམས་ཅད་མཐར་ཕྱིན་ནས། །ཡེ་ཤེས་ལྔ་དང་ལྡན་པ་ཡི། །སྐུ་གསུམ་ལྷུན་གྱིས་གྲུབ་བར་ཤོག་།རིགས་ཀྱི་སྨོན་ལམ་ཞེས? ་བྱ་བ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མི་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བདག་ནི་སྦྱིན་པའི་བསོད་ནམས་ཀྱིས། །རྙེད?་དཀའ་ཨི་སངས་རྒྱས་ཉིད་ཐོབ་ནས། །རབ་མེད་སྲིད་པའི་རྒྱ་མཚོ?་ལས། །སེམས་ཅན་མ ་ལུས་སྒྲོལ་བར་ཤོག། ཅེས་བྱ་བ་ནི་སློབ་དཔོན་བཙུན་པ་རྟ་དབྱངས་ཀྱི་བསྔོ?་བ་ཤིན་ཏུ་བསྡུས་པ་ཡིན་ནོ། །པཎྜི་ཏ་དཱ་ན་ཤཱི་ལས་བསྒྱུར་བའོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ། །རྒྱལ་བའི་ལམ་འཇུག་ཡང་དག་པར། །སྦྱར ་ལས་བསོད་ནམས་ཚད་མེད་གང། །དེ་ཡིས་འགྲོ་ཀུན་རྒྱལ་བ་ཡི། །ལམ་ལ་ལེགས་པར་འཇུག་པར་ཤོག་།བདག་གི་བསོད་ནམས་འདི་ཡིས་ནི། །ནམ་མཁའ་ཀུན་ཁྱབ་སྐྱེ་བོ་རྣམས། །ངན་འགྲོ་ཀུན་ལས་ངེས་གྲོལ་ཞིང། །མི་ཁོམ?་ཐམས ་ཅད་རྣམ་པར་སྤངས། །སྐྱེ་བར་ལྷ་དང་མ་ཡི་ནི། །སྐྱེ་བ་ཡོངས་སུ་ཐོབ་པར་ཤོག། སྲིད་པའི་སྡུག་བསྔལ་གྱིས་སྐྲག་པ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང། །དམ་ཆོས་ཉན་སེམས་དོན་སྒོམ་དང། །སེམས་ནི་དབེན་པར་གནས ་པར་ཤོག་།ཐེག་པ་ཆེན?་པོ་ལ་གནས་ཏེ། །ཚངས་པའི་སྤྱོད་དང་ལྡན་བར་ཤོག་། ལམ་ཀུན་རྣམ་པར་བསྒོམ་པ་ཡིས། །ས་ལ་སོགས་པ་ཀུན་ཐོབ་ནས། །ཞིང་ཀུན་ཡང་དག་སྦྱངས་ནས་སུ། །མྱུར?་དུ་སངས་རྒྱས་ཐོབ་པར་ཤོག་།ཇི་ལྟར་འཁོར་བའི ་