CLOSE WINDOW

N4730: btsun pa zla ba'i smon lam zhes bya ba
Wyliee-texts based on the ACIP/ALL Input

བདག་གིས་ལུས་ངག་ཡིད་ཀུན་ནས། །དགེ་བའི་རྩ་བ་ཅུང་ཟད་ཅི་བསགས་པ། དུས་གསུམ་རྒྱལ་དང་ཇི་ལྟར་བསྔོས་པ་བཞིན། །ཐམས་ཅད་བླ་མེད་བྱང་ཆུབ་མྱུར་འགྲུབ་བསྡོ། །བྱང་ཆུབ་འབྱུང་བའི་སྨོན་ལམ། །སློབ་དཔོན་འཕགས ་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཙནྡྲ་གོ་མི་པྲ་ཎི་དྷཱ་ན་ནཱ་མ། བོད་སྐད་དུ། བཙུན་པ་ཟླ་བའི་སྨོན་ལམ་ཞེས་བྱ་བ། འཇམ་དཔལ་ལ། ཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །སྲིད་པའི་ལས་ནི་ཉམ་ད་ཡིས། །གང་དང ་གང་དུ་ཉེར་སྐྱེ་བ། དེ་དང་དེར་ནི་སྐྱེས་བ་དང། །དད་དང་དབང་པོ་ཚང་བ་དང། །བཟོ་དང་རྒྱུ་རྩལ་ཀུན་མངོན་ཤེས། །བསྟན་བཅོས་ཀུན་ལ་འཇིག་མེད་དང། །འདོད་པ་ཀུན་ལ་རྒྱབ་ཕྱོགས་ཤིང། །དངོས་ཀུན་ཡོངས་སུ་གཏོང་བ་དང། །དྲན་དང ་ལྡན་ཞིང་བདེན་སྨྲ་དང། །སེམས་ཅན་རྣམས་ཀྱིས་མཐོང་ན་དགའ་། །བྱང་ཆུབ་སེམས་ཀྱིས་རྣམ་བརྒྱན་པའི། །དགེ་བའི་བཤེས་གཉེན་བསྟེན་པ་དང། །དུལ་བའི་སྤྱོད་དང་ཡང་དག་ལྡན། །བློ་བཟང་སྐྱེ་བ་གཅད?་མ་དྲན། །སྡིག་བའི་ལས ་ལ་འཇིགས་བྱེད་པས། །སྤྱོད་པར་དགེ་བའི་སྤྱོད་ཡུལ་ཅན། །མཐར་ཡང་བླ་མེད་རྟོགས་པ་ཡི། །ཕ་རོལ་ཕྱིན་པ་བཅུ་བསྟེན་བས། །འགྲོ་ལ་གཅིག་ཏུ་བདེ་བ་ཡི། །གཡོ་མེད་མགོན་པོ་ཐོབ་པར་གྱུར། །བདག་ནི་བྲན་དང་མོར་མ་གྱུར། །བླུན་དང ་ཡུལ་ངན་སྐྱེ་བ་དང། །སངས་རྒྱས་འབྱུང་ལ་ལྐོག་མ་གྱུར། །ནི་དཱུང་ལྟ་བ་ལོག་མ་གྱུར། །འདོད་མེད་ཚུལ་ལྡན་སངས་རྒྱས་གྱུར། །ཕ་རོལ་འདོད་པའི་རྗེས་ལོངས་སྤྱོད། །སེམས་ཅན་ཉམ་ཐག་ཕྱེད་འགྱུར་བའི། །འདོད་པའི་སློང་མོས?་བདག ་མི་སྤྱོད། །སེམས་ཅན་རྣམས་ལ་བྱམས་གོམས། །ཤིང། །རྒྱུ་མེད་རང་བཞིན་སངས་རྒྱས་དང། །བྱང་སེམས་འགྲོ་བའི་འབྲས་མི་ལྟ། །རིགས་ཆེན་བློན་པོ་སྐྱེ་བ་དང། །སྐྱེ་བ་སྐྱེ་བར་ལུས་མཛེས་ཤིང། །བདེར་གཤེགས་མང་པོའི་སྙན ་དག་བྱེད། །སྐྱེ་ཞིང་སྐྱ་བ་དང་ལྡན་པར། །གང་དུ་སངས་རྒྱས་ལྷར་བྱེད་པའི། །རིགས་དེར་བདག་ནི་སྐྱེ་བ་དང། །སྐྱེ་བ་དང་ནི་སྐྱེ་བ་རུ། །ཆོས་ལྔ་?་ནི་མི་སྤོང་ཞིང?། །བསོད་ནམས་ཡེ་ཤེས་སྟོབས་དང་ནི། །བརྩོན་འགྲུས་བྱང་ཆུབ་སེམས་ལྔ་པོ། །ཇི་ལྟར ་ཐམས་ཅད་མཁྱེན་པ་ཡི། ཞབས་ཐོབ་པ་ཡི་ཐབས་དེ་བཞིན། །དེ་ལྟར་བདག་གི་ཐབས་གྱིས་ནི། །ཐུབ་པའི་དབང་པོའི་ཞབས་ཐོབ་ཤོག། བཙུན་པ་ཟླ་བའི་སྨོན་ལམ་ཞེས་བྱ་བ་རྫོགས་སོ། །རབ་ཏུ་བསྔགས་པའི་གནས་ཆེན་པོ་ཉེ་བའི་འཐུང ་གཅོད་དཔལ་བལ་པོ་ཡུམ་བུའི་གྲོང་ཁྱེར་དུ། །བལ་པོའི་པཎྜི་ཏ་ཛ་ཏ་ཀནྟཎའི?་ཞལ་སྔ་ནས། །བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། `་།།རྒྱ་གར་སྐད་དུ། ཨཱརྱ་ནཱ ་གཱརྫུན་པུ?་ཎི་བྷ་ན་ནཱ་མ། བོད་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་སྨིན་ལམ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཁོར་བར་འཁོར་ཆེ་སྐྱེ?་གནས་ཐམས་ཅད་དུ། །ཆོས་ལ་བཟོད་པ་མ་ཐོབ་པར་དུ་ནི། །ངན་སོང་གསུམ་དུ་འམ?་ཡང་མི ་སྐྱེ་ཞིང། །མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག་།མཐོ་རིས་མ་ཡི་ལུས་སུ་སྐྱེས་ནས་ཀྱང། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་བློན་པོ་དང། །ན་མག?་དཔོན་ཞལ་ཆེ་སྤྱོད་པར་བདག་མ་སྐྱེ། །ཁེ་བྱེད་ཏིལ་རྡུད་ཆད་ཚོང་རྐུན་པོ་དང། །བྲན་དང་བྲན་མོའི་ལུས་སུ ་བདག་མ་སྐྱེ། །དགེ་སློང་གནས་ལ་དབང་བྱེད་བདག་པོ་དང། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་སྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་ན་སྐྱེ། །མཛའ་ལ་བོབ?་གླ་ཀློ་སྐྱེ་བའི་ཡུལ་རྣམས་དང།། ་གླེན་ལྐུགས་འོན་ཡང་ཕྲག་དོག་ཅན་རྣམས་དང། །མུ་སྟེགས་ལོག་རྟོག་བྲམ་ཟེའི་རིགས་རྣམས་དང། རིགས་ངན་བཤན་པའི་རིགས་སུ་བདག་མ་སྐྱེ། །བྱང་ཆུབ་མ་ཐོབ་བར་དུ་རྟག་ཕོའི?་བདག་།དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་བར་ཤོག་།དམ་ཆོས་སྤྱོད ་