| Wylie | e-texts based on the ACIP/ALL Input |
འབྱུང་བའི་སྨོན་ལམ་བཞུགས་སོ།། རྒྱ་གར་སྐད་དུ། བོ་དྷཡཱ་ཀ་ར་པྲ་ཎི་དྷཱ་ན། བོད་སྐད་དུ། བྱང་ཆུབ་འབྱུང་བའི་སྨོན་ལམ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལོག་རྟོག་མུན་བསལ་མཁྱེན་རབ་འདབ་རྒྱས་ཤིང། །བདུད་བཞིའི་དགྲ་བཅོམ་ཡང་དག་ཇི ་བཞིན་གཤེགས། །ཐུགས་རྗེའི་མཚོ་བསྐྱིལ་དོན་མཆོག་འབྱོར་པའི་གཏེར། །སངས་རྒྱས་བཅོམ་ལྡན་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་མཚན་མེད་རབ་ཞི་རྟོག་ལས་འདས། །སྒྲིབ་བ་སྐྱོན་བྲལ་ལེགས་ཚོགས་འབྱུང་བའི་གནས། །སྐྱེ་བ་འགྲོན་མང ་བྱང་ཆུབ་འབྱུང་བའི་ལམ། །ཡང་དག་དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །ཉོན་མོངས་དགྲ་རྒྱལ་སྲིད་འཚོ་ལས་བརྒལ་ཅིང། །སྡུག་བསྔལ་མཚོན་སྤངས་ཡང་དག་ཐར་ལམ་མཁྱེན། །འགྲོ་ལ་ཕན་མཛད་ཡོན་ཏན་མང་བོའི་ཕུལ། །འཕགས་པའི ་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་མཁའ་དཀྱིལ་མཁྱེན་རབ་ཉི་ཤར་ནས། །རྨོངས་པའི་མུན་བསལ་ཡང་དག་ཚེས་ཉིད་རྟོགས། །ཐབས་ལྡན་ཐུགས་རྗེས་འགྲོ་ལ་ཕན་བརྩོན་པ། །བྱང་ཆུབ་སེམས་དཔའ་ཨི་ཆོགས་ལ་ཕྱག ་འཚལ་ལོ། །རིན་ཆེན་ས་གཞི་དཔག་བསམ་ནགས་ཚལ་བཅས། །ཡིད་བཞིན་གཞལ་ཡས་གདན་ཁྲི་རྒྱུན་མཆོག་ལྡན། །ལྷ་མིའི་མཆོད་སྤྲིན་མང་པོ་གཏིབས་པ་རྣམས། །ཡོན་ཏན་གཏེར་མངའ་སྲས་བཅས་རྒྱལ་ལ་འབུལ། །དུས་ཀུན་བདག་གིས་དཀོན ་མཆོག་གསུམ་སྤངས་ཤིང། །དེ་ཡི་དཀོར་ཕྱོགས་བྱང་ཆུབ་སེམས་བཏང་དང། །མཚན་མེད་ལ་སོགས་སྨད་པའི་ལས་བགྱིས་རྣམས། །བླ་མའི་སྤྱན་སྔར་དེ་བཤགས་སླན་ཆད་བསྡམ། །སངས་རྒྱས་རང་སངས་རྒྱས་དང་ཉན་ཐོས་དང། །བྱང་ཆུབ ་སེམས་དཔའ་སོ་སོ་སྐྱེ་བོ་ཡི། །བསོད་ནམས་རྒྱུ་དང་འབྲས་བཅས་ཅི་མཆིས་བ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ། །ཕྱོགས་གང་འགྲོ་ལ་སྨན་སླད་བདེ་གཤེགས་རྣམས། མྱ་ངན་འདར་བཞེད་ཆོས་བཤད་བསྐུལ་གཞེས་ལ། །འགྲོ་བའི་དོན་སྨད་མྱ་ངན་མི་འདའ་ ་ཞིང། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །སྐྱོན་ཀུན་བྱང་ཞིང་ཡོན་ཏན་ཀུན་རྫོགས་པ། །སངས་རྒྱས་དམ་ཆོས་དགེ་འདུན་དཀོན་མཆོག་ལ། །བདག་ནི་དུས་ཀུན་ལུས་འབུལ་སྐྱབས་གསོལ་གྱིས། །ཡོངས་བཞེས་ལོག་ལྟའི་ལམ་ལས་བསྐྱབ་དུ ་གསོལ། །བདག་གི་འགྲོ་བའི་ཉོན་མོངས་བསལ་སླད་དག། །བྱང་ཆུབ་སྤྱད་པའི་བཅོམ་ལྡན་གདུད་གསག་ཕྱིར། །བདག་མེད་རྟོག་བྲལ་མི་གནས་རྟག་པ་ཡི། །བླ་མེད་བྱང་ཆུབ་མཆོག་དུ་དུས་ཀུན་མཁྱེན། །ཕྱོགས་དུས་བཞུགས་པའི་རྒྱལ་བ་སྲས་བཅས་དགོངས། །ཁྱོད་ལ་བདག ་གིས་སྡོམ་པའི་ཚུལ་ཁྲིམས་དང། །དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་པའི། །བསླབ་གསུམ་དེར་ནས་བརྩམ་ཏ་བཟུང་བར་བགྱི། །བསོད་ནམས་སྟོབས་འདིས་མཆོད་གནས་ཐམས་ཅད་ལ། །བླ་མེད་མཆོད་སྤྲིན་འབྱུང་ཞིང་དགྱེས་བགྱིད་ཤོག་།སེམས་ཅན ་རྣམས་ཀྱང་སྒྲིབ་ཚོགས་ཀུན་བྱང་ནས། །ཡོན་ཏན་ཚོགས་རྫོགས་ཀུན་མཁྱེན་མཆོག་གྱུར་ཅིག། བདག་ཀྱང་དུས་ཀུན་བློ་རྣམས་སྙིང་རྗེ་ལྡན། །ཏིང་འཛིན་ཤེས་རབ་གཟུངས་སྒོ་མཆོག་ཐོབ་ནས། །གྲོ་ཀུན་བདེར་འགྱུར་སྤྱོད་མཆོག་རྣམས་བྱེད་ཅིང ་ཆོས་རྣམས་མཚན་ཉིད་ཇི་བཞིན་རྟོགས་གྱུར་ཅིག་།བསྡུ་བ་བཞིས་བསྡུས་ཕ་རོལ་ཕྱིན་རྫོགས་ཤིང། །མོས་སྦྱོང་ལ་སོགས་ས་རྣམས་ཀུན་སྦྱངས་ནས། །ཉོན་མོངས་ཤེས་བྱའི་སྒྲིབ་ཚོགས་རྣམ་སྤངས་ཏེ། །བསོད་ནམས་ཡེ་ཤེས་ཚོགས ་རྫོགས་མཁས?་རྒྱས་བྱུང། །བདག་ནི་མཐོང་ཐོས་རིག་པའམ་དྲན་ཙམ་གྱིས། །འགྲོ་ཀུན་ཉོན་མོངས་སྡུག་བསྔལ་ཞི་བྱེད་ཤོག་།ལུས་སེམས་དག་རྣམས་སྤྱོད་ཡུལ་ཅིར་འཇུག་པ། །སྲོག་ཆགས་རྣམས་ལ་བདེ་བའི་རྒྱུར་གྱུར་ཅིག་།དུས་ཀུན ་བདག་གིས་ལུས་ངག་ཡིད་ཀུན་ནས། །དགེ་བའི་རྩ་བ་ཅུང་ཟད་ཅི་བསགས་པ། དུས་གསུམ་རྒྱལ་དང་ཇི་ལྟར་བསྔོས་པ་བཞིན། །ཐམས་ཅད་བླ་མེད་བྱང་ཆུབ་མྱུར་འགྲུབ་བསྡོ། །བྱང་ཆུབ་འབྱུང་བའི་སྨོན་ལམ། །སློབ་དཔོན་འཕགས ་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཙནྡྲ་གོ་མི་པྲ་ཎི་དྷཱ་ན་ནཱ་མ། བོད་སྐད་དུ། བཙུན་པ་ཟླ་བའི་སྨོན་ལམ་ཞེས་བྱ་བ། འཇམ་དཔལ་ལ། ཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །སྲིད་པའི་ལས་ནི་ཉམ་ད་ཡིས། །གང་དང ་