CLOSE WINDOW

N4728: byang chub sems dpa'i spyod pa la 'jug pa'i smon lam bzhugs
Wyliee-texts based on the ACIP/ALL Input

རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་འགྱུར་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉེ་ཤུ་པ་རྫོགས་སོ།། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་སྨོན་ལམ་བཞུགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ། །དེ་ལྟར་འདི་དག་ཀུན ་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག?་བསྔལ་ཐམས་ཅད་གསལ་བར་ཤོག། འགྲོ་བ་ནང་བ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དད་སྨན་པ་ཉིད་དག་དང། །དེ་ཡི་ནད་གཡོག་བྱེད་པར ་ཤོག། ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་གྱི་གནོད་པ་བསལ། །མུ་གེའི་བསྐལ་བ་བར་མའི་ཚེ། །བདག་དང་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མ། བོ?་དགུ་སྣ་ཚོཌ་སུ ་མདུན་ན་ཉེ་བར་གནས་གྱུར་ཅིག། བདག་ལ་དམིགས་ནས་ནམ་དུ་ཡང། །འགའ་ཡང་དོན་མེད་མ་གྱུར་ཅིག་།བདག་ལ་དམིགས་ནས་གང་དག་གི། ཁྲོ་བ་འམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི། དོན་ཀུན་འགྲུབ་བའི་རྒྱུར་གྱུར་ཅིག། ་གང་དག་བདག་ལ་ཁ་ཟེར་རམ། །གཞན་གང་གནོད་པ་བྱེད་པ་འམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང། ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ཀླམ་ཞུགས་རྣམས་ཀྱི་དེད་དཔོན་དང། །རྒལ་འདོད ་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་གྱུར་པར་ཤོག། ཡིད་བཞིན་ནོར་བུ་བུམ་པ་བཟངས། །རིག་སྔཌ ་གྲུབ་དང་སྨན་ཆེན་དང། །དཔག་བསམ་གྱིས་ནི་ཤིང་དག་དང། ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང། །ནམ་མཁའ་བཞིན་དུ་རྟག་པར་ཡང། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར ་ཡང་ཤོག། དེ་བཞིན་ནམ་མཁས་མཐས་གཏུགས་བའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་པར་དུ། །བདག་ནི་ཉེ་འཚེའི་གཞིར་ཡང་ཤོག། བདག་གི་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བསམ་པ་ཡི། །དགེ ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག། ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་བ་ཇི་སྙེད་པ། །དེ་དག་དག་གི་བསོད་ནམས་ཀྱི། །བདེ་དགའ་རྒྱ་མཚོ་ཐོབ་བར་ཤོག། དེ་དག་སངས་རྒྱས་བདེ་ཐོབ་ཀྱི། །བར་ཏུ་བདེ་བ་ཉམས་མ་གྱུར།། ་འགྲོ་བས་བླ་ན་མེད་པ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག། འཇིག་རྟེན་ཁམས་ན་དམྱལ་བ་དག། གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་དུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག། གྲང་བས་ཉམ་ཐག་དྲོ་ཐོབ་ཤོག། བྱང་ཆུབ་སེམས ་དཔའ་ཨི་སྦྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཛའ་ཡས་ཀྱི། །ཚ་བས་ཉམ་ཐག་བསིལ་བར་ཤོག། རལ་གྲི་ལོ་མའི་ནགས་ཚལ་ཡང། །དེ་ལ་དགའ་ཚལ་སྡུག་གུར་ཤོག། ཤལ་མ་ལི་ཡི་སྡོད་པོ་ཡང། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག། ཐིང་རིལ་ངུར་པ་དག ་དང་དང་པ་དང། །བཞད་སོགས་སྐད་སྙམ་འབྱིན་བས་མཛེས་གྱུར་ཅིང། །པདྨ་དྲི་གསུང་ཆེན་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག། སོལ་ཕུང?་དེ་ཡང་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱིས་གཞི་བསྟར་བར་ཤོག ་བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག། མདག་མ་རྡོ་བསྲེགས་མཚན་ཕྱི་ཆར་པ་དག་།དེད་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡ་ཨང་ནི། །དེང་ནས ་རྩེ?་ཕྱིར་མེ་ཏོག་འཕེལ་པར་ཤོག། ཆུ་པོ་རབ་མེད་མེ་དང་འདྲ་ནང་བྱིང་བ་དག། ཤ་ཀུན་ཞིཌ་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོག་བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབས་གནས་ཤོག་།ཅི་ཕྱིར ་འདིར་?་ཤིན་ཟེའི་མི་དང་ཁྲུ་དང་བྱ་རྒོད་མི་བཟང་རྣམས་སྐྲག?་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་ཡིན་པས་སྟེ། །གྱེན་དུ་བལྟས་ན་ནམ་མཁའ་ཨི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བར་བཞུགས་མཐོང་ནས། །རབ་ཏུ ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོ་བར་ཤོག།། མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་བབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་? ་བསམས་པ་དང། །སེམས་དམྱལ་རྣམས་ཀྱི་ཕྱག་ན་པདྨ་མཐོང་བར་ཤོག། གྲོགས་དག་འཇིགས་པ་བོར་ལ་རིངས་བར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་དུ་མཐུ་ཡིས་སྡུག་བསྔལ་ཐམས་ཅད་བྲལ་ཞིང་དགའ་བའི་ཤུགས་ཕྱིན་ལ།། ་འགྲོ་བ་ཀུན་སྐྱོབ་བྱང་ཆུབ་སེམས་དཔའ་འོད་དང་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུདཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན། །ཁྱོད་ཀྱིས་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨ་ལ་མཆོད་ཅིང། །ཐུགས་རྗེས་བརླན་སྤྱན? ་དབུ་མ་མེ་ཏོག་དུ་མའི་ཚོགས་ཀྱིས་ཆར་འབབ་པ། །ཁང་བརྩེགས་ཡིད་འོད་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཀུ་ཅོ་འདོན་པར་ཤོག། དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང། །བསིལ་ཞིང་དྲི་ཞིམ་པ། ལྡད་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག། དུད་འགྲོ་རྣམས་ནི་གཅིག་ལ་གཅིག། ཟ་བའི་འཇིགས་དང་བྲལ ་པར་ཤོག། སྒྲ་མི་སྙན་པའི་མི་བཞིན་དུ་ཡི་དགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དགས་རྣམས་ནི་ཚིམ་བྱས་ཤིང། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག། ལོང་བ་རྣམས་ཀྱིས ་གཟུགས་མཐོང་ཤོག། འོན་པས་རྟག་ཏུ་ཐོས་པར་ཤོག། ལྷ་མོ་སྒྱུ་འཕྲུལ་བཞིན་དུ་ནི། །སྦུམ?་མ་གནོད་མེད་བཙའ་བར་ཤོག། གཅེར་བུ་རྣམས་ཀྱི་གོས་དང། །བཀྲེས་པ་རྣམས་ཀྱི་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དག་དང། །བཏུང་བ་ཞིམ་པོ་ཐོབ་པར་ཤོག ་བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག། མྱ་ངན་ཉམ་ཐག་དགའ་ཐོབ་ཤོག། ཡིད་ཆད་རྣམས་ཀྱང་ཡི་སོས་ཤིང། །བསྟན་པ་ཕུན་སུམ་ཚོགས་པར་ཤོག། སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་བར་ཤོག། འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག། སྐྲག་པ་རྣམས ་ནི་འཇིཌ་མེད་ཤོག། བཅིངས་པ་རྣམས་ནི་བྲོལ་བར་གྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང། །ཕན་ཚུན་སེམས་ནི་གཉེན་གྱུར་ཅིག། འགྲོན་པ་དག་ནི་ཐམས་ཅད། ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག། གང་གི་དོན་ཏུ་འགྲོ་བྱེད་པ། །དེ་འབད་མི་དགོས་གྲུབ ་གྱུར་ཅིག། གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམས་པ་གྲུབ་གྱུར་ཏེ། །ཆུ་ཡི་དོགས་སུ་བདེ་ཕྱིན་ནས། །གཉེན་དང་ལྷན་ཅིག་དག་པར་ཤོག་མྱ་ངན་ལམ་གོལ་འཁྱམས་པ་རྣམས། །འགྲོན་པ་དག་དང་ཕྲད་གྱུར་ནས། །ཚོམ་རྐུན་སྟག་སོགས་འཇིགས ་མེད་པར། །མི་ངལ?་བདེ་བླག་འགྲོ་བར་ཤོག། །དགོན་སོགས་ལམ་མེད་ཉམ་ད་བར། །བྱིས་པ་རྒན་པོ་མགོན་མེད་པར། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྟ་དག་སྲུང་བར་བྱེད་པར་ཤོག། མི་དལ་ཀུན་ལས་ཐར་པ་དང། །དང་དང་ཤེས་རབ་བརྩེར་ལྡན ་ཞིང། །ཟས་དང་སྤྱོད་པ་སྣ་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག། ཐམས་ཅད་ནམ་མཁའ་ཨི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག། རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག། སེམས་ཅན་གཟི་བརྗིད་ཆུ་དུ་གང། །དེ་དག་གཟི ་བརྗིད་ཆེན་པོར་ཤོག། དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག། འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག། མ་རབ་རྣམས་ཀྱི་ཐོ་ཐོབ་ཅིང། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག། བདག་གི་བསོད་ནམས་འདི ་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག། བྱང་ཆུབ་སེམས་དང་མི་འདྲལ་ཞིང། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང། །བདུད་ཀྱི་ལས་ཀྱང་ ་སྤངས་པར་ཤོག། སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག། རྟག་ཏུ་བདེ་བར་འཚོ་འགྱུར་ཞིང། །འཆི་བའི་སྒྲ་ཡང་གྲག་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས?། །ཆོས ་སྙན་སྒྲོགས་པས་གང་བ་ཡི། །ཕྱོགས་རྣམས་ཐམས་ཅད་དགའ་བར་ཤོག་།ཐམས་ཅད་དུ་ཡང་ས་གཞི་དག། གསེག་མ་ལ་སོགས་མེད་པ་དང། །ལག་འཐིལ་ལྟར་མཉམ་བཻཌཱུརྱའི། །རང་བཞིན་འཇམ་པོར་གནས་པར་གྱུར། །འཁོར་གྱི་དཀྱིལ་འཁོར་ཡོད ་དགུར་ཡང། །བྱང་ཆུབ་སེམས་དཔའ་མང་པོ་དག། རང་གི་ལེགས་པས་ས་སྟེང་དག། བརྒྱན་པར་མཛད་པས་བཞུགས་གྱུར་ཅིག། ལུས་ཅན་ཀུན་གྱི་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས ་པར་ཤོག། དེ་དག་རྟག་ཏུ་སངས་རྒྱས་དང། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིང། །མཆོད་པའི་སྤྲིན་ནི་མཛའ་ཡས་པས། འགྲོ་བའི་བླ་མ་མཆོད་པར་ཤོག། ལྷ་ཡང་དུས་སུ་ཆར་འབེབས་ཤིང། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག་།རྒྱལ་པོ་ཆོས ་བཞིན་བྱེད་པ་དང། །འཇིག་རྟེན་དག་ཀྱང་དང་བར་ཤོག་།སྨན་རྣམས་མཐུ་དང་ལྡན་པ་དང། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག། མཁའ་གྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག། སེམས་ཅན་འགའ་ཡང ་སྡུག་མ་གྱུར། །འཇིག་དང་བརྙས་པ་མི་འབྱུང་ཞིང། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང། །ཁ་དོན་གྱིས་བརྒྱན་ལེགས་གནས་ཤོག། རྟག་ཏུ་དགེ་འདུན་མཐུན་པ་དང། །དགེ་འདུན་དོན་ཡང་འགྲུབ་པར ་ཤོག། བསླབ་པར་འདོད་པའི་དགེ་སློང་དག། དབེན་པ་དག་ཀྱང་ཐོབ་པར་ཤོག། གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་བསྒོམ་གྱུར་ཅིག། དགེ་སློང་མ་རྣམས་རྙེད་ལྡན་ཞིང། །འཐབ་དང་རྩོད་པ་སྤངས་པར་ཤོག། ་དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིང། །ཚུལ་ཁྲིམས་འཆལ་པས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག། བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཤུགས་མི་ཉམས་ཤོག། །མཁས་པ་རྣམས་ནི་བཀུར་བ་དང།། ་བསོད་ནམས་དག་ཀྱང་རྙེད་པར་ཤོག། རྒྱུད་ནི་ཡོངས་སུ་དག་པ་དང། །ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག་།ངན་སོང་སྡུག་བསྔལ་མི་མྱོང་ཞིང། །དཀའ་བ་སྤྱད་པ་མེད་པར་ཡང། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་གྲུབ་འགྱུར། །སེམས ་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང། །སངས་རྒྱས་བདེ་བ་བསམ་ཡས་ཀྱི། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་གྲུབ་ཤོག། མགོན་པོ་ཡིས་ནི་གང་དགོངས ་པ། སེམས་ཅན་རྣམས་ལ་དེ་འབྱོར་ཤོག་།དེ་བཞིན་རང་སངས་རྒྱས་རྣམས་དང། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག་།བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚ་རབ་དྲན་པ་དང། །རབ་ཏུ་འབྱུང་བ་ཐོབ་པར ་ཤོག། བདག་ནི་ཁ་ཟས་གྱི་ནས་ཀྱང། །ཉམས་དང་ལྡན་ཞིང་འཚོ་བར་ཤོག་།ཚེ་རབས་ཀུན་ཏུ་དབེན་གནས་པ། །ཕུན་སུམ་ལྡན་པ་ཐོབ་གྱུར་ཅིག་།གང་ཚེ་བལྟ་བར་འདོད་པ་དང། །ཅུང་ཟད་འདྲི་བར་འདོད་ན་ཡང། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས ་མེད་པར་ཡང་མཐོང་བར་ཤོག། ཕྱོགས་བཅུ་ནམ་མཁའ་ཨི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག་།ཇི་སྲིད་ནམ་མཁའ་གནས་པ་དང། །འགྲོ་དང་ཇི་སྲིད་གནས་གྱུར་པ།། ་དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། འགྲོ་བའི་སྡུག་བསྔལ་གང་དུ་ཅིའི་རུང། །དེ་ཀུན་བདག་ལ་སྨིན་གྱུར་ཅིག། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག་།འགྲོ་བའི་སྡུག་བསྔལ་སྨན་ཅིག་བུ། །བདེ་བ? ་ཐམས་ཅད་འབྱུང་བའི་གནས། །བསྟན་བསྙེད་དང་བཀུར་སྟི་དང། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། སློབ་དཔོན་ཆེན་པོ་ཞི་བ་ལྟས་མཛད་པ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་ལས?་འབྱུང་བའི་སྨོན་ལམ་རྫོགས་སོ།། །།བྱང་ཆུབ ་འབྱུང་བའི་སྨོན་ལམ་བཞུགས་སོ།། རྒྱ་གར་སྐད་དུ། བོ་དྷཡཱ་ཀ་ར་པྲ་ཎི་དྷཱ་ན། བོད་སྐད་དུ། བྱང་ཆུབ་འབྱུང་བའི་སྨོན་ལམ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལོག་རྟོག་མུན་བསལ་མཁྱེན་རབ་འདབ་རྒྱས་ཤིང། །བདུད་བཞིའི་དགྲ་བཅོམ་ཡང་དག་ཇི ་