CLOSE WINDOW

N4727: rgyal po la gtam bya ba rin po che'i phreng ba las byung ba'i smon lam tshigs su bcad pa nyi shu pa bzhugs so
Wyliee-texts based on the ACIP/ALL Input

མཛའ་དག་རབ་ཞི་བདེ་བ་མྱོང་གྱུར་ཤོག་།སྦྱིན་པའི་རབ་རྫོགས་སོ། །རྒྱལ་པོ་ལ་གཏན་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་འབྱུང་པའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ་བཞུགས་སོ།། །།དཀོན་མཆོག་སུམ་ལ་ཕྱག་འཚལ། །དེ་ཕྱིར་སྐུ་གཟུགས་མཆོད ་རྟེན་གྱི། །སྤྱན་སྔ་འམ་ཡང་ན་གཞན་དཱུང་རུང། །ཚིགས་སུ་བཅད་པ་ཉི་ཤུ་འདི། །ཉིན་གཅིག་བཞིན་ཡང་དུས་གསུམ་བརྗོད། །སངས་རྒྱས་དམ་ཆོས་དགེ་འདུན་དང། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང། །རྣམ་ཀུན་བཏུད་དེ་སྦྱངས?་མཆིས ་ནས། །མཆོད་འོས་རྣམས་ལ་ཕྱག་འཚལ་ལོ། །སྡིག་པ་ལས་ནི་ལྡོག་བགྱིད་ཅིང། །བསོད་ནམས་ཐམས་ཅད་ཡོངས་སུ་བཟུང། །ལུས་ཅན་ཀུན་གྱི་བསོད་ནམས་དག། ཀུན་ལ་རྗེས་སུ་ཡི་རང་ངོ། །བདག་ནི་སྤྱི་བཏུད་ཐལ་སྦྱར་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར ་སླད་དང། །འགྲོ་གནས་བར་དུ་བཞུགས་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། དེ་ལྟར་བགྱིས་པའི་བསོད་ནམས་དང། །བདག་གིས་བགྱིས་དང་མ་བགྱིས་གང། །དེས་ནི་སེམས་ཅན་ཐམས་ཅད་ཀྱང། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག། ་སེམས་ཅན་ཐམས་ཅད་དྲི་མེད་དབང། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང། །སྦྱོད་པ་རང་དབང་ཡོང་པ་དང། །འཚོ་བ་བཟང་དང་ལྡན་པར་ཤོག། ལུས་ཅན་དག་ནི་ཐམས་ཅད་ཀྱང། ལག་ན་རིག་ཆེན་ཉིད་ལྡན་བཞིན། །ཡོ་བྱད་ཐམས་ཅད ་མཛའ་ཡས་པ། །འཁོར་པ་སྲིང་དུ་མི་ཟད་ཤོག། བུད་མེད་ཐམས་ཅ་དུས་ཀུན་དུ། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག། ལུས་ཅན་ཐམས་ཅད་རིག་པ་དང། །རྐང་པར་ལྡན་པ་ཉིད་དུ་ཤོག། །ལུས་ཅན་ཁ་དོག་ལྡན་པ་དང། །གཟུཌ ་བཟང་གཟི་བརྗིད་ཆེ་བ་དང། །བལྟ་ན་སྡུག་ཅིང་ནད་མེད་དང། །སྟོབས་ཅན་ཆ་དང་ལྡན་པར་ཤོག། ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་བ་དང། །དཀོན་མཆོག་གསུམ་ལ་གཞལ་བར་བྱེད། །སངས་རྒྱས་ཆོས? ་ནོར་ཆེ་ལྡན་ཤོག། བྱམས་དང་སྙིང་རྗེ་དགའ་བ་དང། །ཉོན་མོངས་བཏང་སྙོམས་གནས་?་དང། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་རྒྱན་ཅིང། །མཆོག་རྣམས་ཐམས་ཅད་འདས་རྫོགས་ཏེ། །མཚན ་དང་དཔེ་བྱང་གསལ་བ་དང། །བསམ་གྱིས་མི་ཁྱབ་ས་ཅུ་དག། རྒྱུན་མི་འཆད་པར་བགྲོང་པར་ཤོག། བདག་ཀྱང་ཡོན་ཏན་དེ་དག་དང། །གཞན་ཀུན་གྱིས་ཀྱང་བརྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང། །སེམས་ཅན་ཀུན་མཆོག་བྱམས་པ་དང། །སེམས་ཅན ་ཀུན་ཡིད་རེ་བ་ཡི། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག། འཇིག་རྟེན་ཀུན་ན་སྐྱེ་བོ་གང། །སུ་ངག་འཇིགས་པ་སྐྱོ་བ་དེ། བདག་གི་མིང་ཅམ་ཐོས་པས་ཀྱང། །ཤིན་ཏུ ་འཇིགས་པ་མེད་པར་ཤོག། བདག་ནི་མཐོང་དང་དྲན་པ་དང། །མིང་ཙམ་ཐོས་པས་སྐྱེ་བོ་ཀུན། །རབ་དང་འཁྲུག་མང་རྣལ་མ་དང། །རྫོགས་པའི་བྱང་ཆུབ་དེས་པ་དང། །ཚེ་རབས་ཀུན་ཏུ་རྗེས་འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག། སེམས་ཅན་ཀུན་ལ ་རྣམ་ཀུན་ཏུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག། འཇིག་རྟེན་ཀུན?་སྐྱེས་པོ་གང། །སྡིག་པ་བྱེད་པ་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག། ས་དང་ཆུ་དང་མེ་དང་རླུང། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན ་ཐམས་ཅད་ཀྱི། །རང་དགར་དགག་མེད་སྤྱོད་པར་ཤོག། སེམས་ཅན་རྣམས་ལ་སྲོག་སྦྱིན་ཕངས། །བདག་ལ་དེ་དག་ཆེས་ཕངས་ཤོག། བདག་ལ་དེ་དག་སྡིག་སྨིན་ཅིང། །བདག་དགེ་མ་ལུས་དེར་སྨིན་ཤོག། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང། །གང་དུ་མ་གྲོལ་དེ་སྲིད ་དུ། དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག་།དེ་སྐད་བརྗོད་པའི་བསོད་ནམས་གང། །གལ་ཏེ་དེ་ནི་གཟུགས་ཅན་གྱུར། །གང་གའི་ཕྱེ་མ་སྙེད་ཀྱི་ནི། འཇིག་རྟེན་ཁམས་སུ་ཤོད་མི་འགྱུར། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ།། ་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་འགྱུར་བའི་སྨོན་ལམ་ཚིགས་སུ་བཅད་པ་ཉེ་ཤུ་པ་རྫོགས་སོ།། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་སྨོན་ལམ་བཞུགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ། །དེ་ལྟར་འདི་དག་ཀུན ་