| Wylie | e-texts based on the ACIP/ALL Input |
པའི་སྨོན་ལམ་རྫོགས་སོ།། །།རྒྱལ་པོ་གསེར་གྱི་ལག་བའི་སྨོན་ལམ་བཞུགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟས་སྐོམ་བཟང་པོ་རོ་ཞིམ་ཞིང་མདོག་སྡུག་ལ་དྲི་བསུང་ལྡན་ཞིང་དང་ལྡང་བ ་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པ། དཔག་བསམ་གྱི་ཤིང་ལྗོན་པའི་ནགས་ཚལ་དཀོན་ཞིང་དྲི་མ་མེད་ལ་རྒྱན་གྱིས་ཀླུབས་པ།། །ཡལ་གའི་ཐོར་ཏོའི་ལྗིད་ཀྱིས་གཡུར་ཟ་ལ་མགོ་ལྕོག་མེ་ཏོག་ཁ་ཕྱེ་ཤིང་འདབ་མས་ལེགས་པར་བརྒྱན་ཏེ། ་བུང་བ་ལང་ལོང་ཁྱུས་འདིང་ཞིང་འཕུངས་པ་རྣམས་ཀྱིས་གཞིབ་ཅིང་ནོན་པའི་ཤུགས་ཀྱིས་བག་ཙམ་འདར་ལྡེམ་ལྡེམ་ལ། །རིན་ཆེན་ཡལ་ག་དང་མ་རྒད་ལྕུག་ཕྲིན་གྱི་བླ་རེ་འཇོལ་བ་དག་མངོན་པར་བསྒྲུབ་པར་བྱེད་ལ། །འགྲོ་བ་དག་ཏུ ་མ་ཚོར་བར་འགྲོ་བའི་གཡང་ས་ཆེན་པོ་དག་ཏུ་མར་མེ་སྣང་གསལ་དག་ཅིང་དྲི་མ་མེད་པ་ལྟ་བུ་བྱིན་པ་གང་ལས་བསོད་ནམས་དང། བསོད་ནམས་ཀྱི་རྒྱུ་མཐུན་པ་དང། དགེ་བ་དང་དགེ་བའི་རྒྱུ་དང་འཐུན་པ། །བདེ་དགུའི་གཞིར་གྱུར་པ། ་དེས་ནི་སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་ཆེ་གེ་མོ་ཞིག་གི་ལུས་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྒྲུབས་པ་ལ་ཚེ་དང། ཁ་དོག་དང། སྟོབས་དང། གཟི་བྱིན་དང། ལོངས་སྤྱོད་དང། དབང་ཕྱུག་དང། ཤེས་རབ་དང། སྤོབས་པ་ཕུན ་སུམ་ཚོགས་པར་གྱུར་ཅིག། །།སྦྱིན་བདག་གི་བསོད་ནམས་མ་སྐྱེས་པ་རྣམས་ནི་སྐྱེ་བར་གྱུར་ཅིག། སྦྱིན་བདག་གི་བསོད་ནམས་སྐྱེས་ཟིན་པ་རྣམས་ནི་འཕེལ་ཞིང་རྒྱས་པར་གྱུར་ཅིག། སྦྱིན་བདག་གི་ཕམ་མཆོག་ཏུ་དཀའ་བ་བྱེད་བྱེད ་པ། གསོ་གསོ། གནམ་གནམ། བསྐྱེད་བསྐྱེད། བསྲིད་བ་སྲིད། འཛམྦུའི་གླིང་བཀྲ་ཡེར་ཡེར་མིག་གིས་མཐོང་བར་བྱེད་པས་ཀྱང་བསོད་ནམས་ཀྱི་ཕུང་ཀྱི་སྐལ་ཤས་ཐོབ་པར་ཤོ་གཅིག། དེ་བཞིན་དུ་སྦྱིན་བདག་གི་ཆུང་མ་རྣམས་དང། ་བུ་རྣམས་དང། བུ་མོ་རྣམས་དང་།སྦྱིན་བདག་གི་གཉེན་འདབ་མཛའ་གཤེས་རྒྱས་པའི་ཚན་རིགས་གང་དག་འཁོད་ཅིང་འཚོལ་གནས་པ་དེ་དག་ཀྱང་ཚེ་རིང་ཞིང་ལོངས་སྤྱོད་ཆེ་ལ་གཡོག་འཁོར་མང་པར་གྱུར་ཅིག། གང་དག་འདས་ཤིང ་ཆེ་འཕོངས་པ་དེ་དག་ཀྱང་འགྲོ་བ་དང། སྐྱེ་བའི་གནས་དང། གནས་ཐ་དད་པའི་ཁྱད་པར་ཐོབ་པར་གྱུར་ཏེ། ལྷའི་གནས་སུ་སྐྱེས་པར་གྱུར་ནས་འཕགས་པ་བྱམས་པའི་ཞལ་སྔ་ནས་མཉེས་པར་བྱེད་པར་གྱུར་ཅིག། དེ་བཞིན་དུ་རྒྱལ་པོའི ་མཆོག་རྒྱལ་པོའི་མདའ་བདག་དམ་པ་དཔལ་ལྷ་བཙན་པོས་མ་ཕེབས་པ་རྣམས་ནི་ཕེབས་པར་གྱུར་ཅིག། ཕེབ་ཟིན་པ་རྣམས་ནི་ཚམ་དུ་ཕེབས་པར་གྱུར་ཅིག། སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱང་མཉེས་པར་གྱུར་ཅིག་དེ་བཞིན་དུ་གྲོང ་ཁྱེར་གྱི་ཉེ་འཁོར་ན་གནས་པའི་རིགས་བཞི་སྟེ། བྲམ་ཟེ་དང། རྒྱལ་རིགས་དང་རྗེས་སུ་རིགས་དང། དམངས་རིགས་ལ་སོགས་པ་ཡུལ་གྱི་མི་རྣམས་ལ་ནད་མེད་ཅིང་གནོད་པ་མེད་པར་གྱུར་ཅིག། དེ་བཞིན་དུ་མི་བརྗེད་ཀྱི་བདག་པོ་ཚངས་པ་དང། ལྷའི ་དབང་པོ་བརྒྱ་བྱིན་དང། འཇིག་རྟེན་སྐྱོད་པ་བཞི་དང། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང། ཀླུའི་རྒྱལ་པོ་དགའ་བོ་དང། བསྙེན་དགའ་བོ་དང། གནོད་སྦྱིན་གྱི་སྡེ་དཔོན་བདེ་བའི་རི་བོ་དང། གངས་ཅན་དང། ལྔས་རྩེན་དང། ལྔ་ལེན་ལ ་སོགས་པ་དང། ནོར་བུ་བཟང་དང། རྫོགས་བཟང་གཉིས་དང། ཕྲོག་མོ་བུ་ལྔ་བརྒྱའི་འཁོར་དང་བཅས་པ་དང་གཞན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་ཨི་བའི་ལྷ་དང་ཀླུ་དང་གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང ་དང། དྲི་ཟ་དང། མ་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། སྦྱིན་བདག་གི་ཁྱིམ་འདི་ན་གནས་པའི་ལྷ་རྣམས་དང། །སྦྱིན་བདག་གི་བསྟེན་པའི་ལྷའི་ཁྱད་པར་གྱིས་དེ་དག་གཟི་བྱིན་དང། སྟོབས་དང། གཞལ་མེད་ཁང་རྣམས་རྒྱས་པར་གྱུར་ཅིག་།དེ་དག་གཟི་བྱིན་དང། ་ལྡན་པར་གྱུར། སྟོབས་དང་ལྡན་བར་གྱུར། གཞན་གྱིས་མི་ཚུགས་པར་གྱུར། ཆེ་བར་གྲགས་པར་གྱུར་ནས། །སྦྱིན་བདག་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་མཛོད་དང། བང་?་དང། བ་ལང་གི་ཁྱུ་དང། ཕྱུག་གདགས་སྣ་ཚོགས་ཀྱི་ཁྱུ་དང། ཞིང་གི ་རྨ་ཀོ་དང། ལས་ཀྱི་སྒོ་རྣམས་དང། བླ་འོག་གི་བྱ་བ་ཐམས་ཅད་ལ་ཆོས་བཞིན་དུ་བསྲུང་བ་དང། བསྐྱབ་པ་དང། སྦ་བར་བྱེད་བར་གྱུར་ཅིག། གནོད་པ་ཐམས་ཅད་ནི་ཟློག་པར་གྱུར་ཅིག་།དོན་བུ་བསྒྲུབས་པ་རྣམས་ནི་སྣང་བར་གྱུར་ཅིག་།དེ་བཞིན་དུ ་སྦྱིན་བདག་གི་དད་པ་དང་སྦྱར་ཏེ་དམྱལ་བར་སྐྱེས་པ་རྣམས་ཀྱི་གནོད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག། དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་རྣམས་ཟློགས་པར་གྱུར་ཅིག། ཡི་དགས་རྣམས་ཀྱི་བཀྲེས་ཤིང་སྐོམ་པའི་སྡུག ་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག། མི་རྣམས་ཚོལ་ཁྲོས་གཡེན་སྤྱོ་བའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག ་མདོར་ན་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ཀྱིས་ཀྱང་མྱ་ངན་ལས་འདས་པ་མ་སྐྱེས་མ་བྱུང་གམ་བྱས་མ་བཅོས་པ། འཆི་འཕོ་མེད་པ། མི་གནས་བ། དམིགས་སུ་མེད་པ། བདེ་བ། ཞིག་གྱ་ནོམ་པ། བདེ་ལཌ ་ཅན། གནས་དང། གླིང་དང། སྐྱོབ་པ་དང། སྐྱབས་དང། དཔུང་གཉེན་དང། མི་གཡེ་བ་གང་ཡིན་པའི་མྱ་ངན་ལས་འདས་པའི་ཆོས་ཀྱི་མཆོག་དེ་རེག་ཅིང་ཐོབ་པར་གྱུར་ཅིང། །གནོད་སྦྱིན་གང་དག་གཞོན་པ་མི་བཟང་དཔུང་བརྩན་ལྷ་རྫས་གསོ?་གྱོན་ཕྲེང་བ་ཐོགས། །གང་དག་འཇིག་རྟེན ་གསུམ་མཆོད་མཁས་པ་རྣམས་ཀྱིས་བརྗོད་པའི་སངས་རྒྱས་སྐྱབས་སོང་ལ། །ལྔས་རྩེན་ལག་ན་རྡོ་རྗེ་ནོར་སྦྱིན་དཔལ་ཅན་ནོར་བུ་བཟང་སྲས་ལ་སོགས་པ། །དེ་དག་ཐམས་ཅད་ལྷན་ཅིག་རྟག་ཏུ་ཁྱོད་ཀྱི་ཁྱིམ་དུ་ཆོས་བཞིན་སྲུང་བར་ཤོག། །།ལྔས་རྩེན་དང ་ནི་འཕྲོག་མ་བུ་སྡུག་འཁོར་བཅས་ནོར་བུ་བཟངས་སྲས་དབུང?་དང་བཅས་རྣམས་དང། །གནོད་སྦྱིན་དབང་པོ་ལག་ན་རྡོ་རྗེ་རང་གི་སྡེ་ཚན་བཅས་དང་རང་གི་སྡེར་བཅས་དང། །གཞན་ཡང་གནོད་སྦྱིན་དབང་པོ་གང་དག་སྡེ་ཆེན་གྲགས་ལྡན་བསྟན་པ ་དག་ལ་དགའ་བ་རྣམས། །ཐམས་ཅད་མཐུན་པར་ཁྱོད་ཀྱི་མཚན་དང་ནི་གཉེན་སྡུག་བཅས་པ་རྟོག་ཏུ་སྐྱོང་གྱུར་ཅིག། མཆན་མོ་དང་ནི་ཉི་མ་འཆར་ཀ་ཉི་མའོ་གུང་རྣམས་དང། །ཉི་མ་ནུབ་ཀར་རྟག་ཏུ་ཁྱོད་ལ་བཀྲིས་ལྡན་པར་ཤོག་།དཔལ་ཆེན་ལག ་ན་རྡོ་རྗེ་ནོར་བུ་བཟང་དང་འཕགས་སྐྱེས་སོགས། །ཁྱོད་དང་གཉེན་འདུན་རྣམས་དང་བཅས་ལ་ཡོངས་སུ་སྐྱོང་གྱུར་ཅིག། གཏོང་ལ་དཔའ་བ་རྣམས་ཀྱང་ཁྱིམ་འཁོར་སྟོབས་དང་འབྱར་བ་གྲུབ་ཅིང་མི་ནད་མེད་པར་ཤོག། ཡོན་གནས་རྣམས་ཀྱང ་ཡོན་ཏན་ཚོགས་ལས་འཕེལ་བར་འགྱུར་ཞིང་འཟུ་རྣམས་རབ་ཏུ་རྒྱས་པར་ཤོག་།མཆོད་རྟེན་རྣམས་ཀྱང་མཆོད་པར་འགྱུར་ཞིང་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་རིང་འབར་བར་ཤོག། རྐྱལ་པོ་ཆོས་བཞིན་བྱེད་པས་སྐྱོང་གྱུར་སེམས་ཅན ་མཛའ་དག་རབ་ཞི་བདེ་བ་མྱོང་གྱུར་ཤོག་།སྦྱིན་པའི་རབ་རྫོགས་སོ། །རྒྱལ་པོ་ལ་གཏན་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་འབྱུང་པའི་སྨོན་ལམ་ཚིགས་སུ་བཅད་པ་ཉི་ཤུ་པ་བཞུགས་སོ།། །།དཀོན་མཆོག་སུམ་ལ་ཕྱག་འཚལ། །དེ་ཕྱིར་སྐུ་གཟུགས་མཆོད ་