| Wylie | e-texts based on the ACIP/ALL Input |
དེ་ལྟར་སྤྱད་པ་སྤྱོད་མེད་ཅིང། །བྱམས་པ་ཀླགས་དང་ལྡན་པ་ཡིས?། །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །ས་བཅུ་པོ་ལ་རབ་ཏུ་གནས། །འཕགས་པ་བྱམས་པའི་སྨོན་ལམ་རྫོགས་སོ། །གསེར་འོད་དམ་པ་མདོ་སྡེ་དབང་པའི་སྨོན་ལམ་བཞུགས་སོ་།། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོར་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང། །དབུལ་པའི་སྡུག་བསྔལ་སྡུག་བསྔལ་ཞི་བཤོག། ་རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག། ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་དྲལ་བར་ཤོག་།ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན ་ཀུན་དང་ལྡན་པ་ལྟར། །སྐྱེ་དགུ་ཏིང་འཛིན་བྱང་ཆུབ་ཡན་ལག་གི། ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །རྔ་བོ་ཆེ་ཡིས་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐམས་ཅད་ཚངས་བའི་སྒྲ་ལྡན་གྱུར། །སངས་རྒྱས་དམ་པ་བྱང་ཆུབ་མཆོག་རེ་གཤོག། ་ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག་བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག་།འགྲོ་ལ་ཕན་ཕྱིར་ཆོས་?་སྟོན་གྱུར་ཅིག། ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་ཤོག། འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག། ་སེམས་ཅན་གང་དག་ངན་སོང་སར་གནས་ཏེ། །རུས་པའི་ལུས་ལ་མེ་ལྕེ་རབ་འབར་བ། །དེ་དག་རྔ་ཆེན་སྒྲགས་པ་ཐོས་གྱུར་ཅིག། སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཐོས་ཤོག། སེམས་ཅན་གྱི་ཚེ་རབས་བརྒྱ་དག་དང། །ཚེ་རབས་སྟོང ་ཕྲག་བྱེ་བར་སྐྱོ་དྲན་ཤོག། ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིང། །དེ་དག་གི་ནི་རྒྱ་ཆེན་གསུང་ཐོས་ཤོག། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་མི། །སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར། །སྡིག་པའི་ལས་རྣམས་རྣམ་པར་སྤོང་པར ་ཤོག་།བྱ་བ་དགེ་པ་རྣམས་ནི་སྤྱོད་གྱུར་ཅིག། མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱི། །དེ་དག་བསམ་དང་སྨོན་ལམ་གང་ཡིན་པ། རྔ་བོ་ཆ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་དེ་ཀུན་རྫོགས་གྱུར་ཅིང། །སེམས་ཅན་གང་དག་སེམས་དམྱལ ་མི་ཟད་སྐྱེས། །ལུས་ལ་མེ་ལྕེ་ཀུན་ཏུ་རབ?་ཏུ་འབར། །སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། །མེ་རྣམས་མ་ལུས་རབ་ཏུ་ཞི་བར་ཤོག། སེམས་དམྱལ་ཡི་དགས་མི་ཡི་འཇིག་རྟེན་ན། །སེམས་ཅན་སྡུག་བསྔལ་མི་བཟང་དྲག་པོ་གང། །རྔ་པོ་ཆེ་ཡིས་སྒྲ་སྐད་? ་ནི། དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག། རྟེན་མེད་དཔུང་གཉེན་མེད་པ་དང། །སྐྱབས་མེད་པར་ནི་གྱུར་པ་དག། དེ་རྣམས་ལ་ནི་སྐྱོབས་པ་དང། །དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིང། །སངས་རྒྱས་རྐང་གཉིས་དམཔ་དག། ཐུགས་རྩེ་ཐུགས་རྗེ་ལྡན་པའི ་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གི་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟང་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ ་དག་ཏུ་མི་འཛིན་དང། །སངས་རྒྱས་རྣམས་སུ་མི་འཛིན་དང། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང། །ཕྱུགས་པའི་རྒྱགས་པས་དྭེགས་པ་དང། །རིགས་དང་ལོངས་སྤྱོད་རྒྱགས་པ་དང། །གཞོན་པའི་རྒྱགས་པས་དྲེགས་པ ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །ཉེས་སམ་ཉེས་པར་སྨྲས་པ་དང། །ཉེས་པས་བགྱིས་པའི་ལས་རྣམས་དང་།ཉིས?་པའི་དམིགས་སུ་མ་བལྟས་པས། །བདག་གི་སྡིག་པ་གང་བགྱི་དང། །བྱིས་པའི་བློ་ཡི་འཇུག་པ་དང། །མི་ཤེས་མུན་པའི ་སེམས་དང་ནི། །སྡིག་པའི་གྲོགས་བོའི་དབང་གྱུར་དང། །ཉོན་མོངས་རྣམ་པར་འཁྲུགས་སེམས་དང། །རྩེད་མོ་དགའ་བའི་དབང་ཉིད་དང། །མྱ་ངན་དང་ན་ནིད་དབང་དང། །ནོར་གྱིས་མི་ཆག་ཉེས་པ་ཡིས། །བདག་གི་སྡིག་པ་གང་བགྱིས་དང།། ་འཕགས་སྨིན་སྐྱེ་བོ་འདྲེ་བ་དང། །ཕྲག་དོག་སེར་སྣའི་སྒྱུ་དང་ནི། །གཡོ་དང་དབུལ་པའི་ཉེས་པ་ཡི། །བདག་གིས་སྡིག་བ་གང་བགྱིས་དང། །ཕོངས་པ་བྱུང་བའི་དུས་གྱི་ཆེ། །འདོད་པ་རྣམས་དང་འཇིག་རྒྱུ་དང། ?་པོ་མ་ཡིན་གྱུར་པ་ཡི། །བདག་གི་? ་པ་གང་བགྱིས་དང། །གཡོ་བའི་སེམས་ཀྱི་དབང་ཉིད་དང། །འདོད་དང་ཁྲོ་བའི་དབང་ཉིད་དང། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གི་སྡིག་པ་གང་བགྱིས་དང། །བཟའ་བ་དག་དང་བཏུང་བ་དང། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར་ཉོན ་མོངས་གདུང་པ་སྣ་ཚོགས་ཀྱི། །བདག་གི་སྡིག་པ་གང་བགྱིས་དང། །ལུས་དང་དག་དང་ཡིད་ཀྱི་སྡིག་གཉིས་པར་སྤྱད་པ་རྣམ་པ་གསུམ་བསགས། །འདི་འདྭིའི་ཚུལ་གྱིས་གང་བགྱིས་ག་།དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང ་དེ་བཞིན་ཉན་ཐོས་རྣམས་ལ་ཡང། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད ་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང། །གུས་པ་མ་ལགས་བགྱིས་པ་དང། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གདག་གི་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང། །ཕ་མ་རྣམས་ལ ་མ་གུས་གང། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང། །འདོད་ཆགས་ཞེ་སྡང་གཏི་མུག་དང། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་ནི་ཕྱོགས་བཅུ་འཇིག་རྟེན་དུ། །སྟོབས་བཅུ་རྣམས ་ལ་མཆོད་པར་ཤོག། བདག་ནི་ཕྱོགས་བཅུར་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་འདོན་གྱུར་ཅིག། སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་དག་ལ་འགོད་པར་ཤོག། ས་བཅུ་དག་ལ་གནས་ནས་ཀྱང། །ཐམས་ཅད་དེ་བཞིན་གཤེགས ་གྱུར་ཅིག། ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་ཐར་བགྱིས་ནུས་སྲིད་ཀྱི། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱོད་པར་ཤོག་།གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བྱེད་པ། །ཟབ་མོ་དག་ནི་སྟོན ་པ་འདི། །སེམས་ཅན་དེ་དག་སྟོན་གྱུར་ཅིག། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟང་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གི་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་པ། །གསེར? ་འོད་དམ་པ་དགེ་བ་ཡི། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་ཤོག། སངས་རྒྱས་ཡོན་ཏན་སྣང་གྱུར་ཅིག། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། སངས་རྒྱས་རྒྱ་མཚོ་ཆུ་པོ་དང། །ཡོན་ཏན ་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱི། །ཐམས་ཅད་མཁྱེན་པ་རྫོགས་པར་ཤོག། ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང། །དབང་རྣམས་བྱང་ཆུབ་ཡན་ལག་གི། སྟོབས་བཅུ་དམ་པར་འགྱུར ་བར་ཤོག་།དགོངས་པའི་ཐུགས་ཀྱི་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །བདག་གི་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར ་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པར་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་འགྲོ་བགྱིད་པ། །བདག་ནི་གང་དཱུང་བདག་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས ་རྗེར་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་བཟུངས་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གིས་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱི་བདག ་ལ་ནི། །སྙིང་རྗེའི་ཆུ་ཡི་བཀུ་བར་གསོལ། །སྡིག་པ་ཐམས་ཅད་བཤེགས་པར་བགྱི། །སྔོན་ཆད་བདག་གིས་གར་བགྱིས་དང། ད་ལྟར་བདག་གི་སྡིག་པ་གང། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིད་པའི་ལས་རྣམས་ཀུན།། ་སླན་ཆད་མི་བགྱི་བསྡམས་པར་བགྱི། །བདག་གིས་ནོངས་པར་བགྱིས་པ་གང། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །དག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག ་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་དག་གི་ལས། །ཡིད་ཀྱི་རྣམ་པར་བསམ་པ་དང། །ལས་རྣམས་བཅུ་པོ་བགྱིས་པ་དག། དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེ་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱིས ་ནས། །ས་བཅུ་ལ་ནི་བདག་གནས་བགྱི། །སྟོབས་བཅུ་མཆོག་ཏུ་འགྱུར་བར་ཤོག། བདག་གིས་སྡིག་པའི་ལས་གང་དག། མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུ་གླིང་འདིར ་གང་དག་དང། །འཇིག་རྟེན་ཁམས་འདི་གཞན་དག་ཏུ། །གང་རྣམས་དག་བའི་ལས་བགྱི་པ། དེ་དག་ཀུན་ལ་ཡི་རང་ངོ། །ལུས་དང་དག་དང་ཡིད་ཀྱིས་ཀྱང། །བདག་གིས་བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ ་མཆོག་ལ་རེག་པར་ཤོག། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟང་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་བ་སྲིད་པ ་ཉམ་པ་དང་།འཇིག་རྟེན་ཉམ་པ་གཡོ་སེམས་ཉམ་པ་དང། །ལུས་ཀྱི་སྤྱོད་པ་ཉམ་པ་སྣ་ཚོགས་ཀྱི། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་བ་དང། །སྡིག་པའི་གྲོགས་དང་ཕྲད་པ་ཉམ ་དུ་དང། །སྲིད་པ་ཉམ་པ་འདོད་ཆགས་ཉམ་བ་དང། ཞེ་སྡང་གཏི་མུག་མུན་པ་ཉམ་ད་དང། །དལ་བའི་ཉམ་ད་དུས་ཀྱི་ཉམ་ང་དང། །བསོད་ནམས་སྒྲུབ་པ་ཉམ་པ་གང་བགྱིས་པ། །རྒྱལ་བ་མི་ཉམ་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ ་ཀུན་སོ་སོར་བཤགས་པར་བགྱི། །སངས་རྒྱས་གསེར་མདོག་རི་སྣང་རི་རབ་འདྲ། །ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུ་མཆི། །རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །གསེར་མདོག་གསེར་ནི་དྲི་མ་མེད་པར ་གསེར་གྱི་འོང། །དྲི་མེད་རྣམ་དག་བཻཌཱུརྱ་ཡི་ཡན་ལག་སྤྱན། །སངས་རྒྱས་ཉི་མ་དཔལ་གཟི་དྲག་འབར་འགྱུར་བའི་གནས། །ཐུགས་རྗེའི་འོད་ཟེར་བདག་གིས་མུན་པ་མུན་ནག་གསལ། །ཡན་ལག་རབ་ཏུ་དྲི་མེད་རབ་བཟང་རྣམ་པར་མཛོས། །སངས་རྒྱས ་ཉི་མ་ཡན་ལག་དྲི་མེད་གསེར་འདས་ཁྱབ། །ཉོན་མོངས་མེས་གདུངས་ཡིད་ཅན་འབར་བའི་མེ་འདྲ་ལ། །ཐུབ་པའི་ཟླ་བའི་འོད་ཟེར་དྲ་བས་ཚིམ་བར་མཛད། །མཚན་མཆོག་སུམ་ཅུ་གཉིས་ཀྱི་དབང་པོ་ཡན་ལག་མཛེས། །དཔེ་བྱད་བཟང་པོ་དག་གིས་ཡན ་ལག་རྣམ་པར་མཛོས། །དཔལ་གཟི་བསོད་ནམས་འཕར་འཁྲུགས་འོད་ཟེར་དྲ་བ་ཡིས། །འཇིག་རྟེན་གསུམ་ན་མུན་ཁྲོད་ཉི་མ་བཞིན་དུ་བཞུགས། །དྲི་མེད་རྒྱ་ཆེན་ཁ་དོག་སྣ་ཚོགས་བཻཌཱུརྱ། །སྐྱ་རེངས་དམར་དང་དངུལ་དང་ཤེལ་བཞིན་ཡན་ལག་དམར། །འོད ་ཟེར་དྲ་བ་རྣམ་པ་སྣ་ཚོགས་ལེགས་བརྒྱན་པས། །ཐུབ་ཆེན་ཁྱོད་ནི་ཉི་མ་བཞིན་དུ་དེ་ཡིས་མཛེས། །མྱ་ངན་འཁྲུགས་པ་འཆི་ཆུ་བརྒལ་བའི་དབབ་རླབས་ཅན། །འཁོར་བའི་རླུང་ཆེན་ཕོངས་པའི་ཆུ་བོར་ལྟུང་བ་ལས། །སྡུག་བསྔལ་རྒྱ་མཚོ་མཆོག་ཏུ་རྩབ ་ཅིང་ཤུགས་དྲག་པ། །བདེར་གཤེགས་ཉི་མའི་འོད་ཟེར་མང་པོ་རྣམས་ཀྱིས་སྐེམས། །ཡན་ལག་གསེར་གྱི་མདོག་ཏུ་རྣམ་པར་སྣང། །ཡེ་ཤེས་འབྱུང་གནས་འཇིག་རྟེན་གསུམ་ཀུན་མཆོག། རབ་མཛེས་མཚན་གྱིས་ཡན་ལག་རྣམ་སྤྲས་པ།། ་སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ་ལོ། །ཇི་ལྟར་རྒྱ་མཚོའི་ཆུ་ནི་དཔག་མེད་དང། །ཇི་ལྟར་ས་ལ་ས་རྡུལ་མཛའ་ཡས་དང། །ཇི་ལྟར་རི་རབ་སྡོ?་ལ་མཛའ་མཚུངས་མེད་དང། །ཇི་ལྟར་ནམ་མཁའ་ཨི་མ་མཛའ་ཡས་པ། །དེ་བཞིན་སངས་རྒྱས ་ཡོན་ཏན་མཛའ་ཡས་ཏེ། །སེམས་ཅན་ཀུན་གྱིས་ཤེས་པར་མི་ནུས་སོ། །བསྐལ་པ་དུ་མར་གཞལ་ཅིང་བསམས་ཀྱང་ནི། །ཡོན་ཏན་ཐ་མ་ཤེས་པར་མི་ནུས་སོ། །ཆུ་ནི་སྐྲ་ཡི་རྩེ་མོའི་ཚད་ཙམ་དང། །རྡོར་བཅས་རིར་བཅས ་རྒྱ་མཚོར་བཅས་པ་ནི། །བསྐལ་པར་བགྲངས་ན་ཤེས་པར་ནུས་ཀྱང་སྲིད། །སངས་རྒྱས་ཡོན་ཏན་ཕ་མཛའ་ཤེས་མི་ནུས། །ཡོན་ཏན་ཁ་དོག་སྙན་དང་གྲགས་པ་དང། །དགེ་བའི་མཚན་གྱིས་བརྒྱན་པའི་སྐུ་ལུས་དང། །དཔེ་བྱད་བཟང་པོ་བརྒྱད་ཅུས ་པ་རྒྱན་པ་ཡིས། །སེམས་ཅན་ཐམས་ཅད་དེ་འདྲར་གྱུར་པར་ཤོག། བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིངས་སངས་རྒྱས་འགྱུར་པར་ཤོག། འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག། སེམས་ཅན་སྡུག ་བསྔལ་ཡང་གཟིར་ཐར་བྱེད་ཤོག་།སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་གྱུར་ཅིག། ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་ཤོག། བསྐལ་པ་བསམ་མི་ཁྱབ་བཞུགས་གྱུར་ཅིག། བདུད་རྩི་ཆུ་ཡི་སེམས་ཅན་ཚིམ་བྱེད་ཤོག། ་ཇི་ལྟར་སྔོན་གྱི་རྒྱལ་བ་རྫོགས་པ་ལྟར། ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་ཤོག། ཉོན་མོངས་འཇོམས་ཤིང་སྡུག་བསྔལ་སེལ་གྱུར་ཅིག་འདོད་ཆགས་ཞེ་སྡང་གཏི་མུག་ཞི་བྱེད་ཤོག། ཆེ་རབས་བརྒྱ་དང་ཚེ་རབས་བྱེ་བ་སྟོད།། ་བདག་གི་རྟག་ཏུ་ཚེ?་རབས་དྲན་པར་ཤོག། ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག། དེ་དག་རྣམས་ཀྱི་གསུང་རྒྱ་ཆེ་ཐོས་ཤོག། བདག་ནི་དགེ་བའི་ལས་ནི་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་ཤོག། སྡིག་པའི་ལས ་རྣམས་རྣམ་བར་སྤོང་གྱུར་ཅིག། དགེ་བའི་བྱུང་གནས་དགེ་རྣམས་སྤྱོད་པར་ཤོག། ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ནི་འགྱུར། །སེམས་ཅན་དབང་པོ་མ་ཚངས་ཡན་ལག་རྣམས། །དེ་ཀུན ་དེ་དུ་རེ་དབང་པོ་ཚར་བར་ཤོག། གང་དག་ནད་བཏང་ཉམ་ཆུང་ལུས་ཉམས་དང། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག། ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག་།གང་དག་རྒྱལ་པོ་ཆོམ་རྐུན་སྤྲེའུ་སྡིག་གསང? ་ཐུག་དང། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡོས་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིག་ཚོགས་མི་བཟང་བརྒྱ་པོ་དེ་ལས་ཐར་གྱུར་ཅག། གང་དག་བརྡེགས་ཤིང་བཅིངས་པས་བཅིངས་བ་ཟིར་བ། །ཁོངས་པ ་སྣ་ཚོགས་དག་ན་གནས་གྱུར་ཅིང། །ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ནས་ཀྱང། །འཇིགས་པ་མི་བཟང་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲལ་གྱུར་ཅིག། བརྡེག་པ་དག་ནི་བརྡེག་ལས་ཐར་བར་ཤོག། གསང་པ་རྣམས་ཀྱང ་སྲོག་དང་ལྡན་གྱུར་ཅིག། ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག། སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་བཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག། ཡོད་བས་ན་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིང། །འོན་པས་ཡིད་འོང ་སྒྲ་རྣམས་ཐོས་པར་ཤོག། གཅེར་བུ་རྣམས་ཀྱི་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག། ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག་།གང་ཡང་སྡུག་བསྔལ་ཚོར་བ ་མྱོང་མ་གྱུར། །སེམས་ཅན་ཐམས་ཅད་བསྟན་སྡུག་པ་དང། །གཟུགས་བཟང་མཛེས་ཤིང་ཤིན་ཏུ་ཤིས་པར་ཤོག་།རྟག་ཏུ་བདེ་བ་དུ་མ་རྫོགས་གྱུར་ཅིག། ཡིད་ཀྱི་ཟས་སྐོམ་རབ་འབྱོར་བསོད་ནམས་དག། བསམ་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག། རྫ ་བཅང་ཏེ་རྩུབ་?་སྒྲ་སྙན་དང། །ཆུ་མིག་མཚེའུ་རྫིང་བུ་སྟེང་ཀ་དག། གསེར་གྱི་པདྨ་ཨུཏཔལ་པདྨ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག། རྒྱན་སེར་རིན་ཆེན་སྣ་ཚོགས་བཻཌཱུརྱ། །དེ་དག་བསམས་པ་ཐག་ཏུ་གྲུབ་གྱུར་ཅིག། འཇིག་རྟེན ་གང་ནའང་སྡུག་བསྔལ་སྒྲ་མ་བྱུང། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང། །ཕན་ཚུན་དུ་ནི་འོད་བྱེད་འགྱུར་བར་ཤོག་།མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡང་དག? ་བསམ་པར་དེ་དག་སྐྱེ་བར་འགྱུར། །བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག། སྤོས་དང་ཕྲེང་བ་དག་དང་བྱུག་པ་དང། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དང། །ལྗོན་ཤིང་དག་ལ་དུས ་གསུམ་འབབ་པར་ཤོག། སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག། དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང། །རྡུལ་བྲལ་དྲི་མེད་བསྟན་པའི་ཆོས་ལ་ཡང། །ཕྱོགས་བཅུ་རྣམས་སུ། ་མཆོད་པ་བྱེད་པར་ཤོག། འགྲོ་བ་དམའ་བ་ཐམས་ཅད་སྤོང་གྱུར་ཅིང། །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག། དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག། རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག། རྟག་ཏུ་མཐོ་བའི་རིགས་སུ་སྐྱེས་བར་ཤོག། ་ནོར་དང་འབྲུ་ཡིས་མཛོད་རྣམས་འབྱོར་གྱུར་ཅིག། སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག། བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་རྟུལ་ཕོང་མཁས་ཤིང་གསལ་བར་ཤོག་།ད ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག། ཕྱོགས་བཅུ་དག་ནི་རིན་ཆེན་ཤིང་དབང་དྲུང་།སངས་རྒྱས་བདེར་བཞུགས་རིན་ཆེན་བཻཌཱུརྱ་ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག་།ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག་། ་བདག་གིས་སྡིག་པའི་ལས་རྣམས་བསྒྲུབས་པ་ན། །སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དེ་དག་ཐམས་ཅད་མ་ལུས་ཟད་གྱུར་ཅིང། །སེམས་ཅན་གང་དག་སྲིད་པར་བཅིངས་གནས་ཀུན། །འཁོར་བའི་ཞཌ ་བའི་ཐགས་པས་དམ་བཅིངས་པ། །ཤེས་རབ་ལག་གིས་བཅིངས་པ་གྲོལ་པར་ཤོག། སྡུག་བསྔལ་རྣམས་ལས་ཐར་གྱུར་ཐུབ་གྱུར་ཅིག། སེམས་ཅན་གང་དག་འཛམྦུའི་གླིང་འདི་དང། །གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས ་ཟབ་མོ་རྣམས་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ། །ལུས་དང་དག་དང་ཡིད་ཀྱིས་བསྒྲུབས་པ་ཡིས། །བདག་གི་རྗེས་སུ་ཡི་རང་བསོད་ནམས་དེས། །བདག་གི་སྨོན་ལམ་འབྲས་བུ་ཡོད་བར་ཤོག། བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག། གང་དག་ཏག་ཏུ ་དྲི་མ་བྲལ་བ་དང། །དྲི་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད་པ་དང། །ཡོངས་སུ་བསྔོ་བ་བརྗོད་པ་འདི་ཡིས་ནི། །བསྐལ་པ་དྲུག་ཅུར་ངན་སོང་སྤོང་བར་འགྱུར། །ཚིགས་སུ་བཅད་པ་བརྗོད་པ་འདི་དག་གིས། །སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས། །ཐལ་སྦྱར་འདུག་སྟེ་རྒྱལ ་པ་གང་བསྟོད་པ། །ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཡན་ལག་དབང་པོ་ཀུན་གྱི་ཡན་ལག་རྒྱས། །བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན། །མི་དབང་རྒྱལ་པོ་རྟག་ཏུ་དེ་མཆོད་དེ། །དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར། །གང་དག་རྣ་བའི་བུ་གར ་བཤགས་པ་བདིས་ནི་གྲག་གྱུར་པ་།དེ་དག་སངས་རྒྱས་གཅིག་གི་གནས་ནས་དགེ་བ་བྱས་མ་ཡིན། །གཉིས་ལས་མ་ཡིན་བཞི་ལས་མ་ཡིན་ལྔ་མིན་བཅུ་ལ་མིན། །ད་ལྟར་སངས་རྒྱས་སྟོང་གི་གན་ནས་དགེ་བ་བྱས་མ་ཡིན། །དེའི་ཚེ་བཅོམ་ལྡན ་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསན་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ལོ། །ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་རྨི་ལམ་ན་གསེར་གྱི་རྔ་ལས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན ་བསྔགས་པ་དག་སྡིག་པ་བཤགས་བ་འདི་དག་གང་གིས་ཐོས་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེན་པོ་དང་ལྡན་པ་དང། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བས་ཚིག་པར་བྱེད་དེ་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བར་ ་ཤེས་པར་གྱིས་ཤིག། འདི་ལྟ་བུའི་སྤྱད་དོ?་པ་ཁྱད་པར་ཅན་དང་ལྡན་པ་འདི་དག་ནི་ཐམས་ཅད་ཀྱང་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་དག་ལ་བསྟོད་པ་དང། །སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་རྒྱུ་དང། དེ་བཞིན་གཤེགས་པའི་བྱིན་གྱིས ་རླབས་ཀྱིས་དེ་དག་ཐོས་པར་གྱུར་པ་ཡིན་ནོ། །ཞེས་བཀའ་སྩལ་ནས། དེ་ནས་འཁོར་འདུས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་མངོན་པར་བསྟོད་དོ།། །།འཕགས་པ་གསེར་འོང་དམ་པ་ནས་གསུང ་པའི་སྨོན་ལམ་རྫོགས་སོ།། །།རྒྱལ་པོ་གསེར་གྱི་ལག་བའི་སྨོན་ལམ་བཞུགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟས་སྐོམ་བཟང་པོ་རོ་ཞིམ་ཞིང་མདོག་སྡུག་ལ་དྲི་བསུང་ལྡན་ཞིང་དང་ལྡང་བ ་